Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
གསོལ་འདེབས།
   
   
   
   
   
   
   


 
previousགསོལ་འདེབས།next

གསོལ་འདེབས།


LT38_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། །ཀ་དག་དགོངས་པ་ནམ་མཁའ་དྲི་མེད་དབྱིངས། །འོད་གསལ་སྦུབས་སུ་ལྷུན་གྲུབ་རྩལ་རྫོགས་པས། །གདོད་མའི་མགོན་པོའི་སྐུ་བརྙེས་འགྲོ་བའི་མགོན། །གསོལ་བ་འདེབས་སོ་དབྱིངས་ནས་ཐུགས་རྗེས་དགོངས། །སྔ་འགྱུར་བསྟན་པའི་མངའ་བདག་རྫོགས་ཆེན་པའི། །ཐུགས་ཀྱི་སྲས་གྱུར་རྒྱལ་བའི་གདུང་འཚོབ་མཆོག །སུམ་ལྡན་རྡོ་རྗེ་འཛིན་མཆོག་ཟླ་བྲལ་བ། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དགོངས་པ་ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་ཀྱང་། །སྔོན་གྱི་ཐུགས་བསྐྱེད་བསླུ་བ་མི་སྲིད་པས། །དམ་བཅའི་གོ་ཆ་ལྟོད་པར་མི་མཛད་པར། །གཞན་དོན་སྤྲུལ་པའི་རོལ་གར་མྱུར་གསལ་མཛོད། །གདུལ་བྱའི་བློ་ངན་སྐྱོན་གྱིས་མི་བསྒྲིབས་པར། །ངོ་མཚར་རྣམ་དག་སྔོན་སྦྱངས་ཟླ་གཞོན་འཛུམ། །རྗེས་འཇུག་སྙིང་གི་ཀུནྡ་བཞད་པ་ལས། །གེགས་བྱེད་ཆུ་འཛིན་དྲི་མས་མ་གོས་ཤོག །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དཀར་ཕྱོགས་སྐྱོང་རྣམས་བདེན་པའི་བྱིན་རླབས་ཀྱིས། །གསོལ་བཏབ་སྨོན་པའི་འབྲས་བུ་མྱུར་འགྲུབ་ཤོག །ཅེས་པའང་སྔ་འགྱུར་བསྟན་པ་རིན་པོ་ཆེའི་མངའ་བདག་མདོ་ཁམས་༧་རྫོགས་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་བཀའ་སྩལ་ཕེབས་པའི་བཞེད་སྐོང་དུ་རིས་མེད་ཀྱི་དགེ་སྦྱོང་ལྟར་སྣང་བ་བློ་གྲོས་མཐའ་ཡས་ཀྱིས་གུས་པས་ཕུལ་བ་སརྦ་སིངྡིྷ་ྷ་བནྟུ།། །།


previousགསོལ་འདེབས།next