Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
ཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་གཙོ་ཐང་རྒྱབ་བྱང་།
   
   
   
   
   
   


 
previousཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་གཙོ་ཐང་རྒྱབ་བྱང་།next

ཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་གཙོ་ཐང་རྒྱབ་བྱང་།


LT38_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་གཙོ་ཐང་རྒྱབ་བྱང་། བསྐལ་བཟང་འདྲེན་པ་གསེར་རིའི་ཕྲེང་བའི་དབུས། །སྙིང་སྟོབས་རིན་ཆེན་རི་དབང་ལྷུན་མཐོ་བར། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་བཅས་ཀྱིས། །བསྔགས་དབྱངས་རོལ་མོས་ཞིང་ཁམས་ཀུན་ཁྱབ་པ། །ཐུགས་བསྐྱེད་ཁྱད་འཕགས་རྩོད་པའི་འདུལ་ཞིང་བཟུང་། །མཛད་པ་ཁྱད་འཕགས་མགོན་མེད་གདུལ་དཀའ་འདུལ། །བསྟན་པ་ཁྱད་འཕགས་ངེས་པའི་ཐེག་པ་བྱོན། །ཤཱཀྱའི་ཁྱུ་མཆོག་མཚུངས་མེད་སྟོན་པ་དེའི། །མཚན་ཙམ་ཐོས་ཀྱང་བསྐལ་ཆེན་བརྒྱད་ཁྲིའི་སྡིག །བྱང་ཞིང་རྣམ་གྲོལ་ལམ་ལས་མི་ལྡོག་ན། །མཚན་དཔེའི་སྣང་བརྙན་དད་པས་བཞེངས་པ་ལས། །བསོད་ནམས་ཚད་མེད་ཐོབ་པའི་དགེ་འབྲས་ཀྱིས། །སྐྱེ་ཀུན་སངས་རྒྱས་མཐོང་དང་མི་འབྲལ་ཞིང་། །རྒྱལ་གསུང་མཐའ་དག་ཐོས་ནས་འཛིན་སྐྱོང་སྤེལ། །མཉེས་ཤིང་དགོངས་པ་རྫོགས་པའི་བྱ་བ་སྒྲུབ། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །རྟེན་མཆོག་ཉི་ཟླའི་དཀྱིལ་འཁོར་འཆར་བའི་ལྗོངས། །སྙིགས་དུས་རྒུད་པའི་མུན་སྟུག་མཐར་བསྐྲད་ནས། །ཆོས་སྲིད་དགེ་ལེགས་འོད་སྣང་འབུམ་ཕྲག་བརྡལ། །མི་འགྲིབ་རྫོགས་ལྡན་ལང་ཚོ་བཞད་གྱུར་ཅིག །ལྷག་བསམ་གསེར་སྦྱངས་ལས་གྲུབ་དད་གསུམ་གྱི། །


LT38_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་རབ་བརྟན་ཕར་ཕྱིན་རྩིབས་སྟོང་བཀྲ། །བྱང་ཆེན་མུ་ཁྱུད་གཅིག་བཟླུམ་ཕྱོགས་ཀུན་ལས། །རྣམ་རྒྱལ་འཁོར་ལོས་སྒྱུར་བའི་བཀྲ་ཤིས་ཤོག ༈ །།གཡས་དང་པོ་ལ། ཐུབ་དབང་མྱ་ངན་འདས་པའི་རྒྱལ་ཚབ་མཆོག །བཀྲ་ཤིས་བདེ་ལེགས་དཔལ་བརྒྱ་འབྱུང་བའི་གནས། །དགྲ་བཅོམ་འདུས་པའི་ཚོགས་སྐྱོང་གནས་བརྟན་ཆེ། །སྡོམ་བརྩོན་ཚུལ་ཁྲིམས་ཕུང་པོར་བཞུགས་རྣམས་ཀྱི། །སྐུ་ཡི་སྣང་བ་མངོན་སུམ་མཐོང་བ་དང་། །འདི་དང་གཏན་གྱི་ལོངས་སྤྱོད་འབྱུང་བའི་རྒྱུ། །སེར་སྣའི་འཆིང་གྲོལ་རེ་འདོད་སྤངས་པའི་བློས། །སྦྱིན་པ་རྣམ་གསུམ་ཕ་རོལ་ཕྱིན་གྱུར་ཅིག །རིགས་ཁམ་རྣམ་དག་ནོར་བུ་བཻ་ཌཱུརྻ། །གློ་བུར་དྲི་བཀྲུས་རྣམ་གྲོལ་རྒྱལ་མཚན་རྩེར། །འཁོད་ནས་གཏོང་དང་གཏོང་མིན་འཛིན་བྲལ་བས། །འདོད་རྒུ་ཆར་དུ་བསྙིལ་བའི་བཀྲ་ཤིས་ཤོག ༈ །།གཡོན་དང་པོ་ལ། ལྷག་པའི་ཚུལ་ཁྲིམས་གཙོང་པ་སླབ་བཙུན་པ་ཆེ། །བསླབ་གསུམ་ཆོས་སྤྱོད་བཅུ་སྐྱོང་དགེ་སྦྱོང་མཆོག །སྒྲིབ་གཉིས་ཀུན་སྤངས་ཡོན་ཏན་ཁྱད་པར་འཕགས། །རྒྱལ་བ་ཉིད་དང་དབྱེར་མེད་ཐུབ་རྣམས་ཀྱི། །གསུང་གི་གདམས་པས་རྗེས་སུ་བཟུང་བ་དང་། །མཐོ་རིས་ཐར་པའི་ཡོན་ཏན་ཀུན་གྱི་རྟེན། །འཆལ་བའི་དྲི་བྲལ་རློམ་སེམས་མ་མཆིས་པའི། །ཚུལ་ཁྲིམས་རྣམ་གསུམ་ཕ་རོལ་ཕྱིན་


LT38_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཉེས་པའི་སྐྱོན་བྲལ་དགེ་བའི་ངང་ཚུལ་བཟང་། །བདེ་སྐྱིད་དཔལ་འབྱོར་རེག་དྲི་ལང་ཚོ་ངོམས། །རྫོགས་ལྡན་བཙུན་མོ་རིན་ཆེན་མགྲོན་ཏུ་ཁུག །ཆོས་ཀྱི་ཆབ་སྲིད་རྒྱས་པའི་བཀྲ་ཤིས་ཤོག། ༈ །།གཡས་གཉིས་པ་ལ། ཡིད་སྲུང་བྱེ་བས་ལྟར་ཡང་མི་ཕྱེད་པ། །དགྲ་བཅོམ་འདུལ་འཛིན་སྐུར་བཞུགས་ཉན་ཐོས་ཆེ། །མཆོག་གསུམ་ཡོན་ཏན་ཀུན་འདུས་གཞན་རྒྱུད་ལ། །ཡོན་ཏན་སྐྱེད་མཛད་དཔལ་དང་ལྡན་རྣམས་ཀྱི། །ཐུགས་ཀྱི་དགོངས་པས་བྱིན་རླབས་སྩོལ་པ་དང་། །ཞི་བའི་ཚོགས་གྱུར་དཀའ་ཐུབ་ཀུན་གྱི་མཆོག །ཁོང་ཁྲོའི་ཡིད་སྤངས་གནོད་ལན་ཕན་འདོགས་པ། །བཟོད་པ་དམ་པའི་ཕ་རོལ་ཕྱིན་གྱུར་ཅིག །མང་ཐོས་ཆོས་བློ་རབ་ཡངས་འདོད་རྒུ་རྫོགས། །ནོར་བུའི་མཛོད་མང་ཐར་པའི་གཟི་བརྗིད་འབར། །སྡེ་བཞིའི་དཔལ་མངའ་ཁྱིམ་བདག་རིན་པོ་ཆེའི། །ཕུན་ཚོགས་འབད་མེད་འབྱོར་པའི་བཀྲ་ཤིས་ཤོག། ༈ །གཡོན་གཉིས་པ་ལ། ཉོན་མོངས་ལས་རྒྱལ་རྒོལ་བས་མི་བསྐྱོད་པ། །ཉན་ཐོས་གཟུགས་ཀྱིས་བྱང་སེམས་མཛད་པ་སྐྱོང་། །རྒྱལ་བསྟན་དམ་ཆོས་འཛིན་ཅིང་སྐྱོང་བ་དང་། །མི་ཉམས་སྲུང་མཛད་ཆོས་སྐྱོང་ཆེ་རྣམས་ཀྱི། །ཡོན་ཏན་ཕུང་པོ་བདག་ལ་རྫོགས་པ་དང་། །མངོན་མཐོ་ངེས་ལེགས་འབྲས་བཟང་སྐྱེད་པའི་


LT38_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །ལེ་ལོའི་སྐྱོན་བྲལ་བརྟན་སྤྲོ་དཔའ་བའི་བློས། །བརྩོན་འགྲུས་མཆོག་གི་ཕ་རོལ་ཕྱིན་གྱུར་ཅིག །ལྟ་བའི་གཙུག་མཐོ་སྒོམ་པའི་ཡན་ལག་བརྟན། །ཁྲེལ་ཡོད་སྤྱོད་བཟང་གསེར་གྱི་དྲ་བས་བཀབ། །ཐེག་ཆེན་ཁུར་འདེགས་ཚོགས་མཆོག་གླང་པོའི་ཁྱུས། །ས་སྟེང་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག། ༈ །།གཡས་གསུམ་པ་ལ། སྡིག་སྒྲིབ་འཇིགས་པ་ཀུན་སྐྱོབས་སྐྱབས་གནས་ཆེ། །ཤེས་བྱ་ཆགས་ཐོགས་མེད་གཟིགས་ཐམས་ཅད་མཁྱེན། །འདོད་ཆུང་ཆོག་ཤེས་ཁྱིམ་སྤངས་མཆོག་གྱུར་ཅིང་། །བསོད་ནམས་ཞིང་གྱུར་བསོད་སྙོམས་པ་རྣམས་ཀྱི། །ཕྲིན་ལས་ཇི་བཞིན་བདག་གིས་འགྲུབ་པ་དང་། །ཏིང་འཛིན་སྒོ་མོ་བྱེ་སྙེད་འབྱུང་བའི་གཞི། །རྣམ་གཡེང་རྙོགས་བྲལ་ཅིས་ཀྱང་མི་གཡོ་བའི། །བསམ་གཏན་རྣམ་གསུམ་ཕ་རོལ་ཕྱིན་གྱུར་ཅིག །དགེ་བཅུའི་ལུས་མཛེས་ངོ་ཚའི་གོས་བཟང་བཀབ། །བདེན་བཞིའི་རྨིགས་པ་མྱུར་ལམ་རྩལ་ཤུགས་སྐྱོད། །ས་ལམ་སྐད་ཅིག་གཅིག་བགྲོད་རྟ་མཆོག་གི། དཔལ་ཡོན་ཅི་དགར་འབྱོར་བའི་བཀྲ་ཤིས་ཤོག། ༈ །།གཡོན་གསུམ་པ་ལ། ཐུབ་བསྟན་རྒྱལ་མཚན་འཛིན་མཛད་སྤྲུལ་པའི་སྐུ། །ཡོན་ཏན་རིན་ཆེན་ཚོགས་ཀྱི་ཕུང་པོ་མཆོག །འགྲོ་བའི་མ་རིག་མུན་སེལ་བསླབ་གསུམ་ལ། །འགོད་མཛད་བསྟན་པའི་སྒྲོན་མེ་ཆེ་


LT38_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །སྐྱེ་ཀུན་རྗེས་བཟུང་དོན་གཉིས་ལྷུན་གྱིས་གྲུབ། །སྲིད་རྩ་མ་རིག་དྲུང་ནས་འབྱིན་བྱེད་པ། །རྨོངས་མེད་ཇི་སྙེད་ཇི་བཞིན་ཉིད་རྟོགས་པའི། །ཤེས་རབ་རྣམ་གསུམ་ཕ་རོལ་ཕྱིན་གྱུར་ཅིག །རྒྱུ་འབྲས་ལམ་གྱི་འགྲོ་ལྡོག་མཁས་ཤིང་དཔའ། །ཤེས་རབ་མཚོན་ཆས་རྨོངས་པའི་དགྲ་སྡེ་འཇོམས། །དབང་བཅུའི་དཔལ་བརྙེས་དམག་དཔོན་རིན་པོ་ཆེའི། །མཆོག་ཐོབ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག །ཅེས་པ་འདི་རྣམས་སྦས་ཡུལ་སྤུ་བོ་རོང་གི་ས་སྐྱོང་ཀ་ནཾ་སྡེ་པའི་ཆོས་མཛད་དབྱངས་ཅན་ལགས་ནས་ཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་བཞེངས་པའི་རྒྱབ་བྱང་དུ་དོ་གལ་ཆེན་པོས་གསུང་བསྐུལ་མཛད་པ་ལྟར། གནས་བརྟན་མཚན་གྱི་རྣམ་གྲངས་སྔོན་ནས་ཡོངས་སུ་གྲགས་པ་ཉི་ཤུ་པོ་འདུས་ཤིང་ཕར་ཕྱིན་དྲུག་དང་འཕགས་ནོར་རིན་ཆེན་རྣམ་བདུན་གྱི་ཤིས་བརྗོད་བཅས་རྟན་འབྱུང་དགེ་བའི་སླད་དུ་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་མངྒ་ལཾ།། ༈ །།ཐེག་དགུའི་རྩེ་རྒྱལ་བསྟན་པའི་ཡང་སྙིང་མཆོག །རྩོལ་བྲལ་བློ་འདས་ཨ་ཏི་རྫོགས་པ་ཆེའི། །སྟོན་པ་གདོད་མའི་མགོན་དང་རང་སྣང་འཁོར། །དྭངས་མའི་འོད་སྐུར་གཤེགས་པའི་རིག་པ་འཛིན། །གཞི་ཐོག་རང་གྲོལ་བརྒྱུད་པའི་བླ་མ་ཡི། །མཐོང་གྲོལ་སྐུ་བརྙན་


LT38_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་བསྐྲུན་པའི་དགེས། །ཐོག་མེད་ནས་བསགས་རྟོག་སྒྲིབ་བག་ཆགས་ཀྱི། །མུན་ཁང་རབ་བརྟོལ་རང་རིག་ཉིན་བྱེད་ཤར། །ཀ་དག་ཆོས་སྐུའི་དབྱིངས་སུ་བྱང་ཆུབ་ནས། །ལྷུན་གྲུབ་སྐུ་དང་ཡེ་ཤེས་དབྱེར་མེད་པས། །འཁོར་བ་དོང་སྤྲུགས་རྟག་ཁྱབ་ཕྲིན་ལས་ཀྱིས། །ནམ་མཁའ་ཇི་སྲིད་ཀུན་བཟང་མཛད་སྤྱོད་ཤོག །སིངྡྷི་ྷ་བནྟུ། །ཞེས་པའང་ཆོས་མཛད་དབྱངས་ཅན་གྱི་ཐུགས་དམ་རྫོགས་ཆེན་བརྒྱུད་པའི་ཞལ་ཐང་རྒྱབ་བྱང་དུ་༧་པདྨ་གར་དབང་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་གཙོ་ཐང་རྒྱབ་བྱང་།next