Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་བྱིན་བརླབས་སོགསསྨོན་ལམ།
   
   


 
previousའཇམ་དཔལ་བྱིན་བརླབས་སོགསསྨོན་ལམ།next

འཇམ་དཔལ་བྱིན་བརླབས་སོགསསྨོན་ལམ།


LT38_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བྱིན་བརླབས་སོགས། །བཀའ་གཏེར་ལུང་ཟིན་སོགས། འདི་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལེགས་ཉེས་སྐྱིད་སྡུག་མཐོ་དམན་གང་བྱུང་ཡང་། །བླ་མ་དཀོན་མཆོག་བློ་གཏད་མི་འགྱུར་བས། །བྱིན་རླབས་རྒྱུད་ལ་འཇུག་པར་མཛད་དུ་གསོལ། །འཁྲུལ་སྣང་འཁོར་བའི་བྱ་བར་ངེས་འབྱུང་སྐྱེས། །བསླུ་མེད་ལས་དང་འབྲས་བུར་ཡིད་ཆེས་ནས། །མི་དགེའི་བསམ་སྦྱོར་དུག་བཞིན་སྤོང་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་བྱེད་ཤོག །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་དང་། །ཆོས་རྣམས་སྟོང་ཉིད་རྟེན་འབྲེལ་ཟུང་འཇུག་གི། ལམ་དུ་ཁྱེར་ནས་བྱང་ཆུབ་སེམས་མཆོག་གཉིས། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཆོས་མཐུན་དཔལ་འབྱོར་འབད་མེད་ལྷུན་གྱིས་གྲུབ། །ཆོས་མིན་རྣམ་རྟོག་ཡིད་ལ་མི་རྒྱུ་བར། །རྟག་ཏུ་རང་གསལ་རིག་པའི་ཡེ་ཤེས་ལས། །གཡོ་མེད་ངང་དུ་ས་ལམ་མྱུར་བགྲོད་ཤོག །ཅེས་པའང་ཧོར་ཁང་ཛ་སག་བསོད་ནམས་སྟོབས་རྒྱལ་གྱི་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ།། །།


previousའཇམ་དཔལ་བྱིན་བརླབས་སོགསསྨོན་ལམ།next