Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས།
   
   
   
   
   
   
   
   
   
   
   


 
previousརྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས།next

རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས།


LT41_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་བཞུགས་སོ། །


LT41_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲཱ་ཡ། གཞལ་བྱ་ཡུལ་དང་འཇལ་བྱེད་དུས་ཀྱི་ཚིགས། །རྡོ་རྗེའི་ལུས་བཞིན་འཇིག་རྟེན་སེམས་ཀྱི་འཕྲུལ། །དེ་དག་དེ་ཉིད་རྣམ་པ་ཐམས་ཅད་པའི། །འཁོར་ལོའི་བདག་པོ་དང་པོའི་རྒྱལ་བར་འདུད། །ནང་གི་དུས་ལ་ཀུན་མཁྱེན་སྤྱན་ཕྱེད་པས། །བླང་དོར་ཆགས་ཐོགས་བྲལ་བར་གཟིགས་པ་ཡང་། །བརྩེ་བས་གཞན་ལ་འདོམས་པ་ལྷུར་ལེན་པ། །ཤཱཀྱའི་སྲས་དེ་མི་ཕྱེད་དྭང་བས་བསྙེན། །ལྷས་བསྟན་ཁྲི་སྐྱོང་རྒྱུད་ཀྱི་བདག་རྣམས་དང་། །འཕགས་པའི་ཡུལ་བྱོན་དུས་ཞབས་ཆེ་རྣམས་དང་། །གངས་ཅན་ལྗོངས་སུ་གཞན་ཟེར་མི་ཟློས་པར། །ལམ་འདིའི་ལུགས་བཟང་འཁྲུལ་མེད་འབྱེད་རྣམས་བསྔགས། །རྟོག་གེ་ཁོ་ནས་བརྟགས་མིན་ཕྱི་ནང་


LT41_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། །ཇི་བཞིན་གཟིགས་པ་རང་བྱུང་ཀུན་མཁྱེན་ཆེས། །དགག་སྒྲུབ་བློ་ལས་འདས་པའི་རྡོ་རྗེའི་ཚིག །རྒྱུད་ལས་རྒྱུད་ཀྱི་ཚུལ་དུ་རྩིས་ཀུན་བཏུས། །འཇམ་དབྱངས་དོན་འོད་གཙུག་ལག་ཕྲེང་བ་འཛིན། །ཁྱད་པར་ཀུན་མཁྱེན་བསྟན་པའི་ཉིན་མོར་བྱེད། །སློབ་མར་བཅས་པས་དེ་བསྟན་ཆེས་བརྡལ་ཞིང་། །ནོར་མེད་ལེགས་བཤད་ཉི་མའི་འོད་རླབས་བཀྱེས། །དེ་ཚེ་འབྱུང་བྱ་ཕལ་ཆེར་མིག་ཟུམ་ཞིང་། །སྐལ་བཟང་པདྨ་གཞོན་ནུའི་མིག་འབྱེད་པས། །གཟུར་གནས་ཚོགས་ལ་དུས་ཀྱི་དང་པོ་བཞིན། །རྣམ་དཔྱོད་སྦྲང་རྩིའི་མངལ་ཁུར་ལྷག་པར་ལྕི། །གཞུང་ལུགས་རྒྱ་མཚོ་རྒྱ་ཆེ་གཏིང་ཟབ་ལས། །ལག་ལེན་འཇུག་བདེ་མུ་ཏིག་དོགས་པ་འདི། །དང་པོའི་ལས་ཅན་མགྲིན་པར་མཛེས་པའི་


LT41_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། །ལྷག་པའི་བསམ་པས་སྦྱིན་ནོ་དྭང་དུ་ལོངས། །དེ་ཡང་ཐོག་མར་སྔོན་འགྲོའི་སྐོར། །དགུ་གཅིག་གཅིག་དགུ་དགུ་རང་ལ། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ཡིན། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ། །བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ལ། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ཡིན། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའོ། །བདུན་གཅིག་གཅིག་བདུན་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུའོ། །དྲུག་གཅིག་གཅིག་དྲུག་དྲུག་ཡིན་ལ། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་སོ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་ཉིད། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་སོ་དྲུག་གོ། །ལྔ་གཅིག་གཅིག་ལྔ་ལྔ་རང་ལ། །


LT41_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་སྟེ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ལ། །བཞི་གཉིས་གཉིས་བཞི་བརྒྱད་དུ་འགྱུར། །བཞི་གསུམ་གསུམ་བཞི་བཅུ་གཉིས་ལ། །བཞི་བཞི་བཅུ་དྲུག་ཉིད་དུའོ། །གསུམ་གཅིག་གཅིག་གསུམ་གསུམ་རང་ལ། །གསུམ་གཉིས་གཉིས་གསུམ་དྲུག་ཡིན་ཅིང་། །གསུམ་གསུམ་ལ་ནི་དགུ་རུ་འགྱུར། །གཉིས་གཅིག་གཉིས་ཡིན་གཉིས་གཉིས་བཞི། །གཅིག་གཅིག་གཅིག་ནི་གཅིག་ཁོ་ནའོ། །འབྲི་བགྲང་བསྣོན་པ་གཡས་ནས་བྱ། །བགོད་བསྒྱུར་འབྲིད་པ་གཡོན་ནས་བྱ། །སྒྱུར་བྱེད་ཐིག་ལེ་གྲལ་མཐར་དགོད། །དགོད་བྱེད་ཐིག་ལེས་མ་མཐའ་དགག །སྒྱུར་བྱེད་སྟོངས་ན་བསྒྱུར་བྱ་དབྱི། །དེ་ཚེ་གནས་སྲུང་ཐིག་ལེ་བཞག །གཅིག་གིས་བསྒྱུར་ལ་མང་ཉུང་མེད། །ཕྱེད་ཀྱིས་བསྒྱུར་ན་ཕྱེད་ཆར་འགྱུར། །གཉིས་གསུམ་བཞི་རྣམས་རིམ་བཞིན་འཕེལ། །བསྒྱུར་བའི་དོན་ནི་བསྒྱུར་བྱ་དེ། །སྒྱུར་བྱེད་གྲངས་སུ་སྤེལ་བ་ཡིན། །བསྒྱུར་བྱའི་འོག་ཏུ་སྒྱུར་བྱེད་ཀྱི། །ཐ་མ་བཞག་ནས་བསྒྱུར་བར་བྱ། །བསྒྱུར་བྱ་སྟོངས་ན་བསྒྱུར་རྒྱུ་མེད། །བསྲེ་བསྣན་བཅུ་འགྱུར་གོང་དུ་འཕོ། །མཐའ་དབུས་སྟོངས་ན་ཐིག་ལེ་བྲི། །རྐྱང་བགོད་ཇི་ཙམ་ཐོབ་པ་ཁྱེར། །སྦྲགས་བགོད་འོག་མའི་ཐོབ་དང་བསྟུན། །མང་ན་འོག་མས་མི་ཐོབ་ཆད། །ཉུང་ན་འོག་


LT41_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མས་བསྐྱར་ཐོབ་ལྷག །དེ་དག་སྐྱོན་ཡིན་ཚོད་ཟིན་གཙོ། །བགོད་དུས་ཅི་ཙམ་ཐོབ་བའི་སྐལ། །མགོ་ཐོག་ནས་ཁྱེར་མ་འདོངས་ན། །རང་གྲངས་གོང་མའི་བཅུ་ཚན་ཕབ། །དེ་ཡང་མ་འདོངས་བརྒྱ་ཕབ་ཚེ། །དགོད་བྱེད་ཉིད་ལ་གང་མཁོ་བླང་། །མ་མཁོ་བཅུ་ཚན་ལམ་དུ་བཞག །མགོ་ཐོག་ལོངས་ན་ཕབ་མི་དགོས། །བརྒྱ་ཡན་གྲངས་གནས་ཐིག་ལེས་འཛིན། །སྟོང་ཁྲི་འབུམ་རྣམས་ཕབ་དགོས་ན། །ལམ་དུ་དགུ་ཆེན་རེ་རེ་བཞག །དེ་ཚེ་གང་དགོས་བརྒྱ་ཐོག་ཁྱེར། །ཁྱེར་ལྷག་བཅུ་ཚན་རང་གནས་ལུས། །དགོད་པའི་དོན་ཡང་བགོ་བྱ་དེ། །དགོད་བྱེད་གྲངས་སུ་སྡུད་པ་ཡིན། །ཐོབ་པ་སྟེང་འོག་གནས་མཚུངས་བསྒྲིགས། །མ་ཐོབ་ནོར་སྐལ་ཐིག་ལེ་བྱེད། །དེ་རྣམས་སྟེང་བསྲེ་གནས་སྐབས་དེར། །འཕྲལ་མཁོ་མེད་ན་དོར་བར་བྱ། །འཕྲི་དུས་མ་འདོངས་གོང་ནས་ཕབ། །ཡང་ན་སྟེང་ནས་འོག་ཏུ་འབེབས། །དེ་ཚེ་དབྱུག་སྲང་དབུགས་ཆ་ཤས། །འོག་ཏུ་རང་རང་གནས་སུ་འགྱུར། །ཐིག་ལེས་དབྲི་བསྣན་དགོད་པ་རྣམས། །ཅི་བྱས་གཟུགས་གཞན་མི་འགྱུར་ཡང་། །ནང་གི་གྲངས་གནས་སྲུང་བ་སོགས། །ལས་ནི་གཞན་དང་ཁྱད་པར་མེད། །བསྒྱུར་དགོད་སྤྱང་སྟེར་གང་བྱེད་ཀྱང་། །སྟེང་འོག་གོ་རིམ་གྲངས་ཀྱི་གནས། །མ་ནོར་རང་སར་འབྲོད་པ་གཅེས། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །བྱེ་བ་ས་ཡ་དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཐེར་འབུམ་


LT41_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་བརྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་སྟོབས་མིག་ཁྱད་བྱུང་དང་། །བྱམས་པ་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་རྣམས་ནི་ཆེན་པོར་བཅས། །དྲུག་ཅུ་པ་ནི་གྲངས་མེད་དེ། །གོང་ནས་གོང་དུ་བཅུ་འགྱུར་བསྒྲེ། །གྲངས་ཀྱི་མིང་གི་རྣམ་གྲངས་ནི། །གཟུགས་དང་རང་བཞིན་བསེ་རུ་དང་། །ཟླ་བ་རི་བོང་ཅན་ནི་གཅིག །ཟུང་དང་ལག་མིག་འཁྲིག་བགྲོད་ཕྱོགས། །སྦྱོར་བ་མཚེ་མ་གཉིས་ཡིན་ནོ། །འཇིག་རྟེན་དུས་དང་ཡོན་ཏན་དང་། །མེ་དང་རྩེ་མོ་ཅན་ནི་གསུམ། །ཆུ་གཏེར་རྒྱ་མཚོ་ཆུ་བོ་དུས། །སྡེ་པ་རིག་བྱེད་ཟུང་ལྡན་བཞི། །འདོད་ལྡན་འབྱུང་བ་མདའ་དབང་པོ། །ཕུང་པོ་རྣམས་ནི་ལྔ་ལ་འཇུག །མཚམས་དང་རོ་དུས་བྲོ་བ་དྲུག །རི་གླིང་གཟའ་ཐུབ་དྲང་སྲོང་བདུན། །ཀླུ་སྦྲུལ་ནོར་ལྷ་ནོར་དབྱིག་བརྒྱད། །བུག་གཏེར་རྩ་གཟའ་སྲིན་པོ་དགུ། །ཕྱོགས་དང་ཡུལ་ས་སྒྲ་སྒྲོག་བཅུ། །དབང་ཕྱུག་དྲག་པོ་བདེ་བྱེད་དང་། །བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ། །ཉི་མ་ཉིན་བྱེད་ཁྱིམ་བཅུ་གཉིས། །ལུས་མེད་མྱོས་བྱེད་འདོད་བཅུ་གསུམ། །ཤེད་བུ་སྲིད་པ་ཡིད་མ་ནུ། །བཅུ་བཞིའི་ཚེས་ལ་བཅོ་ལྔ་ཉིད། །རྒྱལ་པོ་མི་བདག་བཅུ་དྲུག་གོ། །སྐྱོན་


LT41_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བཅོ་བརྒྱད་རྒྱལ་ཉེར་བཞི། །དེ་ཉིད་ཉེར་ལྔའོ་འཁོར་ལོ་དང་། །སྐར་མ་རྒྱུ་སྐར་ཉེར་བདུན་ཡིན། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །ཆུ་ཚོད་དབྱུ་གུ་སྲང་དྲུག་ཅུ། །སྟོང་པ་དབྱིངས་མཁའ་ཐིག་ལེར་བརྗོད། །བསྒྱུར་དགོད་སྟེར་འཕྲིའི་ཐ་སྙད་ཀྱང་། །སྤེལ་བསྣུན་གསིལ་བསྒྲེས་བསྒྱུར་བའི་མིང་། །འཕྲི་སྦྱང་དོར་དང་འཕྲལ་དམན་དབྲོག །འབྲིད་དབེན་བུ་ལོན་སྤང་རྣམས་གཅིག །བསྲེ་སྟེར་ཕུལ་སྦྱིན་བསྣན་སྣོན་གཞུག །ནོར་དུ་འགྱུར་དང་ལྡན་སྒྲ་མཚུངས། །དགོད་ལ་བསལ་བཅད་ཕྱེ་དང་གཏུབས། །དྲིལ་ཕུད་དོར་བ་ཞེས་ཀྱང་འབོད། །དབྱི་བསུབ་དོར་རྣམས་ཕྱི་བའི་དོན། །རྙེད་ཐོབ་བགོས་པའི་ནོར་ལ་ཟེར། །གཟའ་དང་བྱེད་པའི་འཁོར་ལོ་བདུན། །སྐར་མ་སྦྱོར་བ་ཉེར་བདུན་ཏེ། །ཆུ་ཚོད་ཆུ་སྲང་དྲུག་ཅུ་ལ། །དབུགས་དྲུག་ཆ་ཤས་ངེས་པ་མེད། །རང་རང་འཁོར་ལོ་ལོངས་དུས་དོར། །གཟའ་ཡི་མིང་གི་རྣམ་གྲངས་ནི། །མི་སྦྱིན་སྐྱེས་དང་ཚ་ཟེར་ཅན། །པདྨའི་གཉེན་དང་ཀུ་མུ་ཏ་དགྲ། །རྟ་བདུན་རྒྱལ་པོ་འོད་སྟོང་ཅན། །ནམ་མཁའི་ནོར་བུ་རྟ་ལྗང་ཅན། །ཉིན་བྱེད་ཉིན་མོའི་དབང་ཕྱུག་རྣམས། །ཉི་མའི་མིང་གི་རྣམ་གྲངས་སོ། །མཚན་མོའི་མགོན་པོ་རྒྱུ་སྐར་བདག །བསིལ་ཟེར་ཅན་དང་ཀུ་མུ་ཏ་གཉེན། །རྒྱ་མཚོ་སྐྱེས་དང་འོད་དཀར་ཅན། །པདྨའི་དགྲ་དང་རི་བོང་འཛིན། །ཟླ་བའོ་བཀྲ་ཤིས་ས་སྐྱེས་དང་། །གཞོན་ནུ་ལུས་དམར་ས་ལྷའི་བུ། །ཡན་ལག་དམར་


LT41_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མིག་དམར་རོ། །ལྷག་པ་ཟླ་སྐྱེས་ཟླ་བའི་བུ། །ཟླ་སྲས་ལྷ་མཚམས་སྐྱེས་སྡོས་ངས། །ཕུར་བུ་བླ་མ་ལྷའི་བླ་མ། །འཚོ་བྱེད་དང་ནི་གྲིབ་མའི་བུ། །བློ་ལྡན་སྒྲ་མཁན་བློན་པོའོ། །པ་སངས་ཁུ་བ་ནབས་སོ་སྐྱེས། །སྦྱིན་བྱེད་ལྷ་མིན་བླ་མ་དང་། །དཀར་པོ་སྙན་ངག་མཁན་ཅེས་བྱ། །སྤེན་པ་ཉི་སྐྱེས་ཉི་མའི་བུ། །གཤིན་རྗེའི་བ་དན་ཞི་ད་ལ་འགྲོ། །སྒྲ་གཅན་སྐབས་གསུམ་འཇིགས་བྱེད་དང་། །སྲིད་གསུམ་རྣམ་རྒྱལ་ཉི་ཟླ་ཟ། །དྲག་པོའི་གཟུགས་ཅན་མིག་སྨན་མདོག །ནག་པ་སྐྱེས་དང་བདུད་རྩི་ཟ། །སེང་གེ་མོ་ཡི་བུ་ཞེས་བྱ། །མཇུག་མར་མེ་དང་དུས་མེར་འབོད། །མཇུག་རིང་དུ་བ་ཀེ་ཏུ་དཔལ། །ཁྲུ་དོ་ཅན་དང་མཇུག་ཕོད་བརྗོད། །ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །རེས་ལ་འཆར་བའི་གཟའ་བདུན་ཡིན། །སྒྲ་གཅན་དུས་མེ་མཇུག་རིང་གསུམ། །བསྣན་པས་གཟའ་ནི་བཅུ་རུ་གྲགས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །གྲོ་བཞིན་དང་ནི་བྱི་བཞིན་གཉིས། །སྒར་ཁོངས་གཅིག་ཕྱིར་ཉེར་བདུན་ཡིན། །དེ་ལ་བྱི་བཞིན་མི་འདྲེན་ནོ། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནབས་སོ་རྒྱལ། །སྐག་མཆུ་སྲེ་དབོ་མེ་བཞི་ནག །ས་རི་ས་ག་ལྷ་མཚམས་སྣྲོན། །སྣུབས་དང་ཆུ་སྟོད་ཆུ་སྨད་དང་། །གྲོ་བཞིན་མོན་དྲེ་མོན་གྲུ་དང་། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་སྟེ། །ཉེར་བདུན་ཡིན་ནོ་ཡུལ་གྲུ་འགར། །ཐ་སྐར་ལ་ནི་དབྱུག་པ་དང་། །སྨིན་དྲུག་ལ་ནི་སྤུན་དྲུག་ཟེར། །སྣེར་


LT41_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མ་བི་རྫི་མགོ་སྨལ་པོ། །ནབས་སོ་རྒྱལ་སྟོད་རྒྱལ་རྒྱལ་སྨད། །སྐག་ཝ་མཆུ་ལ་རྟ་ཆེན་དང་། །གྲེ་ལ་རྟ་ཆུང་དབོ་ལ་ཁྲ། །བྱ་མ་མེ་བཞི་བྱིའུ་ནག་པ། །ས་གཉིས་ནམ་གོང་ནམ་འོག་དང་། །ལྷ་མཚམས་ལག་སོར་སྣྲོན་གདུ་བུ། །སྣུབ་ས་ལ་སོག་པའི་མིང་དུ་འབོད། །ཆུ་སྟོད་གྲེ་ལ་ཆུ་སྨད་ཕུལ། །གྲོ་བཞིན་ལ་ནི་བྱ་ཕོ་དང་། །བྱི་བཞིན་བྱ་གཞུག་མོན་གྲེ་ལ། །སྒྲོག་སྟོད་མོན་གྲུར་སྒྲོག་སྨད་དེ། །ནམ་གྲུ་ལ་ནི་ཤེ་སར་གྲགས། ༈ །ཁྱིམ་ནི་ལུག་གླང་འཁྲིག་པ་དང་། །ཀརྐ་ཊ་དང་སེང་གེ་དང་། །བུ་མོ་སྲང་སྡིག་གཞུ་ཆུ་སྲིན། །བུམ་པ་ཉ་སྟེ་བཅུ་གཉིས་སོ། །སྦྱོར་བ་རྣམ་སེལ་མཛའ་བོ་དང་། །ཚེ་དང་ལྡན་པ་སྐལ་བཟང་དང་། །དགེ་བྱེད་དང་ནི་ཤིན་ཏུ་འགྲམས། །ལས་བཟང་འཛིན་བྱེད་ཟུག་རྔུ་དང་། །འགྲམས་དང་འཕེལ་དང་བརྟན་པ་དང་། །ཡོངས་བསྣན་དགའ་བ་རྡོ་རྗེ་དང་། །དངོས་གྲུབ་དང་ནི་ཕན་ཚུན་ལྟར། །མཆོག་ཅེན་ཡོངས་འཇོམས་ཞི་བ་དང་། །གྲུབ་པ་བསྒྲུབ་བྱ་དགེ་བ་དང་། །དཀར་པོ་ཚངས་པ་དབང་པོ་དང་། །འཁོན་འཛིན་དང་བཅས་ཉེར་བདུན་ནོ། །བྱེད་པ་བཅུ་གཅིག་འཆར་ཚུལ་ནི། །ཚེས་གཅིག་ཕྱི་ཆ་ནས་བརྩམས་ཏེ། །ཉི་ཤུ་དགུ་ཡི་སྔ་ཆའི་བར། །བ་བཿདང་ནི་བཱ་ལ་བཿ། །ཀོ་ལ་བཿདང་ཏཻ་ཏི་ལཿ། །དུག་དང་ཚོང་པ་བིཥྚི་རྣམས། །ལན་བརྒྱད་བལྡབས་པས་འཁོར་བར་བྱེད། །དེ་ཕྱིར་འཕོ་བྱེད་བདུན་དུ་གྲགས། །ཉི་ཤུ་དགུ་ཡི་ཕྱི་ཆ་ནས། །ཚེས་པ་གཅིག་


LT41_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྔ་ཆའི་བར། །ཤ་ཀུ་ནིཿདང་རྐང་བཞི་ཀླུ། །ཀི༚་སྟུ།།།ཿསྟེ་རྟག་བྱེད་བཞི། །མི་འཕོ་བ་ཡི་བྱེད་པ་འཆར། །དེ་ཡང་བིཥྚི་ཁོ་ན་ལ། །མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་ལག་མིག་བུག་ཟུང་སྔ། །ཞེས་པ་ལྟར་དུ་དྲན་པ་གཅེས། །རྟེན་འབྲེལ་བཅུ་གཉིས་མ་རིག་པ། །འདུ་བྱེད་རྣམ་ཤེས་མིང་གཟུགས་དང་། །སྐྱེ་མཆེད་རེག་ཚོར་སྲེད་ལེན་པ། །སྲིད་པ་སྐྱེ་བ་རྒ་ཤིའོ། །ལོ་ཡི་དབྱེ་བར་བགྲོད་པ་དང་། །དུས་དང་ཟླ་བ་གསུམ་དུ་བཞེད། །བགྲོད་བ་ལྷོ་དང་བྱང་བགྲོད་གཉིས། །དུས་ནི་དྲུག་གམ་བཞིའམ་གསུམ། །ཉི་མས་ཐོག་མར་ཀརྚའི་ཁྱིམ། །ལོངས་སྤྱོད་དེ་ཕྱིར་དབྱར་གྱི་དུས། །དུས་ཀྱི་སྔ་བར་བཞག་པའམ། །སྟོང་འཇུག་ཐོག་མའི་དུས་ཆེན་ལས། །སྐར་ཆའི་ཐོག་མ་ཐ་སྐར་དང་། །ཁྱིམ་གྱི་དང་པོ་ལུག་གི་ཁྱིམ། །ཟླ་བའི་ཐོག་མ་ནག་ཟླ་སྟེ། །དུས་ཀྱི་དང་པོ་དཔྱིད་དུ་བཤད། །སངས་རྒྱས་པ་རྣམས་མར་ངོ་དང་། །ཕྱི་རོལ་པ་རྣམས་ཡར་ངོ་ཉིད། །སྔོན་དུ་འགྲོ་བར་འདོད་པ་དང་། །བསྟན་བཅོས་ལ་གྲགས་མར་ངོ་དང་། །འཇིག་རྟེན་ལ་གྲགས་ཡར་གྱི་ངོ། །སྔོན་དུ་འགྲོ་བར་གྲགས་མོད་ཀྱང་། །འདིར་ནི་ཉི་མ་ལུག་ཁྱིམ་དུ། །ཧོར་ཟླ་གསུམ་པ་ནག་ཟླ་ཡི། །ཡར་ངོར་ཞུགས་ན་ཡར་གྱི་ངོ་། །སྔོན་འགྲོ་འོ་དེ་དག་ནག་ཟླར་འདོད། །མར་ངོར་ཞུགས་ན་མར་གྱི་ངོ་། །སྔོན་འགྲོ་ས་ག་ཟླ་བ་ལ། །ལུག་གི་ཁྱིམ་སྦྱར་དང་པོར་བརྩི། །ཕྱོགས་རེ་ལ་ནི་ཉིན་ཞག་ཚོགས། །


LT41_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔའོ་ཉིན་ཞག་གཅིག་ལ་ནི། །འཕོ་བ་བཅུ་གཉིས་ལུགས་བྱེད་ན། །སྐྱེས་བུ་ནད་མེད་དར་བབ་ཀྱི། །དབུགས་དྲུག་ལ་ནི་ཆུ་སྲང་གཅིག །ཆུ་ཚོད་ལྔ་ལ་འཕོ་བ་གཅིག །འཕོ་བ་བཅུ་གཉིས་ཉིན་ཞག་གཅིག །ཉིན་ཞག་རེ་ལ་ཆུ་ཚོད་དམ། །དབྱུ་གུ་དྲུག་ཅུ་ཐམ་པ་ཡོད། །དེ་ནི་དུས་ཀྱི་ཆུ་ཚོད་དོ། །ཉིན་ཞག་གཞལ་ཚད་འདི་ཡིན་ཏེ། །བསྐལ་སོགས་གཞལ་ལ་ཁྱིམ་ལོ་གཙོ། །ལོ་ནི་ཁྱིམ་ལོ་དབང་ཆེ་ཞིང་། །ཟླ་བ་ལ་ནི་ཚེས་ཉིད་དབང་། །ཞག་ལ་ཉིན་ཞག་དབང་ཆེ་གསུངས། །ཡུལ་གྱི་ཆུ་ཚོད་ཅེས་པ་ནི། །རྒྱུ་སྐར་གཅིག་གི་ས་ཡི་ཁྱོན། །དྲུག་ཅུར་བགོས་པའི་དུམ་གཅིག་གོ། །རིག་པ་འདི་ལ་འཇུག་འདོད་ཀྱིས། །མ་བྲལ་གསུམ་ལ་བསླབ་བྱ་སྟེ། །ལག་པ་ས་རིས་ངག་དགུ་མཐའ། །ཡིད་ནི་གནས་གཞན་བྲལ་མི་བྱ། །ཤེས་བྱའི་གནས་ཀུན་བརྩི་ན་ཡང་། །འབྲི་བྱའི་ཡི་གེ་བཅུ་རུ་ཤེས། །ལུགས་འབྱུང་ལུགས་སུ་ལྡོག་པ་སོགས། །དགུ་མཐའ་ཤིན་ཏུ་དག་པར་གཅེས། །བཀའ་དང་བསྟན་བཅོས་འཇིག་རྟེན་པའི། །ལུགས་བཞིན་གྲངས་གནས་ངེས་པར་བྱ། །བསྒྱུར་བྱ་ཇི་ཙམ་འདོད་པ་བཞག །སྒྱུར་བྱེད་གང་ཡིན་དེ་ཡིས་བསྒྱུར། །སླར་ཡང་སྒྱུར་བྱེད་དེ་ཉིད་ཀྱིས། །བགོས་པས་སྔར་གྱི་གཞི་དེ་འཆར། །དཀའ་ཚེགས་མེད་པར་འདི་འབྱུང་ན། །རི་མོ་བྱང་བའི་ཚད་དུ་ཤེས། །དེ་རྗེས་ཡན་ལག་ལྔ་ལ་སོགས། །རྩིས་ཀྱི་གཞུང་ལ་འབད་པར་བྱ། །དང་པོའི་ལས་ཅན་


LT41_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་སྒོ། །སྔོན་འགྲོའི་རིམ་པ་མདོ་ཙམ་མོ། །རྒྱས་པར་གཞུང་དུ་ཤེས་པར་གྱིས། །ཞེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། །སྔོན་འགྲོའི་སྐབས་ཏེ་དང་པོའོ།། །།འཁོར་འདས་ལམ་གསུམ་ལྔ་ཆོས་ཇི་སྙེད་པ། །སྟོང་ཆེན་ཡི་གེ་ལྔས་སྒྲོལ་རྒྱུད་ཀྱི་རྒྱལ། །སྣང་མཛད་དུས་ཞབས་ཙ་མི་རྭ་འབྲོ་སོགས། །འཕགས་བོད་ཚིག་གི་བདག་རྣམས་རྒྱལ་གྱུར་ཅིག། རེས་གཟའ་ཚེས་གྲངས་རྒྱུ་སྐར་དང་། །སྦྱོར་བ་དང་ནི་བྱེད་པ་སྟེ། །རྩིས་ཀྱི་ཡན་ལག་ལྔ་བསྡུས་པ། །རི་མོའི་ལམ་ནས་གཏན་དབབ་བྱ། །དེ་ཡང་དང་པོའི་སངས་རྒྱས་ཀྱི། །བསྡུས་པའི་རྒྱུད་ལས་གསལ་བསྟན་པ། །བྱེད་པའི་རི་མོ་གཞུང་གསལ་ལ། །འདིར་ནི་བྱ་སླའི་ལུགས་ལྟར་བཤད། །རབ་བྱུང་བཅུ་བཞིའི་ནང་གྱུར་པའི། །ཡོངས་འཛིན་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་པ་གནས་གཉིས་བཞག །འོག་མ་མིག་བསྒྱུར་ཆུ་ཟླ་བསྣན། །མདའ་རོས་ཐོབ་པ་སྟེང་དུ་གཞུག །ཚེས་ཟླ་རྣམ་པར་དག་པ་སྟེ། །ཟླ་རེར་ཐོབ་ནོར་རེ་འཕར་ལ། །གཉིས་འཕར་བྱུང་ན་ཟླ་བ་བཤོལ། །དེ་དུས་གཅིག་འཕྲི་དངོས་ཟླ་དག །ཟླ་དག་གནས་གསུམ་སྟེང་རིམ་བཞིན། །ཟླ་བ་ཟླ་མེ་མཁའ་མདས་བསྒྱུར། །སྟེང་ནས་རང་


LT41_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བུ་ག་མཚོ། །མཁའ་མཚོས་བརྒྱན་ལ་ མཁའ་རོ་གཉིས། །ཐུབ་པས་དོར་ལྷག་གཟའ་དྷྲུའོ། །ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །སྟེང་མར་ཐིག་དང་འོག་མ་ལ། །ཟུང་རི་སྦྱིན་ལ་དུས་ཉིས་ནོར། །སྟེང་བསྲེ་ཀླུ་ལག་གིས་ཐོབ་དོར། །སྟེང་འོག་རིལ་ཆའི་དྷྲུ་བའོ། །ཟླ་དག་གནས་ལྔ་མིག་དང་ཕྱོགས། །ཀླུ་དབང་ཟུང་དང་ཕྱོགས་ཀྱིས་བསྒྱུར། །སྟེང་རིམ་སྟོང་པ་རྒྱལ་བ་དང་། །འགྱུང་ཟླ་འཁྲིག་པ་རིག་བྱེད་བྱིན། །འདོད་རོ་མཁའ་རོ་མཁའ་རོ་དང་། །འཁོར་ལོས་དོར་བ་ཉི་དྷྲུ་ཡིན། །སྔ་དྷྲུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མའི་དྷྲུ་བ་རིམ་པར་འབྱུང་། །དེ་ནས་ཉི་ན་རྩིས་བྱ་བ་ནི། །གཟའ་དྷྲུར་ཆུ་ཚོད་རྩ་བ་མདའ། །སྲང་ཡོན་དབུགས་ཆུ་སྦྱིན་པ་དང་། །ཉི་དྷྲུར་དབྱུག་མཚོ་ཟླ་མིག་སྲང་། །དབུགས་དབང་ཆ་ཤས་བུ་ག་རྣམས། །ཚེས་བསྒྱུར་བསྲེའམ་རྟགས་ལོངས་བྱིན། །དེ་ཡིས་གཟའ་ཉི་བར་པ་འགྲུབ། །རིལ་པོར་ཚེས་བསྲེ་ཆུ་ཟླས་བགོ། །ཐོབ་ནོར་ཟླ་ཡོན་མི་མཉམ་ཞིང་། །མཁའ་ལག་རིག་བྱེད་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །འབྱུང་དབང་མདའ་ཆུ་མེ་མིག་གཟུགས། །ལྡོག་དང་བཅས་པ་བཅུ་བཞིའི་གནས། །སྔ་ཕྱི་ཟོས་དང་མ་ཟོས་བསྡམས། །རྐང་བཟུང་སྡུན་མས་ཆ་ཤས་བསྒྱུར། །དུས་ཉིས་བགོས་ཐོབ་ཡང་དག་རྒྱུ། །ལྷག་མ་ཐིག་རོས་བསྒྱུར་


LT41_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་སྲང་། །དུས་བསྒྱུར་ཐོབ་པ་དབུགས་ཡིན་ལ། །བཅུ་བཞིས་བསྒྱུར་ཐོབ་ལྷག་མེད་དག །སྔ་རྐང་བསྣན་ལ་ཕྱི་རྐང་འཕྲི། །འཕྲི་ཚེ་གཅིག་ཕབ་ཆ་བར་སྦྱང་། །དེ་རྣམས་གཟའ་ཡི་ཆུ་ཚོད་མན། །རྙེད་མཉམ་བསྲེ་ལ་མི་མཉམ་འཕྲི། །ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱངས། །མ་ལྡང་འཁོར་ལོ་བསྣན་ལ་འཕྲི། །འཁོར་ཕྱེད་ལྷག་ན་དོར་བར་བྱ། །སྐར་གནས་མཁའ་རོས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་བསྲེ། །འབྱུང་བ་མེ་དང་ཟླ་བས་བགོ། །རྙེད་པའི་ནོར་གྱིས་ཉི་རྐང་བཟུང་། །དུས་ཆུ་ཟླ་བའོ་ཕྱི་མར་ལྡོག །ལྡོག་དང་བཅས་པ་དུས་ཀྱི་གནས། །སྔ་ཕྱི་ཟོས་དང་མ་ཟོས་བསྡོམས། །རྐང་བཟུང་སྡུན་མས་ལྷག་མ་རྣམས། །འདོད་ཆའི་བར་བསྒྱུར་རང་འཁོར་དྲིལ། །སྟེང་མ་འབྱུང་མེ་ཟླ་བས་ཐོབ། །ཡང་རྒྱུའོ་ལྷག་མ་ཐིག་རོས་བསྒྱུར། །འོག་གི་སྲང་བསྲེ་ཐོབ་པ་སྲང་། །དུས་བསྒྱུར་ཐོབ་པ་དབུགས་ཡིན་ཏེ། །འདོད་པས་བསྒྱུར་ཐོབ་ཆ་ཤས་ཡིན། །སྔ་རྐང་བསྣན་ལ་ཕྱི་རྐང་འཕྲི། །འཕྲི་ཚེ་ཆ་བར་རིམ་བཞིན་སྦྱང་། །དེ་རྣམས་གཟའ་ཉིའི་ཆུ་ཚོད་མན། །འཁོར་ཕྱེད་དོར་བསྣན་མ་དོར་དབྲི། །དེ་ཡིས་གཟའ་ཉི་དག་པ་འགྲུབ། །ཉི་དག་གཅིག་ལ་ཆུ་ཚོད་དུ། །མཚོ་དབང་ཚེས་བསྒྱུར་རེའུ་མིག་བསྲེ། །དེ་ནི་ཚེས་འཁྱུང་ཟླ་བ་སྟེ། །ཚེས་ཀྱི་ལོངས་སྤྱོད་ཀྱིས་འཕྲོག་པས། །རེས་འགྲོགས་ཅེས་སམ་ཚེས་འཕྲོག་གི། །


LT41_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་སྐར་མ་དག་པ་ཡིན། །ཉི་ཟླ་གཉིས་བསྲེས་སྦྱོར་བའོ། །ཚེས་གྲངས་མིག་བསྒྱུར་གཅིག་གིས་འཕྲི། །རིས་བཅད་ཕྱི་ཆའི་བྱེད་པ་འཆར། །སྔ་ཆའང་དེ་ཡི་ཤུགས་ལས་རྟོགས། །དེ་ལྟར་རགས་པའི་རྩིས་བཤད་ནས། །རྩ་བའི་རྒྱུད་ནས་གསུངས་པ་ཡི། །རྣམ་དག་གྲུབ་རྩིས་སླར་ཡང་སྤྲོ། །ཟླ་དག་གནས་དྲུག་སྟེང་རིམ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདའ་མཁའ། །ཀླུ་དང་མཚོ་དབྱིག་དབང་པོས་བསྒྱུར། །སྟེང་ནས་ལག་པ་སྲིན་པོ་རྒྱལ། །འཁྲིག་དབང་རི་ཟླ་ཆུ་བོ་བྱིན། །འོག་ནས་གྱེན་རིམ་རི་མཁའ་རི། །འདོད་པ་དང་ནི་དུས་མཁའ་རོ། །མཁའ་རོ་གཟས་བཅད་གཟའ་དྷྲུའོ། །གནས་གཉིས་སྟེང་འོག་མིག་ཟླས་བསྣུན། །མཁའ་དང་མཚེ་མ་རི་བོ་བྱིན། །འོག་མ་དུས་ཉིས་བགོས་པའི་ནོར། །སྟེང་བྱིན་དེ་ཡང་ཀླུ་ལག་གིས། །ཐོབ་པ་དོར་ཤུལ་རིལ་ཆ་དག །ཟླ་དག་གནས་དྲུག་སྟེང་ནས་མར། །མིག་དང་ཕྱོགས་དང་ཀླུ་དབང་གཟུགས། །མེ་དང་མཁའ་མིག་གིས་བསྒྱུར་ལ། །ཐིག་ལེ་ཟླ་བ་མིག་ལག་དང་། །ཟུང་དང་ཟུང་ལྡན་སྐྱོན་རྣམས་སྟེར། །འོག་ནས་རི་རོ་འདོད་པ་རོ། །མཁའ་རོ་མཁའ་རོ་སྐར་མས་བཅད། །ཉིན་བྱེད་དྷྲུ་བ་རྣམ་པར་དག །སྔ་དྷྲུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མའི་དྷྲུ་བ་ཚེགས་མེད་འགྲུབ། །གཟའ་དྷྲུར་ཆུ་ཚོད་བུ་ག་མངའ། །སྲང་ཡོན་དབུགས་སུ་རིག་


LT41_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་། །འདོད་ཆར་ཐིག་དང་རི་མཁའ་རིའི། །ཆ་ཤས་གནས་སུ་སྦྲུལ་མཁའ་མིག །གང་བརྩིའི་ཚེས་ཀྱིས་བསྒྱུར་བའམ། །བསྒྱུར་དུ་ཟིན་པའི་རྟག་ལོངས་བྱིན། །དེ་ལ་གཟའ་བར་ཞེས་སུ་གྲགས། །རིལ་པོར་ཚེས་བསྲེ་ཆུ་ཟླས་བགོ། །ནོར་དེ་མཉམ་མམ་མི་མཉམ་བལྟ། །གཟུགས་དང་མེ་ནི་མི་མཉམ་ལ། །ཟུང་ཆུ་ནམ་མཁའ་ཤར་ན་མཉམ། །ཆུ་ཟླའི་ལྷག་མས་ཟླ་རྐང་བཟུང་། །ཟླ་རྐང་མདའ་དབང་འབྱུང་ཆུ་མེ། །མིག་དང་གཟུགས་ཏེ་ཕྱི་མ་བཟློག །སྔ་ཕྱི་སྤྱད་དང་སྤྱད་རྒྱུ་རྣམས། །བསྡོམས་པ་རྐང་སྡོམ་ཆུ་ཚོད་ཡིན། །རྐང་ཟིན་སྦུན་མས་ཆ་ཤས་བསྒྱུར། །མཐའ་མར་ཟིན་ན་དང་པོས་བསྒྱུར། །ཚོགས་དེ་དུས་དང་ཉི་མས་དགོད། །ནོར་ནི་ཡང་དག་རྒྱུའི་ཆུ་ཚོད། །ཡིན་ཏེ་རྐང་སྡོམ་འོག་ཏུ་དགོད། །ལྷག་རྣམས་མཁའ་རོ་རོ་འདོད་པ། །རི་མཁའ་རིས་བསྒྱུར་སོ་སོ་ཡང་། །དུས་ཉིས་བགོས་ནོར་སྲང་དབུགས་ཆ། །སྔ་རྐང་ཟིན་ཚེ་ཆུ་ཚོད་གཉིས། །བསྲེ་ལ་ཕྱི་རྐང་ཟིན་ཚེ་དབྲི། །རྐང་སྔོན་འདས་ན་ཕྱི་རྐང་ངོ། །འཕྲི་ཚེ་གཅིག་བབ་ཆ་བར་སྦྱང་། །ཚོགས་དེ་གཟའ་ཡི་ལོངས་སྤྱོད་དུ། །རྙེད་མཉམ་སྦྱིན་ལ་མི་མཉམ་དབྲི། །དེ་ནས་ཉི་མའི་དྷྲུ་བ་ལ། །ཆུ་ཚོད་རིག་བྱེད་སྲང་ཟླ་མིག །དབུགས་མདའ་འདོད་པའི་ཆ་ལ་ནོར། །རི་རོའི་གནས་སུ་མེ་མིག་རྣམས། །ཚེས་ཀྱིས་བསྒྱུར་རམ་བསྒྱུར་ཟིན་བྱིན། །དེ་དག་ཉི་མ་བར་


LT41_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཉི་མར་གནས་གཉིས་གཅིག་ཤོས་ལ། །སྐར་དྲུག་ཆུ་ཚོད་ཞེ་ལྔ་དོར། །མ་ལྡང་འཁོར་ལོ་བསྲེས་ལ་དོར། །འཁོར་ཕྱེད་ལྷག་ན་དེ་ཡང་དོར། །དོར་ལྟག་སྐར་གནས་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ནས་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །དུས་ཆུ་ཟླ་བའོ་ཕྱི་རྐང་བཟློག །སྔ་རྐང་ཟིན་ན་ཟོས་ཟིན་བསྡོམ། །ཕྱི་རྐང་ཟིན་ན་ཟ་རྒྱུ་བསྡོམ། །རྐང་པ་སྡུན་མས་ལྷག་ཀུན་བསྒྱུར། །མ་ཟིན་ཚེ་ན་དང་པོས་བསྒྱུར། །མས་རིམ་ཆུ་ཚོད་བར་དུ་དྲིལ། །ཆུ་ཚོད་མདའ་ཡོན་ཟླས་བགོས་ནོར། །ཡང་རྒྱུའོ་ལྷག་རྣམས་ཆ་ཤས་བར། །རིམ་བསྒྱུར་རིམ་བགོ་ཆ་བར་གསིལ། །རྐང་མཚམས་མ་འདས་ཡང་དག་རྒྱུ། །རྐང་སྡོམ་ལ་བསྲེ་འདས་ན་དབྲི། །འཕྲི་ཚེ་སྔ་མ་ལྟར་དུ་བྱ། །དེ་དག་གཟའ་ཉིའི་ཆུ་ཚོད་ཕྱིན། །འཁོར་ཕྱེད་དོར་བྱིན་མ་དོར་དབྲི། །གཟའ་ཉིད་ག་གོ་ཉི་དག་གཉིས། །གཅིག་ལ་མཚོ་མདའ་ཚེས་བསྒྱུར་བསྲེ། །དེ་ལ་རེས་གཟའི་དབྱུ་གུས་འཕྲིས། །རེས་འགྲོགས་ཟླ་བའི་སྐར་མ་དང་། །སྦྱོང་བྱེད་སྔ་མ་ཁོ་ནའོ། །འཇམ་དབྱངས་མཚུར་ཕུ་པ་ཆེན་པོའི། །ལེགས་བཤད་འོ་མའི་རྒྱ་མཚོ་ལས། །སྙིང་པོར་ཕྱུངས་པ་མར་གྱི་བཅུད། །བྱེད་གྲུབ་དགོངས་པ་བསྒྲིལ་འདོད་ན། །རབ་ཡིད་ཡོངས་སུ་འཛིན་པ་སོགས། །འདས་པའི་ལོ་དག་ཉི་མས་བསྒྱུར། །ནག་པའི་ཟླ་སོགས་དུ་སོང་བསྲེ། །གནས་གཉིས་འོག་མས་གཉིས་ཀྱིས་བསྒྱུར། །རི་བོང་


LT41_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་དབང་པོས་འཕྲི། །ལྷག་མ་མདའ་རོས་བགོས་ཐོབ་ལ། །ཟླ་བ་བསྣན་ནས་སྟེང་དུ་གཞུག །ནོར་དེ་འཕར་ཚེ་ཟླ་བ་ལྷག །གཅིག་དམན་སྔ་མའི་ཟླ་བ་དག །ཟླ་དག་གནས་ལྔ་སྟེང་ནས་མར། །གཟུགས་དང་གཟུགས་མེ་ཐིག་དབང་པོ། །སྟོང་པ་མཁའ་མེས་བསྒྱུར་བ་ལ། །ལག་པ་སྲིན་པོ་དུས་མཚོ་དང་། །གཟུགས་ཕྱོགས་བསྣན་ལ་མས་རིམ་ནས། །ཆུ་མཚོ་དུས་དང་མཁའ་རོ་གཉིས། །ཐུབ་པས་དོར་ལྷག་གཟའ་དྷྲུའོ། །ཟླ་དག་གནས་གཉིས་མིག་ཟླས་བསྣུན། །སྟེང་འོག་སྐར་མ་མཚོ་མདས་དབྲི། །དུས་ཉི་དང་ནི་ཀླུ་ལག་གིས། །དྲིལ་ལྷག་རིལ་ཆའི་དྷྲུ་བ་དག །ཟླ་དག་གནས་ལྔ་ཟུང་དང་ཕྱོགས། །ཀླུ་དབང་འཁྲིག་པ་མཁའ་ལག་གིས། །སྤེལ་ལ་སྟོང་པ་མི་བདག་དང་། །ཟླ་དབང་རྩེ་མོ་ཁམས་རྣམས་སྣོན། །ཀླུ་མེ་དུས་དང་དབྱིངས་མཚམས་སྲང་། །སྐར་མས་སྒྲིལ་ལྷག་ཉི་དྷྲུའོ། །དེ་རྣམས་སྔ་དྷྲུར་རང་རང་གི། །སྒྱུར་བྱེད་བྱིན་པས་ཕྱི་རིམ་གསལ། །ཚེས་རྩིས་བྱ་ཕྱིར་གཟའ་དྷྲུ་ལ། །མཁའ་དང་གཏེར་འབྱུང་མེ་མཚོ་གཟུགས། །ཚེས་བསྒྱུར་སྟེར་བ་གཟའ་བར་ཡིན། །རིལ་བོར་ཚེས་བསྲེ་མ་ནུས་བགོ། །ཐོབ་དེ་མཉམ་མམ་མི་མཉམ་བརྟག །ལྷག་མས་ཟླ་བའི་རྐང་པ་བཟུང་། །འབྱུང་མདའ་དབང་ཆུ་མེ་མིག་ཟླ། །བཟློག་དང་བཅས་པས་བཅུ་བཞིའི་གནས། །སྔ་རྐང་ལ་ནི་ཟོས་ཟིན་བསྡོམ། །ཕྱི་རྐང་


LT41_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་ཟ་རྒྱུ་བསྡོམ། །དེ་ཡང་སྟོང་པས་སྟོང་པ་ཉིད། །བཅུ་གསུམ་ཟླ་བ་རྐང་པ་ལྔ། །མིག་དང་བཅུ་གཉིས་ཕྱོགས་ཡིན་ལ། །མེ་དང་བཅུ་གཅིག་བཅོ་ལྔའོ། །རིག་བྱེད་བཅུ་ནི་བཅུ་དགུ་སྟེ། །མདའ་དང་དགུ་ལ་ཉི་ཤུ་གཉིས། །མཚམས་དང་བརྒྱད་པར་ཉི་ཤུ་བཞི། །བདུན་པར་ཉི་ཤུ་རྩ་ལྔའོ། །རྐང་ཟིན་མདུན་མས་ཆ་ཤས་བསྒྱུར། །དུས་ཉིས་ཐོབ་པ་ཡང་རྒྱུ་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་སྲང་། །དུས་བསྒྱུར་ཐོབ་དབུགས་མིག་མཆོ་ཆས། །བསྒྱུར་ཐོབ་རིམ་བརྩེགས་ལྷག་མེད་དག །རྐང་བསྡོམས་དང་ནི་ཡང་རྒྱུ་གཉིས། །སྔ་ཟིན་བསྡོམས་ལ་བྱི་ཟིན་དབྲི། །རྐང་སྔོན་འདས་ན་ཕྱི་རྐང་ངོ་། །འབྲི་ཚེ་ཡང་རྒྱུས་རྐང་བསྡོམས་དམན། །ལྷག་མ་གཅིག་ཕབ་ཆ་ཤས་བར། །འོག་མས་སྟེང་ཕབ་རང་འཁོར་སྦྱང་། །དེ་དག་རེས་གཟའི་ལོངས་སྤྱོད་ལ། །ཟུང་ཆུ་སྟོང་པ་ཐོབ་མཉམ་སྦྱིན། །ཟླ་བ་རྩེ་མོ་མི་མཉམ་དབྲི། །དེ་ཡིས་གཟའ་ཚེས་བྱེད་དག་འགྲུབ། །ཉི་དྷྲུར་མཁའ་མཚོ་ཟླ་མིག་དང་། །འབྱུང་བ་དུས་མིག་ཚེས་བསྒྱུར་བྱིན། །དེ་ཉིད་ཉི་མ་ཕྱེད་པ་སྟེ། །གནས་གཉིས་གཅིག་ལ་སྐར་གནས་སུ། །དྲུག་དང་ཆུ་ཚོད་ཞེ་ལྔས་དོར། །མ་ལྡང་འཁོར་ལོ་བསྣན་ལ་སྦྱང་། །འཁོར་ལོ་བསྣན་ནམ་མ་བསྣན་ཀྱང་། །འཁོར་ཕྱེད་ལངས་ན་དེ་ཡང་དོར། །ལྷག་མ་སྐར་གནས་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་འབྱུང་མེ་ཟླས། །ཐོབ་པའི་ནོར་གྱིས་ཉི་རྐང་


LT41_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། །དུས་མཚོ་ཟླ་བའོ་ཕྱི་མ་བཟློག །ཟླ་དང་འབྱུང་བར་བྲོ་བ་བསྡོམ། །འཁྲིག་པ་རིག་བྱེད་དག་ལ་ཕྱོགས། །ཡོན་ཏན་ལ་ནི་བདེ་འབྱུང་དང་། །མཁའ་ལ་ནམ་མཁའ་ཉིད་ཀྱིས་སོ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །འོག་ནས་གྱེན་དུ་རང་འཁོར་དྲིལ། །སྟེང་མ་མདའ་ཡོན་ཟླ་བས་བགོ། །ཐོབ་པའི་ནོར་དེ་ཡང་རྒྱུའོ་ལྷག །མཁའ་རོས་བསྒྱུར་ལ་ཆུ་སྲང་བཅུག །ཐོབ་སྲང་དུས་བསྒྱུར་ཐོབ་པ་དབུགས། །ཀླུ་མེས་བསྒྱུར་ཐོབ་ཆ་ཤས་ཏེ། །རྙེད་ནོར་རིམ་བརྩེགས་ཡང་ལྷག་དོར། །སྔ་ཟིན་བསྡོམས་ལ་ཕྱི་ཟིན་འཕྲི། །འཕྲི་ཚེ་སྔར་བཞིན་རང་འཁོར་སྦྱང་། །དེ་དག་གཟའ་ཉིའི་དབྱུ་གུ་མན། །འཁོར་ལོ་ཕྱེད་དོར་བྱང་བགྲོད་སྦྱིན། །མ་དོར་ལྷོ་བགྲོད་དབྱི་བར་བྱ། །དེ་ཡིས་གཟའ་ཉི་དག་པ་འགྲུབ། །ཟླ་སྐར་སྦྱོར་བྱེད་སྔར་དང་མཚུངས། །དེ་ལྟར་བྱེད་གྲུབ་ལིའུ་ཐོ་ལ། །གཟའ་གཅིག་ལན་གཉིས་བལྡབས་པ་ན། །ཆུ་ཚོད་གང་མང་ཚེས་དེ་ཆད། །གཟའ་གཅིག་ཆད་དེ་མཆོངས་པ་ན། །ཆུ་ཚོད་ཉུང་བའི་ཚེས་དེ་ལྷག །གཟའ་ཡི་གནས་སུ་གང་ཤར་བ། །སང་ཉིན་ནམ་ལངས་ཚུན་ཆད་སྤྱོད། །དེ་ཡི་ཆུ་ཚོད་ཆུ་སྲང་སོགས། །དེ་ཉིན་ནམ་ལངས་ནས་བཟུང་སྟེ། །ཚེས་རྫོགས་ཚུན་གྱི་ལོངས་སྤྱོད་ཡིན། །ཚེས་འཁྱུད་ཟླ་བའི་སྐར་མ་ནི། །ཚེས་རྫོགས་ཚུན་དུ་གང་ཟོས་འཆར། །ཚེས་འཕྲོག་


LT41_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་སྐར་ནམ་ལངས་ཡན། །སྤྱད་དུ་གང་ཟིན་འཆར་བ་ཡིན། །དེ་ཡིས་མཁའ་རོ་ལ་འཕྲི་བའི། །ལྷག་གིས་ནམ་ལངས་ནས་བཟུང་སྤྱོད། །ཉི་དག་ཚེས་འཁྱུད་ཟླ་སྐར་མཚུངས། །སྦྱོར་བའང་ཟླ་བའི་རྗེས་སུ་འགྲོ། །བྱེད་པ་སྔ་ཕྱི་གང་བརྩི་ཡང་། །རྐང་པར་བཅས་པའི་ཚེས་ལོངས་དེ། །ཕྱེད་མར་གཏུབས་པའི་ཆ་རེ་ནི། །བྱེད་པ་རེ་ཡི་ལོངས་སྤྱོད་ཡིན། །བརྟག་ཐབས་སྔ་མའི་ཚེས་ལོངས་དེས། །མཁའ་རོའི་སྟེང་ནས་འཕྲི་བའི་ལྷག །ཉིན་ཞག་སྔ་མར་འདས་ཟིན་ཡིན། །ལྷག་དང་ད་ལྟའི་ཚེས་ལོངས་གཉིས། །བསྲེས་ལ་མིག་གིས་བགོས་ཐོབ་ནོར། །དུས་དེའི་བྱེད་པའི་ལོངས་སྤྱོད་དེ། །སྔ་ཆར་སྔ་མའི་ཚེས་ལོངས་དག །རྫོགས་ནས་དེ་ཡི་ཡུན་དུ་སྤྱོད། །ཕྱི་ཆར་ཚད་དེ་རྫོགས་ནས་འཆར། །ཞིབ་མོར་ཆེས་པས་རྡུལ་དུ་སོང་། །བསྒྲིམས་དྲག་མགོ་བོ་གདུགས་ལྟར་འཁོར། །གོམ་སྟབས་ཆེས་བས་ཕར་ཀར་མཆོངས། །དེ་དག་རྣམས་དང་འདི་མི་འདྲ། །བྱིས་བློས་རྙེད་པའི་རྩིས་འཕྲོ་མང་ན་ཡང་། །ས་བཅུ་བརྙེས་པའི་རིགས་ལྡན་དོ་ཟླ་མིན། །དེ་ཡི་དགོངས་ཟབ་སྒོ་ལྕགས་འབྱེད་པ་ལ། །རིགས་ལྡན་སྤྲུལ་པའི་སྐུ་ཉིད་ལྡེའུ་མིག་བཞིན། །ཅེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། ལྔ་བསྡུས་ཀྱི་སྐབས་ཏེ་གཉིས་པའོ།། །།མཁྱེན་བཟང་རྒྱུ་སྐར་


LT41_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བའི་སྣང་བ་ཡང་། །སྒྲིབ་གཉིས་རྣམ་གྲོལ་ཡེ་ཤེས་འོད་པོ་ཆེས། །ཟིལ་གྱིས་གནོན་ལ་བདུད་རྩིའི་ཐིག་ལེ་བཞིན། །རང་བྱུང་རྒྱལ་བ་གཉིས་པས་རྗེས་འཛིན་མཛོད། །ལེགས་ལྡན་གཟའ་ལྔའི་འགྲོས་བཞི་པོ། །རྟོགས་ཕྱིར་ཉི་ཚེས་སོ་སོ་ཡི། །ཚེག་ཕྱི་དུས་འཁྲུལ་པ་ཡི། །ལུགས་ལས་ལྡོག་སྟེ་འདིར་བཤད་བྱ། །ཟླ་བ་དག་པ་མཁའ་མེས་བསྒྱུར། །གང་བརྩིའི་ཚེས་བསྲེས་གནས་གསུམ་བཀོད། །བར་མར་བྲོ་བ་རང་བཞིན་བྱིན། །འོག་མར་མེས་འཕྲི་རི་མཁའ་རིས། །ཐོབ་ལ་གཟུགས་བསྣན་བར་དུ་གཞུག །དེ་ལ་ཆུ་རོས་ཕྱེ་བ་ཡི། །ནོར་གྱིས་སྟེང་སྦྱང་མི་གསལ་ཞག །གསལ་ཞག་བྱ་ཕྱིར་གནས་གཉིས་བཞག །སྟེང་མ་རིས་འཕྲི་རི་ཡིས་བགོ། །ལྷག་མ་རེས་གཟའ་དང་བསྟུན་པས། །མཐུན་ན་མཆོག་གི་གསལ་ཞག་ཡིན། །མི་མཐུན་མཐུན་ཕྱིར་འོག་མ་ལ། །གཅིག་གཉིས་བསྣོན་འབྲིད་རིག་མདས་བསྣུན། །དེ་ནི་སྤྱི་ཡི་ཉིན་ཞག་ཡིན། །སྒོས་ཞག་དོན་དུ་གནས་ལྔར་བཀོད། །བཀྲ་ཤིས་མིག་དུས་ལག་པས་བརྒྱན། །ལྷག་པ་བརྒྱས་བསྒྱུར་མེ་མཁའ་དབྱིངས། །མེ་བྱིན་ཕུར་བུ་མེ་ཀླུ་མདའ། །འཁྲིག་པ་སྦྱིན་ནོ་པ་ཝ་སངས། །བཅུས་བསྒྱུར་མཚམས་དབྱིག་བྲོ་བ་གཞུག །སྦེན་པའི་རི་མེ་མཚོ་ཡིས་བརྒྱན། །སོ་སོའི་དཀྱིལ་འཁོར་གང་ཐོབ་དོར། །བཀྲ་ཤིས་དཀྱིལ་འཁོར་རི་ཀླུ་རོ། །ཟླ་བུ་རི་བུག་རི་ཀླུའོ། །སྒྲ་མཁན་ལ་ནི་སོ་མེ་མཚོ། །པ་སངས་རི་


LT41_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་བ་མིག །ཉི་བུ་དུས་རོ་ཐུབ་པ་ཕྱོགས། །དོར་ལྷག་སོ་སོའི་སྒོས་ཀྱི་ཞག །སྒོས་ཀྱི་ཞག་རྣམས་སྐར་མས་བསྒྱུར། །དཀྱིལ་འཁོར་ཆས་ཐོབ་སྐར་མ་ཡིན། །དེ་བཞིན་མཁའ་རོ་མཁའ་རོ་དུས། །འདོད་དང་དཀྱིལ་འཁོར་ཆ་བཅས་ཀྱིས། །བསྒྱུར་ཐོབ་རྣམས་ནི་རིམ་པར་བརྩེགས། །དྲག་གསུམ་དལ་བར་ཞི་གཉིས་ཀྱི། །རྐང་འཛིན་ཡིན་ནོ་ཞི་དལ་དང་། །དྲག་རྐང་ཉི་མ་བར་པ་ནི། །དེ་ཡང་ཉིན་ཞག་ཉི་དྷྲུ་ལ། །ཉིན་ཞག་རྟག་ལོངས་དབྱུ་གུར་བཞི། །སྲང་དུ་ཉེར་དྲུག་འདོད་ཆར་ཀླུ། །ཡང་ཆར་དུས་མདའ་མེ་རི་གཟུགས། །ཚེས་བསྒྱུར་སྟེང་ལ་ཉི་བར་དག །དལ་བ་དག་ཕྱིར་དལ་བར་རྣམས། །གཉིས་བཀོད་གཅིག་ལ་སྐྱེས་ཁྱིམ་སྦྱང་། །སྐྱེས་ཁྱིམ་ས་སྐྱེས་སྐར་གནས་ནས། །རྩ་དང་དབྱུ་གུར་མཁའ་མེ་ཡིན། །ལྷག་པ་མི་བདག་མཁའ་མེའོ། །ཕུར་བུ་ཟུང་ཟླ་༡༢པ་སངས་རོ། །དལ་འགྲོར་སྐྱོན་གྱིས་༡༨ །སྐར་གནས་སྦྱང་། །སྦྱོང་མ་ལྡང་ན་འཁོར་ལོ་བསྣན། །འཁོར་ལོ་ཕྱེད་ལྷག་དེ་ཉིད་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་མཁའ་རོས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་ཟླས་ཐོབ་རྐང་པ་བཟུང་། །མིག་དམར་དེ་ཉིད་ཉེས་པ་རི། །ལྷག་པ་ཕྱོགས་རི་རྩེ་མོ་ཅན། །ཕུར་བུ་བདེ་འབྱུང་རྩ་དང་མེ། །པ་སངས་མདའ་མཚོ་རི་བོང་འཛིན། །སྤེན་པ་ལག་མིག་ཚེས་དང་མཚམས། །


LT41_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་སྔ་རྐང་ཕྱི་མ་བཟློག །སྔ་རྐང་ལ་ནི་ཐོས་ཟིན་བསྡོམ། །ཕྱི་རྐང་ལ་ནི་ཟ་རྒྱུ་བསྡོམ། །རྐང་ཟིན་སྔོན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །མས་རིམ་དྲིལ་ནས་ཟླ་ཡོན་ཟླས། །ཐོབ་པའི་ནོར་ནི་ཡང་རྒྱུའོ་ལྷག །སྲང་དབུགས་འདོད་དང་དྲག་གསུམ་ལ། །རང་ཆ་ཉིད་དང་ཞི་གཉིས་ནི། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །རིམ་བཞིན་ཆ་བཅུག་བགོས་ཐོབ་ཚོགས། །སྔ་ཟིན་བསྡོམས་ལ་ཕྱི་ཟིན་དབྲི། །འཕྲི་ཚེ་ཆ་ཤས་བར་དུ་དབྲི། །དེ་ཉིད་དལ་བར་གཅིག་ཤོས་ལ། །འཁོར་ཕྱེད་དོར་བསྣན་མ་དོར་དབྲི། །དེ་ཡིས་རང་རང་དལ་བ་དག །དེ་ནས་མྱུར་བ་དག་པའི་ཕྱིར། །དལ་རྐང་གཉིས་ཀའི་ཡང་ཆ་བོར། །དལ་བ་དག་པས་རྐང་འཛིན་སྦྱང་། །མ་ལྡང་འཁོར་ལོ་བསྣན་ལ་སྦྱང་། །འཁོར་ཕྱེད་ལྷག་ན་དེ་ཉིད་དོར། །མ་དོར་རིམ་པ་དོར་རིམ་མིན། །ལྷག་མའི་སྐར་མས་མྱུར་རྐང་བཟུང་། །མྱུར་རྐང་མིག་དམར་རྒྱལ་བ་དང་། །མེ་མིག་ལན་གསུམ་ཟླ་མིག་གཉིས། །སྐྱོན་ཚེས་དྲག་མེ་སྔ་རྐང་ངོ་། །དྲག་པོ་ནོར་མ་མཁའ་ཀླུ་དང་། །མེ་མདའ་རྣམས་ནི་ཕྱི་རྐང་ངོ། །ལྷག་པར་མི་བདག་མི་བདག་ཚེས། །ཡིད་འདོད་དྲག་གཟའ་མདའ་མཁའ་སྔ། །རྒྱ་མཚོ་དབང་ཕྱུག་མཁའ་མིག་དང་། །སྤྲུལ་ལག་མཚོ་མེ་ཕྱི་རྐང་ངོ། །ཕུར་བུར་སྒྲ་སྒྲོག་སྒྲ་སྒྲོག་རྩ། །དབྱིག་མཚམས་རོ་མིག་བསེ་རུ་སྔ། །མེ་དུས་བུ་ག་བདེ་འབྱུང་རྒྱལ། །དྲང་སྲོང་རྣམས་ནི་ཕྱི་རྐང་ངོ་། །པ་སངས་དེ་


LT41_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལན་གསུམ་དང་། །རྒྱལ་བ་ལན་གཉིས་ཟུང་མིག་གཉིས། །ཉེས་པ་ཚེས་ནོར་ཕྱི་མ་ལ། །དུས་དང་མཁའ་མེ་བུ་ག་གཏེར། །མེ་རིའོ་སྤེན་པ་དུས་འབྱུང་དབང་། །ཆུ་མཚོ་སྦྱོར་བ་བགྲོད་པ་མཁའ། །ཕྱི་མ་ཟུང་ཆུ་དབང་མཚམས་དབྱིག །ཡོན་ཏན་རྣམས་ཡིན་རིམ་མིན་བཟློག །སྔ་ཕྱིར་སྦྱང་ཟིན་སྤྱོད་རྒྱུ་བསྡོམ། །རྐང་ཟིན་སྔོན་མས་ཆུ་ཚོད་སོགས། །ཆ་ཤས་བཅས་པ་རིམ་པར་བསྒྱུར། །མ་ཟིན་རྐང་པ་དང་པོས་ཏེ། །རིམ་མིན་དུས་སུ་ལུགས་ཟློག་གི། །རྐང་པ་དང་པོས་བསྒྱུར་བ་གཅེས། །རང་རང་འཁོར་ལོ་ལོངས་ན་སྒྲིལ། །ཆུ་ཚོད་མཁའ་རོས་བགོས་པའི་ནོར། །ཡང་རྒྱུའོ་སྲང་རོ་འདོད་པའི་བར། །བསྒྱུར་བཅུག་ཀུན་ཀྱང་མཁའ་རོས་བགོ། །ལྷག་སྤེན་རྐང་གནས་ནམ་མཁའ་ལ། །རྐང་སྔོན་ཕོག་ན་བསྒྱུར་བྱའི་ཚོགས། །ཆུ་ཚོད་ནས་ནི་ཆ་བར་དབྱི། །དེ་ཚེ་ཡང་རྒྱུ་ལ་སོགས་མེད། །སྔ་ཟིན་བསྡོམས་ལ་ཕྱི་ཟིན་དབྲི། །རྐང་གནས་དྲུག་ཅུར་ལོངས་པ་ན། །མཁའ་རོས་ཐོབ་པ་སྐར་མ་ཡིན། །མྱུར་རྐང་ལོངས་སྤྱོད་ཚོགས་དེ་དག །དལ་བ་དག་པར་རིམ་པ་སྦྱིན། །རིམ་མིན་འཕྲིའོ་མ་ལྡང་ན། །འཁོར་ལོ་བསྣན་ནས་སྦྱངས་པས་འཐུས། །ཡང་ན་སྦྱང་བྱས་སྦྱོང་བྱེད་སྦྱངས། །དེ་ཚེ་གཟའ་དེ་ཕྱིར་ལྡོག་ཡིན། །མ་བརྒལ་མ་དོར་མྱུར་འགྲོས་ཤར། །མ་དོར་བརྒལ་བ་དལ་འགྲོས་ལྷོ། །དོར་ལ་མ་བརྒལ་འཁྱོག་འགྲོས་ནུབ། །


LT41_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་ཞིང་དོར་བ་འབྱུང་འགྲོས་བྱང་། །ཕྱོགས་དེར་ཐེབས་སུའང་བལྟ་བར་བྱ། །འདི་དག་གནས་མཚུངས་དཔྲི་བསྣན་དུས། །ཆ་ཤས་མང་ཉུང་ཤེད་སྙོམས་ཕྱིར། །མང་གནས་ཉུང་འཁོར་གྱིས་བསྒྱུར་ལ། །མང་འཁོར་གྱིས་ཐོབ་ཉུང་གི་ཆ། །ལྷག་མ་རང་ཆ་ཡང་ན་ནི། །ཉུང་གནས་མང་འཁོར་གྱིས་བསྒྱུར་ལ། །ཉུང་འཁོར་གྱིས་ཐོབ་མང་གི་ཆ། །ལྷག་མ་ཉུང་ཆ་ཡིན་ཏེ་དེ། །ལུགས་འདིར་གཅེས་པ་ཁོ་བོས་རིག །དེ་ཚེ་མྱུར་དག་གནས་དྲུག་འབྱུང་། །ཉིན་ཞག་ཉི་མའི་དྷྲུ་བའི་ཕྱིར། །ཚེས་གྲངས་མ་བསྲེས་སྤྱི་ཞག་དེ། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ། །མཁའ་མཚོ་མིག་རི་ཆུ་དུས་རོ། །བྱིན་ལ་མདའ་མཁའ་མཚོ་ཡིད་རི། །རོ་ཡིས་དོར་ལྷག་སྐར་མ་ནས། །བུག་མཁའ་མིག་བུག་ཡིད་ཀྱི་བར། །བསྒྱུར་ལ་མདའ་མཁའ་མཚོ་ཡིད་དང་། །རི་རོས་ཐོབ་པས་ཉི་དྷྲུ་འགྲུབ། །དེ་ཡང་གཟའ་ལྔ་སོ་སོ་ཡི། །རང་རང་དཀྱིལ་འཁོར་ཆ་ཤས་ནི། །བཀྲ་ཤིས་སུམ་ཆ་བུག་མིག་ལག །ལྷ་ཡི་བླ་མའི་བཅུ་གཉིས་ཆ།། །གཟུགས་དུས་མེའོ་ཉི་མའི་བུའི། །ཕྱེད་ཆ་མེ་ཀླུ་མེ་མདའ་སྟེ། །ཟླ་བུ་རི་བུག་རི་ཀླུའོ། །པ་སངས་སུམ་ཆ་བུག་མཚོ་རི། །འདི་རྣམས་ཞི་གཉིས་རྐང་འཛིན་དང་། །དྲག་དལ་བསྒྲུབ་དུས་ཆ་ཤས་ཀྱི། །སྒྱུར་བྱེད་སྐབས་སུ་དྲན་པ་གཅེས། །དེ་ལྟར་གཟའ་ལྔ་ཉིན་ཞག་མའི། །འགྲོས་བཞིའི་དབྱེ་བ་རབ་བཤད་ནས། །སླར་


LT41_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚེས་ལ་ལོངས་སྤྱོད་པའི། །མན་ངག་ཟབ་མོ་བཤད་ཀྱི་ཉོན། །ཟླ་དག་གནས་དྲུག་ཚར་ལྔ་བཀོད། །བཀྲ་ཤིས་གཟུགས་བུག་ཀླུ་མེ་མཁའ། །རིག་བྱེད་དྲང་སྲོང་བསེ་རུ་དང་། །ནོར་ལྷ་ཆུ་བོ་ཉི་མས་སྤེལ། །སྒྲ་སྒྲོག་གཟུགས་འབྱུང་མཚོ་ལག་མེ། །ཉི་མིག་དབྱིངས་ཉི་དྲག་པོ་སྟེར། །སྒྲ་མཁན་སྟོང་པ་འཕྲོག་བྱེད་མིག །ཡོན་ཏན་ཟླ་གཟུགས་འཁྲིག་པ་དང་། །ཀླུ་དུས་བུ་ག་དབང་པོས་བསྒྱུར། །མི་བདག་དབང་པོ་ཡིད་དང་དབྱིངས། །རིག་བྱེད་རྩེ་མོ་སྦྱོར་བ་དང་། །མཚོ་དུས་ཉི་མ་ཟླ་བ་བསྣན། །ཉི་སྲས་དབྱིངས་མཚོ་མཚམས་ལག་མེ། །བགྲོད་པ་མཁའ་རི་རྩེ་མོ་ཅན། །མཚོ་མ་དྲང་སྲོང་ཉེས་པས་བསྒྱུར། །ཟླ་བ་ཐུབ་པ་རི་དབང་མ། །ཆུ་གཏེར་ལག་པ་བུག་མེ་དང་། །རྒྱལ་བ་ཀླུ་དང་ཕྱོགས་རྣམས་སྟེར། །ཟླ་སྲས་སྲིན་མེ་སྦྲུལ་མཚོ་མདའ། །བགྲོད་པ་འབྱུང་བ་དྲང་སྲོང་ལྷ། །མཆུ་བོ་སྟོང་པ་དྲག་པོས་བསྒྱུར། །རྩ་ཚེས་དུས་མེ་རི་བོང་ཅན། །འདོད་ཡོན་ཆུ་མཚོ་རིག་བྱེད་དང་། །ཟུང་རི་རྩེ་མོ་ཡོན་ཏན་བྱིན། །དཀར་པོར་འཇིག་རྟེན་གཉིས་སྐྱེས་དང་། །མཚོ་དབང་རང་བཞིན་མཚམས་འབྱུང་མེ། །གདེངས་ཅན་བྲོ་བ་དྲག་པོས་སྤེལ། །ནོར་ལྷ་སྲིད་པ་བུ་ག་མེ། །འཁྲིག་པ་མདའ་ཡོན་ལག་པ་དང་། །བགྲོད་གཏེར་ཡོན་ཏན་སྲིན་པོ་གཞུག །འོག་རིམ་ཆ་ཤས་སྤྱི་མཐུན་དུ། །ཉི་མ་མེ་དང་དྲག་པོ་དང་། །འདོད་ཆར་རང་རང་བྱེ་བྲག་ཏུ། །ས་སྐྱེས་བུག་མིག་


LT41_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་དང་། །ལྷ་ཡི་བླ་མ་གཟུགས་དུས་མེ། །དལ་འགྲོ་མེ་ཀླུ་མེ་མདའོ། །སྔོ་སངས་རི་བུག་རི་ཀླུ་དང་། །ལྷ་མིན་བློན་པོ་བུག་མཚོ་རི། །དེ་ནས་བྲོ་བ་དབྱིངས་མཚམས་དང་། །མཁའ་དུས་སྐར་མས་ཐུན་མོང་དུ། །བཅད་ལྷག་གཟའ་ལྔ་སོ་སོ་ཡི། །ཚེས་ཞག་དྷྲུ་བ་རྣམ་པར་དག །སྔ་དྷྲུར་རང་རང་སྒྱུར་བྱེད་སྦྱིན། །ཕྱི་མ་ཕྱི་མའི་དྷྲུ་བ་འཆར། །དེ་ནས་སོ་སོའི་དྷྲུ་བ་ལ། །མིག་དམར་མཁའ་མིག་བུག་གཟུགས་ཟླ། །མེ་ཡིད་ཆུ་བོ་མཁའ་མེ་ལག །ཕུར་བུ་མཁའ་མཁའ་ལག་མིག་ཐིག །རི་ཀླུ་ཟླ་བ་སོ་མིག་དུས། །སྤེན་པ་དབྱིངས་སྟོང་ནོར་ལྷ་མདའ། །ཀླུ་རྩེ་ཐུབ་པ་རི་བོང་ཅན། །དུས་དང་འབྱུང་བ་ཆུ་གཏེར་མེ། །ལྷག་པ་མཁའ་སྐྱོན་རི་བོ་མེ། །དུས་མེ་ནམ་མཁའ་ཐུབ་པ་དང་། །གདེངས་ཅན་བྲོ་བ་དབང་ཕྱུག་གོ། །པ་སངས་མཁའ་རི་འབྱུང་མཚོ་དང་། །མཚམས་ཡོན་རོ་དང་དུས་ཟླ་མཚོ། །རང་རང་ཚེས་བསྒྱུར་རེའུ་མིག་བྱིན། །དེ་ཡིས་དྲག་གསུམ་དལ་བར་དང་། །ཞི་བ་གཉིས་ཀྱི་རྐང་འཛིན་འགྲུབ། །ཞི་གཉིས་དལ་བ་བར་པ་དང་། །དྲག་རྐང་ལྔ་བསྡུས་ཉི་བར་ཡིན། །དལ་དག་བྱ་ཕྱིར་དལ་བར་རྣམས། །གཉིས་བཀོད་སྔར་བཞིན་སྐྱེས་ཁྱིམ་སྦྱང་། །མ་ལྡང་འཁོར་བསྣན་ཕྱེད་ལྷག་དོར། །དོར་ལྷག་སྐར་གནས་མཁའ་རོས་བསྒྱུར། །དབྱུག་གཞུག་འབྱུང་མེ་ཟླ་བས་བགོ། །ཐོབ་དེས་སོ་སོའི་དལ་རྐང་བཟུང་། །སྔ་ཕྱི་ཟོས་དང་མ་


LT41_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་བསྡོམ། །རྐང་པ་སྡུན་མས་ལྷག་རྣམས་བསྒྱུར། །མས་རིམ་སོ་སོའི་རང་འཁོར་སྒྲིལ། །སྟེང་མ་འབྱུང་མེ་ཟླ་བས་བགོ། །ཐོབ་པའི་ནོར་དེ་ཡང་རྒྱུའོ་ལྷག །སྲང་དབུགས་སོ་སོའི་ཆ་ཤས་དང་། །ཁྱིམ་རྩེ་དྲག་པོའི་ཆ་བར་དུ། །རིམ་བཞིན་བསྒྱུར་བཅུག་བགོས་ཐོབ་ཚོགས། །སྔ་རྐང་བསྡོམས་ལ་བྱི་རྐང་འཕྲི། །འཕྲི་ཚེ་སྲང་དབུགས་རང་ཆ་དང་། །ཁྱིམ་རྩེ་དྲག་པོའི་ཆ་བར་སྦྱང་། །རང་རང་དལ་བར་གཅིག་ཤོས་ལ། །འཁོར་ཕྱེད་དོར་སྦྱིན་མ་དོར་སྦྱང་། །དེ་ཡིས་སོ་སོའི་ལས་དག་འགྲུབ། །མྱུར་བ་དག་པ་བྱ་བའི་ཕྱིར། །དྲག་གསུམ་ལྔ་བསྡུས་ཉི་བར་དང་། །ཞི་གཉིས་རང་རང་རྐང་འཛིན་བཀོད། །སོ་སོའི་དལ་བ་དག་པས་སྦྱང་། །མ་ལྡང་འཁོར་ལོ་བསྣན་ལ་སྦྱང་། །འཁོར་ཕྱེད་ལྷག་ན་དེ་ཡང་དོར། །དོར་ན་རིམ་མིན་མ་དོར་རིམ། །ལྟག་མས་རང་རང་མྱུར་རྐང་བཟུང་། །འདས་མ་འདས་ཀྱི་དབྱུག་རྣམས་བསྡོམས། །རྐང་བཟུང་སྡུན་མས་ལྷག་མ་བསྒྱུར། །རང་རང་འཁོར་ལོ་ལོངས་ན་སྒྲིལ། །སྟེང་མ་མཁའ་རོས་ཐོབ་པའི་ནོར། །ཡང་རྒྱུའོ་སྲང་རེ་ཆ་ཤས་སོགས། །བསྒྱུར་བཅུག་རིམ་བཞིན་མཁའ་རོས་བགོ། །ལྷག་སྦེན་རྐང་སྡུན་ནམ་མཁའ་ལ། །ཕོག་ཚེ་ཡང་རྒྱུ་ལ་སོགས་མེད། །སྔར་བསྡོམ་ཕྱི་དབྲི་སྔར་བཞིན་བྱ། །རྐང་གནས་མཁའ་རོས་བགོས་ཐོབ་དེ། །སྐར་མའི་གནས་སུ་འགོད་པར་བྱ། །དེ་རྣམས་རང་རང་དལ་དག་ལ། །རིམ་བསྣན་


LT41_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་མིན་པ་དབྲི། །སྦྱོང་མ་ལྡང་ན་ལྡོག་སྟེ་དབྲི། །དེ་ཚེ་གཟའ་དེ་ཕྱི་ལྡོག་ཟེར། །འགྲོས་བཞི་སྔ་མའི་རིགས་པས་བསྒྲེ། །ཞེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། ཉི་ཚེས་སོ་སོའི་གཟའ་ལྔའི་སྐབས་ཏེ་གསུམ་པའོ།། །།ཡེ་ཤེས་བཞད་སྒྲ་རབ་སྒྲོགས་ཇོ་ནང་པ། །ཚད་མ་གསུམ་གྱི་དབང་ཕྱུག་བུ་སྟོན་རྗེ། །གངས་ཅན་མཁས་གྲུབ་ཟུང་གི་རྣམ་དཔྱོད་ལས། །སྨྲ་བའི་སྒོ་བརྒྱ་ཕྱེས་པའི་བཀའ་དྲིན་དྲན། །དེ་ནས་ཁྱིམ་ཕྱེད་གཡས་བསྐོར་དུ། །བསོད་ནམས་ལྡན་པའི་ལུས་ཀྱིས་རྒྱུ། །སྒྲ་གཅན་ལོ་ཟླའི་འཕོ་བ་སོགས། །ཉེར་མཁོའི་རྩིས་ཕྲན་སྣ་ཚོགས་སྤྲོ། །ཟླ་བའི་སྒྲ་གཅན་ཤེས་པའི་ཕྱིར། །ཟླ་བ་དག་པ་མཁའ་ཀླུ་གཟུགས། །བྱིན་པ་ཀུན་གྱི་བགོ་གཞིའོ། །དེ་ནས་ཟླ་ཕྱེད་སྒྲ་གཅན་སླད། །བགོ་གཞི་ལག་པས་བསྒྲེས་པ་གང་། །ཉ་ལ་རང་བཞིན་སྟོང་ལ་མིག །བསྣན་པ་མཁའ་དུས་ཆུ་བོས་ཕྱེས། །ལྷག་མ་སྐར་དབྱུག་སྲང་དབུགས་དང་། །མེ་མིག་ཆ་བར་བསྒྱུར་རིམ་བཞིན། །མཁའ་དུས་ཆུ་བོས་ཐོབ་པ་རྣམས། །རྩ་བ་ཞེས་སམ་འདས་པ་སྟེ། །ནམ་གྲུ་ནས་བརྩམས་གཡས་བསྐོར་རྟོགས། །ཕྱོགས་རེའི་བུལ་བ་ཉིད་ཡིན་ཅིང་། །དེ་ཡིས་རྒྱུ་སྐར་འཁོར་ལོ་ལ། །ཆ་ཤས་བར་སྦྱངས་གདོང་པ་སྟེ། །གདོང་


LT41_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁོར་ལོ་ཕྱེད་བསྣན་པ། །མཇུག་གམ་དུས་མེ་ཞེས་ཀྱང་གྲགས། །དེ་ནས་ཉིན་རེའི་སྒྲ་གཅན་ནི། །བགོ་གཞི་མཁའ་མེས་སྤེལ་བ་ལ། །གང་བརྩིའི་ཚེས་བྱིན་མཁའ་ཐིག་དང་། །སྲིན་པོ་བྲོ་བས་བགོས་པའི་ལྷག །སྐར་མ་ནས་བཟུང་ཆ་ཤས་བར། །རིམ་བསྒྱུར་རིམ་བགོས་ཐོབ་པའི་ནོར། །རྩ་བའོ་གདོང་མཇུག་གོང་དང་མཚུངས། །གཞན་ཡང་འདི་ཡི་མགྱོགས་སྟེར་ནི། །སྲང་ལ་བཅུ་བཞི་ཆ་ཤས་ཉི། །ཚེས་བསྒྱུར་སྔ་མའི་བུལ་བར་བྱིན། །གང་འདོད་ཁོར་ཡུག་ཏུ་འཕོ། །དཔེར་ན་བཅོ་ལྔས་བསྒྱུར་ནས་ནི། །བཅོ་ལྔའི་བུལ་བ་ལ་སྦྱིན་པས། །གནམ་གང་བུལ་བ་ལེགས་པར་རྟོགས། །གདོང་མཇུག་སྔ་མའི་རིགས་པས་འགྲེ། །གཞན་ཡང་ལོ་བདག་རྒྱལ་བློན་ནི། །ཡོངས་འཛིན་འདས་ལོ་རྩེ་མོས་བསྣུན། །སྟེང་འོག་ཟླ་བ་ཆུ་བོས་བརྒྱན། །ཐུབ་པས་གང་ཐོབ་སོ་སོར་དོར། །སྟེང་མ་རྒྱལ་དང་འོག་བློན་པོ། །བསོད་ནམས་གཟའ་ཤར་དགེ་བ་དང་། །སྡིག་ཅན་ཤར་ན་ངན་པ་ཡིན། །རྗེ་ཁ་དོན་གྱིས་བསྒྱུར་ཅེས་ཟེར། །རང་བྱུང་རྒྱལ་བའི་བཞེད་པ་ནི། །ཡོངས་འཛིན་འདས་ལོ་ཐུབ་པས་དོར། །ལྷག་མ་ལོ་གཟའི་ངེས་པ་མཛད། །ཉི་མ་ཉ་ནས་ལུག་ཁྱིམ་དུ། །ཞུགས་ཉིན་གྲུབ་པའི་རེས་གཟའ་གང་། །དེ་ནི་ལོ་ཡི་བདག་པོ་ཡིན། །ཉི་མ་ཉ་ནས་ལུག་ཁྱིམ་དུ། །འཕོ་ཉིན་དྲང་སྲོང་ཕུར་བུ་ཡིས། །རོལ་པ་དེ་ནི་ལོ་སྐར་རོ། །དེ་ནས་བྱེད་པ་ལོ་འཕོའི་རྩིས། །ཡོངས་འཛིན་


LT41_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལོ་གནས་གཉིས་བཀོད། །སྟེང་མ་མཁའ་མཁའ་མཚོ་ཡིས་བསྒྱུར། །འོག་མས་དབྲི་ཞིང་ལྷག་མ་དེ། །རི་ཟླ་མེས་དབྱེ་ཐོབ་པ་གཟའ། །ལྷག་མ་མཁའ་རོ་མཁའ་རོ་དུས། །རི་ཟླ་མེའི་བར་རིམ་བཞིན་བསྒྱུར། །རེ་རེའང་རི་ཟླ་མེ་ཡིས་བགོ། །ཐོབ་པ་ཆུ་ཚོད་ལ་སོགས་འཆར། །དེ་ལ་སྟེང་ནས་མཚམས་དང་ཀླུ། །དུས་མེ་རིག་བྱེད་མཁའ་མཁའ་གཟུགས། །ཀྱིས་བརྒྱན་རང་རང་འཁོར་ལོས་དྲིལ། །སྟེང་མ་ཐུབ་པས་དོར་བའི་ལྷག །ལོ་བདག་གཟའ་ཡིན་ལོངས་སྤྱོད་དེ། །ཟད་ཚེ་ཕྱི་མའི་ལོ་རུ་འཕོ། །དེ་ཡང་ཇི་ཙམ་དབང་བའི་ཡུན། །ལོ་གཟའི་ལོངས་སྤྱོད་ཅི་ཡོད་དེས། །ཆུ་ཚོད་དྲུག་ཅུ་ཐམ་པ་སྦྱངས། །ལྷག་དེ་ཆ་ཤས་བར་དུ་གསིལ། །མཁའ་མཁའ་མིག་སྐྱོན་རི་བོས་བགོ། །ཐོབ་པ་ཟླ་བའོ་ལྷག་མཁའ་མེས། །བསྒྱུར་ཐོབ་ཞག་ཡིན་ཆུ་ཚོད་སོགས། །བྱས་ཀྱང་རུང་ལ་དེ་ཡི་ཚོགས། །འདས་ནས་ཕྱི་རྒྱལ་འཆར་བར་འདོད། །ཟླ་འཕོའི་ཕྱིར་དུ་ལོ་འཕོ་དེ། །ཁྱིམ་མཚན་དང་བཅས་བཅུ་གཉིས་བཀོད། །གཟའ་ལ་གཟུགས་དང་ཆུ་ཚོད་དུ། །རི་མདའ་ལུག་གི་དོན་དུ་སྦྱིན། །གླང་ལ་རིག་བྱེད་ཡོན་ཏན་མདའ། །འཁྲིག་པར་གཟུགས་དང་རི་ཟླ་སྟེར། །ཀརྚར་ཆུ་དང་ཡོན་ཏན་མདའ། །སེང་གེར་རི་བོང་ཅན་ལག་མིག །བུ་མོར་རྒྱ་མཚོ་ཆུ་ཟུང་དང་། །སྲང་ལ་བྲོ་བ་ཟླ་དབང་པོ། །སྡིག་པར་རང་བཞིན་དྲང་སྲོང་མཚོ། །གཞུ་ལ་ཡོན་ཏན་མི་བདག་གོ། །ཆུ་


LT41_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ཆུ་བོ་རི་དང་མེ། །བུམ་པར་མཚམས་དང་རིག་བྱེད་ཉིད། །ཉ་ལ་སྟོང་པ་འཁྲིག་འདོད་རྣམས། །བྱིན་པས་ཉི་མ་ཁྱིམ་རྣམས་སུ། །བྱེད་པའི་ལུགས་ཀྱི་ལྔ་བསྡུས་ཀྱི། །གཟའ་ཚེས་ལོངས་སྤྱོད་དང་མཉམ་ཚེ། །འཕོ་བའི་ངེས་པ་བཟུང་བ་ཡིན། །དེ་ལ་ཁྱིམ་ཟླའི་གཟའ་ཞེས་བརྗོད། །ཟླ་བ་རེར་ཡང་དགེ་མི་དགེ། །ལོ་བདག་འབྲས་བཞིན་འབྱུང་བར་ཐོས། །ལོ་བདག་གཟའ་འབྲས་རྩིས་བསྡུས་ལས། །རང་བྱུང་རྒྱལ་བས་ཚིག་གསུངས་པ། །ཉི་མ་ལོར་ཞུགས་ཐན་པ་ཆེ། །རྩི་ཤིང་ངན་ཅིང་ལོ་ནད་མང་། །ཡུལ་འཁྲུགས་མི་ནད་ཕྱུགས་ནད་འབྱུང་། །ཟླ་བ་ཆར་ཆི་རྩི་ཤིང་རྒྱས། །མི་ཕྱུགས་བདེ་ཞིང་ཡོ་ལང་ཆེ། །ཡུལ་སྡེ་ལ་ལར་སད་ཕྲན་འབྱུང་། །བཀྲ་ཤིས་ཆར་ཆུང་རྩི་ཤིང་ངན། །ཆོམ་རྐུན་དམག་སོགས་སྡུག་བསྔལ་སྦྱོང་། །ནད་དང་སྦྲུལ་སོགས་འཚེ་བ་མང་། །རྒྱལ་པོས་བྱམས་པར་སྐྱོང་མི་འགྱུར། །གཟའ་ལྷག་ཆར་སྙོམས་འབྲུ་བཅུད་སྨིན། །རྒྱས་ཤིང་ངོ་མཚར་སྒྱུ་མ་མཁན། །འགྲོ་བ་བསླུ་ཞིང་རྒྱལ་ཁྲིམས་བདེ། །བསྟན་བཅོས་མངོན་ཤེས་བློ་ལྡན་འགྱུར། །ཕུར་བུ་ལོ་ལེགས་རྩི་ཤིང་རྒྱས། །མི་ཕྱུགས་བདེ་ཞིང་ཡ་རབས་དང་། །རྒྱལ་པོ་ཞིར་གནས་འཁྲུགས་པ་མེད། །ཆར་ཆེ་མཆོད་སྦྱིན་རྒྱས་པར་འགྱུར། །པ་སངས་ཆར་ཆེ་ལོ་འབྲུ་ལེགས། །རྩི་ཐོག་རྒྱས་པའི་དགའ་སྟོན་འཕེལ། །ཕ་རོལ་སྡེ་འཇོམས་བདེ་བར་འགྱུར། །སྤེན་པ་ཆར་ཆུང་ནོར་དང་འབྲུ། །


LT41_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་མིན་ནད་དང་མུ་གེ་འབྱུང་། །སྐྱེ་བོ་མཐུན་མིན་ཆོམ་རྐུན་དང་། །གནོད་པས་སྡུག་བསྔལ་འབྱུང་བར་བསྟན། །ལོ་སྐར་འབྲས་བུ་བྷ་ལ་ཧས། །ཐ་སྐར་བྲ་ཉེ་འབྲུ་རྒྱས་བདེ། །སྨིན་སྣར་འབྲུ་འཕེལ་རྩོད་ཅིང་འཇིགས། །མགོ་ལག་ཆར་མེད་རྒྱལ་པོ་རྩོད། །ནབས་སོ་རྒྱལ་ལ་ཕན་ཚུན་འདུམ། །འབྲུ་འཕེལ་སྔགས་བོན་ལ་ཡང་དགེ། །ཝ་དང་རྟ་ཆེན་རྟ་ཆུང་ལ། །མཛའ་ཞིང་དགའ་བདེ་ཆར་འབྲུ་འཕེལ། །མེ་བཞི་དབོར་འབྲུ་ལ་ལར་འཕེལ། །ཆར་ཆེའང་ཟེར། ནག་པས་རི་ཀུན་རྗེའི་འཇིགས། །ས་ག་ལག་སོར་ལོ་ལེགས་དགེ། །སྣྲོན་སྣུབས་རིགས་བཟང་འགྲོ་འབྲུ་ལེགས། །ཆུ་སྟོད་ཆུ་སྨད་ཆར་མི་སྙོམས། །གྲོ་བཞིན་མོན་གྲེ་ལོ་ལེགས་ནས། །མོན་གྲུ་ཁྲུམས་སྟོད་སྐྱ་རྒྱལ་ཞིང་། །ཁྲུམས་སྨད་ནམ་གྲུ་ཡུལ་ལ་ལར། །ལོ་ལེགས་རྒྱལ་ཁྲིམས་སྲུང་ཞིང་དགེ། །བལ་པོ་ཀ་རའི་མྱོང་རྩིས་ནི། །མཚོ་རི་ཐུབ་པ་རང་བཞིན་ལོར། །ཡོངས་འཛིན་ལ་སོགས་འདས་ལོ་བསྲེ། །དེ་ལ་ཤཱཀའི་ལོ་ཞེས་གྲགས། །དེ་ཉིད་མེས་བསྒྱུར་ཐུབ་པས་བགོ། །ལྷག་མ་ཟུར་བཞག་ཐོབ་ནོར་དེ། །མེས་བསྒྱུར་ཐུབ་པས་བགོ་བ་སོགས། །ལན་དགུར་བགྱིས་པའི་ལྷག་མ་དགུ། །སོ་སོར་མིག་གིས་བསྒྱུར་ནས་ནི། །མདའ་གཞུག་རིམ་བཞིན་ཆར་འབྲུ་བསིལ། །ཆ་དང་དྲོད་རླུང་འཕེལ་ཟད་འཁྲུགས། །ཆར་འབྲས་རང་གྲངས་བཅུ་བདུན་ནས། །རེ་རེས་རིམ་དམན་ཕྱི་མའི་


LT41_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས། །འཁྲུགས་འགྲས་རང་གྲངས་བུ་གར་འདོད། །ཀུན་ཀྱང་ཉུང་འབྲས་དབང་པོ་སྟེ། །བར་རྣམས་དེ་ཡི་རིགས་པས་སྦྱར། །རང་རང་གྲངས་ཀྱི་ཕྱེད་བྱུང་འབྲིང་། །མང་ན་སྟོབས་ཆེ་ཉུང་ན་ཆུང་། །གཞན་ཡང་ཤཱ་ཀའི་ལོ་ཚོགས་དེ། །དྲག་པོས་སྦྱངས་ལྷག་ཆུ་བོས་དོར། །ལྷག་མ་བརྟགས་གཞི་ཐོབ་ནོར་དེ། །སླར་ཡང་ཆུ་བོས་ཕྱེ་བ་སོགས། །ལན་བཞིར་བསྐྱར་བའི་ལྷག་མ་བཞི། །ཟླ་བཞིའི་བར་གྱི་ཆར་འབྲས་ཡིན། །གཟུགས་ཤར་དེ་མིང་ཀུན་འཇུག་གྲགས། །ཀུན་འཇུག་ལ་ནི་ཆར་མི་འབབ། །གཉིས་བྱུང་སྙིང་འཇུག་ཡུལ་ཕྱོགས་འགར། །འབབ་ཅིང་ལ་ལར་ཆར་མི་འབབ། །གསུམ་ཤར་རྫིང་བུར་འཇུག་ཅེས་པ། །ཡུལ་ཕྱོགས་ཀུན་ལ་ཆར་པ་འབབ། །ཐིག་ལེ་ཞོད་ཅེས་ཆར་ཆེན་དང་། །ཐན་པ་ནམ་ཟླའི་སྟོད་སྨད་སྤེལ། །དེ་ཡང་དུས་བརྒྱད་ལ་སོགས་པ། །བཅུ་གཉིས་སོ་སོའི་དུས་ཀྱི་གཟེར། །བྱེད་པའི་ཉི་མ་དག་པར་བརྟགས། །འཁོར་ལོ་རྫོགས་དུས་ཉ་ཁྱིམ་རྫོགས། །ལུག་གི་ཁྱིམ་དུ་ཉི་མ་སླེབས། །གཟུགས་དང་མཁའ་འབྱུང་ཤར་བ་ན། །བྱ་རྒྱལ་ཁུ་བྱུག་བོད་དུ་སླེབས། །ཨུག་ཆོས་མེ་ཏོག་རྒྱས་པའི་དུས། །རོང་གི་སོ་བ་སྔ་མ་བརྡ། །བོད་ཀྱི་ཕྱི་ཞིང་འདེབས་པའི་དུས། །མིག་དང་ཚེས་ཤར་ལུག་ཁྱིམ་རྫོགས། །ཉི་མ་གླང་གི་ཁྱིམ་དུ་སླེབས། །ཟུང་ལྡན་མཁའ་མེར་གླང་ཁྱིམ་རྫོགས། །འཁྲིག་པའི་ཁྱིམ་


LT41_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཉི་མ་སླེབས། །འབྱུང་བ་ཉི་མ་ཤར་བ་ན། །བྱང་བགྲོད་མཐར་ཐུག་དབྱར་ཉི་ལྡོག །དྲུག་དང་ཞེ་ལྔར་འཁྲིག་ཁྱིམ་རྫོགས། །ཀརྐཊ་རུ་ཉི་མ་སླེབས། །གདེངས་ཅན་འབྱུང་མེར་བྱ་སྐད་ཆག །ཁུ་བྱུག་ལྷོར་འགྲོ་བསིལ་འབབ་ཅིང་། །བྱང་གི་ཆུ་ལ་ཆབ་རོམ་དང་། །ལྷོ་མོན་རི་ལ་ཁ་བ་ཆགས། །རྩི་ཐོག་ནུས་པ་རྩ་བར་སྡུད། །ལོ་མའི་མཐའ་སེར་བོད་ཀྱི་ཡུལ། །རྩས་གཡུལ་འགོ་མ་བྱེད་པའི་དུས། །གཏེར་དང་ནམ་མཁར་ཀར་ཁྱིམ་རྫོགས། །ཉི་མ་སེང་གེའི་ཁྱིམ་དུ་འབྱོར། །དབང་ཕྱུག་ཚེས་ལ་སེང་གེ་རྫོགས། །བུ་མོའི་ཁྱིམ་དུ་ཉི་མ་སླེབས། །དྲག་པོ་ཐུབ་མདར་སྟོན་དུས་ཀྱི། །སྣང་མུན་མཉམ་ལ་བ་མོ་འོང་། །སྤང་རྒྱན་འཆར་ཞིང་འབྲུག་སྐད་ཆག །སྤང་སོ་ཁ་སེར་ཤིང་ལོ་འབྲུལ། །མྱོས་བྱེད་ཐིག་ཡོན་བུ་མོ་རྫོགས། །སྲང་གི་ཁྱིམ་དུ་ཉི་མ་སླེབས། །ཚེས་དང་གཏེར་ཟླ་ཁྲུད་ཁུང་དང་། །ངང་པ་ལྷོར་འགྲོ་ཕྱི་བ་ཉལ། །རྒྱ་བོད་གྲོ་དང་ནས་རྒན་འདེབས། །དར་ཡ་ཀན་དང་ཙམ་པ་ཀའི། །མེ་ཏོག་འཆར་ཞིང་སྒྲོན་ཤིང་དང་། །ཐང་ཤིང་གཞོན་དུ་འགྲོ་བ་དང་། །མོན་དང་ཚ་བའི་རོང་སོགས་ཀྱི། །རྐུན་འབྲུམ་ཕྱི་མ་སྨིན་པའི་དུས། །བཅོ་ལྔ་ཞེ་ལྔར་སྲང་ཁྱིམ་རྫོགས། །སྡིག་པའི་ཁྱིམ་དུ་ཉི་མ་སླེབས། །ཀླུ་གཟུགས་སྟོང་པར་སྡིག་པ་རྫོགས། །གཞུ་ཡི་ཁྱིམ་དུ་ཉི་མ་སླེབས། །སྐྱོན་དང་མིག་མཚར་ཤར་བ་ན། །ལྷོ་བགྲོད་མཐར་ཐུག་དགུན་ཉི་


LT41_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག །མཁའ་ཟུང་ཚེས་ཤར་གཞུ་ཁྱིམ་རྫོགས། །ཉི་མ་ཆུ་སྲིན་ཁྱིམ་དུ་འཕོ། །ཉི་ཤུ་ཐུབ་མདའ་ཉ་མཁར་འཇིག །རྒྱ་གར་ཐང་ལ་ཨུ་དུམ་དང་། །བོད་ལ་མེ་ཏོག་སིལ་མ་འཁྲུངས། །མཚོ་ཡང་དར་ཆེན་འབྲེལ་བའི་དུས། །མིག་ཟུང་འབྱུང་བ་རྒྱ་ནག་ཏུ། །ས་གླང་བརྡུང་ཞིང་ས་དྲོད་འདོན། །ངང་པས་འདམ་འདོན་ཁམ་ཤིང་གི། །མེ་ཏོག་སྔ་མ་འཆར་བའི་དུས། །ལག་མིག་མཁའ་རྩེར་ཆུ་སྲིན་རྫོགས། །བུམ་པའི་ཁྱིམ་དུ་ཉི་མ་འབྱོར། །རྒྱལ་བ་མདའ་ཆུར་བུམ་ཁྱིམ་རྫོགས། །ཉ་ཡི་ཁྱིམ་དུ་ཉི་མ་འཕོ། །དེ་ཉིད་རི་ཟུང་ཤར་བའི་ཚེ། །དཔྱིད་ཀྱི་ཉིན་མཚན་སུམ་ཅུར་མཉམ། །དབྱར་སྐྱེས་འབྲུག་གི་སྒྲ་དབྱངས་སྒྲོགས། །སྡོམ་དང་འཕྱི་བ་མལ་ནས་ལྡང་། །འདབ་ཆགས་པུ་ཤུད་སྐད་འབྱིན་ཅིང་། །བྱ་ལོང་བྱད་དུ་འགྲོ་བའི་དུས། །དེ་ལྟར་དུས་བརྒྱད་ལ་སོགས་པ། །སོ་སོའི་བཞེད་པ་གྲངས་མེད་ཀྱང་། །འདི་ནི་མཚུར་ཕུ་འཇམ་དབྱངས་པའི། །བཞེད་པ་ཇི་བཞིན་བསྡུས་ཏེ་བཀོད། །རང་ལུགས་འཁྲུལ་པ་མེད་པར་ཟུངས། །སྔར་བཤད་ཚད་རྣམས་དངོས་ཤར་ན། །གྲུབ་པའི་ཚེས་ལོངས་ཟད་ཚེ་འཕོ། །ཚད་ལས་མང་ན་གང་མང་བ། །བཅུ་བཞིས་བསྒྱུར་ལ་ཆུ་སྲང་ཚོགས། །བཞི་ཡིས་ཐོབ་པ་དེ་ལ་བསྣན། །དེ་ཡིས་ཚེས་ལོངས་འཕྲི་བར་བྱ། །ལྷག་དེ་ཟད་དུས་འཕོ་བར་ངེས། །གལ་ཏེ་འཕྲི་རྒྱུ་མ་འདོང་ན། །སྔ་མའི་ཞག་ལ་འཕོས་པ་ཡིན། །དེ་ཕྱིར་འཁོར་ལོ་ཕབ་སྦྱངས་ལྷག །


LT41_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཉིན་ནམ་ལངས་ནས་བཟུང་སྟེ། །ཆུ་ཚོད་དེ་ཟད་དུས་སུ་འཕོ། །འཕྲི་བྱ་འབྲི་བྱེད་མཉམ་པ་ན། །དེ་ཡི་ནམ་ལངས་དུས་སུ་འཕོ། །དྲང་སྲོང་རི་བྱི་ཞེས་པ་ནི། །བྱེད་པའི་ཉི་སྐར་དྲག་པོ་དང་། །ཆུ་ཚོད་རྒྱ་མཚོ་ལངས་པ་ནས། །ཐོ་རངས་ལྷོ་སྟོད་ནས་འཆར་ཏེ། །དེ་ཚེ་སྨོན་ལམ་ཆེན་པོའི་མཐུས། །ཞག་མ་བདུན་ཕྲག་གཅིག་གི་བར། །ཆུ་རྣམས་ཡན་ལག་བརྒྱད་ལྡན་འགྱུར། །དེ་ཕྱིར་ནད་ཀྱིས་རེག་པ་ཡི། །སེམས་ཅན་གང་དག་ལུས་བཀྲུ་ཞིང་། །བཏུང་ན་སྨན་གྱི་མཆོག་ཏུ་བཤད། །ཁྲོན་པའི་ཆུ་ནི་དེ་མིན་ཏེ། །རྣམ་པ་ཀུན་ཏུ་དུག་བཅས་སོ། །ཉི་ལྡོག་རི་ཥི་སྤྱི་ནོར་སོགས། །རགས་པར་སྔ་ལོའི་ཚེས་གྲངས་ལ། །དྲག་པོ་བྱིན་པས་ཕྱི་ལོ་ཡི། །དེ་ཚེས་འཆར་བ་ཡིན་ན་ཡང་། །ཞིབ་ན་འདོད་ཆ་རེ་ཡང་འཕར། །གཟའ་ཡི་དར་གུད་ཚེས་གཅིག་གི། །རེས་ཀྱི་གཟའ་དར་བུ་ཡང་དར། །མ་ཞུད་དགྲ་གུད་གྲོགས་ནི་གྱོད། །ཆད་ལྷག་མེད་ན་ཟླ་བ་དེ། །བཀྲ་ཤིས་ཟླ་བ་ཞེས་སུ་བརྗོད། །ཅེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་པ་དེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། རྩིས་ཕྲན་འགའ་ཞིག་གི་སྐབས་ཏེ་བཞི་པའོ།། །།འཇམ་དཔལ་སྙིང་དུ་ཞུགས་པའི་ལང་ཚོ་ལ། །དབྱངས་ཅན་གླུ་ཡི་མགྲིན་ལྡན་ཟུར་མིག་རྩེ། །ཡེ་ཤེས་ཆགས་ཐོགས་བྲལ་བའི་མཚུར་ཕུ་པ། །དོན་གྲུབ་


LT41_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གངས་ཅན་མཁས་པའི་རྒྱན། །དང་པོ་བརྟན་གཡོའི་སྣོད་བཅུད་གྲུབ། །གཉིས་པ་གོ་ཆའི་ཁྱིམ་རྣམས་ཆགས། །གསུམ་པ་བགྲོད་བྱ་རྒྱུ་སྐར་སྐྱེས། །བཞི་པ་བགྲོད་བྱེད་གཟའ་རྣམས་བྱུང་། །ཉི་མས་རྒྱུ་སྐར་ཁྱིམ་རྣམས་ལ། །སྤྱོད་པས་ས་ལ་དུས་བཞི་འཁོར། །ཉི་ཟླའི་ཡུལ་དུས་ལོངས་སྤྱོད་ཀྱི། །ཁྱད་ལས་ཞག་གསུམ་རྣམ་དབྱེ་བྱུང་། །ཚེས་ཞག་ཟླ་བའི་འགྲོས་ལས་ཏེ། །ཉིན་ཞག་ཉི་མའི་འགྲོས་ལས་བརྟགས། །ཁྱིམ་ཞག་ཅེས་པ་གོ་ལའི་འགྲོས། །དེ་གསུམ་ཕྱི་རིམ་བཞིན་དུ་རིང་། །ཚེས་ཟླ་གཅིག་ལ་ཟླ་བ་ཡི། །འཕེལ་འགྲིབ་བཅོ་ལྔ་ཕྲག་གཉིས་ཡོད། །བཅོ་ལྔ་རེ་རེའི་ཆ་ཤས་ནི། །རྫོགས་པའི་ཚད་དེ་ཚེས་ཞག་ཡིན། །ད་ནངས་ལག་རིས་མཐོང་བ་ནས། །སང་ཉིན་ལག་རིས་མཐོང་བ་ཚུན། །ནམ་མཁའི་ཉི་མས་གླིང་བཞི་ལ། །སྣང་བའི་བྱ་བ་ཚར་གཅིག་ཏུ། །བྱེད་པའི་ཡན་ལ་ཉིན་ཞག་ཟེར། །ཁྱིམ་ལོ་གཅིག་ལ་དུས་བཞི་ནི། །གཡས་བསྐོར་གཅིག་ཚང་ཁྱིམ་བཅུ་གཉིས། །ཉི་མས་ལན་གཅིག་འཁོར་བ་ལས། །ཉིན་བྱེད་ཁྱིམ་གཅིག་ལ་འཕོ་བའི། །སུམ་ཅུའི་ཆ་ནི་ཁྱིམ་ཞག་གོ། །དཔེར་ན་བསྐོར་བྱའི་རི་བོ་གཅིག །སྐོར་བྱེད་དལ་བྲེལ་མགྱོགས་གསུམ་གྱི། །བགྲོད་པ་མགྱོགས་བུལ་མ་སྙོམས་པས། །འཁོར་བའི་གྲངས་ལ་ཁྱད་ཞུགས་ལྟར། །བགོད་བྱའི་ཡུལ་ལོངས་ཁྱད་མེད་སྦྱར། །བགྲོད་བྱེད་མགྱོགས་བུལ་དབང་ཉིད་ལས། །བགྲོད་པ་མ་སྙོམས་


LT41_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཐུང་གྱུར། །ཚེས་ཟླ་གཉིས་ལ་ཉིན་ཞག་ནི། །ང་དགུ་ཙམ་ལས་མ་བགྲོད་ཕྱིར། །ཉི་ཚེས་བར་ལས་ཉིན་ཞག་ཆད། །ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ལ། །ཚེས་ཟླ་སོ་གསུམ་ཕྱེད་བཅས་བགྲོད། །ཁྱིམ་ཚེས་བར་ནས་ཚེས་ཟླ་ལྷག །དེས་ན་ཆད་ལྷག་ཇི་སྙེད་པ། །ཟླ་བའི་འགྲོས་དབང་བྱས་པ་སྟེ། །ཡུལ་དུས་སྣེ་སྙོམས་ཆེད་དུའོ། །དེ་དག་སྤྱི་ཡི་གོ་བབ་སྟེ། །རི་མོའི་ལམ་ནས་གཏན་འབེབས་ན། །ལོ་གཅིག་མཁའ་དུས་མེ་ཡིས་བསྒྱུར། །སུམ་བརྒྱ་དྲུག་ཅུ་རྐང་བྲལ་འདི། །སོ་སོའི་ཞག་གི་དབྱེ་གཞི་དང་། །ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཁྱིམ་དཀྱིལ་དེ་ཉིད་གནས་གཉིས་བཀོད། །འོག་མ་མིག་བསྒྱུར་མདའ་རོས་ཐོབ། །སྟེང་གཞུག་ཞག་དང་ལྷག་མ་དེ། །དབྱུག་སྲང་བྲོ་བ་འདོད་པ་ཡིས། །བསྒྱུར་རིམ་བཞིན་དུ་དབང་མཚམས་ཀྱིས། །ཐོབ་པ་རིམ་བརྩེགས་ལྷག་མེད་དག །ཚེས་ཞག་སུམ་བརྒྱ་དོན་གཅིག་ལ། །དབྱུ་གུ་རིག་བྱེད་སྲང་དུས་མེ། །དབུགས་འབྱུང་འདོད་རིའི་རྗེས་འབྲངས་ཅན། །ཉི་མའི་ཚེས་ཞག་དཀྱིལ་འཁོར་འགྲུབ། །དེ་ཡི་ཞག་གནས་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་སླར་རིམ་བཞིན། །ཐིག་རོ་དུས་དང་ལུས་མེད་ཀྱིས། །སྤེལ་རིམ་རང་རང་ཆ་བཅུག་པས། །མཁའ་མཁའ་མཚོ་སྦྲུལ་བུག་ཟླ་མཚོ། །ཕྱོགས་བཅས་འཆར་བ་དེ་ཉིད་ཀྱང་། །རིས་མཁའ་རིས་བསྒྱུར་གནས་གསུམ་བཞག །འོག་མ་སླར་ཡང་རི་མཁའ་རིས། །


LT41_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་བར་བྱིན་ཆུ་རོས་ཐོབ། །སྟེང་འཕྲི་འཕྲི་ལྷག་རི་མཁའ་རིས། །བགོས་པའི་ནོར་དེ་འདོད་པས་དྲིལ། །ཐོབ་ནོར་རོས་ཕྱེ་དེས་རྙེད་པ། །ཆུ་སྲང་གིས་ཐོབ་དབྱུ་གུས་གཅད། །རྙེད་ནོར་ཉིན་ཞག་མདའ་དུས་རྩེ། །ལྷག་མ་ཆུ་ཚོད་མི་བདག་དང་། །སྲང་ཡིད་དབུགས་ཟླ་འདོད་ཆར་ཁྱིམ། །རི་མཁའ་རིའི་ཆར་བརྒྱ་ཉེར་གཅིག །ཉིན་ཞག་དཀྱིལ་འཁོར་རྣམ་པར་དག །ཞག་རེའི་ལོངས་སྤྱོད་རྟོགས་པའི་ཕྱིར། །གཟའ་དབུས་བགྲོད་བྱ་རྒྱུ་སྐར་ཏེ། །ཉེར་བདུན་ཉིད་དོ་སྐར་ཁོང་རེར། །ཆུ་ཚོད་དྲུག་ཅུ་ཐམ་པ་འབྱུང་། །དེས་ན་ཉིན་ཞག་གཅིག་སྐར་བསྒྱུར། །དེ་ཡང་དབྱུ་གུ་དྲུག་ཅུས་ཏེ། །ཡུལ་གྱི་ཆུ་ཚོད་མཁའ་མིག་རྒྱལ། །གཟའ་ཚེས་ཀུན་གྱི་བགོ་གཞིའོ། །དེ་ལ་ཉི་མའི་ཁྱིམ་ཞག་ནི། །སུམ་བརྒྱ་དྲུག་ཅུས་བགོས་ཐོབ་དབྱུག །ལྷག་མ་མཁའ་རོས་བསྒྱུར་ཐེབ་སྲང་། །ཆུ་ཚོད་རྒྱ་མཚོ་སྲང་མཁའ་ཡོན། །ཉི་མའི་ཁྱིམ་ཞག་རྟག་ལོངས་ཡིན། །ཚེས་ཞག་དཀྱིལ་འཁོར་རྗེས་འབྲངས་བཅས། །གནས་ལྔ་སོ་སོར་འདོད་པས་བསྒྱུར། །འདོད་དུས་མཁའ་མཚམས་ཐིག་རོ་ཡིས། །དྲིལ་བས་ཆུ་མིག་ཀླུ་མཚོ་འབྱུང་། །དེ་ཡིས་བགོ་བྱ་རྒྱུ་སྐར་གྱི། །ཡུལ་ལོངས་ཐིག་ལག་རྒྱལ་པོ་ཡང་། །ཤེད་མཚུངས་བྱ་ཕྱིར་འདོད་པས་བསྒྱུར།།། །རི་རོའི་བར་དུ་།།།རིམ་བཞིན། །ཆུ་མིག་ཀླ་མཚོས་བགོས་ཐོབ་རྣམས། །རིམ་བརྩེགས་དབྱུག་མཚོ་སྲང་


LT41_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་མིག །དབུགས་དབང་འདོད་ཀླུ་རི་རོའི་ཆེར། །མེ་མིག་ལྷག་མེད་རྣམ་པར་དག །ཉི་མའི་ཚེས་ཞག་རྟག་ལོངས་སོ། །དབུགས་སུ་གཅིག་གིས་བརྒྱན་པ་ཡི། །ཉིན་ཞག་དཀྱིལ་འཁོར་གནས་བཞི་ལ། །མཁའ་མཁའ་ནོར་དང་ཕྱོགས་ཀྱིས་བསྒྱུར། །དུས་དང་དབྱིངས་མཚམས་མཁའ་རོས་ཕྱེ། །མེ་ལག་བུག་ཆུ་མཚོ་བུག་རྩེ། །གྲངས་ཀྱི་གནས་བདུན་དགོད་བྱེད་ཡིན། །རྒྱུ་སྐར་ཡུལ་གྱི་ཆུ་ཚོད་ཀྱང་། །ཤེད་མཚུངས་ཕྱིར་དུ་མཁའ་ཐིག་ནོར། །ཕྱོགས་ཀྱིས་བསྒྱུར་ལ་གྲངས་གནས་བརྒྱད། །དབྱིངས་ཐིག་སྟོང་པ་དུས་བུག་མཚོ། །དྲང་སྲོང་ཟླ་བ་བགོ་གཞིའོ། །རྣམ་པར་ཕྱེས་པས་ཐོབ་དབྱུག་ལྷག །སྲང་དབུགས་འདོད་པས་བསྒྲེས་རིམ་བཞིན། །མེ་ལག་སོགས་ཀྱིས་ཐོབ་དབྱུག་མཚོ། །སྲང་དུ་དུས་མིག་འདོད་ཆར་ཀླུ། །ཉིན་ཞག་རྟག་ལོངས་རགས་པའོ། །ཞིབ་ན་ཉིན་ཞག་དཀྱིལ་འཁོར་ནི། །རྐང་བཅས་མིག་ཀླུ་མེ་སྐྱོན་གྱིས། །སོ་སོར་སྤེལ་ནས་རི་མཁའ་རི། །འདོད་དོ་དབྱིངས་མཚམས་ཐིག་རོས་དྲིལ། །མདའ་མཁའ་མཚོ་ཡིད་རི་མཚམས་འོང་། །བགོད་གཞི་ཐིག་ལག་མི་བདག་ཀྱང་། །སླར་ཡང་མིག་ཀླུ་མེ་སྐྱོན་གྱིས། །ཤེད་སྙོམས་བྱས་ནས་བགོས་ཐོབ་དབྱུག །ལྷག་མ་སྲང་དུས་འདོད་པ་དང་། །བུག་མཁའ་མིག་བུག་ཡིད་བཅས་ཀྱིས། །རིམ་བསྒྱུར་རིམ་བཞིན་བགོས་ཐོབ་པ། །འདོད་པའི་ཆ་ཡིན་སྔར་བཞིན་ལ། །བུག་མཁའ་མིག་བུག་ཡིད་ཀྱི་ཆ། །


LT41_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མདའ་མེ་རི་ཟླ་བ་འབྱུང་། །ཉིན་ཞག་རྟག་ལོངས་རྣམ་པར་དག །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི། །ཐོག་མར་ལོངས་སྤྱོད་བཙལ་བ་ལ། །ཉི་མའི་ཚེས་ཞག་རྗེས་འབྲངས་བཅས། །མཁའ་མེས་བསྒྲེས་ནས་རི་རོ་དང་། །འདོད་པ་དུས་དང་མཁའ་རོས་བགོ། །ཚེས་ཟླ་གཅིག་གི་རྟགས་ལོངས་ཡིན། །དེ་ལ་ཡུལ་གྱི་དབྱུ་གུ་བསྲེས། །མཁའ་འབྱུང་རི་ཟླ་རྐང་པར་བཅས། །སུམ་ཅུས་བགོས་ཐོབ་ཆུ་ཚོད་དང་། །དེ་ལྷག་སྲང་དབུགས་འདོད་པའི་ཆ། །རི་རོས་བསྒྱུར་ཐོབ་རིམ་བརྩེགས་དག །ཆུ་ཚོད་ཀླུ་དབང་སྲང་ཟླ་མིག །དབུགས་མདའ་འདོད་པའི་ཆ་ལ་བརྒྱད། །རི་རོའི་གནས་སུ་མེ་མིག་སྟེ། །ཟླ་བའི་ཚེས་ཞག་རྟགས་ལོངས་སོ། །ཡང་ན་རྒྱུ་སྐར་ཆུ་ཚོད་ལ། །མཁའ་མེས་བཅད་པའི་རྙེད་པ་དེ། །ཉི་མའི་ཚེས་ལོངས་དབྱུ་གུར་བསྣན། །རི་མོ་སྔ་བཤད་གཅིག་པར་འབབ། །ཟླ་བའི་ཚེས་ལོངས་ཡང་ཆ་དོར། །ཆུ་ཚོད་མཁའ་རོས་བསྣུན་པ་ལ། །སྲང་བསྲེ་དུས་བསྒྱུར་དབུགས་བཅུག་སྟེ། །འདོད་བསྒྱུར་འདོད་པའི་ཆ་ཡང་གཞུག །ཟླ་ཚེས་མེ་རི་འཁྲིག་པ་འཆར། །དེ་བཞིན་ཞག་དབྱུག་དྲུག་ཅུ་ཡང་། །སྲང་དབུགས་འདོད་པའི་ཆ་བར་གསིལ། །མཁའ་མཁའ་ཀླུ་མཁའ་སྦྲུལ་མིག་གོ། །དེ་ལ་སྔ་མས་སྦྱངས་པའི་ལྷག །བུག་ཆུ་དུས་རི་ལུས་པ་ནི། །མིག་བདུན་མཁའ་རི་ཟླ་བས་བསྒྱུར། །ཟླ་ཚེས་ཡོན་ཏན་འཁོར་ལོས་ཐོབ། །ཀླུ་རི་ཆུ་བོ་སྒྱུར་བྱེད་དང་། །མིག་བདུན་མཁའ་


LT41_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ནི། །དགོད་བྱེད་ཉིད་དུ་ཤེས་བྱས་ནས། །ཐིག་ལག་མི་བདག་དབྱུག་སྲང་དུས། །འདོད་པས་བསྒྲེས་པ་མཁའ་ཐིག་རྒྱལ། །སྤྲུལ་མདའ་རི་བོ་གནས་གཉིས་བཞག །འོག་མ་ཀླུ་རི་ཆུ་བོས་སྤེལ། །མིག་བདུན་མཁའ་རི་ཟླ་བས་ཐོབ། །སྟེང་གཞུག་འདོད་དབུགས་སྲང་དབྱུག་དྲིལ། །ཚེས་ཞག་ཉི་ཤུ་རྩ་བདུན་དང་། །ཆུ་ཚོད་ཞེ་ལྔ་སྲང་ཉེར་གཅིག །དབུགས་ཐོབ་འདོད་ཆར་ཐིག་ལེ་དང་། །མིག་བདུན་མཁའ་རི་ཟླ་བའི་ཆ། །བྲོ་བ་མདའ་ཀླུ་དྲག་པོ་སྟེ། །ཟླ་བའི་དཀྱིལ་འཁོར་རྣམ་པར་དག །དེ་ཉིད་མཁའ་མཁའ་མཚོ་འདོད་ལག །གིས་བསྒྱུར་མིག་བདུན་མཁའ་རི་ཟླ། །འདོད་རོ་མཁའ་རོ་མཁའ་རོས་དྲིལ། །འབྱུང་ཉི་མེ་མིག་བུག་དབང་འཆར། །མཁའ་མཁའ་མཚོ་འདོད་ལག་པ་ཡིས། །བགོ་བྱ་སླར་ཡང་ཤེད་མཉམ་བྱས། །དབྱིངས་ཐིག་སྟོང་པ་ཀླུ་མཁའ་རི། །འབྱུང་བ་རིག་བྱེད་ཡོན་ཏན་ཏེ། །དེ་ལ་སྔ་མས་བགོས་ཐོབ་དབྱུག །ལྷག་མ་སྲང་དབུགས་འདོད་པ་ཡིས། །བསྒྱུར་ཐོབ་རིམ་བརྩེགས་ལྷག་མེད་དག །སྦྲུལ་འབྱུང་ཆུ་ཚོད་ཟླ་ལག་སྲང་། །མདའ་དབུགས་སྲིན་པོ་འདོད་ཆ་སྟེ། །ཟླ་བའི་ཚེས་ཞག་རྟག་ལོངས་སོ། །ཟླ་བའི་ཞར་བྱུང་ཚེས་ལོངས་ནི། །ཞག་གཅིག་དབྱུག་སྲང་བྲོ་བས་གསིལ། །ནད་མེད་སྐྱེ་བོའི་འབྱུང་འཇུག་དབུགས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབྱུང་། །དེ་ཉིད་ཆུ་རོས་བསྒྲེས་དེ་ཡང་། །རི་མཁའ་རིས་བསྒྱུར་མཁའ་ཐིག་ནོང་།


LT41_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་འབྱུང་མེ་རི་ཐུབ་བུག་སྟེ། །གནས་གསུམ་འོག་མ་རི་མཁའ་རིས། །ཐོབ་པ་བར་བྱིན་ཆུ་རོས་ཕྱེ། །སྟེང་འཕྲི་ལྷག་མ་རི་མཁའ་རི། །ཆུ་རོ་དབུགས་སྲང་དབྱུག་བར་དྲིལ། །དབྱུ་གུར་བུག་འབྱུང་ཆུ་སྲང་མེ། །དབུགས་མཚོ་ཆུ་རོས་ཆ་ཤས་ལ། །གཟུགས་དང་རི་མཁའ་རི་ཡི་ཆར། །རི་ཟླ་མེ་རྣམས་ལེགས་འཆར་རོ། །ཡང་ན་མཚུར་གྲུབ་ཚེས་ལོངས་ཕྱིར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །འདོད་དང་རི་མཁའ་རི་བོས་སྤེལ། །གནས་གསུམ་ལ་སོགས་གོང་ལྟར་ལ། །ཆུ་རོས་ནོར་གྱིས་འཕྲི་ལྷག་དེ། །རི་མཁའ་རི་འདོད་དབུགས་སྲང་གིས། །བཅད་པས་དབུགས་ཡན་སྔར་བཞིན་ལ། །འདོད་ཆར་སྟོང་པ་རི་མཁའ་རིའི། །ཆ་ཤས་གནས་སུ་སྦྲུལ་ཐིག་ལག །ཚེས་རེའི་རྟག་ལོངས་རྣམ་པར་དག །ཉི་མ་དགུ་སྟོང་དྲུག་བརྒྱ་ནི། །སྒྲ་གཅན་ཚེས་ཞག་དཀྱིལ་འཁོར་ཡིན། །དེ་ཡི་ལོངས་སྤྱོད་རྟོགས་པའི་ཕྱིར། །ཡུལ་གྱི་ཆུ་ཚོད་མཁའ་རོས་བསྒྱུར། །མཁའ་སྟོང་བུག་རོས་བགོས་ཐོབ་སྲང་། །དེ་ལྷག་དབུགས་དང་མེ་མིག་གིས། །བསྒྱུར་ཐོབ་སྲང་ཡིད་མེ་མིག་ཆར། །བཅུ་གཉིས་ཐོབ་པས་ལྷག་མེད་དག །སྒྲ་གཅན་ཚེས་ཞག་རྟག་ལོངས་སོ། །ཉིན་ཞག་དཀྱིལ་འཁོར་ལོངས་སྤྱོད་བཅས། །འཚོལ་ཕྱིར་ཆོས་དཀྱིལ་གནས་གསུམ་བཞག །འོག་མ་རི་མཁའ་རི་བོ་ཡིས། །རྙེད་པར་བར་བསྲེ་ཆུ་རོས་ཕྱེ། །ཐོབ་པའི་ནོར་གྱིས་སྟེང་མར་འཕྲི། །སྟེང་ནས་གཅིག་ཕབ་རང་འཁོར་སྦྱང་། །ཉིན་


LT41_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་མིག་བུག་རི་དུས་དང་། །ཆུ་རོའི་ཆ་གཉིས་རི་མཁའ་རིའི། །ཆ་ཤས་མཁའ་རི་ཟླ་བ་སྟེ། །སྒྲ་གཅན་ཉིན་ཞག་དཀྱིལ་འཁོར་ཡིན། །དེ་ལ་ཀླུ་མིག་སྦྲུལ་ལག་གིས། །སོ་སོར་བསྒྱུར་ཏེ་རང་འཁོར་དྲིལ། །དབང་པོ་རི་ཀླུ་རི་མཁའ་མིག །བུ་ག་གཟུགས་རྣམས་དགོད་བྱེད་དོ། །རྒྱུ་སྐར་ཡུལ་གྱི་ཆུ་ཚོད་ཀྱང་། །ཀླུ་མིག་སྦྲུལ་ལག་བསྒྱུར་ཐོབ་དབྱུག །ལྷག་མ་སྲང་དབུགས་མེ་མིག་དང་། །འབྱུང་འདོད་དྲག་པོས་བསྒྱུར་རིམ་བཞིན། །དགོད་བྱེད་ཀྱིས་ཐོབ་ཆུ་སྲང་ཡིད། །དབུགས་སུ་ཟླ་བ་མེ་མིག་ཆར། །བུག་གཟུགས་འབྱུང་འདོད་དྲག་པོའི་ཆ། །གདེངས་ཅན་མེ་དང་ནམ་མཁའ་ཕྱོགས། །སྒྲ་གཅན་ཉིན་ཞག་རྟག་ལོངས་དག །དེ་ནས་གཟའ་ལྔ་སོ་སོ་ཡི། །ཉིན་ཞག་ཉི་མའི་དཀྱིལ་འཁོར་ནི། །མིག་དམར་ལ་ནི་རི་ཀླུ་རོ། །སོ་མེ་རྒྱ་མཚོ་ཕུར་བུའི་འོ། །སྤེན་པ་དུས་རོ་ཐུབ་པ་ཕྱོགས། །ལྷག་པ་རི་བུག་རི་ཀླུ་སྟེ། །པ་སངས་རི་དང་རྒྱལ་བ་མིག །དེ་རྣམས་ཞི་གཉིས་མྱུར་རྐང་དང་། །དྲག་གསུམ་དལ་བའི་དཀྱིལ་འཁོར་ཡིན། །ཞི་དལ་དྲག་མྱུར་ཉི་མ་བཞིན། །མདའ་མཁའ་མཚོ་ཡིད་རི་རོའོ། །སོ་སོའི་དཀྱིལ་འཁོར་དེ་དག་གིས། །ཡུལ་ལོངས་མཁའ་མིག་རྒྱལ་པོ་ལས། །རང་རང་ལོངས་སྤྱོད་བཙལ་བ་ནི། །དྲག་གསུམ་བགོ་གཞི་དེ་ཉིད་དང་། །ཞི་གཉིས་སོ་སོར་བགོ་གཞི་དེ། །བརྒྱ་དང་བཅུ་ཡིས་བསྒྱུར་བ་ལས། །གཞན་པའི་ལག་ལེན་ཁྱད་པར་མེད། །དེས་ན་པ་


LT41_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སངས་བགོ་གཞི་ནི། །ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་འབྱུང་། །ལྷ་མཚམས་སྐྱེས་ལ་ཆིག་འབུམ་དང་། །དྲུག་ཁྲི་ཉིས་སྟོང་ཐམ་པའོ། །ལག་ལེན་དངོས་ལ་བགོ་གཞི་དེ། །ཞི་དྲག་སོ་སོའི་དཀྱིལ་འཁོར་གྱིས། །ཐོབ་དབྱུག་ལྷག་མ་ཆུ་སྲང་དང་། །དབུགས་འདོད་རང་རང་དཀྱིལ་འཁོར་གྱིས། །བགྲེས་རིམ་བཞིན་དུ་རང་དཀྱིལ་གྱིས། །བགོས་ཐོབ་རིམ་བརྩེགས་ལྷག་མ་མེད། །དྲག་གསུམ་དལ་བའི་རྟག་ལོངས་དང་། །ཞི་གཉིས་མྱུར་རྐང་ལོངས་སྤྱོད་དག །དྲག་རྐང་ཞི་བའི་དལ་ལོངས་ནི། །ཉིན་ཞག་ཉི་མའི་རྟག་ལོངས་སོ། །དེ་ཡང་ས་སྐྱེས་ཆུ་ཚོད་མིག །ཆུ་སྲང་ཟླ་མིག་དབུགས་ལག་དང་། །འདོད་ཆར་འཕྲོག་བྱེད་དཀྱིལ་འཁོར་ཆ། །འབྱུང་བ་དབང་པོ་འདོད་ལྡན་ནོ། །ཆུ་སྲང་མིག་ལག་དབུགས་འཁྲིག་པ། །འདོད་ཀླུ་དཀྱིལ་འཁོར་ཆ་ཤས་ལ། །མཁའ་ཐིག་བྲོ་བ་སྒྲ་མཁན་ཡིན། །སྲང་དགུ་འདོད་མིག་དཀྱིལ་འཁོར་ཆ། །དུས་མེ་མེ་ལག་ཉི་སྐྱེས་སོ། །དབྱུ་གུར་བཅོ་བརྒྱད་སྲང་རྒྱལ་བ། །དབུགས་འབྱུང་འདོད་རོ་དཀྱིལ་འཁོར་ཆ། །བུག་ཡིད་གདེངས་ཅན་ཟླ་བའི་སྲས། །ཆུ་ཚོད་རི་བོར་ཉིན་བྱེད་སྲང་། །དབུགས་མེ་འདོད་དབང་དཀྱིལ་འཁོར་ཆ། །མཁའ་འཁྲིག་མིག་ལག་ནབས་སོ་སྐྱེས། །མདོར་ན་དེ་རྣམས་གཟའ་ལྔ་ཡི། །ཉིན་ཞག་ཉི་མའི་ལོངས་སྤྱོད་དོ། །གཞན་ཡང་གཟའ་ལྔའི་ཁྱིམ་དཀྱིལ་ནི། །རང་རང་ཉི་དཀྱིལ་གནས་གཉིས་བཞག །འོག་མ་མེ་ཚེས་མིག་


LT41_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་ཐོབ། །སྟེང་འཕྲི་འཕྲི་ལྷག་གཅིག་ཕབ་ནས། །རང་འཁོར་འགྱུར་ལ་འོག་མས་སྦྱང་། །དེ་ཡིས་སོ་སོའི་ཁྱིམ་དཀྱིལ་འབྱུང་། །དཔེར་ན་བཀྲ་ཤིས་ཁྱིམ་ཞག་ལ། །དྲུག་བརྒྱ་བདུན་ཅུ་དོན་བདུན་ཏེ། །ཆ་ཤས་ཆིག་ཁྲི་ཉིས་སྟོང་དང་། །དགུ་བརྒྱ་བདུན་ཅུ་དོན་དགུའོ། །ཀུན་ལ་དེ་ཡི་རིགས་པ་ཡིས། །རི་མོས་གཏན་ལ་འབེབས་དང་ཤེས། །དེ་ནས་ཞི་དྲག་རང་རང་གི། །ཁྱིམ་གྱི་ལོངས་སྤྱོད་འཚོལ་བ་ལ། །གཟའ་ལྔ་སོ་སོའི་ཁྱིམ་ཞག་རྣམས། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །འོག་གི་ཆ་ཤས་སྟེང་དུ་བསྲེ། །དེ་རྣམས་སོ་སོའི་དགོད་བྱེད་དོ། །དཔེར་ན་བཀྲ་ཤིས་དགོད་བྱེད་ལ། །མིག་རི་མཚོ་སྐར་ཡུལ་ཕྱོགས་སོ། །བགོ་གཞི་མཁའ་མིག་རྒྱལ་པོ་ཡང་། །བུག་མཁའ་མིག་བུག་མ་ནུ་ཡིས། །ཤེད་མཉམ་བགྱིས་པས་མཁའ་ཀླུ་མདའ། །ཉེས་པ་རི་ཟླ་རྒྱལ་བ་སྟེ། །དྲག་པོ་གསུམ་གྱི་བགོ་གཞིའོ། །དེ་ཉིད་བརྒྱ་དང་བཅུས་བསྒྱུར་བས། །ལྷག་སངས་གཉིས་ཀྱི་བགོ་གཞི་འཆར། །ལག་ལེན་དངོས་ལ་སོ་སོ་ཡི། །བགོ་བྱ་དགོད་བྱེད་ཀྱིས་ཐོབ་དབྱུག །ལྷག་མ་སྲང་དབུགས་རང་ཆ་དང་། །རང་བཞིན་སྲིན་པོ་ཟླ་གཉེར་གྱིས། །བསྒྲེས་རིམ་བཞིན་དུ་བགོས་པས་དག །དེ་ཡང་མིག་དམར་དབྱུ་གུར་གཉིས། །ཆུ་སྲང་མེ་མིག་དབུགས་སུ་གསུམ། །རང་ཆ་གཟའ་ཐུབ་ཆ་ཤས་སུ། །ཆུ་རོ་འདོད་པའོ་ཕུར་བུ་ནི། །སྲང་དུ་མིག་ལག་


LT41_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་རིག་བྱེད། །རང་ཆར་ཚེས་མིག་ཆ་ཤས་སུ། །མེ་རི་ནོར་ལྷ་སྲིན་པོའོ། །སྤེན་པ་ཆུ་སྲང་བུག་སྟེ། །རང་ཆར་རི་བོ་སྦྲུལ་གཟུགས་མདའ། །ཆ་ཤས་དུས་མཚོ་མཁའ་མིག་གོ། །ལྷག་པ་དབྱུག་སྐྱོན་སྲང་ཟླ་མཚོ། །རང་མར་འཁྲིག་བགྲོད་ལག་པ་མདའ། །ཆ་ཤས་དུས་བུག་རི་མཚོའོ། །པ་སངས་དབྱུ་གུར་དྲང་སྲོང་དང་། །སྲང་ཉེས་དབུགས་དབང་རང་ཆ་རུ། །རིག་བྱེད་མཚོ་སྦྱོར་ཆ་ཤས་ལ། །བུག་མཚོ་ཟུང་ལྡན་ཆུ་མཚོ་སྟེ། །ཁྱིམ་ཞག་དལ་མྱུར་ལོངས་སྤྱོད་དག །སླར་ཡང་ཚེས་ཞག་དཀྱིལ་འཁོར་ནི། །དྲག་གསུམ་ཉི་དཀྱིལ་གནས་གཉིས་བཞག །འོག་མ་ཐུབ་རི་ཟླ་བས་སྤེལ། །འབྱུང་འདོད་དྲག་ཐོབ་སྟེང་དུ་བཅུག །སྟེང་གཞུག་རང་རང་ཚེས་དཀྱིལ་འགྱུར། །མིག་དམར་ཚེས་དཀྱིལ་རི་བུག་དུས། །འབྱུང་འདོད་དྲག་ཆར་བུག་རྒྱལ་ཕྱོགས། །ཕུར་བུའི་ཚེས་དཀྱིལ་མཁའ་མཁའ་ཆུ། །ཆུ་གཏེར་འབྱུང་འདོད་དྲག་ཆ་ལ། །མཚོ་དབྱིག་དབང་པོ་བུ་གའོ། །སྤེན་པའི་ཚེས་དཀྱིལ་རི་མེ་བུག །ཕྱོགས་ཡིན་འབྱུང་འདོད་དྲག་ཆ་ལ། །རི་བུག་ཡིད་དོ་རང་རང་གི། །ཞག་གནས་འབྱུང་འདོད་དྲག་པོས་བསྒྱུར། །ཆ་བཅུག་སོ་སོའི་དགོད་བྱེད་ཡིན། །ཞི་གཉིས་རང་རང་ཉི་དཀྱིལ་ཉིད། །གནས་གཉིས་འོག་མ་ཐུབ་རི་ཟླས། །བསྒྲེས་ལ་འབྱུང་འདོད་དྲག་པོ་ཡི། །ཐོབ་ནོར་སྟེང་བསྲེ་དེ་དག་ཀྱང་། །བརྒྱ་དང་བཅུས་བཅད་ཚེས་དཀྱིལ་ཏེ། །ལྷག་པའི་ཚེས་དཀྱིལ་བུ་


LT41_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཀླུ། །བརྒྱ་ཆར་དུས་མེ་འབྱུང་འདོད་དྲག །མཚོ་ཐིག་ཡོན་ཏན་བུ་གའོ། །པ་སངས་ཚེས་དཀྱིལ་ཀླུ་ལག་མིག །བཅུ་ཆར་ལག་པ་འབྱུང་འདོད་དང་། །དྲག་ཆར་མཚོ་བུག་རྩ་རིའོ། །སོ་སོའི་ཆོས་དཀྱིལ་རྗེས་འབྲངས་བཅས། །བརྒྱ་དང་བཅུས་སྤེལ་སླར་ཡང་དེ། །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །འོག་མ་དེས་ཐོབ་བར་དུ་གཞུག །དེ་ཡང་བརྒྱ་དང་བཅུས་ཐོབ་པ། །སྟེང་བསྲེ་ཞི་གཉིས་དགོད་བྱེད་འགྲུབ། །དེས་ན་སོ་སོའི་དགོད་བྱེད་ལ། །བཀྲ་ཤིས་རིག་བྱེད་ཆུ་བོ་དང་། །འདོད་རི་དྲང་སྲོང་ཐུབ་པའོ། །ཕུར་བུ་ཆུ་གཏེར་ཀླུ་དབང་མེ། །དབྱིངས་ཐིག་བུ་ག་རིག་བྱེད་དོ། །སྤེན་པ་བགྲོད་པ་གཟའ་གཏེར་མཚོ། །ནོར་ལྷ་རི་ཟླ་ཉིན་མོར་བྱེད། །ལྷག་པ་ཆུ་རོ་མི་བདག་གཟུགས། །འབྱུང་གཏེར་རྩ་དང་པ་ཝ་སངས། །མཚོ་དུས་མཁའ་སྐྱོན་མཚོ་དབང་ཟུང་། །ཡུལ་ལོངས་མཁའ་མིག་རྒྱལ་པོ་ཡང་། །འབྱུང་འདོད་དྲག་པོས་ཤེད་མཉམ་བྱས། །མཁའ་ཐིག་རི་ཀླུ་མེ་མཁའ་སྐྱོན། །དྲག་པོ་གསུམ་གྱི་བགོ་གཞིའོ། །དེ་ཉིད་བརྒྱ་དང་བཅུས་སྤེལ་བ། །ལྷག་སངས་གཉིས་ཀྱི་བགོ་གཞི་འཆར། །ཞི་དྲག་སོ་སོའི་བགོ་གཞི་ལ། །རང་རང་དགོད་བྱེད་ཀྱིས་ཐོབ་དབྱུག །ལྷག་མ་སྲང་དབུགས་རང་ཆ་དང་། །ཉི་འདོད་ཟླ་བས་བསྒྲེས་རིམ་བཞིན། །བགོས་ཐོབ་རིམ་བརྩེགས་རྣམ་པར་དག །མིག་དམར་དབྱུག་གཉིས་སྲང་བུག་གཟུགས། །དབུགས་གཅིག་རང་


LT41_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རྩེ་མོ་ཡིད། །ཡང་ཆ་ཟུང་ལྡན་མཁའ་མེ་ལག །ཕུར་བུ་ཆུ་སྲང་ལག་པ་མིག །ལུགས་གཅིག་རང་ཆ་རི་ཀླུ་གཟུགས། །ཡང་ཆར་སོ་མིག་བྲོ་བའོ། །སྤེན་པ་སྲང་བརྒྱད་དབུགས་དབང་པོ། །རང་ཆ་ཀླུ་རྩེ་རི་བོ་ཟླ། །ཡང་ཆར་དུས་མདའ་ཆུ་གཏེར་མེ། །ལྷག་པ་དབྱུག་སྐྱོན་སྲང་དུ་རི། །དབུགས་ཡོན་རང་ཆ་དུས་མེ་ཐིག །ཐུབ་པའོ་ཡང་ཆར་ཀླུ་མཚམས་དྲག །པ་སངས་དབྱུག་རི་སྲང་དབང་པོ། །དབུགས་བཞི་རང་ཆར་དུས་མེ་མཚམས། །ཡང་ཆར་བྲོ་བ་ཟླ་མཚོའོ། །དེ་ཡིས་དྲག་གསུམ་དལ་བ་དང་། །ཞི་གཉིས་མྱུར་བའི་རྐང་འཛིན་གྱི། །ཚེས་ཞག་རྟག་ལོངས་རྣམ་པར་དག །སོ་སོའི་དཀྱིལ་འཁོར་རང་ཆ་ནི། །མིག་དམར་སུམ་ཆ་བུག་མིག་ལག །ལྷ་ཡི་བླ་མའི་བཅུ་གཉིས་ཆ། །གཟུགས་དུས་མེའོ་ཉི་མའི་བུའི། །ཕྱེད་ཆ་མེ་ཀླུ་མེ་མདའ་སྟེ། །ཟླ་བུ་རི་བུག་རི་ཀླུའོ། །པ་སངས་སུམ་ཆ་ཕུག་མཚོ་རི། །འདིས་ནི་ཁྱིམ་ཚེས་གཉི་གར་བཏུབ། །ཅེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། ཞག་གསུམ་རྣམ་པར་དབྱེ་བའི་སྐབས་ཏེ་ལྔ་པའོ། །མཁྱེན་དཔྱོད་ཟེགས་མ་གཅིག་གིས་ལམ་གསུམ་གྱི། །དྲི་མ་ཀུན་བཀྲུ་དབྱངས་ཅན་དགའ་བའི་ཀླུང་། །ཚད་མེད་ཐུགས་རྗེའི་ཤུགས་ཀྱིས་ཐོས་མང་གི། །རལ་པའི་ནགས་སུ་འཁོར་བ་སྲིད་དུ་འབབས། །ལྔ་བསྡུས་གཟའ་ལྔ་སྒྲ་གཅན་


LT41_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཚེགས་མེད་བདེ་བླག་བྱ་བའི་ཕྱིར། །མགྱོགས་རྩིས་རེ་མིག་འཛིན་ཚུལ་དང་། །དེ་ཉིད་ཇི་ལྟར་འགོད་པ་བཤད། །ཐོག་མར་སྤྱི་ནོར་གཅིག་མ་ནི། །དབོ་ཟླའི་སྨད་དམ་ནག་ཟླ་ལ། །ཉི་མ་དག་པའི་སྐར་གནས་སུ། །ཐིག་ཤར་ཞག་གསུམ་སོང་བའམ། །དེ་དུས་སྐོར་གྱི་ཉི་བར་དེ། །ཚེས་གཅིག་རྟགས་ལོངས་ལས་ཉུང་ན། །ཉི་མའི་སྤྱི་ནོར་རགས་པ་ཡིན། །དེ་ཚེ་ཚེས་དེའི་གཟའི་རྟག་ལོངས། །གཟའ་དྷྲུར་བྱིན་པས་གཟའ་ནོར་རགས། །ཤིན་ཏུ་ཕྲ་བའི་སྤྱི་ནོར་རམ། །ཁྱིམ་དྲུག་སྤྱི་ནོར་བཙལ་འདོད་ན། །ཉི་མའི་སྤྱི་ནོར་རགས་པ་དེ། །གནས་གསུམ་བཞག་ལ་གཟུགས་ཆུ་དུས། །སོ་སོར་བསྒྱུར་ལ་རང་འཁོར་དྲིལ། །སྟེང་མ་འབྱུང་མེ་ཟླ་བས་བགོ། །ཐོབ་སྐར་ལྷག་མ་མཁའ་རོ་དང་། །མཁའ་དུས་བྲོ་བ་འདོད་པས་བསྒྱུར། །འདི་དགོངས་སྒྲིལ་ལ་ཀླུ་མེས་བསྒྱུར། མཆན། སྐབས་སུ་རང་རང་ཆ་རྣམས་བཅུག །རེ་རེ་ལ་ཡང་འབྱུང་མེ་ཟླས། །བགོས་ཐོབ་ཆུ་ཚོད་ལ་སོགས་ཡིན། །གཟའ་ཉིའི་སྤྱི་རགས་གླིང་དྲུག་བཀོད། །གླིང་རེར་ཁྱིམ་གཉིས་མིང་བྲིས་ལ། །སྤྱི་རགས་གཟའ་ཉི་གཉིས་ཀ་ལ། །ལུག་དང་བུ་མོར་ཟླ་འབྲས་དབྲི། །སྲང་དང་ཉ་ལ་ནོར་དུ་སྦྱིན། །ཆུ་འབྲས་གླང་དང་སེང་གེར་འཕྲི། །སྡིག་བུམ་གཉིས་ལ་དབུལ་བར་བྱ། །དུས་འབྲས་འཁྲིག་པ་ཀརྚར་དམན། །གཞུ་དེང་ཆུ་སྲིན་གཉིས་ལ་སྟེར། །དེ་ཡིས་ཁྱིམ་དྲུག་སྤྱི་ནོར་དག །དེ་ནས་རེའུ་


LT41_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མིག་འཛིན་པའི་ཚུལ། །ཟླ་བ་དེ་ཡི་དྷྲུ་བ་ལ། །གང་རྩིས་རྟག་ལོངས་བྱིན་པ་ཡི། །ཉི་མ་བར་པ་དེ་ལ་ནི། །ཉི་མའི་སྤྱི་ནོར་རགས་པས་སྦྱང་། །དེ་ཉིད་ཉི་མ་ཕྱེད་དག་དང་། །མཐུན་ཚེ་ཚེས་མཚམས་རྙེད་པ་ཡིན། །དེ་ནས་དེ་ཉིན་ནས་བཟུང་སྟེ། །བར་འོག་བསྐལ་པའི་རེའུ་མིག་རྣམས། །མ་འདྲེས་རིམ་པར་བཀོད་པ་ལ། །རེའུ་མིག་སྤྱི་ནོར་གཉིས་ཀ་ལ། །ལུག་སོགས་ཁ་བྱང་ཡོད་པ་ལྟར། །ཁྱིམ་དང་མཐུན་པའི་སྤྱི་ནོར་སྟེར། །རང་རང་འཁོར་ལོ་ལོངས་ན་དྲིལ། །དེ་ཡིས་གཟའ་ཕྱེད་ཉི་དག་འགྲུབ། །རིལ་པོར་ཚེས་བསྲེ་ཆུ་ཟླས་བགོ། །རྙེད་པ་མཉམ་མམ་མི་མཉམ་བརྟག །ལྷག་མས་རེའུ་མིག་བྱ་ར་དང་། །ཆ་ཤས་གྲངས་ཀྱིས་ཆ་ཤས་ཀྱི། །རེའུ་མིག་བཟུང་ལ་གཟའ་ཕྱེད་ཀྱི། །ལོངས་སྤྱོད་མན་ལ་རྙེད་མཉམ་སྦྱིན། །མི་མཉམ་དབྲི་བས་གཟའ་ཉིད་དག །དེ་ཡང་དམར་ནག་འཁོར་མའི་སྐབས། །ཆ་ཤས་རིལ་པོ་མདོག་མཐུན་བཟུང་། །ཟླ་སྐར་སྦྱོར་བ་སྤྱི་དང་མཚུངས། །བྱེད་པ་ཚེས་ཀྱི་རེའུ་མིག་འཛིན། །དེ་ནས་གཟའ་ལྔའི་མྱུར་བའི་རྩིས། །ཉིན་ཞག་ལ་ནི་འདི་ལྟ་སྟེ། །སྔར་གྱི་གཟའ་ལྔ་རྩ་སྒྲུབ་ཀྱི། །མ་བསྲེས་སྤྱི་ཞག་གནས་གསུམ་གར། །བཅོ་ལྔ་རེ་སྦྱིན་འཁོར་ལོས་དྲིལ། །ཆུ་རོས་ཐོབ་པས་སྟེང་སྦྱང་ཚེ། །སྦྱངས་དེའི་རྟགས་སུ་མཚལ་མ་བྱ། །གནམ་ལོ་གཅིག་གི་ཉ་དང་སྟོང་། །དེ་རིམ་བཞིན་དུ་སྟེང་བཀོད་ནས། །དེ་འོག་གཟའ་ལྔའི་སྒོས་ཞག་བརྩེགས། །


LT41_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་ཞག་སྔ་མ་ཕྱི་མ་ལ། །འཕོ་བའི་ཕྱིར་དུའང་བཅོ་ལྔ་རེ། །སྦྱིན་ཡང་སྤྱི་ཞག་མཚལ་ཅན་སྐབས། །བཅུ་བཞི་སྦྱིན་པས་དེ་ཉིད་འགྲུབ། །དེ་ཡང་ལྷག་པར་བརྒྱ་དང་ནི། །པ་ཝ་སངས་ལ་བཅུས་བསྒྱུར་སྦྱིན། །དཔེར་ན་ལྷག་པར་སྟོང་ལྔ་བརྒྱ། །ཡང་ན་སྟོང་དང་བཞི་བརྒྱའོ། །ཀུན་ཀྱང་ཆས་ཐོབ་དོར་བར་ངེས། །གཞན་ཡང་ཉིན་ཞག་ཉི་དྷྲུ་ནི། །སྔ་མར་ཉིན་ཞག་སུམ་ཅུ་ཡི། །རྟག་ལོངས་ཕྱིན་པས་ཕྱི་རིམ་འཆར། །འོན་ཀྱང་སྦྱིན་ཉིན་སྤྱི་ཞག་གམ། །སྔོན་མའི་བཅོ་ལྔའི་སྤྱི་ཞག་ལའང་། །མཚལ་མ་ཡིན་ན་ཉེར་དགུ་ཡི། །ཉིན་ཞག་རྟག་ལོངས་སྦྱིན་པས་འགྲུབ། །དེ་ནས་ཉིན་ཞག་སྤྱི་ནོར་ནི། །ནག་ཟླའི་སྟོད་དམ་དབོ་ཟླ་ཡི། །སྨད་ཀྱི་དུས་ལའང་ཟིན་པ་སྟེ། །ཉི་དྷྲུར་ཉིན་ཁོངས་བྱིན་པ་ཡི། །ཉིན་ཞག་ཉི་མ་བར་པ་དེ། །ཉི་མའི་ཞག་གཅིག་ལོངས་སྤྱོད་ལས། །ཉུང་ན་དེ་ཉིད་སྤྱི་ནོར་སྦྱིན། །ཚེས་ཉི་ལོངས་སྤྱོད་ཁྱད་པར་ལས། །ལག་ལེན་གཞན་རྣམས་ཁྱད་པར་མེད། །སྤྱི་ནོར་ཟླ་ཡོན་ཟླ་བས་བགོ། །ཐོབ་ནོར་སྟེང་དུ་ཚར་གསུམ་དང་། །འོག་ཏུ་ཡང་ནི་ཚར་གསུམ་བཞག །སྟེང་གསུམ་ཕྱོགས་གཟའ་ཡོན་ཏན་དང་། །འོག་གསུམ་དབང་མཚོ་ཟླ་བས་བསྒྱུར། །རང་འཁོར་གྱིས་སྒྲིབ་རྐང་ལོངས་སོ། །དེ་ནས་སྤྱི་ནོར་ཚར་དྲུག་དང་། །འོག་ཏུ་ཡང་ནི་ཚར་དྲུག་བཞག །དང་པོ་ཕྱོགས་འབྲས་ཀྱིས་བརྒྱན་ཏེ། །གཉིས་པ་ཕྱོགས་ཀྱི་འབྲས་བུས་འཕྲི། །གསུམ་


LT41_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་པར་གཟའ་འབྲས་དང་། །ལྔ་པ་དྲུག་པ་ལོན་འབྲས་ཀྱིས། །སྔ་མ་བརྒྱན་ཅིང་ཕྱི་མ་དབྲི། །དེ་བཞིན་འོག་མའི་གནས་རྣམས་ཀྱང་། །དང་པོར་དབང་སྦྱིན་གཉིས་པར་འཕྲི། །གསུམ་པར་མཚོ་སྦྱིན་བཞི་པར་འཕྲི། །ལྔ་པར་ཟླ་སྟེར་དྲུག་པར་འཕྲི། །ཕྱོགས་ཀྱི་ནོར་དང་བུ་ལོན་ཅེས། །ཀུན་ལ་དེ་ལྟའི་ཁ་བྱང་འདེབས། །སྟེང་དྲུག་ལྷག་པ་འོག་མ་དྲུག །པ་སངས་སྤྱི་ནོར་རྣམ་པར་དག །དེ་ནས་རེའུ་མིག་གཟུང་བ་ནི། །ཚེས་གྲངས་གང་བརྩི་དེ་ཉིན་གྱི། །ཉིན་ཞག་ཉི་མ་བར་པ་དེ། །ཉིན་ཞག་སྤྱི་ནོར་རགས་པས་འཕྲི། །རེའུ་མིག་སྟེང་མ་གང་མཐུན་བཟུང་། །དེར་སླར་ཉི་མའི་སྤྱི་ནོར་བྱིན། །དྲག་གསུམ་རྐང་འཛིན་ཉི་བར་འགྱུར། །དེ་ཡི་བར་འོག་རེའུ་མིག་ལ། །སྤྱི་ནོར་ཁྱིམ་མཐུན་མ་ནོར་བྱིན། །དེ་ཡིས་ལྷག་སངས་དལ་བ་དག །དྲག་གསུམ་དལ་བ་དག་པ་ནི། །རྒྱས་པ་རང་རང་སྒོས་ཞག་གི། །སྒོས་ཞག་དང་བྱ་ར་བསྟུན། །གྲངས་དང་མཐུན་པའི་རེའུ་མིག་འཛིན། །འབྲིང་པོ་གྲངས་དང་མ་མཐུན་ན། །གྲངས་མཐུན་ཉུང་བ་གང་ཉེ་བཟུང་། །དེ་ལ་ཐོ་ཡིག་དང་མཐུན་དེའང་། །གཅིག་གཉིས་ཁྱད་ལ་དཔག་པ་ཡི། །ཞག་རྩིས་རེའུ་མིག་བྱིན་པས་འགྲུབ། །དེ་ནས་ལྷག་སངས་གཉིས་པོ་ཡི། །མྱུར་བ་བར་པ་འཛིན་ཚུལ་ནི། །རྒྱས་པ་སྒོས་ཞག་གྲངས་ཀྱིས་འཛིན། །དེ་མིན་བསྡུས་པ་འཛིན་པ་ན། །རང་རང་སྒོས་ཀྱི་ཞག་གང་ཡོད། །ལྷག་པ་བརྒྱ་དང་པ་སངས་བཅུས། །


LT41_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་རྐང་འཛིན་ལྷག་མ་ཡིས། །སྤྱི་ནོར་རེའུ་མིག་བཟུང་ནས་ནི། །དེ་གཉིས་བསྲེས་པས་རྣམ་དག་འགྲུབ། །དེ་ནས་ཀུན་གྱི་མྱུར་དག་ནི། །དལ་བ་དག་པས་རྐང་འཛིན་སྦྱོང་། །མ་ལྡང་འཁོར་ལོ་བསྣན་ནས་སྦྱངས། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །དུས་འདིར་འགྲོས་བཞི་བརྟག་པར་བྱ། །ལྷག་མའི་སྐར་གནས་མཁའ་རོས་བསྐྱུར། །ཆུ་ཚོད་བཅུག་དེས་རེའུ་མིག་འཛིན། །མ་དོར་རིམ་པའི་བྱ་ར་དང་། །དོར་ན་རིམ་མིན་བྱ་ར་འཛིན། །དེ་ཉིད་དལ་བ་དག་པ་ལ། །རིམ་བསྣོན་རིམ་མིན་འཕྲི་བ་ཡིས། །རང་རང་མྱུར་བ་དག་པར་འགྱུར། ༈ །སྒྲ་གཅན་རེའུ་མིག་གཟུང་བའི་ཕྱིར། །ཟླ་བ་དག་པ་རང་བཞིན་སྦྱོན། །བྱིན་ལ་མཁའ་མེ་ལག་པས་བགོ། །སྟེང་འོག་ཉ་སྟོང་རྣམ་པར་དག །དེ་ལ་ཚེས་ཟིན་རེའུ་མིག་བྱིན། །དེ་ཡི་ཉིན་རེས་རྩིས་ཀྱང་འགྲུབ། ༈ །བྱེད་པ་ལོ་འཕོའི་རེའུ་མིག་ནི། །འཛིན་ན་ཡོངས་འཛིན་འདས་པའི་ལོར། །མེ་མཁའ་གཟུགས་བྱིན་རི་ཟླ་མེས། །དོར་བའི་ལྷག་གིས་བྱ་ར་གཟུང་། །དེ་ནས་དེ་དག་རྣམས་ཀྱི་ནི། །སོ་སོའི་རེའུ་མིག་སྤེལ་བའི་ཐབས། །བུམ་བཟང་གཞུང་ནས་བཤད་ལྟར་བྱ། །ཞེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། མགྱོགས་རྩིས་ཀྱི་སྐབས་ཏེ་དྲུག་པའོ། །སྟོང་ཆེན་མུན་པར་ཉི་ཟླའི་འགྲོས་


LT41_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས། །འོད་གསལ་ཐིག་ལེ་ནཱ་དའི་སྒྲ་དབྱངས་ཅན། །རྡུལ་དང་བྲལ་བའི་ལི་ཁྲིའི་བླ་གོས་དང་། །གཙུག་ལག་ནོར་བུའི་ཕྲེང་བ་འཛིན་དེ་བསྔགས། །རྡོ་རྗེའི་ལུས་ཀྱི་རྟེན་འབྲེལ་ལས། །ཉི་ཟླར་སྒྲ་གཅན་འཇུག་པ་མཐོང་། །ཟབ་དོན་ཕྱི་ནང་སྦྱོར་བའི་ཚུལ། །ཤེས་ན་གནང་མི་རྨོངས་ཀྱང་། །འདིར་ནི་བསྡུས་པ་ལ་དགའ་བས། །ལག་ཏུ་བླང་བྱ་ཁོ་ན་འཆད། །དེ་ཡང་འཇམ་དབྱངས་མཚུར་ཕུ་པའི། །མན་ངག་གནད་ཀྱི་གཟེར་བདུན་ནི། །འཛིན་ཚུལ་ཆེ་ཆུང་ཡུལ་དུས་ཕྱོགས། ཁ་དོག་འབྲས་བུ་བཅས་པས་བརྟག །དེ་ལ་ཐོག་མར་ཏི་འཛིན་ནི། །ཟླ་བ་གཉིས་ལ་དུས་གཅིག་འགྱུར། །དུས་གསུམ་རྫོགས་དང་ཉི་རྐང་ནི། །རྟེན་འབྲེལ་རེག་པ་ལ་ཞུགས་པའི། །སྐར་ནག་ཚིགས་མཚམས་འཛིན་མོད་ཀྱང་། །ཉི་འཛིན་ཤིན་ཏུ་རྟོགས་དཀའ་བས། །བསླུ་མེད་མྱོང་གྲུབ་རི་མོ་ལས། །ཞིབ་མོའི་བློ་ཡིས་གཏན་དབབ་བྱ། །ཉི་མ་དག་པ་གནས་གཉིས་བཀོད། །གཅིག་དང་སྒྲ་གཅན་འདས་པ་བསྲེ། །གཅིག་དང་གདོང་མཇུག་གང་མང་བ། །ཉུང་གིས་སྦྱངས་ལ་ལྷག་མར་བརྟག །གདོང་གིས་ཉི་མ་སྦྱངས་པ་ན། །སྐར་མའི་གྲངས་གནས་ཐིག་ལེས་འཛིན། །དབྱུ་གུ་བཞི་བཅུ་མན་ཆད་འཛིན། །ཉི་མས་གདོང་སྦྱངས་ལྔ་མན་འཛིན། །ཉི་མས་མཇུག་སྦྱངས་བཞི་བཅུ་མན། །མཇུག་མས་ཉི་སྦྱངས་བརྒྱད་མན་འཛིན། །བྱེད་རྩིས་ལ་ནི་བཅུ་མན་འཛིན། །དེ་


LT41_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྦྱངས་ལྷག་གང་ཡོད་དེས། །འདས་པ་བསྲིས་པའི་ཉི་དག་ལ། །གདོང་ལ་འཕྲི་ཞིང་མཇུག་མར་བསྣན། །ཡས་རིམ་བཞིན་དུ་རང་འཁོར་དྲིལ། །འཁོར་ལོ་ཕྱེད་ལྷག་དེ་ཡང་དོར། །ཐིག་ལེ་བཞི་ཤར་ངེས་པར་འཛིན། །གསུམ་བཞི་སྟོང་ཡང་འཛིན་པར་འགྱུར། །མཇུག་འཛིན་མཇུག་མ་ཉུང་བ་དང་། །གདོང་འཛིན་ཉི་མ་ཉུང་བ་ན། །གདོང་མཇུག་གོ་ལོག་འཛིན་པ་དཀའ། །འོན་ཀྱང་རང་ལུགས་གྲུབ་རྩིས་གཉིས། །བྱེད་རྩིས་དང་བཅས་མཐུན་པའམ། །ཉི་རྐང་གཟུགས་ལ་སྤྱོད་པའི་ཚེ། །གཅིག་མི་མཐུན་ཀྱང་འཛིན་པ་ནི། །གསང་བའི་མན་ངག་ཡིན་ཅེས་གསུངས། །ཆ་ནི་སྦྱངས་ལྷག་ཆུ་ཚོད་ལ། །ལྔས་བགོས་ཐོབ་ནོར་ཐིག་གཅིག་གཉིས། །བྱུང་ན་རིལ་འཛིན་གསུམ་བྱུང་ན། །བརྒྱད་ཆ་བདུན་འཛིན་བཞི་ཐོབ་ན། །དྲུག་ཆའི་ལྔ་འཛིན་དབང་ཐོབ་ཕྱེད། །དྲུག་འཐོབ་དྲུག་ཆ་གཅིག་འཛིན་ལ། །བརྒྱད་ཐོབ་བརྒྱད་ཆ་གཅིག་འཛིན་འགྱུར། །ཉི་འཛིན་གོ་ལོག་འཆར་བའི་ཚེ། །གོ་ལོག་འཛིན་ཚད་བཅུ་བརྒྱད་ལྔའི། །རང་གྲངས་ཕྱེད་བྱུང་ཕྱེད་འཛིན་དང་། །ཐིག་བཞི་ཧྲིལ་འཛིན་བཤད་ན་ཡང་། །གོ་ཡོག་འཛིན་པའང་སྲིད་དཀའ་ན། །གོ་ལོག་ཧྲིལ་འཛིན་མི་སྲིད་ཅིང་། །ཁྱད་པར་གདོང་ལོག་མི་འཛིན་ཟེར། །ཡང་ན་སྦྱངས་ལྷག་ཆུ་ཚོད་དེས། །མཁའ་རོར་འཕྲི་ལྷག་དབང་པོས་བགོ། །ཐོབ་ཀྱིས་བཅུ་གཉིས་ཆར་དབྱེ་བའི། །ཆ་ཡི་གྲངས་དང་


LT41_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་ཀྱང་སྟོན། །དེ་ཡང་མདས་ཐོབ་བཅུ་གཉིས་སམ། །བཅུ་གཅིག་གིས་ཀྱང་རིལ་པར་འཛིན། །གཞན་ནི་རིག་པས་དཔག་པར་གྱིས། །གོ་ལྡོག་ཡིན་ཚེ་སྦྱངས་ལྷག་དེ། །གདོང་ལ་མདའ་དང་མཇུག་མ་ཆུས། །བསྒྱུར་ནས་དེ་ཡིས་མཁའ་རོར་འཕྲི། །ལྷག་མ་འདས་ཐོབ་གྲངས་ཀྱིས་ཤེས། །ཡུན་ནི་སྦྱངས་ལྷག་ཆུ་ཚོད་དུ། །བདུན་ཚུན་བྱུང་ན་བཅུ་སྦྱིན་ཅིང་། །དེ་ལས་མང་ན་ལྔ་སྦྱིན་ཅིང་། །དྲུག་ཅུར་འཕྲི་ལྷག་ཉི་མས་བསྒྱུར། །དྲུག་ཅུས་བགོས་ནས་གང་རྙེད་པ། །ཇི་ཙམ་འཛིན་ཡུན་ཆུ་ཚོད་གྲངས། །ཆ་ཡང་ཐོབ་ནོར་དེས་ཤེས་ཏེ། །རེ་རེས་བཅུ་གཉིས་ཆ་རེ་འཛིན། །དུས་ནི་ཟླ་བའི་སྐབས་དང་མཚུངས། །ཕྱོགས་ནི་གདོང་མཇུག་གང་རུང་གིས། །ཉི་དག་ལ་ནི་སྦྱངས་པ་ན། །གུང་ལ་ལྷོ་ནུབ་ཕྱེད་གོང་དུ། །ལྷོར་ཉེ་ཕྱེད་འོག་ནུབ་ནས་འཛིན། །གདོང་ལ་ཉི་མས་སྦྱངས་པའི་ཚེ། །ཉི་མས་མཇུག་སྦྱངས་དང་གཅིག་པར་བྱས་པའང་སྣང་། །ཉི་མ་ཕྱེད་དུས་ནུབ་བྱང་མཚམས། །ཕྱེད་གོང་བྱང་ཉེ་ཕྱེད་འོག་ཏུ། །ནུབ་དང་ཉེ་བའི་ཕྱོགས་ནས་འཛིན། །ཉི་མས་མཇུག་སྦྱངས་ཉིན་ཕྱེད་ལ། །ནུབ་བྱད་ནས་འཛིན་ཕྱེད་གོང་ནུབ། །ཕྱེད་འོག་བྱང་ཉེའི་ཕྱོགས་ནས་འཛིན། །གཉིས་ཀ་མཉམ་ན་ནུབ་ནས་འཛིན། ཁ་དོག་དུམ་འཛིན་སྔོ་ནག་དང་། །ཕྱེད་འཛིན་དམར་ནག་རིལ་འཛིན་ལ། །ཟངས་ཁོག་མདོག་ལྟར་སྣང་བར་འགྱུར། །སྐར་མ་མགོ་ལག་སྟེང་བཟུང་ན། །ནམ་མཁའི་མདོག་


LT41_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྣང་བ་ཡིན། །དེ་ནས་ཟླ་འཛིན་ཆོ་ག་ནི། །ཟླ་དྲུག་ཟླ་དྲུག་མཚམས་སུ་བརྟག །བཅོ་ལྔའི་ཚེས་འཁྱུད་ཟླ་སྐར་དང་། །སྒྲ་གཅན་གདོང་མཇུག་གང་རུང་ཞིག །སྐར་མ་གཅིག་ལ་གནས་པའམ། །གཅིག་ཁྱད་འདུག་ཀྱང་བརྟག་པར་བྱ། །གང་མང་བ་ལ་ཉུང་གིས་འཕྲི། །སྐར་ཐིག་དབྱུ་གུ་ལྔ་བཅུ་མན། །བྱུང་ན་ངེས་པར་འཛིན་པས་བརྟག ༈ །ཆེ་ཆུང་ཉི་ཤུ་བྱིན་རིལ་འཛིན། །ཉེར་ལྔ་ལུས་ན་དྲུག་ཆ་ལྷག །སུམ་ཅུ་ལུས་ན་སུམ་ཆ་ལྷག །སོ་ལྔ་ལུས་ན་ཕྱེད་ཆ་ལྷག །བཞི་བཅུ་ལུས་ན་སུམ་གཉིས་ལྷག །ཞེ་ལྔ་ལུས་ན་དྲུག་ཆ་འཛིན། །ལྔ་བཅུ་ལ་ནི་ལྔ་ཆའོ། །ལྔ་ཆ་དང་ནི་དྲུག་ཆ་ཡང་། །མཐོང་བར་དཀའ་ཕྱིར་ཟོན་འཚལ་ལོ། ༈ །ཡུན་ནི་སྦྱངས་ལྷག་ཆུ་ཚོད་དེས། །མཁའ་རོ་སྦྱངས་པའི་ལྷག་མ་ལ། །ལྔས་ཐོབ་སྒྲིབ་ཡུན་ཆུ་ཚོད་དོ། ༈། དུས་ནི་གཟའ་ཚེས་ལོངས་སྤྱོད་ལ། །ཉིན་ཚད་དག་གིས་སྦྱངས་པ་ཡི། །ལྷག་དེ་མུན་རུ་གནས་བཟུང་སྟེ། །འཛིན་པའི་བར་གྱི་ཆུ་ཚོད་གྲངས། །འོན་ཏེ་ཚེས་ལོངས་ཉུང་བའི་ཕྱིར། །སྦྱང་མ་ལྡང་ན་དེ་ཉིན་འཛིན། །དེ་ལ་འཛིན་ཡུན་བསྣན་པས་ཀྱང་། །མ་ལྡང་ན་ནི་མི་མཐོང་འགྱུར། ༈ །ཕྱོགས་ནི་ཟླ་བས་གདོང་སྦྱངས་སམ། །མཇུག་མས་ཟླ་བར་སྦྱངས་བ་ན། །ནམ་ཕྱེད་ཡིན་ན་བྱང་ཤར་ནས། །ནམ་སྟོད་བྱང་ཤར་བྱང་ཉེ་དང་། །ནམ་སྨད་བྱང་ཤར་ཤར་ཉེར་


LT41_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །གདོང་གིས་ཟླ་བ་སྦྱངས་པའམ། །ཟླ་བས་མཇུག་མ་སྦྱངས་པ་ན། །ནམ་ཕྱེད་ཡིན་ན་ཤར་ལྷོ་ནས། །ཕྱེད་གོང་ཤར་ལྷོ་ཤར་ལ་ཉེ། །ཕྱེད་འོག་ཤར་ལྷོ་ལྷོ་ལ་ཉེ། །གཉིས་ཀ་མཉམ་ན་ནམ་གུང་ཤར། །ཕྱེད་གོང་བྱང་ཤར་ཕྱེད་འོག་ན། །ཤར་ལྷོ་མཚམས་ནས་འཛིན་པར་འགྱུར། ༈ །ཁ་དོག་མཇུག་མར་དམར་སྐྱ་དང་། །གདོང་ལ་དམར་ནག་ཆུང་འཛིན་ནག །ཕྱེད་འཛིན་དམར་ནག་རིལ་འཛིན་ནི། །ལྕགས་བསྲེགས་ཐོག་མཐར་དུ་བ་འདྲ། །རྒྱུ་སྐར་མགོ་ལག་སྣར་མ་སྔོ། །ལར་ནི་ཤར་ནུབ་ས་ཡི་ཁྱོན། །ཟླ་བའི་འགྲོས་རྣམས་བརྟག་པར་བྱ། །འགྲོས་ནི་བྱང་བགྲོད་མཐར་ཐུག་ཚེ། །འཆར་བ་སྔ་ཞིང་ནུབ་པ་ཕྱི། །ལྷོ་བགྲོད་ཤར་ཕྱི་ནུབ་སྔ་ཟེར། ༈ །ཉི་ཟླ་གཉིས་ཀར་ཤེས་དགོས་པ། །གྲུབ་པའི་ཉ་སྟོད་ཚེས་ཆད་ན། །དེ་ཚེ་ཟླ་ཉི་མི་འཛིན་ཏོ། །ཟླ་ཉི་འཛིན་པའི་དུས་ཚོད་ཀྱང་། །གྲུབ་པའི་ཚེས་ལོངས་ཟད་མཚམས་བརྟག །དེ་ཡང་འདི་དང་གཞན་དུ་ཡང་། །བྱེད་པས་ཚེས་མཚམས་མི་རྟོགས་པས། །ངེས་སྟེར་ཅི་རིགས་བཤད་ན་ཡང་། །རང་བྱུང་ཞབས་ཀྱིས་རྩིས་བསྡུས་ལས། །ཚེས་ཀྱི་འཕོ་མཚམས་ངེས་པ་ནི། །དབྱར་དགུན་མཐར་ཐུག་བཅུ་དང་ཕྱེད། །སྣང་མུན་མཉམ་ལ་མདའ་བཞི་ཆ། །སྟོན་དཔྱིད་ར་ཐ་ཐུབ་པ་སྟེ། །དབྱར་དགུན་ར་ཐ་བརྒྱད་བཞི་གསུམ། །རེས་ཀྱི་གཟའ་ཡི་ཆུ་ཚོད་དུ། །བྱིན་བས་ནམ་ལངས་ནས་བཟུང་སྟེ། །


LT41_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པའི་དུས་སུ་འཛིན་པར་གསུངས། །གཞན་ཡང་ཉི་ཟླ་འཛིན་དུས་ཁྱད། །གཞན་དང་གཞན་གྱི་འདོད་པ་དང་། །འབྲས་རྩིས་ལྟས་ཀྱི་སྤྲོས་པ་སོགས། །ཞིབ་པར་བུམ་བཟང་གཞུང་དུ་གསལ། ༈ །དེ་ནས་དེ་ཡི་ལེགས་ཉེས་འབྲས། །རྩིས་གཞི་ཀུན་ལྡན་མར་བཤད་པ། །ཉི་མའི་རེས་ལ་གཟས་བཟུང་ན། །ཐན་པ་ཆེ་ཞིང་རྩི་ཤིང་སྐམ། །མུ་གེས་ཡུལ་བརླག་རྒྱལ་པོ་ཉམས། །ཟླ་བ་ཆར་ཆེ་འབྲུ་བཅུད་རྒྱས། །ནད་མེད་སྦྲུམ་མ་བདེ་བར་བཙའ། །མིག་དམར་འཁྲུགས་པས་ཡུལ་ཀུན་ཉམས། །ཁྱད་པར་དམག་དཔོན་དག་ལ་ངན། །ལྷག་པ་འགྲོ་རྣམས་ཕན་ཚུན་བྱམས། །ཆར་བ་རན་པས་འབྲུ་ཡང་བཟང་། །ཕུར་བུ་ཡོན་ཏན་འཕེལ་བ་དང་། །ཆོས་དང་མཐུན་པའི་བྱ་བ་འགྲུབ། །འོན་ཏེ་སད་སེར་འབབ་ཉེན་ཡོད། །པ་སངས་དམ་པས་བསྔགས་པ་དང་། །ལོ་ཏོག་འཕེལ་ཞིང་མི་རྣམས་སྐྱིད། །སྤེན་པ་རླུང་ལྡང་ཆར་ཡང་དཀོན། །དུས་མིན་ནད་དང་འཁྲུགས་པ་འབྱུང་། །བྲ་ཉེ་སྨིན་དྲུག་རྒྱལ་དང་མཆུ། །གྲེ་དང་ས་ག་ཁྲུམས་སྟོད་བདུན། །དེ་ལ་ཉི་ཟླ་གཟས་བཟུང་ན། །གྲོང་ཁྱེར་ནགས་ཚལ་མེ་ཡིས་འཚིག། མཁྲིས་པའི་ནད་དང་མུ་གེ་འབྱུང་། །མི་རྣམས་ཕལ་ཆེར་འཆི་བར་འགྱུར། །བཞོན་མ་རྣམས་ནི་འོ་མ་སྐམ། །འགོ་བའི་རིམས་ནད་སྣ་ཚོགས་འབྱུང་། །ཆོས་ལུགས་སྔ་མ་བཟང་པོ་ནུབ། །རྒྱལ་པོ་ཉམས་ཤིང་བྲན་རྣམས་


LT41_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག །ཡུལ་འཇིག་ཐལ་ཆར་འབབ་པར་འགྱུར། །ཆར་མེད་ཆུ་བོ་ལྟེང་ཀ་དང་། །རྩི་ཤིང་མེ་ཏོག་འབྲས་བུ་སྐམ། །དེ་རྣམས་མེ་ཡི་མཚན་མའོ། །ཐ་སྐར་མགོ་དང་ནབས་སོ་དབོ། །མེ་བཞི་ནག་བ་ས་རི་ལ། །ཡུལ་འཇིག་ཉི་མ་ནུབ་བྱང་དུ། །མུ་གེ་འབྱུང་ཞིང་ཐལ་ཆར་འབབ། །འོ་མ་མར་དང་བཅས་པ་འགྲིབ། །རླུང་གིས་ཡུལ་གྱི་ཤིང་ཆེན་དང་། ཁང་ཁྱིམ་ལྕགས་རིར་བཅས་པ་འཇིག །ཡུལ་དབུས་རྒྱལ་པོ་ནང་འཁྲུགས་བྱེད། །དགེ་སློང་བྲམ་ཟེ་སྔགས་པ་རྣམས། །ཕལ་ཆེར་མཚོན་དང་རིམས་ཀྱིས་འཆི། །རྟ་དང་གླང་ཆེན་བོང་བུ་དང་། །བ་ལང་རི་དྭགས་ནད་ཀྱིས་འདེབས། །མགྲོན་པོ་རྣམས་ནི་སྡུག་བསྔལ་ཏེ། །གཞན་ཡང་མི་དགེ་སྣ་ཚོགས་འབྱུང་། །དེ་ནི་རླུང་གི་མཚན་མའོ། །སྣར་མ་ལྷ་མཚམས་སྣྲོན་བྱི་བཞིན། །གྲོ་བཞིན་མོན་གྲེ་ཆུ་སྨད་ལ། །འཇིག་རྟེན་ཀུན་ཏུ་བདེ་བ་ཐོབ། །དགེ་སློང་བྲམ་ཟེ་ལ་སོགས་པ། །ཆོས་ལ་འདུན་ཅིང་འཇུག་པ་བདེ། །ས་ལ་རྩི་ཤིང་ལོ་ཏོག་འཕེལ། །ཁྱད་པར་ནས་དང་ཏིལ་དང་གྲོ། །ཡུངས་སྲན་ལ་སོགས་འབྲུ་རྣམས་རྒྱས། །ས་ཡི་ཚ་བ་ལྡང་བ་ཡིས། །སྲོག་ཆགས་ཕྲ་མོ་འཆི་བར་འགྱུར། །ཆར་ནི་ཆེ་ཆུང་ངན་པར་འབབ། །དེ་ནི་ས་ཡི་མཚན་མའོ། །ལག་སྐག་སྣུབས་དང་ཆུ་སྟོད་དང་། །མོན་གྲུ་ནམ་གྲུ་ཁྲུམས་སྨད་ལ། །རབ་ཏུ་དགེ་བས་འབྲུ་རྣམས་རྒྱས། །མཁའ་ལ་ཆར་ཆུ་སྙོམས་པར་འབེབས། །ས་ལ་རྩི་ཤིང་ལོ་ཏོག་འཕེལ། །


LT41_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་ནད་འཁྲུགས་མུ་གེ་མེད། །རྒྱལ་པོ་བདེ་ཞིང་རྩོད་ལས་རྒྱལ། །བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས། །འགྲོ་ཀུན་བདེ་ཞིང་སྐྱིད་པར་འགྱུར། །གཞན་ཡང་གསལ་ལྡན་མགོན་པོ་ཡི། །མྱུར་བར་རྟོགས་པར་འདི་སྐད་བཤད། །ཟླ་བ་དང་ནི་ཉི་མ་དག །ཟླ་ཕྱོགས་གཅིག་ལ་གཟས་བཟུང་གྱུར། །དེ་ཚེ་ས་བདག་ཕན་ཚུན་ནི། །ཁྲོས་པའི་མཚོན་གྱིས་ཟད་པར་འགྱུར། །ཤར་དང་ནུབ་ཕྱོགས་ནས་བཟུང་ན། །རིམ་བཞིན་འབྲུ་དང་རྒྱལ་པོ་ཉམས། །ཟླ་བ་ཉི་མ་ཐམས་ཅད་ཟོས། །སྐྱ་འཕམ་གསོད་པ་རབ་ཏུ་སྦྱིན། །ལུག་གི་ཁྱིམ་དང་དུས་སྦྱོར་ལ། །གཟས་བཟུང་མོན་ཡུལ་ཀཾ་པོ་ཛཿ། །ལྔ་ལེན་དང་ནི་ཀ་ལིངྒར། །སྐྱེ་བོ་རྣམས་ལ་འཚེ་བར་འགྱུར། །གླང་ལ་གཟས་བཟུང་བ་ལང་རྫི། །ཕྱུགས་དང་ལམ་འགྲུལ་སྐྱེ་བོའི་ཚོགས། །མི་ནི་ཆེན་པོ་རྣམས་ལ་ཡང་། །རྟག་པར་གནོད་པར་བྱེད་པ་ཡིན། །འཁྲིག་པའི་ཁྱིམ་དུ་ཉི་ཟླ་དག །གཟས་བཟུང་ལུས་མཆོག་མ་རྣམས་དང་། །པཱཀླི་ཀ་ཡི་མི་རྣམས་དང་། །ཡ་མ་ན་ཡི་འགྲམ་གནས་འཇོམས། །ཀརྐ་ཊ་ལ་གཟས་བཟུང་ན། །གྱད་ཡུལ་སོགས་དང་ཕྱུགས་རྫི་དང་། །རི་ཁྲོད་པ་དང་དེ་བཞིན་དུ། །ཉ་པ་རྣམས་ལ་འཚེ་བར་འགྱུར། །སེང་གེ་ལ་ནི་གཟས་བཟུང་ན། །ནགས་ལ་གནས་པ་ཐམས་ཅད་དང་། །རྒྱལ་པོ་དང་ནི་རྒྱལ་འདྲ་བའི། །མི་རྣམས་ལ་ཡང་གནོད་པར་འགྱུར། །བུ་མོ་ལ་ནི་


LT41_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གཟས་བཟུང་ན། །གྲོང་གསུམ་པ་དང་ཤཱ་ལི་དང་། །སྙན་ངག་མཁན་དང་ཡིག་མཁན་དང་། །ཕྱུགས་སྐྱོང་བ་ལ་འཚེ་བར་འགྱུར། །སྲང་གི་ཁྱིམ་དུ་གཟས་བཟུང་ན། །རྒྱ་མཚོ་ཆུ་ཡུལ་ཀ་ཀཱ་ཧུ། །མ་ལ་བ་དང་པ་རཱནྟའི། །ལེགས་པ་རྣམས་ནི་འཇོམས་པར་བྱེད། །སྡིག་པ་ལ་ནི་གཟས་བཟུང་ན། །སྦྲུལ་གྱི་རིགས་དང་མ་དྲ་དང་། །ཨུ་དུམྦ་ར་རྐུན་མ་དང་། །འཐབ་མོ་པ་ལ་གནོད་པར་བྱེད། །གང་ཚེ་གཞུ་ལ་གཟས་བཟུང་ན། །དེ་ཚེ་བློན་པོ་རྟ་རྣམས་དང་། །ལུས་འཕགས་གྱད་ཡུལ་ལྔ་ལེན་པ། །སྨན་པ་རྗེའུ་རིགས་རྣམས་ལ་འཚེ། །ཆུ་སྲིན་ལ་ནི་གཟས་བཟུང་ན། །དམན་པ་དང་ནི་སྔགས་འཆང་བ། །གནས་བརྟན་དང་ནི་ཀློག་མཁན་དང་། །ཙི་ཀུ་ཊ་ནི་ཟད་པར་བྱེད། །བུམ་པ་ལ་ནི་གཟས་བཟུང་ན། །རི་སྐྱེས་ནུབ་ཕྱོགས་སྐྱེ་བོ་དང་། །ཆོམ་རྐུན་ཕུག་གནས་ཕྱུགས་རྫི་དང་། །སརྦ་ར་ཡུལ་སོགས་ལ་གནོད། །ཉ་ལ་གང་ཚེ་གཟས་བཟུང་ན། །ཆུ་ཡི་རྫས་དང་རྒྱ་མཚོ་དང་། །ཆུ་ཡིས་འཚོ་བའི་འཇིག་རྟེན་གྱི། །མི་ལ་དེ་བཞིན་འཚེ་བར་ཤེས། །རྡུལ་གྱི་ཆར་གྱིས་ཟད་པར་བྱེད། །ཁུ་འཕང་གིས་ནི་འཇིགས་པར་བྱེད། །གློག་ལྟུང་བས་ནི་མེ་ཡིས་འཚིག །ཉི་མ་འཁྱིམས་པས་ནད་ཡམས་འབྱུང་། །ཕྱོགས་འཚིག་མེ་ཡི་འཇིགས་པ་སྐྱེད། །ཐོག་ལྟུང་རྒྱལ་པོར་འཇིགས་པ་སྟེར། །དྲག་པོས་རླུང་ནི་འཁྲུགས་པའི་སྒྲས། །རྐུན་མ་རྣམས་ལ་འཇིགས་པ་སྦྱིན། །གཟའ་


LT41_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་པ་དང་དེ་བཞིན་དུ། །དུ་པོད་མཐོང་བས་རྒྱལ་པོ་འཐབ། །གཟས་བཟུང་མཐར་ནི་ཆར་ཆེན་བབས། །སྐྱོན་རྣམས་ཐམས་ཅད་མེད་པར་འགྱུར། །གཞན་དུ་དང་པོའི་ཉིན་ཞག་ལ། །ཆར་འབབ་རྒྱལ་པོ་རྒྱལ་བར་འགྱུར། །གཉིས་པར་བདེ་ཞིང་ལོ་ལེགས་འགྱུར། །གསུམ་པར་རྐང་བཞིའི་ཕྱུགས་རྣམས་འཕེལ། །བཞི་ལ་ཆར་བབ་དགྲ་དང་འཐབ། །ལྔ་པ་ལ་ནི་མུ་གེ་འོང་། །དྲུག་ལ་ཆར་བབ་ཐམས་ཅད་དགེ། །ཞག་བདུན་བར་དུ་ཆར་མེད་ན། །ནད་དང་མུ་གེས་ཡུལ་འཁོར་འཇིག །ཟླ་བ་ཉི་མའི་དཀྱིལ་འཁོར་གྱི། །ཕྱོགས་ནི་གང་ནས་ཟིན་གྱུར་པ། །དེ་དང་དེ་ཡི་ཕྱོགས་དག་ཏུ། །དགེ་དང་མི་དགེ་འབྱུང་བར་འགྱུར། ༈ །གཟས་བཟུང་དུས་འདིར་དགེ་བའི་འགྱུར། །དྲན་ཉེའི་མདོ་ལས་འབུམ་འགྱུར་དང་། །འཇམ་དཔལ་རྩ་བའི་རྒྱུད་སོགས་ལས། །ཟླ་བ་བྱེ་བ་བདུན་འགྱུར་དང་། །ཉི་མ་བྱེ་བ་འབུམ་འགྱུར་ཏེ། །སིལ་བུའི་མདོར་ནི་སྟོང་ཕྲག་དག །བརྒྱ་འགྱུར་ཉིད་ཅེས་བཀའ་སྩལ་ཏེ། །དེ་དུས་ཤིང་ལ་མཚོན་བསྣན་ན། །འབྲས་བུ་འབྱིན་པར་འགྱུར་བ་སྟེ། །སྨན་སྦྱར་མཐུ་དང་ལྡན་པ་ཡིན། །འཇམ་དབྱངས་བསྒྲུབ་ཅིང་བཅུད་ལེན་བྱ། །ཞེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོའམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། ཟླ་ཉིར་སྒྲ་གཅན་འཇུག་རྩིས་འབྲས་བཤད་བཅས་ཀྱི་སྐབས་ཏེ་བདུན་པའོ།། །།


LT41_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་ཞི་བས་ཆགས་པའི་དམར་འོད་དང་། །དྲག་པོའི་མིག་གི་ས་ཐལ་བྱེད་ཚ་ངར་གྱིས། །ཚར་གཅོད་རྗེས་འཛིན་གྲུབ་པའི་ཁྱུ་ཡི་མཆོག །འཇིག་རྟེན་དབང་ཕྱུག་གཙུག་ན་ཟླ་བས་སྐྱོངས། །གཡུལ་རྒྱལ་རྒྱུད་ཀྱི་ཆུ་གཏེར་ལས། །དུས་སྦྱོར་ཁྱིམ་རྩིས་པདྨའི་གཉེན། །ཤར་བ་ཙམ་གྱིས་འབྱུང་འགྱུར་གནས། །སྣང་བྱེད་རྩ་བའི་རི་མོ་འགོད། །ཉི་མ་འཕོ་བའི་ངེས་པ་ནི། །ཉི་དག་སྐར་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །ཟླ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་མཁའ་མེས་བསྒྱུར་བ་ལ། །ཆུ་སྲང་གཉིས་ཀྱིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་འདས་པའི་ཞག །ཆུ་ཚོད་སོགས་ཀྱང་བྱ་ཡང་རུང་། །ཉི་འཕོའི་ཁྱིམ་དང་ཁྱིམ་ཞག་ཡིན། །དེ་ནས་ཞག་རེའི་འཕེལ་འགྲིབ་ནི། །འདས་ཞག་གནས་གཉིས་སྟེང་ཆུས་བསྒྱུར། །འོག་མ་ཉི་ཤུ་ལྔས་བསྒྱུར་ལ། །མཁའ་རོས་རྙེད་པ་སྟེང་སྦྱིན་ལྷག །སུམ་ཅུ་ལས་མང་སླར་གཅིག་བསྣན། །དེ་ཡང་མཁའ་རོས་ཐོབ་པ་དེས། །རང་རང་ཉིན་མོའི་ཆུ་ཚོད་ལ། །གཞུ་ལ་སོགས་པ་བྱང་བགྲོད་སྦྱིན། །འཁྲིག་སོགས་དྲུག་པོ་ལྷོ་བགྲོད་ལ། །འབྲི་བས་ཉིན་དེའི་ཆུ་ཚོད་འབྱུང་། །དེ་ཡིས་མཁའ་རོ་འཕྲི་ལྷག་མཚན། །འདས་ཞག་ཁྱིམ་དེའི་སྲང་གིས་བསྒྱུར། །མཁའ་མེས་གང་ཐོབ་འདས་པའི་སྲང་། །དེ་ཡི་ཁྱིམ་དེའི་ཆུ་སྲང་ལ། །འཕྲི་ལྷག་མ་འོངས་ཆུ་སྲང་ཡིན། །ཉིན་གཅིག་འདས་ལུས་


LT41_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པ་ལ། །ཆ་བདུན་ཐུར་མའི་བགོ་གཞི་ནི། །ཉ་དང་བུ་མོར་མཁའ་ཚེས་ཡིན། །ལུག་སེང་མཚོ་ཡིད་གླང་ཀརྚར། །དུས་འདོད་འཁྲིག་པ་དུས་ཉི་དང་། །སྲང་བུམ་མཚོ་ཚེས་སྡིག་གཞུ་ཆུར། །དུས་ཚེས་ཡིན་ནོ་དེ་དག་ལ། །ཐུར་མའི་ཆ་དང་ཐུར་གྲིབ་བཅས། །བསྡམས་པས་རང་རང་བགོ་གཞི་དེ། །གང་ཐོབ་ཆུ་ཚོད་ལྷག་མ་རྣམས། །མཁའ་རོས་བསྒྱུར་ཐོབ་ཆུ་སྲང་སྟེ། །སྔ་དྲོ་འདས་ལ་ཕྱི་དྲོ་ལུས། །དེ་ཡིས་ཉིན་ཚད་ལ་སྦྱངས་པས། །ཕྱི་དྲོ་འདས་ལ་སྔ་དྲོ་ལུས། །དུས་སྦྱོར་གང་ཡིན་ངོས་འཛིན་ནི། །འདས་པའི་ཆུ་ཚོད་མཁའ་རོས་བསྒྱུར། །ཆུ་སྲང་སྟེང་བསྲེ་ཆུ་སྲང་གྲངས། །དེ་ལ་མ་འོངས་ཆུ་སྲང་གིས། །འཕྲི་བའི་ལྷག་མར་རེའུ་མིག་བཞིན། །རིམ་བཞིན་སོ་སོའི་སྲང་གིས་འཕྲི། །གང་མ་ལྡང་དེ་ཏཏྐཱ་ལ་ཉིད། །དེ་ཡང་རང་རང་སྲང་གི་ཚང་། །ཉ་བུམ་མཁའ་མཁའ་ལག་པ་ཡིན། །ལུག་ཆུར་མཁའ་རྒྱལ་གླང་དང་གཞུར། །མཁའ་དང་ཀླུ་ལག་འཁྲིག་སྡིག་ལ། །མཁའ་སོའོ་ཀར་སྲང་མཁའ་རོ་མེ། །མཁའ་ཐིག་རྒྱ་མཚོ་བུ་མོ་སེང་། །དུམ་ལྔའི་དུས་སྦྱོར་བརྩི་བའི་ཕྱིར། །འཕྲི་བའི་ལྷག་མ་མཁའ་མེས་བསྒྱུར། །ཏཏྐཱལ་གང་ཡིན་ཆུ་སྲང་གིས། །བགོས་པའི་ཐོབ་ནོར་ཆ་ཤས་ཡིན། །ལྷག་མ་མཁའ་རོས་བསྒྱུར་ལ་བགོ། །ནོར་དེ་ཆུ་ཚོད་ཅེས་བྱ་སྟེ། །ཆ་ཤས་མཁའ་རོས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་བསྲེས་པ་དེ། །


LT41_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སྦྱོར་ཀུན་གྱི་གཞི་མ་ཡིན། །ཏཏྐཱལ་འཆུགས་མེད་ངོས་འཛིན་པ། །ཏཏྐཱལ་གང་ཡིན་སུམ་ཅུས་བསྒྱུར། །འོག་གི་ཆ་ཤས་སྟེང་དུ་བསྲེ། །དེ་ལ་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མཁའ་མཁའ་སྐྱོན་གྱིས་གང་ཐོབ་པ། །ཏཏྐཱལ་སྔ་མར་མཐུན་ན་དག །དེ་ནས་དུས་སྦྱོར་བྱེད་པའི་ཕྱིར། །ཀུན་གཞི་མཁའ་མཁའ་བུ་གས་བགོ། །རྙེད་པ་ཡོད་དམ་མེད་ཀྱང་རུང་། །འདི་ཕྱིན་དུམ་ལྔ་མཐའ་དག་ལ། །ལྷག་མ་བྱུང་ན་ནོར་གཅིག་བསྣན། །ནོར་དེ་གཉིས་ལས་མང་མི་སྲིད། །གཅིག་ནི་ཉི་མ་གཉིས་ཟླ་བ། །དུས་སྦྱོར་སུམ་ཆ་རྟོགས་པའི་ཕྱིར། །ཀུན་གཞི་མཁའ་མཁའ་རོ་ཡིས་བགོ། །ནོར་དེ་གསུམ་ལས་མང་མི་སྲིད། །གཅིག་དང་ཐིག་ལེ་ཏཏྐཱལ་ཉིད། །གཉིས་ནི་ཏཏྐཱལ་ནས་བགྲངས་ལྔ། །གསུམ་བྱུང་དགུ་པའི་དུས་སྦྱོར་ཏེ། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །དུས་སྦྱོར་དགུ་ཆ་རྟོགས་པའི་ཕྱིར། །ཀུན་གཞི་མཁའ་མཁའ་མིག་གིས་བགོ། །ནོར་དེ་དགུ་ལས་མང་མི་སྲིད། །ཏཏྐཱལ་ལུག་དང་སེང་གེ་གཞུ། །ལུག་ནས་བགྲངས་པའི་གྲངས་མཐུན་ལྟ། །འཁྲིག་བུམ་སྲང་རྣམས་སྲང་ནས་བགྲང་། །བུ་མོ་གླང་ཆུ་ཆུ་སྲིན་ནས། །ཀར་སྡིག་ཉ་རྣམས་ཀརྚ་ནས། །གང་མཐུན་བདག་པོའི་འབྲས་བུ་འབྱུང་། །བཅུ་གཉིས་ཆ་རྣམས་རྟོགས་པའི་ཕྱིར། །ཀུན་གཞི་མཁའ་ཚེས་ཀྱིས་བགོས་པའི། །ནོར་དེ་བཅུ་


LT41_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་མི་མང་། །ཏཏྐཱལ་ནས་བགྲངས་གྲངས་མཐུན་པའི། །ཁྱིམ་བདག་འབྲས་འབྱུང་གཅིག་ཐིག་མཚུངས། །སུམ་ཅུ་ཆ་ནི་རྟོགས་པའི་ཕྱིར། །ཀུན་གཞི་མཁའ་རོས་ཐོབ་ནོར་གྱི། །གྲངས་བསྡོམས་ཐད་ཀྱི་འབྲས་འབྱུང་སྟེ། །དེ་ཡང་གོང་གི་ཏཏྐཱལ། །ལུག་སོགས་མི་མཉམ་རིམ་པས་བགྲངས། །གླང་སོགས་མཉམ་པ་རིམ་མིན་བགངས། །མིག་སྤེན་ཕུར་ལྷག་པ་སངས་རྣམས། །གྲངས་ཀའི་ཐད་ཀྱི་འབྲས་བུ་སྟོན། །དེ་ལྟར་དུས་སྦྱོར་དུམ་དྲུག་གོ། །ཀུན་ཀྱང་ལྷག་མ་ལུས་པ་ན། །བགོས་པའི་ནོར་ལ་གཟུགས་ཀྱིས་བརྒྱན། །ཅེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། དུས་སྦྱོར་རྩ་བའི་རི་མོའི་ལག་ལེན་གྱི་སྐབས་ཏེ་བརྒྱད་པའོ།། །།


LT41_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བྱད་ཉི་མའི་དཔལ་དང་འོད་ཀྱི་རླབས། །མཚུངས་པར་མུན་པའི་རུམ་དུ་བཀྱེ་བ་མེད། །སྙིགས་མའི་ལམ་དུ་ཐམས་ཅད་མཁྱེན་པའི་འགྲོས། །བསྟན་པའི་ཉིན་མོར་བྱེད་ལས་སུ་ཞིག་རྒྱུ། །གནམ་གྱི་རྩ་བ་སའི་ཡལ་ག །གཟའ་ཆེན་ཉེར་བརྒྱད་དང་སྦྱར་བ། །ཉི་མའི་ཞག་ལ་འཁོར་བ་སོགས། །སྤོར་ཐད་གསེར་རྩིས་ཐོར་བུ་བཤད། །ཟླ་བ་དག་པ་མཁའ་མེས་སྤེལ། །གསུམ་བཀོད་བར་མར་ཐིག་ལག་དང་། །འོག་མར་དབྱིག་མཚོ་བྲོ་བསྟེར། །རིས་མཁའ་རིས་ཐོབ་ནོར་བར་བྱིན། །དེ་ཡང་ཆུ་རོས་ཕྱེ་བ་ཡི། །ནོར་གྱིས་སྟེང་སྦྱངས་ཉིན་ཞག་གོ། །ཉིན་ཞག་གནས་ཀུན་མཁའ་མེ་བསྣན། །འཁོར་ལོ་ལོངས་ན་སྔར་ལྟར་བྱ། །ས་གའི་ཟླ་སོགས་ཕྱི་རིམ་གསལ། །ཆུ་རོའི་གནས་སུ་ཐིག་ལེ་ཤར། །རྒྱ་ལུགས་ཞག་དེ་ཆད་པ་དང་། །དེ་ཉིན་ཆར་ཡང་བབ་པར་བཞེད། ༈ །དེ་ནས་ཉིན་ཞག་གནས་གཉིས་ཀྱི། །སྟེང་མར་ཀླུ་ལག་ཟླ་བ་གཞུག །མཁའ་མིག་རྒྱ་མཚོས་དོར་བའི་ལྷག །ཞག་དེའི་ཉི་ཁྱིམ་གྱོ་ཁང་བཅས། །བདེ་བླག་ཉིད་དུ་རྟོགས་འགྱུར་ཞིང་། །རྒྱ་བོད་ཚེས་མཚམས་སྦྱར་བ་ལ། །བདུན་གྱིས་བཅད་ཤུལ་རེས་གཟར་བྲིས། །མི་མཐུན་སྣོན་འབྲིང་རིགས་པས་དཔྱད། །དེ་ཚེ་སྟེར་འོག་གཉིས་ཀར་བྱ། །འོག་མར་བུག་བྱིན་ནག་པ་སོགས། །འདས་ཟླས་འཕྲི་ལ་ཉི་མས་བགོད། །དབུགས་ཐོབ་རང་ཟླའི་སྔོན་སོང་ངམ། །གལ་ཏེ་ཚེས་གཅིག་ལ་ཡོད་ཀྱང་། །སླར་ཡང་གཟུགས་ཀྱིས་དམན་པའི་ལྷག །


LT41_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་གཟའ་བཅུ་གཉིས་རིམ་འཆར་ཏེ། །གཅིག་ཤར་ཀྱན་ནས་ཐིག་ཤར་སིན། །དེ་ཡང་སོ་སོའི་དབུགས་ཐོབ་ལ། །སྔ་མའི་ཞག་རྣམས་བསྐྱར་ཏེ་བལྡབས། ༈ །དེ་ནས་ཟླ་བ་སོ་སོ་ཡི། །དབུགས་སྒང་ཇི་ལྟར་འཆར་བའི་ཚུལ། །རྟོགས་ཕྱིར་ཡོངས་འཛིན་ཆུ་བྱི་སོགས། །འདས་ལོ་དབུགས་ཐོབ་གནས་དྲུག་དང་། །སྒང་ལ་གནས་ལྔ་བཀོད་རིམ་བཞིན། །བཅུ་གཉིས་རེ་མིག་ཁ་བྱང་ལྟར། །སྒྱུར་བྱེད་རྣམས་ཀྱིས་སོ་སོར་བསྒྱུར། །སྦྱིན་བྱ་རྣམས་ཀྱང་དེ་བཞིན་སྦྱིན། །མས་རིམ་གནས་དྲུག་ཡང་ཆ་མིག །དེ་ནས་དབུགས་སྲང་དབང་པོ་ཉི། །མཁའ་རོས་དྲིལ་བའི་ལྷག་མ་རྣམས། །སོ་སོའི་དབུགས་སྒང་རྣམ་པར་དག ༈ །མགྱོགས་འདོད་སྔ་ལོའི་དབུགས་སྒང་ལ། །སྒྱུར་བྱེད་སོ་སོར་བྱིན་པས་འགྲུབ། །དེ་ལྟའི་རི་མོ་གང་འབབ་པ། །མཁའ་རོའི་གནས་ནི་དྲུག་ཅུའི་ལོ། །མཐུན་པའི་བྱ་ར་ཟིན་ནས་དོར། །དུས་དང་ཆུ་ཚོད་ལིའུ་ཐུ། །ཨངྒི་འབྲིའམ་ཧཱང་ལི་བཞིན། །སོ་སོར་མིང་གིས་ཁ་བྱང་འདེབས། །དུས་ཚོད་ནམ་གུང་བྱི་བ་ནས། །བརྩམས་པའི་ཉི་ཁྱིམ་བཅུ་གཉིས་ཤར། །དེ་ཡང་དུས་ཚོད་ད་ལྟ་བ། །དབྱུག་རྣམས་འདས་པའི་ངོས་བཟུང་བྱ། །བྱི་དུས་དབྱུག་གཉིས་ཆུ་སྲང་དུ། །སུམ་ཅུ་ལས་ཉུང་མཁའ་རོའི་གནས། །གཟུགས་ཀྱིས་འཕྲི་ལ་བྱ་ར་བཟུང་། །ཅི་ཕྱིར་ཞེ་ན་ཉིན་ཞག་དེའི། །ཐོག་མཐར་ཟིན་པའི་ཁྱད་པར་འབྱུང་། །དབུགས་ཐོབ་ཟླ་བ་སྔོན་མའམ། །རང་ཟླའི་བཅོ་ལྔ་ཡན་ཆད་ཤར། །དེ་ཕྱིན་ཉིན་ཞག་བཅོ་ལྔ་དང་། །བཅུ་དྲུག་མཚམས་སུ་ཕྱི་རིམ་ཟིན། །སྒང་ཚད་རྣམས་ནི་རང་ཟླ་ལས། །གཞན་དུ་འབྱུང་བ་མི་སྲིད་ཅིང་། །གལ་ཏེ་སྒང་ཚད་མེད་པ་ཞིག །བྱུང་ན་སྔ་མའི་ཟླ་བ་བཤོལ། །


LT41_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བརྟེན་དབྱར་དགུན་ཉི་མ་ཡང་། །སྣོན་དང་མགོ་ཉའི་སྒང་ལ་ལྡོག །ལོ་བལྟས་ས་གླང་དང་པོའི་དབུགས། །གཉིས་དབུགས་པ་ན་འབྲུག་སྐད་ལྡིར། །དེས་མཚོན་རྩིས་ཀྱི་ཡན་ལག་ཀུན། །དེ་ལ་བརྟེན་ནས་རྟོགས་པར་འཚལ། །ཉི་མ་འཆར་ནུབ་ཉིན་མཚན་ཚད། །ཡུལ་དང་དུས་ཀྱི་དབྱེ་བ་ཡང་། །ཤར་ལྷོ་ནུབ་བྱང་བཞི་ཡི་མཐིལ། །ཡོས་རྟ་བྱ་དང་བྱི་བ་བཀོད། །མཚམས་བཞིར་སྟོད་སྨད་གཉིས་ཕྱེ་བའི། །ཤར་ལྷོར་འབྲུག་སྦྲུུལ་ལྷོ་ནུབ་ཏུ། །ལུག་སྤྲེལ་ནུབ་བྱང་ཁྱི་ཕག་དང་། །བྱང་ཤར་གླང་སྟག་དང་བཅས་པ། །ས་ཡི་ཡན་ལག་བཅུ་གཉིས་ཏེ། །ཉི་མ་བྱང་བགྲོད་མཐར་ཐུག་དུས། །ཡུལ་དང་དུས་གཉིས་གཅིག་ཅར་དུ། །ཉི་ཤར་སྟག་དང་ཉི་ཞུད་ཁྱི། །ལྷོ་བགྲོད་དགུན་གྱི་ཉི་ལྡོག་ལ། །ཉི་ཤར་འབྲུག་དང་ཉི་ནུབ་སྦྲེལ། །དེ་ལྟར་དུས་གཟེར་ཉེར་བཞི་པོར། །ཉི་མ་འཆར་ནུབ་ཡུལ་དུས་བཅས། །གཅིག་ཏུ་མ་ངེས་རིམ་བཞིན་འཕོ། །འོན་ཀྱང་ནམ་གུང་བྱི་བ་དང་། །ཉིན་གུང་རྟ་ལ་འཕོ་འགྱུར་མེད། །ཞིབ་པར་འཆར་ནུབ་འགྲོས་གཉིས་ཀྱིས། །མི་འགྱུར་ངེས་པའི་གཟེར་བྱས་ན། །གཟའ་འཛིན་ལ་སོགས་གཏན་འབེབས་ཚེ། །འདི་ནི་སྙིང་གི་བདུད་རྩིར་མཐོང་། ༈ །གཞན་ཡང་གནམ་ལོའི་དབང་ཐང་ལས། །ཟླ་བའི་དབང་ཐང་རྟོགས་དགོས་ཕྱིར། །ཤིང་ཕོ་ས་མོའི་གནམ་ལོ་ལ། །ཟླ་བ་དང་པོ་མེ་ཕོ་སྟག །ཤིང་མོ་ལྕགས་ཕོར་ས་ཕོ་སྟག །མེ་ཕོ་ལྕགས་མོར་ལྕགས་ཕོ་སྟེ། །ས་ཕོ་ཆུ་མོར་ཤིང་ཕོར་བཟུང་། །མེ་མོར་ཆུ་ཕོར་ཆུ་སྟག་སྟེ། །ཕོ་མོ་གཉིས་གཉིས་སྦྲགས་འདོད་དེ། །གསུམ་པ་མན་ཆད་བུ་འདེད་བྱ། ༈ །ཉི་མའི་དབང་ཐང་གཞིར་བཞག་སྟེ། །དུས་ཚོད་འབྱུང་


LT41_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཚོལ་བ་ལ། །ཤིང་ཕོ་ས་མོར་ཤིང་བྱི་དང་། །ཤིང་མོར་ལྕགས་ཕོར་མེ་བྱི་སྟེ། །མེ་ཕོ་ལྕགས་མོ་ས་ཕོ་བྱི། །ས་ཕོ་ཆུ་མོར་ཆུ་བྱི་ཉིད། །མེ་མོར་ཆུ་ཕོར་ལྕགས་བྱིའོ། །དེ་ཡང་གཉིས་གཉིས་སྦྲགས་འདེད་དོ། ༈། ལོ་དང་ཟླ་བའི་སྨེ་བ་ལ། །ཡོངས་འཛིན་འདས་ལོ་བྲོ་བས་བརྒྱན། །སྨེ་བས་བགོས་ལྷག་ཕྱོགས་ལ་སྦྱངས། །ཟླ་སྨེའི་ཕྱིར་དུ་འདས་པའི་ལོ། །ཉི་མས་བསྒྱུར་ལ་འདས་ཟླ་བསྲེ། །རིག་བྱེད་བྱིན་ལ་དགུ་ཡིས་དོར། །ལྷག་མས་ཕྱོགས་ལ་སྦྱངས་པས་རྟོགས། །ལོ་ཟླ་གཉིས་ཀར་ལྷག་མེད་ན། །བུ་ག་བསྣན་ལ་འཕྲི་བར་བྱ། །མགྱོགས་པར་འདོད་ན་ལོ་སྨེ་ཡང་། །སྨེ་ཕྲེང་གསུམ་པོ་མ་ནོར་བར། །དྲུག་ཅུའི་ལོ་ཡི་ཐད་ནས་རྟོགས། །ཟླ་སྨེ་གནམ་ལོ་གང་ཤར་དེའི། །ཟླ་བ་སོ་སོའི་གྲངས་ཀྱིས་ཤེས། ༈ །ཞག་སྨེ་ལུགས་འབྱུང་ལུགས་ལྡོག་གི། །ཤིང་བྱི་གསུམ་པོ་མི་ནོར་བར། །ཉི་ཁྱིམ་དྲུག་ཅུས་བཙལ་བར་གྱིས། ༈ །དུས་ཚོད་སྨེ་བ་ཉི་མ་དང་། །བསྟུན་ནས་སོ་སོའི་དུས་ཀྱིས་འཚལ། །དེ་ལྟར་ལོ་ཟླ་ཞག་དུས་ཀྱི། །སྨེ་བ་གང་ཡིན་དབུས་བཞག་ནས། །ཕྱོགས་མཚམས་ལུགས་འབྱུང་ལུགས་ལྡོག་གཉིས། །གང་འོས་བསྐོར་མགོ་བྱས་ནས་ནི། །དཀར་གསུམ་དང་ནི་དགུ་དམར་གྱི། །ཕྱོགས་སུ་གཙང་བས་མ་ནོར་གཅེས། ༈ །ཞར་བྱུང་ཟླ་དུས་སྡོང་པོ་ཡང་། །གནམ་ལོ་ཉི་མའི་དབང་ཐང་ལས། །གཞན་གྱི་རིགས་པས་བསྒྲེ་བར་བྱོས། །


LT41_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

།།།།།དབུགས་ཐོབ་སྒང་ཚད་སོ་སོའི་ཉི་མ་ཤར་ནུབ། ཉིན་ཚད་མཚན་ཚད་དུས་རྟགས་དང་བཅས་པ། ཡོས་ཀྱི་ཆུ་ཚོད་སྲང་བཅས་འདས་མཚམས་ཉི་མ་ཤར། །བྱའི་ཆུ་ཚོད་ཕྲང་བཅས་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་ནམ་མཁའ་དྲངས། འཇའ་ཚོན་ཤར། ཉ་ལྕིབས་སྐྱེ། ཡོས་ཀྱི་ཆུ་སྲང་དབུགས་བཅས་འདས་མཚམས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་དབུགས་བཅས་འདས་ནས་ཉི་མ་ནུབ། ཉིན་ཚད་མཚན་ཚད་དུས་རྟགས་བོད་ཀྱི་ཕྱི་ཞིང་འདེབས། ཡོས་ཀྱི་ཆུ་སྲང་དབུགས་བཅས་འདས་མཚམས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་དབུགས་བཅས་ཟད་མཚམས་ཉི་མ་ནུབ། ཉིན་མཚན་བུས་རྟགས་དབྱར་ཚུགས། སླེ་ཏྲེས་ཀྱི་སྙི་མ་ཐོག་མར་སྐྱེ། སྟག་གི་ཆུ་ཚོད་སྲང་དབུགས་བཅས་འདས་མཚམས་ཉི་མ་ཤར། ཁྱིའི་ཆུ་སྲང་དབུགས་བཅས་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་སངས་ཆུང་རྩི་རྩི་འདེབས། སྟག་གི་ཆུ་ཚོད་སྲང་བཅས་འདས་མཚམས་ཉི་མ་ཤར། ཁྱིའི་ཆུ་སྲང་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་ཞིང་ལ་ཆུ་འདྲེན། སྟག་གི་ཆུ་ཚོད་སྲང་དབུགས་བཅས་འདས་མཚམས་ཉི་མ་ཤར། ཁྱིའི་ཆུ་ཚོད་སྲང་དབུགས་བཅས་སོང་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་དབྱར་གྱི་ཉི་མ་ལྡོག །


LT41_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཐོབ་སྒང་ཚད་སོ་སོའི་ཉི་མ་འཆར་ནུབ། ཉིན་ཚད་མཚན་ཚད་དུས་རྟགས་དང་བཅས་པ། སྟག་གི་ཆུ་ཚོད་སྲང་བཅས་སོང་ནས་ཉི་མ་ཤར། ཁྱིའི་ཆུ་སྲང་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་དྲོད་རླུང་ལྡང་། བྱ་ཁྲས་བྱིའུ་རྣམས་ཐོག་མར་འདེད། ། སྟག་གི་ཆུ་ཚོད་སྲང་དབུགས་བཅས་འདས་མཚམས་ཉི་མ་ཤར། ཁྱིའི་སྲང་དབུགས་བཅས་ཟད་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་དྲོད་ཆེ། ཆུ་བོ་གཞུང་རྒྱས། ཡོས་ཀྱི་སྲང་དབུགས་འདས་ནས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་དབུགས་བཅས་འདས་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་སྟོབ་མགོ་ཚུགས།ཡོས་ཀྱི་སྲང་དབུགས་འདས་ནས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་དབུགས་བཅས་སོང་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་དྲོད་གནས། ཆར་ཆུ་འབྲི། ཡོས་ཀྱི་ཆུ་ཚོད་སྲང་དབུགས་བཅས་འདས་མཚམས་ཉི་མ་ནུབ། བྱའི་ཆུ་ཚོད་སྲང་དབུགས་བཅས་སོང་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་པ་མོ་དཀར། ཡོས་ཀྱི་ཆུ་ཚོད་སྲང་བཅས་འདས་མཚམས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་བཅས་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་སྟོན་མཚམས་ནམ་མཁའ་དྭངས།


LT41_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཐོབ་སྒང་ཚད་སོ་སོའི་ཉི་མ་ཤར་ནུབ། ཉིན་ཚད་མཚན་ཚད་དུས་རྟགས་དང་བཅས་པ། ཡོས་ཀྱི་ཆུ་ཚོད་སྲང་དབུགས་བཅས་སོང་མཚམས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་དབུགས་བཅས་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་བ་མོ་འབབ། ཡོས་ཀྱི་ཆུ་ཚོད་སྲང་དབུགས་བཅས་འདས་ནས་ཉི་མ་ཤར། བྱའི་སྲང་དབུགས་འདས་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་སད་འབབ། ཤ་བ་དུ། ཡོས་ཀྱི་ཆུ་ཚོད་སྲང་དབུགས་བཅས་འདས་ནས་ཉི་མ་ཤར། བྱའི་སྲང་དབུགས་སོང་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་དགུན་མགོ་ཚུགས། ཆབ་རོམ་ཆགས། འཇའ་ཚོན་མི་མངོན། འབྲུག་གི་སྲང་དབུགས་འདས་མཚམས་ཉི་མ་ཤར། སྤྲེལ་གྱི་ཆུ་ཚོད་སྲང་དབུགས་བཅས་འདས་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་ཁ་བ་ཆུང་། འབྲུག་གི་ཆུ་སྲང་འདས་མཚམས་ཉི་མ་ཤར། སྤྲེལ་གྱི་ཆུ་ཚོད་སྲང་བཅས་འདས་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་ཁ་བ་ཆེ། ལྷག་དར་གྱིས་སྟག་གྲུས་ཕན་ཚུན་འཚོལ། འབྲུག་གི་ཆུ་ཚོད་སྲང་དབྱུགས་འདས་ནས་ཉི་མ་ཤར། སྤྲལ་གྱི་ཆུ་ཚོད་སྲང་དབུགས་འདས་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་དགུན་ཉི་ལྡོག །བོད་ཀྱི་དགུ་འདྲེན། །ས་འགས།


LT41_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཐོབ་སྒང་ཚད་སོ་སོའི་ཉི་མ་ཤར་ནུབ། ཉིན་ཚད་མཚན་ཚད་དུས་རྟགས་དང་བཅས་པ། འབྲུག་གི་ཆུ་སྲང་འདས་ནས་ཉི་མ་ཤར། སྤྲེལ་གྱི་ཆུ་ཚོད་སྲང་བཅས་འདས་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་གྲང་ལྷག་ཆུང་བ། འབྲུག་གི་སྲང་དབུགས་འདས་མཚམས་ཉི་མ་ཤར། སྤྲེལ་གྱི་ཆུ་ཚོད་སྲང་དབུགས་བཅས་འདས་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་གྲང་ལྷག་ཆེ་བ། ཡོས་ཀྱི་ཆུ་ཚོད་སྲང་དབུགས་བཅས་འདས་མཚམས་ཉི་མ་ཤར། བྱའི་སྲང་དབུགས་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་དབྱིང་ཚུགས། ས་གླང་བརྟགས་དྲོད་ཅུང་ཟད་འབབ། ངང་པས་འདམ་འདོན། ཡོས་ཀྱི་ཆུ་ཚོད་སྲང་དབུགས་བཅས་སོང་ནས་ཉི་མ་ཤར། བྱའི་སྲང་དབུགས་འདས་མཚམས་ཉི་མ་ནུབ། ཉིན་མཚན་དུས་རྟགས་ཆར་ཆུ་རྒྱས། ནམ་མཁའ་འཇམ། ཡོས་ཀྱི་ཆུ་ཚོད་སྲང་དབུགས་བཅས་འདས་ནས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་དབུགས་བཅས་སོང་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་འབྲུག་སྐད་འདོན། ཡོས་ཀྱི་ཆུ་ཚོད་སྲང་བཅས་འདས་ནས་ཉི་མ་ཤར། བྱའི་ཆུ་ཚོད་སྲང་བཅས་སོང་ནས་ཉི་མ་ནུབ། ཉིན་མཚན་དུས་རྟགས་རགས་པར་སྔ་ཞིང་རྨོ།


LT41_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་འབྱུང་བ་ཤིང་མེས་ལྕགས་ཆུ་རྣམས་ལ་ཐབས་ཤེས་ཀྱི་དབྱེ་བས་ཐྱན་ཀྭན་ཏེ་གནམ་གྱི་རྩ་བ་བཅུའི་རྩིས་ལ། ཤིང་ཕོའི་ཉི་མར་བང་མཛོད་ཕྱེ། །ནོར་རྫས་ཉམས་པར་འགྱུར་བ་ཡིན། །ཤིང་མོར་ཤིང་བཙུགས་ས་བོན་བཏབ། །སྐྱེ་བར་མི་སྲིད་གོས་བཟོ་ན། །ཡུན་རིང་གྱོན་པར་འགྱུར་མ་ཡིན། །མེ་ཕོར་ཐབ་ཀ་བཟོ་བྱས་ན། །མེ་ཡིས་འཇིགས་པ་འབྱུང་བར་བཤད། །མེ་མོར་སྐྲ་བྲེགས་ཤུ་བ་འབྱུང་། །ས་ཕོར་ཞིང་བླངས་ལོ་ཉེས་འབྱུང་། །ས་བོན་འདེབས་པའང་དེ་བཞིན་ནོ། །ས་མོར་ཚོང་ཁྲ་དན་ཡིག་དག །བྱས་ན་ཕན་ཚུན་གཉིས་ཀ་གུམ། །ལྕགས་ཕོར་ཐག་བཏགས་དོན་མེད་འགྱུར། །ལྕགས་མོར་རྒྱ་ཟས་བཙོང་བཟོས་པ། །ཉོ་མཁན་འགའ་ཡང་རྙེད་མ་ཡིན། །ཆུ་ཕོར་ཁྲུན་བྲུ་ཆུ་རྐ་བཏོད། །ཆུ་བཏང་བྱས་ན་ནང་རྐྱེན་འོང་། །ཆུ་མོར་གཏུག་ཤེར་རང་ཉིད་ཕམ། ༈ །སའི་ཡན་ལག་བཅུ་གཉིས་ཀྱི་རྩིས་ལ། །བྱི་ཉིན་མོ་འདེབས་ན་ཚ་འབྱུང་། །གླང་གི་ཉི་མར་གོས་སར་གྱོན། །རང་གི་ཁྱིམ་ནང་ལྡོག་མི་འགྱུར། །སྟག་ཉིན་ལྷ་ལ་གསོལ་མཆོད་བྱས། །ལྷ་ཉིད་བདུད་དུ་འབབ་པར་བཤད། །ཡོས་ལ་ཁྲུན་བརྐོས་ཆུ་མི་ལེགས། །འབྲུག་ལ་མྱ་ངན་དུ་འབོད་བྱས། །ཡང་གཅིག་འཆི་བར་འགྱུར་བ་ཡིན། །སྦྲུལ་ཉིར་ལམ་ཞུགས་ནོར་རྫས་བརླག །རྟ་ལ་ཐོག་འབུབས་མྱུར་དུ་ཞིག །ལུག་ཉིར་སྨན་ཟོས་དུག་ཏུ་འགྱུར། །སྤྲེལ་གྱི་ཉི་མར་མལ་ཁྲི་བཅའ། །དེ་ལ་འདྲེ་ཡིས་ཉལ་ས་བྱེད། །བྱ་ཉིར་བྱ་སྒོང་ཉུལ་བཅུག་ན། །ཕྲུ་གུ་མི་འཚར་མགྲོན་བོས་ན། །གློ་བུར་ཚབ་འཚུབས་འོང་བར་བཤད། །ཁྱི་ཉིར་ཁྱི་ལེན་བདུད་དུ་འགྱུར། །ཕག་ཉིར་ཕག་གསོས་ཐམས་ཅད་འཆི། །བག་མ་བླངས་ན་མག་པར་ངན། །སྤྱིར་ནི་གནམ་ལོའི་བདུན་ཟུར་ཉིན། །


LT41_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སྦྱོར་གྱི་རྩིས་ནི། །ཉི་མ་དང་ནི་དུས་ཚོད་གཉིས། །གྲངས་ཀ་རེའུ་མིག་བཞིན་དུ། །ཉི་མའི་སྡོང་པོ་ཡལ་ག་དང་། །དུས་ཀྱི་ཡལ་ག་དང་བཅས་པའི། །གྲངས་རྣམས་སོ་སོར་གཅིག་ཏུ་བསྡེབས། །དཔེར་ན་ཤིང་ཕོ་བྱི་བའི་ཉིན། །ཤིང་ཕོ་དང་ནི་བྱི་བ་གཉིས། །དགུ་གཉིས་བསྡོམས་པས་བཅོ་བརྒྱད་སྟེང་། །གླང་གི་དུས་ཚོད་དང་བསྟུན་ན། །གྲངས་ཀ་བརྒྱ་བསྣན་ཉེར་དྲུག་འབྱུང་། །ཏཱ་གྱི་སྱན་བབ་ཤིན་ཏུ་དགེ། །དེ་བཞིན་ཤིང་མོ་ཕག་གི་ཉིན། །ཉི་ཤར་ཡོས་དུས་བཅོ་བརྒྱད་འབྱུང་། །དད་ཐྱན་སྱན་བབ་དེ་ཡང་དགེ། །འདི་དག་སྱན་བརྒྱད་ལ་བབ། །རྒྱལ་སར་འདོན་དང་བག་མ་བསུ། །ལམ་ཞུགས་ཁང་གསར་སྐྱས་འདེགས་དང་། །ཁང་བཟོ་ས་ཁ་དབྱེ་བ་སོགས། །ཆེ་ཕྲ་བྱ་བ་གང་ལའང་བསྔགས། །འདི་སྟེང་ཐུན་གསུམ་བསྡེབས་ཤེས་ན། །དངུལ་སྡོང་གསེར་གྱི་མེ་ཏོག་བཀྲ། །གཞན་ལ་མ་གྲགས་དུས་སྦྱོར་ཏེ། །མན་ངག་བདུད་རྩི་ཐུན་མཚམས་ཡིན། །དུས་ཚོད་ལོ་ཀྱིང་དང་བསྟུན་གནད།། །།


LT41_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཁྱིམ་བཅུ་གཉིས་དང་སྦྱར་བའི་གཟའི་རྩིས་ལ། ཀྱན་གྱི་ཉི་མར་ལམ་ཞུགས། ཞལ་བ་བྱེད་པ། ལྷ་གསོལ་བ། བསླབ་སྦྱངས། དོན་གཉེར་སོགས་བཟང་། ས་རྒོ་བ། མཛོད་ཕྱེ་བ། གྲུ་གསར་བཏང་བ་སྤངས། ཆུའི་ཉི་མར་ལྷ་གསོལ། ཞུ་འབུལ། ལམ་ཞུགས། སྨན་དཔྱད། གཏར་སྲེག །ས་བོན་འདེབས་པ་རྣམས་བཟང་། ནོར་སྐྱི་འགྲུལ་བཏང་ན་རྩ་བ་བརླག །དམན་གྱི་ཉི་མར་རྟ་ནོར་གསོ་བ། གད་བརྡར། སྐྱེ་ཤིང་འཛུགས་པ། ལམ་ཞུགས། གོས་དྲ། ཐགས་བྲན། ས་བོན་འདེབས་པ། ཚོང་བྱེད་པ་རྣམས་བཟང་། ས་རྐོ། སྨན་གཏོང་། འཕོ་སྐྱས་སོགས་སྤངས། ཡིན་གྱི་ཉི་མར་ལྷ་གསོལ། ཞལ་བ། ལམ་བཟོ། ཐགས་ཁང་བཟོ་བ་སོགས་ལེགས། ས་བོན་འདེབས་པ། ཡུར་བ་བརྐོབ། ཐགས་བཏགས་པ་རྣམས་སྤངས། ཏིན་གྱི་ཉི་མར་སློབ་གཉེར། ཚོགས་བསགས། ལག་སྡེབ། གོས་དྲ་དྲུབས། རྟ་ནོར་ར་ལུག་ཉོ་བ་སོགས་བཟང་། ཞུ་གཏུགས། ལམ་ཞུགས། ས་བོན་བཙུགས་པ་སྤངས། གྱིའི་ཉི་མར་ཚོགས་བསགས། སྲིད་འཚོལ། དན་ཡིག་བཞག་པ། རྐུན་མ་འཚོལ་བ། བཟུང་བ། ཁང་པར་ས་བླུགས་པ་སོགས་ལྷན་པོའི་རིགས་བྱེད་པ་བཟང་། ལམ་བགྲོད། ནོར་རྫས་མཛོད་དུ་བཞག་པ། ཕྱིར་བཏང་བ་རྣམས་སྤངས། ནོར་ར་བཟོས་ན་གཅན་གཟན་ཞུགས། ཕོའི་ཉི་མར་ནད་བཅོས་པ། སྨན་འཐུང་། ཁང་


LT41_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་བཤིགས་བ། འཐབ་མོ་བྱེད་པ་རྣམས་བཟང་། ལམ་ཞུགས། ས་བོན་འདེབས་པ། ལས་མགོ་བཀད་པ། བག་མ་ལེན་པ། མགྲོན་འབོད་པ། ནོར་ཕྱུགས་གསོ་བ་སོགས་འཛེམ། ཝའི་ཉི་མར་བྱ་བ་རྒྱ་ཆེན་གཞི་བརྩམས་པ། ལྷ་གསོལ། ལག་སྡེབ། ཉ་བཤོར་བ། མལ་བཅའ། དན་ཡིག་བྲི་བ་ལེགས། གྲུ་སྒྲོལ་བ། རྒྱན་འདོགས་པ་སྤངས། ཆིན་གྱི་ཉི་མར་ཚོགས་གསོག། སློབ་གཉེར། བག་མ། མཆིག་བཙུག །ལམ་ཞུགས། གོས་དྲ་གྱོན། ཕྱུགས་གསེ། འཕོ་སྐྱས། ས་བོན་གདབ་པ་བཟང་། ཁ་མཆུ་བྱས་ན་གང་སྨྲས་བདེན་ཐོབ། ཤིའུའི་ཉི་མར་ལྷ་གསོལ། སློབ་གཉེར། མཛོད་བཅའ་བ། བག་མ། ནོར་ཚུར་བསྡུ་བ་སོགས་དགེ་ལས་མཐའ་དག་བཟང་། བྱ་བ་ངན་པའི་རིགས་དང་། ལམ་ཞུགས། ཚོང་། ཁྲག་གཏར་བ། ཐགས་བཏགས་པ། ཁང་ལས། དུར་སྦ་བ་འཛེམ། ཁས་ཀྱི་ཉི་མར་ཚོགས་གསོག་བསླབ་སྦྱང་། མཛོད་སྒོ་ཕྱེ་བ། གོས་དྲ། བག་མ། ལམ་བཟོ། ལམ་ཞུགས། ཞུ་འབུལ། ས་བོན་འདེབས་པ། ཤིང་འཛུགས། རྩིས་སྤྲོད་ལེན་བཟང་། ངན་པའི་སྲི་ལངས་ཉེས་ཡོད་པ་དང་། ས་རྐོ། དུར་འདེབས། རོ་འདོན་པ་སྤངས། སིན་གྱི་ཉི་མར་དགེ་ལས། སྐྱེ་ཤིང་། མེ་ཏོག་འཛུགས་པ། ཕྱུགས་གསོ། གུར་ཕུབ། མལ་ཁྲི་བཅའ་བ། ཚོང་ཟོག་བསྡུ་བ། ཁྲ་མ་འབྲི་བ་བཟང་། མིག་ནད་ཅན་གྱིས་ལྷ་རྗེ་


LT41_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པ། གཏར་ག །ལམ་ཞུགས། འཕོ་སྐྱས། ས་རྐོ། ཁང་ལས་སྤངས། ༈ །གཟའ་བདུན་དང་རྒྱུ་སྐར་ཉེར་བརྒྱད་སྦྱར་བའི་རྩིས་ལ། གྱོ་ཕུར་བུ་སྟེ་ནག་པ་ཁང་ལས་བྱས་ན་ཞིང་དང་ནོར་འབྱོར། བག་མ་བསུ་ན་བུ་བརྒྱུད་ཡ་རབས་འོང་། སློབ་གཉེར་བྱས་ན་ལས་ཚན་མཐོ་ལ་གོང་མ་དང་མཇལ། དུར་སྦ་ན་ལོ་གསུམ་རྒྱབ་ནས་ན་ཚ་འོང་། ཁང་ལས་ཀྱི་ལས་མགོ་དང་དུར་བཟོ་བཅོས་བྱས་ན་འཆི་རྐྱེན་འོང་། འདི་གཽ་མཽ་ཀྱ་སྟེ་སྟག་གི་ཉི་མ་ལ་ཕོ་བྲང་དུ་འབྱོར། ཁང་པ་སངས་ཏེ་ས་རི། ཡོས་ཀྱི་ཉི་མ་ལ་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་དར། ཞག་བཅུ་ནས་བུ་ཆེ་བ་ལ་རྐྱེན་ངན་འོང་། ཞིང་དང་ཁང་པ་ཉམས། ལས་ཚན་ཡིན་ན་དེ་ཤོར། དམག་ལ་འགྲོན་སྟག་དང་འཕར་བས་གནོད། བག་མ་བསུ་ན་བུ་དང་ཚ་བོ་ཁང་སྟོང་དུ་བསྡད་དགོས་པ་འོང་། དུར་སྦ་ན་གོད་ཁ་དང་རྐྱེན་ངན་ལྡང་། ཏིས་སྤེན་པ་སྟེ་ས་ག །འབྲུག་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་རྐྱེན་ངན་འོང་། ཞིང་དང་ལྡུམ་ར་ཟད་ཅིང་བང་མཛོད་སྟོང་། དུར་སྦ་ན་ཐག་པས་རྐེ་བཅིངས་པ་སོགས་རྐྱེན་ངན་སྣ་ཚོགས་འབྱུང་། གཉེན་བསྡེབས་ན་བྱེ་བྲལ་འོང་། གྲུ་སྒྲོལ་ན་ངེས་པར་ཆུར་བྱིངས། སྤུ་ཉི་མ་སྟེ་ལྷ་མཚམས། བྱ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཞིང་དང་ལྡུམ་ར་འབྱོར། རྟ་ནོར་ཕྱུགས་ཀྱིས་རི་ལུང་གང་། བཙན་ཕྱུག་འཛོམ་ལ་བུ་དང་ཚ་བོ་ཡ་རབས་འོང་། དུར་སྦ་


LT41_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་ཚན་མཐོ་ལ་འཕར་ཞིང་གོང་མའི་མདུན་ལ་འགྲོ། བག་མ་བསུ་ན་བུ་བརྒྱུད་ཟླ་བའི་དཀྱིལ་འཁོར་དུ་ཞུགས། ལོ་གསུམ་མཚམས་ནས་བུ་ཁུར་ཏེ་གོང་མའི་ཁང་པར་སླེབས། གསིན་ཟླ་བ་སྟེ་སྣྲོན། སྟག་གི་ཉི་མར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་རྒྱལ་པོའི་ཆད་པ་དང་། བཙོན་དུ་ཞུགས་དགོས་པ་འོང་། ཞིང་དང་ཁང་པ་བརླག །དུར་སྦ་ན་འཆི་རྐྱེན་འོང་། གཉེན་བསྡེབས་ན་བུ་བརྒྱུད་ཤི་ལ་མཆི་མས་གདོང་པ་གང་བ་འོང་། བྱ་བ་ཀུན་མགོ་མཐའ་མེད་པ་འོང་། དབིས་མིག་དམར་ཏེ་སྣུབས། ཡོས་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ལྷའི་བཀའ་དྲིན་ཐོབ། བཙན་ཕྱུག་ཕུན་ཚོགས་ཚེ་བསོད་འཛོམ། ནོར་དང་རིན་ཆེན་འབྱོར། ཞིང་ས་རྙེད། བག་མ་བླངས་ན་བུ་ཡ་རབ་བཙས། དུར་སྦ་ན་ཕོ་མོ་ཐམས་ཅད་བཟང་ཞིང་བུ་དང་ཚ་བོ་དར། སྒོ་ཕྱེ་ཆུ་ཡུར་ཁྲིད་ན་ཞིང་དང་ཁང་པ་རྙེད། མི་རབས་རིམ་པ་བཞིན་དུ་གོང་མའི་བློན་པོ་བྱེད་ཅིང་གྲགས་པ་ཐག་རིང་དུ་རྒྱས། ཀྱཱི་ལྷག་པ་སྟེ་ཆུ་སྟོད། འབྲུག་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་མཐོན་པོར་འགྱུར། ལོ་རེ་བཞིན་དུ་བཀྲ་ཤིས། དུར་སྦ་བའང་བཟང་། ཞིང་ས་དར་ལ་རྟ་ནོར་གྱིས་རི་གདོང་ཁྱབ། སྒོ་ཕྱེ་ཆུ་ཡུར་ཁྲིད་ན་ནོར་རྫས་དང་འབྲུ་རྙེད། གསེར་དངུལ་གྱི་སྒྲོམ་བུ་དང་ལོ་ཏོག་གིས་བང་བ་གང་། དཔོན་ས་མཐོན་པོར་ཐོབ་ཅིང་ཉེ་བ་ཐམས་ཅད་ཕྱུག་བཙན་བདེ་ལེགས་འོང་། རཱུ་ཕུར་བུ་སྟེ་


LT41_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྨད། །གླང་གི་ཉི་མར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ནོར་རྫས་རྙེད། །ཞི་དྲག་གི་དཔོན་པོ་སོ་སོར་ལས་ཚན་མཐོ། །ཞིང་དང་ཁང་པ་ནོར་རྫས་མང་པོ་འོང་། དུར་ལས་བྱས་ན་ཕྱུག་བཙན་འཛོམ། སྒོ་ཕྱེ་ཆུ་ཡུར་དྲངས་ན་རྟ་ནོར་རྙེད། དར་འབུ་འཕེལ་ཞིང་བུ་དང་བུ་མོ་ཡོང་། །སྐར་མ་འདི་དང་འཕྲད་ན་དུས་ཀུན་ཏུ་བཀྲ་ཤིས་ཤིང་རྐྱེན་ངན་མེད། ཉེའུ་པ་སངས་ཏེ་གྲོ་བཞིན། རྟ་ཉིན་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་རྐྱེན་ངན་འོང་། ཁྱིམ་ཚང་མི་བདེ་མི་གྲངས་བྱེར། ཞིང་དང་དར་འབུལ་མི་ལེགས། བག་མ་བསུ་གཉེན་བསྡེབས་ན་ཐམས་ཅད་ཀྱིས་ཚུར་རང་ལ་གནོད། གསེར་དངུལ་རྒྱུ་རྫས་མེད་དུ་འགྲོ། སྒོ་ཕྱེ་ཆུ་ཡུར་ཁྲིད་ན་རྟ་ནོར་ལུག་ཕྱུག་ལ་གནོད། གཉོས་སྤེན་པ་སྟེ་བྱི་བཞིན། ཕག་ཉིན་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་བུ་མོ་ལ་གནོད། བུ་སྤུན་ཐམས་ཅད་གཅིག་གིས་གཅིག་ལ་སྡང་བས་སྟག་དོམ་འཕར་བ་འདྲ་བ་འོང་། དུར་སྦ་ན་རྐྱེན་འབྱུང་། འདྲེ་དང་འཕྲད། བྱ་བ་བྱས་ཚད་དཔོན་པོ་ལ་གཏུགས་ནས་ནོར་རྫས་བརླག་པ་འོང་། སྨྱོ་ནད་འོང་། སྒོ་ཕྱེ་ཆུ་ཡུར་དྲངས་ན་ཁྱིམ་བརླག །ཡུལ་གཞན་དུ་དོན་དགོས་པ་འོང་། ཤུའི་ཉི་མ་སྟེ་མོན་གྲེ། བྱི་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་རྐྱེན་ངན་དང་། ཕོ་མོ་སོ་སོར་རྐྱང་པར་ཉལ་དགོས་པ་འོང་། བུ་དང་ཚ་བོ་རྣམས་ངོ་ཚ་མེད་པ་འོང་། སྒོ་ཕྱེ་ཆུ་ཡུར་དྲངས་ན་གོད་ཁ་


LT41_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་། སྟག་དང་སྦྲུལ་གྱི་གནོད་པ་དང་། ལོ་རེ་བཞིན་དུ་ནད་རིམས་ཀྱིས་འཆི་རྐྱེན་འོང་། ཝུ་ཟླ་བ་སྟེ་མོན་གྲུ། གླང་ཉིར་ཕོ་བྲང་དུ་འབྱོར། ཁང་པ་མཐོན་པོ་བཟོ་མི་ཉེན། ཁྲག་བབས་པ་སོགས་ཀྱི་གོད་ཁ་འོང་། ལོ་གསུམ་གྱི་བྱིས་པའང་ཆུ་ནང་ཤི་བ་ཡོང་། ཕྱི་ནས་ཐག་རིང་འགྲོ་མི་ཡོད་ན་ཡང་རང་ཡུལ་དུ་མི་འཁོར། དུར་སྦ་ན་ལོ་ངོས་ལ་ཉལ་འདུག་དགོས་པ་འོང་། སྒོ་ཕྱེ་ཆུ་ཡུར་དྲངས་ན་གོད་ཁ་འོང་། ལོ་གསུམ་མཚམས་ནས་ལན་ལྔ་སེམས་སྡུག་དགོས་པ་འོང་། ཞི་མིག་དམར་ཏེ་ཁྲུམས་སྟོད། རྟ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཞིང་དང་གླང་འབྱོར། མི་རབས་རིམ་པ་བཞིན་དུ་བུ་དང་ཚ་བོ་རྣམས་གོང་མ་དང་ཉེ་བར་འགྱུར། ཕྱུག་བཙན་དར་རྒྱས་ལྷ་ཡུལ་དུ་སླེབས། ཕཱིང་ཙུའི་ལྟ་བུ་ལོ་བརྒྱད་བརྒྱ་ཐུབ། སྒོ་ཕྱེ་ཆུ་ཡུར་དྲངས་ན་ནོར་རྫས་རྙེད། བག་མ་ལེན་ན་བུ་ཡ་རབས་བཙས། དུར་སྦ་ན་ཁང་སྒོ་དར་ཞིང་བུ་བརྒྱུད་རྒྱས། དབིའི་ལྷག་པ་སྟེ་ཁྲུམས་སྨད། ཕག་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཞིང་དང་གཞིས་ཀ་འབྱོར། གོས་དར་འཕེལ་ལ་བསོད་ནམས་ནམ་མཁར་འཕྱུར། བྲན་ཕོ་མོ་དང་མི་གྲངས་འཕེལ། སྒོ་ཕྱེ་ཆུ་ཡུར་དྲངས་ན་མི་རབས་ཁྱད་འཕགས་ཚར། དུར་སྦ་ན་ནོར་རྫས་འབྱོར་ཞིང་ལས་ཚན་ཐོབ། ཁྱིམ་ནང་བྱ་བ་ཅི་བྱེད་བདེ་སྐྱིད་ལྡན། བག་མ་བླངས་ན་བུ་མཆོག་བཙས་ལ་བཟང་། སྔ་


LT41_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་གྲགས་པ་ཆེན་པོ་ཐོབ་ཅིང་མྱེས་པོའི་རིང་གི་ལྕག་ཚན་འཛིན། ཁོའི་ཕུར་བུ་སྟེ་ནམ་གྲུ། སྤྲེལ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་བཀྲ་ཤིས་པར་འོང་། དུར་སྦས་ན་ལོ་གཅིག་གི་ནང་ནས་མི་གཉིས་གསུམ་ཤི་བའི་རྐྱེན་ལྡང་། རྒྱལ་པོའི་ཆད་ལས་ཕོག །སྒོ་ཕྱེ་ཆུ་ཡུར་དྲངས་ན་གོད་ཀ་འབྱུང་། ལོ་གསུམ་མཚམས་ནས་བུ་གཉིས་ལ་གཟན་པར་འོང་། ལི་འུབ་སངས་ཏེ་ཐ་སྐར་བྱ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཁྱིམ་མཐུན། བྱ་བ་ཀུན་དར། ནོར་རྫས་རྣམས་ཉིན་རེ་བཞིན་ཁྱིམ་དུ་འོང་། ཕུ་ནུ་ཐམས་ཅད་གྲགས་པ་ཆེ། གཉེན་བསྡེབས་ན་བརྒྱུད་ཡ་རབས་འོང་། གསེར་དངུལ་དར་གོས་ཀྱིས་མཛོད་སྒམ་གང་། སྒོ་ཕྱེ་བ་དང་ཆུ་ཡུར་དྲངས་ན་བཀྲ་ཤིས་པར་འོང་། ཕོ་མོ་ཐམས་ཅད་ཕྱུག་བཙན་འཛོམ་སྟེ་ཚེ་རིང་བར་འབྱུང་། དབུའི་སྤེན་པ་སྟེ་བྲ་ཉེ། ཁྱི་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཕྱུག་བཙན་འཛོམ། དགའ་བ་མང་། དུར་སྦན་ལས་ཚན་མཐོ་ལ་གོད་ཁ་མེད། གཉེན་བསྡེབས་ནའང་ཕྱུག་ཅིང་བཙན་ལ་བཟའ་མི་ཡུན་རིང་དུ་འགྲོགས་པ་འོང་། ཁྱིམ་ཚད་དར་ཞིང་བུ་ཚའི་བརྒྱུད་པ་གསེར་གྱི་ཐེམ་སྐས་འཛེགས་པ་འདྲ། མའུ་ཉི་མ་སྟེ་སྨིན་དྲུག །ཡོས་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཞིང་དང་གླང་འབྱོར། དུར་སྦ་ན་རྒྱལ་པོའི་ཆད་པ་རྒྱུན་མི་ཆད། ཉི་མ་གཉིས་ཀྱི་མཚམས་ནས་མི་གསུམ་ཤི་


LT41_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བ་འོང་། ཞིང་དང་ལྡུམ་ར་ཐམས་ཅད་བཙོང་དགོས་པ་འབྱུང་། སྒོ་ཕྱེ་ཆུ་ཁྲིད་ན་གོད་ཁ་ལྡང་། ལོ་གསུམ་གྱི་བྱིས་པའང་སྐྲ་དཀར་པོར་འགྲོ། གཉེན་བསྡེབས་ན་གསོན་པོ་བྱེར་ལ་སེམས་སྡུག་པ་འོང་། བིའི་ཟླ་བ་སྟེ་སྣར་མ། སྤྲེལ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཁང་ཁྱིམ་འོད་དང་ལྡན། ཁང་ཞིང་ཉོ་རྒྱུ་རྙེད་ནས་འབྲས་དང་ནོར་རྫས་རྙེད། དུར་སྦ་ན་དཔོན་པོའི་ལས་ཚན་ཐོབ། ཞིང་དང་དར་འབུད་ར་ལ་ཡུན་རིང་ལོ་ལེགས་འོང་། སྒོ་ཕྱེ་ཆུ་ཁྲིད་ན་བཀྲ་ཤིས་ཤིང་ཁྱིམ་མི་ཐམས་ཅད་བདེ་བ་འོང་། གཉེན་བསྡེབས་ན་བུ་བརྒྱུད་བཟང་པོ་སྐྱེས། ཚེ་བསོད་འཛོམ་པ་འོང་། ཙུའི་མིག་དམར་ཏེ་མགོ། བྱ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་དཀའ་ལས་ཐམས་ཅད་ཆུད་ཟོས། ལོ་གསུམ་སྟེང་ནས་བྱེ་བྲལ་འོང་། དུར་སྦ་ན་འཆི་རྐྱེན་འོང་། ངེས་པར་སྟག་གི་ལོ་ལ་མི་ཤི་འོང་། མི་གསུམ་ཙམ་འཆི། ཁྱིམ་ཚང་ཁང་ཞིང་ཐམས་ཅད་བརླག །བང་མཛོད་ཐམས་ཅད་ཀྱང་ཐལ་བར་འགྱུར། ཀཱི་ན་ལྷག་པ་སྟེ་ལག །ཁྱི་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཁྱིམ་ཚང་དར། བསོད་ནམས་སྐར་མས་མགོན་འོང་། ཞིང་དང་ནོར་རྫས་དར་ཞིང་རྒྱས་དུར་སྦ་ན་ནད་དང་འཆི་རྐྱེན་འོང་། སྒོ་ཕྱེ་ཆུ་ཁྲིད་ན་ལས་ཚན་ཐོབ། བུ་དང་ཚ་བོ་ཞིང་ས་འཕེལ། བག་མ་བླངས་ན་ཕན་ཚུན་གནོད་པ་འོང་། བུ་དང་བུ་མོའི་མེ་ཏོག་སྔ་དྲོ་ཧ་ནས་ཕྱི་དྲོ་ལྟུང་། ཙིང་ཕུར་བུ་སྟེ་ནབས་


LT41_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལུག་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་དར་འབུ་དང་ཞིང་འཕེལ། གསེར་གྱི་བྱང་བུ་ལ་མིང་བྲིས་པའི་ལས་ཚན་ཨངྐི་དང་པོ་ཐོབ། དུར་སྦ་ན་སྐྲག་སྣང་གི་འཆི་རྐྱེན་དང་། གློ་བུར་དུ་རླུང་ནད་ཀྱིས་འཆི་རྐྱེན་ཡོད། སྒོ་ཕྱེ་དང་ཆུ་ཁྲིད་ན་རྟ་གླང་ནོར་ཕྱུགས་དང་བུ་བརྒྱུད་རྣམས་འཕེལ་ཞིང་རྒྱས། ཀུའི་པ་སངས་ཏེ་རྒྱལ། བྱི་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་བྲན་གཡོག་བརླག །ཁང་པའི་ནང་ན་བདག་པོའི་བུ་བརྒྱུད་མཐོང་རྒྱུ་མེད། དུར་སྦ་ན་ལས་ཚན་ཐོབ། བུ་དང་ཚ་བོའི་བརྒྱུད་པ་རིམ་པ་བཞིན་གོང་མ་དང་ཐག་ཉེ། སྒོ་ཕྱེ་ཆུ་ཁྲིད་ན་འཆི་རྐྱེན་འོང་། བག་མ་བསུ་ན་བཟའ་མི་གཉིས་མཐའ་མི་བརྟན། གྱང་བརྡུང་ན་མནའ་མ་མངལ་ཆགས་པ་ལ་གནོད། ལིའུ་སྤེན་བ་སྟེ་སྐག །སྦྲུལ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་གྱོད་འོང་། ཐུན་མས་རྟག་ཏུ་འཚེ་ལ་བདེ་མི་འཇུག །དུར་སྦ་ན་ཚད་རིམས་ཀྱིས་འཆི་རྐྱེན་འོང་། ཞིང་དང་ར་བ་བྱེར་ཞིང་ཡུགས་སར་ལུས། སྒོ་ཕྱ་ཆུ་ཡུར་དྲངས་ན་འོན་ལོང་དང་། རྐེད་པ་སྒུར་ཅིང་གཞུ་འདྲ་འོང་། ཆད་ལས་དང་བུད་མེད་གཞན་དུ་འཁྱམས་པའང་འོང་། གསིན་ཉི་མ་སྟེ་མཆུ། རྟའི་ཉི་མར་ཕོ་བྲང་དུ་འབྱོར། ཁང་གསར་བཟོ་བ་བཟང་། ལས་ཚན་མཐོ་ཞིང་གོང་མའི་མདུན་དུ་ཉེ་བར་འགྱུར། དུར་སྦ་དང་ཆུ་ཡུར་དྲངས་ན་གོད་ཁ་འོང་ལ་མོ་རིགས་ཐམས་


LT41_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འཆི། བག་མ་བསུ་ན་བྱེ་བྲལ་འོང་ལ་མི་གཞན་ཞིག་གི་ཕག་ལ་འགྲོ་དགོས་པ་འབྱུང་། ཆུ་ཁྲིད་ན་ཚེ་ལ་གནད། ཙྭང་ཟླ་བ་སྟེ་གྲེ། ལུག་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ལོ་རེ་བཞིན་ཞིང་དང་གཉིས་ཀ་འོང་། དུར་སྦ་ན་ཡུན་མི་རིང་གོང་ནས་ལས་ཚན་ཐོབ། མི་རབས་རིམ་པ་བཞིན་ལས་ཚན་བྱེད་ནས་གོང་མ་དང་ཉེ་བར་འགྱུར། སྒོ་ཕྱེ་ཆུ་ཡུར་ཁྲིད་ན་ནོར་རྫས་རྙེད། གཉེན་བསྡེབས་ན་བསོད་ནམས་འཕེལ་ཞིང་། ཞིང་དང་དར་འབུ་ལེགས། གཞིའི་མིག་དམར་ཏེ་དབོ། བྱི་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་ཁང་པ་མཐོན་པོ་བཟོ་བ་མི་ལེགས། ལོ་གསུམ་ནང་ནས་ནད་ངན་ལན་གཉིས་འོང་། དུར་སྦ་ན་མི་ལེགས། བུ་ཚ་གཞན་གྱི་ཡུལ་དུ་འཁྱམས་པར་འགྱུར། བག་མ་སློང་ན་བུ་མོ་རྣམས་ལ་མི་ལེགས་པ་འོང་། སྒོ་ཕྱེ་ཆུ་ཡུར་ཁྲིད་ན་ཁྱིམ་བརླག །བུ་མོ་གཞོན་མ་ཚོ་ཕྱིའི་མེ་ཏོག་ལ་ཆགས་པར་འགྱུར། ཅིང་ལྷག་པ་སྟེ་མེ་བཞི། སྦྲུལ་ཉིར་ཕོ་བྲང་དུ་འབྱོར། ཁང་ལས་བྱས་ན་འབྲུག་མཁར་བརྩེགས་པ་ཡིན། མི་རབས་རིམ་པ་བཞིན་དུ་ལས་ཚན་མཐོན་པོ་བྱེད། ཕྱུག་བཙན་དར་རྒྱས་ཚེ་བསོད་འཕེལ། ལོ་ཐོག་གིས་བང་མཛོད་གང་ལ་སྟོན་ཐོག་འོང་། དུར་སྦ་ན་བཀྲ་ཤིས་སར་མས་མགོན། ཁྱིམ་ཚང་བདེ་ཞིང་གོད་ཁ་མེད། གཉེན་བསྡེབས་ན་འབྲུག་མཁར་ནས་འཐོན་པ་ལྟ་བུ་འོང་། ཡང་སོ་སོར་དམིགས་གསལ་


LT41_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དག་གཟའ་བདུན་སྤྱིའི་འབྲས་བུ་བསྡུས་ཏེ་བཀོད་པ་ལ། སྥུ། ཤུའི། མའུ། གསིང་སྟེ་ཉི་མ་བཞི་ལ། ཉི་མ་སྣང་བ་ཆེན་པོ་གསལ་བ་ཡིན་པས་བྱ་བ་ཀུན་ལ་བཟང་། ཁང་ལས་དང་ཐག་རིང་གི་ཉོ་ཚོད་བྱེད་པ་ལ་རྒྱུ་རྫས་མང་པོ་འཕེལ། ལས་ཚན་འཚོལ་ན་ཁྲི་འཕང་ཟེ་མཐོར་འགྲོ་ཞིང་གོས་མཐོན་པོ་ཐོབ། ལམ་ཞུགས་དང་འཕོ་སྐྱས་རྣམས་བཟང་པོར་གནས། བག་མ་བསུ་བ་དང་། ཞིང་ཉོ་ན་བུ་མཆོག་བཙས་པ་སོགས་དགའ་ཞིང་སྐྱིད་པར་འོང་། ཁྱད་པར་དུ་ཏིན་ཀྱོའི་སྟེ་བཞག་པ་ལྟ་བུ་ཡོས། འབྲུག་སྦྲུལ། རྟ་རྣམས་ཀྱི་ཉི་མ་དང་། ཕོ་བྲང་འབྱོར་བའི་ཉིན་ལ་ལྷག་པར་བཟང་། དཔའུ། གཡིས་ཙྭང་གི་ཉི་མ་ལ་དེ་ལས་ཀྱང་བཟང་། ཉི་མ་འདི་ལ་དུར་སྦ་ཁོ་ན་ངན། གཞན་བྱ་བ་བརྒྱ་ཕྲག་གཅིག་ལ་བཟང་བར་བཤད། ཉིན་མོ་རིང་དུས་སྟག །ཐུང་དུས་ཡོས། ཟླ་བ་བཅུ་གཉིས་པར་འབྲུག་གི་དུས་ནས་བཟུང་སྟེ་ཉིན་ཕྱེད་རྟའི་བར་དུ་ཉི་མ་དར། ཁྱད་པར་དུ་ལྷོའི་རྟ་ལ་དབང་བའི་གསིན་ཉི་མ་དེ་དང་འཕྲད་ན་ལྷག་པར་སྟོབས་ཆེ། གཞན་རྣམས་སྟོབས་ཆུང་། ཉིན་གུང་ནས་ནམ་གུང་བར་ཉི་མ་གུད་པའི་དུས་ཡིན། གསིན། ཝཱུ། བིའི། ཙྭང་སྟེ་ཟླ་བ་བཞིའི་རེས་ལ། ཏིན་ཀྱའོ་སྟེ། སྤྲེལ་བྱ་ཁྱི་ཕག་བྱི་གླང་གི་ཉི་མ་དང་། ཕོ་བྲང་འབྱོར་ཉིན་ལྷག་པར་བཟང་། ཁང་ལས། དུར་སྦ། ཐག་རིང་གི་ཉོ་ཚོང་བྱེད་པ། བག་མ་བསུ་


LT41_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ལ་ལྷག་པར་བཟང་ཞིང་གྲགས་པ་ཐོབ། འཕོ་སྐྱས་ལམ་ཞུགས་ཀྱང་བཟང་ལ་སྐྱིད་འཕེལ། ཏིན་ཀྱའོ་དང་ཕོ་བྲང་སླེབས་ཉིན་ཡིན་ན་གོས་ཆེན་སྟེང་ན་གསེར་རིས་ཁྲིད་པ་དང་འདྲ་བས་ཤིན་ཏུ་ཡང་དགེ། དཔའུ། གཡིས། ཙྭང་གི་ཉི་མ་ལ་ལྟག་པར་ལེགས། ཡོས་འབྲུག་སྦྲུལ་རྟ་རྣམས་ལ་ཟླ་བ་འོད་མི་གསལ་བའི་དུས་ཡིན་པས་བཟང་ཡང་ནུས་པ་ཆུང་། ཁང་ལས་སོགས་ཉི་མ་དང་འདྲ་ཡང་དུར་སྦ་ལ་ནི་མཆོག་ཏུ་བཟང་། ཉིན་མོ་རིང་དུས་ཁྱི། འབྲིང་དུས་ཉི་ཐལ། ཐུང་དུས་སྤྲེལ་སྨད་ཙམ་ནས་ཕྱེད་ཡོལ་གླང་དུས་དང་། ཚེས་བརྒྱད་ནས་བཅོ་ལྔའི་བར་ཤིན་ཏུ་དར། དེ་ནས་ཐོ་རེངས་སྟག་གི་བར་དུ་ཡང་དར་བ་ཡིན། དབིས། ཞི། ཙུའི། གཞིའི་སྟེ་མིག་དམར་བཞིའི་རེས་ལ། དུར་སྦ་བ་བཟང་། ལྷག་པར་ཕོ་བྲང་སླེབས་ཉིན་དུར་འདེབས་པ་ཡིན་ན་བཙན་ཕྱུག་འཛོམ་ལ་འགྲན་ཟླ་དང་བྲལ་བ་འོང་། ཁང་ལས་བྱས་ན་མེ་དགྲ་འོང་། ཐག་རིང་ཉོ་ཚོང་བྱེད་ན་རྒྱབ་ནས་ཤི་རྐྱེན་འོང་། ལར་བྱ་བ་ཅི་བྱས་ཀྱང་དུད་མོ་ཤོར་བའི་རྐྱེན་ངན་སྣ་ཚོགས་འབྱུང་། དུར་སྦ་མ་གཏོགས་གཞན་བྱ་བ་ཐམས་ཅད་དངོས་པོ་རྣམས་མེ་དང་འཕྲད་ན་འཚིག་འགྲོ་བ་ལྟ་བུ་ཡིན་པས་སྤངས། དར་བའི་དུས་སྟག །སྦྲུལ། རྟ་རྣམས་ཀྱི་ཉི་མ་དང་། དབྱར་ར་འབྲིང་མེ་དར་བའི་དུས་ཡིན་པས་ངན་སྟོབས་ལྷག་པར་ཆེ། བྱ་བ་གལ་ཆེན་མི་བྱེད་ཀ་མེད་པ་བྱུང་ན་དགུན་ར་


LT41_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དང་། ཆུ་ཁྱི་ཕག་སྤྲེལ་གླང་བཅས་ཀྱི་ཉི་མ་ལ་གུད་པའི་དུས་ཡིན་པས་ངན་སྟོབས་ཆུང་སྟེ་སྐྱོན་མེད། དར་བའི་དུས་དང་ཕོ་བྲང་འབྱོར་ཉིན་རྣམས་ལ་བྱ་བ་ཅི་བྱས་ཀྱང་ངན་སྟོབས་ཤིན་ཏུ་ཆེ་བས་གོད་ཁ་ལྡང་བ་སོགས་ཉེས་པ་དུ་མ་འབྱུང་བས་འཛེམ་པ་གལ་ཆེ། ཀྱཱི། དབིའི། ཀྭིན། ཙིང་སྟེ་ལྷག་པ་བཞིའི་རེས་ལ། གཞོྭ་སིའུ་སྟེ་གུད་པའི་སྐར་མ་ཟེར། ཁང་ལས་དུར་སྦ་སོགས་བྱ་བ་ཁྲི་ཕྲག་ལ་དོན་གཉེར་ན་བུ་དང་ཚ་བོ་ཕོ་མོ་ཐམས་ཅད་ཚུལ་མཐུན་པ་མི་འོང་། བུ་ཚ་ཉམས་དམས་ནས་མི་ཡིས་བརྙས་བཅོས་བྱེད། གྱོད་ཁ་མཆུ་ན་ཚ་འོང་། བག་མ་བསུ་ན་གཟའ་སྐར་བཟང་ཡང་མི་ཉེན། དབའུ། གཡིས་ཙྭང་གི་ཉི་མ་བྱུང་ན་རྟ་ནོར་གསོ་བ། མེ་ཏོག་ལྡུམ་ར་བཟོ་བ། ཆར་སློང་བྱེད་པ། ཆུ་རྫིང་བརྐོ་བ། མེ་ཏོག་བཙུགས་སྤོས་བྱེད་པ། ཤིང་སྦྱར་བ། རོལ་མོའི་རིགས་བཟོ་བ་རྣམས་ཅིས་ཀྱང་ལེགས། བྱི་འབྲུག་སྤྲེལ་གསུམ་གྱི་དུས་དང་བསྟུན་ན་དེ་ལས་ཀྱང་བཟང་། སོ་སོའི་ཕོ་བྲང་དུ་འབྱོར་ཉིན་གོ་རྩིས་བྱེད་པ། ཁང་ལས། དུར་སྦ། གྲུ་སྒྲོལ་བ། གོས་དང་གུར་དྲ་བཟོ་བྱེད་པ། ཆང་བཙོ་བ། བུ་ལོན་བཏང་བ་བཅས་འཛེམ། སྤྲེལ་ཕག་བྱི་བའི་ཉི་མ་དང་དུས་ཚོད་རྣམས་ལ་དར་བས་བཟང་། སྟག་ནས་ལུག་གི་ཉི་མའི་བར་ཞག་དྲུག་ལ་གུད་པས་བཟང་བཤད་རྣམས་མི་འགྲུབ། དུས་བཞི་ལས་ཕག་དང་བྱའི་ཟླ་བར་དར། གྱོ།


LT41_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རཱུ། ཁོའི། ཙིང་སྟེ་ཕུར་བུ་བཞིའི་རེས་ལ། ཁང་ལས། དུར་སྦ། བག་མ་འགྲོ་བསུ་བྱས་ན་བུ་ཡ་རབས་བཙས། དེ་ལས་ཀྱང་ཕོ་བྲང་དུ་འབྱོར་བའི་ཉི་མ་ལ་བུ་བཙས་ན་མི་བརྒྱུད་ལ་ངོ་མཚར་བ་འོང་། ལས་ཚན་འཚོལ་ནའང་ལས་ཚན་ཐོབ་ཅིང་ཁྲི་འཕང་ཇེ་མཐོར་འགྲོ། ཁེ་བསྙག །ཉོ་ཚོང་། འཕོ་སྐྱས། ལམ་ཞུགས་སོགས་ལའང་བདེ་བ་ཐོབ། དཔའུ། གཡིས། ཙྭང་གི་ཉི་མ་དང་། ཕག །སྟག །ཡོས་ཀྱི་ཉི་མ་རྣམས་དང་འཕྲད་ན་ཕུར་བུ་ལྷག་པར་དར་བས་ངེས་པར་མི་མཆོག་བཙན་པོ་ཆེན་པོ་ཐོབ། ཁྭང་། ཉིའུ། ལཱུ། ཀུའི་སྟེ་པ་སངས་བཞིའི་རེས་ལ། ཁང་ལས། དུར་སྦ། བག་མ། འཕོ་སྐྱས་སོགས་འཛེམ་དགོས་འདི་ལ་དཔོན་པོ་ཁྲི་ཁར་བཞག་ན་གྲགས་པ་མང་པོ་བརྙེས། ངེས་པར་ལས་ཚན་ཇེ་མཐོར་འགྲོ། ལམ་དུ་ཞུགས་ན་གཞན་གྱི་བཀུར་སྟི་ཐོབ། ཐག་རིང་ཉོ་ཚོང་དང་། མགྲོན་པོ་ཚོགས་ན་བཅུ་འགྱུར་གྱི་ཁེ་ཡོང་། སྒོ་བཟོ་བ། ཐབ་བཅའ་བ་སོགས་བྱས་ན་སྐྱིད་ཅིང་སྤྲོ། གོང་དུ་བཤད་པའི་འཛེམ་བྱ་རྣམས་དང་། རྟ་ནོར་གྱི་ར་བ་བཟོ་བ་བཅས་ལ་ཕོ་བྲང་དུ་འབྱོར་ཉིན་དང་། དར་བའི་ཉི་མ་སོགས་ལ་ལྷག་པར་ངན། དེ་བཞིན་དུ་དར་བའི་དུས་འདིར་བཟང་བ་རྣམས་ཀྱང་བཟང་ཐོག་ཏུ་བཟང་བརྩེགས་པ་དང་འདྲ། དར་བའི་དུས་ནི་སྦྲུལ། སྤྲེལ། བྱའི་ཉི་མ། དུས་བཞི་ལས་བྱ་སྤྲེལ་གཉིས་ཀྱི་ཟླ་བ་ཡིན། གལ་སྲིད་གླང་སྟག་སྟེ་དུར་ཞུགས་


LT41_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ལེན་གཉིས་ཀྱི་ཉི་མ་དང་འཕྲད་ན་བཟང་ངན་ཅིའང་སྟོབས་ཆུང་། ཏིས། གཉོས། དབུའི། ལིའུ་སྟེ་སྦེན་པ་བཞིའི་རེས་ལ། ཁང་ལས། དུར་སྦ། བག་མ་འགྲོ་བ་སོགས་བྱ་བ་ཐམས་ཅད་ལ་ངེས་པར་འཛེམ་དགོས། གལ་ཏེ་བྱས་ན་ཁམ་ཆུ་འོང་། དཔོན་པོ་དང་ལས་ཚན་བརྐོས་ན་ཁྱིམ་ཚང་དང་མི་བརྒྱུད་ལ་གནོད། རང་ལའང་ན་ཚ་འོང་། ལྷག་པར་ཚེས་གཉིས་དང་བཅུ་དྲུག་ལ་འདི་ཡོད་ན་བདེ་སྐྱིད་མི་འོང་། ཤྱན་གཡྱང་ཟེར་བ་ན་རེ། ཚེས་གཉིས་དང་བཅུ་དྲུག་ལ་བག་མ་བསུ་བ། དཔོན་པོ་བསྐོ་བས་འཆི་རྐྱེན་འོང་ཟེར་བ་འདི་ཡིན། ཁྱི་ཉིར་ཕོ་བྲང་དུ་འབྱོར་བ་དང་། མེ་ཁྱིའི་ཉི་མར་དཔའུ་སྟེ། དེས་ན་མི་ཁྱིའི་ཉི་མ་འདི་ལ་བག་མ་ལེན་པ་ཁོ་ན་ལ་ལྷག་པར་བཟང་། སྟག་སྦྲུལ་གཉིས་དང་ཁྱི་འབྲུག་གླང་ལུག་བཞིའི་ཉི་དུས་ལ་དར་བས་ངན་སྟོབས་ཆེ། ས་རྒྱལ་བཞིའི་ཞག་དང་ཐུག་ན་དེ་ལས་ཀྱང་ངན་སྟོབས་ཆེ། ཡང་དཔའུ། གཡིས། ཙྭང་། ཙིའི། སྤུ་ཞེས་པའི་ཉི་མ་རྣམས་ནི། བྱི་བའི་ཉི་མ་ལ་དཔེར་མཚོན་ན། ལྕགས་ཕོ་བྱི་བའི་ཉིན་ལྟ་བུ་འབྱུང་བ་ལྕགས་མ། ཉི་མ་བྱི་བ་དེ་ཆུ་ཡིན་པས་བུ། དེ་ལ་དཔའུའི་ཉི་མ་ཟེར་བཟང་། ཤིང་བྱི་ལ་འབྱུང་བ་བུ། ཉི་མ་མ་སྟེ་གཡིས་ཞེས་བཟང་། ཆུ་བྱི་ལ་གཉིས་ཀ་ཆུ་ཡིན་པས་ཙྭང་སྟེ་དེའང་བཟང་། ས་བྱི་ལ་འབྱུང་བ་དེ་ཉི་མའི་དགྲར་གྱུར་པས་ཙིའི་སྟེ་གོང་མས་བློན་པོ་ལ་བཀའ་བཀྱོན་པ་


LT41_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་སྐྱོན་མེད་ཙམ་དང་། མེ་བྱི་ལ་ཉི་མ་དེ་འབྱུང་བའི་དགྲར་གྱུར་པས་སྥ་སྟེ་བློན་པོས་གོང་མ་ལ་ངོ་ལོག་པ་དང་འདྲ་བས་ཤིན་ཏུ་ངན། དེས་ན་གཟའ་རྣམས་ཀྱང་དཔའུ། གཡིས། ཙྭང་། ཙིའི། སྥ་རྣམས་དང་ཐུག་ན་བཟང་པོ་བཟང་སྟོབས་ཆེ་ལ་ངན་པ་ངན་སྟོབས་ཆེ་ཞེས་ཐང་ཤུ་ཆེན་མོ་ལས་བཤད། གཟའ་སོ་སོའི་ཕོ་བྲང་དུ་སླེབས་ཉིན་གསབ་ཆད་པའི་ཉི་མའམ། སྔར་དམའ་ཉི་ཞེས་བསྒྱུར། ལམ་ཞུགས། ལྷ་འབྲི་བ། བླུགས་པ། ས་བརྐོ་བ་རྣམས་འཛེམ་པར་བྱའོ།། །།


LT41_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


previousརྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས།next