Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

94 occurrences of ཆུ་བཟང་
[Clear Hits]


  
 
 
  
  
 
 
68   
སྨེ་བ་དགུ་རྩིས།
  
 
  
  
  
  
  
  
  


94 occurrences of ཆུ་བཟང་
[Clear Hits]

 
previousསྨེ་བ་དགུ་རྩིས།next

སྨེ་བ་དགུ་རྩིས།


LT41_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བ་དགུ་རྩིས་ལ། སྨེ་དགུའི་བདག་པོ་སྲིད་པའི་ལྷ་དགུ་ཞེས། །ལུགས་འབྱུང་ལུགས་ལྡོག་ཚུལ་གྱིས་འཕོ་བ་སྟེ། །དགུན་གྱི་ཉི་ལྡོག་འོག་གི་ཤིང་བྱི་ནས། །ལྔ་སེར་དྲུག་དཀར་བདུན་དམར་བརྒྱད་དཀར་སོགས། །ཉིན་ཞག་རེ་དང་སྨེ་བ་རེ་སྦྱར་བའི། །དབུས་སུ་གང་གནས་ཉིན་བདག་ཕྱོགས་མཚམས་རྣམས། །བོད་རྩིས་དཀྱུས་ཀྱི་སྨེ་འཁོར་བཞིན་དུ་འགོད། །དེ་ཡང་ཇི་སྲིད་དབྱར་གྱི་ཉི་ལྡོག་བར། །གཅིག་རྗེས་གཅིག་ནོན་ལུགས་འབྱུང་ཚུལ་དུ་འཕོ། །དབྱར་གྱི་ཉི་ལྡོག་འོག་གི་ཤིང་བྱི་ནས། །བཞི་ལྗང་སུམ་མཐིང་གཉིས་ནག་གཅིག་དཀར་སོགས། །ཉིན་ཞག་རེ་ལ་སྨེ་བ་རེ་སྦྱར་ཏེ། །མས་བཟུང་ལུགས་ལྡོག་ཚུལ་གྱིས་ནུར་བར་བྱེད། །དབུས་སུ་གང་གནས་ཉིན་བདག་ཕྱོགས་མཚམས་རྣམས། །དེ་ཡང་ལུགས་ལྡོག་ཚུལ་དུ་དགོད་པར་བྱ། །དཔེར་ན་ཤིང་བྱིའི་ཉིན་དེར་བཞི་ལྗང་དབུས། །གཞན་དག་གནམ་ལྕགས་རི་བོ་མེ་ཆུ་ས། །རླུང་ཤིང་རིམ་བཞིན་གསུམ་གཉིས་གཅིག་དགུ་བརྒྱད། །བདུན་དྲུག་ལྔ་སེར་རྣམས་དང་དེ་བཞིན་དུ། །ཉིན་བདག་གཞན་གྱི་ཚུལ་ཡང་བསྒྲེ་བར་བྱ། །ད་ནི་དེ་དག་མིང་དང་སྤང་བླང་བསྟན། །གཅིག་དཀར་བདག་པོའི་ལྷ་མིང་ལྗོན་པ་ཆེ། །ཡང་མིང་ཟ་བྱེད་ཅེ་སྤྱང་ཟེར་བ་སྟེ། །གདོང་ཐུག་འདི་རྣམས་ཕྱོགས་སོ་སོའི་བླང་དོར་བསྟན་པ་ཡིན། །ཤོ་རྒྱལ་ཉེ་དུའི་ཁྱིམ་ཐབས་བཟང་། །གོང་ས་མཇལ་ལ་བར་ཆད་ཐོག་རྡུག་མེད། །མཁས་པ་སྐྱེས་ཆེན་འཕྲད་ཅིང་གྲོགས་ཀྱང་


LT41_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། །ལམ་བར་མི་རིང་གོས་ནག་གྱོན་དང་འཕྲད། །གཉིས་ནག་ལྷ་མིང་བསྡུས་འདྲེན་ཅེས་བྱ་བ། །ཐུག་འཕྲད་དོན་གང་ཕྱི་དལ་ཐེ་ཚོམ་མེད། །ལམ་ཞུགས་རྐང་གཉིས་ལྕགས་སྒྲོག་གིས་བསྡམས་འདྲ། །གལ་ཏེ་ཚུར་བསྐྱེད་བྱུང་ན་འབྲིང་པོ་ཙམ། །གནོད་སྐྱེལ་བྱུང་ན་ཀེག་དང་བར་ཆད་དོ། །ཞིང་ལས་བརྩམས་ཚེ་ཐོང་གཤོལ་ཆག་འཇིག་འོང་། །འཆི་སྒོར་བྱུང་ན་རྒན་མོའི་སྨྲེ་སྔགས་འཆོར། །གསུམ་མཐིང་ལྷ་མོར་མཚན་ལྟས་འགུགས་པ་ཞེས། །གདོང་ཐུག་བྱ་བ་གང་ཡང་འགྲུབ་མི་འགྱུར། །ལམ་ཞུགས་བར་ཆད་འབྱུང་དང་གནོད་འཚེ་མང་། །བུད་མེད་ཁ་མཆུ་ཡ་ག་སྒྲོགས་པར་བྱེད། །རྨིས་ལྟས་ངན་པས་དོགས་དང་སྟོང་སྐྲག་བྱ། ཁ་ན་སླ་དང་མཐུ་མེད་སྐད་འབྱིན་འགྱུར། །ཐབས་ལ་མཁས་ཏེ་སྤྱོད་ན་སྐྱོན་མེད་ཡིན། །བཞི་ལྗང་ལྷ་མིང་འབབས་ལེགས་ཞེས་བྱ་ལ། །གདོང་ཐོག་དོན་གང་ཡིན་ཀྱང་རྐང་ར་བྱེད། །གང་དེས་བདག་ཉིད་བསྐྱིད་ན་སྐྱོན་མེད་དེ། །གནོད་ན་ལུས་ལ་སྡུག་པས་མནར་བར་འགྱུར། །ཐག་རིང་ལམ་ཞུགས་བྲོས་ཡིབ་སྤྱོད་པ་འབྱུང་། །ཤོ་རྩེད་བྱས་ན་ཆ་ཡིས་ཕམ་པར་བཤད། །ལྔ་སེར་ལྷ་མིང་ལྷ་ཡི་ལུག་ཅེས་པ། །ཡང་མིང་འདྲེ་ལྔ་ཞེས་སུ་འདོད་པ་དེ། །རྟག་པར་བུད་མེད་གནོད་པ་སྐྱེལ་བ་དང་། །ཚུར་གནོད་བརྩམས་ན་དོན་གང་འཐོར་བར་བྱེད། །གལ་ཏེ་འདི་ཉིད་གདོང་ཐུག་བྱུང་གྱུར་ན། །ཅི་བྱེད་ཚམ་ཚོམ་སོམ་ཉི་ཆེ་བར་


LT41_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །དེ་ཕྱིར་ཕྱི་བཤོལ་གང་འགྱངས་དགོས་པར་བཤད། །དྲུག་དཀར་ལྷ་མིང་གཡུ་འབྲུག་ཅེས་བྱ་སྟེ། །ཐུག་ན་དགའ་སྐྱིད་ཡང་ཡང་སྐྱེད་པར་བྱེད། །གར་ཕྱིན་ཤ་ཆང་སྟོན་མོ་དང་འཕྲད་དོ། །དོན་ནི་གང་དག་བསམ་པ་ཇི་བཞིན་འགྲུབ། །གལ་ཏེ་ཚུར་བསྐྱེད་བྱུང་ན་གྲོགས་ནོར་ཆེ། །བརྒྱ་ལ་གནོད་པ་སྐྱེལ་ན་མ་གཏོགས་པ། །དོན་རྣམས་བསམ་དགུ་ཡིད་བཞིན་འགྲུབ་ཅེས་གསུངས། །བདུན་དམར་ལྷ་མིང་བ་ཚྭའི་རྫིང་བུ་སྟེ། །ཐུག་འཕྲད་དོན་དེ་གང་ཡང་ཕྱི་དལ་ཆེ། །གལ་ཏེ་ཚུར་བསྐྱེད་བྱུང་ན་སྐྱོན་མེད་ཙམ། །གནོད་པ་བྱུང་ཚེ་ལུས་སེམས་སྡུག་ཁྲལ་ཆེ། །ཤོ་རྩེད་ཤག་འགྱེད་ཕས་ཕམ་གནོང་འགྱོད་དོ། །གྲོགས་དང་ནོར་འཚོལ་ལག་པ་སྟོང་པར་ལོག །གང་ལྟར་ལྷ་ངན་འདི་ཡང་སྤང་བྱར་བཤད། །བརྒྱད་དཀར་ལྷ་ཡི་མིང་ལ་ཟླ་བ་ཞེས། །མིང་གྲོགས་རྙེད་པ་བརྒྱ་འབྱུང་བསམ་དོན་འགྲུབ། །རང་སེམས་དགུ་ནང་རྟོགས་ཤིང་དགའ་ཚོར་འབྱུང་། །ལམ་ཞུགས་མི་རིང་ཙམ་ན་བ་ལང་གཅིག །འཁྲིད་པའི་མི་དང་ཐུག་ན་ངེས་པ་རྙེད། །དགུ་མར་ལྷ་མིང་ལྷ་ཡི་ལྗོན་པ་ཟེར། །འདི་དང་ཐུག་ན་དོན་ཀུན་ཇུས་ལེགས་ཏེ། །ལྷག་པར་ཚུར་བསྐྱེད་བྱུང་ན་ཤིན་ཏུ་བཟང་། །ཇ་ཆང་སྟོན་མོ་ངང་གིས་བསུས་ཏེ་འབྱུང་། །ལམ་ཞུགས་མི་རིང་ས་ན་བུད་མེད་དང་། །འཕྲད་ན་ལྷ་དེ་ཡིན་པའི་ངེས་རྟགས་ཡིན། །ད་ནི་དེ་དག་ཉིན་བདག་བྱེད་པའི་འབྲས། །གཅིག་དཀར་ཉིན་


LT41_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བྱེད་ཚེ་དོན་ཀུན་འགྲུབ། །གནམ་མུན་འཐིབས་པ་འཕྲལ་དུ་དྭངས་པ་བཞིན། །ཁྱད་པར་ཞོ་རྒྱས་གྲོགས་རྙེད་ལོངས་སྤྱོད་ཆེ། །བཀྲ་ཤིས་ཇུས་ལེགས་ཐེ་ཚོམ་མེད་པའི་ངོ་། །གཉིས་ནག་ཐུག་ན་དོན་མེད་སྡུག་བསྔལ་ཆེ། །ལམ་ཞུགས་བར་ཆད་ཐོགས་རྡུག་སེམས་ལས་ཆེ། །གསུམ་མཐིང་འཕྲད་ན་དོན་འགྲུབ་ཤིན་ཏུ་དཀའ། །ལྷག་པར་བོར་སྟོར་འབྱུང་ལ་འགྱོད་གཞི་མང་། །མི་རྣམས་ཕྱིར་ཞིང་ཕན་ཚུན་འཐབ་རྩོད་བྱེད། །བཞི་ལྗང་བྱུང་ཚེ་ལས་ཀུན་གཞོལ་བར་རིགས། །ལམ་ཞུགས་ཁ་ཆར་བུ་ཡུག་བར་ཆད་བྱེད། །ལྟས་བཟང་ཇི་ཙམ་ལེགས་ཀྱང་མིང་ཙམ་ཡིན། །ལྔ་སེར་བདག་པོ་བྱེད་ན་མི་མཐུན་ཆེ། །གང་ལའང་ལེགས་ཉེས་ཅི་བྱེད་འབྲིང་ཙམ་ཡིན། །མཁས་པ་གང་ཞིག་བརྟགས་ལ་བྱོལ་བར་བྱ། །དྲུག་དཀར་བྱུང་ན་ཚོང་ཁེ་གྲོགས་ནོར་རྙེད། །འཐབ་རྩོད་ལས་རྒྱལ་བསམ་དོན་ཡིད་བཞིན་འགྲུབ། །གཞི་ལམ་བྱེས་གསུམ་གང་ལའང་མཆོག་ཏུ་དགེ། །བདུན་དམར་ཐུག་ན་བློ་སེམས་མི་དགའ་ཆེ། །ལམ་དུ་ཐུག་ན་སྟག་སྤྱད་རྒྱུག་ཉེན་ངོ་། །ཁྲོན་པ་བྲུ་བ་མ་གཏོགས་ལས་ཀུན་ངན། །བརྒྱད་དཀར་འཕྲད་ཚེ་བསམ་དགུ་གང་བརྩམས་འགྲུབ། །ལམ་ཞུགས་བུད་མེད་འཕྲད་ན་ངེས་པའི་རྟགས། །དེ་ནས་ཡིད་དཔེ་ཁ་ཅིག །སྒུག་ཉལ་ངོ། །ཟེར་བ་སྣང་། ཆེས་སྐྱེ་ཞིང་དགའ་སྐྱིད་ཐོབ། །དགུ་དམར་བྱུང་ན་བཀྲ་ཤིས་དོན་གྲུབ་བཟང་། །ཁྱད་པར་མི་ཆེན་མཇལ་ལ་ཤིན་ཏུ་དགེ། །ལྷ་སྲུང་སྐྱོབ་ཅིང་མི་ཟད་ལོངས་སྤྱོད་སྟེར།། །།


LT41_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ནག་ལམ་གྱི་འབྲས་བཤད། །ལམ་སེར་ཚེས་པའི་ཉི་མར། ཁང་བཟོ་རྒྱལ་པོ་ཁྲི་འདོན། །ལམ་ཞུགས་མི་ཆེན་མཇལ་བ། །དམག་དཔུང་གཡུལ་དུ་ཆས་སོགས། །བྱ་བ་སྤྱི་ལ་དགེའོ། །དེ་བཞིན་ལམ་ནག་གྲགས་པ། །འབྲས་བཤད་གཅིག་ཤོས་གོ་ལྡོག །ལས་ཀུན་ཤིས་པར་མིན་ཀྱང་། །ཐྱན་ཏས་དང་ཡྭད་ཏས། །གསལ་སྐར་སོགས་དང་འཕྲད་ཆོ། །རུང་བའི་སྐབས་ཐོབ་སོ་སོར། །དམིགས་གསལ་ཉིད་ཀྱིས་ཤེས་སོ།། །།


LT41_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་སོ་སོའི་ཉི་མ་བཟང་པོ་རྣམས་ལས་གནོད་སྦྱིན་དགེ་བའི་ཉི་མ་ནི། ཤིང་བྱི། ཤིང་གླང་། མེ་སྟག །མེ་ཡོས། ས་ཡོས། ས་འབྲུག །ས་བྱ། ལྕགས་འབྲུག །ལྕགས་སྦྲུལ། ཆུ་རྟ། ཆུ་ལུག །ཆུ་བྱི། previous hit ཆུ་གླང་རྣམས་ལ་དགེ་བའི་བྱ་བ་ཅི་ཡང་བཟང next hit་། ༈ །གནམ་གྱི་སྲོག་སྦྱིན་པའི་ཉི་མ་ནི། དཔྱིད་གསུམ་ས་སྟག །དབྱར་ཤིང་རྟ། སྟོན་ས་སྤྲེལ། དགུན་ཤིང་བྱི་རྣམས་ལ་བཙོན་གཏོང་བ། མཁོན་གཞིལ་བ། ཞུ་བསྐུལ། མཇལ་ཞུས། དྲིན་གྱིས་བསྐྱང་བ། གདུང་མ་བྲེས་པ། ཁྱིམ་འཛིན། སྐྱས་འདེགས། ལྷ་གསོལ། ཁས་བླངས་བསྒྲུབ་པ་བཟང་། ས་བརྐོ་མི་རུང་། ཁས་ཀྱི་ཉི་མ་དང་ཐུག་ན་ངེས་པར་འཁྲོལ་བའི་ཉིན་ནོ། ༈ །མ་མོ་མཛོད་ཀྱི་ཉི་མ་ནི། དཔྱིད་དུས་ཕག་བྱི། དབྱར་སྟག་ཡོས། སྟོན་ཁྱི་འབྲུག་གླང་ལུག །དགུན་བྱ་སྤྲེལ་ལ་ཁང་ལས། མཛོད་བཅའ། །གཉེན་བསྒྲིགས་སོགས་གང་ལའང་བཟང་། ༈ །བསོད་ནམས་སྐྱེས་ཀྱི་ཉི་མ་ནི། དང་པོར་བྱ། གཉིས་པར་ཡོས། གསུམ་པར་ཁྱི། བཞི་པར་འབྲུག །ལྔ་པར་ཕག །དྲུག་པར་སྦྲུལ། བདུན་པར་བྱི་བ། བརྒྱད་པར་རྟ། དགུ་པར་གླང་། བཅུ་པར་ལུག །བཅུ་གཅིག་པར་སྟག །བཅུ་གཉིས་པ་སྤྲེལ་ལ་དཀྱིལ་འཁོར་བཞེངས་པ། གསོལ་མཆོད། སྐུ་རིམ་བསྒྲུབ་པ། ཚོགས་གསོག །ནོར་སྒྲུབ་རྣམས་བཟང་། ༈ །དྲུག་འགྲིགས་པའི་ཉི་མ་ནི། དང་པོ་ནས་རིམ་བཞིན། ཕག །ཁྱི།


LT41_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། སྤྲེལ། ལུག །རྟ། སྦྲུལ། འབྲུག །ཡོས། སྟག །གླང་། བྱི་བ་ལ་གཉེན་བསྒྲིགས། ཡོན་འབུལ་བ། ལམ་འཇུག །བག་མ། ནོར་བརྗེ་ལེན། འདུམ་ཆིངས་རྣམས་བཟང་། ༈ །ཐབས་ཀྱི་སྤྱོད་པ་ནི། དང་པོ་བདུན་ལ་ཁྱི། གཉིས་པ་བརྒྱད་པ་བྱི་བ། གསུམ་པ་དགུ་པ་སྟག །བཞི་པ་བཅུ་པ་འབྲུག །ལྔ་དང་བཅུ་གཅིག་རྟ། དྲུག་དང་བཅུ་གཉིས་པ་སྤྲེལ་ལ་ཁྲི་འདོན། ཕྱག་ཐམ་སྤྲད་ལེན་སོགས་ཀུན་ལ་དགེ། ༈ །ཟླ་བའི་དྲིན་ལན་ནི། དང་པོའི་མེ་ཕོ། གཉིས་པའི་མེ་མོ། གསུམ་པའི་ལྕགས་ཕོ། བཞི་པའི་ས་མོ། ལྔ་པའི་ས་ཕོ། དྲུག་པའི་ལྕགས་མོ། བདུན་པའི་ཆུ་ཕོ། བརྒྱད་པའི་ཆུ་མོ། དགུ་པའི་ལྕགས་ཕོ། བཅུ་པའི་ཤིང་མོ། བཅུ་གཅིག་པའི་ཤིང་ཕོ། བཅུ་གཉིས་པའི་ལྕགས་མོལ་ཁང་ལས། ཁྱིམ་འཛིན། སྐྱས། གཉེན་བསྒྲིགས། ལས་ཚན་བླངས་པ། ལམ་འཇུག་རྣམས་བཟང་། ༈ །བ་ཐག་སྦྲེལ་བ་ནི། དང་པོ་ནས་བཅུ་གཉིས་པའི་བར། གླང་། ལུག །སྟག །སྤྲེལ། ཡོས། བྱ། འབྲུག །ཁྱི། སྦྲུལ། ཕག །རྟ། བྱི་བ་ལ་བག་མ་བླངས་པ། སྲིའུ་གསོ་བ། འཁོར་གཡོག་བརྟེན་པ་ལ་ཤིས། ༈ །ཀུན་བསྲུང་ནི། དང་པོ་ནས། སྤྲེལ། སྟག །བྱེ། ཡོས། ཁྱི། འབྲུག །ཕག །སྦྲུལ། བྱི་བ། རྟ། གླང་། ལུག་ལ་ཚོགས་གསོག །བག་མ། ལམ་བགྲོད་རྣམས་བཟང་། ༈ །བདེ་འདོད་ནི། དང་པོ་ནས། སྟག །སྤྲེལ།


LT41_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཡོས། བྱ། འབྲུག །ཁྱི། སྦྲུལ། ཕག །རྟ། བྱི་བ། ལུག །གླང་ལ་ཁང་བཟོ། སྐྱས། བག་མ། དུར་འདེབས་སོགས་དགེ། ༈ །ཤེས་རབ་སྤྱོད་པ་ནི། དང་པོ་བདུན་པ་བྱ། གཉིས་བརྒྱད་ལུག །གསུམ་དགུ་སྦྲུལ། བཞི་བཅུ་ཡོས། ལྔ་བཅུ་གཅིག་གླང་། དྲུག་བཅུ་གཉིས་ཕག་ལ་ཁྲི་འདོན། རྒྱལ་ཐབས་རྩིས་སྤྲད་ལེན་ལ་དགེ། ༈ །དད་སེམས་སམ་བག་ཡོད་སེམས་ནི། དང་པོ་ནས། ལུག །གླང་། སྤྲེལ། སྟག །བྱ། ཡོས། ཁྱི། འབྲུག །ཕག །སྦྲུལ། བྱ་བ། རྟ་ལ་དཀྱིལ་འཁོར་བཞེངས་པ། རིམ་གྲོ་སྒྲུབ་པ། གསོལ་མཆོད་སོགས་བཟང་། ༈ །གཡི་ཧུ་སྟེ་རྗེས་སུ་ཕན་པ་ནི། དང་པོ་ནས། བྱི་བ། རྟ། གླང་། ལུག །སྟག །སྤྲེལ། ཡོས། བྱ། འབྲུག །ཁྱི། སྦྲུལ། ཕག་ལ་བག་མ་ལེན་པ། མག་པ་བསུ་བ། སྲིའུ་གསོ་བ། བུ་སྐྱེས་པ་བཟང་། རིགས་བརྒྱུད་མཐུད་པའི་སྐར་མ་ཡིན། ༈ །ལྷའི་རིན་ཆེན་གསེར་ལས་བཅོས་པ་ནི། དང་པོ་བདུན་པ་འབྲུག །གཉིས་བརྒྱད་རྟ། གསུམ་དགུ་སྤྲེལ། བཞི་བཅུ་ཁྱི། ལྔ་བཅུ་གཅིག་བྱི་བ། དྲུག་བཅུ་གཅིག་སྟག་ལས་འདུལ། ཁང་བཟོ། མཛོད་བཅད་པ་སོགས་དགེ་ལྷའི་རིན་པོ་ཆེའི་ཁང་བཟང་ནི། དང་པོ་བདུན་པ་ལུག །གཉིས་པ་བརྒྱད་བྱ། གསུམ་དགུ་ཕག །བཞི་བཅུ་གླང་། ལྔ་བཅུ་གཅིག་ཡོས། དྲུག་བཅུ་གཉིས་སྦྲུལ་ལ་བྱ་བ་ཅི་ཡང་བཟང་། ༈ །གནམ་སྤྱོད་ཐད་ཀར་ལྟ་བ་ནི། དང་པོ་བདུན་པ་སྦྲུལ། གཉིས་བརྒྱད་ལུག །གསུམ་དགུ་བྱ། བཞི་བཅུ་ཕག །ལྔ་བཅུ་གཅིག་གླང་། དྲུག་བཅུ་གཉིས་ཡོས་ལ་ནོར་རྫས་སྡུད་པ་བཟང་། ༈ །ཐིྱན་ཧུ་ནི། དང་པོ་ལྔ་པ་དགུ་


LT41_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲིལ། གཉིས་དྲུག་བཅུ་པར་སྦྲུལ། གསུམ་བདུན་བཅུ་གཅིག་སྟག །བཞི་བརྒྱད་བཅུ་གཉིས་ཕག་ལ་ཅིའང་བཟང་། ༈ །གནམ་བཀྲོལ་ནི། དང་པོ་བདུན་པ་རྟ། གཉིས་བརྒྱད་སྤྲེལ། གསུམ་དགུ་ཁྱི། བཞི་བཅུ་བྱི་བ། ལྔ་བཅུ་གཅིག་སྟག །དྲུག་བཅུ་གཉིས་ཡོས་ལ་བྱ་བ་ཅིའང་ཤིས། ༈ །ཟླ་བ་སོ་སོའི་ཉི་མ་ངན་པ་དག་ལ། ཟླ་བས་དབྱེན་བྱེད་པའམ། ཟླ་བའི་མེ་ཟླ་གནོད་ཅེས་པའི་ཉི་མ་ནི། དང་པོ་སྦྲུལ། གཉིས་པ་འབྲུག །གསུམ་པ་ཡོས། བཞི་པ་སྟག །ལྔ་པ་གླང་། དྲུག་པ་བྱི་བ། བདུན་པ་ཕག །བརྒྱད་པ་ཁྱི། དགུ་པ་བྱ། བཅུ་པ་སྤྲེལ། བཅུ་གཅིག་པ་ལུག །བཅུ་གཉིས་པ་རྟ་ལ་ཁང་པ། ཐབ། སྒོ། ལམ་བཟོ། དུར་སྦ་བ་ངན། ༈ །ཟླ་བའི་ཆད་པ་ནི། དང་པོ་ནས་སྦྲུལ། བྱི་བ། འབྲུག །སྤྲིལ། ལུག །གླང་། སྟག །བྱ། རྟ། །ཕག །ཡོས། ཁྱི་ལ་ཅིའང་འཛེམ། ༈ །གནམ་གྱི་ཇག་པ་ནི། དང་པོ་ནས་འབྲུག །བྱ། སྟག ། ལུག །བྱི་བ། སྦྲུལ། ཁྱི། ཡོས། སྤྲེལ། གླང་། རྟ། ཕག་ལ་ཁང་ལས། ཁྱིམ་གསར་འཇུག་པ། ས་ཀློག །བང་མཛོད་འབྱེད་པ། ནོར་ཕྱིར་གཏོང་། སྐྱས་འདེགས་ངན། ༈ །སའི་ཇག་པ་ནི། །དང་པོ་གཉིས་པ་བྱི་བ། གསུམ་པ་ཕག །བཞི་པ་ཁྱི། ལྔ་པ་བྱ། དྲུག་བདུན་བརྒྱད་པ་རྟ། དགུ་པ་སྦྲུལ། བཅུ་པ་འབྲུག །བཅུ་གཅིག་ཡོས། བཅུ་གཉིས་བྱི་བ་ལ་


LT41_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བསླང་བ། མར་སྦ་བ། ས་བོན་འདེབས་པ། ལམ་ཞུགས་བན། ༈ །གནམ་གྱི་མེ་ནི། དང་པོ་ལྔ་པ་དགུ་པ་བྱི་བ། གཉིས་པ་དྲུག་པ་བཅུ་པ་ཡོས། གསུམ་པ་བདུན་པ་བཅུ་གཅིག་པ་རྟ། བཞི་པ་བརྒྱད་པ་བཅུ་གཉིས་པ་བྱ་ལ་ཐོག་འབུབས། ཁང་པ་གསར་བཟོ། རྙིང་གསོ་སྤངས། ༈ །སའི་མེ་ནི། དང་པོ་ནས་ཁྱི། བྱ། སྤྲེལ། ལུག །རྟ། སྦྲུལ། འབྲུག །ཡོས། སྟག །གླང་། བྱི་བ། ཕག་ལ་ཐག་རིང་ཚུར་འོང་། སྐྱས། ཁྱིམ་ཞུགས། བག་མ། ཚོང་། མེ་ཏོག་འདེབས་པ་སོགས་འཛེམ། སྔགས་འདེབས་བགེགས་བསྐྲད་བཟང་། ༈ །གནམ་གྱི་དལ་ཡམས་ནི། དང་པོ་ནས་ལུག །ཁྱི། འབྲུག །སྟག །རྟ། བྱི་བ། བྱ། སྤྲེལ། སྦྲུལ། ཕག །གླང་། ཡོས་ལ་ཁྱིམ་ཞུགས། ནད་གསོ་བ། ནོར་སླས་བཟོ་བ་སྤངས། ༈ །སའི་དལ་ཡམས་ནི། དང་པོ་ནས་འབྲུག །སྦྲུལ། རྟ། ལུག །སྤྲེལ། བྱ། ཁྱི། ཕག །བྱི་བ། གླང་། སྟག །ཡོས་ལ་བག་མ། མཚུན་དང་གཞི་བདག་གསོ་བ་ངན། རྫིང་བུ་འབྲུ་བ། བྱི་ཁུང་བཀག་པ་སོགས་དགེ། འདི་དམན་དང་འདྲ། ༈ །ཤི་བ་ཉམས་སུ་མྱོང་བ་ནི། ཁྱི། འབྲུག །ཕག །སྦྲུལ། བྱི་བ། རྟ། གླང་། ལུག །སྟག །སྤྲེལ། ཡོས། བྱ་ལ་ལས་ཚན་བརྐོ་བ། བག་མ། ལམ་འཇུག་ངན། རི་དྭགས་བཤོར་རུང་། ༈ །ཤི་ཟིན་པ་ནི། དང་པོ་ནས་སྟག །སྤྲེལ། ཕག །སྦྲུལ། ཡོས།


LT41_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྟ། བྱ། བྱི་བ། འབྲུག །ལུག །ཁྱི། གླང་ལ་ཁྲི་འདོན། ལམ་བགྲོད། ཁྱིམ་ཐབས་ལེན་པ་སྤངས། ༈། ས་བདག་ཤི་བ་ནི། དང་པོ་ནས་སྦྲུལ། རྟ། ལུག །སྤྲེལ་སོགས་རིམ་འདེད། འདི་ལ་ནོར་ཕྱིར་གཏོང་། ས་བོན་འདེབས་པ། ཤིང་འཛུགས། སྣ་འབིགས་ངན། ༈ །གསི་ཧབུ་ནེ། དཔྱིད་ཆུ་བྱི། དབྱར་ཤིང་ཡོས། སྟོན་ས་རྟ། དགུན་ལྕགས་བྱ་ལ་བག་མ་སོགས་ངན། ༈ །ཧུ་གྱི་ནི། དང་པོ་བཞི་བདུན་བཅུ་ལ་གླང་། གཉིས་ལྔ་བརྒྱད་བཅུ་གཅིག་ལ་སྟག །གསུམ་དྲུག་དགུ་བཅུ་གཉིས། བྱི་བ་རྣམས་ལ་བག་མ། སྐྱས། ཁྱིམ་འཇུག །མགྲོན་ཚུར་འོང་ངན། ༈ །ཕཱི་མ་ཞྭ་ནི། དང་པོ་ལྔ་དགུར་བྱི་བ། གཉིས་དྲུག་བཅུར་བྱ། གསུམ་བདུན་བཅུ་གཅིག་རྟ། བཞི་བརྒྱད་བཅུ་གཉིས་ཡོས་ལ་བག་མ། སྐྱས་ངན། ༈ །གསུ་ཧུའི་སྟེ་བྱིའུ་ནི། དང་པོ་ནས་སྦྲུལ། བྱ། གླང་། སྤྲེལ། བྱི་བ། འབྲུག །ཕག །ཡོས། ལུག །སྟག །རྟ། ཁྱི་ལ་རོ་སྦ་བ་མ་གཏོགས་ལས་ཀ་སྤྱི་ལ་འཛེམ། ༈ །ཁྲག་འཛེམ་པ་ནི། གླང་། ལུག །སྟག །སྤྲེལ། །ཡོས། བྱ། འབྲུག ཁྱི། སྦྲུལ། ཕག །རྟ། བྱི་བ་ལ་གཏར་ཀ །དུད་འགྲོའི་སྣ་འབིགས། བཅོས་པ་སོགས་སྤངས། ༈ །སྟག་དཀར་ནི། དང་པོ་བདུན་པ་རྟ། གཉིས་བརྒྱད་སྤྲེལ། གསུམ་དགུ་ཁྱི། བཞི་བཅུ་བྱི་བ། ལྔ་བཅུ་གཅིག་སྟག །དྲུག་བཅུ་གཉིས་འབྲུག་ལ་སྨན་བཏུང་བ།


LT41_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གཏུག་གཤེར། གཏར་ཀ །དུར་འདེབས་འཛེམས། ༈ །ཟླ་བའི་དགྲ་ནི། དང་པོ་ལྔ་པ་དགུ་པ་གླང་། གཉིས་དྲུག་བཅུ་པ་ཁྱི། གསུམ་བདུན་བཅུ་གཅིག་ལུག །བཞི་བརྒྱད་བཅུ་གཉིས་འབྲུག་ལ་སྒོ་གསར་བཏོད། ཚོང་གསར་བཀྲམ་པ་འཛེམ། ༈ །ཤི་བ་སླེབས་པ་ནི། དང་པོ་ལྔ་དགུ་བྱ། གཉིས་དྲུག་བཅུ་པ་རྟ། གསུམ་བདུན་བཅུ་གཅིག་ཡོས། བཞི་བརྒྱད་བཅུ་གཉིས་པ་སྤྲེལ་ལ་ངན། ༈ །ཤི་ཞིང་བྲལ་བ་ནི། དཔྱིད་ཁྱི། དབྱར་གླང་། སྟོན་འབྲུག །དགུན་ལུག་ལ་ནད་པ་གསོ་བ་སོགས་འཛེམ། ༈ །མངལ་ཟུག་རྔུ་ལངས་པ་ནི། དང་པོ་ལྔ་དགུ་སྦྲུལ། གཉིས་དྲུག་བཅུ་སྟག །གསུམ་བདུན་བཅུ་གཅིག་ཕག །བཞི་བརྒྱད་བཅུ་གཉིས་སྤྲེལ་ལ་འཛེམ་དགོས་པ་སྔ་མ་དང་འདྲ། ༈ །མེའི་མཚམས་བཅད་པ་ནི། དང་པོ་བདུན་པ་རྟ། གཉིས་བརྒྱད་འབྲུག །གསུམ་དགུ་སྟག །བཞི་དང་བཅུ་བྱི་བ། ལྔ་བཅུ་གཅིག་ཁྱི། དྲུག་བཅུ་གཉིས་སྤྲེལ་ལ་སྨན་བཏུང་བ་སོགས་ངན། ༈ །སའི་མཚམས་བཅད་པ་ནི། དང་པོ་བདུན་པ་འབྲུག །གཉིས་བརྒྱད་སྟག །གསུམ་དགུ་བྱ། བཞི་བཅུ་ཁྱི། ལྔ་བཅུ་གཅིག་སྤྲེལ། དྲུག་བཅུ་གཉིས་རྟ་ལ་ཤིང་འཛུགས། ས་བོན་འདེབས་པ་ངན། ༈ །ཆུའི་མཚམས་བཅད་པ་ནི། གཅིག་བདུན་ཁྱི། གཉིས་བརྒྱད་སྤྲེལ། གསུམ་དགུ་རྟ། བཞི་དང་བཅུ་འབྲུག །ལྔ་བཅུ་གཅིག་སྟག །དྲུག་བཅུ་གཉིས་བྱི་བ་ལ་


LT41_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འཛེམ་དགོས་པ་སྔ་མ་དང་མཚུངས། ༈ །འདྲེའི་མཚམས་བཅད་པ་ནི། དང་པོ་བདུན་པ་སྤྲེལ། གཉིས་བརྒྱད་རྟ། གསུམ་དགུ་འབྲུག །བཞི་དང་བཅུ་སྟག །ལྔ་བཅུ་གཅིག་བྱི་བ། དྲུག་བཅུ་གཉིས་ཁྱི་ལ་ས་བདག །ཡུལ་ལྷ་མཆོད་པ་སྤངས། ༈ །ས་བདག་གི་མཚམས་བཅད་པ་ནི། དང་པོ་བདུན་པ་སྦྲུལ། གཉིས་བརྒྱད་ཡོས། གསུམ་དགུ་གླང་། བཞི་དང་བཅུ་ཕག །ལྔ་དང་བཅུ་གཅིག་བྱ། དྲུག་བཅུ་གཉིས་ལུག་ལ་ལྷ་མཆོད། བསོད་ནམས་གསོག་པ་སྤངས། ༈ །གནམ་གྱི་མཚམས་བཅད་པ་ནི། དང་པོ་བདུན་པ་སྟག །གཉིས་བརྒྱད་བྱི་བ། གསུམ་དགུ་ཁྱི། བཞི་དང་བཅུ་སྤྲེལ། ལྔ་བཅུ་གཅིག་སྟག །དྲུག་བཅུ་གཉིས་འབྲུག་ལ་འཛེམ་དགོས་པ་སྔ་མ་ལྟར། ༈ །ཡོའུ་ཧ་སྟེ་རྐྱེན་འཁྱམས་ནི། གཅིག་ལྔ་དགུ་སྦྲུལ། གཉིས་དྲུག་བཅུ་སྟག །གསུམ་བདུན་བཅུ་གཅིག་ཕག །བཞི་བརྒྱད་བཅུ་གཉིས་སྤྲེལ་ལ་ནད་པས་སྨན་འཐུང་། གསོལ་མཆོད་སྤངས། ༈ །འབྲུག་སྟག་ནི། དང་པོ་ནས་སྦྲུལ། ཕག །རྟ། བྱི་བ། ལུག །གླང་། སྤྲེལ། སྟག །བྱ། ཡོས། ཁྱི། འབྲུག་ལ་ཁང་བཟོ། ཤིང་བཅད། གསོལ་མཆོད་སྤངས། རྟ་གླང་ལུག་ཁྱི་ཕག་བྱ་བྱི་ལ་གསོ་བ་ལ་བཟང་། ༈ །ཙིའུ་ཁན་ནམ་སྟོང་པ་དགུ་ནི། དང་པོ་ནས། འབྲུག །གླང་། ཁྱི། ལུག །ཡོས། བྱི་བ། བྱ། རྟ། སྟག །ཕག །སྤྲེལ།


LT41_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ལ་ས་བོན་འདེབས་པ། མཛོད་སྒོ་དབྱེ་བ། ནོར་རྫས་ནང་དུ་བསྡུ་བ་སོགས་ངན། དགུ་སྟོང་དང་འཕྲད་ན་ཐམས་ཅད་ལ་འཛེམ་དགོས། ༈ །བཟློག་པའམ་འཁོར་བའི་དགྲ་ནི། དཔྱིད་ཡོས། དབྱར་རྟ། སྟོན་བྱ། དགུན་བྱི་བ་ལ་ས་ཀློག་པ་སྤངས། ༈ །ཅ་ཆུའུ་སྟེ་བྱ་དམར་མོ་ནི། དང་པོ་བདུན་པ་ཡོས། གཉིས་བརྒྱད་སྦྲུལ། གསུམ་དགུ་ལུག །བཞི་དང་བཅུ་བྱ། ལྔ་བཅུ་གཅིག་ཕག །དྲུག་བཅུ་གཉིས་གླང་ལ་ཁང་གཞི་གསར་སློང་། ནོར་འབོར། ཁྱིམ་བཟུང་། སྐྱས་འདེགས་ངན། ༈ །ཨོ་ཧུ་ནི། དང་པོ་ནས་བྱི་བ། བྱ། ལུག །སྤྲེལ། སྦྲུལ། ཡོས། སྟག །གླང་། རྟ། ཁྱི། ཕག་ལ་ཁྲི་བཟོ་བ། སྦྲ་གུར་འབུབས་པ་འཛེམ། ༈ །ཐྱིན་ཀན་ནི། དང་པོ་ནས། སྦྲུལ། བྱི་བ། ལུག །སྟག །བྱ། འབྲུག །ཕག །རྟ། གླང་། སྤྲེལ། ཡོས། ཁྱི་ལ་ཁྱིམ་སྟོང་པའི་ཉི་མ་ཟེར་ངན། ༈ །ཧོ་ཁྭོའི་ཡན་ནི། དང་པོ་ནས། ཕག །རྟ། གླང་། སྤྲེལ། ཡོས། ཁྱི། སྦྲུལ། བྱི་བ། ལུག །སྟག །བྱ། འབྲུག་ལ་ཆག་ཆེ་ཅི་ཡང་ངན། ༈ །བཞི་བྲལ་ནི། དཔྱིད་མཉམ། དབྱར་ཉི་ལྡོག །སྟོན་མཉམ། དགུན་ཉི་ལྡོག་བཞིའི་སྔ་ཉེན་ལ་བྱ་བ་ལེགས་ཉེས་ཐམས་ཅད་འཛེམ། ༈ །བཞི་ཆད་དམ་རབ་ཆད་ནི། དབྱར་དགུན་སྟོན་དཔྱིད་བཞིའི་མགོ་ཚུགས་པའི་སྔ་ཉིན་ལ་བག་མ། ལམ་ཞུགས། དམག །ཁྲི་འདོན། ཁང་ཁྱིམ་


LT41_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པ་འཛུག་པ། སྤོ་བ་ངན། ༈ །ས་དགུའི་འདྲེ་ནི། ཤིང་བྱ། ཆུ་སྦྲུལ། ལྕགས་གླང་། ལྕགས་ཁྱི། མེ་སྦྲུལ། ཤིང་རྟ། ཆུ་སྟག །ས་བྱ། ས་རྟ་རྣམས་ལ་ཁྲི་འདོན། ལམ་བགྲོད། ཚོང་། གྲང་རྐོང་འཛེམ། ༈ །འདྲེ་ལྔ་སྟོད་པ་ནི། དཔྱིད་སྤྲེལ། དབྱར་སྟག །སྟོན་སྦྲུལ། དགུན་ཕག་ལ་ངན། ༈ །ཏའུ་ཀྱང་ཞྭ་ནི། དཔྱིད་བྱི་ཕག །དབྱར་སྟག་ཡོས། སྟོན་རྟ་སྦྲུལ། དགུན་བྱ་སྤྲེལ་ལ་གཏར་བསྲེགས། རྣ་བ་འབིགས་པ། དུད་འགྲོའི་འབྲས་བུ་འདོན་པ་འཛེམ། །མེའི་སྐར་མ་ནི། དང་པོ་བཞི་བདུན་བཅུ་བར། ཤིང་གི་གླང་ཁྱི། ཆུའི་འབྲུག་ལུག །ལྕགས་ཀྱི་ཁྱི་གླང་། ས་ལུག། ༈ །གཉིས་ལྔ་བརྒྱད་བཅུ་གཅིག་པར། ཤིང་ཁྱི། ཆུའི་བྱ་རྟ། ལྕགས་ཀྱི་ཡོས་བྱི་བ། སའི་བྱ་རྟ། གསུམ་དྲུག་དགུ་བཅུ་གཉིས་བར་ཆུ་སྤྲེལ། མེ་སྦྲུལ། ལྕགས་ཀྱི་སྦྲུལ་སྟག །སའི་སྤྲེལ་ཕག་རྣམས་ལ་ས་ལས། ཁང་འབུབས། ཐབ་བཟོ། གོས་དྲ་བ་ངན། ༈ །ཀྱིན་གསིན་ཧུན་ནི། དཔྱིད་ལྕགས་ཀྱི་བྱ་སྤྲེལ། དབྱར་ཆུའི་བྱི་ཕག །སྟོན་ཤིང་གི་སྟག་ཡོས། དགུན་མེའི་རྟ་སྦྲུལ་ལ་ངན། ༈ །མེ་མོའི་ཉི་མ་ནི། ཤོ་བན་ཏེ་ཟླ་བ་ཕྱེད་པ་ཚེས་བརྒྱད་དང་སྐར་མ་མོན་གྲེ་སྟེ་ཤུའི་ཉི་མ། ཧུའི་སྟེ་ཟླ་བ་ཚེས་པའི་དུས་དང་ཐ་སྐར་ཏེ་ལིའུ་བ་སངས། དབེན་ཏེ་ཉ་གང་བ་བཅོ་ལྔ་དང་ས་རི་སྟེ་ཁྭང་པ་སངས། བཞིན་ཏེ་ཉེར་དགུ་དང་གྲོ་བཞིན་ཏེ་ཉེའུ་པ་སངས།


LT41_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་སྟེ་ཉི་ཟླ་ལྷན་ཅིག་འགྲོགས་པ་གནམ་སྟོང་དང་ནག་པ་སྟེ་གྱོ་ཕུར་བུ་འཛོམ་པ། འདི་དག་ལ་ལས་སྤྱི་དང་བག་མ། ལྷག་པར་ཆུ་བརྒལ་བ་དང་གྲུ་གཏོང་བ་ལ་འཛེམ། ༈ །གནམ་ཁྱིའི་ཉི་མ་ནི། རབ་བཞིའི་དབུགས་ཐོབ་ཀྱི་ཉིན་བཞི། དབྱར་དགུན་གྱི་ཉི་ལྡོག་གི་ཉིན། སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་ཉིན་བཅས་ཉིན་ཞག་བརྒྱད་དང་། ཟླ་བ་སོ་སོའི་དམན་གྱི་ཉི་མ་རྣམས་ནི་གནམ་ཁྱི་རྒྱུ་བའི་དུས་ཡིན་པས་བག་མ་ལ་ལྷག་པར་ངན། བུ་དང་བུ་མོ་བྱུང་ཡང་མངལ་ལྟུང་བར་བཤད། ༈ །གནམ་ཁྱི་ཟས་འཚོལ་ཅེས་པ། ཟླ་བ་དང་པོ། བྱི་བའི་ཉི་མར་ཕག་གི་དུས་ཚོད། གཉིས་པར་གླང་ཉིར་བྱི་དུས། གསུམ་པར་སྟག་ཉིར་གླང་དུས། བཞི་པ་ཡོས་ཉིར་སྟག་དུས། ལྔ་པ་འབྲུག་ཉིར་ཡོས་དུས། དྲུག་པ་སྦྲུལ་ཉིར་འབྲུག །བདུན་པ་རྟ་ཉིར་སྦྲུལ་དུས། བརྒྱད་པ་ལུག་ཉིར་རྟ་དུས། དགུ་པ་སྤྲེལ་ཉིར་ལུག་དུས། བཅུ་པ་བྱ་ཉིར་སྤྲེལ་དུས། བཅུ་གཅིག་པ་ཁྱི་ཉིར་བྱ་དུས། བཅུ་གཉིས་པ་ཕག་ཉིར་ཁྱི་དུས་ཏེ་འདིའི་དུས་ཚོད་ལ་རྫིང་ཡུར། ཁྲོན་པ་འབྲུ་བ། ཉ་གསོ་བ། previous hit ཆུ་ལ་བཏང་བ་སོགས་བཟང next hit་། སྲམ་གྱི་གནོད་པ་མི་འབྱུང་བར་བཤད། ༈ །ཁ་སྨུག་ནི། དང་པོ་བདུན་པར། ཚེས་གཉིས་བརྒྱད་ལ། གསུམ་དགུར། བཞི་བཅུར། ལྔ་བཅུ་གཅིག་པར་དྲུག་བཅུ་གཉིས་བང་། རྣམས་ལ་བག་མ་སོགས་ངན། ༈ །རིང་བའི་


LT41_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མ་ནི། དང་པོའི་བདུན། གཉིས་པའི་བཞི། གསུམ་པའི་གཅིག །བཞི་པའི་དགུ། ལྔ་པའི་བཅོ་ལྔ། དྲུག་པའི་བཅུ་བདུན། བདུན་པའི་བརྒྱད། བརྒྱད་པའི་གཉིས་དང་ལྔ། དགུ་པའི་གསུམ་དང་བཞི། བཅུ་པའི། བཅུ་གཅིག་པའི་བཅུ་གཉིས། བཅུ་གཉིས་པའི་དགུ་རྣམས་དང་། ༈ །ཐུང་བའི་སྐར་མ་ནི། དང་པོའི་ཉེར་གཅིག །གཉིས་པའི་བཅུ་དགུ། གསུམ་པའི་བཅུ་དྲུག །བཞི་པའི་ཉེར་ལྔ། ལྔ་པ་དང་དྲུག་པའི་ཉི་ཤུ། བདུན་པའི་ཉེར་གཉིས། བརྒྱད་པའི་བཅོ་བརྒྱད་དང་བཅུ་དགུ། དགུ་པའི་བཅུ་དྲུག་དང་བཅུ་བདུན། བཅུ་པའི་བཅུ་བཞི། བཅུ་གཅིག་པའི་ཉེར་གཉིས། བཅུ་གཉིས་པའི་བཅོ་ལྔ་དང་ཉེར་ལྔའོ། །འདི་གཉིས་ཉོ་ཚོང་། གོས་དྲ་གྱོན། ནོར་རྫས་སྡུད་པ་སྤངས། ༈ །ཟླ་བ་བྱུང་ངོ་ཅོག་ལ་འཛེམ་དགོས་པ། ཚེས་ལྔ་བཅུ་བཞི་ཉི་ཤུ་གསུམ། །ཟླ་བ་གང་ལ་རྟག་པར་གནས། །སྔ་མོ་ཉིད་ནས་ད་ལྟའི་བར། །གཅིག་གིས་གཅིག་ལ་སྨྲ་བྱེད་ཀྱང་། །མ་འཛེམ་རི་ལ་སྤྲོ་སངས་བྱས། །ལཱིས་ཡན་ཁང་ཁྱིམ་གསར་པར་འཛུག །བུ་གསུམ་ཡོད་ཀྱང་འཆི་བར་འགྱུར། །ཚེས་ལྔར་ཁྱིམ་སྤོས་ཁྱིམ་དཔོན་འཆི། །བཅུ་བཞིར་མ་འཛེམ་རང་ཉིད་འཆི། །ཉེར་གསུམ་གྲུ་བཏང་ཆུ་བོར་བྱིང་། །རྒྱལ་པོའི་ཆད་ལས་འབྱུང་བར་འགྱུར། །བཀྲ་མི་ཤིས་པས་འཛེམ་པར་བྱ། ༈ །ཡན་ཀྭོང་ཞེས་པའི་


LT41_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འཛེམ་ཉིན་ནི། །དང་པོའི་བཅུ་གསུམ། གཉིས་པའི་བཅུ་གཅིག །གསུམ་པའི་དགུ། བཞི་པའི་བདུན། ལྔ་པའི་ལྔ། དྲུག་པའི་གསུམ། བདུན་པའི་གཅིག་དང་ཉེར་དགུ། བརྒྱད་པའི་ཉེར་བདུན། དགུ་པའི་ཉེར་ལྔ། བཅུ་པའི་ཉེར་གསུམ། བཅུ་གཅིག་པའི་ཉེར་གཅིག །བཅུ་གཉིས་པའི་བཅུ་དགུ་རྣམས་ལ་བྱ་བ་ཅིའང་ངེས་པར་འཛེམ། དྲང་སྲོང་གིས་ནི་འཛེམ་པ་ཡི། །ཉི་མ་བཅུ་གསུམ་འདི་རྣམས་ལ། །འགྲོ་འདུག་ཅི་ཡང་འཛེམ་པ་གཅེས། །མ་འཛེམ་འཚེ་བ་ཅི་ཡང་འབྱུང་། །ཨར་པོ་བཟོ་རིགས་བྱས་གྱུར་ན། །མེ་རྐུན་འཕྲད་དམ་ཆག་ཆེ་འབྱུང་། །ཁྱིམ་བསྒྲིགས་ཁྱིམ་ལེན་ལ་ཡང་ངན། །མཐར་ཐོན་མི་འགྱུར་བཀྲ་མི་ཤིས། །འདི་ཉིན་སྐྱེ་བའི་མི་དག་ནི། །ཚེ་གང་སྡུག་བསྔལ་མང་བ་ཡིན། །དུར་བཏབ་བྱས་ན་ཕྱི་རྒྱུད་དབུལ། །ཁྲི་འདོན་བྱས་ན་ཉམས་འགྱུར་ཞིང་། །ཡང་མང་པོ་འབྱུང་བ་ཡིན། །འདི་ལྟར་འཛེམ་དགོས་གཞན་ལའང་སྒྲོགས། །ངེས་པར་འཛེམ་ན་ཕན་ཡོན་ཐོབ། ༈ །ལས་ཐབས་སོ་སོ་ལ་སྦྱིན་གཏོང་སོགས་དགེ་ལས་རྒྱ་ཆེན་པོ་བསྒྲུབ་པའི་རྩིས་ལ། སྤྱིར་དུ་ཐྱན་ཏས། ཡད་ཏས། བསོད་ནམས་སྐྱེས། ཀུན་སྲུང་། དད་སེམས། གནམ་བཀྲོལ། བ་ཐག་སྤྲེལ། ཤེས་རབ་སྤྱོད། གཡི་ཧུའི་ཉི་མ་རྣམས་ལ་བཟང་ཞིང་། །ཉི་མ་སོ་སོའི་སྤང་བླང་ནི། ཤིང་ཕོ་བྱི་བའི་ཉིན་ཁྱེའུ་ནོར་བཟང་


LT41_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྦྱིན་པ་ལྟ་རྟོགས་བྱེད་པས་འདི་ཉིན་སྦྱིན་གཏོང་དང་དགེ་བ་ཁས་བླངས་པ་དག་བསྒྲུབ་ན་རིགས་བརྒྱུད་འཕེལ་ཞིང་སྟོབས་འབྱོར་རྒྱས་པར་འགྱུར་བས་མཆོག་ཏུ་བཟང་ངོ་། །ཤིང་མོ་གླང་དང་མེ་ཕོ་སྟག་གི་ཉིན་དགྲ་བཅོམ་རྣམས་དང་ལྷ་དག་འབྱོན་པས་སྦྱིན་གཏོང་དང་དགེ་བ་ཁས་བླངས་དག་བསྒྲུབ་ན་ཟས་གོས་དབང་ཐང་འབྱོར་པ་རྒྱས་པར་འགྱུར་རོ། །མེ་མོ་ཡོས་ཀྱི་ཉིན་དགེ་སྡིག་ཤན་འབྱེད་པའི་ལྷ་མིའི་འཇིག་རྟེན་དུ་འབྱོན་པས། འདི་ཉིན་མཆོད་པ་བཤམས་པ་དང་། དགེ་བ་ཁས་བླངས་པ་རྣམས་བསྒྲུབ་ན་ཁྱིམ་གྱི་མི་ཆུད་གཟན་ཅིང་བཀྲ་མི་ཤིས་པ་འབྱུང་བས་ངན་ནོ། །༈ །ས་ཕོ་འབྲུག །ས་མོ་སྦྲུལ་གཉིས་ཀྱི་ཉིན་རྒྱལ་བུ་ནོ་ཏྲ་མི་ཡུལ་དུ་གནས་པས། འདི་ཉིན་དགེ་བ་བསྒྲུབ་པ་དང་སྔར་ཁས་བླངས་པ་རྣམས་བསྒྲུབ་ན་དཀར་ཆོས་ནག་ཆོས་སུ་འགྱུར་བས་ཤིན་ཏུ་གཉན། ༈ །ལྕགས་ཕོ་རྟའི་ཉིན་ཁྱེའུ་གོས་སྔོན་ཅན་འཇིག་རྟེན་དུ་འབྱུང་། དགེ་བ་ཁས་བླངས་བསྒྲུབ་པ་དང་། མཆོད་སྦྱིན་བྱས་ན་མི་བརྒྱུད་ཁྲི་ཕྲག་གི་བར་དུ་འབྱོར་པ་རྒྱས་པར་འགྱུར་བས་ཤིན་ཏུ་བཟང་ངོ་། ༈ །ལྕགས་མོ་ལུག་གི་ཉིན་ཡི་དྭགས་མགོ་གསུམ་མིའི་ཡུལ་དུ་རྒྱུ་བའི་ཉི་མ་ཡིན་པས། འདི་ཉིན་སྦྱིན་གཏོང་དང་དགེ་བ་ཁས་བླངས་པ་རྣམས་བསྒྲུབ་ན་འབྱོར་བ་ཉམས་ཤིང་ཕྱུགས་ཀྱང་ཉམས་པར་འགྱུར་བས་ངན་ནོ། ༈ །ཆུ་ཕོ་སྤྲེལ།


LT41_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མོ་བྱ་གཉིས་ཀྱི་ཉིན་གཤིན་རྗེའི་བློན་པོ་ཕན་ཀྭན་ཅེས་པ་མིའི་ཡུལ་དུ་འབྱུང་བའི་ཉིན་ཡིན་པས། འདི་ཉིན་སྦྱིན་པ་མཆོད་འབུལ། དགེ་བ་ཁས་བླངས་པ་རྣམས་བསྒྲུབ་ན་ལོ་གཅིག་གི་རིང་ལ་བཀྲ་མི་ཤིས་པ་འབྱུང་བས་ངན་ནོ། ༈ །ཤིང་ཕོ་ཁྱི། ཤིང་མོ་ཕག །མེ་ཕོ་བྱི་བ། མེ་མོ་གླང་། ས་ཕོ་སྟག །ས་མོ་ཡོས་དྲུག་གི་ཉིན་བྱང་ཆུབ་སེམས་དཔའ་རྟ་སྐད་ཅེས་པ་མིའི་ཡུལ་དུ་འབྱོན་པས། འདི་ཉིན་སྦྱིན་པ་དང་དགེ་བ་ཁས་བླངས་པ་དག་བསྒྲུབ་ན་བསོད་ནམས་དཔག་མེད་ཐོབ་ཅིང་བྱ་བ་ཅི་ལའང་previous hit བཟང་ངོ་། །ལྕགས་ཕོ་འབྲུག །ལྕགས་མོ་སྦྲུལ། ཆུ next hit་ཕོ་རྟ་གསུམ་གྱི་ཉིན་རིའི་ཁོང་ན་གནས་པའི་ལྷ་གཏུམ་པོ་དང་། ཡི་དྭགས་མིའི་ཡུལ་དུ་རྒྱུ་བས། འདི་ཉིན་མཆོད་པ་བཤམས་པ་དང་སྦྱིན་གཏོང་བྱས་ན་ལོ་གཅིག་གི་ནང་དུ་ཁྱིམ་མི་ཆུད་གཟན་ཅིང་ནད་འབྱུང་། ཁྱིམ་དུ་ཁྲག་ངོ་དམེ་ངོ་འབྱུང་དོགས་པ་ཡོད་པས་ཤིན་ཏུ་ངན་ནོ། ༈ །ཆུ་མོ་ལུག་གི་ཉིན་རིའི་སྲིན་མོ་རྒྱུ་བའི་ཉིན་ཡིན་པས། འདི་ཉིན་སྦྱིན་པ་བཏང་ན་ལོ་གཅིག་གི་ནང་དུ་ཁྱིམ་གྱི་མི་རྣམས་འཐོར་བར་འགྱུར་བས་ཤིན་ཏུ་ནས་ཀྱང་ངན་ནོ། །ཤིང་ཕོ་སྤྲེལ། ཤིང་མོ་བྱ། མེ་བོ་ཁྱི་གསུམ་གྱི་ཉིན་རྒྱལ་བ་འོད་དཔག་མེད་ཀྱིས་ཆོས་གསུངས་པའི་ཉིན་ཡིན་པས། འདི་ཉིན་དགེ་བའི་ལས་ཀྱི་སྦྱོར་བ་བྱེད་པ་དང་། དགེ་བ་ཁས་བླངས་པ་རྣམས་བསྒྲུབ་ན་ལོ་གསུམ་ཚུན་བསོད་ནམས་ཐོབ་ཅིང་། རིགས་བརྒྱུད་


LT41_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འཕེལ་ཞིང་ལྷ་ཀླུས་གྲོགས་བྱེད་པས་མཆོག་ཏུ་བཟང་ངོ་། ༈ །མེ་མོ་ཕག་གི་ཉིན་གྲུའུ་ཁྱོའུ་ཞེས་པའི་ལྷ་མི་ཡུལ་དུ་རྒྱུ་བས། མཆོད་པ་བཤམས་པ་དང་། དགེ་བ་ཁས་བླངས་པ་བསྒྲུབ་ན་ཁ་མཆུ་དང་ནད་སོགས་འབྱུང་བས་ངན་ནོ། །ས་ཕོ་བྱི་བའི་ཉིན་གཤིན་རྗེས་ཅིས་ཅི་ཤིན་ཅེས་པ་མི་ཡུལ་དུ་བཏང་བས། འདི་ཉིན་མཆོད་པ་བཤམས་པ་དང་། དགེ་བ་ཁས་བླངས་བསྒྲུབ་ན་རྒྱལ་པོའི་ཆད་པ་དང་ནད་སོགས་འབྱུང་བས་ངན་ནོ། ༈ །ས་མོ་གླང་གི་ཉིན་ཐབ་ལྷའི་འཁོར་གྱི་ཁྱེའུ་མི་ཡུལ་དུ་བཏང་ནས་མཆོད་པ་ལྟ་རྟོགས་བྱེད་བས། འདི་ཉིན་དགེ་བ་ཁས་བླངས་པ་དག་བསྒྲུབ་ན་ཁྱིམ་གྱི་མི་རྣམས་བདེ་ཞིང་བསོད་ནམས་འཐོབ་པས་སྐྱིད་ཅིང་བཟང་ངོ་། ༈ །ལྕགས་ཕོ་སྟག །ལྕགས་མོ་ཡོས་གཉིས་ཀྱི་ཉིན་དུད་འགྲོ་རིགས་དྲུག་གི་ལྷ་མིའི་ཡུལ་དུ་རྒྱུ་བས་འདི་ཉིན་མཆོད་པ་བཤམས་པ་དང་། དགེ་བ་ཁས་བླངས་པ་བསྒྲུབ་ན་ནོར་རྫས་ཆུད་གཟན་ཅིང་ཕྱུགས་ལ་གོད་ཁ་འབྱུང་བས་ངན་ནོ། ༈ །ཆུ་ཕོ་འབྲུག་གི་ཉིན་གནས་བརྟན་ཀུན་དགའ་བོ་དང་། ཁྱེའུ་གོས་སྔོན་ཅན་མིའི་ཡུལ་དུ་གནས་ནས་མཆོད་པ་ལྟ་རྟོགས་བྱེད། འདི་ཉིན་དགེ་བ་ཁས་བླངས་བསྒྲུབ་ན་རིགས་བརྒྱུད་འཕེལ་ཞིང་ལོ་གསུམ་གྱི་ནང་ནས་བསོད་ནམས་རྒྱས་པར་འགྱུར་བས་ཤིན་ཏུ་previous hit བཟང་ངོ་། ༈ །ཆུ next hit་མོ་སྦྲུལ་གྱི་ཉིན་ལྷ་གཏུམ་པོ་དག་རྒྱུ་བའི་ཉིན་ཡིན་བས་མཆོད་པ་


LT41_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་པ་དང་། དགེ་བ་ཁས་བླངས་པ་དག་བསྒྲུབ་ན་ལོ་གསུམ་གྱི་རིང་ལ་ངན་ནོ། ༈ །ཤིང་ཕོ་རྟ་ཤིང་མོ་ལུག་མེ་ཕོ་སྤྲེལ་མེ་མོ་བྱ་ས་ཕོ་ཁྱི་ས་མོ་ཕག་ལྕགས་ཕོ་བྱི་བ་ལྕགས་མོ་གླང་བརྒྱད་ཀྱི་ཉིན། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཀུན་ཏུ་བཟང་པོ། ཁྱེའུ་གོས་སྔོན་ཅན་མི་ཡུལ་དུ་འབྱུང་། མཆོད་པ་སྦྱོར་བ་ལྟ་རྟོགས་བྱེད། ཉིན་འདི་བརྒྱད་ལ་དགེ་བ་ཁས་བླངས་བསྒྲུབ་ན་བསོད་ནམས་དཔག་མེད་ཐོབ་ཅིང་ཟས་གོས་ཁྲི་ཕྲག་རྙེད། བྱ་བ་ཅི་ལའང་མཆོག་ཏུ་previous hit བཟང་ངོ་། ༈ །ཆུ next hit་ཕོ་སྟག་ཆུ་མོ་ཡོས་ཀྱི་ཉིན། འཕགས་པ་སྤྱན་རས་གཟིགས་ཀྱིས་སྐྱེ་བོ་འདུལ་བའི་ཉིན་ཡིན་པས། འདི་ཉིན་དགེ་བའི་ལས་ཀྱི་སྦྱོར་བ་བྱས་པ་དང་དགེ་བ་ཁས་བླངས་པ་དག་བསྒྲུབ་ན་རིགས་བརྒྱུད་དང་བཅས་པ་དག་ཞིང་དུ་སྐྱེ་བར་འགྱུར་ཞིང་། བུ་དང་བུ་མོ་དབང་པོ་ཚང་བ་སྐྱེ་བར་འགྱུར་བས་མཆོག་ཏུ་བཟང་ངོ་། ༈ །ཤིང་ཕོ་འབྲུག་ཤིང་མོ་སྦྲུལ་གཉིས་ཀྱི་ཉིན་མཚམས་བཞིའི་ལྷ་ཆེན་རྣམས་ཀྱིས་མཆོད་པ་ལྟ་རྟོགས་བྱེད། འདི་ཉིན་དགེ་བ་ཁས་བླངས་པ་བསྒྲུབ་ན་དགེ་བ་མི་དགེ་བར་འགྱུར་བས་ངན་ནོ། ༈ །མེ་ཕོ་རྟ་མེ་མོ་ལུག་གཉིས་ཀྱི་ཉིན་གནོད་སྦྱིན་གླང་མགོ་ཅན་གྱིས་མཆོད་པ་ལྟ་རྟོགས་བྱེད། འདི་ཉིན་དགེ་བ་ཁས་བླངས་བསྒྲུབ་ན་ལོ་གསུམ་གྱི་ནང་དུ་ཁྱིམ་མི་ཆུད་གཟན་པས་ཤིན་ཏུ་ངན་ནོ། ༈ །ས་ཕོ་སྤྲེལ་ས་མོ་བྱ་གཉིས་ཀྱི་ཉིན་རྒྱལ་བ་སྟོང་འཇིག་རྟེན་དུ་འབྱོན་པའི་


LT41_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཡིན་པས་མཆོད་པ་བཤམས་པ་དང་། དྲིན་ལན་འཇལ་བ་དང་། དགེ་བ་ཁས་བླངས་པ་དག་བསྒྲུབ་ན་ཚེ་བསོད་དབང་ཐང་འབྱོར་བ་རིགས་བརྒྱུད་རྒྱས་ཤིང་ཕྱུགས་ཀྱང་འཕེལ་བས་བདེ་ལེགས་སུ་འགྱུར་བ་ཡིན་ནོ། ༈ །ལྕགས་ཕོ་ཁྱི་ལྕགས་མོ་ཕག་གཉིས་ཀྱི་ཉིན་འཕགས་པ་རྣམས་མི་ཡུལ་དུ་འབྱོན་པས། འདི་ཉིན་མཆོད་པ་སྦྱོར་བ་དང་ཚོགས་གསོག་པར་བྱས་ན་བསོད་ནམས་དཔག་མེད་འབྱུང་བས་ཤིན་ཏུ་previous hit བཟང་ངོ་། ༈ །ཆུ next hit་ཕོ་བྱི་བ་ཆུ་མོ་གླང་ཤིང་ཕོ་སྟག་ཤིང་མོ་ཡོས་བཞིའི་ཉིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཨི་ཤུའུ་ཤིན་ཅེས་པ་དང་བཅས་མིའི་འཇིག་རྟེན་དུ་འབྱུང་བས། མཆོད་པ་བཤམས་པ་དང་། དགེ་བ་ཁས་བླངས་བསྒྲུབ་པ་དང་། ཚོགས་གསོག་པ་བྱས་ན་བཟང་། ༈ །མེ་ཕོ་འབྲུག་མེ་མོ་སྦྲུལ་གཉིས་ཀྱི་ཉིན་ཁྲོ་བོ་མགོ་ཆེན་གྱིས་མཆོད་པ་ལྟ་རྟོགས་བྱེད་པས་ཉི་མ་འདི་གཉིས་ངན་ནོ། །ས་ཕོ་རྟའི་ཉིན་འཕགས་པ་རྣམས་ཀྱིས་དགེ་བ་ཁས་བླངས་མ་དག་པ་བཞེས་པར་མི་འགྱུར་བས་ཤིན་ཏུ་ངན་ནོ། ༈ །ས་མོ་ལུག་གི་ཉིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། བྱང་ཆུབ་སེམས་དཔའ་མིའི་འཇིག་རྟེན་དུ་འབྱུང་། འདི་ཉིན་མཆོད་པ་སྦྱོར་བ་དང་། དྲིན་ལན་འཇལ་བ་སོགས་བྱས་ན་ཚེ་བསོད་དཔལ་འབྱོར་མངའ་ཐང་རིགས་བརྒྱུད་འཕེལ་བས་ཉི་མ་འདི་བཀྲ་ཤིས་པ་ལས་ཀྱང་ཆེས་བཀྲ་ཤིས་སོ། །


LT41_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕོ་སྤྲེལ་ལྕགས་མོ་བྱ་གཉིས་ཀྱི་ཉིན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་གསུངས་པས་འདི་ཉིན་མཆོད་པ་བཤམས་པ། དགེ་བ་ཁས་བླངས་སོགས་བསྒྲུབ་ན་ཁྱིམ་བདེ་བསོད་ནམས་རྒྱས་པར་འགྱུར་ཞིང་། རིགས་བརྒྱུད་ཀྱང་འཕེལ་བས་མཆོག་ཏུ་previous hit བཟང་ངོ་། ༈ །ཆུ next hit་ཕོ་བྱི་བ་ཆུ་མོ་ཕག་གཉིས་ཀྱི་ཉིན་སངས་རྒྱས་བྱང་སེམས་རྣམས་ཀྱིས་མཆོད་པ་མི་བཞེས་པའི་ཉིན་ཡིན་པས་ཉི་མ་འདི་གཉིས་དགོས་པ་མེད་དོ། ༈ །ལྷ་བྲིས་བཞེངས་ལུགས་སུ་བླུགས་པ་ཚོན་མདངས་སྤྱན་འབྱེད་སོགས་ཀྱི་རྩིས་ལ། དཔྱིད་དང་སྟོན་ལ་ཟླ་བ་བཞི་པོ་བཟང་། དབྱར་དགུན་གཉིས་ལ་ཉི་མ་བཞི་པ་བཟང་། ས་འབྲུག །ས་སྦྲུལ། ལྕགས་ལུག །ས་སྟག །ས་ཡོས། མེ་བྱི། མེ་གླང་། ཤིང་སྤྲེལ། ཤིང་བྱ། མེ་ཁྱི། ས་གླང་། ལྕགས་ཡོས། ས་ཁྱི། ལྕགས་གླང་། ཤིང་འབྲུག །ཤིང་སྦྲུལ། མེ་ལུག །ས་བྱ། ལྕགས་ཁྱི། ལྕགས་ཕག །ཆུ་བྱི། ཆུ་གླང་། མེ་འབྲུག །ལྕགས་སྤྲེལ། ལྕགས་བྱ། ཆུ་ཁྱི། ཆུ་ཕག་བཅས་ཉི་མ་ཉེར་བདུན་པོ་འདི་ཉིད་ན་གང་གིས་ཀྱང་ལྷད་མེད་པར་མ་ཟད། འབྲུག་དགུ་མཁར་གྱི་མཆོད་རྟེན་གྱི་འབྲུག་བཟང་པོ་དང་འགྲིགས་པས་ཤིན་ཏུ་བཟང་། གཞན། ཐྱན་ཏས། ཡྭད་ཏས། ཐྱན་ཧོང་། ཡྭད་ཧོང་། ལམ་སེར། གསོན་དབུགས། བསོད་ནམས་སྐྱེས། previous hit ཆུ། དམན། ཚིན། ཁས་རྣམས་ཀྱང་བཟང next hit་། ཟླ་བ་སོ་སོར་ཉི་མ་previous hit བཟང་བ་ནི། ཟླ་བ་དང་པོར། ཆུ next hit་བྱ། མེ་བྱ། གཉིས་པར། ཆུ་ལུག །ཤིང་ལུག །


LT41_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལུག །གསུམ་པར། ཆུ་བྱ། མེ་བྱ། ཤིང་སྦྲུལ། བཞི་པར། ཤིང་བྱི། ཤིང་གླང་། ལྕགས་འབྲུག །ལྕགས་བྱི། ཤིང་ཡོས། ལྔ་པར། མེ་སྟག །ལྕགས་ལུག །ས་སྟག །དྲུག་པར། ཤིང་ཕག །མེ་བྱ། ལྕགས་ཕག །ཤིང་སྟག །བདུན་པར། ཤིང་འབྲུག །ཆུ་འབྲུག །མེ་འབྲུག །ཤིང་བྱི། བརྒྱད་པར། ཤིང་གླང་། མེ་གླང་། ལྕགས་འབྲུག །ཆུ་འབྲུག །མེ་འབྲུག །དགུ་པར། ལྕགས་རྟ། མེ་རྟ། བཅུ་པར། མེ་རྟ། ལྕགས་རྟ། ལྕགས་ལུག །ཆུ་ལུག །ཤིང་ལུག །མེ་ལུག །ས་ལུག །བཅུ་གཅིག་པར། མེ་སྟག །ལྕགས་སྟག །ཤིང་སྦྲུལ། བཅུ་གཉིས་པར། ཤིང་སྤྲེལ། མེ་སྤྲེལ། ལྕགས་སྤྲེལ། མེ་སྟག་རྣམས་ལ་བཟང་། ༈ །ཡྭད་གཡན། ས་བདག་གི་མཚམས་བཅད། འདྲེ་ལྔ་སྟོང་པ། ལམ་ནག །དམའ་ཆད། གནམ་གྱི་ཇག་པ། གསུ་ཧུ། གནམ་ས་སྟོང་པ། ཤི་བ་ཉམས་མྱོང་ཤི་སླེབ། གནམ་གྱི་དལ་ཡམས། ཡིན་ཏིས་རྣམས་ངན། གཞན་ཡང་འདྲེ་དུ་བའི་ཉི་མ་ཞེས་གནམ་དལ་དང་། ལྷ་འདྲེས་རྟགས་བཙུགས་པའི་ཉི་མ་ཞེས་ཆིན་གཉིས་ནམ་ཡོད་ན་ངེས་པར་འཛེམ་དགོས། ༈ །བྱེ་བྲག་ཏུ་སྐུ་འདྲ་དང་ཐང་ཁར་ཚོན་བཏང་བའི་ཉི་མ་ནི། ཤིང་བྱི། ཤིང་གླང་། མེ་སྟག །མེ་ཡོས། ས་འབྲུག །ས་སྦྲུལ། ལྕགས་སྦྲུལ། ཆུ་རྟ། ཆུ་ལུག །ལྕགས་སྟག །ལྕགས་ཡོས། ཆུ་འབྲུག །ཆུ་སྦྲུལ། ས་


LT41_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕག །ལྕགས་བྱི། ལྕགས་གླང་། ཤིང་སྦྲུལ། མེ་སྦྲུལ། ཤིང་སྤྲེལ། ལྕགས་སྤྲེལ། ཆུ་སྟག །previous hit ཆུ་ཡོས་རྣམས་ལ་བཟང next hit་། ལྷའི་དྲིན་གྱིས་བསྐྱངས་པའི་ཉི་མ་དང་འཕྲད་ན་ལྷག་པར་བཟང་། ལྷའི་སྐུ་གཟུགས་བྲི་བ་དང་བཞེངས་པ་ལ་འབྲུག་དང་པོ། དྲུག་པ། བརྒྱད་པ་རྣམས་དང་འཕྲང་ན་སྐུ་གཟུགས་དེ་ནུས་པ་ཆེ་ལ་བཀའ་གཉན་པ་འོང་བར་བཤད་དོ། ༈ །སྐྱེ་བོ་ཕོ་མོའི་ལོ་གཟའ་རྟོགས་ཚུལ་དང་མར་མེ་འབུལ་ཚུལ་བཅས་ཀྱི་རྩིས་ལ། དེ་ཡང་སྐྱེས་པ་དང་བུད་མེད་གང་ཡང་རུང་བ་ལོ་བཅུ་གཅིག་ལོན་ནས་གོ་དགུའི་བར་དུ་སོ་སོའི་ལོ་གྲངས་དང་བསྟུན་པའི་རེའུ་མིག་གི་ཐད་ནས་


LT41_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཟའ་གང་ཡིན་ངོས་འཛིན་དགོས། དཔེར་ན་ལོ་བཅུ་གཅིག་པའམ་ཉི་ཤུ་པ་ཞིག་ལ་སྐྱེས་པ་ལ་སྦེན་པ། བུད་མེད་ལ་མིག་དམར། དེས་འགྲེའོ། །མར་མེ་འབུལ་ཚུལ་ཡང་། སྡོམ་གྱི་ཚིགས་སུ་བཅད་པ་ནི། མར་མེའི་མཆོད་པས་གཟའ་རྣམས་ཚིམ། །བསྲུང་ཞིང་བཀྲ་ཤིས་བཅོལ་བར་བྱེད། །དེས་ན་དུས་བསྟུན་གཟའ་དག་ལ། །མར་མེ་སྐྱེས་པ་ཕོ་མོས་འབུལ། །ཅེས་པས། སྐྱེ་བོ་ཕོ་མོ་སོ་སོའི་རང་རང་གི་ལོ་དེ་ལ་དབང་བའི་གཟའ་རྣམས་ལ་མཆོད་ན་ཞི་གཟས་བསྲུང་ལ་དྲག་གཟའ་རྣམས་ཀྱི་གནོད་པ་མི་འབྱུང་བས་མར་མེ་འབུལ་ཚུལ་དཔེ་རིས་བཞིན་དུ་བྱའོ། །ཉི་མ་དབང་བའི་ལོ་དེ་ལ། །བདེ་བའི་དཔལ་དང་ལྡན་པ་འབྱུང་། །སྐྱེས་པ་ལ་ནི་མཆོག་ཏུ་ཤིས། །བུད་མེད་ལ་ནི་ཤིན་ཏུ་རྩུབ། །འོད་ཆེ་ཞིང་འཇིག་རྟེན་གསལ་བར་བྱེད་པའི་གཟའ་ཉི་མ་དབང་བའི་ལོ་འདི་ལ། ཕྱོགས་གཞན་དུ་སོང་ན་ནོར་རྙེད། གོང་ནས་བྱམས། གཡོག་པོ་འདུ་བྱ་བ་གང་ལའང་བཟང་། བུད་མེད་ལ་རྩུབ་པས་མཆོད་ན་སྐྱོན་མི་འབྱུང་། ཟླ་བ་སོ་སོའི་ཚེས་ཉེར་བདུན་ལ་ཤོག་གུ་སེར་པོར་ཉི་མའི་དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་པ་བྲིས་ནས་བཤམས། དེའི་མདུན་དུ་ནུབ་ཏུ་བལྟས་ནས་མར་མེ་བཅུ་གཉིས་ཕུལ་ན་ཤིན་ཏུ་བཟང་ངོ་། །ཟླ་བ་དབང་བའི་ལོ་ད་ལ། །བྱ་བ་ཐམས་ཅད་ཡིད་བཞིན་འགྲུབ། །ཁེ་གྲགས་གཉིས་ཀ་འགྲུབ་འགྱུར་ཞིང་། །


LT41_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བགྲོད་ལ་ནི་ཤིན་ཏུ་བཟང་། །ལོ་འདིར། དཔོན་བཟང་པོ་དང་མཇལ། །འགྲོ་འདུག་གང་ལའང་བཟང་། སྦྲུམ་མ་སྦྲུམ་དཀའ་བའམ་ནད་འབྱུང་བས་བུད་མེད་ལ་ངན་ནོ། །ཟླ་བ་སོ་སོའི་ཚེས་ཉེར་དྲུག་ལ་ཤོག་གུ་སེར་པོར་ཟླ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་པ་བྲིས་ནས་བཤམས། དེའི་མདུན་དུ་མར་མེ་བདུན་ཁ་ནུབ་ཏུ་ཕྱོགས་ནས་ཕུལ་ན་ཤིན་ཏུ་བཟང་ངོ་། །ཕུར་བུ་དབང་བའི་ལོ་དེ་ལ། །བུད་མེད་ལ་ནི་རྩུབ་འགྱུར་ཏེ། །སྐྱེས་པ་ལ་ནི་ནད་ཕྲན་འབྱུང་། །འོན་ཀྱང་ལོ་ཟླར་སྐྱོན་ཆེར་མེད། །ལོ་འདིར། སྐྱེས་པ་ལ་མིག་ནད་དང་། བུད་མེད་ལ་ཁྲག་ངོ་ཡོད། གཉེན་འབྲེལ་བྱེད་པ་དང་། བྱ་བ་འདུམ་པ་ལ་བཟང་། ཁྱིམ་གྱི་མི་མི་བདེ། ཟླ་བ་སོ་སོའི་ཚེས་ཉེར་ལྔ་ལ་ཤོག་གུ་སྔོན་པོར་ཤར་ཕྱོགས་ཤིང་གི་ཡོན་ཏན་གྱི་རྒྱལ་པོ་ཞེས་པ་བྲིས་ནས་བཤམས། དེའི་མདུན་དུ་མར་མེ་ཉི་ཤུ་ནུབ་ཏུ་བལྟས་ཏེ་ཕུལ་ན་བཟང་ངོ་། །མིག་དམར་དབང་བའི་ལོ་དེ་ལ། །རང་གར་སྡོད་ལས་བྱ་གཞན་སྤངས། །བུད་མེད་ནད་འབྱུང་སྡུག་བསྔལ་ཞིང་། །སྐྱེས་པ་ལ་ཡང་གནོད་པ་འབྱུང་། །ལོ་འདིར། རྨ་ནད་འབྱུང་། བུད་མེད་སྦྲུམ་དཀའ་ཞིང་ཁྲག་ངོ་ཡོད། སྐྱེས་པ་ལ་ཆད་ལས་འབྱུང་། ཁྱིམ་མི་དག་ཀྱང་མི་བདེ། ཕྱུགས་ལ་གོད་ཀ་འབྱུང་བས་གཟབ་དགོས། གཟའ་འདི་ལ་གནོད་གཟའ་ཟེར། ཟླ་བ་སོ་སོའི་ཚེས་ཉེར་དགུ་ལ་ཤོག་གུ་


LT41_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོར། ལྷོ་ཕྱོགས་མེའི་ཡོན་ཏན་གྱི་རྒྱལ་པོ་ཞེས་པ་བྲིས་ཏེ་བཤམས། དེའི་མདུན་དུ་མར་མེ་བཅོ་ལྔ་ནུབ་ཏུ་ཕྱོགས་ནས་ཕུལ་ན་བཟང་ངོ། །སྦེན་པ་དབང་བའི་ལོ་དེ་ལ། །རྒྱལ་པོའི་ཁྲིམས་ཕོག་འབྱུང་བ་དང་། །འགྲོ་འདུག་དོན་རྣམས་ཉམས་འགྱུར་ཞིང་། །མིང་ན་ཕྱོགས་ལ་གཟབ་པར་བྱ། །ལོ་འདིར། ན་ཚ་འབྱུང་ཞིང་མི་བདེ། ཁྱིམ་དུ་སེམས་མི་བདེ། མཚན་ལ་རྨི་ལམ་ངན་པ་རྨིས། ཕྱུགས་ལ་ངན། ལམ་ཐག་རིང་པོར་མི་འགྲོའོ། །ཟླ་བ་སོ་སོའི་ཚེས་བཅུ་དགུ་ལ་ཤོག་གུ་སེར་པོར། དབུས་ཀྱི་སའི་ཡོན་ཏན་གྱི་རྒྱལ་པོ་ཞེས་པ་བྲིས་ཏེ་བཤམས། དེའི་མདུན་དུ་མར་མེ་ལྔ་ནུབ་ཏུ་བལྟས་ནས་ཕུལ་ན་བཟང་ངོ་། །པ་སངས་དབང་བའི་ལོ་དེ་ལ། །བྱ་བ་བསམ་པ་བཞིན་མི་འགྲུབ། །སྐྱེས་པ་ལ་ནི་སེམས་སྡུག་འབྱུང་། །བུད་མེད་ཀྱིས་ཀྱང་འཛེམ་པ་གཅེས། ལོ་འདིར། གོང་ནས་བྱམས། མི་གསར་པ་འཇོག་པ་དང་། གཉེན་བྱེད་པ་བྱས་ན་ཕོ་བ་མི་བདེ་བ་འབྱུང་དོགས་ཡོད། མི་ངན་ཕྱོགས་ལ་གཟབ། ཟླ་བ་སོ་སོའི་ཚེས་བཅོ་ལྔ་ལ་ཤོག་གུ་དཀར་པོར། ནུབ་ཕྱོགས་ལྕགས་ཀྱི་ཡོན་ཏན་གྱི་རྒྱལ་པོ་ཞེས་པ་བྲིས་ནས་བཤམས། དེའི་མདུན་དུ་མར་མེ་བརྒྱད་ནུབ་ཏུ་བལྟས་ཏེ་ཕུལ་ན་བཟང་ངོ་། །ལྷག་པ་དབང་བའི་ལོ་དེ་ལ། །ནོར་རྫས་འཕེལ་འགྱུར་བཀྲ་ཤིས་ཤིང་། །སྐྱེས་པ་


LT41_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་བསོད་ནམས་རྒྱས། །བུད་མེད་ལ་ནི་ཁ་མཆུ་ཡོད། །ལོ་འདིར་གོང་ནས་བྱམས། །ལམ་དུ་ཐེག་ན་ནོར་རྙེད། མི་གསར་པ་འདུ། བུད་མེད་ལ་ངན་ཀྱང་སྐྱོན་ཆེར་མེད། ཆུ་བོ་བརྒལ་བར་མི་བྱའོ། །ཟླ་བ་སོ་སོའི་ཚེས་ཉེར་གཅིག་ལ་ཤོག་གུ་ནག་པོར། བྱང་ཕྱོགས་ཆུའི་ཡོན་ཏན་གྱི་རྒྱལ་པོ་ཞེས་པ་བྲིས་ནས་བཤམས། དེའི་མདུན་དུ་མར་མེ་བདུན་ནུབ་ཏུ་བལྟས་ཏེ་ཕུལ་ན་བཟང་ངོ་། །རཱ་ཧུ་དངང་བའི་ལོ་དེ་ལ། །མི་རྣམས་དག་ལ་མྱ་ངན་བསྐྱེད། །སྐྱེས་པར་ཆད་པའི་འཇིགས་པ་འབྱུང་། །བུད་མེད་དག་ཀྱང་སེམས་མི་བདེ། །ལོ་འདིར་ཁྲིམས་སར་ཁག་ངན་དང་། མིག་ལ་ནད་འབྱུང་། བུད་མེད་ལ་ཁྲག་ངོ་དང་བཙའ་དཀའ་བ་འབྱུང་། ཟླ་བ་སོ་སོའི་ཚེས་བརྒྱད་ལ་ཤོག་གུ་སེར་པོར། གཟའི་རྒྱལ་པོ་རཱ་ཧུ་ཞེས་པ་བྲིས་ཏེ་བཤམས། དེའི་མདུན་དུ་མར་མེ་དགུ་བྱང་དུ་བལྟས་ཏེ་ཕུལ་ན་བཟང་ངོ་། །ཀེ་ཏུ་དབང་བའི་ལོ་དེ་ལ། །ན་ཚ་རྒྱུན་མི་ཆད་དུ་འགྱུར། །བུད་མེད་རྣམས་ཀྱིས་ཁམ་ཆུ་འཛེམ། །སྐྱེས་པ་དག་ལ་འབྲིང་ཙམ་ཡིན། །ལོ་འདིར་གོང་ནས་སྡང་། ཕྱུགས་ལ་ངན། བུད་མེད་ལ་ཁ་མཆུས་སྡང་། ལམ་ཐག་རིང་པོར་ཐོན་ན་ནོར་རྙེད། ཁྱིམ་དུ་བསྡད་ན་དོན་ལ་གསལ་ཆ་མི་འབྱུང་། ཟླ་བ་སོ་སོའི་ཚེས་བཅོ་བརྒྱད་ལ་ཤོག་གུ་སེར་པོར། གཟའ་ཀེ་ཏུ་རྒྱལ་པོ་ཞེས་པ་བྲིས་ནས་བཤམས། མར་མེ་ཉི་ཤུ་ནུབ་ཏུ་བལྟས་ནས་ཕུལ་ན་བཟང་ངོ་། །ཁྲི་


LT41_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་བྱེད་པའི་རྩིས་ལ། ཐེྱན་ཆཱེ་ན་འཁོར་ལོ་སྟེ། ཟླ་བ་ཆེ་བ་ལ་ཚེས་གཅིག་ནས་གཡས་བསྐོར་དུ་བརྩི། ཟླ་བ་ཆུང་བ་ལ་ཚེས་གཅིག་ནས་གཡོན་བསྐོར་དུ་བརྩི། ཆཱན་དང་འཕྲད་ན་ཤེས། ཕཱོ། གཞུའ། ཀླུང་རྣམས་དང་འཕྲད་ན་འབྲིང་ཤིས། ཙུའི། ཞི། ཝང་རྣམས་དང་འཕྲད་ན་ངན། དཔེར་ན། ཟླ་བ་དང་པོ་ཆེ་བ་ལ་གཡས་བསྐོར་གྱིས་ཚེས་གཅིག་ཆཱན། ཚེས་གཉིས་ཕཱོ། གཞུའ། ཚེས་གསུམ་ཙུའི། ཝང་། ཚེས་བཞིར་ཞི། ཝང་། ཚེས་ལྔར་ཤུང་། ཝང་། ཚེས་དྲུག་ཆཱན། ཀྲུང་། ཚེས་བདུན་ལ་ཆཱན། ཅེས་པའོ། །དེས་ཟླ་བ་གཞན་ལའང་སོ་སོར་རིགས་འགྲེ། ༈ །ཁྲི་འདོན་བྱེད་པའི་ཉི་མ་previous hit བཟང་པོ་ནི། ཤིང་བྱི། མེ་སྟག་ཡོས། ས་འབྲུག་སྦྲུལ། ལྕགས་རྟ། ཤིང་ཕག །མེ་བྱི། ས་ཡོས། ཆུ next hit་རྟ། ཤིང་སྤྲེལ་བྱ། མེ་ཁྱི། ས་བྱི། ཆུ་སྦྲུལ། ས་ཕག །ལྕགས་བྱི། ཆུ་སྟག །མེ་རྟ། ས་སྤྲེལ། ལྕགས་ཁྱི་ཕག །previous hit ཆུ་བྱི་གླང་། ལྕགས་བྱ་སྤྲེལ་རྣམས་བཟང next hit་། འདི་དག་གི་ཉིན། ཀྱན། དམན། ཡིན། ཕོ། ཤིའུ་འདི་དག་དང་འཕྲད་ན་འཛེམ། ༈ །སློབ་གྲལ་དུ་འཇུག་པའི་ཉི་མ་ནི། ཤིང་བྱི། ཤིང་ཕག །མེ་བྱི། ཆུ་ལུག །ཤིང་སྤྲེལ། མེ་ཕག །ལྕགས་སྟག །ལྕགས་ཡོས། ཆུ་འབྲུག །ཤིང་ལུག །མེ་སྤྲེལ། ཆུ་ཡོས། ཤིང་འབྲུག །ཤིང་སྦྲུལ། མེ་རྟ། མེ་ལུག །


LT41_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྟག །ཤིང་ཡོས། མེ་འབྲུག །ལྕགས་སྤྲེལ། ལྕགས་བྱ་རྣམས་ཀྱི་ཉི་མ། ཡང་ན། ཆི་ན། ཁས་ཀྱི་ཉི་མ་རྣམས་བཟང་། ༈ །གཉེན་བསྡེབས་བག་མའི་རྩིས་ལ། གཉེན་བསྡེབས་པའི་ཉི་མ་བཟང་པོ་ནི། མེ་ས་ཆུའི་སྟག་ཡོས། མེ་སའི་བྱི་བ་དང་ཁྱི། ཤིང་སྦྲུལ། གནམ་སྤྱོད། ཟླ་སྤྱོད། འགྲིགས་ཉི། དྲུག་འགྲིགས། ཐབས་ཀྱི་སྤྱོད་པ། ཁས། ཇི། ཝ། ཆིན་དེ་རྣམས་བཟང་། ཡང་ཟླ་བའི་ཆད་པ། ཟླ་བའི་དབྱེན། ཀྱན། ཕོ། ཤིའུ། དམན། ཏིས། བྱ་དམར་ཟངས་མཆུའི་ཉི་མ་བཅས་འཛེམ། ༈། རྒྱན་ཆ་གཏད་པ་དང་མིང་དྲིས་པའི་ཉི་མ་བཟང་པོ་ནི། གནམ་དགའི་ཉི་མ། ཤིང་ལྕགས་མེའི་ལུག །སའི་སྟག་ཡོས། ཤིང་ལྕགས་མེའི་འབྲུག །ལྕགས་མེའི་ཁྱི། ཤིང་ས་ལྕགས་ཆུའི་གླང་། ཏིས། ཝ། ཆིན་རྣམས་ལ་བཟང་། ཕོ། ཡིན། ཤིའུ་རྣམས་ཀྱི་ཉི་མ་འཛེམ། ༈ །བག་མའི་རིན་སྤྲད་པ་ལ། ཤིང་ལྕགས་ཡོས། ལྕགས་ཀྱི་གླང་སྟག་སྤྲེལ། ཆུའི་འབྲུག་སྦྲུལ། སའི་བྱི་ཕག །ཤིང་མེའི་སྦྲུལ་རྣམས་བཟང་། གཞན་ཡང་། ཐྱན་ཏས། ཐྱན་ཧོང་། ཡྭད་


LT41_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཧོང་། གནམ་དགའ། བ་ཐག་སྤྲེལ། previous hit ཆུ། ཝ། ཏིས། གྱི་རྣམས་བཟང next hit་། ཀྱིན་གསིན་ཧྭིན། ཁ་སྨུག ། སྟོང་པ་ཆེ་ཆུང་། ཤི་བ་ཉམས་མྱོང་། གནམ་ཇག །གསུ་ཧུ། ཕོ། ཡིན། ཤིའུ་དེ་རྣམས་འཛེམ། ༈ །ཁྱིམ་ཐབས་ལེན་པའི་འཁོར་ལོ་ཟླ་བ་བརྩི་ལ་དུས་མི་བརྩི། ཟླ་ཆེན་ལ་སྐྱེ་བོ་ནས་གཡས་སྐོར་དུ་བརྩི། ཟླ་ཆུང་ལ་བུད་མེད་ནས་གཡོན་སྐོར་དུ་བརྩི། ཚོམས། སྤུན། ཐབ་ཀ །ཐབ་ཚང་རྣམས་བཟང་། གྱོས་པོ་གྱོས་མོ་མེད་ན་དེ་ཡང་རུང་། ༈ །ཁྱིམ་ཐབས་ལེན་པའི་ཉིན་གྱི་སོ་ཧུའི་འཁོར་ལོ་ཟླ་བ་བརྩི་ལ་དུས་མི་བརྩི། ཟླ་བ་ཆེ་བ་ལ་ཐབ་ནས་གཡས་སྐོར་དང་། ཟླ་བ་ཆུང་བ་ལ་ཐབ་ཚང་ནས་གཡོན་སྐོར་དུ་བརྩི། འཆི་ཉལ་ཐབ་ཚང་ཐབ་ཀ་འཕྲད་ན་བཟང་། སྒོ། ཁྲི། ཚོམས། ལམ་རྣམས་དང་འཕྲད་ན་ངན། ཤས་མཆོད་ན་བཟང་ཟེར་བ་ཞིག་ཀྱང་འདུག ༈ །བག་མ་ལ་ཤིན་ཏུ་གལ་ཆེ་བའི་ཉི་མ་སུ་ཙྱན་ཏེ་གནམ་གྱི་ལོ་འགྲོས་དང་མཐུན་པ་ནི། ཟླ་བ་དང་པོར། མེ་ལྕགས་ཀྱི་སྟག་ཡོས་བྱི་བ། ས་ཡོས། གཉིས་པར། ཤིང་མེ་སའི་གླང་། ལྕགས་མེའི་བྱི་བ་དང་ཁྱི། ཤིང་བྱ། གསུམ་པར། ཤིང་མེ་སའི་གླང་དང་བྱ། ཤིང་མེའི་ཁྱི། བཞི་པར། ཤིང་མེ་སའི་བྱི་བ་ཁྱི་སྤྲེལ། ཤིང་མེའི་བྱ། ལྔ་པར། ཤིང་ཆུའི་ལུག་དང་བྱ། ཤིང་མེ་སའི་ཁྱི་དང་སྤྲེལ། དྲུག་པར། ཆུ་ཤིང་སའི་སྤྲེལ། ཤིང་ཆུའི་ལུག་དང་བྱ་


LT41_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སའི་ཁྱི། བདུན་པར། ཆུ་ཤིང་སའི་སྤྲེལ་དང་རྟ། ཤིང་ཆུའི་བྱ། ཆུ་ཤིང་མེའི་ལུག །བརྒྱད་པར། ས་ཆུ་ཤིང་གི་འབྲུག་རྟ་སྤྲེལ། ལྕགས་ཆུའི་སྦྲུལ། དགུ་པར། ས་ཆུ་ལྕགས་ཀྱི་སྦྲུལ་དང་རྟ། ལྕགས་ཆུའི་འབྲུག་དང་ལུག །ཆུ་ཡོས། བཅུ་པར། ས་ལྕགས་ཆུའི་སྟག་ཡོས་འབྲུག །ལྕགས་ཆུའི་རྟ། ས་བྱི། བཅུ་གཅིག་པར། ས་ལྕགས་མེའི་སྦྲུལ་དང་གླང་། ལྕགས་ཆུའི་འབྲུག། བཅུ་གཉིས་པར། མེ་ལྕགས་སའི་གླང་སྟག་ཡོས། ལྕགས་མེའི་འབྲུག་བཅས་འདི་དག་ཤིན་ཏུ་བཟང་བར། བག་བསུ་སྤྱི་ཁྱབ་ཀྱི་ཉི་མ་བཟང་པོ་ནི། ཤིང་མེའི་གླང་། མེ་ལྕགས་ཆུའི་ཡོས། མེའི་བྱི་གླང་། ཤིང་སྦྲུལ་རྣམས་སུ་ཙྱན་དང་མཉམ་པ་ཡིན། ཆུ་བྱི། previous hit ཆུ་གླང་། ཤིང་ཡོས་ཀྱི་ཉི་མ་གསུམ་ནི་སུ་ཙྱན་མེད་པ་ཡིན་ཀྱང་དེང་སང་བཟང next hit་པོའི་ཚད་དུ་བྱེད། འཛེམ་མི་དགོས། ༈ །ནམ་ཟླ་དུས་བཞིའི་ཉི་མ་previous hit བཟང་པོ་ནི། མེ་ཆུའི་བྱི་གླང་། ཆུ next hit་རྟ་རྣམས་ནི་སྟོན་དཔྱིད་གཉིས་ལ་previous hit བཟང་། ཤིང་ཆུའི་སྦྲུལ། ཆུ next hit་ཡོས་དེ་རྣམས་དབྱར་སྟོན་དགུན་ཀར་བཟང་། ཤིང་སའི་གླང་། ཤིང་ལུག་ནི་དཔྱིད་དབྱར་སྟོན་རྣམས་ལ་བཟང་། ལྕགས་ཡོས་སྟོན་དགུན་གཉིས་ལ་བཟང་། ཤིང་མེའི་ཡོས་དབྱར་དགུན་གཉིས་ལ་བཟང་། ༈ །སྤྱིར་དུ་སུ་ཙྱན་དང་། ཐྱན་ཏས། ཡྭད་ཏས། ཡྭད་ཧོང་། ཐྱན་ཧོང་། མ་མོ་མཛོད་ཀྱི་ཉི་མ། ལམ་


LT41_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སེར། previous hit ཆུ། ཝ། ཏིས། ཇི་རྣམས་ཤིན་ཏུ་བཟང next hit་། ཡྭད་ཏན། བ་ཐག་སྤྲེལ་ཉི། མི་དང་མི་རྨངས་འགྲིགས་པ་ཞེས་པའི་སྟག་ཡོས་དང་འདི་རྣམས་སུ་ཙྱན་དང་འགྲིགས་ན་མཆོག །མ་འགྲིགས་ཀྱང་མི་ལྷོ། སྤང་བྱ་ནི། ཁ་སྨུག །གནམ་གྱི་ཇག་པ། བྲལ་ཆད། དགྲ་ཆེན། སྟག་དཀར། སའི་སྤྲེལ་བྱ་ཕག་གསུམ་མི་དང་མི་རྨངས་བྲལ་བའི་ཉི་མ་དང་། ཧུ་གྱི་སྟེ་བག་མ་རང་ལ་གནོད་པའི་ཉི་མ། ར་བཞིའི་ཟླ་བར་གླང་ཉི། འབྲིང་བཞིར་སྟག །ཐ་ཆུང་བཞིར་བྱི་བའི་ཉི་མ། ཕ་དང་མིང་པོ་ལ་གནོད་པ་ཡྭད་གཡན་དང་། དེ་གཉིས་མེད་ན་རུང་། ཟླ་བ་བཅག་བྱེད་དེ་ཟླ་བ་སོ་སོའི་བདུན་ཟུར་གྱི་ཉི་མ། གཡན་རུའི་སྟེ་བུ་དང་བུ་མོའི་མ་ལ་གནོད་པའི་ཉི་མ་ཟླ་བ་དང་པོ་ནས་རིམ་བཞིན་འབྲུག་ཡོས་གཉིས་སོགས་མས་རིམ་དུ་དེད་པས་བཅུ་གཉིས་པ་སྦྲུལ་ཉི་སོགས་དང་། གནམ་ཁྱིའི་ཉི་མ་སོགས་ནི་ཤིན་ཏུ་འཛེམ་གལ་ཆེའོ། ༈ །སྨན་འཐུ་བའི་རྩིས་ལ། གནམ་གྱི་མཛོད་ཕྱེ་བ་ཞེས། དང་པོའི་ཚེས་གཅིག །གཉིས་པའི་ཉེར་ལྔ། གསུམ་པའི་ཉི་ཤུ། བཞི་པའི་བཅུ་དྲུག །ལྔ་པའི་བཅུ་གཅིག །དྲུག་པའི་དྲུག །བདུན་པའི་གཉིས། བརྒྱད་པའི་ཉེར་ལྔ། དགུ་པའི་ཉེར་གཅིག །བཅུ་པའི་བཅུ་དྲུག །བཅུ་གཅིག་པའི་བཅུ་གཉིས། བཅུ་གཉིས་པའི་དྲུག་རྣམས་དང་། སའི་མཛོད་ཕྱེ་བ་ཞེས་པ་ཟླ་བ་སོ་སོའི་ཁས་ཀྱི་ཉི་མ་


LT41_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་ཤིན་ཏུ་བཟང་། དཔྱིད་སྟོན་གཉིས་ལ་ཤར་དང་ནུབ་ཀྱི་རི་ལ་མི་འགྲོ། དགུན་དང་དབྱར་ལ་ལྷོ་དང་བྱང་གི་རི་ལ་འགྲོ་བ་སྤངས། ༈ །སྨན་སྦྱར་བའི་རྩིས་ལ། ས་འབྲུག །ས་སྦྲུལ། ལྕགས་རྟ། ཆུ་སྤྲེལ། ཤིང་ཕག །ས་སྟག །ཤིང་སྤྲེལ། མེ་ཁྱི། ལྕགས་ཡོས། ཤིང་ལུག །མེ་རྟ། ལྕགས་ཕག །ས་ལུག་རྣམས་དང་། ཆུ། བོ། ཁས་བཅས། ལྕགས་ལུག་ཉི་མར། བྱེའུ་ཤི་བའི་ཉི་མ་རྣམས་ངན། ༈། སྨན་གཏོང་བའི་རྩིས་ལ། ཤིང་གླང་། ཆུ་སྤྲེལ། ཆུ་གླང་། ཆུ་བྱ། ཤིང་ཕག །མེ་བྱི། མེ་གླང་། ཆུ་རྟ། ཤིང་སྤྲེལ། མེ་ཁྱི། ས་གླང་། ཆུ་འབྲུག །ཆུ་སྦྲུལ། ཤིང་རྟ། མེ་སྤྲེལ། མེ་བྱ། ས་ཁྱི། ས་ཕག །ལྕགས་བྱི། ལྕགས་གླང་། ས་སྤྲེལ། ས་བྱ། ལྕགས་བྱ། གནམ་སྨན། བདེ་འདོད། ཐིྱན་ཧུ། ཀུན་སྲུང་། previous hit ཆུ། ཕོ། ཆིན། ཁས་རྣམས་ལ་བཟང next hit་། ལྕགས་ལུག །མེ་མོའི་ཉི་མ། ཁྲག་གི་ཡལ་ག །ཡྭད་གཡན། ཁྲག་འཛེམ་པའི་ཉི་མ། ཤི་བ་ཉམས་མྱོང་། སྟག་དཀར། ཟླ་ཆད། ཟླ་དགྲ། ཤི་བྲལ། སྐྱེས་པ་ཡིན་ན། ཆུ། ཁྱིའི་ཉི་མ། བུད་མེད་ལ། ཕོ། སྦྲུལ་ཉི་བཅས་འཛེམ། ༈ །ལྷ་རྗེས་ནད་འཇོམས་པའི་རྩིས་ལ། དང་པོར། ཤིང་ལྕགས་ཀྱི་བྱི་བ། ཆུ་ཤིང་མེའི་སྤྲེལ། ལྕགས་མེ་ས་ཆུའི་ཡོས་རྣམས་རབ། མེ་ས་ཆུའི་བྱི་བ་ལའང་རུང་། །གཉིས་པར། ཤིང་ལྕགས་ཀྱི་གླང་། ཤིང་མེ་


LT41_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཆུའི་ཕག་རྣམས་རབ། མེ་ས་ཆུའི་གླང་ཡང་རུང་། གསུམ་པར། སྟག་ལྔ། སྦྲུལ་ལྔ། ཆུ་ཤིང་མེའི་བྱ། ལྕགས་ཤིང་བྱི་བ་རྣམས་རབ། མེ་ས་ཆུའི་བྱི་བའང་རུང་། བཞི་པར། གླང་ལྔ། མེ་ས་ལྕགས་ཆུའི་ཡོས། ལྕགས་ཤིང་previous hit ཆུ་མེའི་རྟ་རྣམས་བཟང next hit་། ལྔ་པར། previous hit ཆུ་ཤིང་ལྕགས་སའི་འབྲུག་བཟང next hit་། སྟག་ལྔ། མེ་འབྲུག་རུང་། དྲུག་པར། ཤིང་མེ་ས་ཆུའི་གླང་། མེ་ས་ལྕགས་ཆུའི་ཡོས་བཟང་། སྤྲེལ་ལྔ་ལ་རུང་། བདུན་པར། མེ་སྦྲུལ། སྟག་ལྔ་ལ་བཟང་། བརྒྱད་པར། སྦྲུལ་ལྔ་ལ་བཟང་། དགུ་པར། སྟག་ལྔ། སྤྲེལ་ལྔ། ཤིང་ས་ལྕགས་ཆུའི་ཕག་རྣམས་བཟང་། བཅུ་པར། ས་ལྕགས་ཤིང་མེའི་སྦྲུལ། བྱ་ལྔ་ལ་བཟང་། བཅུ་གཅིག་པར། ཤིང་ལྕགས་ཀྱི་གླང་། སྤྲེལ་ལྔ་ལ་previous hit བཟང་། མེ་ས་ཆུའི་གླང་། ལྕགས་ཆུ next hit་ས་མེའི་རྟ་ལ་རུང་། བཅུ་གཉིས་པར། སྟག་ལྔ། ཕག་ལྔ། ཤིང་ཡོས་བཟང་། འདི་རྣམས་ཀྱང་སྨན་གཏོང་བ་ལ་ངོས་འཛིན་པའང་འདུག །མཆན། ༈ །བྲན་གཡོག་ཕོ་མོ་ཁྱིམ་དུ་འཇུག་པའི་རྩིས་ལ། ཤིང་བྱི་གླང་། མེ་སྟག་ཡོས། ཆུ་འབྲུག་སྤྲེལ། ཤིང་ཕག །ས་སྟག །ཤིང་སྤྲེལ། མེ་ཁྱི། ལྕགས་ཡོས། ཤིང་རྟ། ས་ཕག །ལྕགས་བྱི། ཆུ་ཡོས། མེ་རྟ། མེ་ལུག །ལྕགས་ཕག །ཆུ་བྱི། ཤིང་སྟག །ཤིང་ཡོས། ས་ལུག །ལྕགས་བྱ། ས་འབྲུག །མིག་ཐན། གཡུ་ཐན། གསི་མིན། ལམ་སེར།


LT41_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཐྱན་ཏས། ཡྭད་ཏས། ཤིའུ། དམན་རྣམས་བཟང་། སྤང་བྱ་ནི། བུད་མེད་འཛེམ་ཉི། གནམ་ཇག །གསུ་ཧུ། ཤི་བ་ཉམས་མྱོང་། ཀྱིན་གསི་ཧུན། ཁ་སྨུག་མེ་མོའི་ཉི་མ། ཀྱན། ཕོ། སིན་རྣམས་དང་། གཞན་ཡང་། གསི་སྱེ་ཞེས། པྱིད་ཁྱ། །དབྱར་གླང་། སྟོན་འབྲུག །དགུན་ལུག །ཧུ་ཙུའི་ཞེས། དཔྱིད་ཕག །དབྱར་སྟག །སྟོན་སྦྲུལ། དགུན་སྤྲེལ། ཐུ་གཡེན་ཅེས། དཔྱིད་སྤྲེལ། དབྱར་ཕག །སྟོན་སྟག །དགུན་སྦྲུལ། ཅི་ནོན་ཅེས། མེའི་ཡོས་འབྲུག །ཤིང་གི་ཁྱི་ལུག་བྱ། ལྕགས་ཀྱི་གླང་སྟག །ས་བྱི། ཆུ་བྱ། ལིང་ཁོག་ཅེས། མེ་ཡོས། སའི་འབྲུག་སྦྲུལ་སྟག་གླང་ཁྱི་ཡོས་སྤྲེལ་རྟ། ལྕགས་ཀྱི་སྦྲུལ་གླང་ཕག །ཆུ་ཁྱི། ཕག་སྤྲེལ། མཚམས་པ་དགུ་ཞེས། ཤིང་བྱ། ལྕགས་ཀྱི་ཡོས་བྱ། སའི་བྱི་བ་རྟ་གླང་ཡོས། ཆུའི་བྱི་བ་རྟ། གནམ་གྱི་མི་རུང་བ་ཞེས། ཟླ་བ་དང་པོ་བདུན་པར། ཚེས་བཞི་དགུ། གཉིས་བརྒྱད་ལ་བཅུ་གསུམ། བཅོ་བརྒྱད། གསུམ་དགུར། ཉེར་གཉིས། ཉེར་བདུན། བཞི་དང་བཅུར། བཞི། དགུ། ལྔ་དང་བཅུ་གཅིག་པར། བཅུ་གསུམ། བཅོ་བརྒྱད། དྲུག་དང་བཅུ་གཉིས་པར། ཉེར་གཉིས། ཉེར་བདུན་རྣམས་ངན། ཉི་ངན་འདི་རྣམས་མེད་ན་ཧ་ཅང་བཟང་པོ་མ་འཕྲོད་ཀྱང་རུང་ངོ་། །


LT41_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱེས་སུ་བགྲོད་པའི་རྩིས་ལ། རྒྱུ་འགྲུལ་སོགས་ཀྱི་ཉི་མ་ལ། །བཟང་ངན་སྤྱི་དང་བྱེ་བྲག་ལས། །དང་པོ་ཉི་ཟླ་ལྷན་ཅིག་འགྲོགས། །ཤྭོ་ཡི་ཉིན་ཅེས་ནུབ་ཏུ་སྤངས། །འདི་ཉིད་གནམ་སྟོང་ཉིད་དུ་ངེས། །ཕལ་ཆེར་ཚེས་གཅིག་འབྱུང་བར་བཤད། །ཉ་ལ་ལྷོ་དང་ཉི་ཤུ་ཤར། །སྟོང་ལ་གནོད་སྦྱིན་ཕྱོགས་སུ་འཛེམ། །བྱེ་བྲག་པ་ལ་ཟླ་བ་རྣམས། །རབ་འབྲིང་ཐའི་ཁྱད་པར་གྱིས། །ཉིན་ཞག་བརྒྱ་དང་ཉི་ཤུ་རེ། །བསྡོམས་པས་སུམ་བརྒྱ་དྲུག་ཅུ་འབྱུང་། །དེ་ཡང་ལམ་དུ་འཇུག་པ་སོགས། །འོས་དང་མི་འོས་འབྲས་བཤད་པ། །ར་བཞིའི་ཟླ་བར་ཚེས་གཅིག་བདུན། །བཅུ་གསུམ་བཅུ་དགུ་ཉི་ཤུ་ལྔ། །དེ་དག་རྣམས་ལ་ཁང་ཁྱིམ་ཟེར། །ཚེས་པ་གཉིས་བརྒྱད་བཅུ་བཞི་དང་། །ཉི་ཤུ་ཉེར་དྲུག་གསེར་མཛོད་ཅེས། །ཚེས་གསུམ་དགུ་དང་བཅོ་ལྔ་དང་། །ཉེར་གཅིག་ཉེར་བདུན་གསེར་ཐོག་སྟེ། །ཚེས་བཞི་བཅུ་དང་བཅུ་དྲུག་དང་། །ཉེར་གཉིས་ཉེར་བརྒྱད་ཉི་མ་མཐུན། །ཚེས་ལྔ་བཅུ་གཅིག་བཅུ་བདུན་དང་། །ཉེར་གསུམ་ཉེར་དགུ་ཇག་རྐུན་ཉི། །ཚེས་དྲུག་བཅུ་གཉིས་བཅོ་བརྒྱད་དང་། །ཉེར་བཞི་སྟོང་ལ་རིན་ཆེན་མཛོད། །འབོད་དེ་ཁང་ཁྱིམ་ཉི་མ་ལ། །ལམ་དུ་ཐོན་ན་ལྷ་ངན་རྣམས། །རང་གནས་མེད་ཕྱིར་ཕོག་ཐུག་མེད། །མི་ཆེན་དང་འཕྲད་གྲོགས་ནོར་རྙེད། །གསེར་མཛོད་ཅེས་བྱར་ཤིང་རྟ་དང་། །རྟ་ཕྱུགས་ཆུད་གསན་དོན་གང་ཡང་། །


LT41_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་དང་བཅས་ཆོམ་རྐུན་ཐུག །གྲོགས་དང་ནོར་གྱི་རྙེད་པ་སྟོར། །གསེར་ཐོག་ཉི་མར་མི་བཟང་འཕྲད། །ནོར་འཚོལ་ཁེ་དང་རྙེད་པ་ཆེ། །གཏུག་གཤེར་བྱས་ན་རང་ཉིད་རྒྱལ། །ཉི་མ་མཐུན་ལ་ཇུས་ལེགས་ཤིང་། །རང་ཉིད་ཆོས་ཐོབ་འཐབ་རྩོད་རྒྱལ། །ཇག་རྐུན་མི་འཕྲད་གྲོགས་ནོར་རྙེད། །བཟའ་བཏུང་གྱ་ནོམ་མི་ཆེན་མཇལ། །ཇག་རྐུན་ཉི་མར་བརྒྱ་ཕྲག་ལས། །ཉེས་ཏེ་མི་འཆི་ནོར་རྣམས་བརླག །ལུས་ལ་ལྕགས་སྒྲོག་ཐེབས་འདྲ་འབྱུང་། །རིན་ཆེན་མཛོད་ལ་མི་ཆེན་འཕྲད། །ནོར་འཚོལ་ལ་སོགས་བྱ་བ་བརྒྱ། །བསམ་པ་བཞིན་འགྲུབ་གོས་ནོར་དང་། །བཅས་ཏེ་ཁྱིམ་དུ་བདེ་བར་འཁོར། ༈ །འབྲིང་བཞིའི་ཟླ་བར་སྡེ་ཚན་བརྒྱད། །གོང་མ་ཉིད་ལས་གཉིས་ཀྱིས་ལྷག །སྔ་མ་དྲུག་ལ་ཉིན་ཞག་བཞི། །ཕྱི་མ་གཉིས་ལ་གསུམ་རེ་ཐོབ། །ཚེས་པ་གཅིག་དགུ་བཅུ་བདུན་དང་། །ཉེར་ལྔར་ལྷ་ཡི་ཇག་པའི་ཉིན། །ཚེས་གཉིས་བཅུ་དང་བཅོ་བརྒྱད་དང་། །ཉི་ཤུ་དྲུག་རྣམས་ལྷ་ཡི་སྒོ། །ཚེས་གསུམ་བཅུ་གཅིག་ཤ་བཅུ་དགུ་དང་། །ཉེར་བདུན་ལྷ་ཡི་ཁང་བཟང་སྟེ། །ཚེས་བཞི་བཅུ་གཉིས་ཉི་ཤུ་དང་། །ཉེར་བརྒྱད་ལྷ་ཡི་དོན་དུ་འབོད། །ཚེས་ལྔ་བཅུ་གསུམ་ཉི་ཤུ་གཅིག །ཉེར་དགུ་ལྷ་ཡི་ཆོམ་རྐུན་ཅེས། །ཚེས་དྲུག་བཅུ་བཞི་ཉེར་གཉིས་དང་། །སྟོང་ལ་ལྷ་ཡི་ཉི་མ་སྟེ། །ཚེས་བདུན་བཅོ་ལྔ་ཉི་ཤུ་གསུམ། །ལྷ་རྣམས་ཀྱི་ནི་དུས་སུ་


LT41_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད། །ཚེས་བརྒྱད་བཅུ་དྲུག་ཉེར་བཞི་རྣམས། །ལྷ་ཡི་བང་མཛོད་ཉིད་དུ་བཟུང་། །སོ་སོའི་འབྲས་བུ་སྨིན་ཚུལ་ཡང་། །ལྷ་ཡི་ཇག་པར་བྱེས་སུ་སོང་། །གྲོགས་ནོར་ཨི་རྙེད་བསམ་དོན་སྟོར། ཁ་མཆུ་ཟ་ཟི་འབྱུང་ཕྱིར་ངན། །ལྷ་སྒོར་དོན་འགྲུབ་རྙེད་པ་ཆེ། །གར་སོང་བར་ཆད་མེད་ཕྱིར་བཟང་། །ལྷ་ཡི་ཁང་བཟང་དོན་ཀུན་འགྲུབ། །གར་ཕྱིན་ཐོགས་མེད་མི་ཆེན་གྱིས། །བསུ་དང་ཚོང་སོགས་གྲོགས་ངན་བྱེད། །ལྷ་ནོར་ནོར་རྙེད་མི་བཟང་འཕྲད། །དོན་གང་བརྩམས་པ་དེ་ཡང་འགྲུབ། །ལྷ་ཡི་ཆོམ་རྐུན་ཉི་མ་ལ། །ལམ་ཞུགས་སྟོར་བརླག་འཐབ་རྩོད་ཕམ། །དོན་ནི་གང་ཡང་འགྲུབ་མི་སྲིད། །ལྷ་ཡི་ཉི་མར་བཀྲ་ཤིས་ཏེ། །གྲོགས་ནོར་རྙེད་འགྱུར་ཉེ་དུའི་ལས། །བརྩམས་ན་སྙིང་ཐག་ཉེ་བར་འགྱུར། །ལྷ་ཡི་དུས་ཀྱི་ཉི་མ་ལ། །ལེགས་ཉུང་ཉེས་མང་དམར་ངོ་ཆེ། ཁ་སྨྲས་དོན་མ་ཡིན་པའང་འབྱུང་། །ལྷ་ཡི་བང་མཛོད་གྲོགས་ནོར་རྙེད། །དཔོན་ཐབས་བྱས་ན་དགའ་བ་འཕེལ། ༈ །ཐ་ཆུང་བཞི་ཡི་ཟླ་བ་ཡང་། །སྔར་བཞིན་སྡེ་ཚན་བརྒྱད་དུ་བཅད། །དང་པོར་ཉིན་ཞག་བཞི་ཚན་དྲུག །ཕྱི་མ་གཉིས་ལ་གསུམ་ཚན་རེ། །དེ་དག་རིམ་བཞིན་བྱ་དམར་པོ། །སྟག་དཀར་མགོ་ལུས་རྐང་པ་དང་། །རུས་སྦལ་ནག་པོ་གཡུ་འབྲུག་མགོ། །དེ་ཡི་ལུས་དང་རྐང་པ་སྟེ། །ཕྱི་མས་ཉི་མ་བཅུ་ལ་དབང་། །


LT41_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་མར་ལམ་ཞུགས་ནོར་མི་རྙེད། །བོར་སྟོར་ཆེ་ལ་གཏུག་གཤེར་ཕམ། །སྟག་དཀར་མགོ་ལ་ཐག་རིང་བཟང་། །བཀྲ་ཤིས་དོན་གྲུབ་ཉེ་ན་འབྲིང་། །སྟག་དཀར་ལུས་ཀྱང་འདོད་པའི་ནོར། །བསམ་དོན་བཞིན་འགྲུབ་ཕྱོགས་མཚམས་བརྒྱད། །གང་དུ་སོང་ཡང་བཟང་བར་བཤད། །སྟག་དཀར་རྐང་ལ་དོན་མི་འགྲུབ། །ལྷག་པར་ཐག་རིང་མགྲོན་པོར་ངན། །རུ་སྦལ་ནག་པོར་ལམ་དུ་ཞུགས། །བྱ་བ་ཐམས་ཅད་ཁ་མཆུའི་རྒྱུ། །གཡུ་འབྲུག་མགོ་ལ་ཅི་ཡང་བཟང་། །ལྷག་པར་ཡོས་བུའི་དུས་ཚོད་དང་། །བསྟུན་ན་གང་བརྩམས་མྱུར་དུ་འགྲུབ། །གཡུ་འབྲུག་ལུས་ཀྱང་གཉེར་བྱའི་དོན། །བསམ་པ་བཞིན་འགྲུབ་བཀྲ་ཤིས་ཏེ། །གཡུ་འབྲུག་རྐང་པར་ནོར་མི་རྙེད། །དབོན་དང་འཕྲད་ན་ཉེས་མང་འབྱུང་། །དེ་ཕྱིར་སྤང་བླང་གཟོབ་པ་གཅེས།། །།


LT41_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


LT41_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཞར་ལ་ཉི་མ་སོ་སོ་ཡི། །བཟང་ངན་དུས་ཚིགས་གལ་ཆེ་བས། །དུས་ལ་དབང་བའི་ལྷ་བཅུ་གཉིས། །དེ་ཡང་གཡུ་འབྲུག་ཁང་གསར་དང་། །ལྷ་ཡི་ཆད་པ་བྱ་དམར་པོ། །གསེར་སྒྲོམ་ལྷ་ཡི་ཡོན་ཏན་ཏེ། །སྟག་དཀར་རིན་ཆེན་ཁང་བུ་དང་། །ལྷ་ཡི་བཙོན་རར་རུས་སྦལ་ནག །འཇིག་རྟེན་བྱེད་པོ་ལྷ་ཡི་ཤིང་། །དེ་དག་རིམ་བཞིན་བྱི་རྟའི་ཉིན། །གཡུ་འབྲུག་སྤྲེའུའི་དུས་དང་བསྟུན། །དེ་ལྟར་གླང་ལུག་ཉི་མར་ཁྱི། །སྟག་སྤྲེལ་ཉི་མར་བྱི་བའི་དུས། །བྱ་ཡོས་ཉི་མར་སྟག་དུས་ཏེ། །ཁྱི་འབྲུག་ཉི་མར་འབྲུག་ཏུ་ཤེས། །སྦྲུལ་ཕག་གཉིས་ལ་རྟ་ཡི་དུས། །གཡུ་འབྲུག་ཉིད་དུ་ངོས་བཟུང་ནས། ཁང་གསར་ལ་སོགས་རིམ་བཞིན་བསྟར། །དེ་རྣམས་དགེ་དང་མི་དགེ་ཡང་། །གཡུ་འབྲུག་ཁང་གསར་གསེར་སྒྲོམ་དང་། །ལྷ་ཡི་ཡོན་ཏན་རིན་ཆེན་ཁང་། །བྱེད་པོ་ལྗོན་ཤིང་བདུན་པོ་དགེ། །རྒྱུ་འགྲུལ་བྱ་བ་གང་བརྩམས་འགྲུབ། །ལྷག་རྣམས་དེ་ལྟར་མིན་ཕྱིར་སྤངས། །གཞན་ཡང་ལམ་བར་གཅོད་དང་ནི། །སྟོང་འགྲོ་ཞེས་བྱའི་ལྷ་ངན་གཉིས། །གལ་སྲིད་ཐུག་ན་བྱོལ་དགོས་པས། །དེ་དག་ངོས་འཛིན་བྱ་ཚུལ་ཡང་། །ཤིང་ཕོ་ས་མོའི་ཉི་མ་ལ། །སྤྲེལ་བྱའི་དུས་ཏེ་ཤིང་མོ་དང་། །ལྕགས་ཕོའི་ཉི་མར་རྟ་ལུག་དུས། །མེ་ཕོ་ལྕགས་མོར་འབྲུག་དང་སྦྲུལ། །མེ་མོ་ཆུ་ཕོར་སྟག་ཡོས་དུས། །ས་ཕོ་ཆུ་མོའི་ཉི་མ་ལ། །བྱི་གླང་གཉིས་ཀྱི་


LT41_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་བཟུང་། །དེ་ཚེ་ཉི་དུས་བཟང་ན་ཡང་། །ལམ་བར་གཅོད་ཕྱིར་སྤང་བར་བྱ། །འདི་དག་ཉིན་རེའི་དུས་ཚོད་ལས། །གཞན་དུ་ཉི་མ་སོ་སོ་ཡི། །སྤང་བླང་བརྟགས་མི་དགོས་པར་བཤད། ༈ །ལམ་འཇུག་དྲུག་བསྡེབས་ཞེས་གྲགས་ལ། །ལོ་སྐོར་བཅུ་གཉིས་ལུགས་བཞིན་དགོད། །རང་རང་ཟླ་བས་ཐོག་དྲངས་ཏེ། །ཚེས་གཅིག་ནས་བརྩམས་འགྲོ་ཉིན་བར། །མ་འཆོལ་རིམ་བཞིན་གཡས་བསྐོར་དེད། །གར་བབས་བཟང་ངན་འབྲས་བཤད་བྱ། །དཔེར་ན་དང་པོའི་ཚེས་དྲུག་ལ། །འགྲོ་ན་ཚེས་གཅིག་སྟག་གཉིས་ཡོས། །གསུམ་འབྲུག་བཞི་སྦྲུལ་ལྔ་ལ་རྟ། །ཚེས་དྲུག་ལུགས་ལ་གཡུ་སྤྲིན་བབས། །དེ་བཞིན་བྱེས་སུ་བགྲོད་པ་བཟང་། །གཉིས་པའི་ཚེས་དྲུག་རྟ་ལ་ཞོན། །དེ་ཡང་བྱི་བར་གོང་མའི་དྲིན། །རྟ་ལ་དགོངས་ཁྲོལ་ཆེན་པོ་སྟེ། །གླང་ལ་ཆུ་བྱ་ཟུང་གཅིག་དང་། །ལུག་ལ་གཡུ་སྤྲིན་སྟག་ལམ་འཛེགས། །སྤྲེལ་ལ་རྟ་ཞོན་དབྱར་རང་མདུད། །ཡོས་ལ་སོ་ཐག་འབྲུག་རྐེ་བང་། །ཁྱི་ལ་བཙོན་ཞུགས་སྦྲུལ་གཞུ་རྒྱུད། །ཕག་ལ་གཞུ་ཆག་བཅས་བཅུ་གཉིས། །བཟང་དྲུག་ངན་དྲུག་མ་ནོར་རྩིས། །གོང་མའི་དྲིན་དང་དགོངས་ཁྲོལ་རབ། །previous hit ཆུ་བྱ་ཟུང་དང་གཡུ་སྤྲིན་བཟང next hit་། །ལམ་འཛེགས་རྟ་ལ་ཞོན་པའང་བཟང་། །སོ་ཐག་རང་རང་མདུད་པ་ངན། །རྐེ་བང་བཙོན་ཞུགས་


LT41_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ངན། །གཞུ་རྒྱུད་གཞུ་ཆག་ལྷག་པར་ངན། །བཟང་དྲུག་ལམ་ཞུགས་དོན་ཆེན་འགྲུབ། །ངན་པ་དྲུག་པོ་དེ་ལས་ལྡོག ༈ །ལམ་འགྲོའི་དུས་སུ་གཅེས་པ་ཡི། །ཉི་བཟང་སྤྱི་དང་བྱེ་བྲག་ལས། །ཐྱན་ཏས་དང་ཐྱན་ཧོང་། །ཡྭད་ཏས་ཡྭད་ཧོང་ལམ་སེར་བཅས། །གཞན་ཡང་ཤིང་གི་བྱི་གླང་སྤྲེལ། །སྟག་ཡོས་ཁྱི་དང་རྟ་ལུག་དང་། །མེ་སྟག་ཡོས་ལུག་ས་ཡི་འབྲུག །ཡོས་གླང་བྱ་དང་བྱི་བ་རྣམས། །ལྕགས་ཀྱི་སྟག་སྤྲེལ་བྱི་བ་དང་། །ཆུ་ཡི་སྟག་ཡོས་ཁྱི་དང་བཅས། །ནམ་དུ་ཡང་ནི་དགེ་བར་བཤད། །ལྕགས་རྟ་མེ་ཡི་རྟ་གླང་ཁྱི། །previous hit ཆུ་གླང་ལ་ཡང་ལམ་བགྲོད་རུང་། ༈ །ཟླ་བ་སོ་སོའི་དམིགས་བསལ་ཡང་། །དང་པོར་བྱི་རྟ་ཉི་མར་བཟང next hit་། །གཉིས་པར་གླང་ལུག་སྤྲེལ་གྱི་ཉི། །གསུམ་པར་སྟག་སྤྲེལ་བཞིར་བྱི་ཡོས། །ལྔ་པར་སྟག་སྤྲེལ་དྲུག་པར་ལུག །བདུན་པར་སྤྲེལ་རྟ་བརྒྱད་པ་ལ། །བྱ་སྤྲེལ་ཕག་དང་དགུར་བྱི་རྟ། །བཅུ་པར་བྱ་དང་བྱི་ཕག་ཉི། །བཅུ་གཅིག་བྱི་སྟག་


LT41_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཕག །ཉི་མ་དེ་རྣམས་བཟང་བར་བཞེད། །ཟླ་བ་ཀུན་ལ་སྦྲུལ་གྱི་ཉིར། །ནམ་དུའང་ལམ་དུ་འགྲོ་མི་བྱ། །གཞན་ཡང་བྱུང་ངོ་ཅོག་གི་ཟླར། །སྤྲེལ་གྱི་ཉི་མར་ཕྱིར་མི་འགྲོ། །བྱ་ཉིར་སོ་སོར་བྲལ་མི་བྱ། །ཚེས་པ་བདུན་ལ་ཕྱིར་མི་འགྲོ། །བརྒྱད་ལ་ནང་དུ་འཇུག་པ་སྤངས། །ཚེས་ལྔ་བཅུ་བཞི་ཉེར་གསུམ་བཅས། །ལམ་དུ་འཇུག་ལ་ངན་པར་བཤད། ༈ །རིམས་ངན་སོགས་འགོ་ནད་ཅན་དང་གཏུགས་ཚེ་ལྷ་རྗེ་དེ་ནད་བདག་ཡོད་སར་འགྲོ་མི་རུང་བའི་རྩིས་ལ། ཚེས་གཅིག་ལ་ཁང་པའི་དབུས། གཉིས་ལ་ཤར་གྱི་གྱང་རྩ། གསུམ་ལ་ནང་གི་སྒོ་འགག །བཞི་ལ་སྒོ་བར་མ། ལྔ་པ་སྒོའི་རྒྱབ། དྲུག་ལ་ཤར་གྱི་གྱང་རྩ། བདུན་བརྒྱད་ལ་ནུབ་ཀྱི་གྱང་རྩ། དགུ་དང་བཅུ་ལ་ཁང་པའི་རྒྱབ། བཅུ་གཅིག་ལ་ནུབ་ཀྱི་གྱང་རྩ། བཅུ་གཉིས་དང་བཅུ་གསུམ་ལ་ཁང་པའི་ནང་། བཅུ་བཞི་ལ་ལྷོ་ངོས་ཀྱི་ལམ་ནས་མགྲོན་པོ་བསུ། བཅོ་ལྔ་ལ་ཁང་རྒྱབ་ཀྱི་ཕྱི་སྒོ་ནས་མགྲོན་པོ་སྒུག །བཅུ་དྲུག་ལ་ཐབ་ཀའི་མདུན་ན། ཁང་པའི་མདུན་ཅེས་པའང་འདུག །བཅུ་བདུན་ལ་ནད་པའི་ཉལ་ཁྲིའི་སྟེང་ན། བཅོ་བརྒྱད་ལ་ཁང་པ་དབུས་མ་ནང་། བཅུ་དགུ་ལ་ཐབ་ཀའི་མདུན། ཉི་ཤུ་ལ་ཤྭེ་ཀོང་ལ་གནས་ཏེ། འདི་ལྷ་འདྲེ་མཆོད་པའི་ཁང་པ་ཟུར་པ་རྐྱ་འཇང་གི་ཡུལ་ན་ཡོད་པ་ཞིག་གོ། །ཉེར་གཅིག་ལ་ནུབ་ཕྱོགས་སུ་འབྲས་བུ་


LT41_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཤིང་སྡོང་ལ་གནས། ཉེར་གཉིས་ལ་ཁང་ཡོལ་མདུན་ཏེ་མགྲོན་ཁང་ལྟ་བུ་ཕལ་ཆེར་སྟོང་པར་བཞག་རྒྱུ་ཞིག་གི་མདུན། ཉེར་གསུམ་ལ་ལམ་འགགས་སུ་མགྲོན་པོ་དང་ཉེ་བ་གྲོགས་མོ་རྣམས་སྒུག །ཉེར་བཞི་ལ་ཤར་ཕྱོགས་ནས་མགྲོན་པོ་སྒུག །ཉེར་ལྔ་ལ་ལ་མ་ནས་མི་རྣམས་སྒུག །ཉེར་དྲུག་ལ་ཤིང་ཕུང་འོག་ཏུ་གནས། ཉེར་བདུན་ལ་ནད་པའི་མལ་ཁྲིའི་འགྲམ་དུ། ཉེར་བརྒྱད་ལ་བྱང་ཕྱོགས་ཀྱི་རྫིང་བུའི་འགྲམ་ན། ཉེར་དགུ་ལ་ལྷ་འདྲེའི་མཆོད་ཁང་ངམ་ལྷ་ཐོལ། སུམ་ཅུ་ལ་ནད་པའི་མལ་ཁྲི་ལ་གནས། ༈ །ནད་བདག་འགྲོ་འོང་གི་དུས་ཚོད་ནི། བྱི་བའི་ཉི་མར་རྟ་དུས་ནང་དུ་འོང་། སྤྲེལ་དུས་ཐོན་ནས་སྒོ་ཆེན་ལ་གནས། གླང་ཉིར་ལུག་དུས་ནང་དུ་འོང་། བྱ་དུས་ཐོན་ནས་ཁང་ཆེན་ལ་གནས། སྟག་ཉིར་རྟ་དུས་འོང་། ཁྱི་དུས་ཐོན་ནས་མདུན་གྱི་ཁང་པ་ལ་གནས། ཡོས་ཉིར་བྱ་དུས་འོང་། ཕག་དུས་ཐོན་ནས་ནད་པའི་ལུས་ལ་ཡོད། འབྲུག་ཉིར་ཁྱི་དུས་འོང་། བྱི་དུས་ཐོན་ནས་སྨན་ཁང་སྟེང་ན་གནས། སྤྲུལ་ཉིར་ཕག་དུས་འོང་། གླང་དུས་ཐོན་ནས་ཁང་རྒྱབ་སྒོ་ལ་གནས། རྟ་ཉིར་བྱི་དུས་འོང་། སྟག་དུས་ཐོན་ནས་ཁང་པ་དབུས་མའི་ནང་གནས། ལུག་ཉིར་གླང་དུས་འོང་། ཡོས་དུས་ཐོན་ནས་ཤར་ཕྱོགས་སུ་གནས། སྤྲེལ་ཉིར་སྟག་དུས་འོང་། འབྲུག་དུས་ཐོན་ནས་ཤར་ཕྱོགས་སུ་གནས། བྱ་ཉིར་གླང་དུས་འོང་། རྟ་


LT41_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཐོན་ནས་ཁྱིམ་ནང་གནས། ཁྱི་དང་ཕག་གཉིས་ཀྱི་ཉི་མར་ལྷོ་ནུབ་མཚམས་གནས། སྤྲེལ་དུས་འོང་ནས་ནད་པའི་སྒོ་འགག་ཏུ་གནས། ༈ །ལྷ་རྗེ་བསྟེན་པའི་རྩིས་ལ། ནད་བཅོས་བའི་ཉི་མ་previous hit བཟང་པོ་ནི། ས་བྱ། མེ་འབྲུག །ཆུ next hit་འབྲུག །གནམ་སྨན། ཐིྱན་ཧུ། ཀུན་སྲུང་། བདེ་འདོད། ཕོ། previous hit ཆུ། ཆིན། ཁས་རྣམས་བཟང next hit་། གནམ་སྟོང་། བཅོ་ལྔ། བརྒྱད། ཀྱན། དམན། ཡིན། ཏིས། ཤིའུ་རྣམས་འཛེམ། ཡྭད་གཡན། ཟླ་བའི་དགྲ། ཤི་ཟིན་པ། སྲོག་ཆད་ཚར་བ། མེ་མོའི་ཉི་མ་རྣམས་སྤངས། ༈ །ཁྲག་གཏར་བའི་ཉི་མ་previous hit བཟང་པོ་ནི། དང་པོར། ལྕགས་མེ་ཆུའི་བྱི་བ། ཆུ next hit་ཤིང་མེའི་འབྲུག །མེ་ལྕགས་ཤིང་གི་ཡོས། ཤིང་སྤྲེལ། མེ་སའི་ཕག །གཉིས་པར། ས་མེའི་ཕག །ལྕགས་མེ་ཆུའི་བྱི་གླང་། མེ་ལྕགས་ཤིང་གི་ཡོས། ལྕགས་རྟ། གསུམ་པར། ལྕགས་མེ་ཆུའི་བྱི་རྟ། ཆུ་ཤིང་མེའི་འབྲུག །མེ་ས་ཤིང་གི་སྦྲུལ། བཞི་པར། ས་ལྕགས་མེའི་ཡོས། ལྕགས་ཆུ་མེའི་རྟ། ཤིང་མེ་སའི་ཁྱི། ལྔ་པར། previous hit ཆུ་ཤིང་མེའི་འབྲུག །ས་ལྕགས་ཀྱི་ཕག་བཟང next hit་། ས་ལྕགས་ཀྱི་ལུག་རུང་། དྲུག་པར། མེ་ལྕགས་ཤིང་གི་ཡོས། ཤིང་ལྕགས་ཀྱི་སྤྲེལ། མེ་སའི་ཕག་བཟང་། ས་ལུག །ལྕགས་སྤྲེལ་རུང་། བདུན་པར། ལྕགས་བྱི། ཤིང་སྦྲུལ། ཤིང་མེ་སའི་ཁྱི་previous hit བཟང་། མེ་


LT41_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་བྱི་བ་རུང་། བརྒྱད་པར། ལྕགས་ཆུ next hit་མེའི་རྟ་གླང་། ཆུ་མེའི་བྱི་བ། ཤིང་སྦྲུལ། མེ་སའི་ཕག །དགུ་པར། མེ་ལྕགས་ཤིང་གི་ཡོས། ལྕགས་རྟ། ཤིང་སྤྲེལ། ལྕགས་བྱི་previous hit བཟང་། མེ་བྱི། ཆུ next hit་མེའི་རྟ་རུང་། བཅུ་པར། མེ་ལྕགས་ཤིང་གི་ཡོས། ཆུ་ཤིང་མེའི་འབྲུག །ལྕགས་ཆུ་མེའི་རྟ། ཤིང་སྦྲུལ། བཅུ་གཅིག་པར། ལྕགས་ཀྱི་བྱི་གླང་། previous hit ཆུ་ཤིང་མེའི་འབྲུག །ཤིང་གི་སྦྲུལ་སྤྲེལ་བཟང next hit་། མེ་ཆུའི་གླང་རུང་། བཅུ་གཉིས་པར། མེ་ལྕགས་ཤིང་གི་ཡོས། ཤིང་སྦྲུལ་བཟང་། ལྕགས་མེ་ཆུའི་གླང་རུང་། གཞན་ཡང་ཟླ་བ་གང་ཡང་རུང་བ་ལ། མེ་ཡོས། ལྕགས་རྟ། ཤིང་ཁྱི། མེ་བྱི། མེ་གླང་། ཆུ་རྟ། ཤིང་སྤྲེལ། མེ་ཁྱི། མེ་ཕག །ལྕགས་ཡོས། ལྕགས་འབྲུག །མེ་སྤྲེལ། ས་ཁྱི། ས་ཕག །ལྕགས་བྱི། ལྕགས་གླང་། ཤིང་འབྲུག །ཤིང་སྦྲུལ། མེ་རྟ། ས་སྤྲེལ། ཆུ་བྱི། ཆུ་གླང་། ཤིང་ཡོས། མེ་འབྲུག །ས་ལུག །ཆུ་ཁྱི་རྣམས་དང་། ཕོ། previous hit ཆུ། ཆིན། ཁས་རྣམས་དང་། གནམ་སྨིན། བདེ་འདོད་རྣམས་བཟང next hit་། སྐྱེས་པར་ཁྱི་དང་། བུད་མེད་ལ་སྦྲུལ་ཉི་འཛེམ། ཤི་བསླེབས་ཉི། ཟླ་གནོད། སྟག་དཀར། ལམ་ནག །ཟླ་དགྲ། ཤི་བྲལ། ཁྲག་གི་ཡལ་ག །ཁྲག་འཛེམ་པ། མེའི་མཚམས་བཅད། ཤི་བ་ཉམས་མྱོང་། ལྕགས་ལུག །མེ་མོའི་ཉི་མ། ཏིས། དེ་རྣམས་ངན།


LT41_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སོག་ཆད་ཟིན་པའི་ཉི་མ་ནི། དང་པོའི་དབུགས་ཐོབ་ནས་ཞག་བདུན་ཉིན། གཉིས་དབུགས་ཐོབ་ནས་ཞག་བཅུ་བཞིའི་ཉིན། གསུམ་དབུགས་ཐོབ་ནས་ཞག་ཉེར་གཅིག་ཉིན། བཞི་དབུགས་ཐོབ་ནས་ཞག་བརྒྱད་ཉིན། ལྔ་དབུགས་ཐོབ་ནས་ཞག་བཅུ་དྲུག་ཉིན། དྲུག་དབུགས་ཐོབ་ནས་ཞག་ཉེར་བདུན་ཉིན། བདུན་དབུགས་ཐོབ་ནས་ཞག་དགུའི་ཉིན། བརྒྱད་དབུགས་ཐོབ་ནས་ཞག་བཅོ་བརྒྱད་ཉིན། དགུ་དབུགས་ཐོབ་ནས་ཞག་ཉེར་བདུན། བཅུ་པའི་དབུགས་ཐོབ་ནས་ཞག་བཅུའི་ཉིན། བཅུ་གཅིག་པའི་དབུགས་ཐོབ་ནས་ཞག་ཉི་ཤུའི་ཉིན། བཅུ་གཉིས་པའི་དབུགས་ཐོབ་ནས་ཞག་སུམ་ཅུའི་ཉིན་མོའོ། །དེ་རྣམས་ཀྱི་དུས་སུ་ལྷག་པར་འཛེམ་པ་གལ་ཆེ། ༈ །བཞིྭན་ཤྭིན་ཏེ་བླ་གནས་ཀྱི་རྩིས་ལ། ཚེས་གཅིག་ལ་རྐང་པའི་མཐེབ་ཆེན། གཉིས་ལ་རྐང་པའི་རྒྱབ། གསུམ་ལ་ལྟེ་འོག་དང་ཕོང་། བཞི་ལ་སྐེད་པ། ལྔ་ལ་ཁ། དྲུག་ལ་ལག་པ། བདུན་ལ་བརླ་རྐང་ནང་། བརྒྱད་ལ་རྩིབས་ལོགས། དགུ་ལ་གཞུག་ཆུང་། བཅུ་ལ་སྒལ་པ། བཅུ་གཅིག་ལ་སྣ། བཅུ་གཉིས་ལ་སྐྲ་ནང་། བཅུ་གསུམ་ལ་སོ། བཅུ་བཞི་ལ་ཕོ་བའི་རྒྱབ་བམ་སྙིང་ག །བཅོ་ལྔ་ལ་ལུས་ཀུན། བཅུ་དྲུག་ལ་བྲང་ངམ་ཕོ་བ། བཅུ་བདུན་ལ་མིད་པ། བཅོ་བརྒྱད་ལ་གསང་གནས་སམ་ཕོང་། བཅུ་དགུ་ལ་རྐང་པ། ཉི་ཤུ་ལ་བརླ་


LT41_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ནད། ཉེར་གཅིག་ལ་ལག་པའི་མཐེའུ་ཆུང་། ཉེར་གཉིས་ལ་བརླ་ཕྱི། ཉེར་གསུམ་ལ་མཆིན་པ་དང་རྐེད་པ། ཉེར་བཞི་ལ་ལག་པའི་མཐིལ་དང་རྒྱབ། ཉེར་ལྔ་ལ་རྐང་པའི་མཐེབ་ཆེན་དང་པོ་ལ། ཉེར་དྲུག་ལ་བྲང་དང་ཕོ་བ། ཉེར་བདུན་ལ་པུས་མོ། ཉེར་བརྒྱད་ལ་མཚན་མ། ཉེར་དགུ་པུས་མོའི་འཕང་ལོ་དང་རྗེ་ངར། གནམ་སྟོང་ལ་རྐང་མཐིལ་དུ་གནས། དེ་རྣམས་ལ་གཏར་ཀ་འཛེམ། ༈ །དུས་བཞིའི་བླ་གནས་ནི། དཔྱིད་ཀ་རྩིབས་ལོགས་གཡོན། དབྱར་ཀ་ཕོ་བ། སྟོན་ཀ་རྩིབས་ལོགས་གཡས། དགུན་རྐང་པ་ལ་གནས་སོ། ༈ །སྐྲ་འཁྲུ་བ། བཞར་བ། ཁ་སྦུ་བསྐྱེད་པ། བུད་མེད་ཀྱི་གདོང་བཀྲུ་བ། བུ་ཆུང་གི་གཙུག་ཕུད་འཆིང་བ། རྣ་བ་འབིགས་པ་བཅས་ཀྱི་རྩིས་ལ། ཤིང་གི་གླང་སྟག་སྦྲེལ། མེའི་ཁྱི་བྱི་བ། ས་ཡོས། ལྕགས་བྱ། previous hit ཆུ་རྟ། ཐྱན་ཏས། ཡྭད་ཏས། ལམ་སེར། གཞི་ཧུ། བ་ཐག་སྦྲེལ་བའི་ཉི་མ་རྣམས་ལ་བཟང next hit་། ཀྱན། ཕོ། མེ་མོའི་ཉི་མ། ཚེས་བཅོ་ལྔ་བཅས་ལ་ངན། མེ་མོ་ལ་བཞར་ན་མགོ་ལ་འབྲུམ་པ་འབྱུང་། ཐ་ཆུང་བཞི་ལ་རྟའི་ཉི་མ་ལ་བཟང་། དམིགས་བསལ་སྐྲ་དང་ལུས་བཀྲུ་བ་ལ། ཤིང་གི་བྱི་བ་སྤྲེལ་ཕག །མེའི་ཡོས་གླང་བྱི་བ་སྦྲུལ། སའི་བྱ་རྟ། ལྕགས་ཀྱི་ཡོས་ལུག །ཆུའི་བྱ་གླང་ཕག་རྣམས་བཟང་། ཚེས་གསུམ་ལ་ཕྱུག །བཞི་ལ་དགའ་བ་ཐོབ། ལྔ་ལ་


LT41_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཡོང་། བདུན་ལ་ཤིན་ཏུ་བཟང་། བརྒྱད་ལ་ཚེ་རིང་། དགུ་ལ་བུད་མེད་དང་འཕྲད། བཅུ་ལ་རྙེད་པ་ལྷག་པོ་ཐོབ། བཅུ་གཅིག་ལ་མིག་གསལ། བཅུ་གསུམ་ལ་སྐྱེས་པ་བཟང་པོ་ཐོབ། བཅུ་བཞིར་ནོར་རྫས་རྙེད། བཅོ་ལྔར་བཀྲ་ཤིས། ཉེར་གཉིས་ལ་ཟས་སྐོམ་ཐོབ། ཉེར་གསུམ། ཉེར་དྲུག །ཉེར་བདུན་ལ་བཟང་། སྟོན་མགོ་ཚུགས་པ་དང་། དུར་ཕག་གསུམ་ལ་འཛེམ་དགོས། བུ་ཆུང་གི་བཙས་སྒྲ་ཚེས་ལྔ་ལ་བཞར་ན་བུ་ཆུང་མདོག་ནག །སྟོང་ལ་ཚེ་ཐུང་། གཞན་གོང་དང་མཚུངས། ཆུ། དམན། ཏིས། ཇི། ཆིན། ཁས་རྣམས་འབྲིང་། ཀྱིན་གསིན་ཧུན། གནམ་དལ། ཤི་བཏམས་མྱོང་གསུ་ཧུ་རྣམས་ནི་སྐྲ་བཀྲུ་བ་དང་། བཞར་བ་སོགས་ཐམས་ཅད་ལ་འཛེམ་པ་གལ་ཆེ། ༈ །ཁྱིམ་སྤོ་བ་དང་ཁྱིམ་ལ་གསར་དུ་འཇུག་པའི་རྩིས་ལ། ཤིང་བྱི། ཤིང་གླང་། མེ་སྟག །ས་འབྲུག །ལྕགས་རྟ། མེ་གླང་། ས་སྟག །ཤིང་བྱ། ལྕགས་སྟག །ཆུ་འབྲུག །ཆུ་སྦྲུལ། ཤིང་ལུག །ཆུ་སྟག །ཆུ་ཡོས། ཤིང་འབྲུག །མེ་རྟ། ལྕགས་ཕག །ཆུ་གླང་། མེ་འབྲུག །མེ་སྦྲུལ། previous hit ཆུ་ཁྱི་རྣམས་བཟང next hit་། ༈ །རྟ་ཉོ་བའི་རྩིས་ལ། ཤིང་ཕག །ཤིང་བྱ། ས་བྱ། previous hit ཆུ་འབྲུག །ཤིང་སྦྲུལ། ས་ལུག །གྲུབ་པ། སྡུད་པ་རྣམས་བཟང next hit་། ༈ །ས་ཞིང་དང་ཁང་པ་ཉོ་བའི་རྩིས་ལ། ལྕགས་ལུག །མེ་བྱི། མེ་གླང་། ཆུ་


LT41_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྟ། ཆུ་ལུག །ཤིང་སྤྲེལ། ལྕགས་ཡོས། ཆུ་འབྲུག །ཤིང་ལུག །ལྕགས་བྱི། ཆུ་ཡོས། མེ་ལུག །ས་སྤྲེལ། previous hit ཆུ་བྱི། ཤིང་སྟག །ཤིང་ཡོས། ས་ལུག །ལྕགས་བྱ་རྣམས་བཟང next hit་། བརྟན་པ་ཞེས་པ་དང་། གྲུབ་པ་ཞེས་པ་གཉིས་ཀྱང་བཟང་། ༈ །ནོར་དང་བུ་ལོན་ཕྱིར་གཏོང་པའི་རྩིས་ལ། མེ་གླང་། ཤིང་བྱ། ལྕགས་ཁྱི། ལྕགས་ཕག །ཤིང་ཡོས། ལྕགས་བྱ། ལྕགས་རྟ། ས་སྦྲུལ་རྣམས་བཟང་། གྲུབ་པ་དང་ཁེངས་བའང་བཟང་། ཤིག་པ་ཞེས་པའི་ཉི་མར་འཛེམ། ༈ །ནོར་དང་བུ་ལོན་ཚུར་ལེན་པའི་རྩིས་ལ། ཤིང་གླང་། མེ་སྟག །previous hit ཆུ་རྟ། ལྕགས་སྟག །ལྕགས་བྱི། ཤིང་སྦྲུལ། མེ་རྟ། ཤིང་སྟག །ལྕགས་བྱ་རྣམས་བཟང next hit་། ཐྱན་ཏས། ཡྭད་ཏས། སྡུད་པ། ཁོངས་པ་རྣམས་ལ་རུང་། ༈ །འབྲུ་རིགས་ལྔའང་བར་འཇུག་པའི་རྩིས་ལ། ལྕགས་རྟ། ས་ཡོས། ལྕགས་སྦྲུལ། ཆུ་རྟ། ཆུ་ལུག །ཤིང་བྱ། ས་གླང་། ལྕགས་སྟག །previous hit ཆུ་ཡོས་རྣམས་དང་། ཐྱན་ཏས། ཡྭད་ཏས་རྣམས་བཟང next hit་། སྙོམས་པ། ཁེངས་པ། གྲུབ་པ། སྡུད་པ་དག་ལའང་རུང་། ༈ །ལས་མགོ་འཛུགས་པའི་རྩིས་ལ། ཆུ་བྱི། ཆུ་གླང་། མེ་འབྲུག །མེ་སྦྲུལ། ས་རྟ། ས་ལུག །ལྕགས་སྤྲེལ། ལྕགས་བྱ་སྟེ་ཉི་མ་བརྒྱད་པོ་འདི་ལ་རྒྱུ་སྐར་གཏུམ་པོ་དག་ལྷའི་ཡུལ་དུ་སོང་བས་བཟང་། ཡང་ས་སྦྲུལ། ལྕགས་ལུག །ཤིང་ཁྱི། ཤིང་ཕག །ཤིང་བྱ།


LT41_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྱ།། previous hit ཆུ་བྱི། ཤིང་ཡོས། ས་ལུག །ལྕགས་སྤྲེལ་རྣམས་ལ་བཟང next hit་། གྲུབ་པ། དབྱེ་བ་ལའང་རུང་། ༈། ཀ་བ་འཛུགས་པའི་རྩིས་ལ། མེ་སྟག །ལྕགས་སྦྲུལ། ས་སྤྲེལ། ས་ཕག་རྣམས་བཟང་། ༈ །གདུང་མ་འགེལ་བའི་རྩིས་ལ། ཤིང་གྱི། ཤིང་གླང་། མེ་ཡོས། ས་འབྲུག །ས་སྦྲུལ། ལྕགས་རྟ། ལྕགས་ལུག །ཆུ་སྤྲེལ། མེ་ཁྱི། མེ་བྱི། ས་སྟག །ལྕགས་འབྲུག །ཆུ་སྤྲེལ། ཤིང་སྤྲེལ། ས་བྱི། ལྕགས་སྟག །ཤིང་རྟ། མེ་སྤྲེལ། མེ་བྱ། ས་ཁྱི། ས་ཕག །ལྕགས་བྱི། ལྕགས་གླང་། ཆུ་སྟག །ཆུ་ཡོས། ཤིང་སྦྲུལ། མེ་ལུག །ས་བྱ། མེ་སྦྲུལ། ལྕགས་ཕག །ཆུ་གླང་། ཤིང་ཡོས། ས་ལུག །ལྕགས་བྱ། previous hit ཆུ་ཕག་རྣམས་ལ་བཟང next hit་། རྟ་དང་བྲལ་བའི་ཉི་མར་ངན། ༈ སྒོ་གསར་དུ་བཏོད་པའི་རྩིས་ལ། ཟླ་བ་ཆེ་བ་ལ། གཅིག །གཉིས། གསུམ། བདུན། བརྒྱད། དགུ། བཅུ་གསུམ། བཅུ་བཞི། བཅོ་བརྒྱད། བཅུ་དགུ། ཉི་ཤུ། ཉེར་བཞི། ཉེར་ལྔ། ཉེར་དགུ་རྣམས་བཟང་། ཟླ་བ་ཆུང་བ་ལ། གཅིག །གཉིས། དྲུག །བདུན། བཅུ་གཅིག །བཅུ་གཉིས། བཅུ་གསུམ། བཅུ་བདུན། བཅོ་བརྒྱད། བཅུ་དགུ། ཉེར་གསུམ། ཉེར་བཞི། ཉེར་བརྒྱད། ཉེར་དགུ་རྣམས་བཟང་། ལྕགས་སྟག་ལ་འཛེམ། དཔྱིད་དུས་ཤར་དུ་སྒོ་མི་གཏོད། དབྱར་ལྷོ་སྒོ་སྤངས། སྟོན་ནུབ་སྒོ་མི་བྱ། དགུན་


LT41_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྒོ་བཏོད་པ་བཅས་སྤངས། ༈ ཁང་མཛོད་བཟོ་བའི་རྩིས་ལ། དཔྱིད་ཀྱི་ས་སྦྲུལ། མེ་སྦྲུལ། མེ་ལུག །དབྱར་གྱིས་སྦྲུལ། ཤིང་རྟ། སྟོན་གྱི་ཤིང་ཕག །ཆུ་རྟ། དགུན་གྱི་ལྕགས་ལུག །ལྕགས་སྟག །previous hit ཆུ་འབྲུག །ཤིང་ལུག །ཤིང་ཕག །མེ་འབྲུག་རྣམས་བཟང next hit་། གྲུབ་པ་དབྱེ་བ་གཉིས་ལའང་རུང་། ༈ །ཐབ་ཀ་བཟོ་བའི་རྩིས་ལ། ཤིང་བྱི། ཤིང་གླང་། ས་སྦྲུལ། ལྕགས་རྟ། ལྕགས་ལུག །ཆུ་བྱ། ཤིང་ཁྱི། ཤིང་ཕག །ཆུ་ལུག །ཤིང་སྤེལ། ཆུ་འབྲུག །ཤིང་ལུག །ལྕགས་ཕག །ཆུ་གླང་། ཤིང་སྟག །ཤིང་ཡོས། ལྕགས་སྤྲེལ་རྣམས་དང་། ཟླ་བ་དང་པོ་གཉིས་པར་ཁྱི་གླང་། གསུམ་པ་བཞི་བར་བྱི་བ་ཡོས། ལྔ་པ་དྲུག་པར་སྟག་སྦྲུལ། བདུན་པ་བརྒྱད་པར་འབྲུག་ལུག །དགུ་པ་བཅུ་པར་རྟ་བྱ། བཅུ་གཅིག་པ་བཅུ་གཉིས་པར་སྤྲེལ་ཕག་རྣམས་བཟང་། ཁ་ལྷོ་ནུབ་ཏུ་ཕྱོགས་ན་བཟང་། བྱང་ཤར་དུ་ཕྱོགས་ན་ངན། མེ་ཕོ་ལ་རྟག་པར་འཛེམ། ༈། གོས་དང་གུར་སོགས་བཟོ་བའི་རྩིས་ལ། ཤིང་བྱི། ཤིང་གླང་། མེ་སྟག །མེ་ཡོས། ས་འབྲུག །ས་སྦྲུལ། ཆུ་བྱ། ཤིང་ཁྱི། ཤིང་ཕག །མེ་བྱི། མེ་གླང་། ས་ཡོས། མེ་ཁྱི། མེ་ཕག །ས་བྱི། ས་གླང་། ལྕགས་སྟག །ཆུ་འབྲུག །ཆུ་སྦྲུལ། ཤིང་རྟ། ཤིང་ལུག །མེ་སྤྲེལ། བ་ཁྱི། ལྕགས་བྱི། ལྕགས་གླང་། ཆུ་ཡོས། ཤིང་འབྲུག །ཤིང་སྦྲུལ། ཆུ་གླང་། ཤིང་སྟག །


LT41_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཡོས། མེ་འབྲུག །ས་སྤྲེལ། ལྕགས་བྱ། previous hit ཆུ་ཁྱི་རྣམས་དང་། གྲུབ་པ། དབྱེ་བ་བཅས་བཟང next hit་། རྒྱུ་སྐར་མེ་ཁམས་ཅན་འཛེམ། ནག་པ་ལ་བདེ། ས་རིལ་ཟས་རྙེད། ལྷ་མཚམས་ལ་གོས་ཕན་ཐོགས། ཆུ་སྨད་ལ་ཞིམ་པ་ཐོབ། གྲོ་བཞིན་ལ་དགའ་བ་ཐོབ། གྲེ་ལ་དགའ་བ་སྐྱེ། དཔོ་ལ་ནོར་རྫས་རྙེད། ཐ་སྐར་ལ་ཚེ་རིང་། རྒྱལ་ལ་བཀྲ་ཤིས། མེ་བཞི་ལ་ཡུན་རིང་། གཞན་ཡང་། ཐྱན་ཏས། ཡྭད་ཏས། ཐྱན་ཧོང་། ཡྭད་ཧོང་། དྲུག་འགྲིགས། ལམ་སེར། གནམ་གྱི་དྲིན་ལན། ཟླ་བའི་དྲིན་ལན། གནམ་དགའི་ཉི་མ་རྣམས་ལ་བཟང་། གནམ་གྱི་མེ། ཟླ་བའི་མེ། བྱ་དམར། གནམ་གྱི་དལ་ཡམས། གནམ་ཇག །ཤི་བ་ཉམས་མྱོང་། ཀྱིན་གསིན་ཧུན། ཧའུ་ཀྱང་ཞྭ། གསུ་ཧུ། གསི་ཧའུ། ཁ་སྨུག །ས་དགུའི་འདྲེ། སྐར་མ་རིང་ཐུང་། གྱི། ཕོ། དཔྱིད་དུས་ཕག་པྱི། དབྱར་སྟག་ཡོས། སྟོན་རྟ་སྦྲུལ། དགུན་བྱ་སྤྲེལ་རྣམས་འཛེམ། ༈ །བཙས་མ་བྱེད་པའི་རྩིས་ལ། ཟླ་བ་དང་པོར་ལྕགས་previous hit ཆུ་ཤིང་གི་རྟ། ས་ཆུའི་ཡོས་བྱ་རྣམས་བཟང next hit་། མེ་རྟ། མེ་ཤིང་ལྕགས་ཀྱི་ཡོས། ཤིང་མེའི་བྱ་ཡང་རུང་། བདུན་པར་མེ་ཆུ་སའི་ཡོས། ཤིང་མེ་ས་ལྕགས་ཀྱི་འབྲུག །ས་ཆུའི་སྦྲུལ། བརྒྱད་པར། ཆུ་གླང་། ཤིང་མེ་ས་ལྕགས་ཆུའི་འབྲུག་སྦྲུལ། ལྕགས་སའི་ཕག །དགུ་པར་ཤིང་མེ་ས་ལྕགས་ཀྱི་


LT41_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྟ། མེ་ས་ལྕགས་ཆུའི་བྱ། ས་མེའི་ཁྱི་རྣམས་བཟང་། གྱི། ཕོ། གནམ་སའི་ཇག་པ། ཤི་བ་ཉམས་མྱོང་། རྫུན་པ་ལྔ། གནམ་རྒོད། གནམ་དབུལ། གསི་ཧབུ། གསུ་ཧུ། ཀྱིན་གསིན་ཧུན་རྣམས་འཛེམ་དགོས། ༈ །ཁ་ཟས་གསར་པ་ཟ་བའི་རྩིས་ལ། ཀྱན་ལ་རྒྱུན་དུ་གསར་པ་འབྱུང་ཡང་བུ་ཆེ་བ་ལ་གནོད། previous hit ཆུ་ལ་དབུལ་པོར་འགྲོ། དམན་ལ་གོད་ཀ་འབྱུང་། ཡིན་ལ་བཟང next hit་། ཏིས་ལ་མགྲོན་པོ་འོང་། གྱི་དང་ཕོ་ལ་ངན། ཆད་ལས་ཕོག །ཝ། ཆིན། ཤིའུ། ཁས། སིན་རྣམས་ལ་ཞིང་མང་དུ་ཐོབ། ༈ །སྲུས་གསར་པ་ཟ་བའི་རྩིས་ལ། ལྔ་པར། ཤིང་མེ་ས་ལྕགས་ཆུའི་འབྲུག །ལྕགས་སའི་སྦྲུལ། ཤིང་ལྕགས་ཀྱི་གླང་། ཤིང་ལྕགས་མེའི་སྟག །དྲུག་པར། ཤིང་མེ་ས་ལྕགས་ཆུའི་ཡོས། མེ་ལྕགས་ཤིང་གི་སྟག །བདུན་པར། མེ་ལྕགས་ས་ཆུའི་ཡོས། མེ་ལྕགས་ཆུའི་འབྲུག །མེ་previous hit ཆུ་སའི་སྦྲུལ། ཤིང་ལྕགས་ཀྱི་ལུག་རྣམས་ལ་བཟང next hit་། ༈ །སྐྱེ་ཤིང་དང་མེ་ཏོག་འཛུགས་པ་ས་བོན་འདེབས་པའི་རྩིས་ལ། དང་པོར། ཤིང་མེ་ས་ལྕགས་ཆུའི་ཡོས། ཆུ་མེ་སའི་བྱ། ས་ཆུའི་ཕག །མེ་ཆུའི་གླང་། གཉིས་པར། མེ་སྟག །ས་སྦྲུལ། མེ་ལྕགས་ཆུའི་ལུག །ཤིང་ལྕགས་སའི་ཁྱི། ལྕགས་སའི་ཕག །གསུམ་པར། མེ་སའི་ཡོས། ཆུ་ལྕགས་སའི་སྦྲུལ། ཆུ་ཤིང་མེའི་བྱི་བ། བཞི་པར། ཤིང་མེ་ལྕགས་ཆུའི་བྱི་བ། མེ་ས་ལྕགས་


LT41_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་ཡོས། ལྕགས་ཆུ་ཤིང་གི་རྟ། ལྔ་པར། ཤིང་མེ་ས་ལྕགས་ཆུའི་འབྲུག །ལྕགས་ཀྱི་སྦྲུལ་ལུག །དྲུག་པར། མེ་ས་ལྕགས་ཆུའི་སྟག །ཤིང་མེ་ལྕགས་ཀྱི་སྤྲེལ། བདུན་པར། མེ་སའི་ཡོས། མེ་ལྕགས་ས་ཆུའི་སྦྲུལ། བརྒྱད་པར། ཤིང་ལྕགས་ཆུའི་ཁྱི་རྣམས་དང་། གཞན་ཡང་ཟླ་བ་གང་ཡང་རུང་བ་ལ། ཆུ་མེ་ལྕགས་ཀྱི་བྱི་བ། ཤིང་མེ་ས་ལྕགས་ཆུའི་གླང་། ས་ཤིང་ཆུའི་སྟག །མེ་ས་ལྕགས་ཆུའི་ཡོས། ས་ལྕགས་ཆུ་མེའི་སྦྲུལ། ཤིང་མེ་ས་ལྕགས་ཆུའི་རྟ། ཤིང་ས་ལྕགས་ཆུའི་ལུག །ཤིང་ས་ལྕགས་ཀྱི་བྱ་སྤྲེལ། ཆུ་མེ་སའི་ཁྱི། ཤིང་མེ་ཆུའི་འབྲུག །ཆུ་བག་རྣམས་དང་། མ་མོ་མཛོད་ཀྱི་ཉི་མ། previous hit ཆུ། ཤིའུ། ཁས་དེ་རྣམས་བཟང next hit་། སའི་ཇག་པ། ཙེའུ་ཁན་གྱི་ཉི་མ། གནམ་སའི་མེ། གསི་ཧའུ། གསུ་ཧུའི་ཉི་མ། སའི་མཚམས་བཅད། ཆུའི་མཚམས་བཅད། གནམ་གྱི་ཇག་པ། ཤི་བ་ཉམས་མྱོང་རྣམས་ཀྱང་ངན། ཁྱད་པར་དུ་དཔྱིད་དུས་ཡོས། དབྱར་རྟ། སྟོན་བྱ། དགུན་བྱི་བ། དམན། ཡིན། ཏིས། གྱི། ཕོ། ཆིན་རྣམས་ལ་ལྷག་པར་འཛེམ། ༈ །ཆང་སྦྱོར་བའི་རྩིས། དང་པོར། ཡོས་ལྔ། གཉིས་པར། ཤིང་མེ་ཆུའི་གླང་། ས་སྦྲུལ། ཤིང་སའི་ཕག །གསུམ་པར། ཤིང་མེ་ལྕགས་ཀྱི་བྱི་བ། ལྕགས་ཆུ་མེའི་རྟ། བཞི་པར། ཤིང་མེའི་གླང་། མེ་ལྕགས་ཤིང་ཆུའི་ཡོས། ལྔ་པར།


LT41_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ས་ཤིང་གི་སྟག །ལྕགས་སའི་ལུག །དྲུག་པར། ཡོས་ལྔ། ས་ཤིང་གི་སྟག །ཆུ་བྱ། བདུན་པར། ལྕགས་མེ་ཤིང་ཆུའི་ལུག །བརྒྱད་པར། ཆུ་མེ་སའི་འབྲུག །ས་སྦྲུལ། ཤིང་སའི་ཕག །དགུ་པར། ལྕགས་ཆུ་མེའི་རྟ། ལྕགས་བྱ། བཅུ་པར། ཤིང་ལྕགས་ཀྱི་བྱི་བ། ལྕགས་རྟ། ལྕགས་ཤིང་མེའི་ལུག །ཆུ་བྱ། ཤིང་ཁྱི། བཅུ་གཅིག་པར། མེས་ཤིང་སྟག །ཤིང་ས་ལྕགས་ཀྱི་སྤྲེལ། བཅུ་གཉིས་པར། ཤིང་གླང་། ཤིང་མེ་སའི་སྤྲེལ་བཅས་དང་། ཐྱན་ཏས། ཐྱན་ཧོང་། ཡྭད་ཏས། ཡྭད་ཧོང་། ལམ་སེར། སྲོག་འཚོ། བསོད་ནམས་སྐྱེས། གནམ་དང་ཟླ་བའི་དྲིན་ལན་རྣམས་དང་། དཔྱིད་དུས་སྣར་མ་དང་། རྒྱལ། དབྱར་སྨིན་དྲུག །སྟོན་ས་བ། །དགུན་མེ་བཞི་རྣམས་previous hit བཟང་། །ཆུ next hit་ནང་ཀྱི་ཉི་མ་ཞེས། ཟླ་ཆེན་ལ། གཅིག །བདུན། བཅུ་གཅིག །བཅུ་བདུན། ཉེར་གསུམ། གནམ་སྟོང་། ཟླ་ཆུང་ལ། གསུམ། བདུན། བཅུ་གཉིས། ཉེར་དྲུག་རྣམས་དང་། གནམ་དང་སའི་ཇག་པ། གནམ་གྱི་དལ་ཡམས། ཡྭད་གཡན། ཤི་བ་ཉམས་མྱོང་རྣམས་ལྷག་པར་ངན། དམན། ཏིས། ཆིན། ཁས། ཤིའུ་རྣམས་ཀྱང་འཛེམ། གཞན་ཡང་། ཆུ་ནད། ཡྭད་གཡན། གནམ་སའི་ཇག་པ། གསུ་ཧུ། གནམ་གྱི་དལ་ཡམས། ཤི་བ་ཉམས་མྱོང་། ལམ་ནག །ཟློག་པའམ་འཁོར་བའི་དགྲ། ཏིས། དེ་རྣམས་


LT41_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་གཞན་བཟང་པོ་མ་འཛོམ་ཡང་རུང་། ༈ །ཆང་རྩི་བཟོ་བའི་རྩིས་ལ། ལྕགས་ལུག །ཤིང་ལུག །ལྕགས་བྱི་རྣམས་བཟང་། ༈ །ཁྲི་བརྩེགས། སྦྲ་གུར་ཕུབ་པ། བཟའ་མི་བགོ་བའི་རྩིས་ལ། ཉི་མ་ངན་པ་ནི། ཨོ་ཧུའི་ཉི་མ་ཞེས། དང་པོར་བྱི་བ། གཉིས་པར་བྱ། གསུམ་པར་ལུག །བཞི་པར་སྤྲེལ། ལྔ་པར་སྦྲུལ། དྲུག་པར་སྦྲུལ། བདུན་པར་ཡོས། བརྒྱད་པར་སྟག །དགུ་པར་བཅུ་པར་རྟ། བཅུ་གཅིག་པར་ཁྱི། བཅུ་གཉིས་པར་ཕག །སྟོང་པ་དགུའི་ཉི་མ་ཞེས། དང་པོ་ནས་རིམ་བཞིན། འབྲུག །གླང་། ཁྱི། ལུག །ཡོས། བྱི་བ། བྱ། རྟ། སྟག ཕག །སྤྲེལ། སྦྲུལ་རྣམས་སོ། །བྱ་དམར་མོའི་ཉི་མ། དང་པོ་བདུན་པ་ཡོས། གཉིས་བརྒྱད་སྦྲུལ། གསུམ་དགུ་ལུག །བཞི་དང་བཅུ་ལ་བྱ། ལྔ་དང་བཅུ་གཅིག་ལ་ཕག །དྲུག་དང་བཅུ་གཉིས་ལ་གླང་རྣམས་དང་། ཤི་བའི་བྱེ་བྲག་གི་ཉི་མ། དཔྱིད་དུས་ཁྱི། དབྱར་གླང་། སྟོན་འབྲུག །དགུན་ལུག །གཞན་ཡང་། །ས་དགུའི་འདྲེ། ལྔ་བྲལ། བཞི་བྲལ། བཞི་ཆད། མེའི་སྐར་མ། ལི་ཁོག །མེ་མོ། ཀྱན། ཡིན། ཕོ། ཤིའུ། སཱི་ཧུའི་ཉི་མ་ཡོད་ཕྱོགས་བཅས་འཛེམ། བྱ་དམར་པོ་མཆུ་དམར་གྱི་ཉི་མའང་ངན། ༈ །དུར་འདེབས་པའི་རྩིས་ལ། ཆུ་སྤྲེལ། ཆུ་བྱ། ཆུ་རྟ། ཤིང་སྤྲེལ། ཤིང་བྱ། མེ་སྤྲེལ། མེ་བྱ། ཆུ་སྟག །


LT41_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རྟ། ས་བྱ། ལྕགས་སྤྲེལ། ལྕགས་བྱ་རྣམས་ཤིན་ཏུ་previous hit བཟང་། ལྕགས་རྟ། ཆུ next hit་འབྲུག །ཤིང་འབྲུག །ཤིང་སྦྲུལ། ཤིང་སྟག །མེ་འབྲུག །ལྕགས་སྟག་རྣམས་ལའང་རུང་། ༈ །ཆར་འབེབས་པའི་རྩིས་ལ། མེ་བྱི། ཆུ་ལུག།ཤིང་གླང་། ཆུ་གླང་། ཆུ་འབྲུག །ཆུ་སྦྲུལ། ཆུ་བྱི་རྣམས་དང་། བྱི་འབྲུག་སྤྲེལ་གྱི་ཉི་མར་previous hit བཟང་། ཆུ next hit་སྤྲེལ་དང་ཆུ་བྱའི་ཉི་མར་འཛེམ། ཤིང་བྱི་ཉི་མར་ཧུང་བའི་རླུང་བདག་དང་། གསུའི་སྟེ་ཆར་གྱི་སློབ་དཔོན་ཤི་བའི་ཉིན་ཡིན་པས་ལྷག་པར་འཛེམ། ༈ །ས་བདག་དང་ལྷ་འདྲེ་སོགས་མཆོད་པའི་རྩིས་ལ། ཐྱན་ཏས། ཡྭད་ཏས། བསོད་ནམས་སྐྱེས། ཀུན་གསང་། དད་སེམས། གནམ་བཀྲོལ། བ་ཐག་སྦྲེལ། ཤེས་རབ་སྤྱོད། གཡི་ཧུའི་ཉི་མ་རྣམས་བཟང་། ཐིྱན་ཀན་ཡ་གའི། གནམ་ཇག །ཧོ་ཁུའི་ཡ་གའི། འབྲུག་སྟག་གི་ཉི་མ། ཤི་བ་ཉམས་མྱོང་། འདྲེའི་མཚམས་བཅད། ས་བདག་གི་མཚམས་བཅད། གནམ་གྱི་མཚམས་བཅད། ཡོའུ་ཧོའི་ཉི་མ། གནམ་ཁྱིའི་ཉི་མ། གནམ་ཁྱིས་ཟས་འཚོལ། བྱིའུའི་ཉི་མ་རྣམས་དང་། ཟླ་བ་བྱུང་ངོ་ཅོག་གི་ཚེས་གཉིས་དང་བཅུ་དྲུག་ལ་སངས་རྒྱས་ཀྱིས་ས་བདག་རྣམས་བདེ་མོར་སྡོད་ཅིག་གསུངས་པའི་དུས་ཡིན་པས་དེ་རྣམས་སྤང་། ༈ །ཡང་ཟླ་བ་སོ་སོར་བཟང་བའི་ཉི་མ། དང་པོར་ཤིང་མེའི་གླང་། མེ་ས་ལྕགས་ཡོས། ལྕགས་


LT41_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལུག །ཆུ་ཤིང་ས་མེའི་བྱ། ས་ཤིང་གི་ཡོས། ཆུ་རྟ། གཉིས་པར། ལྕགས་ཤིང་སའི་ལུག །ཆུ་ཤིང་མེ་སའི་སྤྲེལ། ཤིང་མེ་ལྕགས་ཀྱི་ཁྱི། ཤིང་ལུག །གསུམ་པར། ཤིང་བྱི། མེ་ས་ལྕགས་ཀྱི་ཡོས། ཆུ་ཤིང་མེ་སའི་སྤྲེལ། མེ་སྦྲུལ། བྱ་ལྔ། བཞི་བར། ཤིང་མེ་སའི་གླང་། མེ་ཡོས། ས་མེའི་འབྲུག །ལྕགས་ཆུ་ཤིང་གི་བྱ། ཤིང་ཁྱི། ཤིང་བྱི། ཆ་ཤིང་མེའི་རྟ། ལྔ་པར། ཤིང་མེ་ལྕགས་ཀྱི་གླང་ཁྱི། མེ་འབྲུག །དྲུག་པར། ཤིང་བྱི། མེ་ས་ལྕགས་ཤིང་གི་ཡོས། མེ་ཕག །མེ་སའི་སྤྲེལ། བདུན་པར། ས་བྱི། མེ་ས་ལྕགས་ཤིང་གི་ཡོས། ས་མེ་ལྕགས་ཀྱི་འབྲུག །ལྕགས་ཤིང་མེའི་ལུག །མེ་ལྕགས་ཀྱི་བྱ། བརྒྱད་པར། ཤིང་གླང་། ས་ལྕགས་མེའི་འབྲུག །ཤིང་མེའི་ཁྱི་སྦྲུལ་རྣམས་previous hit བཟང་། མེ་ས་གླང་འབྲིང་། དགུ་པར། མེ་ས་ལྕགས་ཤིང་གི་ཡོས། ཤིང་ཆུ next hit་མེ་སའི་རྟ། མེ་ཆུའི་ཕག །བཅུ་པར། ཤིང་བྱི། ས་ལྕགས་མེའི་འབྲུག །ལྕགས་ཤིང་མེ་སའི་ལུག །ཤིང་མེ་ལྕགས་ཀྱི་ཁྱི། ཤིང་ས་མེ་ཆུའི་རྟ། བཅུ་གཅིག་པར། ཤང་མེའི་གླང་། ས་ལྕགས་མེའི་འབྲུག །ལྕགས་ཤིང་མེ་སའི་ལུག །སྤྲེལ་ལྔ། བཅུ་གཉིས་པར། ཤིང་གི་བྱི་བ་སྤྲུལ། རྟ་ལྔ་རྣམས་བཟང་། ༈ །སྤྱིར་དགེ་ལས་དང་ས་བདག་མཆོད་པ་ལ་ལྷག་པར་བཟང་བ་ནི། ཤིང་ལྕགས་ཀྱི་


LT41_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་གླང་། མེ་སའི་སྟག །ལྕགས་ཤིང་གི་རྟ། ཆུ་ཤིང་ལྕགས་ཀྱི་སྤྲེལ། ཤིང་སའི་ཁྱི། ཤིང་ཕག །ལྕགས་མེའི་སྦྲུལ། ཤིང་སའི་བྱ། ཆུ་ལྕགས་ཤིང་གི་ཡོས། ཤིང་སའི་ལུག །མེ་འབྲུག་རྣམས་དང་། ༈ ས་བདག་མཆོད་པ་ལ་ཤིན་ཏུ་དགེ་བ་ལྕགས་རྟ་ནས་མེ་གླང་བར། ལྕགས་བྱི་ནས་མེ་ལུག་བར། ཤིང་སྤྲེལ་ནས་ཆུ་སྦྲུལ་བར། ཤིང་སྟག་ནས་ཆུ་ཕག་བར། དེ་རྣམས་ལ་ས་བདག་ཁྱིམ་དབུས་མའི་ནང་ན་བཞུགས་པའི་སྐབས་ཡིན་པས་ཁྱད་པར་དུ་བཀྲ་ཤིས། ཞེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུ་མ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། སྤོར་ཐང་གསེར་རྩིས་སྐོར་གྱི་རི་མོའི་ལག་ལེན་འབྲས་རྩིས་དང་བཅས་པ་ཕྱོགས་གཅིག་ཏུ་བཀོད་པའི་སྐབས་ཏེ་དགུ་པའོ།། །།དེ་ནས་གངས་ཅན་སྤྱི་སྲོལ་གྱི། །གཙུག་ལག་སྐར་འབྱུང་དཀྱུས་གཅིག་ཏུ། །བཏབ་པའི་རྣམ་གཞག་རང་ལུགས་ལ། །ལིའུ་ཐུ་དགྲོལ་བའི་གོ་རིམ་བཤད། །རྣམ་དཀར་ལས་བརྩམས་དེའི་སྔོན་དུ། །དམ་པའི་ཡུལ་ལ་ཕྱག་བྱ་བ། །ཤཱཀྱའི་ཏོག་གམ་དུས་འཁོར་ལ། །སྙན་ཅིང་འཇེབས་པའི་ཚིགས་བཅད་གཅིག །བརྡ་སྤྲོད་སྡེབ་སྦྱོར་གཞུང་དག་དང་། །མཐུན་པའི་སྐད་གཉིས་ཤན་སྦྱར་དགོད། །དེ་རྗེས་འཇམ་དབྱངས་མཚོ་ལྡན་མ། །ཆོས་


LT41_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རིགས་ལྡན་དུས་ཞབས་པ། །ལུགས་འདིར་བཀའ་དྲིན་ལྡན་པ་ཡི། །འཕགས་བོད་ལོ་པ་མཁས་རྣམས་དང་། །རང་བྱུང་མི་བསྐྱོད་དོན་ཡོད་པ། །གཙུག་ལག་ཆོས་ཀྱི་སྣང་བ་སོགས། །རང་ལུགས་བླ་མ་དང་བཅས་པར། །མཆོད་བརྗོད་ཇི་ལྟར་འོས་པར་བྱ། །བརྩོན་པའི་མི་མཐུན་ཕྱོགས་སྤོང་ཞིང་། །སྤྲོ་ཕྱིར་དངོས་པོ་ངེས་བསྟན་དང་། །འདས་ལོའི་གནས་རྣམས་ཤེས་བྱའི་ཆེད། །དམ་པ་ཏོག་དཀར་ལྷུམས་ཞུགས་སོགས། །གྲགས་ཆེ་ཁུངས་དང་ལྡན་པ་ཡི། །བསྟན་རྩིས་སྐབས་དང་བསྟུན་ཏེ་བྲི། །འཆད་པར་བྱ་བའི་གནམ་ལོ་དེའི། །ལེགས་སྦྱར་གངས་ཅན་ཙཱི་ནའི་སྐད། །དེ་ཡང་འཕགས་ཡུལ་ལྷོ་བྱང་གི། །མཁས་རྣམས་རབ་བྱུང་མེ་ཡོས་དང་། །མེ་སྦྲུལ་ལ་བཞེད་གཉིས་བལྟ་བ་བྱ། །སྲོག་ལུས་དབང་ཀླུང་ལུས་སྨེ་བཅས། །རྩིས་པའི་འབྱུང་གྲངས་ཁ་ཡན་སོགས། །གཟའ་ཀླུང་དབུས་ཞུགས་སྨེ་བ་རྣམས། །གབ་ཙེ་སྤྱི་བཞིན་འགོད་པ་དང་། །རང་ལུགས་རཏྣ་མཱ་ལཱ་ལྟར། །རབ་སྐྱེས་ལ་སོགས་ལོ་ལྔ་རེར། །བདག་པོ་རེ་དང་བཅུ་གཉིས་རེར། །བདག་པོ་རེ་སྦྱར་དེ་འབྲས་བསྟར། །དེ་བཞིན་བྱེད་གྲུབ་ལོ་གཟའ་དང་། །རྒྱལ་བློན་ལོ་སྐར་གཟའ་ལྔ་ཡི། །ཕྱིར་ལྡོག་འབྲས་བུ་དང་བཅས་པ། །སྣར་མའི་འཁོར་ལོ་ཀར་མྱོང་རྩིས། །དྲག་སྦྱངས་ཟླ་བཞིའི་ཆར་འབྲས་དང་། །གནམ་ལོ་དེར་


LT41_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་དྲུག་ཅུའི་འབྲས། །དབུས་ཞུགས་སྨེ་བ་ས་གླང་བཅས། །རྒྱས་བསྡུས་སྐབས་དང་བསྟུན་པར་བྱ། །སྤྲོ་ན་རུ་སྦལ་འཁོར་ལོ་དང་། །སེང་གེའི་གདན་དང་གདུགས་འཁོར་ལོ། །ཕན་ཚུན་ཆེན་པོའི་འཁོར་ལོ་སོགས། །དབྱངས་འཆར་གཞུང་ནས་བཤད་ལྟར་བརྗོད། །ཐ་མར་དགེ་བའི་བསྔོ་སྨོན་ལ། །ཤིས་བརྗོད་ཚིགས་བཅད་ཅི་རིགས་པ། །དེ་རྣམས་སྡེབ་ལེགས་སྙན་འཇེབ་ཅིང་། །དཎྜིའི་གཞུང་དང་མཐུན་པར་གཅེས། ༈ །དེ་ནས་ཟླ་བཤད་ལག་ལེན་ལ། །འཕགས་ཡུལ་ལྷ་ཤེས་སྤྱི་ལུགས་ཀྱི། །ཉ་སྐར་དང་སྦྱར་དུས་ཚིགས་དང་། །ཉི་དག་ཚད་འཛིན་ཁྱིམ་སླེབས་དང་། །ཁྱིམ་གང་གནས་བསྟུན་ལས་བཞི་དང་། །བུམ་སྟོང་གནས་ཕྱོགས་དང་བཅས་པ། །རེས་གཟའ་ཟླ་བའི་བདག་པོ་དང་། །ཟླ་བདག་ཁྱིམ་འཕོའི་གཟའ་སྤྲད་པའི། །དབང་ཕྱུག་ཡབ་ཡུམ་མཇལ་འཕྲད་རྩིས། །ཟླ་རེར་རེས་གཟའ་ལྔར་སྤྱོད་བཅས། །སོ་སོའི་འབྲས་རྣམས་ཞིབ་པར་བྲི། །ལྷ་གླིང་མ་ཧཱ་ཙཱི་ནའི་ལུགས། །དཔྱིད་ར་ཧོར་ཟླ་དང་པོ་དང་། །སྟག་སྦྱང་ཟླ་བ་སོ་སོ་ཡི། །སྡོང་པོ་ཡལ་ག་ཆེ་ཆུང་དང་། །རྒྱ་བོད་ཚེས་གཅིག་མཐུན་མིན་དང་། །ཟླ་བ་ཆུང་ལ་ཆུ་རོའི་གནས། །ཐིག་ཤར་ཞག་དེར་ཆར་འབེབས་སོགས། །རྒྱ་ཡི་ལིའུ་ཐུ་ཇི་བཞིན་བཀོད། །མ་ཤེས་མཚུར་ལུགས་གྲུབ་པའི་ཚེས། །ཆད་གཉིས་ལྷག་གཅིག་ཡོད་པ་སོགས། །ཉིན་


LT41_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ཉེར་དགུ་ཡོད་ཚེ་ཆུང་། །སུམ་ཅུ་ལོངས་ན་ཟླ་བ་ཆེ། །དབུས་ཞུགས་སྨེ་བ་གནམ་ཡས་ལམ། །ཐྱན་ཏས་སོགས་ཉི་ཁྱིམ་བདུན། །ཟླ་བཤད་ནང་བཞིན་བསྟར་ཆགས་སུ། །བཀོད་གང་དང་པོ་གཉིས་པ་ལ། །བོད་སྐད་གནམ་སྤྱོད་གནམ་སྤྱོད་འགྲིགས། །ལས་ཀུན་ཤིན་ཏུ་དགེ་བར་བསྔགས། །ཡྭད་གཡན་དང་ནི་ཡྭད་ཤ་ལ། །ལས་ཐབས་འགའ་ཞིག་ངན་ན་ཡང་། །འབྲས་རྩིས་སྒེར་གྱི་གཞུང་དུ་གསལ། །ཕྱི་མ་གསུམ་ལ་ས་རྐོ་དང་། ཁང་ཁྱིམ་གསར་འཛིན་ལས་ཚན་བསྐོ། །གོང་དུ་འབུལ་བ་བཀྱག་པ་སོགས། །བཟང་ལས་སྤྱི་ལ་ལྷག་པར་དགེ། །རབ་འབྲིང་ཐའི་དུས་རྟགས་སྦྱར། །ཀླུ་དང་སྡེ་བརྒྱད་ཐེབས་ཟློག་དང་། །བོད་རྩིས་ལས་བཤད་གནམ་ལོ་དེའི། །ཡས་མར་བཞི་བགྲང་ཟླ་ནག་ཅེས། །ར་བཞིའི་སྟོད་དང་འབྲིང་ཐ་ཡི། །སྒང་སྨད་འབྱུང་ཚུལ་རེ་ཞིག་བཀོད། །གལ་ཏེ་ཉ་སྟོང་ཟླ་ཉི་ལ། །བདུན་ཅན་འཇུག་ཚེ་ཆ་ཡུན་དུས། །ཕྱོགས་མདོག་ཕན་ཡོན་བཅས་པ་བཀོད། །དེ་རྗེས་བསོད་ནམས་ཚོགས་རྟེན་གྱི། །སྟོན་དང་བསྟན་འཛིན་མཆོག་རྣམས་ཀྱི། །དུས་ཆེན་དག་ཀྱང་ངོས་འཛིན་བྱ། །ཟླ་བཤོལ་ཡོད་ཚེ་ཟླ་བ་དེའི། །ཟླ་བདག་ཁམས་བཅས་སྔ་མས་འགྲེས། །དེ་ཚེ་ལྔར་སྤྱོད་ལ་སོགས་པ། །སྒེར་འབྲས་ཡོད་རྣམས་སྒེར་གྱིས་བསྟར། །གཞན་ཡང་སྐྱོར་ཁ་ཟླ་རྭ་སོགས། །


LT41_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྐབས་དང་བསྟུན་ཏེ་བརྗོད། །དེ་ནས་སྦྱོར་དགྲོལ་དངོས་གཞི་ནི། །ཚེས་ཁོང་སོ་སོའི་རེའུ་མིག་ནང་། །རང་ལུགས་བྱེད་གྲུབ་གཉིས་ཀའམ། །ལག་ལེན་བདེ་ཕྱིར་གྲུབ་རྩིས་ཀྱི། །རེས་གཟའ་བྱེད་པའི་ཉི་མ་གཉིས། །བསྡེབས་པའི་ཟླ་སྐར་སྦྱོར་བ་བཅས། །གནས་ལྔ་གནས་གསུམ་གང་རིགས་དང་། །ཁྱད་པར་རེས་གཟའ་གཉིས་བལྟབ་བམ། །མཆོངས་ན་ཆད་ལྟག་མཚན་མ་བཅས། །ལྷག་ཚེས་སྔ་མར་གང་མཆོངས་ཀྱི། །གཟའ་འདྲི་དབྱུ་གུར་མཁའ་རོ་བཀོད། །ཚེས་དེའི་ཉི་མར་མཚོ་དབང་ནི། །ཚེས་བསྒྱུར་བྱིན་ལ་ཚེས་ལོངས་ཀྱིས། །སྦྱངས་ལྷག་རེས་གྲོགས་ཟླ་སྐར་ཏེ། །ལྷག་མ་རིགས་འགྲེ་ཤེས་པར་གྱིས། །སྔ་ཕྱིའི་བྱེད་པ་གྲངས་བཞིན་ནམ། བསྡུ་ན་བིཥྚི་ཙམ་ཞིག་འགོད། །དེ་ཡི་འཆར་གཞིའི་ཚེས་གྲངས་ཀྱང་། །མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་མིག་ལག་ཉེར་དགུ་སྔ། །དེ་ནས་ཉི་ཁྱིམ་འགོད་པ་ཡང་། །རྒྱ་བོད་ཚེས་མཚམས་གཟར་དྲིས་པའི། །གྱོ་ཁང་ཉི་ཁྱིམ་སྦྲགས་འདེད་དང་། །ཀྱན་སོགས་ཁྱིམ་གཟའ་བཅུ་གཉིས་པོ། །རི་མོའི་ལམ་ནས་བསྟར་བའམ། །ཡང་ན་སྟག་སོགས་ཟླ་སོ་སོར། །ཀྱན་འཛོམ་མཐོང་བའི་ཉི་མ་ནས། །བརྩམས་པའི་བཅུ་གཉིས་ཁོར་ཡུག་ཏུ། །དབུགས་ཐོབ་ཉིན་དེར་བསྐྱར་བལྡབ་བྱ། །གཞན་ཡང་དབུགས་ཐོབ་ཁྱིམ་འཕོ་སྒང་། །ལྡོག་གཉིས་རི་བྱིས་


LT41_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་། །ཕག་ཞག་ཡན་གྭོང་ཉིན་མཚན་ཚད། །རང་རང་ཚེས་ཁོངས་གར་ཡོད་བྲི། །ཇི་ལྟར་འགྲོལ་བའི་རིམ་པ་ཡང་། །ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ། །དགར་ཨ་བཟང་ཨི་རྒྱལ་བ་རྀ། །སྟོང་པ་ཨུ་དང་རྫོགས་པར་ལྀ། །ཚེས་དབྱངས་ལྔ་སྤྲགས་དྲུག་སྐོར་འབྲི། །དེ་ནས་ས་རིས་ཨངྐི་དང་། །བསྟུན་ནས་གྲུབ་པའི་ངེས་གཟའ་དང་། །རེས་གྲོགས་ཟླ་སྐར་བཅས་པ་འགྲོལ། །ཉིན་མོའི་ཆ་ལ་སྐར་མ་གཉིས། །འདུག་ན་གཉིས་ཀ་འགྲོལ་བར་བྱ། །སྤྲོ་ན་དུས་འཁོར་དབྱངས་འཆར་གྱི། །དབྱངས་གསལ་འབྱུང་བ་འདོད་ཡོན་རྣམས། །སོ་སོའི་གཞུང་ནས་བཤད་བཞིན་བཀོད། །བྱིས་གཞོན་ལང་ཚོ་རྒན་པོ་སྨིན། །ཚེས་ཀྱི་དར་གུད་དག་ཀྱང་འགྲོལ། །གཟའ་སྐར་འཕྲོད་པས་འཕྲོད་འདྲི་ཞིང་། །དེ་ཡང་ཉི་མ་དབྱུག་པ་དང་། །ཟླ་བ་མགོ་དང་མིག་དམར་སྐག །ལྷག་པ་མེ་བཞི་ཕུར་ལྷ་མཚམས། །པ་སངས་ཆུ་སྨད་སྤེན་མོན་གྲུ། །བདུན་པོ་འཛོམ་པ་ཀུན་དགའ་ཡིན། །དེ་ལྟར་ཀུན་དགས་ཐོག་དྲངས་ཏེ། །རྒྱུ་སྐར་ཉེར་བརྒྱད་བཀོད་བྱས་ལ། །དུས་དབྱུག་ལ་སོགས་རིམ་པར་སྦྱར། །རི་མོའི་སྒོ་ནས་ཤེས་འདོད་ན། །དེས་གཟའ་གང་ཡིན་གནས་གཉིས་བཞག །འོག་མར་གཟུགས་འཕྲི་འབྱུང་བས་བསྒྱུར། །སྟེང་མར་གྲོ་བཞིན་བྱི་བཞིན་གཉིས། །སོ་སོར་ཕྱེ་བའི་ཟླ་སྐར་གྱིས། །བརྒྱན་


LT41_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོག་མའི་ཚོགས་ཀྱིས་འཕྲི། །མ་ལྡང་ཀླུ་ལག་བསྣན་ལ་སྦྱངས། །ལྷག་མ་གཅིག་ཤར་ཀུན་དགའ་སྟེ། །དེ་ནས་རིམ་པར་འདེད་དེ་རྩིས། །དེ་བཞིན་འགྲུབ་སྦྱོར་དངོས་གྲུབ་སྦྱོར། །འཆི་སྦྱོར་སྲེག་ཚེས་སོག་ལེའི་སྦྱོར། །འཕགས་ཡུལ་འབྲས་རྩིས་ཁུང་མ་ནས། །བཤད་པའི་འཕོད་སྦྱོར་གཞན་དག་དང་། །དགུན་ཉི་ལྡོག་འོག་ཤིང་བྱི་ནས། །བརྩམས་པའི་ངོ་མཚར་སྒོ་བརྒྱད་དང་། །བགྲོད་པ་གཉིས་ཀྱི་ཤིང་བྱི་ལ། །བརྟེན་པའི་སྨེ་དགུ་ལུགས་འབྱུང་ལྡོག །ཁང་ཁྱིམ་གཡུ་འབྲུག་ལམ་བར་གཅོད། །གནོད་སྦྱིན་དགེ་བའི་ཉི་མ་སོགས། །ཉི་ཁྱིམ་བཟང་ངན་ཇི་སྙེད་དང་། །གཞན་ཡང་ཉི་ནག་བདུད་ཉི་རྒྱལ། །བོད་རྩིས་གཞུང་ནས་བཤད་རྣམས་ཀྱང་། །རྣམ་གྲངས་ཙམ་ཞིག་བཀོད་ཀྱང་རུང་། །ཟླ་སྐར་སྟེང་དུ་གཟའ་ལྔ་དང་། །སྒྲ་གཅན་དུས་མེར་བཅས་པ་ཡི། །གཡས་གཡོན་མཆེ་གདོང་མཚན་མ་དང་། །གདོང་མཇུག་གཉིས་ལ་དུད་སོལ་བཅས། །གནོད་པ་ལྔ་པོ་དག་ཀྱང་བཀོད། །འདི་ནི་བླ་རྩིས་ཕལ་མོ་ཆེའི། །ལག་ལེན་འབྲིང་པོའི་ལི་ཐུ་སྟེ། །གཞན་དུ་རྒྱས་དང་བསྡུས་པ་ལ། །མོས་ན་སྦྱོར་བ་བཀག་པ་མེད། །ཅེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། མགྱོགས་རྩིས་སྐབས་ཀྱི་ལི་ཐུ་སྦྱོར་


LT41_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དགྲོལ་གྱི་གོ་རིམ་བཀོད་པའི་སྐབས་ཏེ་བཅུ་པའོ།། །།དྲུག་ཅུའི་ལོ་ཡི་འབྲས་རྩིས་ལ། །ཤིང་ཕྱིར་ཆར་ཆེ་ལོ་ཏོག་རྣམས། །ཆུད་གསོན་ཞིང་པ་མྱ་ངན་བྱེད། །གོས་སྲིན་ལེགས་ཏེ་དཔྱིད་དབྱར་དག །ཆར་མང་སྟོན་དགུན་ཐན་པས་གདུང་། །ཤིང་གླང་ལོ་ལ་ལོ་སྤྱིར་ལེགས། །དཔྱིད་དུས་ནད་མང་མི་སེར་གནོད། ཁ་ལུང་སྔ་དགོས་སྲོ་མ་དང་། །སྲན་མ་བཟང་ཞིང་གླང་ལུག་ལ། །ནད་མང་དཔྱིད་དབྱར་འབྲས་ཀྱང་དཀོན། །མེ་སྟག་ནད་དང་འབུ་སྲིན་མང་། །གྲོ་དང་སྲན་མ་ཆུ་ཡིས་འཇིག །སྟོན་དུས་ཐན་པ་ཕྱི་བཏབ་ཉེས། །མེ་ཡོས་དཔྱིད་དུས་ཆར་པ་ཆེ། །སྟོན་དགུན་ཆུ་ཡིས་མནར་ཞེས་པའང་སྣང་། སྲོ་མ་གྲོ་དང་འབྲས་དཀར་ལེགས། །རྒྱ་ཤོད་མི་ལེགས་ཁ་ལུང་འབྲིང་། །སྟོན་དུས་ཐན་པས་གདུང་བར་བཤད། །ས་འབྲུག་མི་དང་ནོར་ནད་མང་། །གཤོང་ཞིང་མང་དུ་འདེབས་མི་བྱ། །གྲོ་སྲན་ལེགས་ཀྱང་འབྲུ་བབ་ཉུང་། །མྱུ་གུར་འབུ་འབྱུང་སྟོན་ཆར་ཆེ། །ས་སྦྲུལ་སྟོན་དགུན་བང་མཛོད་རྒྱས། །དཔྱིད་དབྱར་ཆར་ཆེ་མི་རྣམས་བདེ། །སྔ་བཏབ་འབྲས་དང་གྲོ་སྲན་ལེགས། །ལྕགས་རྟ་དཔྱིད་དུས་རྐྱེན་ཆག་མང་། །སྟོན་དཔྱིད་དགུན་ཀར་ཁ་ཆར་ཆུང་། །འབྲས་འབྲིང་གྲོ་ལེགས་དབྱར་དུས་ཞོད། །ལྕགས་ལུག་ཡུལ་ཁམས་ཐམས་ཅད་བདེ། །འབྲས་བཟང་འབྲུ་མོད་ལོ་ཏོག་


LT41_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་། །ཆར་པ་ཆེ་ཆུང་སྙོམས་པར་བཤད། །previous hit ཆུ་སྤྲེལ་ལོ་ལེགས་ཕྱུགས་ནད་མང་། །འབྲས་བཟང next hit་དགུན་དུས་གྲང་ངར་ཆེ། །སྟོན་དཔྱིད་ཆར་ཞོད་དབྱར་འབྲིང་དཀོན། ཁ་ལུང་གྲོ་སྲན་ལྷག་པར་འཕེལ། །ཆུ་བྱ་མི་རྣམས་བདེ་ཞིང་སྐྱིད། །སྔ་བཏབ་འབྲས་ལེགས་དཔྱིད་ཆར་ཆེ། །སྟོན་དགུན་རླུང་ལྡང་རྐུན་མ་མང་། །ཤིང་ཁྱི་སྐམ་གྱི་ལོ་ཏོག་བཟང་། །དཔྱིད་དུས་ཆར་ཉུང་དབྱར་དུས་ཞོད། །སྔ་བཏབ་ཡང་ནི་ཁ་ཅིག་ཏུ། །ཕྱི་བཏབ་ལེགས་མོད་སྟོན་དགུན་ཐན། །དགུན་ཀ་ནོར་ནད་མང་བར་བཤད། །ཤིང་ཕག་སྟོན་དུས་ཆར་ཞོད་འབྱུང་། །མི་ནད་ཉུང་ལ་ནོར་ནད་མང་། །སྲོ་མ་འབྲས་མོད་ལྔ་པ་དང་། །དྲུག་པར་མི་རྣམས་ཕན་ཚུན་འདུ། །མེ་བྱི་དབྱར་སྟོན་ཁ་ཆར་མང་། ཁ་ལུང་རྣམས་སུ་ལོ་ཏོག་འབྲིང་། །གཤོང་ཞིང་དང་ནི་ཕྱི་བཏབ་ལེགས། །གྲོ་སྲན་ཕྱེད་ཉེས་བྱི་བ་ལྡང་། །མེ་གླང་དཔྱིད་དབྱར་ཆར་པ་ཆེ། །ཡུལ་རྣམས་ཀུན་ཏུ་འབྲས་གྲོ་ལེགས། །ས་སྟག་ས་ཀུན་ལོ་ཏོག་ལེགས། །དགུན་དུས་གྲང་ངར་ཁ་བ་ཆེ། །དངོས་རྣམས་རིན་ཆེ་སྐྱེ་རྣམས་རྩོད། །ས་ཡོས་གྲོ་དང་སྔ་བཏབ་ལེགས། །དཔྱིད་དུས་ཆར་མང་དབྱར་ཞོད་ཆེ། །ལྕགས་འབྲུག་རྒྱལ་ཁབ་ཐམས་ཅད་དགེ། །སྟོན་དགུན་འབྲུ་མོད་དཔྱིད་དབྱར་ཐན། །དཔྱིད་དབྱར་ཆར་ཆེ་ཞེས་པའང་སྣང་། ནོར་ཕྱུགས་གནོད་མང་མི་ཁྱིམ་རྒྱས། །ཤར་


LT41_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་previous hit ཆུ་འཁྱག་བརྐོ་མི་བྱ། །ལྕགས་སྦྲུལ་ཁ་ལུང་ཞིང་སྐྱེད་བཟང next hit་། །རྒྱ་བོད་ཆུས་འཇིག་ནོར་ཡམས་དང་། །མི་རྣམས་ཚད་པའི་རིམས་ཀྱིས་གདུང་། །previous hit ཆུ་རྟ་ཁ་ལུང་ལོ་ཏོག་བཟང next hit་། །ཉེས་ཞེས་པའང་འདུག །རྒྱ་ཤོད་ལོ་ཉེས་ཆར་མི་སྙོམས། །གྲོ་previous hit བཟང་སྔ་བཏབ་འབྲས་ཀྱང་ལེགས། །ཆུ next hit་ལུག་དཔྱིད་དབྱར་ཆར་པ་ཉུང་། །ས་ཆ་མཐོ་དམན་ཐམས་ཅད་འབྲིང་། །སྟོན་རྒྱབ་ལོ་རྒྱས་སྔ་བཏབ་previous hit བཟང་། །ཤིང་སྤྲེལ་དཔྱིད་དུས་ཁ་ཆར་མང་། །དབྱར་སྟོན་གཉིས་ལ་ཆར་ཆུ next hit་ཉུང་། །ལོ་ཉེས་ཁྱད་པར་སྔ་བཏབ་ངན། །ཐན་པས་གདུང་ཞིང་གྲུ་རྫིང་སྟོང་། །ཤིར་བྱ་མི་དང་དངོས་ཀུན་ངན། །སྔ་ཕྱིའི་ལོ་ཉེས་ཆར་མི་སྙོམས། །དགུན་གསུམ་ཁ་བས་ཤིང་རྟ་ནུབ། །མེ་ཁྱི་དབྱར་སྟོན་ཆར་པ་མེད། །དཔྱིད་དགུན་ཆར་མང་ལོ་རྣམས་འབྲིང་། །མི་ནོར་ནད་མང་གྲོ་སྲན་ལེགས། །མེ་ཕག་དགུན་དུས་ཁ་བ་མང་། །དབྱར་ལོ་སྔོན་སྐམ་སྟོན་དུས་འཚིག །མི་ལ་ནད་མང་ལོ་ཕྱུགས་གོད། །ས་བྱི་དཔྱིད་དབྱར་ཆར་པ་ཆེ། །སྟོན་དགུན་ཆར་ཆུད་འབངས་རྣམས་བཀྲེས། །དགུན་གསུམ་རིམས་ནད་ལྷག་པར་ལྡང་། །ས་གླང་དཔྱིད་དབྱར་གྲོ་སྲན་བཟང་། །སྟོན་དུས་ཁྲེས་སྨིན་ལོ་སྤྱིར་ལེགས། །མི་ལ་ནད་ཉུང་རིན་ཆེན་མོད། །ལྕགས་སྟག་མི་དང་དངོས་མི་བརྟན། །སྲོ་མ་གྲོ་བཟང་ཆར་ཞོད་ཆེ། །ལྕགས་ཡོས་ནད་དང་མི་


LT41_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མང་། །སྔ་བཏབ་འབྲས་ལེགས་སད་སེར་འཚེ། །གྲོ་དང་སྲོ་མ་ཆར་པས་ཉམས། །ཆར་ཆུང་ཞེས་པའང་གདའ། ཆུ་འབྲུག་དཔྱད་དབྱར་ཆར་པ་མང་། །སྟོན་དགུན་ཐན་པ་ལོ་ཏོག་འབྲིང་། །previous hit ཆུ་སྦྲུལ་དགུན་དུས་ཁ་བ་ཆེ། །ལོ་ཏོག་ཉེས་ལ་དགུན་བྱིས་རྩོད། །ཤིང་རྟ་ནད་མེད་ལོ་རྣམས་བཟང next hit་། །མི་དང་གླང་ལུག་ཐམས་ཅད་བདེ། །སྦྲུལ་རྟའི་མཚམས་སུ་འབྲས་གྲོ་ལེགས། །ཤིང་ལུག་འབྲུ་དྲུག་སྔ་བཏབ་ལེགས། །ནོར་ཕྱུག་ནད་མང་མི་སེར་བདེ། །དཔྱིད་དང་དབྱར་ཞོད་སྟོན་དགུན་ཐན། །ཐམས་ཅད་ལོ་ལེགས་སྐྱ་རྒྱལ་འགྱུར། །ལོ་ཏོག་འབྲིང་ཞེས་པའང་སྣང་། མེ་སྤྲེལ་དཔྱིད་དབྱར་ཁ་ཆར་ཆེ། །སྟོན་དགུན་ཆར་ཉུང་ནོར་ནད་མང་། །ཕྱི་བཏབ་ལོ་ལེགས་སྔ་བཏབ་ཉེས། །སྡེ་འཁྲུགས་དཔྱིད་ཀར་ཞོད་ན་ངན། །མེ་བྱ་ཀུན་ཏུ་ས་བོན་འགྲོགས། །དཔྱིད་དབྱར་ཆར་ཞོད་སྟོན་དགུན་ཐན། །ནོར་ལ་ནད་མོད་འབྲུ་ལྔ་ངན། །ས་ཁྱི་དཔྱིད་དང་སྟོན་ཆར་ཆེ། །དགུན་དུས་ཁ་ཆེ་ཕྱི་བཏབ་ཉེས། །མི་རྣམས་སེམས་འཚུབས་ས་མཐར་འཁྱམས། །གླང་ལུག་ནད་མང་ལོ་སྤྱིར་འབྲིང་། །ས་ཕག་ལོ་ཉེས་བང་མཛོད་སྟོང་། །མི་ལ་ནད་མང་ཐན་པ་ཆེ། །ཕྱུགས་དབུལ་ཐམས་ཅད་འབྲུ་རྣམས་དཀོན། །ལྕགས་བྱི་དཔྱིད་དང་དབྱར་ཞོད་ཆེ། །སྟོན་དགུན་ཐན་པ་ཕྱི་བཏབ་ངན། ཁ་ལུང་ཕྱེད་ཉེས་མི་ནད་མང་། །ས་ཆ་མཐོ་


LT41_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སྒང་གཤོང་ཆེ། །ལྕགས་གླང་ནད་མང་ལོ་ཏོག་previous hit བཟང་། །དཔྱིད་དབྱར་ཆར་འབྲིང་སྔོན་དགུན་ཞོད། །ས་ཀུན་སྡུག་བསྔལ་ཕྱུགས་ནད་མང་། །ཆུ next hit་སྟག་དཔྱིད་དབྱར་ཆར་པ་སྙོམས། །དུས་བཞི་ཀར་ཆར་ཞོད་ཅེས་པའང་འདུག །སྟོན་དགུན་ཆར་ལེགས་འབྱོར་པ་རྒྱས། །རྒྱལ་ཁམས་ཐམས་ཅད་ལོ་ཏོག་ལེགས། །མི་རྣམས་བདེ་ཡང་ནོར་ནད་འོང་། །ཆུ་ཡོས་སྟོན་དགུན་ཁ་ཆར་ཉུང་། །དཔྱིད་དབྱར་ཆར་ཆེ་སེར་བ་རྒོད། །ས་རྣམས་ཐམས་ཅད་སྐྱིད་སྡུག་སྙོམས། །ནོར་ཕྱུགས་ནད་མང་མི་སེར་སྡུག །སྤྱིར་ནི་ལོ་ཐོག་ལེགས་པར་བཤད། །ཤིང་འབྲུག་དཔྱིད་དབྱར་ཆར་པ་ཆེ། །སྟོན་དགུན་ཐན་པ་དགུན་ལྷག་ཆེ། །ནོར་ཕྱུགས་རྐྱེན་མང་ལོ་སྤྱིར་འབྲིང་། །དབྱར་གྱི་ཉི་མ་ལྡོག་པ་ནས། །སྔ་སད་འབབ་ཅིང་ཁ་བ་ཆེ། །ཤིང་སྦྲུལ་དཔྱིད་དབྱར་ཁ་ཆར་མོད། །སྟོན་དགུན་གཉིས་ལ་འབྲུ་ལྔ་རྒྱས། །སྟོན་ཐོག་འབྲིང་དུ་བཤད་པའང་སྣང་། །མེ་རྟ་དཔྱིད་དབྱར་ཆར་པ་ཆེ། །རྒྱ་ཤོད་ཆུས་ཁྱེར་ཁ་ལུང་བཟང་། །དཔྱིད་སོས་རྐྱེན་ཆེ་ནོར་ནད་མང་། །མེ་ལུག་དབྱར་དང་དཔྱིད་ཆར་ཆེ། །ལྟོ་བས་ཞེས་པའང་སྣང་། སྟོན་རྒྱབ་ཐན་པ་ལོ་ཏོག་འབྲིང་། །སྐྱེ་རྒུ་ཀུན་ངན་ནོར་ནད་མང་། །ས་སྤྲེལ་ལོ་ཏོག་སྤྱིར་ལེགས་ཏེ། །ཁྱད་པར་དམན་བང་ཆུ་ཡིས་ཁྱེར། །སྔ་བཏབ་ཀུན་ལེགས་ཕྱི་བཏབ་ཉེས། །


LT41_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྱ་དཔྱིད་དབྱར་ཆར་པ་ཆེ། །དགུན་དུས་ཁ་འབབ་གྲོ་སྲན་མོད། །མི་ཤི་ཀ་ཅ་ཐམས་ཅད་དཀོན། །རྒྱལ་ཁབ་ཀུན་ཏུ་སྐྱིད་སྡུག་སྙོམས། །ལྕགས་ཀྱི་དགུན་གསུམ་ཁ་བ་མང་། །དཔྱིད་དབྱར་ཞོད་ཆེ་ལོ་སྤྱིར་ལེགས། །ན་ཚ་རིམས་ནད་ཁོལ་བུར་འོང་། །ལྕགས་ཕག་དཔྱིད་དབྱར་ཁ་ཆར་སྙོམས། །སྟོན་དང་དགུན་སྨིན་ལོ་སྤྱིར་ལེགས། །ནོར་ཕྱུགས་དཔྱིད་ཀར་ནད་མང་ཡང་། །དགུན་དུས་ཕྱུགས་བདེ་གྲང་ལྷག་ཆེ། །ཆུ་བྱི་དཔྱིད་སོས་ཐན་པ་ཆེ། །དབྱར་སྟོན་ཆར་ཞོད་སྟོན་ནད་མང་། །ཐན་པས་ཞིང་འཚིག་འབྲས་ཕྱེད་སྟོང་། །སྔ་བཏབ་གྲོ་ལེགས་སྟོན་རྒྱབ་ཏུ། །ཆར་མེད་དངོས་པོའི་གོང་ཐང་འཕར། །ཆུ་གླང་དགུན་དུས་ཁ་བ་ཆེ། །ལོ་སྤྱིར་འབྲིང་ལ་ནོར་ནད་མང་། །མི་སེར་གནོད་མང་རྫིང་བུ་སྐམ། །ཤིང་དང་ཤིང་ལོའི་ཕྱེད་ཆར་ཉེས། །ཤིང་སྟག་དཔྱིད་དབྱར་ཆར་པ་ཆེ། །སྟོན་དགུན་འབྲིང་ལ་འབྲུ་རིགས་དཀོན། །མི་སེར་རང་དབང་མེད་པའི་དུས། །ཤིང་ཡོས་དབྱར་དང་དཔྱིད་ཆར་སྙོམས། །སྟོན་དགུན་ཁ་ཆེ་ཁྲེས་རིགས་མོད། །མཐོ་དམན་གར་ཡང་ལོ་སྤྱིར་ལེགས། །མེ་འབྲུག་དཔྱིད་དབྱར་ཆར་པ་མོད། །དགུན་དུས་ཁ་ཆེ་སྟོན་ཆར་དཀོན། །སྟོན་དགུན་བཟང་ཞེས་སྣང་། སྔ་བཏབ་གྲོ་ལེགས་ཕྱི་ན་ཉེས། །མེ་སྦྲུལ་ལོ་ལེགས་ནད་ཡམས་མང་། །དཔྱིད་དབྱར་ཆར་ཆེ་སྟོན་དགུན་བཟང་། །ས་


LT41_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ལོ་ཏོག་སྔ་བཏབ་བཟང་། །དབྱར་དུས་ཅུང་ཐན་རྒྱ་ཤོད་ལེགས། །ས་ལུག་དཔྱིད་དབྱར་ཆར་པ་ཡོད། །སྟོན་དུས་བཟང་ལ་བྱང་རླུང་ཆེ། །བྱང་རླུང་ཆེ་ན་ལོ་མི་ལེགས་ཞེས་པའང་སྣང་། མི་ནོར་ཀུན་བདེ་ལོ་སྤྱིར་ལེགས། །ལྕགས་སྤྲེལ་སྟོན་དུས་ཁ་ཆར་ཡོད། །དཔྱིད་དབྱར་བཟང་ཞིང་ནོར་ནད་མང་། །དབྱར་གསུམ་སྟོན་གྱི་ལོ་གོང་འཕྲད། །ཕྱོགས་བཞིའི་མི་དང་ཀ་ཅ་རྒྱས། །ལྕགས་བྱ་དཔྱིད་ཞོད་སྟོན་དགུན་ཐན། །གྲོ་སྲན་མཐོ་བཟང་དམའ་སར་ངན། །སྔ་བཏབ་ཅུང་previous hit བཟང་ལོ་སྤྱིར་འབྲིང་། །ཆུ next hit་ཁྱི་དཔྱིད་འབྲིང་དབྱར་དུས་ཐན། །དབྱར་ཞོད་སྟོན་ཐན་ཅེས་པའང་སྣང་། དགུན་དུས་ནད་མང་གྲོ་སྲན་previous hit བཟང་། །ཆུ next hit་ཕག་དཔྱིད་ཞོད་སྟོན་དུས་ཐན། །དབྱར་དུས་ཆར་མང་ལོ་སྤྱིར་ལེགས། །སྔ་བཏབ་previous hit བཟང་ལ་འབངས་རྣམས་བདེ། ༈ །དབུས་ཞུགས་སྨེ་བའི་འབྲས་བུ་ནི། །གཅིག་དཀར་དབུས་ཞུགས་ཡུལ་ཁམས་འཁྲུགས། །ཆུ next hit་ཆེ་ཡུལ་འཕོ་མི་འབྲུ་སྙི། །གཉིས་ནག་དབུས་ཞུགས་ཡུལ་འཕོ་མང་། །ཆུ་ཆེ་སྐྱེས་པ་མི་འབྲུ་སྙི། །འབྲས་བུ་མི་སྨིན་གཟེར་ནད་དང་། །འཁྲུགས་པ་ཆེན་པོ་ལྡང་བར་འགྱུར། །གསུམ་མཐིང་སྐར་ལོ་ལྷོག་ནད་འོང་། །ཤིང་འབྲས་སྐམ་ཞིང་བྱིས་པར་ངན། །བཞི་ལྗང་བུད་མེད་ལ་ངན་ཅིང་། །འབྲུམ་རིགས་མ་མོའི་ནད་ཡམས་འོང་། །ལྔ་སེར་དགེ་བཤེས་ཆེན་པོར་


LT41_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ངན། །རྒྱལ་པོ་འབངས་འབེབས་ལོ་ཉེས་འཁྲུགས། །དྲུག་དཀར་མི་ལ་གཟའ་ནད་འབྱུང་། །ཡ་རབ་གོང་མ་རྣམས་ལ་ངན། །བདུན་དམར་འཁྲུགས་པ་དམར་པོ་ཆེ། །ཕྱུགས་དང་རྐང་བྲན་རྣམས་ལ་ངན། །བརྒྱད་དཀར་ཐན་པ་རླུང་དམར་ལྡང་། །རྩད་པོའི་བུར་པན་འཐབ་མོ་འབྱུང་། །དགུ་དམར་རྒྱལ་པོ་རྒན་རིམ་དང་། །བུད་མེད་ལ་ངན་ལོ་བཙའ་འོང་། །མི་འབྲུ་སྙི་ཞིང་ཕྱུགས་རྣམས་ཉེས། །བྱིས་པ་རྣམས་ནི་དྭ་བོར་ལུས། །ཁྱད་པར་སྟག་སྤྲེལ་ཕག་སྦྲུལ་བཞིའི། །ལུས་སྨེ་གཉིས་ནག་དབུས་གཞུག་ཚེ། །ལོ་ནག་མཆེ་བ་ཅན་དུ་གྲགས། ཁང་གསར་རྨང་འདིང་རྙིང་བཤིག་དང་། །རྟེན་ཆེན་བཞེངས་སམ་ཆུ་ཆེན་འདྲུ། །རི་བདལ་བྲག་གཤོག་ཤིང་གཅོད་དང་། །བག་མ་གཏོང་ལེན་དམག་ཇག་སོགས། །འདུ་ལོང་གལ་ཆེའི་བྱ་བ་འཛེམ། །གསུམ་མཐིང་དབུས་ཞུགས་ནག་ཆུང་སྟེ། །འཛེམ་བྱ་སྔར་དང་ཆ་འདྲ་ཡང་། །ཉེས་པ་ཅུང་ཟད་ཡང་བར་བཤད། ༈ །རྒྱ་ཡི་ས་གླང་བརྟགས་པའི་རྩིས། །གནམ་ལོའི་སྡོང་པོའི་རང་མདོག་གིས། །གླང་གི་མགོ་དང་ཡལ་གས་ལུས། ཁ་གསོག་ཕོ་བ་དཔྱིད་ཀྱི་དབུགས། །ཟུག་པའི་ཉི་མའི་སྡོང་པོ་དེ། །རྭ་དང་རྣ་བ་མཇུག་མ་ཡིན། །ཉི་མའི་ཡལ་གས་སུག་བཞི་དང་། ཁ་གསོག་སོ་དང་མཚུལ་པ་ཡིན། །གླང་དང་གླང་རྫིའི་གོས་མདོག་སོགས། །འབྱུང་བ་


LT41_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མེ་ས་ལྕགས་ཆུར། །ལྗང་དམར་སེར་དཀར་སྔོའམ་ནག །ཕོ་ལོར་གླང་གིས་ཁ་གདངས་ཤིང་། །རྔ་མ་གཡོན་དུ་གཡོབ་པ་དང་། །མོ་ལོར་ཁ་བཙུམ་རྔ་གཡས་གཡོབ། །གླང་རྫིའི་གོས་མདོག་དཔྱིད་ཀྱི་དབུགས། །ཐོབ་པའི་ཉི་མའི་ཡལ་གའི་དགྲ། །གོས་དང་གོས་དགྲ་རྐེ་རགས་ཡིན། །ལྷྭམ་ནི་དབུགས་ཐོབ་ཉི་མ་དེའི། ཁ་གསོག་དག་དང་བསྟུན་པ་ལ། །ལྕགས་ལ་གཡོན་གྱོན་གཡས་པ་ཡང་། །གཡོན་གྱི་རྐེ་རགས་སྣེ་ལ་བཏགས། །ཤིང་ལ་གཡས་གྱོན་གཡོན་གཡས་ཀྱི། །རྐེད་པ་ལ་དྲངས་ཆུ་ཁམས་ལ། །སྐྱེ་རྒུ་འགྲུལ་མང་ལྷྭམ་ཟུང་གྱོན། །མེ་ཁམས་ལྷྭམ་མེད་ས་ཡི་ཁམས། །འགྲོས་ཉུང་ལྷྭམ་ཡང་ཕུད་དེ་བཞག །གླང་རྫིའི་ན་ཚོད་སྟག་དང་སྤྲེལ། །ཕག་སྦྲུལ་ལོ་ལ་རྒན་པོ་དང་། །བྱི་རྟ་བྱ་ཡོས་དར་མ་སྟེ། །ཁྱི་འབྲུག་གླང་ལུག་བྱིས་པའི་ཚུལ། །སྟག་ཕུད་དབུགས་ཐོབ་ཉི་མ་དེའི། ཁ་གསོག་འབྱུང་བའི་ཁམས་བསྟུན་པའི། །ལྕགས་ལ་ཚོ་གཉིས་རྣ་བ་ཡི། །སྔོན་ནས་མདུན་དུ་འཕྱང་བར་བྱ། །ཤིང་ལ་གཉིས་ཀ་རྣ་བའི་རྒྱབ། །ཆུ་ལ་གཡས་པ་རྣ་བའི་རྒྱབ། །གཡོན་པ་རྣ་བ་སྔོན་ནས་འཕྱང་། །མེ་ལ་དེ་གཉིས་གཡས་གཡོན་ལྡོག །ས་ལ་གཉིས་ཀ་མགོ་བོ་ལ། །གཡས་དང་གཡོན་དུ་བཀྲི་བར་བྱ། །ལྕག་ཚན་ཡུ་བ་རྒྱ་ལྕང་ལ། །ལྕག་འབྲས་དཔྱིད་ཀྱི་


LT41_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཐོབ་ཉིན། །ར་བཞིར་སྲོ་མ་ར་ཙ་དང་། །འབྲིང་བཞིར་རས་བལ་ཐ་ཆུང་བཞིར། །དར་སྐུད་ཡིན་ནོ་གླང་རྫི་ཡི། །དལ་བྲེལ་ཟླ་བ་དང་པོའི་ཚེས། །གཅིག་གི་སྔོན་དུ་ཞག་ལྔ་ཕན། །དབུགས་ཐོབ་ཡིན་ན་ཤིན་ཏུ་ཡང་། །བྲེལ་བས་གླང་གི་སྔོན་དུ་རྒྱུག །ཚེས་གཅིག་རྒྱབ་ནས་ཞག་ལྔ་ཕན། །དབུགས་ཐོབ་དེ་ཚེ་ཤིན་ཏུ་དལ། །རྗེས་ནས་དལ་བུའི་ཚུལ་གྱིས་འགྲོ། །ཚེས་གཅིག་སྔ་རྗེས་ཞག་ལྔ་ཡི། །ནང་དུ་དབུགས་ཐོབ་དལ་བྲེལ་སྙོམས། །གླང་རྫི་གླང་དང་བསྒྲིགས་ཏེ་འགྲོ། །དེ་ཡང་ཕོ་ལོར་གླང་གི་གཡོན། །མོ་ལོར་གླང་གི་གཡས་སུའོ། །གླང་གཟུགས་འདོམ་གང་ཁྲུ་བཞི་ཡིས། །དུས་བཞི་རྔ་མ་ཁྲུ་གང་དང་། །ཚོན་གཉིས་དུས་ཚོད་བཅུ་གཉིས་མཚོན། །རྫིའུ་ཁྲུ་གསུམ་ཚོན་དྲུག་པས། །ཉིན་ཞག་སུམ་བརྒྱ་དྲུག་ཅུར་རྟོགས། །ལྕག་ཚན་རྒྱ་ལྕང་ཁྲུ་དོ་དང་། །ཚོན་བཞིས་དུས་གཟེར་ཉེར་བཞི་མཚོན། །དེ་ལྟར་མཚོན་བྱེད་སྣང་བརྙན་གྱིས། །ལེགས་ཉེས་ལུང་དུ་སྟོན་པ་གང་། །དེ་ཡང་བཟང་སྟོབས་ཕོ་ཁམས་ཆེ། །ངན་སྟོབས་མོ་ཁམས་གཙོར་འབྱུང་བའི། །གླང་གི་ཁ་དོག་མང་ཉུང་དཔྱད། །ལྗང་གུ་རླུང་ལྡང་རྩི་ཤིང་དང་། །ལོ་མ་ལྗང་བུའི་རིགས་རྣམས་རྒྱས། །མི་ཕྱུགས་དག་ལ་རླུང་ནད་འབྱུང་། །དམར་པོ་མེ་ཐན་བཙའ་དང་ནི། །ཚད་ནད་འབྲུ་སྨིན་འབྲུ་གྲངས་ཉུང་། །ཁོལ་བུར་སེར་རྒོད་ལྕེ་


LT41_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབབ། །དཀར་པོ་སད་སེར་བཀྲེས་དབུལ་དང་། །ཤི་ཆད་གཉན་སྐྲངས་ལྷོག་རྒོད་འབྱུང་། །ནག་པོ་ཆར་ཆུ་སྤྲིན་པ་དང་། །སྔོ་ལྡུམ་མེ་ཏོག་བཀྲག་མདངས་ཆེ། །གྲང་བ་བད་ཀན་ཀླུ་ནད་ལྡང་། །སེར་པོ་ལོ་ཏོག་རྩི་ཤིང་རྒྱས། །འབྲུ་འཕེལ་སྐྱེ་བོ་དགའ་བདེར་སྤྱོད། །འདུས་པའི་ནད་ཀྱིས་ཅུང་ཟད་ཉེན། །དེ་རྣམས་སྤྱི་ཡི་གོ་བབ་སྟེ། །བྱེ་བྲག་རྭ་རྣ་མཇུག་རྣམས་དཀར། །ཡུལ་སྤྱིར་སད་འབབ་མི་ཤི་མང་། །མགོ་དང་སོ་མཚུལ་ས་སྟོད་དང་། །སྔ་སད་ལྡང་ཞིང་ལུས་པོ་དང་། །ཕོ་བས་བར་དཀྲིས་བར་སད་དེ། །སུག་བཞིས་རོང་ཆེན་ཕྱི་སད་རྟགས། །རྭ་རྣ་མཇུག་དམར་ཚད་རིམས་དང་། །ཡུལ་རྣམས་སྤྱི་ཡི་ཐན་པར་བཟུང་། །མགོ་དང་སོ་མཚུལ་མི་ཆེན་གྱི། །མཁར་ཁང་མེས་འཇིག་ས་སྟོད་རྣམས། །དཔྱིད་གསུམ་ར་བཞིར་ཐན་པས་གདུང་། །ལུས་དང་ཕོ་བས་རྗེའུ་རིགས་གྲོང་། །མེས་འཚིག་བར་དཀྲིས་དཀྲལ་གཉའ་རྣམས། །ཐན་པས་དབྱར་སྟོན་འབྲིང་བཞིར་གདུང་། །སུག་བཞིས་རྨོངས་རིགས་གྲོང་ཁྱེར་བསྲེགས། །རོང་ཆེན་རྒྱ་ཤོད་དགུན་དུས་སམ། །ཐ་ཆུང་བཞི་ལ་ཐན་པ་ཆེ། །ལར་ནི་དམར་མད་ངན་མོད་ཀྱི། །མེ་ཁམས་གཏན་མེད་དེ་ཡང་ངན། །དེས་ན་ཕོ་བ་མཚུལ་པ་དག །དམར་ན་ལེགས་ཞེས་བརྗོད་པའང་མཐོང་། །རྭ་སོགས་སེར་པོ་ཡུལ་སྐྱིར་དགེ། །མགོ་སེར་ས་


LT41_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཐོའི་རྒྱལ་ཁམས་བདེ། །ཁྱད་པར་ཁ་ལུང་ཞིང་སྐྱེད་བཟང་། །ལུས་དང་ཕོ་བས་བར་ཁམས་བདེ། །བར་དཀྲིས་ཞིང་ལ་སྐྱེ་བུང་ཆེ། །འབྲོག་ན་བཞོན་previous hit ཆུ་འཕེལ་བར་བརྗོད། །སུག་བཞིས་རོང་ཆེན་རྒྱ་ཤོད་ལེགས། །དེ་བཞིན་ཤིང་ཁམས་བཟང next hit་ན་ཡང་། །མགོ་བོ་སྔོ་ན་སྟོད་ཕྱོགས་སོགས། །ཡུལ་དུས་ར་འབྲིང་ཐ་ཆུང་གི། །ཟླ་བར་རླུང་ཆེན་ལྡང་འགྱུར་ཞིང་། །ལྷག་པར་རྩྭ་ཤིང་སྐྱེ་ཕུལ་ཆེ། །རྭ་སོགས་ནག་ན་ཡུལ་སྤྱིར་རྒུད། །མགོ་ནག་བྱང་དང་སྟོད་ཕྱོགས་ངན། །ཁྱད་པར་མི་ཆེན་ཇུས་ཉེས་ངོ། །ས་སྟོད་དཔྱིད་སོས་ར་བཞིར་ཞོད། །ལུས་བྱིངས་ནག་པས་བར་ཁམས་ཉམས། །བློན་རིས་འདུན་མ་འབྲས་མེད་བྱེད། །བར་འབྲོག་དབྱར་སྟོན་འབྲིང་བཞིར་ཞོད། །ཕོ་བ་ནག་པས་དམངས་རིགས་ཉམས། །སུག་བཞིས་དེ་བཞིན་རོང་ཆེན་དུ། །ཆུ་ཡིས་འཇིགས་མང་གྲང་ངར་ཆེ། །དམར་ནག་གཉིས་པོས་བཙའ་ཡོང་རྟགས། །མདོར་ན་གླང་གི་ལུས་གནས་དང་། །ཡུལ་དུས་སྦྱར་ཏེ་དཔྱད་བྱ་སྟེ། །གླང་མགོ་ལོ་སྟོད་ས་སྟོད་དང་། །མི་ཆེན་དང་ནི་རྒྱལ་པོའི་གྲོང་། །ར་བཞིའི་ཟླ་བར་དེ་བཞིན་དུ། །ལུས་དང་ཕོ་བས་གནས་དུས་བར། །རྗེའུ་རིགས་གྲོང་དང་འབྲིང་བཞིའི་ཟླར། །སུག་བཞིས་གནས་དུས་ལོ་སྨད་དང་། །དམངས་བྲན་རིགས་གྲོང་ཐ་བཞི་སྟེ། །རི་ཞིང་སྒང་ཞིང་གཤོང་ཞིང་བརྟགས། །ནད་དང་ཐན་པ་སད་


LT41_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བཙའ། །སྔ་ཕྱི་གང་འབྱུང་དཔྱད་པར་བྱ། །རྭ་རྣ་མཇུག་གསུམ་ལྷག་པར་གཙོ། །རྔ་གཡས་གཡོབ་པ་མི་ལ་བཟང་། །ཕྱུགས་རྩུབ་གཡོན་དུ་དེ་ལས་ལྡོག །ཁ་གདངས་ཞོན་དང་ཕྲུ་གུ་འཕེལ། །བཙུམ་ན་དེ་ཡང་ལྡོག་པར་ལྟ། །གླང་རྫི་རྒན་པས་རྒན་པོ་བདེ། །གཞོན་རྩུབ་བྱིས་པ་ཤིན་ཏུ་རྩུབ། །དར་མས་གཞོན་བདེ་བྱིས་པར་རྩུབ། །རྒན་པོ་དག་ལ་ལྷག་པར་རྩུབ། །བྱིས་པ་དེ་ཡི་རིགས་པས་ཤེས། །སོ་སོར་ནད་སོགས་གང་གིས་གནོད། །རྫིའུའི་ཁ་དོག་ལ་བརྟག་ཅིང་། །དེ་བཞིན་རྒྱལ་བློན་ཕལ་པའང་སྦྱར། །ལྟག་ཕུད་གཙུག་བཅིངས་མཆོག་ཏུ་དགེ། །རྒྱལ་ཁམས་ལྷ་ཡི་དཔལ་ལ་བསྙེགས། །གཉིས་ཀ་རྣ་རྒྱབ་བྱས་པའང་བཟང་། །གཡོན་ཕྱི་གཡས་ནང་འབྲིང་དུ་བཤད། །གཡས་ཕྱི་གཡོན་ནང་དེ་ལས་ངན། །གཉིས་ཀ་རྣ་ནང་མྱ་ངན་ལྟས། །ལྕག་འབྲས་སྲོ་མར་ཙ་ཡིས། །རྒྱལ་པོའི་ཆད་པ་ཨར་ཇག་རྒོད། །རས་བལ་བློན་ལས་ཕལ་དབང་ཆེ། །དར་སྐུད་ཡུལ་བདེ་འབངས་ཕལ་གྱིས། །རྒྱལ་པོ་ལ་ཡང་རྒོལ་དུ་སྲིད། །མས་རིམ་རབ་འབྲིང་ཐ་མ་སྟེ། །ཚོང་དུས་བཟོ་རིགས་ལ་ཡང་དཔྱད། །ལྷྭམ་གྱོན་ཆར་ཆེ་སྐྱེ་རྒུ་བྲེལ། །གཡས་གྱོན་དེ་རིགས་ཟེར་ཡང་འབྲིང་། །དེ་ལྡོག་དེ་ལས་ལྡོག་པར་ལྟ། །ལྷྭམ་མི་གྱོན་པས་བདེ་སྐྱིད་དལ། །གོས་ནེ་རྒྱལ་བློན་སྲིད་སྐྱོང་


LT41_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཟོང་དང་མི་ཡི་འབྱོར་པ་སྟེ། །སྐ་རགས་དགྲ་ཟླས་འཚེ་མིན་བརྟགས། །སེར་ནག་སྔོ་དམར་ཟུང་དང་དཀར། །རབ་དང་འབྲིང་དང་ཐ་མར་བཤད། །གླང་རྫི་བྲེལ་བས་ཕྱུགས་རྣམས་བདེ། །སོས་བུད་སྔ་ཞིང་དམག་འཁྲུགས་རྒོད། །རྒྱབ་ཏུ་འདུག་པ་དེ་ལས་ལྡོག །གཡས་སྦྲེལ་མི་སྐག་ཕྱུགས་ཡོ་སྲིད། །རྒྱལ་པོ་དམངས་ཀྱིས་བསྐོར་ནས་གཡེངས། །གཡོན་སྦྲེལ་ཕྱུགས་སྐག་མིར་ཉེན་སྲིད། །རྒྱལ་ཁམས་ནང་འཐབ་བདེ་གཟར་སྤྱོད། །གླང་ནི་ཕྱུགས་ལ་བརྟགས་པ་དང་། །གླང་རྫིའི་མི་ལ་གཙོ་ཆེར་དཔྱད། །གཞན་ཡང་གླང་འབྲུག་མང་ཉུང་ནི། །དང་པོའི་ཚེས་གཅིག་ཉི་མ་འབྲུག །ཤར་ཚེ་འབྲུག་གཅིག་དཔེར་མཚོན་ཏེ། །འབྲུག་ཉི་གར་བབས་འབྲུག་གི་གྲངས། །གླང་ཡང་མང་ཉུང་དེས་མཚོན་ནུས། །གླང་ནི་ས་ཡི་གསོས་ཡིན་པས། །ཇི་ཙམ་མང་བ་སོས་བུད་སྔ། །ས་བཅུད་འཕེལ་ཞིང་དགེ་བར་ཐོས། །སྟོན་མཇུག་རིང་ལ་འབྱོར་པ་རྒྱས། །བརྒྱད་ཡན་རབ་ལ་བཞི་ཚན་ཐ། །འབྲིང་པོ་ལྷག་མའང་སྟོད་སྨད་དང་། །སོས་བུད་རབ་འབྲིང་ཐ་ཡང་རྟོགས། །འབྲུག་ནི་གནམ་ལྷ་གནམ་གྱི་གསོས། །རྒྱ་མཚོ་ལས་ནི་ཆུ་འཐུང་ནས། །མཁའ་ལས་ཆར་པ་འབེབས་ཀྱང་ཟེར། །ཇི་ཙམ་མང་བ་ཆར་ཆེ་ཡང་། །ས་བཅུད་མཁའ་ལ་འཕུར་བས་ངན། །བརྒྱད་ཡན་ལྕེ་འབབ་སེར་བས་འཇིག །ལྔ་ཆུན་ཆར་དཀོན་


LT41_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བདུན་སྙོམས། ཤར་ཕྱོགས་མ་ཧཱ་ཙི་ན་རུ། །ལོ་དཔྱད་གཙོ་བོ་དཔྱིད་དབུགས་སྔོན། །བཀའ་ཡི་གླང་རྩིས་ཆེན་མོ་ཞེས། །རྒྱལ་བློན་ཕལ་གྱིས་རིམ་པ་ཡི། །རིན་ཆེན་ལྡེར་དང་ཤོག་བུ་ལ། །གླང་དང་རྫི་བཅས་གཟུགས་བཅོས་ནས། །བསུ་བས་བསུ་ཞིང་མཆོད་པས་མཆོད། །དེ་ཡིས་བསོད་ནམས་ཐོབ་པར་གྲགས། །འདི་ལ་ལེགས་པར་བརྟགས་མཁས་ན། །ལོ་དེའི་ལེགས་ཉེས་འཁྲུལ་མེད་རྟོགས། །དེ་ཕྱིར་ཞིབ་ཏུ་དཔྱད་པར་འཚལ། །འཇམ་མགོན་བླ་མའི་ཞལ་གྱི་ལུང་། །འཐོར་བསྡུས་འཕྲུལ་གྱི་མེ་ལོང་འདི། །ལྟས་ཤེས་མིག་གི་བདུད་རྩིར་སྦྱིན། ༈ །གཞན་ཡང་གཟའ་ལྔ་ཁྱིམ་སྤྱོད་སོགས། །འབྲས་བུ་འགའ་ཞིག་འཆད་པ་ལ། །གལ་ཏེ་མིག་དམར་ཞིང་ལ་གཟའ། །དྲག་པོ་གནས་པ་དེ་ཡི་ཚེ། །ཟླ་བ་དྲུག་ཏུ་འབྲུ་རྣམས་མེད། །རིན་ཐང་ཆེན་པོར་འགྱུར་བ་ཡིན། །དཀར་པོའི་ཞིང་དུ་མིག་དམར་གནས། །ཟླ་གཉིས་ངེས་པར་རིན་ཐང་ཆེ། །ཟླ་བ་དང་ནི་ཉི་མ་ལ། །རྟག་ཏུ་མི་དགེ་ནད་ཀུན་བྱེད། །སྤེན་པ་སྒྲ་གཅན་འབྲུ་ཐམས་ཅད། །རིན་ཐང་ཆེ་ཞིང་རྒྱལ་པོ་རྩོད། །ལྷག་པའི་ཞིང་ལ་ཉི་མ་ཟླ། །ས་སྐྱོང་ཐམས་ཅད་མི་མཐུན་ཅིང་། །འབྲུ་ཡི་སྦུན་པ་སྐྱེ་བ་ནི། །ཟླ་བ་ལྔ་རུ་རབ་ཏུ་འགྱུར། །པ་སངས་ཞིང་ལ་ལྷག་པ་བཟང་། །ཟླ་བའི་ཞིང་ལ་ངན་སྤོང་བུ། །པཱ་ཥཎྜ་རྣམས་འཕེལ་བར་འགྱུར། །འབྲུ་རྣམས་ཀྱང་


LT41_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིན་ཐང་ཆེ། །ཉི་མའི་ཞིང་དུ་ངན་སྤོང་བུ། །ཕྱུགས་རྣམས་རིན་ཐང་ཆེ་བར་འགྱུར། །པ་སངས་ཞིང་དུ་ས་སྐྱེས་ཕུར། །རས་བལ་ལ་སོགས་རིན་ཐང་ཆེ། །མིག་དམར་ཞིང་དུ་སྤེན་སྒྲ་གཅན། །ཟངས་ལ་སོགས་པ་རིན་ཐང་ཆེ། །སྤེན་པའི་ཞིང་དུ་སྤེན་རཱ་ཧུ། །སྐྱ་རྒྱལ་ཟླ་བ་ཉི་མ་ལ། །ཕྱུགས་རྣམས་ཉམས་ཤིང་འབྲུ་རྣམས་འཕེལ། །བུ་རམ་ལ་སོགས་རིན་ཐང་ཆེ། །ཕུར་བུའི་ཞིང་དུ་སྤེན་རཱ་ཧུ། །ཕྱུགས་རྣམས་ཉམས་ཤིང་རྩྭ་རྣམས་ཟད། །མིག་དམར་ལ་ནི་རྒྱལ་རྣམས་འཁོན། །ལྷག་པ་ལ་ནི་མང་དུ་འཕེལ། །གང་ཚེ་དམར་སྒྲ་ཉི་མའི་བུ། །པ་སངས་མིག་དམར་ཞིང་གནས་ན། །ཟླ་དྲུག་བུ་རམ་རས་བལ་དང་། །མར་དང་ཚྭ་རྣམས་རིན་ཐང་ཆེ། །གང་ཚེ་དལ་འགྲོ་སྒྲ་གཅན་ལྟག །སྤེན་པའི་ཞིང་དུ་གནས་པ་ན། །དེ་བཞིན་རྐང་བཞི་པ་རྣམས་དང་། །རྐང་གཉིས་པ་རྣམས་ཉམས་པར་འགྱུར། །པ་སངས་མིག་དམར་མཚན་མོར་བྱེད། །མིག་དམར་བཞིན་དུ་གནས་དེའི་ཚེ། །ཕྱུགས་རྣམས་དང་ནི་མུ་ཏིག་དང་། །དུང་ནི་རིན་ཐང་ཆེན་པོར་འགྱུར། །མིག་དམར་ཞིང་དུ་ངན་སྤོང་བུ། །གང་ཚེ་འབྲུ་རྣམས་རིན་ཐང་ཆེ། །སྤེན་པའི་ཞིང་དུ་ཉི་ཟླ་དག །གོས་རྣམས་རིན་ཐང་ཆེན་པོར་འགྱུར། །བླ་མའི་ཞིང་དུ་མིག་དམར་སངས། །སྐྱེ་རྒུ་རྣམས་ནི་གཟིར་བར་འགྱུར། །གཟའ་དང་ཁྱིམ་རྣམས་འཕྲད་པའི་ཚེ། །འབྲས་བུ་འདི་ལྟར་རབ་ཏུ་བསྒྲགས། །ཁྱིམ་


LT41_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟའ་སྦྱོར་བའི་འབྲས་བུའོ། །མིག་དམར་ཞིང་དུ་ཟླ་བ་ཤར། །སྤུན་ཅན་འབྲུ་ནི་འཕེལ་བར་འགྱུར། །པ་སངས་ཞིང་དུ་ཟླ་བ་ཤར། །ཚོང་ལ་སོགས་པ་ཅུང་ཟད་འཕེལ། །ལྷག་པའི་ཞིང་དུ་ཟླ་བ་སངས། །ཤར་ན་འགྲོ་ལ་འཚེ་བར་འགྱུར། །ཉི་མའི་ཞིང་དུ་སྤེན་ཟླ་བ། །པ་སངས་ཤར་ན་རས་བལ་འཕེལ། །ཟླ་བའི་ཞིང་དུ་ཟླ་བ་སངས། །ལྷག་པ་ཤར་བ་དེ་ཡི་ཚེ། །ཟླ་བ་དྲུག་ཏུ་སྐྱ་ཕམ་ཞིང་། །ཧ་ཅང་ཆར་ཆེ་ལྷག་ཞིང་དུ། །སྒྲ་གཅན་སྤེན་པ་ཤར་བའི་ཚེ། །སྐྱེ་རྒུར་འཚེ་ཞིང་ཕྱུགས་རྣམས་ཟད། །འབྲུ་རྣམས་ཀྱང་ནི་རིན་ཐང་ཆེ། །པ་སངས་ཞིང་དུ་ཉི་ཟླ་དང་། །ཉི་བུ་ཤར་བ་གང་གི་ཚེ། །ཟུག་རྔུ་འཆར་དང་ནུབ་པ་དང་། །རིན་ཐང་ཆེན་པོར་འགྱུར་བ་ཡིན། །སྤེན་པའི་ཞིང་དུ་ཉི་ཟླ་དག །གང་ཚེ་འཆར་བར་གྱུར་པ་ན། །དེ་ཚེ་མར་རྣམས་འཕེལ་བ་དང་། །བུ་རམ་དང་ནི་གོས་དམར་རྣམས། །གང་ཚེ་ཚོགས་པ་ཐོབ་པར་འགྱུར། །སྤེན་པའི་ཞིང་དུ་སྤེན་པ་ཉིད། །དེ་ཚེ་རྩྭ་དང་ཤིང་རྣམས་དང་། །ཧཽ་རཱ་རྣམས་ཀྱང་རིན་ཐང་ཆེ། །གཟའ་འཆར་བའི་ཁྱིམ་གྱི་འབྲས་བུའོ། །གང་ཚེ་ས་ག་ལ་ཕུར་བུ། །དེ་ཚེ་འབྲུ་རྣམས་རིན་ཐང་ཆེ། །བཀྲ་ཤིས་ལ་ནི་ལོ་དུས་དང་། །སྤེན་པར་ཀུན་ཏུ་བཀྲ་ཤིས་སོ། །གང་ཚེ་ལག་ནི་མེ་ཡི་མདོག །སྤེན་པ་འཕྲད་པ་དེ་ཚེ་འཇིག །ལག་ལ་ལྷག་པ་སློང་མོ་དཀའ། །ངན་སྤོང་བུ་ལ་སྐྱ་རྒྱལ་ལོ། །ལྷ་མཚམས་


LT41_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སྐྱ་རྒྱལ་ཞིང་། །གལ་ཏེ་ལྷག་པའི་གཟའ་གནས་ན། །དགེ་ཞིང་སློང་མོ་རྙེད་པར་འགྱུར། །སྐག་ལ་བླ་མ་གནས་པའི་ཚེ། །རས་བལ་མོད་ཅིང་སྤེན་པ་དང་། །མིག་དམར་ཚེར་མས་འཚེ་བར་བྱེད། །ལྷག་པ་ལ་ནི་ཏིལ་མཱ་ཥ། །ལོ་དུས་ཉིད་ལ་རིན་ཐང་ཆེ། །ཉི་མ་འབྲུ་རྣམས་ཐམས་ཅད་ནི། །རིན་ཐང་ཆེན་པོ་ཉིད་དུ་འགྱུར། །པ་སངས་ལ་ནི་ཆར་པ་ཆེ། །ལོ་ཏོག་མཐའ་དག་རྣམས་ཀྱང་ངོ་། །བས་ལ་ཕུར་བུ་སྲན་ན་གུ། །སྲན་ལྗང་རྣམས་ཀྱང་འཕེལ་བར་འགྱུར། །མིག་དམར་སྡེའུ་ཆུར་འགྱུར་ཞིང་། །ལྷག་པར་ཐམས་ཅད་ཕུན་སུམ་ཚོགས། །ཆུ་སྟོད་ལ་ནི་མིག་དམར་སོང་། །ཕྱུགས་དང་བྱ་རྣམས་འཚེ་བར་འགྱུར། །ཆུ་སྟོད་ལ་ནི་ཀེ་ཏུ་སོང་། །འབྲུ་རྣམས་ཤིན་ཏུ་དཀོན་པར་འགྱུར། །འཚོ་བྱེད་ཆུ་སྨད་ལ་སོང་ན། །བུ་རམ་རྣམས་ནི་རིན་ཐང་ཆེ། །མིག་དམར་ལ་ནི་ལོ་ཏོག་རིགས། །ཐམས་ཅད་རིན་ཐང་ཆེ་བར་འགྱུར། །བྱི་བཞིན་ཞེས་བྱའི་སྐར་མ་ལ། །གང་ཚེ་གྲིབ་མའི་བུ་ཡོད་ན། །ལོ་ཏོག་ཐམས་ཅད་སྐྱེ་འགྱུར་ཞིང་། །སྐྱ་རྒྱལ་མིག་དམར་དེ་བཞིན་ནོ། །གང་ཚེ་གྲོ་བཞིན་ལ་ཕུར་བུ། །དེ་ཚེ་ཐམས་ཅད་ཕུན་ཚོགས་འགྱུར། །ལྷག་པར་རྒྱལ་པོའི་བུ་རྣམས་འཇིགས། །སྤེན་པར་བུ་རམ་ཤིང་རྣམས་མོད། །སྨིན་དྲུག་དང་ནི་སྣར་མ་ལ། །གང་ཚེ་འཚོ་བྱེད་གནས་པ་ན། །ལོ་ཏོག་རྣམས་ནི་འབྲིང་པོར་འགྱུར། །དེ་ཚེ་ཆར་ཡང་འབྲིང་པོའོ། །


LT41_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་རི་དྭགས་མགོ་ལ་ནི། །གང་ཚེ་ཕུར་བུ་གནས་གྱུར་ན། །སྐྱ་ཕམ་ཆར་ནི་མེད་པ་དང་། །སྐྱེ་རྒུ་རྣམས་ཀྱང་ཞི་བར་འགྱུར། །གྲེ་དང་དབོ་དང་མེ་བཞི་དང་། །མཆུ་ལའང་གང་ཚེ་ཕུར་བུ་ཡོད། །ཆར་པ་ཆེ་ཞིང་སྐྱ་ཡང་རྒྱལ། །སྐྱེ་རྒུ་རྣམས་ནི་ནད་མེད་འགྱུར། །འཚོ་བྱེད་ནག་པ་ས་རིར་ཡོད། །དེ་ཚེ་སྤྲིན་ཡང་སྣ་ཚོགས་ཏེ། །ལོ་ཏོག་རྣམས་ཀྱང་འགའ་དང་འགར། །སྣ་ཚོགས་སུ་ནི་འགྱུར་བ་ཉིད། །ས་ག་མཛའ་བོ་དག་ལ་ཕུར། །འབྲུ་དང་ཆར་ཡང་འབྲིང་པོའོ། །ལུག་ཏུ་ཕུར་བུ་སྐྱ་རྒྱལ་ཞིང་། །ཆར་པ་ཆེ་ལ་མི་རྣམས་བདེ། །གླང་ལ་ཕུར་བུ་ཆར་པ་ཉུང་། །སྐྱེ་རྒུ་གཟིར་ཞིང་རྣམ་པར་རྩོད། །འཁྲིག་པར་ཕུར་བུ་ཆར་པ་མེད། །སྐྱེ་རྒུ་ཉམས་ཤིང་ངུ་བར་བྱེད། །ཀརྐར་ཕུར་བུ་ཆར་པ་ཆེ། །ཡུལ་རྣམས་འཇིག་ཅིང་རིན་ཐང་ཆེ། །སེང་གེར་ཕུར་བུ་སྐྱ་རྒྱལ་ཞིང་། །ཆར་ཆེ་སྐྱེ་རྒུ་ཐམས་ཅད་བདེ། །བུ་མོར་ཕུར་བུ་ནད་ཀྱིས་འཚེ། །ལོ་ཏོག་སྐྱེ་བའི་སྐྱ་ཕམ་མོ། །སྲང་དུ་ཕུར་བུ་ལོ་ཏོག་ཉུང་། །སྐྱེ་རྒུ་ནད་མནར་འོ་མ་མང་། །སྡིག་པར་ཕུར་བུ་སྐྱ་ཕམ་ཞིང་། །རྒྱལ་པོ་རྐུན་པོ་ཀླུ་ཡིས་འཇིགས། །གཞུ་ལ་ཕུར་བུ་ཆར་པ་previous hit བཟང་། །ལོ་ཏོག་དགེ་ཞིང་སྐྱེ་བོ་སྐྱིད། །ཆུ next hit་སྲིན་ཕུར་བུ་སློང་མོ་དཀའ། །རྒྱལ་པོ་འཐབ་ཅིང་ཕྱུགས་རྣམས་ཟད། །བུམ་པར་ཕུར་བུ་སྐྱ་རྒྱལ་ཞིང་། ཁམས་དང་རྩ་བ་རིན་ཐང་ཆེ། །ཉ་ལ་ཕུར་བུ་ལྷོ་ཕྱོགས་ཀྱི། །ཡུལ་དུ་


LT41_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་ཕམ་ཡུལ་གཞན་མིན། །ལུག་ལ་སྤེན་གནས་གུཛྫ་ར། །རབ་གསལ་གླང་ལ་ཨརྦུ་ད། །འཁྲིག་པར་སྣོད་དང་རྩ་བ་ཐང་། །ཉམས་སུ་འཚེ་བ་སྐྱེ་བར་འགྱུར། །ཀརྚར་ཁ་ཆེའི་ཡུལ་གནས་གསོད། །རི་དྭགས་རྒྱལ་པོར་བརྒྱ་བྱིན་བྲེ། །བུ་མོར་དལ་འགྲོ་སྤྱོད་པ་ནི། །མ་ལཱ་བ་རུ་ཟད་པར་བྱེད། །སྲང་དང་སྡིག་པ་གཞུ་རྣམས་ལ། །གལ་ཏེ་དལ་འགྲོའི་སྤྱོད་པ་ན། །དེ་ཚེ་སྤྲིན་ལས་ཆར་མི་འབབ། །ས་ལ་ལོ་ཉེས་གནོད་པས་གཟིར། །སྤེན་པ་ཆུ་སྲིན་བུམ་པ་ལ། །གནས་ཚེ་སྐྱ་རྒྱལ་མང་པོ་སྦྱིན། །ཉ་ལ་འཇིག་རྟེན་ཐམས་ཅད་ནི། །ལོ་ཉེས་པས་ནི་ཟད་པར་འགྱུར། །གཞན་ཡང་ཕུར་བུ་བྱང་སྐར་སྤྱོད། །རྒྱལ་པོ་བདེ་ཞིང་ལོ་ལེགས་ལ། །སྒྱ་རྒྱལ་བཀྲ་ཤིས་ནད་མེད་བདེ། །ལྷོ་སྐར་ལ་ཞུགས་གོང་ལས་ལྡོག །མིག་དམར་གང་སྤྱོད་སྐྱེས་སྐར་ཅན། །ངན་ལ་ལོ་ནད་འགྲོས་འཕོ་བ། །མྱུར་ན་བོད་ལ་མི་བདེ་འོང་། །དབྱར་ལོག་ཆར་མེད་ལོ་སྐམ་ཞིང་། །མཚོན་གྱིས་རྨས་པ་ཕལ་ཆེར་འཆི། །ཡང་ན་ཉི་དང་ལྷན་ཅིག་ཐོག །འཁྱོག་པོར་འགྲོ་ན་མགར་བར་ངན། །གྲེ་ནས་འཁྱོག་ཞུགས་ལོ་ཐོག་ཉམས། །མེ་བཞི་ནག་ནས་འཁྱོག་འགྲོ་ན། །སེང་གེ་རི་དྭགས་དུག་སྦྲུལ་གནོད། །ས་ག་ལྷ་མཚམས་འཁྱོག་འགྲོ་ན། །མཁལ་རྐེད་ནད་འབྱུང་སྦྲུལ་ལ་འཚེ། །ལྡེ་གུ་སོག་པར་ཕྱིར་ལོག་ན། །ཆར་མེད་རྐུན་པོའི་འཇིགས་པ་འབྱུང་། །གྲོ་བཞིན་ཉིད་


LT41_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དམག་དཔོན་ལག །འདོད་ཁམས་མན་ཆད་ཀུན་ལ་ངན། །ཡང་ན་ཉི་མར་གྲོ་བཞིན་གནས། །མིག་དམར་རྒྱལ་ཡོད་རྒྱལ་པོར་ངན། །མཆུ་ནས་འགྲོས་འགྱུར་པཎྜི་ཏ། །རྒྱལ་པོའི་ཚོགས་ལ་གནོད་པ་སྟེ། །མཆུ་ནས་ས་གའི་མཚམས་འགྱུར་ན། །མུ་གེའི་འཇིགས་པ་ཆེན་པོ་འགྱུང་། །བི་རྫིང་འགྲོས་འགྱུར་ཆར་མི་འབབ། །ལྡེ་གུར་ཕྱིར་ལོག་རྒྱལ་པོ་འཇིགས། །འཁྱོག་འགྲོས་དམུ་ནས་ཕྱིར་ལོག་ན། །རྒྱལ་པོ་འཆི་བའི་མཚན་མ་ཡིན། །སྣར་མར་དལ་འགྲོས་མུ་གེ་འོང་། །སྣར་མ་སྣྲོན་སྣྲུབས་དབོ་ཆུ་སྨད། །ཁྲུམས་སྨད་གྲོ་བཞིན་གནས་པ་ན། །ཆར་མེད་ནབས་སོ་མེ་བཞི་སྣྲུབས། །ཁྲུམས་སྟོད་སྣར་མར་མྱུར་འགྲོས་བཟང་། །ཁྱད་པར་སྨིན་དྲུག་སྐག་གི་བར། །རང་སྟོབས་ཆེ་ལ་གནས་པ་ན། །རྒྱལ་པོ་འབངས་དང་བཅས་པ་བདེ། །ལྷག་པ་ཕྱིར་ལོག་ཆར་ཆེན་ནམ། །ཡང་ན་ཆར་མེད་མུ་གེ་འབྱུང་། །ལོག་འགྲོ་སྐར་མར་ཆར་མི་འབེབས། །གྲོ་བཞིན་མོན་གྲེ་སྣར་མ་མགོ། །ཆུ་སྨད་ལྷ་མཚམས་འཁྱོག་པོར་འགྲོ། །ཆར་བབས་ཆུས་འཇིགས་མུ་གེ་འོང་། །ལག་ནས་མཆུའི་བར་འགྲོ་གྱུར་ན། །འཐབ་རྩོད་མུ་གེ་ནད་ཆར་དཀོན། །གོ་རིམ་སེམས་ཅན་སྡུག་བསྔལ་བྱེད། །འཁྱོག་པོར་འགྲོ་ན་སེམས་ཅན་གནོད། །དེ་བཞིན་མེ་བཞི་སྣྲོན་གྱི་པར། །སྐར་དྲུག་བ་ལང་རྣམས་ལ་གནོད། །ཏིལ་ལ་སོགས་པའི་


LT41_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་མར་དང་། །འབྲས་བུ་དཀོན་པར་འགྱུར་བ་ཡིན། །སྤྲང་སོགས་རོ་ཉམས་ལོ་ཞེལ་ལོ། །བྲ་ཉེ་སྨིན་དབོ་ཁྲུམས་སྨད་ལ། །འཁྱོག་འགྲོས་སྤྱོད་ན་སེམས་ཅན་ཉམས། །ཐ་སྐར་མོན་གྲེ་སྣུབས་ཕྱིར་ལོག །ཚོང་སྨན་པ་ཀླུ་ཁམ་ན་དང་། །ཆུ་ལ་གནས་པའི་སེམས་ཅན་རྣམས། །གྲེ་སྒྲོག་ཆུ་སྟོད་ཁྲུམས་སྟོད་ཀྱིས། །སྐར་མའི་མཚམས་ཕྱེད་ནས་ལོག་ན། །གོ་རིམ་བཞིན་དུ་མུ་གེ་དང་། །འཐབ་རྩོད་རྐུན་བོ་ནད་ཀྱིས་འཇིགས། །ས་རི་བྲ་ཉེ་སྨིན་དྲུག་སྣར། །དེར་སྤྱོད་ནད་མེད་ཆར་ལོ་ལེགས། །ལག་མཆུ་སྐག་གྲེ་ནབས་སོ་དབོ། །སྤྱོད་དུས་ནད་འོང་ལོ་ཆར་འབྲིང་། ༈ །དེ་ཡང་རྒྱལ་པོའི་སྐྱེས་སྐར་སྟེང་། །མཇུག་རིང་ཟླ་བ་འཛོམ་པ་ན། །རྒྱལ་པོ་ཕན་ཚུན་འཐབ་པ་སྟེ། །མཐར་ནི་དེ་ཉིད་འཇིག་པར་འགྱུར། །སྣར་མ་དང་ནི་སྨིན་དྲུག་ལ། །སྤེན་པ་ཤར་ན་གནོད་པ་ཆེ། །མཆུ་དང་གྲེ་ལ་ཟླ་བ་དང་། །པ་སངས་འཛོམ་ན་ལོ་ཐོག་འཛོམ། །ཕུར་བུ་དང་ནི་པ་ཝ་སངས། ཁ་དོག་དམར་ན་ཡུལ་དེ་འཇིགས། །རྒྱལ་གྱི་སྟེང་དུ་མཇུག་རིང་ཤར། །ཕྱོགས་བཞི་ནས་ནི་དམག་འབྱུང་ངོ། །ཕུར་བུ་དང་ནི་མིག་དམར་དག །གྲོ་བཞིན་སྟེང་དུ་འཛོམ་བ་ན། །ལོ་གསུམ་ནང་དུ་འཇིག་པ་འབྱུང་། །ཕུར་སྤེན་ས་གའི་སྟེང་འཛོམ་ན། །འཐབ་ཅིང་འཆི་བའི་འཇིགས་པ་འབྱུང་། །གཞན་རྣམས་འབྲས་བུ་བཏང་སྙོམས་སོ། ༈ །གཞན་ཡང་ཕྱིར་


LT41_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ལ་སོགས་པའི། །འབྲས་བུ་འགའ་ཞིག་བརྗོད་པར་བྱ། །མིག་དམར་ཁྱིམ་གཅིག་བསྡད་པའམ། །གལ་ཏེ་ཕྱིར་ནི་ལོག་པ་ན། །མི་དང་ར་ལུག་འཆི་འགྱུར་ཞིང་། །ནད་ཡམས་དམག་འཁྲུགས་ཆེན་པོ་འབྱུང་། །ལྷག་པ་ཕྱིར་ལོག་ཆར་མི་འབབ། །ནད་འཁྲུགས་མུ་གེའི་འཇིགས་པ་ཆེ། །སྤྲིན་རྣམས་སར་འབྱར་མུན་ནག་འབྱུང་། །ཕུར་བུ་ཕྱིར་ལོག་ནད་མཚོན་དང་། །མུ་གེའི་འཇིགས་པ་འབྱུང་བར་བཤད། །པ་སངས་ཁྱིམ་གཅིག་བསྡད་ན་ཡང་། །དགྲ་མང་མེས་འཇིགས་རྩྭ་ཤིང་སྐམ། །བུད་མེད་ནད་འབྱུང་བུ་ཡང་འཆོར། །གལ་ཏེ་ཕྱིར་ལོག་སྐྲན་འབྲས་དང་། །གཉན་སོགས་ནད་ཡམས་མུ་གེ་འབྱུང་། །ཁྱད་པར་རྒྱལ་བློན་རྣམས་ལ་ངན། །སྤེན་པ་ཕྱིར་ལོག་གླང་ཆེན་དང་། །མ་ཧེ་ཕག་དང་སྤྲེའུ་ལ། །ནད་ཀྱི་འཇིགས་པ་ཆེན་པོ་འབྱུང་། །ཟླ་བ་ཕྱེད་དང་གཉིས་ཀྱི་བར། །མི་ཕྱུགས་ནད་དང་འཆི་བས་མནར། །གླིང་བཞིའི་སེམས་ཅན་རྣམས་ལ་ངན། །པ་སངས་ཕུར་བུ་ཁྱིམ་གཅིག་ཏུ། །ཚོགས་ན་ཆར་དང་འཁྲུགས་པ་འོང་། །སྤེན་པ་སྒྲ་གཅན་སྐར་མ་ནི། །གཅིག་གི་སྟེང་ཚོགས་འཁྲུགས་རྩོད་དང་། །སྐྲན་དང་ནད་ཡམས་མུ་གེ་འབྱུང་། །ཡུལ་ཆེན་དྲུག་ཏུ་ནད་ཡམས་འབྱུང་། །ཆུ་བོ་ཆེན་པོ་འབྲི་ཆད་དང་། །སྟག་གཟིག་ཁ་ཆེའི་ཡུལ་རྣམས་སུ། །ནད་ཡམས་ཆེན་པོ་འབྱུང་བར་


LT41_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །ཞུགས་ཚེ་ཆར་དང་རླུང་འཚུབས་གཡོ། །དེ་ཡང་ལུག་དང་ཀརྚ་གཞུ། །གསུམ་ལ་ཉི་མ་ཡོད་པ་དང་། །ལྷན་ཅིག་གནས་ན་ཞོ་ལ་ངན། །རྩྭ་ཤིང་མེ་ཏོག་སྐམ་པ་དང་། །བུད་མེད་ལ་ལུག་བུ་ཚ་འཆོར། །སེང་གེ་བུ་མོ་སྲང་གསུམ་ལ། །ཉི་སངས་ལྷག་ཕུར་བཞི་འཛོམ་ན། །རྒྱལ་པོའི་ཆད་པས་སྲོག་འཕྲོག་མང་། །བྲ་ཉེ་ལ་ཚོགས་རླུང་འཚུབས་འོང་། །དབོ་ལ་ཆར་ཆེ་སྐག་ལོ་ལེགས། ༈ །དྲང་སྲོང་པ་སངས་ཕུར་བུ་གཉིས། །ཁྱིམ་གྱི་བདུན་ཟུང་སོང་བ་ན། །ནད་དང་རྐུན་པོའི་འཇིགས་པ་དང་། །ཆར་པ་མེད་ཅིང་ལྷག་སྤེན་གཉིས། །བ་ཝ་སངས་ཀྱིས་བདུན་སྤྱོད་པ། །ཡི་དྭགས་ཀླུ་གནོད་རླུང་ཆེན་ལྡང་། །མཛའ་བོ་གསོད་ཅིང་བྲམ་ཟེ་དང་། །དགེ་སློང་ཆོས་སྤྱོད་ཉམས་པ་དང་། །ཆར་དཀོན་ཐོག་གློག་འབབ་པར་བྱེད། །སྤེན་པ་གཅིག་པུས་ཀླ་ཀློ་དང་། །བྱི་ལ་གླང་ཆེན་བོང་བུ་དང་། །མ་ཧེ་འབྲས་དམར་ཕག་མི་ཤ །བཟའ་བའི་ཡུལ་པ་རྣམས་ལ་ངན། །མིག་དམར་ཡོད་ན་འཁྲུགས་པ་དང་། །མེ་ཡིས་འཇིག་པ་འོང་བ་ཡིན། །ཆར་མེད་རྐུན་པོ་འབྱུང་བའོ། །ཕུར་བུ་ཡོད་ན་རྩ་བ་དང་། །འབྲས་བུ་དཀར་པོ་ཅན་རྣམས་ཉམས། །ལྷ་དང་བྲམ་ཟེ་བ་ལང་ངན། །ཤར་ཕྱོགས་པར་གནོད་ཐོག་གློག་དང་། །ལྐོག་མའི་ནད་དང་ལོ་ལེགས་འབྱུང་། །ལྷག་པ་ཡོད་ན་ཆར་པ་ཆེ། །སོས་ཀ་སྨིན་པའི་ལོ་ཐོག་ལེགས། །མཁྲིས་པའི་ནད་


LT41_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བཙུན་པ་དང་། །བྲམ་ཟེ་སྨན་པ་རྟ་དྲེའུ། །བ་ལང་གར་མཁན་རྒྱལ་པོ་དང་། །མདོག་སེར་ཅན་གྱི་རྩ་བ་དང་། །འབྲས་བུ་ཉམས་ཤིང་ངན་པར་བསྟན། ༈ །ཟླ་བཤད་རྒྱས་པར་བཀོད་སྤྲོ་ན། །མཚུར་ཕུ་འཇམ་དབྱངས་གསུང་བཞིན་སྤྲོས། །ཟླ་ཁམས་གང་ཡིན་བལྟ་བའི་ཚུལ། །ནག་རྩིས་བོད་དུ་ཡོད་པ་ལས། །གནམ་ལོ་མ་ལ་ཟླ་བ་བུར། །གསུངས་ཕྱིར་དཔྱིད་ར་སྟག་ནས་བརྩམས། ཁམས་རེར་ཟླ་བ་གཉིས་རེ་སྦྱར། །ཟླ་བ་ཆེ་ཆུང་ཞག་སུམ་ཅུར། །ལོངས་ན་ཆེ་བ་དེ་མིན་ཆུང་། །གནམ་ལོ་གང་ཤར་དེ་ཉིད་ནས། །ཡར་བཞི་མར་བཞི་ནག་པ་སྟེ། །ར་བ་བཞི་ཡི་སྟོད་ནག་ཅིང་། །འབྲིང་སྒང་ཐ་ཆུང་བཞིའི་སྨད་ནག །དེ་ཡང་དཔེར་ན་གནམ་ལོ་ནི། །སྟག་ཤར་ཕག་སྦྲུལ་ཟླ་བ་གཉིས། །ནག་ཅིང་ཁྱད་པར་སྟོད་ནག་གོ། །ཟླ་བདག་ཉི་ཁྱིམ་སླེབས་ཉིན་གྱི། །གྲུབ་པའི་གཟའ་འམ་ཡང་ན་ནི། །དབང་ཕྱུག་བཞེངས་བཞུགས་བརྟགས་ཚུལ་ནི། །སྔར་གྱི་ཁྱིམ་འཕོའི་གཟའ་དེ་ཡང་། །ཉི་མ་ལུག་སོགས་ཁྱིམ་བཅུ་གཉིས། །སོ་སོར་འཕོ་བའི་ཐོག་མ་ཡི། །ཚེས་དེའི་རེས་གཟའི་ལོངས་སྤྱོད་གཉིས། །ཕན་ཚུན་མང་ཉུང་བརྟགས་བྱས་ནས། །ཚེས་ཀྱི་གཟའ་མང་བཞེངས་ཏེ་མཇལ། །ཆར་ཆུ་དུས་བབས་མུ་གེ་མེད། །རྒྱལ་པོ་ཀུན་དགེ་འཁྲུགས་པ་མེད། །དགེ་སྟོབས་འཕེལ་ཞིང་སེམས་ཅན་སྐྱིད། །ལེགས་པ་ཕུན་སུམ་


LT41_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའོ། །མཉམ་ན་གཟིམས་ཏེ་མཇལ་བས་ན། །རྐུན་མ་མང་དང་ས་འགུལ་དང་། །རླུང་ཆེན་ལྡང་ཞིང་དབྱར་ཡིན་ན། །ཐོག་གིས་མི་འཆི་རྒྱལ་པོ་འཐབ། །འཁྲུགས་པ་འོང་ཞིང་ཆད་པའང་ཕོག །ཁྱིམ་གྱི་གཟའ་མང་བཞུགས་ཏེ་མཐལ། །སེམས་ཅན་སྡུག་བསྔལ་བློ་མི་བདེ། །ནད་འཇིགས་འཁྲུགས་འོང་ཤི་བ་མང་། །སྟོབས་འཆོར་ཡུགས་དང་མཛའ་བོ་འཐབ། །ཅི་ཙམ་ཟོས་ཀྱང་འགྲངས་མི་འགྱུར། །བཅུ་གཉིས་ཀུན་ལ་སྡིག་གཟའ་ཡོད། །ལོ་དེ་ཧྲིལ་ལ་ཤིན་ཏུ་རྩུབ། །འདྲེས་མས་ཐད་ཀའི་ཟླ་བར་བརྟགས། །བསོད་ནམས་གཟའ་ཤར་ཤིན་ཏུ་དགེ། །ཉི་མའི་ལྷ་ནི་དྲག་མོ་ཡིན། །དམངས་རིགས་ཚོང་པ་ཐམས་ཅད་བདེ། །ཟླ་བ་བྱ་རོག་མས་རྗེའུ་རིགས། །བཀྲ་ཤིས་བསུས་མོ་ཆེས་རྔོན་པ། །ལྷག་པ་གངྒཱ་མས་རྒྱལ་པོ། །ཕུར་བུ་དར་མས་བྲམ་ཟེའི་རིགས། །པ་སངས་སྣ་ཚོགས་མདོག་མས་ཕྱུག །སྤེན་པ་སྲིན་མོས་གདོལ་བ་དང་། །རྟ་བོང་ཐམས་ཅད་བདེ་བར་བྱེད། །ཅེས་ཏེ་དབྱངས་འཆར་རྒྱུད་ལས་བཤད། །ཉི་མ་ཁྱིམ་གནས་དང་བསྟུན་ཏེ། །དགུག་ལ་ལུག་སྡིག་དབང་གླང་སྲང་། །རྒྱས་འཁྲིག་བུ་མོ་ཞི་ཉར་སེང་། །བསད་བུམ་ཆུ་སྲིན་བསྐྲད་གཞུ་ཉ། །ལས་འདི་རྣམས་ལ་སོ་སོར་བསྔགས། ༈ །ཟླ་བ་གང་དང་གང་ལ་ཡང་། །ཉི་མའི་རེས་གཟའ་ལན་ལྔར་གྱུར། །རྒྱལ་པོ་འཇོམས་ཤིང་ལོ་ཉེས་དང་། །


LT41_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཆེན་པོ་འབྱུང་བར་འགྱུར། །ཟླ་བའི་རེས་གཟའ་ལན་ལྔར་འགྱུར། །འབྲུ་ནོར་ཕུན་ཚོགས་བདེ་ཞིང་སྐྱིད། །མིག་དམར་ལྔ་སྤྱོད་འཁྲུགས་པ་འབྱུང་། །དེ་ཚེ་གདུགས་ནི་འཇོམས་པར་འགྱུར། །ལྷག་པའི་རེས་གཟའ་སྐྱེ་རྒུ་ཀུན། །བདེ་ཞིང་སྐྱ་ཡང་རྒྱལ་བར་འགྱུར། །ཕུར་བུ་ལྔ་སྤྱོད་ནུབ་ཕྱོགས་སུ། །རྩོད་ཅིང་རལ་གྲིའི་འཐབ་མོ་འབྱུང་། །པ་སངས་ལན་ལྔ་སྤྱོད་པ་ན། །སྐྱེས་བུ་འཕེལ་ཞིང་སྐྱ་རྒྱལ་བདེ། །སྤེན་པ་རེས་ལྔ་ས་གཡོས་འབྱུང་། །དབང་ལྡན་ཡུལ་འཇིགས་མེ་ཡིས་བསྲེགས། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་མཆུ་ཟླ་བ་དུས་ཚིགས་དགུན་སྨད་ཀྱི་ཟླ་བ་སྔ་མ་བུམ་པའི་ཁྱིམ། བུམ་སྟོང་ནུབ། །བསད་ལས་འགྲུབ། ཟླ་བདག །རེས་གཟའ་ལྔ་སྤྱོད། ལྷ་ཆེན་ཡབ་ཡུམ་བཞེངས་བཞུགས་བཅས་བལྟ། མ་ཧཱ་ཙི་ནའི་ལུགས་ཀྱི་ཟླ་བ་དང་པོ་དཔྱིད་རབ། ཟླ་གདོང་བལྟ། ཡལ་ག་སྟག །རྒྱ་བོད་ཀྱི་ཚེས་མཚམས། ཟླ་བ་ཆེ་ཆུང་། ཟླ་སྨེ་རྣམས་བལྟ། །ཉེར་གསུམ་ལ་ཕྱི་སྐྱོར། གནམ་ལམ་ལྷོ། །ཡས་ལམ་ལྷོ་ནུབ། ཐྱན་ཏས་མེ་མོ། ཐྱན་ཧོང་ཆུ་ཕོ། ཡྭད་གཡན་ཁྱི། ཡྭད་ཤ་གླང་། ཡྭད་ཏས་མེ་ཕོ། ཡྭད་ཧོང་ལྕགས་མོ། ཡྭད་ཁོང་previous hit ཆུ་ཕོ། ཕྱི་མ་དེ་གསུམ་ལ་ཁང་ལས་སོགས་བཟང next hit་། དཔྱིད་རའི་དུས་རྟགས་རྣམས་ཀྱང་སྦྱར། ཚེས་རྣམས་ལ་ཀླུ་ཐེབས། ཚེས་ལ་བཟློག །གཅིག་


LT41_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་མཆོད་གཉན་ཡོད་ན་དར། བརྒྱད་ལ་མཐོང་བ་དོན་ལྡན། བཅུ་ལ་ངོམ་པ་རྣམ་རྒྱལ། བཅུ་བཞི་ལ་དྲུང་ཀུན་དགའ་རྣམ་རྒྱལ། རྗེ་མི་ལ་རས་པ། བཅོ་ལྔ་ལ་མངའ་བདག་མར་པ་ལོ་ཙཱ། ཀརྨ་པ་ཆོས་གྲགས་རྒྱ་མཚོ། ཉི་ཤུར་ཏྲེ་ཧོ་ཆོས་ཀྱི་དབང་པོ། ཉེར་བཞི་ལ་བདུད་འདུལ་རྡོ་རྗེ། ཉེར་བརྒྱད་ལ་དབང་ཕྱུག་རྡོ་རྗེ་བཅས་ཀྱི་དུས་ཆེན། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་དབོ་ཟླ་བ་དུས་ཚིགས་དགུན་སྨད་ཀྱི་ཟླ་བ་ཕྱི་མ་ཉའི་ཁྱིམ། བུམ་སྟོང་བྱང་། བསྐྲད་ལས་འགྲུབ། ཟླ་བདག །ལྔ་སྤྱོད། བཞེངས་བཞུགས་རྣམས་བལྟ། མ་ཧཱ་ཙི་ནའི་ལུགས་ཀྱི་ཟླ་བ་གཉིས་པ་ཡོས་ཟླ། ཟླ་ཁམས། ཚེས་མཚམས། ཆེ་ཆུང་། སྨེ་བ་རྣམས་བལྟ། གནམ་ལམ་ལྷོ་ནུབ། ཡས་ལམ་ནུབ་བྱང་། ཐྱན་ཏས་སྤྲེལ། ཐྱན་ཧོང་སྦྲུལ། ཡྭད་གཡན་བྱ། ཡྭད་ཤ་ཁྱི། ཡྭད་ཏས་ཤིང་ཕོ། ཡྭད་ཧོང་ས་མོ། ཡྭད་ཁོང་ལྕགས་མོ། ཕྱི་མ་གསུམ་ལ་ཁང་ལས་སོགས་བཟང་། དཔྱིད་འབྲིང་པོའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །ཉེར་གསུམ་གྲགས་པ་མཆོག་དབྱངས། ཉེར་ལྔར་ཀུན་མཁྱེན་བསྟན་པའི་ཉིན་བྱེད། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཉེར་བདུན་ཡེ་ཤེས་སྙིང་པོ། ཉེར་བརྒྱད་ལ་གསང་བདག་ཏཱར་ནཱ་ཐ། གནམ་སྟོང་ལ་རྗེ་རས་ཆུང་པ་མཁའ་


LT41_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གཤེགས་དུས་བཅས་ཀྱི་དུས་ཆེན། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ལོའི་དང་པོ་ནག་པ་ཟླ་བ། དུས་ཚིགས་དཔྱིད་སྔ་མ་ལུག་གི་ཁྱིམ། བུམ་སྟོང་ཤར། དགུག་ལས་འགྲུབ། ཟླ་བདག །ལྔ་སྤྱོད། བཞེངས་བཞུགས་སོགས་བལྟ། མ་ཧཱ་ཙི་ནའི་ལུགས་ཀྱི་ཟླ་བ་གསུམ་པ་འབྲུག །ཟླ་ཁམས། ཚེས་མཚམས། ཆེ་ཆུང་། སྨེ་བ་རྣམས་བལྟ། གནམ་ལམ་བྱང་། ཡས་ལམ་བྱང་ཤར། ཐྱན་ཏས་ཆུ་ཕོ། ཐྱན་ཧོང་མེ་ཕོ། ཐྱད་གཡན་སྤྲེལ། ཡྭད་ཤ་ལུག །ཡད་ཏས་ཆུ་ཕོ། ཡྭད་ཧོང་མེ་མོ། ཡད་ཁོང་མེ་ཕོ། མེ་ཕོ་མེ་མོ་previous hit ཆུ་ཕོ་གསུམ་ལ་ཁང་ལས་ས་རྐོ་བཟང next hit་། དཔྱིད་ཐ་མའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་ཀླུ་བཟློག །བཅོ་ལྔ་ལ་འབྲས་སྦུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་མཆོད་ཤམྦྷ་ལར་དར། བཅུ་དགུ་ལ་ཞྭ་དམར་གྲགས་པ་སེང་གེའི་དུས་ཆེན་བཅས། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ས་ག་ཟླ་བ། དུས་ཚིགས་དཔྱིད་ཕྱི་མ་གླང་གི་ཁྱིམ། དབང་གི་ལས་འགྲུབ། བུམ་སྟོང་ལྷོ། ཟླ་བདག །བཞེངས་བཞུགས། ལྔ་སྤྱོད་རྣམས་པ་ལྟ། མ་ཧཱ་ཙི་ནའི་ལུགས་ཀྱི་ཟླ་བ་བཞི་པ་སྦྲུལ་ཟླ། ཟླ་ཁམས། ཆོས་མཚམས། ཆེ་ཆུང་། སྨེ་བ་བཅས་བལྟ། གནམ་ལམ་ནུབ། ཡས་ལམ་ཤར་ལྷོ། ཐྱན་ཏས་ལྕགས་མོ། ཐྱན་ཧོང་མེ་ཕོ། ཡྭད་གཡན་


LT41_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལུག །ཡྭད་ཤ་འབྲུག །ཡྭད་ཏས་ལྕགས་ཕོ། །ཡྭད་ཧོང་ཤིང་མོ། ཡྭད་ཤིང་ཕོ། ཤིང་ཕོ་ལྕགས་ཕོ་ལྕགས་མོ་གསུམ་ལ་ཁང་ལས་རུང་། དབྱར་ར་བའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །བརྒྱད་ལ་རྒྱལ་བ་སྐུ་བལྟམས་པའི་དུས་མཆོད་སེར་སྐྱར་དར། རྒྱལ་སྲས་སྦོམ་བྲག་པ། བཅོ་ལྔར་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་དུས་མཆོད་གཉིས་རིམ་བཞིན་རྡོ་རྗེ་གདན་དང་། རྩྭ་ཅན་དུ་དར། ཉེར་ལྔར་ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་གུང་འཇིག་རྟེན་གསུམ་མགོན། འགྲོ་མགོན་རས་པ་ཆེན་པོའི་དུས་ཆེན་བཅས། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་སྣྲོན་ཟླ་བ། དུས་ཚིགས་སོས་ཀའི་ཟླ་བ་སྔ་མ་འཁྲིག་པའི་ཁྱིམ། རྒྱས་ལས་འགྲུབ། བུམ་སྟོང་ནུབ། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་རྣམས་བལྟ། མ་ཧཱ་ཙཱི་ནའི་ལུགས་ཀྱི་ཟླ་བ་ལྔ་པ་རྟ་ཟླ་བ། ཟླ་ཁམས། ཚེས་མཚམས། ཆེ་ཆུང་། སྨེ་བ་རྣམས་བལྟ། གནམ་ལམ་བྱང་། ཡས་ལམ་ནུབ་བྱང་། ཐྱན་ཏས་ཕག །ཐྱན་ཧོང་སྟག །ཡྭད་གཡན་རྟ། ཡྭད་ཤ་གླང་། ཡྭད་ཏས་མེ་ཕོ། ཡྭད་ཧོང་ལྕགས་མོ། ཡྭད་ཁོང་ཆུ་ཕོ། མེ་ཕོ་ལུགས་མོ་ཆུ་ཕོ་གསུམ་ལ་ཁང་ལས་རུང་། ཉི་དག །འདི་ལྟར་ཤར་དུས་བོད་གངས་ཅན་འདིར་བྱང་བགྲོད་མཐར་ཐུག་དབྱར་ཉི་མ་ལྡོག །དབྱར་འབྲིང་པོའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་


LT41_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག །བཞི་ལ་ཞྭ་དམར་ཆོས་དཔལ་ཡེ་ཤེས། བདུན་ལ་སྐྱབས་མགོན་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ། བཅོ་ལྔར་གྲགས་པ་དོན་གྲུབ་བཅས་ཀྱི་དུས་ཆེན། སྔ་འགྱུར་བསྟན་པའི་ཤིང་རྟ་མངའ་རི་པ་ཆེན་སྐུ་མཆེད། སྨིན་གླིང་སྐུ་མཆེད་རྣམས་དང་། ཀུན་མཁྱེན་ཕུག་པ་བ་བཅས་ཀྱིས་སྤྲེལ་ཟླ་འཆུག་མེད་དུ་བཞེད། ༈ །ཟླ་བ་འདི་འཕགས་ཡུལ་བ་སྤྱིའི་ལུགས་ཀྱི་ཆུ་སྟོད་ཟླ་བ། དུས་ཚིགས་སོས་ཀའི་ཟླ་བ་ཕྱི་མ་ཀརྐ་ཊའི་ཁྱིམ། ཞི་ལས་འགྲུབ། བུམ་སྟོང་བྱང་། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་རྣམས་བལྟ། མ་ཧཱ་ཙི་ནའི་ལུགས་ཀྱི་ཟླ་བ་དྲུག་གི་ཟླ་བ། ཟླ་ཁམས། ཚེས་མཚམས། ཆེ་ཆུང་། སྨེ་བ་བཅས་བལྟ། གནམ་ལམ་ཤར། ཡས་ལམ་ནུབ། ཐྱན་ཏས་ཤིང་ཕོ། ཐྱན་ཧོང་ས་མོ། ཡྭད་གཡན་སྤྲུལ། ཡྭད་ཤ་ཁྱི། ཡྭད་ཏས་ཤིང་ཕོ། ཡྭད་ཧོང་ས་མོ། ཡྭད་ཁོང་ལྕགས་ཕོ། ཤིང་ཕོ་ས་མོ་ལྕགས་ཕོ་གསུམ་ལ་ཁང་ལས་སོགས་རུང་། དབྱར་ཐ་མའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །བཞི་ལ་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་མཆོད་ཝཱ་ར་་སིར་འཛིན། བཅུ་བཞིར་རང་བྱུང་ཞབས། བཅོ་ལྔར་ཡེ་ཤེས་རྡོ་རྗེ། ཟླ་འོད་གཞོན་ནུ། བཅོམ་ལྡན་འདས་ལྷུམས་སུ་ཞུགས་པ། ཉེར་གཉིས་ལ་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་དུས་ཆེན་བཅས། བླ་མ་


LT41_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་སྐར་མཛོད་ཀྱི་རྗེས་འབྲང་ཆགས་མེད་རིན་པོ་ཆེ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱིས་སྤྲེལ་ཟླར་བཞེད། ༈ །ཟླ་བ་འདིར་འཕགས་ཡུལ་སྤྱིའི་ལུགས་ཀྱི་གྲོ་བཞིན་ཟླ་བ། དུས་ཚིགས་དབྱར་སྔ་མ་སེང་གེའི་ཁྱིམ། ཞི་ལས་བཟང་། བུམ་སྟོང་ཤར། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་སོགས་བལྟ། མ་ཧཱ་ཙཱི་ནའི་ལུགས་ཀྱི་ཟླ་བ་བདུན་པ་སྤྲེལ་ཟླ། ཟླ་ཁམས། ཚེས་མཚམས། ཆེ་ཆུང་། སྨེ་བ་རྣམས་བལྟ། གནམ་ལམ་བྱང་། ཡས་ལམ་བྱང་ཤར། ཐྱན་ཏས་ཆུ་མོ། ཐྱན་ཧོང་ས་ཕོ། ཡྭད་གཡན་འབྲུག །ཡྭད་ཤ་འབྲུག །ཡྭད་ཏས་ཆུ་ཕོ། ཡྭད་ཧོང་མེ་མོ། ཡྭད་ཁོང་མེ་ཕོ། ཕྱི་མ་དེ་གསུམ་ལ་ཁང་ལས་སོགས་དགེ། འདི་དང་ཕྱི་མར་བྱེད་པའི་ཉི་དག་སྐར་མ་དྲག་པོ། ཆུ་ཚོད་རྒྱ་མཚོ་ཤར་དུས་རྀ་བྱི་འཆར། སྟོན་ར་བའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །ལྔ་ལ་དཔའ་བོ་ཆོས་དབང་ལྷུན་གྲུབ། བཅོ་ལྔར་ཀརྨ་པ་རོལ་པའི་རྡོ་རྗེ། ཉེར་གསུམ་དཀོན་མཆོག་ཡན་ལག །ཉེར་དགུར་མཁའ་སྤྱོད་དབང་མོའི་དུས་ཆེན་བཅས། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ཁྲུམས་སྟོད་ཟླ་བ། དུས་ཚིགས་དབྱར་ཕྱི་མ་བུ་མོའི་ཁྱིམ། རྒྱས་པའི་ལས་འགྲུབ། བུམ་སྟོང་ལྷོ། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་བཅས་བལྟ། མ་ཧཱ་ཙཱི་ནའི་ལུགས་ཀྱི་ཟླ་བ་བརྒྱད་


LT41_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱ་ཟླ། ཟླ་ཁམས། ཆེ་ཆུང་། ཚེས་མཚམས། སྨེ་བ་རྣམས་བལྟ། གནམ་ལམ་བྱང་ཤར། ཡས་ལམ་ཤར་ལྷོ། ཐྱན་ཏས་རྟ། ཐྱན་ཧོང་ཕག །ཡྭད་གཡན་ཡོས། ཡྭད་ཤ་འབྲུག །ཡྭད་ཏས་ལྕགས་ཕོ། ཡྭད་ཧོང་ཤིང་མོ། ཡྭད་ཁོང་ཤིང་ཕོ། ཕྱི་མ་གསུམ་ལ་ས་བརྐོ་བ་སོགས་བཟང་། སྟོན་ར་བའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །བཅོ་ལྔར་ཀརྨ་པ་དེ་བཞིན་གཤེགས་པ། ཉི་ཤུར་ཨོ་རྒྱན་པ། ཉེར་གསུམ་རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེའི་དུས་ཆེན་བཅས། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ཐ་སྐར་ཟླ་བ། དུས་ཚིགས་སྟོན་སྔ་མ་སྲང་གི་ཁྱིམ། དབང་གི་ལས་འགྲུབ། བུམ་སྟོང་ནུབ། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་རྣམས་བལྟ། མ་ཧཱ་ཙཱི་ནའི་ལུགས་ཀྱི་ཟླ་བ་དགུ་པ་ཁྱིའི་ཟླ་བ། ཟླ་ཁམས། ཆེ་ཆུང་། ཚེས་མཚམས། སྨེ་བ་བཅས་བལྟ། གནམ་ལམ་ལྷོ། ཡས་ལམ་ནུབ་བྱང་། ཐྱན་ཏས་མེ་ཕོ། ཐྱན་ཧོང་ལྕགས་མོ། ཡྭད་གཡན་སྟག །ཡྭད་ཤ་གླང་། ཡྭད་ཏས་མེ་ཕོ། ཡྭད་ཧོང་ལྕགས་མོ། ཡྭད་ཁོང་ཆུ་ཕོ། ཕྱི་མ་དེ་གསུམ་ལ་ཁང་ལས་སོགས་རུང་། སྟོན་ཐ་ཆུང་གི་དུས་རྟགས་རྣམས་ཀྱང་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །བཞི་ལ་གྲུབ་ཆེན་པཀྴི། དྲུག་ལ་དོལ་པོ་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ཉེར་གཉིས་ལ་


LT41_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ལྷ་ལས་བབས་པའི་དུས་མཆོད་གསལ་ལྡན་དུ་དར། ཉེར་བརྒྱད་ལ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དུས་ཆེན་བཅས། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་སྨིན་དྲུག་ཟླ་བ། དུས་ཚིགས་སྟོན་ཕྱི་མ་སྡིག་པའི་ཁྱིམ། དགུག་པའི་ལས་འགྲུབ། བུམ་སྟོང་བྱང་། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་རྣམས་བལྟ། མ་ཧཱ་ཙཱི་ནའི་ལུགས་ཀྱི་ཟླ་བ་བཅུ་པ་ཕག་གི་ཟླ་བ། ཟླ་ཁམས། ཆེ་ཆུང་། ཚེས་མཚམས། སྨེ་བ་རྣམས་བལྟ། གནམ་ལམ་ཤར། ཡས་ལམ་ལྷོར། ཐྱན་ཏས་ཤིང་མོ། ཐྱན་ཧོང་ལྕགས་ཕོ། ཡྭད་གཡན་གླང་། ཡྭད་ཤ་ཁྱི། ཡྭད་ཏས་ཤིང་ཕོ། ཡྭད་ཧོང་ས་མོ། ཡྭད་ཁོང་ལྕགས་མོ། ཤིང་ཕོས་མོ་ལྕགས་མོ་གསུམ་ལས་བརྐོ་བ་སོགས་རུང་། བཅོ་ལྔར་ཉ་དྲུག་བརྟགས། དགུན་ར་བའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །བརྒྱད་དམ་བཅོ་ལྔ་ལ་སྒྲོལ་དཀར་ཉིན་ཐང་བཞེངས་ན་ཕན་ཡོན་དང་རྟེན་འབྲེལ་མཆོག་ཏུ་འགྱུར། བཅུ་དྲུག་ལ་གཙུག་ལག་ཕྲེང་བ། ཉེར་བརྒྱད་གཙུག་ལག་རྒྱ་མཚོ། གནམ་སྟོང་བྱང་ཆུབ་རྡོ་རྗེ་བཅས་ཀྱི་དུས་ཆེན། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་མགོ་ཟླ་བ། དུས་ཚིགས་དགུན་སྟོད་ཀྱི་ཟླ་བ་སྔ་མ་གཞུ་ཁྱིམ། བསྐྲད་ལས་འགྲུབ། བུམ་སྟོང་ཤར། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་བཅས་བལྟ་


LT41_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཙཱི་ནའི་ལུགས་ཀྱི་ཟླ་བ་བཅུ་གཅིག་པ་བྱི་བའི་ཟླ་བ། ཟླ་ཁམས། ཆེ་ཆུང་། ཚེས་མཚམས། སྨེ་བ་རྣམས་བལྟ། གནམ་ལམ་ཤར་ལྷོ། ཡས་ལམ་ཤར། ཐྱན་ཏས་སྦྲུལ། ཐྱན་ཧོང་སྤྲེལ། ཡྭད་གཡན་བྱི་བ། ཡྭད་ཤ་ཡུག །ཡྭད་ཏས་ཆུ་ཕོ། ཡྭད་ཧོང་མེ་ཕོ། ཡྭད་ཁོང་མེ་མོ། ཕྱི་མ་གསུམ་ལ་ཁང་ལས་སོགས་རུང་། ཉེར་བདུན་ཐོ་རེངས་ཟླ་སྐྱོར་བལྟ། དགུན་འབྲིང་པོའི་དུས་རྟགས་རྣམས་སྦྱར། གཉིས་ལ་ཆོས་ཀྱི་དོན་གྲུབ། གསུམ་ལ་དུས་གསུམ་མཁྱེན་པ། ཉེར་ལྔར་སྤྱན་སྔ་ཆོས་ཀྱི་གྲགས་པའི་དུས་ཆེན་བཅས། ༈ །ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་རྒྱལ་ཟླ་བ། དུས་ཚིགས་དགུན་སྟོད་ཀྱི་ཟླ་བ་ཕྱི་མ་ཆུ་སྲིན་ཁྱིམ། བསད་པའི་ལས་འགྲུབ། བུམ་སྟོང་ལྷོ། ཟླ་བདག །བཞེངས་བཞུགས། ལྔར་སྤྱོད་རྣམས་བལྟ། མ་ཧཱ་ཙཱི་ནའི་ལུགས་ཀྱི་ཟླ་བ་བཅུ་གཉིས་པ་གླང་གི་ཟླ་བ། ཟླ་ཁམས། ཆེ་ཆུང་། ཚེས་མཚམས། སྨེ་བ་རྣམས་བལྟ། གནམ་ལམ་ནུབ། ཡས་ལམ་བྱང་ཤར། ཐྱན་ཏས་ལྕགས་ཕོ། ཐྱན་ཧོང་ཤིང་མོ། ཡྭད་གཡན་ཕག །ཡྭད་ཤ་འབྲུག །ཡྭད་ཏས་ལྕགས་ཕོ། ཡྭད་ཧོང་། ཤིང་མོ། ཕྱི་མ་དེ་གསུམ་ལ་ཁང་ལས་སོགས་ལེགས། ཉེར་ལྔར་བར་སྐྱོར་ལྟ། དགུན་ཐ་མའི་དུས་རྟགས་རྣམས་སྦྱར། ཚེས་ལ་ཀླུ་ཐེབས། ཚེས་ལ་བཟློག །བཅུ་བདུན་ལ་ལོ་ཆེན་


LT41_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བཟང་པོའི་དུས་ཆེན་བཅས། །གཞན་ཡང་ཉེ་བར་མཁོ་བ་ལ། །ར་བཞི་སོ་སོའི་དབུགས་ཐོབ་ནས། །གྱེན་དུ་ཞག་གྲངས་བཅོ་བརྒྱད་རྩིས། །ཉིན་དེར་སྔ་མའི་ས་རྒྱལ་འཆང་། །དཔེར་ན་དབྱར་རའི་དབུགས་ཐོབ་སྡུན། །དཔྱིད་ཀྱི་ས་རྒྱལ་འཆར་སོགས་འགྲེ། །དེ་ཡང་ལོ་གཅིག་དུས་བཞི་ལ། །དཔྱིད་དང་དབྱར་སྟོན་དགུན་རིམ་བཞིན། །ཤིང་མེ་ལྕགས་ཆུ་བཞི་ཡིས་དབང་། །དུས་དེར་ས་ལ་དབང་སྐལ་ཆད། །དུས་བཞི་སོ་སོའི་རྫོགས་མཚམས་དེར། །བཅོ་བརྒྱད་ཞག་རེ་སར་ཕྱིན་པས། །བཞི་བསྡམས་ཉིན་ཞག་དོན་གཉིས་མཉམ། །དེ་ཚེ་ས་རྐོ་ཤིང་བཅད་སྤང་། །ས་བོན་འདེབས་པ་སོགས་ལ་ཤིས། །ས་རྒྱལ་དེ་རྗེས་རྡོ་རྒྱལ་ཅེས། །ནམ་འཇུག་ཡོད་མེད་བརྟགས་པ་ལ། །དུས་བཞིའི་རང་ཁམས་བྱི་བ་ནི། །ས་རྒྱལ་ནང་དེར་འདས་གྱུར་ན། །དེ་དུས་རྡོ་རྒྱལ་མེད་པར་བཞེད། །དུས་ཁམས་བྱི་བ་ས་རྒྱལ་རྗེས། །ལུས་ན་རྡོ་རྒྱལ་ཡོད་པ་སྟེ། །སོ་སོའི་ནམ་མཇུག་རིང་བར་བཤད། །སྔོན་ཆད་ས་རྒྱལ་ཤར་ཚུལ་འདི། །མིང་ཙམ་ལས་ནི་མི་སྣང་ཡང་། །ཁོ་བོས་ཙཱི་ནའི་ལུགས་བཟང་བཞིན། །རྒྱུ་མཚན་ཕྱེས་ཏེ་བསྙད་པ་ཡིན། །དེང་སང་ཕག་ཞག་ཅེས་གྲགས་པ། །རྒྱ་སྐད་ཧུང་ཞེས་གབ་པའམ། །ཕག་ན་མོ་ཡི་ཞག་རྩིས་ནི། །ཐུང་ན་ཟླ་གཅིག་རིང་གྱུར་ན། །ཞག་གྲངས་བཞི་བཅུ་ཐམ་པ་འབྱུང་། །དེ་ཡང་སྟོན་གྱི་


LT41_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཁམས་ཉིད། །དབྱར་མཇུག་མེ་ཡིས་འཇུ་བར་དོགས། །སྔར་བཤད་དབྱར་གྱི་ས་རྒྱལ་འོག །ལྕགས་ཁམས་གབ་པའི་ཚུལ་གྱིས་གནས། །ཧུང་ཞེས་སྦས་སམ་གབ་པར་འཇུག །འཆར་ཚུལ་དབྱར་གྱི་ཉི་ལྡོག་ནས། །བརྩིས་པའི་ལྕགས་ཕོ་གསུམ་པ་དེར། །ཕག་ཞག་དང་པོ་ཚུགས་པ་ཡིན། །དེ་བཞིན་བཞི་པར་ཕག་ཞག་གཉིས། །ལྔ་པར་ཕག་ཞག་གསུམ་པ་སྟེ། །ཞག་པོ་སུམ་ཅུའི་ནང་དུ་རྫོགས། །གལ་ཏེ་ལྕགས་ཕོ་ལྔ་པ་དེ། །སྟོན་རའི་དབུགས་ཐོབ་སྔོན་དུ་བྱུང་། །ཕག་ཞག་ལྷག་བཅས་བཞི་བཅུར་ལྕགས་ཕོ་གནས། །དེ་ཚེ་ལྕགས་པོ་ལྕགས་ཕོ་དྲུག་པའི་ཐོག །ཕག་ཞག་གསུམ་པ་ཚུགས་ཞེས་བརྗོད། །གབ་ནང་སྟོན་མགོ་ཚུགས་གྱུར་ན། །གབ་པས་སྟོན་འཐུམ་བཞེད་པ་དང་། །གབ་རྗེས་སྟོན་མགོ་ཤར་གྱུར་ན། །སྟོན་གྱིས་གབ་པ་འཐུམ་པར་བཤད། །གབ་པ་ཐོག་མཐའ་བར་གསུམ་གྱི། །ཉིན་དེར་ས་རྐོ་ཞིང་རྨོ་བ། །སྐྲ་བཞར་བུད་མེད་བསྒྲོད་པ་དང་། །ལྕགས་ཀྱི་ལས་སོགས་འཛེམ་པ་གཅེས། །དེ་ནས་ཟླ་བ་བཅུ་གཉིས་ཀྱི། །དུས་རྟགས་བདུན་ཅུ་རྩ་གཉིས་ནི། །དཔྱིད་ར་དང་པོར་ཤར་རླུང་གིས། །ཆུ་ཡི་འཁྱག་ཞུ་སྲིན་བུ་འགུལ། །ཉ་འདྲུད་འཁྱག་པས་རྒྱུ་བ་དང་། །སྲམ་གྱིས་སྲིན་བྱ་ཉ་ཡིས་མཆོད། །ངང་པ་བྱང་གི་ཕྱོགས་སུ་བསྐྱོད། །རྩ་


LT41_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བརླན་ཏེ་སྐྱེ་མགོ་བརྩམས། །དེ་དག་རིམ་བཞིན་དབུགས་ཐོབ་ནས། །ལྔ་རེའི་ཞག་མཚམས་ཕལ་ཆེར་ངེས། །ཟླ་གཞན་རྣམས་ལའང་བསྒྲེ་བར་གྱིས། །གཉིས་པར་ཁམ་འབའི་མེ་ཏོག་རྣམས། ཁ་འབུས་ཀ་ལ་པིངྐའི་བྱ། །སྐད་སྙན་སྒྲོགས་ལ་བྱ་ཁྲ་ཡིས། ཁུ་བྱུག་སྤྲུལ་དང་ཁུག་རྟ་སླེབས། །འབྲུག་ལྡིར་གློག་འོད་ཐོག་མར་འགྱུ། །གསུམ་པར་ཨུ་ཐུང་ལྗོན་ཤིང་དང་། །བྱ་ཚེ་རིང་བབས་སའི་ཤིང་ངོ་མཚར་ཅན་ཞིག །ཞིང་གི་བྱི་བས་ཕ་ཝང་བྱར། །སྦྲུལ་ཞིང་འཇའ་ཤར་ཉ་ལྕིབས་སྐྱེ། །ཁུ་བྱུག་སླེབས་དང་ཏའི་ཤིང་བྱ། །འཕུར་རྒྱུ་ཡོད་པའི་འབུ་ཞིག །བལ་ཐག་ནགས་ཚལ་འགྲིམ་པར་བྱེད། །བཞི་པར་སྲོག་ཆགས་ལར་གུ་ཡི། །རང་སྐད་འབྱིན་ཏེ་ས་ཟན་སྐྱེ། །དེ་བཞིན་ཝང་ཀྭ་ག་གོན་དང་། །སླེ་ཏྲེས་སྙེ་མ་ཐོག་མར་སྐྱེ། །མི་ཞེས་བྱ་བའི་རྩྭ་གཅིག་སྐམ། །རྒྱ་ཡུལ་གྲོ་ནི་སྨིན་པའི་དུས། །ལྔ་པར་སྲོག་ཆགས་ཐོག་ལང་སྐྱེ། །འདབ་ཆགས་ཀྱྭ་ཡིས་རང་སྐད་འབྱིན། །ལྕེ་དཀྱུས་ཚེས་ལོ་མ་སོགས། འགྱུར་བྱ་ནི་སྐད་མི་སྒྲོག །ཤ་བའི་རྭ་ཅོ་གསར་དུ་བརྗེ། །བྱིའུ་འུར་པས་གཤོག་སྒྲ་འབྱིན། །དབྱར་འབྲིང་མིང་ཅན་རྩྭ་སྨན་འཁྲུངས། །དྲུག་པར་དྲོ་བའི་རླུང་ལྡང་ཞིང་། །སྲོག་ཆགས་ཀུ་རེ་ཙི་ཞེས་པ། །འཕྱག་གསེབ་ འབུ་ཁུག་ལུང་གྱང་ལ་འབྱར། ཡིབ་འདུན་ཐོག་མར་བརྩམས། །གྱ་ཁྲས་བྱིའུ་ཐོག་མར་


LT41_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདེད། །རུལ་བའི་རྩྭ་དག་མེ་ཁྱེར་སྤྲུལ། །ས་གཞི་བརླན་གཤེར་ཚད་ཆེན་འབྱུང་། །དེ་བཞིན་གྲུ་ཆར་ཆེན་པོའང་འབབས། །བདུན་པར་བསིལ་རླུང་ཟིལ་དཀར་འབབ། །སྟོན་བསིལ་སྲིན་བུའི་གཤོག་སྒྲ་སྒྲོག །འཕུར་རྒྱུ་ཡོད་པའི་འབུ་ཞིག །ཁྲག་གིས་བྱིའུ་མཆོད། །གནམ་མདོག་ཅུང་འགྱུར་ལོ་ཏོག་སྨིན། །བརྒྱད་པར་ངང་པས་ལྷོ་དྲོད་ཆ། །ཁུག་རྟ་ལོག་དང་བྱ་ཀུན་གྱིས། །བརྒྱགས་གསོག་འབྲུག་སྐད་གྲགས་མི་འགྱུར། །འབུ་རྣམས་ཚང་འཆའ་བརླན་གཤེར་འབྲི། །དགུ་པར་ངང་པས་ཚང་མལ་ཡང་། །དྲོ་སར་སྤོ་ཞིང་ནས་ཟན་རྣམས། །ཆུ་ཆེན་ནང་ཞུགས་ཉ་ཕྱིར་སྤྲུལ། །ལུག་མིག་སེར་པོའི་མེ་ཏོག་བྱེ། །འཕར་བས་རང་ལྷར་རི་དྭགས་མཆོད། །རྩྭ་ཤིང་ལོ་འདབ་སེར་ལ་བྲུལ། །འབུ་སྲིན་ཐམས་ཅད་མགོ་མཇུག་ལྡོག །བཅུ་པར་ཆུ་ཀླུང་འཁྱག་མགོ་བརྩམས། །ས་གཞི་འཁྱག་པས་རིམ་གཏམ་ཞིང་། །རེའུ་ཆུར་ལྷུང་དུང་ཁྲར་འགྱུར། །འཇའ་ཚོན་མི་མངོན་གནམ་ས་ཡི། །དབུགས་གཉིས་སོ་སོར་བྱེ་སྟེ་འགག །འདན་ཅིང་འཆར་ནས་དགུན་ར་གྲུབ། །དཔེ་གཞན་ལ་འདི་མི་གདའ། བཅུ་གཅིག་སྤུ་མེད་བྱ་མི་སྒྲོག །སྟག་རྣམས་ཚང་ལངས་ཕན་ཚུན་འཚོལ། །ལིང་ཐིང་རྩྭ་སྐྱེ་ས་ཟན་ཡིབ། །རི་དྭགས་ཤ་བ་མཇུག་རིང་རྣམས། །རྭ་བརྗེ་ཆུ་མིག་འགུལ་བའི་དུས། །བཅུ་གཉིས་


LT41_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ངང་པས་བྱང་ཕྱོགས་འདུན། །འདབ་ཆགས་སྐྱ་གས་རང་ཚང་འཆའ། །ཏེ་ཕུ་བྱ་ཡིས་སྐད་འདོན་ཏེ། །ཕྲུ་གུ་དག་ཀྱང་འབྱུང་བ་དང་། །འདབ་ཆགས་ཤ་ཟན་རབ་མྱོགས་པས། །རྩེལ་བསྣོན་འཁྱག་རྣམས་ལྕགས་ལྟར་སྲ། །དེ་དག་རབ་འབྲིང་ཐ་ཡི། །སོ་སོའི་དུས་ཀྱི་ངེས་རྟགས་སོ། །འདིར་སྐྱེ་བ་དང་སྐམ་པ་སོགས་ཐམས་ཅད་ཐོག་མར་མགོ་ཚུགས་པའི་དོན་ཡིན། མཆན། ཞེས་རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་ལས་སྐར་རྩིས་ཀྱི་ལག་ལེན་འཇུག་བདེར་བསྡེབས་པ་ལེགས་བཤད་ཀུན་འདུས་ཞེས་བྱ་བ་ལས། ལོ་ཟླའི་འབྲས་རྩིས་སོགས་ཀྱི་སྐབས་ཏེ་བཅུ་གཅིག་པའོ།། །། ༅ །ཚད་མའི་མིག་དབང་རབ་གསལ་གཟུ་བོས་ཀྱང་། །ཚད་མར་གྲུབ་མཐོང་ལྔ་རིག་སྨྲ་བའི་མཆོག །ངེས་ལེགས་བསྟན་འཛིན་ཚེ་དབང་ཀུན་ཁྱབ་སྟེ། །ཐུགས་སྲེས་པ་ཆེན་ཟུང་གི་ལུགས་བཟང་རྒྱལ། །འགྲོ་རྣམས་ལས་ཚུལ་ཐ་དད་པས། །དེ་ཡིས་འབྱུར་འགྱུར་སྤྱོད་ཡུལ་རྣམས། །ལེགས་ཉེས་ལྟས་ཀྱི་བྱེ་བྲག་གང་། །ལུགས་འདིར་མཁས་པའི་གཞུང་བཞིན་དགོད། །ས་གཡོས་གཟའ་མཐོང་སྐར་མདའ་དང་། །གནམ་གྲུམ་པ་དང་ཁུག་རྣ་ཆར། །སེར་བ་འཇའ་ཚོན་སྒྲ་སྐད་དང་། །སྤྱི་བོ་རྐན་ཟ་ནོར་སྲུང་སྨྲེང་། །སྣ་ཚོགས་ལྟས་དང་ཉ་དྲུག་འཛོམ། །ཟླ་བའི་རྭ་དང་ཟླ་སྐྱོར་བཅས། །


LT41_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་རྩིས་རྗེས་སུ་འབྲང་བའོ། །འབྱུང་རྩིས་གཞུང་བཞིན་ཆར་ལྟས་ལའང་། །རྒྱུ་སྐར་ཉེར་བརྒྱད་དྲུག་ཅུའི་ལོ། །མཁའ་མེ་དངས་སྤྲིན་རླུང་ཉི་འོད་འཇའ། །ན་བུན་གློག་དང་ལོ་ཏོག་གི། །ལེགས་ཉེས་དུས་མཚམས་ཉེར་བཞི་དང་། །སྟག་ཟླའི་ཚེས་གཅིག་འཐིབས་དྭངས་སམ། ཁམས་བཅུ་ཡར་ངོའི་བྱི་བ་ལྔ། །གླང་འབྲུག་དུས་བཞིའི་ཤིང་བྱི་ལ། །ཆར་འབེབས་འབྲུག་སྐད་ཐོག་མའི་ཕྱོགས། །དཔྱིད་དབུགས་ཐོབ་དང་ཉིན་མཚན་མཉམ། །དབྱར་དབུགས་དབྱར་གྱི་ཉི་མ་ལྡོག །སྟོན་དབུགས་སྟོན་གྱི་ཉིན་མཚན་མཉམ། །དགུན་དབུགས་དགུན་ཉི་བྱང་དུ་བགྲོད། །མིག་འགུལ་བ་དང་རྣ་བ་དུ། །རྣ་བ་དྲོ་དང་གདོང་པ་ཚ། །ཤ་འཕྲིག་གློ་བུར་སེམས་ཁ་འཁྲུགས། །སྤྲིད་པ་གདོང་ལ་གོས་བཀལ་ཟག །ཐབ་ཀྱི་ཟངས་སྐད་མེ་ལྕེ་མཆེད། །ཁྱི་ཡི་ཀུ་ཅོ་སྐྱ་གའི་སྐད། །གཞན་ཡང་ཐེྱན་ཀང་མུང་ཀླུང་ཀྱཱིས། །ཆར་འབབ་ཆར་མཚམས་ནོར་རྙེད་མིན། །མི་ཆེན་ཚོང་དང་གཉེན་འཕྲོད་མིན། །བྱེས་སུ་སོང་མིན་ཡོང་མི་ཡོང་། །གཏུག་གཤེར་རྒྱལ་ཕམ་གྲུ་ཡོང་མེད། །ཞག་ས་ལེགས་ཉེས་སུམ་མདོའི་ལམ། །མགྲོན་པོ་སླེབ་བམ་ཚོང་སྐྱེད་དང་། །བུ་ལོན་རྙེད་མིན་ཁྭ་ཏའི་སྐད། །རྫས་དང་ནོར་སྟོར་རྐུན་པོ་དང་། །ནད་དང་མངལ་གནས་ཕོའམ་མོ། །འདྲེ་གདོན་ནད་པ་ཕོ་མོ་གང་། །གཡས་གཡོན་


LT41_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཡོད་དངོས་བདེན་བརྫུན། །ཡ་ཆ་ལག་པའི་ཚོན་མདོག་དང་། །དབྱུག་པ་སློང་ཉལ་ཕོར་པའི་ཕྱོགས། །གྲུ་གཏོང་མེ་གཏོང་རི་ལ་འགྲོ། །ཆུ་བོ་བརྒལ་དང་འཕྲིན་བདེན་རྫུན། །མིག་འགུལ་རྣ་བའི་དྲོད་དང་ཆང་། །ཡིག་དན་བརྟན་དང་གཉེན་བསྒྲིགས་མིན། །ཕོར་ཁྱིམ་ཚང་དང་ཆུ་ཡོད་མེད། །ཤོ་རྩེད་འགྲོ་ཕྱོགས་གཞུང་དོན་སློབ། །ཙི་ཙིའི་སྐད་དང་གཡར་པོ་དང་། །རི་དྭགས་ཉ་བཤོར་ཁྱིམ་སྤོ་བ། །ཁྲིམས་ཉེས་ཡོད་མེད་ཚོང་སྐབས་ཏེ། །རྩིས་མགོ་བརྒྱ་ཕྲག་གཅིག་གིས་བསྟན། །དང་པོ་ས་གཡོས་བརྟགས་པའི་རྩིས། །ཐ་སྐར་མཆུ་དང་ནབས་སོ་ལ། །ས་འགུལ་ན་ནི་ཡུལ་དབུས་ཀྱི། །རྐུན་མ་བབ་ཅོལ་བྱེད་ལ་གནོད། །ལྷོ་ཕྱོགས་གནས་པའི་རྒྱལ་ཆེན་འཇིག །བྲ་ཉེ་སྨིན་དྲུག་སྣར་མ་མགོ། །ས་འགུལ་འཇིག་རྟེན་འཇིགས་པ་ཆེ། །དེ་ལ་དོགས་པ་རབ་ཏུ་འབྱུང་། །ནུབ་ཕྱོགས་གནས་པའི་རྒྱལ་པོ་འཆི། །ཀླ་ཀློ་རྐུན་པོས་འཚོ་རྣམས་དང་། །འབིགས་བྱེད་སྟེང་གནས་མི་དབང་བཅས། །དེ་ཚེ་ནད་ཀྱིས་བརྒྱལ་ཞིང་གནོད། །དེ་དག་ལ་ཡང་དགྲ་བྱུང་སྟེ། །གཅིག་ལ་གཅིག་ནི་ཡུལ་འཕྲོག་འགྱུར། །ལག་དང་རྒྱལ་སྐག་གྲེ་དང་དབོར། །ས་འགུལ་ན་ནི་མི་བདག་ཀུན། །མི་མཐུན་ཕན་ཚུན་གནོད་པ་བྱེད། །གསོད་འཆི་གནོད་བྱེད་མུ་གེ་འབྱུང་། །ནག་པ་ས་རི་ལྷ་མཚམས་སྣྲོན། ཁ་བ་ཅན་གནས་ཀླ་


LT41_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཀློ་དང་། །རྐུན་མ་ཀུན་ནས་གནས་པ་དང་། །བལ་ཡུལ་གྱི་ནི་བདག་པོ་དང་། ཁ་ཤའི་ལུང་པར་གནས་པ་ཡི། །མི་བདག་མ་ལུས་ཕན་ཆུན་རྩོད། །སྣྲུབས་དང་ཆུ་སྟོད་ཆུ་སྨད་ལ། །ས་འགུལ་ཤར་ཕྱོགས་མི་རྣམས་དང་། །སེནྡྲ་ཨོ་རཱ་ཀ་མ་རུ། །བྷཾ་ག་ལ་བདག་ངེས་པར་འཆི། །གཽ་ཌའི་བདག་པོ་དམག་གིས་བསྐོར། །ཡང་ན་ནའམ་འཆི་བར་འགྱུར། །རྒྱ་མཚོ་གངྒཱའི་འགྲམ་གནས་པ། །ཆུ་ཡིས་ཁྱེར་རམ་ནད་ཀྱིས་ཐེབས། །གྲོ་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུའི་ཚེ། །ཉིན་ཕྱེད་ས་གཞི་ཆེར་འགུལ་ན། །མྱང་དང་ནུབ་དང་ལྷོ་ཡི་ཕྱོགས། །ཕྱོགས་རྣམས་ཀུན་ལ་གནས་བྱེད་པའི། །མི་བདག་རྣམས་ནི་ཕན་ཚུན་འཁྲུགས། །སེམས་ཅན་རྣམས་ནི་གནོད་ཆེན་ལྡན། །མུ་གེས་ཡུལ་འཁོར་འཇིག་པར་བྱེད། །དུས་ནི་སྔ་ཕྱི་བརྟགས་པ་ལ། །ཐོ་རེངས་དུས་སུ་ས་གཡོས་པ། །ལུས་ཅན་གཤིས་དྭངས་ཞི་བ་སྟེ། །ཚེ་རིང་ནད་མེད་ལོ་ལེགས་བྱེད། །གྲོང་ཁྱེར་གྱི་ནི་ཁོར་ཡུག་ཏུ། །མེ་ཡི་འཇིགས་པ་འབྱུང་བར་ཤེས། །ཉི་ཤར་དུས་ན་ས་འགུལ་བ། །ཨ་ག་མ་ག་དྷར་བཅས་པའི། །ཡུལ་དབུས་རྣམས་ལ་གནོད་འགྱུར་ཏེ། །རྐུན་མས་འཚེ་ཞིང་ཞག་བདུན་ན། །མ་ག་དྷ་རྒྱལ་འཆི་བར་འགྱུར། །ཉིན་ཕྱེད་དམ་ནི་ཕྱི་དྲོ་འགུལ། །ས་སྟེང་རབ་ཏུ་བྱུང་བ་ཀུན། །ནད་དང་


LT41_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་དང་ཡི་ག་འཆུས། །འབྲུམ་བུས་ཞག་བདུན་བཏབ་སྟེ་འཚོ། །ཕྱི་དྲོའི་མཐའ་ལ་ས་འགུལ་ན། །རིགས་བཞིའི་མཆོག་གི་བྲམ་ཟེ་དང་། །ཉོན་མོངས་རྒྱལ་པོའི་བློན་པོ་ནི། །འཆི་བར་འགྱུར་བ་ཐེ་ཚོམ་མེད། །མདུན་ན་འདོན་ནི་ཆོས་ལྡན་དང་། །བློན་པོའི་ཞམ་རིང་གཙོ་བོ་དང་། །སྔགས་རྒྱུད་ཤེས་པའི་བྲམ་ཟེའམ། །རིགས་བཞི་བརྟན་མཁས་དག་དང་ནི། །བསྟན་བཅོས་དེ་ཉིད་རིག་པ་དང་། །གསོད་དམ་རབ་ཏུ་ཉམས་པའམ། །དྲན་ལྡན་ཐོས་དང་དེ་ཉིད་ཤེས། །སྔོན་བྱུང་གཏམ་ལ་བྱང་བ་དག །མྱུར་དུ་ནད་ཀྱིས་འཇིགས་འགྱུར་ཏེ། །གནམ་ལྕགས་ཀྱིས་ནི་ཤིང་ཉམས་བཞིན། །ཉི་མ་ནུབ་དང་དེ་ནས་ཡང་། །ཅུང་ཟད་སོང་དང་ཕྱི་དྲོའི་མཐར། །གལ་ཏེ་ས་ནི་རབ་ཏུ་འགུལ། །སེམས་ཅན་འདྲེས་པ་དག་དང་ནི། །དུད་འགྲོ་དག་གི་འགྲོ་བ་དང་། །མི་ཡི་འཇིག་རྟེན་གཙོ་བོ་དག །དེ་ཚེ་འགུལ་དང་རྣམ་པར་འཇིག །མཚན་མོའི་ཐུན་གྱི་དང་པོར་འགུལ། །སེམས་ཅན་འདྲེས་པ་སྣ་ཚོགས་དང་། །དུད་འགྲོ་རྣམས་དང་མིའི་གཙོ་ལ། །ཆད་ཆེན་རབ་ཏུ་འབྱུང་བར་འགྱུར། །ཅུང་ཟད་ཐུན་དེ་བྲི་ནས་འགུལ། །སླར་ཡང་ཆར་པའི་འཇིགས་ཆེན་འབྱུང་། །དེ་ནས་ཐུན་དེ་ཟད་མཐར་འགུལ། །མི་བཟད་ནུབ་ཕྱོགས་མི་བདག་གི། །ཕ་རོལ་དམག་ཚོགས་འབྱུང་བར་འགྱུར། །ཐུན་ནི་གཉིས་པའི་


LT41_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་འགུལ། །གཞན་གྱི་དམག་ཚོགས་ནད་དང་འཆི། །ཁོང་པའི་ནད་ནི་མི་བཟད་འབྱུང་། །མཁྲིས་པ་བད་ཀན་ལས་གྱུར་ནད། །སྐྱེ་བོ་རྣམས་ལ་འབྱུང་བར་འགྱུར། །འབྱུང་པོ་རྣམས་ནི་སྐྱོ་འགྱུར་ཏེ། །དེ་ཚེ་ཕྱོགས་དང་ཕྱོགས་སུ་འགྲོ། །གཉིས་པའི་ཐུན་དཀྱིལ་དུ་འགུལ་ན། །རླུང་ཆེན་འབྱུང་འགྱུར་ཤིང་དང་ནི། །ལྷ་ཁང་འགྱེལ་འགྱུར་ཡང་ཐོག་དང་། །ར་བ་རི་རྩེ་ངེས་པར་འཇིག །གནས་དང་འདུག་གནས་བཟང་པོ་དང་། ཁང་པ་དང་ནི་རྟ་བབས་དང་། །དུད་འགྲོ་རྣམས་ཀྱི་འདུག་གནས་ཀྱང་། །ས་ལ་མྱུར་དུ་ལྟུང་བར་འགྱུར། །མཚན་ཕྱེད་པ་ན་འགུལ་གྱུར་ན། །ཤར་ཕྱོགས་མི་ཡི་བདག་པོ་འཆི། །མུ་གེ་ཡང་ནི་འབྱུང་བར་སྟོན། །བར་མའི་ཐུན་ནི་བྲི་གྱུར་ནས། །ཐ་མར་ཉེ་ལ་འགུལ་བ་འབྱུང་། །ས་རྣམས་དག་ནི་མ་ལུས་ལ། །ཞི་ཞིང་ནད་མེད་ངེས་པར་སྟོན། །མཚན་ཕྱེད་མཐར་གྱུར་ས་འགུལ་ན། །གཤེར་ཆེ་ཡུལ་གྱི་དབུས་དག་ཏུ། །མི་ཡི་བདག་པོ་ནད་ཀྱིས་གནོད། །ཕན་ཚུན་མི་མཐུན་གྱུར་ནས་ནི། །སྡུག་བསྔལ་མི་བཟད་འཆི་བར་འགྱུར། །ཐུན་ནི་གསུམ་པར་ཕྱི་ནས་འགུལ། །བྱིས་པ་རྣམས་ལ་བདེ་བ་འབྱུང་། །སྦྲང་བུ་ཤ་སྦྲང་ཕྱེ་མ་ལེབ། །རྐུན་པོ་རྣམས་ནི་འཇིགས་པར་འགྱུར། །གཉིས་པ་གཟའ་རྣམས་མཐོད་བའི་རྩིས། །ཉིན་ཕྱེད་དང་


LT41_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐོ་རངས་དང་། །ཉི་མའི་མཐའ་ཡང་གཟའ་བཟང་པོ། །དཀར་བ་ཟླ་བ་པ་ཝ་སངས། །སེར་བ་གཟའ་ལྷག་ཕུར་བུ་སྟེ། །སྐྱེ་བོ་རྣམས་ཀྱིས་མཐོང་ན་ནི། །འབྲས་བུ་འགྲུབ་ཕྱིར་ནུས་པ་ཡིན། །ཉིན་ཕྱེད་འདས་སམ་ཉི་ནུབ་ན། །མ་རུང་ཉི་མ་མིག་དམར་དང་། །མཇུག་རིང་སྒྲ་གཅན་སྤེན་པ་དང་། །གང་ཡང་གཟའ་ནི་གཙོ་བོ་དང་། །ལས་ནི་ངེས་འཇོམས་སྐར་མདའ་ཅན། །སྐར་མ་ཤིན་ཏུ་མི་བཟད་ཉིད། །དེ་བཞིན་ནག་པོ་འཆི་ལྟས་སོགས། །མ་རུང་གཟའ་མཐོང་གར་ཡིན་པ། །དུས་མིན་འཆི་བ་ས་ལ་ནི། །མི་བཟད་དེ་ཚེ་སྣང་བ་ཡིན། །དུས་དང་མུན་པ་འགུལ་བྱེད་པ། །སྐར་མདའ་ཅན་དང་གཟའ་ངན་དང་། །འགུལ་བྱེད་སྒྲ་དྲག་དམར་བའི་མདོག །གནམ་ལྕགས་ཉིད་ཀྱང་རབ་ལྟུང་བྱེད། །དེ་བཞིན་རྡོ་རྗེ་འཆི་ལྟས་དང་། །གང་ན་ཡང་ཁྱིམ་སོགས་རབ་ཏུ་མཐོང་། །སྐྱེ་བོ་ཀུན་གྱིས་སྒྲ་གཅན་ནི། །མི་བཟད་རབ་ཏུ་མཐོང་འགྱུར་ན། །མི་རྣམས་དབུལ་ཞིང་ཚུལ་ཁྲིམས་འཆལ། །མགོན་མེད་སྡིག་སྤྱོད་སྡུག་བསྔལ་དང་། །ནད་ཀྱི་གཞི་ནི་སྐྱེ་བར་འགྱུར། །མཇུག་རིང་དུས་དང་སྐར་མདའ་དང་། །གནམ་ལྕགས་དང་ནི་རྡོ་རྗེ་དང་། །དུད་པ་ཕྱོགས་ནི་མཐའ་དག་ཏུ། །དུ་བ་མཇུག་རིང་རབ་ཏུ་སྣང་། །ཉི་ཟླའི་དཀྱིལ་འཁོར་མུན་པས་ཁེབས། །ཉི་ཟླ་རྫུ་འཕྲུལ་ཆེན་པོ་དག །བུག་པ་ཡོད་པར་སྣང་


LT41_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས། །མུ་གེ་ཆེ་དང་ཡུལ་འཁོར་འཇིག །མི་ཡི་བདག་པོ་འཆི་བ་དང་། །སྡོམ་བརྩོན་འཇིགས་པ་ཆེན་པོ་འབྱུང་། །འཇིག་རྟེན་དག་ནི་ཐམས་ཅད་ལ། །དེར་ནི་འཇིགས་རུང་འབྱུང་བར་འགྱུར། །འདིར་ནི་རྒྱུད་ཀྱི་གླེང་གཞི་ལས། །རྡོ་རྗེ་འཆི་ལྟས་གནམ་ལྕགས་དུད། །སྐར་ཡན་རྣམ་པར་འཆར་བར་གསུངས། །གསུམ་པ་སྐར་མདའ་བརྟགས་པའི་རྩིས། །སྐར་མདའ་དཀར་པོ་འབར་གྱུར་ན། །ས་འགུལ་སོགས་ཀྱི་ཉེས་པ་སེལ། །རྟག་ཏུ་དགེ་ཞིང་རབ་ཏུ་བསྔགས། །སྐར་མདའ་མི་བཟད་ཁ་དོག་དམར། །མེ་ཡིས་འཚིག་པ་ཉེ་བར་སྟོན། །དུད་ཁའི་མདོག་ཅན་ནག་པོ་ནི། །རྒྱལ་པོ་འཆི་བར་སྟོན་པ་ཡིན། །སེར་བའམ་ཡང་ན་སེར་སྐྱའམ། །འདྲེས་མའི་མདོག་ནི་སྣང་གྱུར་ན། །དེ་ཚེ་འདྲེས་མའི་ལས་འགྱུར་བ། །སྐར་མདའ་ལྟུང་བས་རྣམ་པར་སྟོན། །སྐར་མདའ་ཁོར་ཡུག་དག་ཏུ་ནི། །གང་དག་ལས་ཀྱིས་བྱུང་གྱུར་པ། །ཕྱོགས་ཀྱི་ཆར་ནི་རབ་སྣང་བ། །གཉིས་དང་གསུམ་ནི་མི་བཟད་ཡིན། །དེར་ནི་འཇིགས་ཆེན་འབྱུང་བར་འགྱུར། །གཞན་ཡང་སྐར་མདའ་ཕན་ཚུན་འཁྲུགས། །ཐན་པ་དང་ནི་རིམས་ནད་འོང་། །སྐར་མདའ་སྒྲ་བཅས་ཚུར་ལྷུང་ན། །གཟའ་ཀླུ་འཐབ་པའི་རྟགས་སུ་བཤད། །ཐན་པས་རྩི་ཤིང་ཆུ་རྣམས་སྐམ། །གཟའ་ཡིས་ཕབ་པའི་སེར་དྲག་འོང་། །ནད་རིམས་མི་བདེའི་


LT41_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་མང་འབྱུང་། །བཞི་པ་གནམ་གྲུམ་པ་ཡི་རྩིས། །གནམ་གྲུམ་སྒྲ་ཡི་ལྟས་དག་ཀྱང་། །གར་བྱུང་ཡུལ་དེར་འབྲས་བུ་འབྱུང་། །སྒྲ་སྙན་སྙན་པ་བྱུང་ན་ནི། །བདེ་ཞིང་ནད་མེད་སྟོན་པར་བྱེད། །རྔ་སྒྲ་ཡིས་ནི་དགེ་བ་སྦྱིན། །འཇིགས་དང་ཤིན་ཏུ་འཇིགས་རུང་སྒྲས། །དེར་ནི་མུ་གེ་འབྱུང་བར་སྟོན། །ལྔ་པ་ཁུག་སྣ་འཁྲིགས་པའི་རྩིས། །ཁུག་སྣའམ་སེར་བའམ་མཇུག་རིང་ནི། །ཉི་མ་ལྔ་ཡི་བར་དུ་ཡོད། །དེ་འོག་འཇིག་རྟེན་སེམས་ལས་འགྱུར། །དོགས་དང་སྤྱོད་ཅིང་གནས་པ་ཡི། །ཡུལ་མི་ཐམས་ཅད་འཇིགས་པར་འགྱུར། །ནད་ཀྱི་གཞི་ནི་འབྱུང་བ་ཡིན། །བྱང་ཕྱོགས་གངྒཱའི་འགྲམ་གནས་པའི། །རྒྱལ་པོ་དག་ནི་འཇིགས་པར་འགྱུར། །དེ་བཞིན་ཁ་བ་ཅན་གྱི་དབུས། །བགྲོད་དཀའ་འཕྲད་འཁྲོད་ལ་གནས་དང་། །ཁོ་ར་ཡུག་ཏུ་རྩི་རྫི་དང་། །གངྒཱའི་འགྲམ་སྤྱོད་བདག་པོ་དང་། །མྱ་ངན་གདུང་བ་དུ་མ་ཡིས། །སྐྱེ་བོ་བདག་པོ་དེ་འཆི་འགྱུར། །རྒྱུ་སྐར་གང་ལས་ས་འགུལ་བ། །གོང་གི་ས་འགུལ་སྐབས་ཀྱི་རྒྱུ་སྐར་གྱི་འབྲས་བུ་འདིར་ཡང་སྦྱར། མཆན། དེ་ལ་ཁུག་སྣ་ཡང་དག་བསྟན། །ཕྱོགས་རྣམས་མ་ལུས་ཁུག་སྣ་ནི། །མི་བཟད་འོད་ནི་སྤང་བ་དང་། །ཉི་མ་ལྔ་ཡི་བར་དུའམ། །རྟག་ཏུ་ཉིན་ཞག་མང་པོ་ནི། །ཕན་ཚུན་ཆོས་ནི་མི་མཐོང་ནང་། །མི་རྣམས་ཕན་ཚུན་མི་མཐོང་བ། །དེར་ནི་འཇིགས་ཆེན་འབྱུང་བར་ཤེས། །རྒྱལ་


LT41_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡུལ་འཁོར་བཅས་ཏེ་འཇིགས། །དུག་པ་གྲུ་ཆར་འབབ་མིན་རྩིས། །གོང་དུ་སྲོག་ཆགས་ཚང་འཆའ་ཞིང་། །དེར་ནི་མི་གནས་རིང་དུ་འབྲོས། །ཞག་བདུན་ནང་དུ་ཆར་ཆེན་འབབ། །མཚོ་ལ་དྲོད་རྒྱས་ཉ་ལྕིབས་དང་། །ཉ་སོགས་མི་གནས་དེར་བབ་པའི། །ཆུ་ཀླུང་ལ་ནི་གྱེན་དུ་རྒྱུ། །དེ་ཚེ་ཞག་མ་ལྔ་ནང་བབ། །ཀ་ཏྲི་ལ་དང་པུ་ཤུད་སོགས། །ཟུར་ཕུད་ཅན་དག་སྒྲ་འབྱིན་ན། །ཞག་མ་གསུམ་ནང་ཆར་པ་འབབ། །རི་སྐེད་ན་བུན་དཀར་པོ་ཡིས། །རྐེ་རགས་རིམ་པ་གཉིས་སམ་གསུམ། །བཅིངས་ན་དེ་ཚེ་ཆར་ཆེན་འབབ། །ནམ་ལངས་ཤར་ཕྱོགས་སྤྲིན་དམར་པོ། །ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུག །ལྷ་ཡིས་ཕབ་ཆར་མྱུར་དུ་བབས། །ཤར་ལྷོར་བལ་འདབ་རྩེ་འདྲ་ཡི། །སྤྲིན་རྩ་འདབ་འབྲེལ་བུ་གུ་མེད། །དེ་ཚེ་ཉིན་ཞག་གཅིག་ནས་འབབ། །ཤར་དུ་ལུག་གི་ལྟོ་ཚིལ་འདྲའི། །སྤྲིན་དཀར་འདབ་ལེགས་རྩེ་མོ་ན། །མི་རིང་དཀར་པོའི་བལྟས་འདྲའི་གཟུགས། །བྱུང་ན་ཉིན་མོ་དེ་མཐར་འབབ། །དཀར་སེར་ཉི་མ་འཆར་ཁ་ཡི། །ཕྱེ་མ་ལེབ་ཀྱི་གཤོག་བརྐྱང་བཞིན། །འཇམ་སྤྲིན་སྙོམས་ལེགས་ཤར་ཕྱོགས་ཁེབས། །དེ་ཚེ་མྱུར་དུ་ཆར་ཆེན་བབས། །སྣ་ཚོགས་འཇའ་ཚོན་ཤར་དུ་ཟུག །དེ་ཚེ་ཆར་འབབ་ནུབ་ཏུ་ཆད། །དངུལ་ཆུའི་མདོག་འདྲ་ཟླ་བའི་ཁྱིམ། །རིང་པོར་མི་ཐོགས་ཆར་ཆེན་འབབ། །ཞིབ་པར་དགུན་གྱི་ཉི་ལྡོག་ནས། །


LT41_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཤེར་དང་ཁ་བ་གང་འབབ་པ། །ཞག་རྩིས་མ་ནོར་རིམ་པ་ལྟར། །དབྱར་གྱི་ཉི་ལྡོག་རྗེས་སྦྱར་ན། །སྔར་གྱི་དྲུག་འགྱུར་འབབ་པར་བཤད། །བདུན་པ་སེར་བ་བརྟགས་པའི་རྩིས། །ཤར་ཕྱོགས་མཁའ་ལ་སྤྲིན་དམར་རམ། །སེར་ནག་ཆུང་ངུར་སྐྱེ་འཇིག་བྱེད། །བཙན་རྣམས་གཡོས་པའི་སེར་བ་འབྱུང་། །ནམ་ལངས་ཤར་ཕྱོགས་ནམ་མཁའ་ལ། །ཕྱིང་དཀར་བཏིང་འདྲའི་སྤྲིན་པ་གསུམ། །ཇི་ལྟར་བྱུང་ཡང་མྱུར་དུ་ནི། །མཚོ་སྨན་འཁྲུགས་པའི་སེར་བ་འབབ། །ལྷོ་ཕྱོགས་ས་བདག་གཟུགས་འདྲ་བ། །གསུམ་སོགས་བྱུང་ཆོ་བདུད་སེར་འབབ། །ནུབ་ཏུ་གོ་ཆ་གྱོན་འདྲའི་སྤྲིན། །མ་མོ་ཁྲོས་པའི་སེར་རྐུན་འབབ། །བྱང་དུ་སྤྲེའུ་ཙོག་པུའི་གཟུགས། །དཀོར་བདག་གཡོས་པའི་སེར་བ་འབབ། །དབུས་སུ་སྔོ་དམར་སྦྲུལ་འཁྱིལ་འདྲ། །ཆགས་ན་ཀླུ་ཡི་སེར་བ་འབབ། །བར་སྣང་མགལ་པ་མེ་ཤོར་འདྲའི། །སྤྲིན་བྱུང་ཐེའུ་རང་འཁྲུགས་སེར་བབས། །མདོར་ན་ཁྱི་དཀར་གནམ་མཆོང་ངམ། །སོག་ཐལ་གནམ་དུ་གཏོར་འདྲ་འམ། །གཡག་རྔ་གནམ་དུ་གཟེངས་འདྲ་དང་། །འཕྱར་ནག་གནམ་དུ་བཏིང་འདྲ་དང་། །ཕྱོགས་ཀུན་ལེགས་པར་བཀྲམ་འདྲ་དང་། ཁམ་ནག་མཐའ་བཞི་ནོན་པའམ། །དམར་ནག་ས་བདག་གཟུགས་འདྲ་སོགས། །སེར་བ་འབབ་པའི་སྤྲིན་དུ་ངེས། །དེ་ཡང་ཐོ་རངས་དུས་སུ་བརྟགས། །སྤྲིན་མདོག་དམར་


LT41_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་དུམ་བུར་ཆད། །མེ་འབྲུག་ཆད་མེད་འཁོར་བར་བསྒྲགས། །དེ་ཚེ་གནམ་ལྕགས་འབབ་པར་བཤད། །བརྒྱད་པར་འཇའ་ཚོན་ཤར་བའི་རྩིས། །འབྱུང་བ་ཚ་གྲང་འཐབ་པའི་འོད། །རླུང་གིས་བཅིངས་པའི་མཚན་མ་ལ། །གྲོང་ཁྱེར་གང་དུ་འཇའ་མང་ཟུག །དེ་དག་རིང་པོར་མི་ཐོགས་འཇིག །གྲོང་ཁྱེར་དམག་གིས་བསྐོར་བའི་ཚེ། །ཉི་མ་འཇས་ཁེབས་དམག་རྣམས་འཆི། །གོ་ཆ་གྱོན་ནས་གཡུལ་འཇུག་ཚེ། །ཉི་མ་མཉམ་པར་འཇའ་ཤར་བ། །དེ་ཚེ་ཕན་ཚུན་གཉིས་ཀ་གསོད། །གཡུལ་དུ་ཞུགས་ཚེ་གཡས་གཡོན་ནམ། །མདུན་དུ་འཇའ་ཚོན་མང་བྱུང་འཆི། །གང་དུ་འཇའ་ཁྱིམ་ས་གཡོས་བཅས། །དེར་ནི་འཇིགས་པ་ཆེན་པོ་འབྱུང་། །མཚན་མོའི་ཆ་ལ་འཇའ་ཚོན་ཤར། །རྒྱལ་པོ་འཆི་ཞིང་འཐབ་རྩོད་དང་། །ནད་དང་མུ་གེས་ཡུལ་འཁོར་འཇིག །འཕྲལ་དང་སྤྲུལ་པའི་འཇའ་ཆགས་འཇིག །མཐོང་ན་གྲོང་དང་རྒྱལ་སྲིད་འཇིག །འཇའ་གཟུགས་རྒྱལ་མཆན་ཤིང་རྟ་གདུགས། །འཁོར་ལོ་དར་སོགས་རྣམ་པར་ཤར། །ལོ་ལེགས་རྒྱལ་པོ་རྒྱལ་བྱེད་ཅིང་། །དགེ་མཚན་དུ་མས་འཇིག་རྟེན་ཤིས། །བུག་པ་གཏུན་ཤིང་མདུང་རྩེ་གཞི། །སྒྲོག་རུས་ལྟར་མཐོང་ཡུལ་འཁོར་འཇིག །མགོ་ཐོད་དབྱུག་ཏོ་རུས་སྦལ་དང་། །ཆུ་སྲིན་ལ་སོགས་ཆུ་གནས་གཟུགས། །སྣང་ཚེ་མེ་ཆུའི་གནོད་པ་དང་། །


LT41_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་མུ་གེའི་འཇིགས་པ་འབྱུང་། ཁ་དོག་རིམ་པ་དུ་མའི་འཇའ། །ཆུ་ལ་ཤར་ན་ཆར་ཆེན་བབ། །དཀར་པོའི་མདོག་མང་དགེ་སྦྱོང་འཆི། །མེ་འོད་ལྟར་དམར་སེར་འོད་ཆགས། །མེ་ཏོག་དམར་སེར་རྩ་སེར་ལྟར། །གང་དུ་ཟུག་པའི་ཡུལ་དེ་འཇིགས། །སྔོན་པོས་ལོ་ཏོག་མ་རུང་གྱུར། །སྲོད་ལ་ཤར་དུ་འཇའ་ཟུག་པ། །མི་བདག་འཆི་ལ་ནུབ་ཏུ་ཟུག །མི་ཡི་གཙོ་བོ་དག་ལ་གནོད། །འཇའ་ཚོན་ཁ་དོག་ལྔ་པ་ཅན། །ཤར་ཟུག་ཆར་འབབ་ལྷོ་ནུབ་བྱང་། །མཆོད་འོས་མཆོད་ལ་ལྷོ་ཕྱོགས་ནས། །ནུབ་ཏུ་ཟུག་ན་རྒྱལ་པོ་དང་། །རྗེའུ་ཤན་པའི་ཚོགས་ལ་གནོད། །དུས་གསུམ་མཚམས་ཤར་ལོ་ལེགས་བདེ། །གཟའ་སོགས་བཟང་པོའི་མཚམས་ཤར་ན། །རྒྱལ་སྲིད་དགེ་ཞིང་རྐུན་པོ་འཇོམས། །ཞག་བདུན་ཚུན་དུ་ཆར་བབས་ན། །འབྲས་བུ་ངན་པ་དག་ཀྱང་ཞི། །དགུ་པར་རི་བོ་བར་སྣང་སོགས། །མི་བཟད་སྒྲ་ཆེན་འབྱུང་བའི་རྩིས། །ཉི་ཤར་སྒྲ་བྱུང་རྒྱལ་རིགས་འཆི། །སྔ་དྲོ་རིགས་ངན་གུང་བྲམ་ཟེ། །ཉི་ནུབ་རྗེ་པོའི་ཚོགས་ལ་གནོད། །ཐོ་རངས་དུས་སུ་བྲན་གྱི་ཚོགས། །ནམ་ཕྱེད་སྲིན་པོ་དག་ལ་ངན། །ནམ་མཁའི་ཁམས་ནས་ཕྱོགས་གཉིས་སུ། །ཕན་ཚུན་སྒྲ་འབྱུང་རྟ་གླང་འཆི། །ནམ་ལངས་སྒྲ་བྱུང་མགྲོན་པོར་གནོད། །དུས་གསུམ་མཚམས་སུ་བྱང་གི་ཕྱོགས། །བཤེས་གཉེན་དགེ་སྦྱོང་དམ་པ་འདས། །ལྷོ་ནུབ་མཚམས་བྱུང་


LT41_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འཁོབ་དང་། །ལྷོ་དང་བལ་པོའི་ཡུལ་མི་དགེ། །ཤར་ལྷོར་མེ་ཡིས་འཚོ་ལ་ངན། །རིང་པོར་སྒྲ་ཆེན་ཕྱོགས་མི་ཤིས། །འཇིག་རྟེན་ནས་གནས་དཔའ་བོའི་ཚོགས། །གོ་ཆ་གྱོན་པའི་དམག་དཔུང་འཆི། །སྒྲ་སྙོམས་དལ་ཞིང་ཆུང་སྙན་དགེ། །བཅུ་པ་སྤྱི་བོར་རྐན་ཟ་བ། །མ་རིག་པ་ཡི་ཉི་མ་ལ། །སྤྱི་བོ་རྐན་ཟ་འཐབ་མོ་འབྱུང་། །འདུ་བྱེད་ནོར་རྙེད་རྣམ་ཤེས་ལ། །འཇིགས་སྐྲག་བསྡངས་སྐྱེད་མིང་གཟུགས་ལེགས། །སྐྱེ་མཆེད་དྲུག་ལ་བྱ་བ་ལྡངས། །རེག་པས་ཕ་མར་སྐྲག་པ་འབྱུང་། །ཚོར་བས་གཞན་སོང་མྱུར་དུ་བཟློག །སེད་པས་འཇིགས་འབྱུང་ལེན་པ་ལ། །མགྲོན་འོང་སྲིད་པར་བདེ་ལེགས་བྱེད། །སྐྱེ་བས་དངངས་སྐྲག་རྒ་ཤི་ལ། །རྒན་རབས་སྤྱོད་ཚུལ་སེམས་པར་འགྱུར། །བཅུ་གཅིག་ཁྱི་རྣམས་ངུ་བའི་རྩིས། །མ་རིག་ཉི་མར་རིང་མགྲོན་འོང་། །འདུ་བྱེད་རྒྱལ་པོའི་བྱ་བ་འབྱུང་། །རྣམ་ཤེས་ཟས་རྙེད་རྐུན་པོའང་འོང་། །མིང་གཟུགས་ངོ་ཤེས་མི་གཅིག་འཆི། །སྐྱེ་མཆེད་འཐབ་རྩོད་ཅ་ཅོ་འབྱུང་། །རིག་པ་ཤེས་རབ་ཚོར་བ་འཁྲུགས། །སྲེད་ལེན་རྩོད་ཅིང་སྲིད་པ་ལ། །འགོ་བའི་ལྷ་ཁྲོས་སྐྱེ་བར་དགེ། །རྒ་ཤི་དག་ལ་བྱ་བ་ལྡང་། །བཅུ་གཉིས་སྣ་ཚོགས་ལྟས་ཀྱི་རྩིས། །ཁྱི་དང་བྱ་རོག་བཞི་མདོར་རྒྱུགས། །ཅ་ཅོ་ཕ་རོལ་དམག་ཚོགས་ལྷགས། །བྱ་རོག་བུང་བས་གྲོང་ཁྱེར་དུ། །ཚང་འཆའ་གློ་བུར་འཇིགས་


LT41_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་། །སྦྲང་བུ་བྱི་ལེབ་བྱིའུ་སོགས། །ཡང་ཐོག་སྒོ་ཁང་རྒྱུག་ཅིང་འཛེགས། །ཁྱིམ་དེ་དགྲ་ཡིས་འཇོམས་པར་དྲན། །བྱི་ལ་ཝ་ཚོགས་དུས་མིན་འཁྲིག །རྒྱལ་པོ་ཡུལ་འཁོར་དང་བཅས་འཇིག །སེམས་ཅན་མངལ་སྒོ་ཕྱིན་ཅི་ལོག །བྱུང་ན་ཡུལ་འཁྲུགས་རྒྱལ་པོ་འཆི། །བྱ་རོག་དཀར་པོ་མཐོང་བ་ན། །ཡུལ་དེར་ནོར་ནད་འཐབ་རྩོད་ལྡང་། །སྲོག་ཆགས་ཁ་དོག་རིགས་མིན་གྱུར། །ཡུལ་བདག་མི་དབང་བཅས་པ་འཆི། །གྲོང་དབུས་བྱ་རོག་ཀུན་འདུས་ནས། །ཕྱི་རོལ་འདོང་ན་སྐྱེ་བོས་དབེན། །ཁྱིམ་དང་ར་བར་ཝ་སྐད་འབྱིན། །ཡང་ན་ཉི་མ་ལ་བལྟས་ནས། །རྟག་པར་བརྒྱལ་ན་སྐྱེ་བོ་དང་། །རྒྱལ་པོ་ལས་གྱུར་ཉེས་མང་འབྱུང་། །གང་དུ་བྱ་རོག་ཁྱུ་རྣམས་ཀྱིས། །ས་ལ་མཆུ་བཙུགས་སྒྲ་མི་གྲགས། །ཡུད་ཙམ་འདུག་ནས་འཕུར་བ་ན། །དེ་ཚེ་དམག་ཚོགས་རབ་ཏུ་འཕུང་། །ཤ་ཟན་མཁའ་ལྡིང་ཁ་ནས་ཤ །ལྷུང་ན་སྲོག་ལ་རྒོལ་ཉེས་འབྱུང་། །བྱ་རྒོད་ལ་སོགས་མི་གཟན་བྱ། ཁང་སྟེང་སྒྲ་སྒྲོགས་མི་བདག་འཆི། །ཉིན་གུང་བ་གླང་བྲེས་དག་ཏུ། །འུག་པ་སྣང་ཚེ་རྒྱལ་པོས་མནར། །སྐྱེད་ཚལ་བྱ་རོག་ཐང་ལ་ནི། །རྒྱལ་པོའི་ཆད་པ་འབྱུང་བའང་བཤད། མཆན། ངང་པ་རྩེ་ན་ཡུལ་དེ་འཇིག །ཤིང་ལ་དུས་མིན་འབྲས་བུ་འབྱུང་། །རྒྱལ་པོ་འཁོར་བཅས་དགྲ་ཡིས་གསོད། །ཤིང་སྐམ་ཡལ་ག་ལོ་མ་སྐྱེ། །ཡུལ་དེ་སྐྱེ་བོ་ཕན་ཚུན་


LT41_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས། །ལྗོན་ཤིང་ལོ་འབྲས་ཕྱིན་ཅི་ལོག །དེ་ཡི་བདག་པོ་མྱུར་དུ་འཆི། །ཤིང་སྡོང་འཆར་ནུབ་གྲིབ་མ་འཛོལ། །དེ་དུས་རྒྱལ་པོ་འབངས་ཀྱིས་གསོད། །ཡང་ན་ཡུལ་དེ་དམག་གིས་འཇོམས། །མེ་ཏོག་ཤིང་ཏོག་འབྲས་བུ་ལས། །སྔོན་མེད་ཁུ་བ་འཛག་པ་ན། །རྒྱལ་ཚབ་ལ་གནོད་བཟའ་ཤིང་གི། །འབྲས་བུ་ལྷག་པར་མདོག་བཟང་ངམ། །ཡང་ན་ཁུ་བ་ཁྲག་འདྲ་འཛག །ཡུལ་དེར་ནད་མུག་འཇིགས་ཆེན་འབྱུང་། །སྐྱེ་ཤིང་འགྲོ་ན་ཡུལ་དེ་འཇིག །ཆུ་ནང་སྲོག་ཆགས་རྒྱུ་བ་སྐམ། །མི་རིང་ནད་དང་དམག་ཚོགས་འབྱུང་། །རླུང་མེད་ཆུ་ཀླུང་འཁྲུགས་པའང་ངན། །ལུས་མེད་སྣ་ཚོགས་སྒྲ་འབྱིན་དང་། །དོན་མེད་འོད་དང་དྲི་ངན་མནམ། །མཚོན་ཆ་འགུལ་དང་མེ་ཆེན་མཐོང་། །རས་ཀྱི་གྲང་དྲོ་ལོག་པ་སོགས། །ནད་དང་མཚོན་དང་ལོ་ཉེས་དང་། །རྒྱལ་པོ་དམག་བཅས་འཇིག་པར་འགྱུར། །ཕྱུག་ལ་མི་ནི་བཙས་གྱུར་ན། །ཡུལ་དེའི་བུད་མེད་རྣམས་ལ་ངན། །མངལ་ནས་བུ་སྨྲ་དུའམ་རྒོད། །ཡུལ་དེར་འཇིགས་པ་ཆེན་པོ་འབྱུང་། །ཁྱིའུ་རྐང་གཅིག་རྐང་གསུམ་བཞི། །མ་ནིང་མཚན་གཉིས་སྐྱེས་པ་ན། །རྒྱལ་པོ་འཆིའམ་མུ་གེ་འབྱུང་། །བྱོལ་སོང་སྐྱེས་སམ་མགོ་མང་དང་། །མགོ་པོ་གཅིག་ལ་གདོང་གཉིས་སམ། །མིག་གསུམ་པ་སྐྱེས་ཡུལ་དེ་སྟོང་། །ཕག་མགོ་ཅན་ནམ་སོ་སྐྱས་དང་། །མགོ་མེད་ལག་པ་


LT41_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའམ། །མ་ཡིས་མ་ཚོར་མངལ་ནས་བཙའ། །དེ་དག་གང་བྱུང་ཡུལ་ཁམས་དེར། །ནད་དང་དམག་དཔུང་ཆེན་པོ་འབྱུང་། །མཐར་ནི་དགོན་པར་འགྱུར་ཡང་སྲིད། །སྐུ་གཟུགས་གདན་ལས་འཕོས་སམ་འགྱེལ། །རྡུལ་ལམ་སྤྱན་ནས་མཆི་མ་འབབ། །རྒྱལ་པོ་དང་བཅས་ཡུལ་འཁོར་དེ། །རྒྱལ་ཁབ་གཞན་གྱི་དབང་དུ་འགྱུར། །ཡང་ན་དཔའ་བོ་བུ་སྨད་བཅས། །ཡུལ་ལྗོངས་གཞན་དུ་སྤྱུགས་པར་བཤད། །དུད་འགྲོ་རྐང་མེད་རྐང་མང་སོགས། །ཕྱིན་ཀ་ལོག་གྱུར་འཇིགས་ཆེན་འབྱུང་། །ཉིན་པར་རམ་ནི་མཚན་མོ་ཡང་། །ཁྱི་ནི་གྱེན་དུ་གདོང་བལྟས་ཏེ། །ཡང་དང་ཡང་དུ་ཟུག་གྱུར་པ། །གང་དུ་དེར་ནི་འཇིགས་ཆེན་བསྐྱེད། །དེ་ལྟར་རྣམ་པ་དུ་མ་དང་། །རྣམ་མང་གང་དུ་རབ་བརྟགས་པ། །དེར་ནི་ཆར་མི་འབབ་པར་འགྱུར། །རྒྱལ་པོའི་ཚོགས་ཀྱང་རྣམ་པར་འཇིག །བཅུ་གསུམ་ཉ་དྲུག་འཛོམ་པའི་རྩིས། །སྨིན་ཟླའི་བཅོ་ལྔར་ཟླ་བའི་སྔོན། །སྨིན་དྲུག་བྱུང་ན་ལོ་ཉེས་དང་། །ཕྱུགས་ཉེས་མི་ནད་དག་ཀྱང་འབྱུང་། །ཟླ་བའི་རྗེས་བྱུང་འཁྲུགས་རླུང་འོང་། །ལྷོར་བྱུང་ཐན་པ་ཆེ་བ་དང་། །རྩ་ཤིང་དཀོན་ལ་མུ་གེ་འོང་། །བྱང་བྱུང་ལོ་ལེགས་ཆར་པ་ཆེ། །དུས་བདེ་སྐྱ་རྒྱལ་འབྱུང་བ་ཡིན། །ཧྲིལ་གྱིས་འགྲོགས་ན་ཤིན་ཏུ་བཟང་། །བཅུ་བཞི་ཟླ་བའི་རྭ་ལ་བརྟགས། །དཔྱིད་འབྲིང་ཉེར་དགུའི་ནམ་ལངས་སམ། །དཔྱིད་ཐའི་ཚེས་


LT41_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མུན་མཚམས་སུ། །ཟླ་བའི་གཡས་གཡོན་རྭ་གཉིས་པོ། །ཤར་ནུབ་དྲང་པོར་མཉམ་ན་དགེ། །བྱང་ཕྱོགས་མཐོ་བར་གྱུར་པ་ན། །མུ་གེ་འབྱུང་ཞིང་ཆར་མི་འབབ། །ལྷོ་མཐོ་དགེ་ཞིང་ཆར་མང་འབབ། །བཅོ་ལྔ་སྐྱོར་ཁ་བརྟགས་པའི་རྩིས། །མགོ་ཟླའི་ཉེར་བདུན་བཅུ་གཉིས་པའི། །ཉེར་ལྔ་དང་པོའི་ཉི་ཤུ་གསུམ། །ཐོ་རངས་སྐར་མ་ལག་སོར་གྱི། །མཐེབ་མཛུབ་བར་དུ་ཟླ་བ་སོང་། །དེ་ལ་ལྷ་མོ་འབྲུ་ཐོར་ཟེར། །ལོ་ཏོག་རྩི་བཅུད་འབྲས་བུ་འཕེལ། །མཛུབ་མོ་གུང་མོའི་བར་དུ་སོང་། །དྲང་སྲོང་ནོར་སྡུད་ཅེས་བྱ་བ། །ལོ་ཏོག་འབྲིང་འགྱུར་གུང་སྲིན་བར། །བདུད་མོ་ཤ་ཟན་ལོ་ཉེས་དང་། ཁ་བ་ཆེ་ལ་རྟ་གླང་འཆི། །སྲིན་ལག་མཐེའུ་ཆུང་བར་སོང་ན། །གནོད་སྦྱིན་འབྲུ་སྡུད་མུ་གེ་དང་། །རྟ་གླང་བ་དང་བོང་བུ་འཆི། །མཐེ་ཆུང་རྩེར་སོང་ལྷ་མོ་ནི། །དོན་གཉེར་ཞེས་པ་འཇིག་རྟེན་ཀུན། །དགེ་ལེགས་ཕུན་སུམ་ཚོགས་པ་འབྱུང་། །གང་དུ་མཐེའུ་ཆུང་རྩ་བར་བབས། །ནོར་ལྷ་འབྲུ་འཆག་ལོ་ཏོག་ལེགས། །འཐབ་རྩོད་ཞི་ཞིང་འཁྲིག་མ་ཡི། །ཕྱི་ཟུར་སྦྲུལ་མགོ་ཆུ་འཐོར་ཅེས། །ཆར་ཆེན་འབབ་ལ་མཐེ་བོང་གི། །རྐེད་པར་སོང་ན་ལྕགས་སྤྱང་རྒྱུག །བ་གླང་འཛིན་ངན་ལོ་ཏོག་འབྲིང་། །མཐེ་བོང་རྩ་བར་སྲིན་བུ་ནི། །མེ་ཁྱེར་ཅེས་བྱ་ཐན་པ་འོང་། །ལག་མཐིལ་ཡི་དྭགས་ཁྱིམ་འཕེལ་ཏེ། །དེ་ཚེ་ངེས་པར་མུ་གེ་


LT41_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །གདུབ་བུའི་གོང་སོང་གཡང་རྒྱལ་ཡིན། །ནོར་བུ་འབྲུ་དང་བདེ་ལེགས་འབྱུང་། །གདུ་བུའི་འོག་སོང་དབང་རྒྱལ་ཡིན། །སྐྱེས་བུ་རྒྱན་གྱི་བསམ་པ་འགྲུབ། །མཁའ་ལ་ཞག་ཆགས་ཉིན་མོ་དྲོ། །ཀུན་ལ་དགེ་བར་བཤད་པ་ཡིན། །ལག་པའི་སྦོ་སྨད་ཟན་བརྫི་ཞེས། །ལོ་ལེགས་སྐྱ་རྒྱལ་དེ་ལས་འགྱངས། །མས་འབྱམས་ཞེས་བྱ་ཆར་previous hit ཆུ་ཆེ། །གང་དུ་མ་བབས་ལྡིང་བ་ན། །འབྲས་བུ་ཆེར་མེད་བཏང་སྙོམས་སོ། །ཟླ་བ་སྔོན་མ་གཉིས་བཟང next hit་ན། །སྔ་མ་ངན་ཀྱང་གསོ་བར་བཤད། །གཞན་ཡང་སྔོན་རྗེས་བར་གསུམ་པོ། །སྔོན་མས་སྔ་བཏབ་བར་མ་ཡིས། །བར་བཏབ་རྗེས་མས་ཕྱི་བཏབ་དང་། །སྦྱར་བའི་འབྲས་བུ་བརྗོད་པའང་ཡོད། །བཅུ་དྲུག་འབྱུང་རྩིས་ཆར་ལྟས་ལ། །དུས་བཞི་རྒྱུ་སྐར་སོ་སོའི་ཉིན། །འཐིབས་དྭངས་རླུང་ཆར་ཡོད་མེད་རྩིས། །མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་ལ་རླུང་ཆར་མང་། །ནམ་གྲུའི་ཉི་མར་གནམ་ཐང་འགྱུར། །ཐ་སྐར་བྲ་ཉེར་རླུང་ཆེན་དང་། །གྲང་ངད་ཆེན་པོ་འབྱུང་བར་འགྱུར། །སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། །གནམ་ཁད་འཇམ་ཞིང་ཤིན་ཏུ་དྭངས། །མགོ་དང་ལག་དང་ནབས་སོ་དང་། །རྒྱལ་གྱི་ཉི་མར་ཉི་མ་གསལ། །སྐག་མཆུ་གྲེ་དབོ་ཉིན་དག་ལ། །འཐིབས་ཀྱང་དྭངས་པར་འགྱུར་བ་ཡིན། །མེ་བཞི་ནག་པ་གཉིས་ཀྱི་ཉིན། །ཆར་པ་ཉུང་བར་འགྱུར་བ་


LT41_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རླུང་ཆར་རི་ཡི་རྐེད་པར་རྒྱུ། །སྐར་མ་ས་རིའི་ཉི་མ་ལ། །བྱེ་མ་འདྲེས་པའི་རླུང་ཆེན་ལྡང་། །ས་ག་དང་ནི་ལྷ་མཚམས་དང་། །སྣྲོན་སྣྲུབས་བཞི་ཡི་ཉི་མ་ལ། །རླུང་སྒྲ་སྒྲོག་ཅིང་ཆར་པ་ཡོད། །ཆུ་སྟོད་ཆུ་སྨད་གཉིས་ཀྱི་ཉིན། །ཅུང་ཟད་འཐིབས་ལ་ཆར་པ་ཉུང་། །གྲོ་བཞིན་བྱི་བཞིན་གཉིས་ཀྱི་ཉིན། །ཅུང་ཟད་འཐིབ་ཅིང་ཆར་བ་ཡོད། །འདི་ཡན་དཔྱིད་ཀྱི་དུས་ལའོ། །མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་ལ་ཅུང་ཟད་འཐིབས། །ནམ་གྲུ་ཐ་སྐར་བྲ་ཉེའི་ཉིན། །ཆར་པ་ཕྲན་བུ་ཕྲན་བུ་འབབ། །སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། །ཆར་པ་ཡོད་པར་འགྱུར་བ་ཡིན། །མགོ་ལག་གཉིས་ཀྱི་ཉི་མ་ལ། །ནམ་མཁར་སྤྲིན་པ་འཐིབ་པར་འགྱུར། །ནབས་སོ་རྒྱལ་དང་སྐག་མཆུ་སྟེ། །བཞི་ལ་འབབས་སམ་ཡང་ན་ཐང་། །གྲེ་དབོ་མེ་བཞི་གསུམ་གྱི་ཉིན། །སྤྲིན་མེད་ཤིན་ཏུ་དྭངས་པར་འགྱུར། །ནག་པ་ས་རི་གཉིས་ཀྱི་ཉིན། །ཉི་མ་མཐོང་བར་འགྱུར་བ་ཡིན། །ས་ག་ལྷ་མཚམས་གཉིས་ཀྱི་ཉིན། །རླུང་ཆེན་ཆར་ཆེན་འབྱུང་བར་འགྱུར། །སྣྲོན་སྣྲུབས་གཉིས་ཀྱི་ཉི་མ་ལ། །ཆར་པ་ངང་གིས་ཡོད་པར་འགྱུར། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །བྱི་བཞིན་ལ་ནི་ཐང་བར་འགྱུར། །འདི་ཡན་དབྱར་གྱི་དུས་ལའོ། །མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་ལ་འབྲུག་གི་སྒྲ། །དྲག་པོ་སྒྲོག་


LT41_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ཡིན། །ནམ་གྲུ་ཐ་སྐར་བྲ་ཉེ་དང་། །སྨིན་དྲུག་དག་ལ་ཆར་པ་ནི། །ཤར་ཤར་སྒྲ་བཅས་འབབ་པར་འགྱུར། །སྣར་མ་མགོ་ལག་ནབས་སོ་ལ། །ཐང་རྗེས་ཆར་པ་ཡང་འབབ་འགྱུར། །རྒྱལ་སྐག་གཉིས་ཀྱི་ཉི་མ་ལ། །སྤྲིན་བསལ་མགྲོན་པོ་ལམ་དུ་འཇུག །མཆུ་གྲེ་དབོ་དང་མེ་བཞི་ཡི། །ཉི་མར་ཆར་པ་འབབ་མི་འགྱུར། །ནག་པ་ས་རི་གཉིས་ཀྱི་ཉིན། །ཆར་སྒྲ་རླུང་སྒྲ་འབྱུང་བར་འགྱུར། །ས་ག་ལྷ་མཚམས་སྣྲོན་སྣྲུབས་ཀྱི། །ཉི་མར་ཆར་པ་ངེས་པར་འབབ། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །བྱི་བཞིན་བཞི་ཡི་ཉི་མ་ལ། །ཆར་པ་སིལ་སིལ་འབབ་པར་འགྱུར། །འདི་ཡན་སྟོན་གྱི་དུས་སུའོ། །མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་གི་ཉི་མ་ལ། །རླུང་དང་ཆར་པ་མང་བ་ཡིན། །ནམ་གྲུམ་ཆུ་ཉིན་ཐང་བར་འགྱུར། །ཐ་སྐར་བྲ་ཉེ་གཉིས་ཀྱི་ཉིན། །ཆར་པ་སྒྲ་བཅས་གྲང་ངད་ཆེ། །སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། །ནམ་མཁའ་དྭངས་པར་འགྱུར་བ་ཡིན། །མགོ་དང་ལག་པ་གཉིས་ཀྱི་ཉིན། །འཕྲལ་དུ་ཐང་པར་འགྱུར་བ་ཡིན། །ནབས་སོ་རྒྱལ་གྱི་ཉི་མ་ལ། །ནམ་མཁའི་མདོག་ནི་སེར་པོར་འགྱུར། །སྐག་གི་ཉི་མར་སྤྲིན་པ་ལྡང་། །གནམ་གྲང་ཆར་རླུང་སད་འབབ་འགྱུར། །གྲེ་དབོ་གཉིས་ཀྱི་ཉི་མ་ལ། །ཆར་རླུང་རྗེས་སུ་ཉི་མ་མཐོང་། །མེ་བཞི་ནག་པ་གཉིས་ཀྱི་ཉིན། །མཚན་འབབ་ཉིན་མོ་ཐང་པར་འགྱུར། །སྐར་མ་


LT41_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ས་རིའི་ཉི་མ་ལ། །བྱེ་མ་འདྲེས་པའི་རླུང་ཆེན་ལྡང་། །ས་ག་ལྷ་མཚམས་སྣྲོན་སྣྲུབས་ཉིན། །ཆར་རླུང་དག་གི་སྒྲ་ཐོས་འགྱུར། །ཆུ་སྟོད་ཆུ་སྨད་གཉིས་ཀྱི་ཉིན། །ཆར་པ་ཡོད་པར་འགྱུར་པ་ཡིན། །གྲོ་བཞིན་བྱི་བཞིན་གཉིས་ཀྱི་ཉིན། །ཤིན་ཏུ་འཐིབས་རྗེས་ཡང་ཐང་འགྱུར། །འདི་ཡན་དགུན་གྱི་དུས་སུའོ། །བཅུ་བདུན་ཉི་ཁྱིམ་དྲུག་ཅུའི་རྩིས། །ཤིང་ཕོ་བྱི་ཉིན་ཆར་བབས་ན། །མེ་ཕོ་སྟག་ཉིན་ཆར་མཚམས་བྱེད། །ཤིང་མོ་གླང་ཉིན་ཆར་བབས་ན། །མེ་མོ་ཡོས་ཀྱི་ཉིན་ལ་ཆད། །མེ་ཕོ་སྟག་གི་ཉི་མ་ལ། །ཆར་བབས་འདི་ཉིན་འཆད་པར་འགྱུར། །མེ་མོ་ཡོས་ཀྱི་ཉིན་འབབ་ན། །ཡུན་མི་རིང་བར་འཆད་པར་འགྱུར། །ས་ཕོ་འབྲུག་གི་ཉི་མ་ལ། །ཆར་འབབ་མཚན་ཕྱེད་དུས་སུ་ཆད། །ས་མོ་སྦྲུལ་གྱི་ཉི་མ་ལ། །ཆར་པ་བབས་ཀྱང་འཕྲལ་དུ་ཆད། །ལྕགས་ཕོ་རྟ་ཡི་ཉིན་བབས་ན། །ལྕགས་མོ་ལུག་གི་ཉི་མར་ཆད། །ལྕགས་མོ་ལུག་གི་ཉིན་བབས་ན། །ས་ཕོ་སྟག་གི་ཉི་མར་ཆད། །ཆུ་ཕོ་སྤྲེལ་གྱི་ཉི་མ་ལ། །ཆར་བབས་དེ་མ་ཐག་ཏུ་ཆད། །ཆུ་མོ་བྱ་ཡི་ཉིན་བབས་ན། །ཤིང་ཕོ་ཁྱི་ཡི་ཉི་མར་ཆད། །ཤིང་ཕོ་ཁྱི་ཡི་ཉི་མ་ལ། །ཆར་པ་བབས་ན་མྱུར་དུ་ཆད། །ཤིང་མོ་ཕག་གི་ཉི་མ་ལ། །ཆར་བབས་དེ་ཉིན་འཆད་བར་འགྱུར། །མེ་ཕོ་བྱི་བའི་ཉི་མ་ལ། །ཆར་འབབ་འཕྲལ་དུ་འཆད་པར་འགྱུར། །མེ་མོ་གླང་གི་ཉི་མ་ལ། །ཆར་བབས་ཡུན་མི་རིང་བར་


LT41_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། །ས་ཕོ་སྟག་གི་ཉི་མ་ལ། །ཆར་བབས་དུས་དེ་ཉིད་ལ་ཆད། །ས་མོ་ཡོས་ཀྱི་ཉི་མ་ལ། །འབབ་པའི་ཆར་པ་འཕྲལ་དུ་ཆད། །ལྕགས་ཕོ་འབྲུག་གི་ཉི་མ་ལ། །ཆར་པ་འབབ་པ་འཕྲལ་དུ་ཆད། །ལྕགས་མོ་སྦྲུལ་གྱི་ཉི་མར་བབས། །ཆུ་མོ་ལུག་གི་ཉི་མར་ཆད། །ཆུ་ཕོ་རྟ་ཡི་ཉི་མ་ལ། །ཆར་བབས་དེ་མ་ཐག་ཏུ་ཆད། །ཆུ་མོ་ལུག་གི་ཉི་མ་ལ། །ཆར་བབས་ཤིང་ཕོ་སྤྲེལ་ཉིན་ཆད། །ཤིང་ཕོ་སྤྲེལ་གྱི་ཉི་མ་ལ། །ཆར་པ་བབས་པ་འཕྲལ་དུ་ཆད། །ཤིང་མོ་བྱ་ཡི་ཉིན་བབས་ན། །མེ་ཕོ་ཁྱི་ཡི་ཉི་མར་ཆད། །མེ་ཕོ་ཁྱི་ཉིན་ཆར་བབས་ན། །དུས་དེ་ཉིད་དུ་འཆད་པར་འགྱུར། །མེ་མོ་ཕག་གི་ཉི་མ་ལ། །དུས་དེ་ཉིད་དུ་ཆར་པ་ཆད། །ས་ཕོ་བྱི་བའི་ཉིན་བབས་ན། །ལྕགས་ཕོ་སྟག་གི་ཉི་མར་ཆད། །ས་མོ་གླང་གི་ཉིན་བབས་ན། །ཆུ་མོ་གླང་གི་ཉི་མར་ཆད། །ལྕགས་ཕོ་སྟག་གི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །ལྕགས་མོ་ཡོས་ཉིན་ཆར་བབས་ན། །ཆུ་མོ་སྦྲུལ་གྱི་ཉི་མར་ཆད། །ཆུ་ཕོ་འབྲུག་གི་ཉིན་བབས་ན། །ལྕགས་མོ་གླང་གི་ཉིན་ལ་ཆད། །ལྕགས་མོ་སྦྲུལ་གྱི་ཉི་མ་ལ། །ཆར་བབས་ཡུན་མི་རིང་བར་ཆད། །ཤིང་ཕོ་རྟར་བབས་དུས་དེར་ཆད། །ཤིང་མོ་ལུག་ལ་ཆར་བབས་ན། །མེ་མོ་བྱ་ཡི་ཉི་མར་ཆད། །མེ་ཕོ་སྤྲེལ་བབས་འཕྲལ་དུ་ཆད། །མེ་མོ་བྱ་ཡི་ཉི་མ་ལ། །ཆར་བབས་ས་མོ་ཕག་ལ་


LT41_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། །ས་ཕོ་ཁྱི་ལ་བབས་གྱུར་ན། །ལྕགས་མོ་གླང་གི་ཉི་མར་ཆད། །ས་མོ་ཕག་གི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །ལྕགས་ཕོ་བྱི་བའི་ཉི་མ་ལ། །ཆར་བབས་མེ་ཕོ་འབྲུག་ཉིན་ཆད། །ལྕགས་མོ་གླང་ཉིན་ཆར་བབས་ན། །ཆུ་ཕོ་སྟག་གི་ཉིན་ལ་ཆད། །ཆུ་ཕོ་སྟག་གི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །ཆུ་མོ་ཡོས་ཉིན་ཆར་བབས་ན། །དེ་མ་ཐག་ཏུ་འཆད་པར་འགྱུར། །ཤིང་ཕོ་འབྲུག་གི་ཉི་མ་ལ། །ཆར་བབས་འཕྲལ་དུ་འཆད་པར་འགྱུར། །ཤིང་མོ་སྦྲུལ་གྱི་ཉི་མ་ལ། །ཆར་བབས་མེ་ཕོ་རྟ་ལ་ཆད། །མེ་ཕོ་རྟ་ཡི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །མེ་མོ་ལུག་གི་ཉི་མ་ལ། །ཆར་པ་བབས་པ་མྱུར་དུ་ཆར། །ས་ཕོ་སྤྲེལ་གྱི་ཉི་མ་ལ། །ཆར་བབས་ལྕགས་ཕོ་ཁྱི་ལ་ཆད། །ས་མོ་བྱ་ཡི་ཉི་མ་ལ། །ཆར་བབས་ལྕགས་མོ་ཕག་ལ་ཆད། །ལྕགས་ཕོ་ཁྱི་ཡི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །ལྕགས་མོ་ཕག་གི་ཉི་མ་ལ། །ཆར་བབས་ཆུ་མོ་གླང་ལ་ཆད། །ཆུ་ཕོ་བྱི་བའི་ཉི་མ་ལ། །ཆར་བབས་ཆུ་མོ་གླང་ལ་ཆད། །ཆུ་མོ་གླང་གི་ཉི་མ་ལ། །ཆར་པ་བབས་པ་དུས་དེར་ཆད། །ཤིང་ཕོ་སྟག་གི་ཉི་མ་ལ། །ཆར་བབས་དེ་མ་ཐག་ཏུ་ཆད། །ཤིང་མོ་ཡོས་ཀྱི་ཉི་མ་ལ། །ཆར་བབས་མེ་ཕོ་འབྲུག་ཉིན་ཆད། །མེ་ཕོ་འབྲུག་ལ་བབས་གྱུར་ན། །


LT41_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མོ་སྦྲུལ་ཉིན་འཆད་པར་འགྱུར། །མེ་མོ་སྦྲུལ་གྱི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །ས་ཕོ་རྟ་ལ་བབས་གྱུར་ན། །དེ་མ་ཐག་ཏུ་འཆད་པར་འགྱུར། །ས་མོ་ལུག་གི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །ལྕགས་ཕོ་སྤྲེལ་ཉིན་བབས་གྱུར་ན། །ཤིང་ཕོ་བྱི་བའི་ཉིན་ལ་ཆད། །ལྕགས་མོ་བྱ་ཡི་ཉི་མ་ལ། །ཆར་བབས་དུས་དེར་འཆད་པར་འགྱུར། །ཆུ་ཕོ་ཁྱི་ཡི་ཉི་མ་ལ། །ཆར་བབས་འཕྲལ་དུ་འཆད་པར་འགྱུར། །ཆུ་མོ་ཕག་གི་ཉི་མ་ལ། །ཆར་བབས་དེ་མ་ཐག་ཏུ་ཆད། །བཅོ་བརྒྱད་ནམ་མཁའི་མདངས་བརྟགས་པ། །ཉི་ཤར་ཤར་ལྷོ་མདངས་ནག་ན། །ཉིན་གུང་སྔོན་དུ་ཆར་པ་ཡོད། །ཉི་ནུབ་ནུབ་བྱང་མདངས་ནག་ན། །མཚན་ཕྱེད་ཆར་པ་ཡོད་པར་འགྱུར། །བཅུ་དགུ་སྤྲིན་པ་བརྟགས་པའི་རྩིས། །ཉི་ཤར་སྤྲིན་པ་མེད་གྱུར་ན། །ཉི་མ་འཆར་པ་མདངས་དང་ལྡན། །ཉི་ནུབ་ནུབ་ཏུ་མདངས་གསལ་ན། །ཕྱི་ཉིན་ནམ་མཁའ་དྭངས་བར་འགྱུར། །རྒྱ་ཐག་བར་སྣང་གཡེང་གྱུར་ན། །རེ་ཞིག་ནམ་མཁའ་དྭངས་བར་འགྱུར། །ཉི་ཤར་ཤར་ཕྱོགས་སྤྲིན་འཕགས་ན། །རླུང་བཅས་ཆར་པ་མྱུར་དུ་འབབ། །རླུང་དལ་ཚ་རླངས་འབྱུང་གྱུར་ན། །སྤྲིན་འཐིབས་འབྲུག་སྒྲ་སྒྲོག་པར་འགྱུར། །ཤར་རླུང་སྤྲིན་པ་ནུབ་ཏུ་རྒྱུ། །ཆར་པ་དུས་ལས་ཡོལ་མི་འགྱུར། །ཡོས་དུས་ཤར་ལྷོར་སྤྲིན་ཐོན་ན། །སྦྲུལ་གྱི་དུས་སུ་ཆར་


LT41_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད། །ལྷོ་རིར་སྤྲིན་སྟུག་ཐོན་གྱུར་ན། །འབྲུག་དུས་རླུང་དང་ཆར་པ་འབྱུང་། །ཉི་ཤར་ཡོས་དུས་སྤྲིན་བྱུང་ན། །ཆར་པ་མེད་ཀྱང་གནམ་འཐིབས་འགྱུར། །རླུང་ཆར་སྤྲིན་པ་མགྱོགས་པར་རྒྱུ། །མི་འགྱངས་རླུང་དང་ཆར་པ་ཆད། །ཐད་ཀའི་སྤྲིན་རླུང་མཉམ་དུ་རྒྱུ། །རླུང་ཆར་དུས་ཚོད་གཞན་དུ་འཕོ། །ཉི་ནུབ་སྤྲིན་པ་ནག་པོས་བསུ། །རླུང་དང་ཆར་པ་ངེས་པར་འབྱུང་། །རི་བོ་སྤྲིན་པས་ཁེབས་གྱུར་ན། །མཚན་སྦྲེལ་ཆར་པ་འབབ་པར་འགྱུར། །འབྲུག་སྒོའི་ཕྱོགས་ནས་སྤྲིན་པ་ཐོན། །རླུང་བཅས་ཆར་དྲག་འབབ་པར་འགྱུར། །ནུབ་བྱང་སྤྲིན་པ་ནག་པོས་ཐོན། །འབྲུག་སྒྲ་དང་བཅས་ཆར་པ་འབབ། །སྤྲིན་པ་ཀ་ཁྲབ་འདྲ་བ་འབྱུང་། །ཕྱི་ཉིན་རླུང་ཆེན་ལྡང་བར་འགྱུར། །ཉི་མ་ཕྱེད་ཡོལ་དུས་ཙམ་དུ། །སྤྲིན་པ་བསྒྲིགས་པར་གྱུར་པ་ན། །རླུང་འབྱུང་མི་འབྱུང་ངེས་པ་མེད། །དབྱར་དུས་སྤྲིན་པ་དཀྱིལ་དུ་ཐོན། །སྟོན་རླུང་ཁད་ཀྱིས་འབྱུང་བར་འགྱུར། །ནམ་ལངས་ཤར་ཕྱོགས་སྤྲིན་ཐོན་ན། །ཆར་མེད་མཚན་མོར་སྤྲིན་པ་དག །ནུབ་ཏུ་བྱུང་ཚེ་སྤྲིན་འཁྲུགས་ན། །རླུང་དང་ཆར་པ་མི་ཉུང་འབྱུང་། །རླུང་གིས་ཆར་པ་བདས་གྱུར་ན། །ཆར་པ་ཤིན་ཏུ་ཆེ་བ་འབབ། །སྤྲིན་པ་ཁད་ཀྱིས་ཉམས་གྱུར་ན། །སྤྲིན་དམར་དང་བཅས་ཉི་མ་ཤར། །མགྲོན་པོ་ཤུལ་རིང་བགྲོད་མི་བྱ། །ཉི་ནུབ་དུས་སུ་སྤྲིན་དམར་འབྱུང་། །


LT41_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་འབབས་སམ་མི་འབབ་ཅེས། ཁ་དམར་གདགས་པར་མི་ནུས་སོ། །ཉི་ཤུ་རླུང་བརྟགས་པ་ཡི་རྩིས། །སྟོན་དགུན་ཤར་ལྷོའི་རླུང་བྱུང་ན། །དེ་ཉིན་ཆར་པ་འབབ་མི་འགྱུར། །དཔྱིད་དབྱར་ནུབ་བྱང་རླུང་ལང་ན། །ནམ་མཁའ་ངེས་པར་དྭངས་པར་འགྱུར། །སྔ་དྲོ་རླུང་ལ་རྒྱུན་མི་རིང་། །ཕྱི་དྲོ་རླུང་ལང་ཆར་པ་ཆེ། །དཔྱིད་དབྱར་ཤར་ལྷོའི་རླུང་ལྡང་ན། །གནམ་ལ་དྲི་བ་བྱ་མི་དགོས། །སྟོན་དགུན་ནུབ་བྱང་རླུང་ལང་ན། །ནམ་མཁའ་ངེས་པར་དྭངས་པར་འགྱུར། །དབྱར་གྱི་དུས་སུ་རླུང་ཁད་འཇམ། །གྲུ་བོ་ཆུ་བོར་བགྲོད་པ་བདེ། །སྟོན་གྱི་དུས་སུ་རླུང་འབྱུང་བས། །ཆུ་བོའི་རླབས་ཆེན་འཕྱུར་བར་འགྱུར། །དབྱར་དུས་རླུང་ནི་མཚན་སྒྲེལ་ན། །ཉིན་གྱི་སྔོན་དུ་རླུང་ཆགས་འགྱུར། །ཆར་རྗེས་ཤར་ལྷོའི་རླུང་བྱུང་ན། །ཕྱི་དྲོ་རླུང་ནི་ཆེས་ཆེར་ལྡང་། །སྔ་དྲོའི་དུས་སུ་ཆར་རླུང་བྱུང་། །རླུང་ཆེན་ཉམས་པར་འགྱུར་བ་ཡིན། །ཚེས་གསུམ་རླུང་ཆེན་ལང་གྱུར་ན། །ཚེས་བཞི་ལ་ཡང་རླུང་ལྡང་སྟེ། །ཉི་ཤུ་གསུམ་གྱི་ཉི་མ་ལ། །ཤིན་ཏུ་ཆེ་བའི་རླུང་འབྱུང་ངོ། །ཚེས་བདུན་ཚེས་པ་བརྒྱད་དག་ལ། །ངེས་པར་རླུང་ཡོང་འཕྲིན་སྔོན་འབྱུང་། །དཔྱིད་དུས་ཁ་བ་བབས་པའི་རྗེས། །ཞག་པོ་བརྒྱ་དང་ཉི་ཤུ་ན། །ངེས་པར་རླུང་ཡོད་སེམས་ལ་ཞོག །ཟླ་བ་གཉིས་པར་ཆར་རླུང་མང་། །མགྲོན་པོ་དག་གི་སེམས་ལ་ཞོག །ཚེས་པ་བརྒྱད་དང་བཅུ་གསུམ་


LT41_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཅུ་དགུ་དང་ནི་ཉི་ཤུ་གཅིག །ཟླ་བ་གསུམ་པའི་ཚེས་བརྒྱད་བཅས། །ཆར་པ་ངེས་པར་འབབ་གྱུར་ན། །ཟླ་བ་བཞི་པའི་བཅོ་བརྒྱད་ལ། །ཆར་པ་འབབ་པར་འགྱུར་བ་ཡིན། །རླུང་ཆར་འབྱུང་བའི་རླན་ཡང་འབྱུང་། །གྲུར་ཞུགས་མིས་ཀྱང་བཤོལ་དུ་མེད། །ཟླ་བ་ལྔ་པའི་ཚེས་ལྔ་ལ། །རླུང་གི་ཉམས་ཤིག་བྱུང་གྱུར་ན། །གཉིས་དང་དགུ་དག་ངེས་པར་བྱ། །ནུབ་བྱང་ངོས་ནས་རླུང་ཆེན་ལང་། །ལྷོ་རུ་རིམ་གྱིས་ཆེ་བར་འགྱུར། །ཟླ་བ་དྲུག་པའི་ཚེས་བཅུ་གཅིག །བཅུ་གཉིས་དག་ལ་འཛེམ་པ་གཅེས། །ཟླ་བ་བདུན་པའི་ཡར་ངོ་ལ། །རླུང་བྱུང་སྟོན་དུས་གྲུ་མི་གཏོང་། །ཟླ་བ་བརྒྱད་པའི་དཀྱིལ་གྱི་དུས། །ངེས་པར་རླུང་འབྱུང་ཆར་པ་ཡོད། །ཉེར་གཅིག་ཉི་མ་བརྟགས་པའི་རྩིས། །ཉི་མ་སྤྲིན་ནག་དང་འབྲེལ་ན། །མྱུར་དུ་ཆར་པ་འཐིག་པར་འགྱུར། །སྤྲིན་རུམ་ནས་ནི་ཉི་མ་གསལ། །ནམ་མཁའ་ཤིན་ཏུ་དྭངས་པར་འགྱུར། །སྔ་དྲོར་ཉི་དཀྱིལ་རྣ་ལུང་འབྱུང་། །རླུང་དྲག་ལྡང་བར་འགྱུར་བ་ཡིན། །སྤྲེལ་དུས་ཉི་དཀྱིལ་རྣ་ལུང་འབྱུང་། །ཕྱི་ཉིན་ཆར་པ་འབབ་པའི་རྟགས། །ཉི་མའི་རྣ་ལུང་གཅིག་པ་ནི། །སྐར་མ་ཟུང་མིན་དག་ལ་འབྱུང་། །ཉི་མའི་རྣ་ལུང་གཉིས་པ་ནི། །སྐར་མ་ཟུང་ལ་འབྱུང་བ་ཡིན། །ཉིན་གུང་སྔོན་དུ་ཉི་མ་ནི། །མི་གསལ་གྱུར་ཚེ་བྱང་རླུང་ལྡང་། །ཉིད་གུང་རྗེས་སུ་ཉི་མ་ནི། །མི་གསལ་


LT41_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཚེ་རླུང་འབྱུང་ངོ་། །ཉི་དཀྱིལ་བསྒྲིབས་པ་བསལ་རྗེས་སུ། །རླུང་ཤུགས་ཉམས་པར་འགྱུར་བ་ཡིན། །སྔ་དྲོར་ཉི་མའི་མདོག་དཀར་ཞིང་། །ཕྱི་དྲོར་མདོག་ནི་དམར་གྱུར་ན། །བྱེ་མ་འདྲེས་པའི་རླུང་ལྡང་འགྱུར། །ཉི་ནུབ་དུས་སུ་དམར་གྱུར་ན། །ཆར་པ་མེད་ཅིང་རླུང་འབྱུང་ངོ་། །སྔ་དྲོར་ནམ་མཁའ་དྭངས་གྱུར་ན། །བསིར་བུ་ལྡང་བར་འགྱུར་བ་ཡིན། །སྔ་དྲོར་ས་གཞི་དྭངས་གྱུར་ན། །ཆར་འཇམ་འབབ་པར་འགྱུར་བ་ཡིན། །མཚན་མོར་ནམ་མཁའི་མདངས་གསལ་ན། །ཉིན་མཚན་སྦྲེལ་བའི་ཆར་པ་འབབ། །ཉི་མའི་གཟི་བྱིན་རབ་གསལ་ན། །རེ་ཞིག་ནམ་མཁའ་དྭངས་པ་འབྱུང་། །ཉི་མའི་འོད་ཟེར་འཆར་སྔ་ན། །ནམ་མཁའ་དྭངས་པ་རེ་ཞིག་ཙམ། །ཉི་མའི་འོད་འགྱུར་སེར་པོར་གྱུར། །ཕྱི་ཉིན་རླུང་དྲག་གཡོ་བར་འགྱུར། །ཉིན་ཕྱེད་རྗེས་སུ་སྤྲིན་པ་ཡིས། །ཉི་མ་སྒྲིབ་ན་མཚན་ཆར་ཆེ། །ཉེར་གཉིས་འཇའ་ཚོན་བརྟགས་པའི་རྩིས། །ཆར་པ་འབབ་བཞིན་འཇའ་ཟུག་ན། །ནམ་མཁའ་སྤྲིན་མེད་གསལ་བར་འགྱུར། །ཕྱི་དྲོ་འཇའ་ཡི་དུམ་བུ་ཤར། །ངེས་པར་གནམ་མདངས་འགྱུར་བར་བཤད། །སྔ་དྲོཏ་་འཇའ་ཡི་དུམ་བུ་ཤར། །རླུང་འབྱུང་གྱུར་ཀྱང་འགལ་བ་མེད། །ཉེར་གསུམ་སྨུག་པ་བརྟགས་པའི་རྩིས། །སྔ་དྲོར་སྨུག་པ་བྱུང་མ་ཐག །སྡུད་པར་གྱུར་ན་གནམ་མཐོང་འགྱུར། །སྔ་དྲོར་སྨུག་པ་རྒྱུན་རིང་འཐིབས། །ཆར་པ་སིལ་བུ་འབབ་


LT41_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཉིན་གསུམ་སྨུག་པ་སྟུག་པོར་འཐིབས། །ངེས་པར་རླུང་ཆེན་ལྡང་བར་འགྱུར། །འཇའ་དཀར་ཤར་བར་གྱུར་ན་ནི། །སྨུག་པ་སྟུག་པོ་སྡུད་པར་འགྱུར། །ཉེར་བཞི་གློག་འོད་བརྟགས་པའི་རྩིས། །ལྷོ་ནུབ་ཕྱོགས་སུ་གློག་འོད་འཁྱུགས། །ཕྱི་ཉིན་ཚ་བ་འཐིབས་པར་འགྱུར། །ནུབ་ཏུ་གློག་འོད་འཁྱུགས་གྱུར་ན། །ཆར་པ་རྒྱུན་རིང་འབབ་པར་འགྱུར། །འབྲུག་དུས་གློག་འོད་དྲག་པོ་འཁྱུགས། །ངེས་པར་རླུང་ཆེན་ལྡང་བར་འགྱུར། །གློག་འོད་འཆལ་བར་འཁྱུགས་གྱུར་ན། །ཆར་མེད་རླུང་ཡང་འཇགས་པར་འགྱུར། །གློག་འོད་སིལ་བུར་འཁྱུགས་གྱུར་ན། །ཆར་འབབ་རླུང་ཆེན་ལྡང་བར་འགྱུར། །ཉེར་ལྔ་དུས་མཚམས་ཉེར་བཞི་ལ། །ལོ་ཏོག་ལེགས་ཉེས་བརྟགས་པའི་རྩིས། །ཟླ་བ་དང་པོའི་ཚེས་གཅིག་ཉིན། །སྔ་དྲོའི་དུས་སུ་ཕྱོགས་བཞི་འཐིབས། ཁ་བ་ཆེ་ཞིང་ཐན་པའི་ལོ། །དཔྱིད་ཀྱི་དབུགས་ནི་ཐོབ་པའི་ཉིན། །ཉི་ཤར་ནས་བཟུང་ཉི་ནུབ་བར། །རླུང་མེད་ཁད་འཇམ་བྱུང་གྱུར་ན། །ཞིང་པས་དཀའ་ཚེགས་བྱེད་མི་དགོས། །ཟླ་བ་གཉིས་པའི་དུས་སུ་ནི། །འབུ་སྲིན་དག་གི་དབུགས་རྒྱུ་དུས། །འབྲུག་གྲགས་འབྲུ་རྣམས་འདམ་བཞིན་འགྱུར། །ཉིན་མཚན་མཉམ་པའི་ཉི་མ་ལ། །ཆར་བབས་ལོ་དེར་ནད་པ་ཉུང་། །ཟླ་བ་གཉིས་པ་འདི་ཡི་ནང་། །ཡོས་ཀྱི་ཉི་མ་གསུམ་བྱུང་ན། །གྲོ་སོགས་


LT41_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་རྣམས་སྨིན་པར་འགྱུར། །ཟླ་བ་གསུམ་པའི་དུས་སུ་ནི། །ཚེས་གཅིག་ནས་ནི་རླུང་ཆར་བྱུང་། །རིམས་ཀྱིས་འདེབས་ཤིང་མི་རྣམས་སྡུག །གནམ་དྭངས་ཞེས་བྱའི་ཉི་མ་ལ། །ལྷོ་ཡི་ཕྱོགས་ནས་རླུང་བྱུང་ན། །ངེས་པར་ཞིང་སའི་ལོ་ཏོག་སྨིན། །ཟླ་བ་བཞི་པའི་དུས་སུ་ནི། །དབྱར་གྱི་དབུགས་ཐོབ་ཉི་མ་ལ། །ཤར་ནས་རླུང་བྱུང་ནད་ཉུང་འགྱུར། །ཟླ་བ་འདི་ཡི་ཚེས་བརྒྱད་ལ། །ནམ་མཁའ་ཤིན་ཏུ་དྭངས་གྱུར་ན། །ཤིང་ཏོག་རྣམས་ནི་སྨིན་པར་འགྱུར། །ཤིང་ཕོ་བྱི་དང་ལྕགས་ཕོ་འབྲུག །འདི་གཉིས་ཉི་མར་འབྲུག་གྲགས་ན། །ཆ་གས་ལོ་ཏོག་ཟ་བར་འགྱུར། །ཟླ་བ་ལྔ་པའི་དུས་སུ་ནི། །སངས་རྒྱས་སྨན་བླའི་ཉི་མ་ལ། །ཆར་བབས་ལོ་ཏོག་ལེགས་པར་སྨིན། །མྱུར་འདེབས་ཞེས་བྱའི་དུས་ཀྱི་ཉིན། །འབྲུག་སྐད་གྲགས་ན་ལོ་ཏོག་བཟང་། །ཉི་མ་ལྡོག་ཉིན་ནུབ་བྱང་ནས། །རླུང་བྱུང་སྔོ་ཚོད་དག་ལ་ངན། །ཟླ་བ་དྲུག་པའི་དུས་སུ་ནི། །ཚད་དུས་གསུམ་གྱི་ཉིན་དག་ཏུ། །ལྷག་པར་ཚ་ན་འབྲུ་མི་སྨིན། །འདི་དུས་ནད་དག་མེད་གྱུར་ན། །དགུན་ཟླ་གསུམ་ལ་ཁ་བ་ཆེ། །ཟླ་བ་བདུན་པའི་དུས་སུ་ནི། །སྟོན་དབུགས་ཐོབ་པའི་ཉི་མ་ལ། །ཆར་པ་མེད་ན་སྡུག་བསྔལ་འབྱུང་། །ལོ་ཏོག་ཕྱེད་ཙམ་སྨིན་པ་ཡིན། །ཚ་བ་ཐོན་པའི་ཉི་མ་ལ། །ཆར་པ་བབས་པར་གྱུར་ན་ནི། །འབྲུ་རྣམས་ཐོགས་ཀྱང་ཕན་པ་མེད། །ཟླ་བ་བརྒྱད་པའི་


LT41_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ནི། །སྟོན་གྱི་ཉིན་མཚན་མཉམ་པའི་ཉིན། །སྤྲིན་དཀར་མང་བྱུང་འབྲུ་རྣམས་སྨིན། །ཉིན་མཚན་མཉམ་པའི་དུས་དེ་ལ། །འབྲུག་གྲགས་གློག་འཁྱུགས་བྱུང་ན་ངན། །དགུན་དུས་འབྲུ་རིན་ཆེ་བར་འགྱུར། །ཟླ་བ་དགུ་པའི་དུས་སུ་ནི། །ཚེས་གཅིག་སད་འབབ་ཞིང་བར་ངན། །ཚེས་དགུ་ཆར་པ་མ་བབས་ན། །དགུན་རིང་ཁབ་དཀོན་པར་འགྱུར། །འདི་དུས་ཟླ་དབུས་དཔང་ཐིག་འབྱུང་། །མི་ལ་ན་ཚ་སྣ་ཚོགས་འབྱུང་། །འདི་ཉིན་འབྲུག་གྲགས་སྔོ་ཚོད་རྣམས། །རིན་ཆེ་དཀོན་པར་འགྱུར་བ་ཡིན། །ཟླ་བ་བཅུ་པའི་དུས་སུ་ནི། །ཆུ་ཕོའི་ཁམས་ཀྱི་ཉི་མ་ལ། །དགུན་དབུགས་ཐོབ་པར་གྱུར་ན་ནི། །ཕྱི་ལོའི་ཞིང་ལས་དོན་མེད་འགྱུར། །འདི་ཉིན་ཆུ་ཕོ་བྱི་བར་འཕྲད། །མི་ལ་ནད་ཀྱིས་འདེབས་པར་འགྱུར། །ཟླ་བ་བཅུ་གཅིག་པ་ཡི་དུས། །ཚེས་གཅིག་ནུབ་ནས་རླུང་ལང་ན། །རྐུན་མ་མང་པོས་ལྡང་འགྱུར་ཞིང་། ཁ་བ་ཆེ་ལ་བར་ཆད་མང་། །དགུན་ཉི་ལྡོག་པའི་ཉི་མ་ལ། །གནམ་ཁད་འཇམ་ཞིང་ཉི་མདངས་བཟང་། །ཕྱི་ལོར་མི་རྣམས་བདེ་བ་དང་། །སྐྱ་རྒྱལ་འབྱུང་བས་བཟང་བ་ཡིན། །ཟླ་བ་བཅུ་གཉིས་པ་ཡི་དུས། །ཚེས་གཅིག་ཤར་རླུང་ལང་གྱུར་ན། །ཕྱུགས་ལ་གོད་ཁ་འབྱུང་བར་འགྱུར། །འདི་ཉིན་རླུང་དང་ཁ་བ་ཆེ། །ཕྱི་ལོ་ཐན་པའི་ལོ་རུ་འགྱུར། །འདི་ཉིན་ནམ་མཁའ་


LT41_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་བྱུང་ན། །ཞིང་པ་སེམས་བདེར་བསྡད་པས་ཆོག །ཉེར་དྲུག་སྟག་ཟླའི་ཚེས་གཅིག་ཉིན། །རླུང་ཆར་འཐིབས་དྭངས་བརྟགས་པའི་རྩིས། །ཟླ་བ་དང་པོའི་ཚེས་གཅིག་ལ། །གནམ་གྱི་ཁད་ནི་འཇམ་གྱུར་ན། །དུས་ཚོད་ཀུན་ཏུ་བཟང་བ་ཡིན། །རྒྱལ་ཁམས་བདེ་ཞིང་འབངས་ཀྱང་སྐྱིད། །འབྲུ་སྣ་ལྔ་རྣམས་ཤིན་ཏུ་འཕེལ། །མི་ལ་ནད་ཉུང་དུད་འགྲོ་འཕེལ། །རྐུན་མ་དག་ནི་ཉམས་པར་འགྱུར། །འདི་ཉིན་ཆར་པ་བབས་གྱུར་ན། །མི་ལ་ནད་འབྱུང་ཆར་ཞོད་ཆེ། །དུད་འགྲོ་མི་འཕེལ་ཤིང་ཏོག་བྲུལ། །འདི་ཉིན་གློ་བུར་རླུང་ཆེན་ལངས། །ངེས་པར་རྐུན་མས་སྡང་བར་འགྱུར། །གསར་རྨོས་སར་བཏབ་སྨིན་མི་འགྱུར། །ཕྱུགས་ལ་ཕྱུགས་ནད་འབྱུང་བ་དང་། །ཆར་དཀོན་ཐན་པ་འབྱུང་བ་ཡིན། །སྔོ་ཚོད་དག་ཀྱང་ཉུང་བར་འགྱུར། །འདི་ཉིན་ཁ་བ་ཆེར་བབས་ན། །འབྲུ་རྣམས་འཕེལ་ཀྱང་ནོར་ལུག་ངན། །ཤིང་ཐོག་སྡོང་པོར་མེ་ཏོག་ཉུང་། །འབྲུ་རྣམས་མོད་པར་འགྱུར་བ་ཡིན། །གོས་སྲིན་ཉུང་ཞིང་ཤིང་ཏོག་ཀྱང་། །ཉུང་ལ་སྔོ་ཚོད་མང་བ་དང་། །བུད་མེད་དག་ལ་ནད་རིམས་འབྱུང་། །འདི་ཉིན་སྨུག་པ་ཆེར་འཐིབས་ན། །ལོ་འདིར་སྐྱེས་པའི་བུ་ཆུང་ལ། །ནད་འབྱུང་གོས་ཀྱི་སྲིན་བུ་འཕེལ། །ཆར་བ་སྙོམ་པོ་འབྱུང་བ་ཡིན། །འདི་ཉིན་ཆར་བབས་གློག་འགྱུ་ན། །སྡུག་འདྲེ་རྐུན་མ་མང་བ་ཡིན། །མི་ལ་རྨ་འབྱུང་


LT41_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཡམ་པ་འབྱུང་། །ཟླ་བ་འདི་ལ་གློག་འཁྱུགས་ན། །དུས་ཚོད་འཆོལ་བར་འགྱུར་བ་ཡིན། །ཐབས་ཆ་ཤེས་ཆ་གོ་ལོག་ཡིན། །ཚེས་མགོར་གློག་འགྱུ་མི་ལ་ངན། །འདི་ཉིན་བྱེ་འདྲེས་རླུང་ཆར་བྱུང་། །གོས་ཆེན་དཀོན་ཅིང་ཞིང་ས་སྟོང་། །འདི་ཉིན་ཕྱོགས་བཞིར་མདངས་སེར་ན། །ལོ་ཏོག་སྨིན་ཅིང་མདོག་དཀར་ན། །ངན་ལ་མདོག་སྔོ་ཆ་ག་མང་། །མདངས་དམར་ཐན་པ་འབྱུང་བ་ཡིན། །མདངས་ནག་ཆར་ཞོད་ཆེན་པོ་འབྱུང་། །འདི་ཉིན་སྔ་དྲོར་ནུབ་རླུང་འབྱུང་། །འབུ་སྲིན་མང་བར་འགྱུར་བ་ཡིན། །བྱང་རླུང་བྱུང་ན་སྲན་མ་འཕེལ། །སྟོན་དུས་ཆར་པ་མང་བར་འགྱུར། །ལྷོ་རླུང་བྱུང་ན་ཐན་པའི་རྟགས། །ཟླ་བ་ལྔ་པར་ཁྲེས་དཀོན་འགྱུར། །ལྷོ་ནུབ་རླུང་བྱུང་ས་རྨོ་རུང་། །ནོར་ལུག་དག་ལ་ས་དུག་ཕོག །འབངས་མི་དག་ལ་ནད་འབྱུང་ངོ་། །གཞན་ཡང་དང་པོའི་ཚེས་གཅིག་གི། སྔ་དྲོ་ནས་བཟུང་ཉི་གུང་བར། །སྤྲིན་དང་ཆར་པ་མེད་གྱུར་ན། །ལོ་ཏོག་སྔ་བར་སྨིན་པ་འབྱུང་། །སྔ་དྲོ་ནས་བཟུང་ཉི་ནུབ་བར། །སྤྲིན་དང་ཆར་པ་མེད་གྱུར་ན། །མེ་ཏོག་འཕྱིས་པར་སྨིན་པ་འབྱུང་། །ཤར་ཕྱོགས་རླུང་ནག་བྱུང་གྱུར་ན། །དཔྱིད་ཀ་ཆར་པ་མོད་པ་ཡིན། །སྤྲིན་སྔོན་བྱུང་ན་འབངས་རྣམས་ལྟོག །མི་དག་མི་བདེ་སྡུག་བསྔལ་མང་། །སྤྲིན་དཀར་བྱུང་ན་མྱ་ངན་འབྱུང་། །ལྷོ་ཕྱོགས་སྤྲིན་ནག་བྱུང་གྱུར་ན། །དབྱར་


LT41_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཆར་པ་མང་བ་ཡིན། །སྤྲིན་པ་དམར་པོ་བྱུང་གྱུར་ན། །ཟླ་བ་ལྔ་པར་ཐན་པ་འབྱུང་། །ཟླ་བ་དྲུག་པའི་ནང་དུ་ནི། །ཆར་པ་ཚིམ་པར་འབབ་པ་ཡིན། །ནུབ་ཏུ་སྤྲིན་ནག་ལང་གྱུར་ན། །སྟོན་དུས་ཆར་པ་མང་པོ་འབབ། །སྤྲིན་དཀར་སྟོན་དུས་མི་མི་བདེ། །ནུབ་བྱུང་སྤྲིན་ནག་བྱུང་གྱུར་ན། ཁ་ཆར་མང་པོ་འབབ་པར་འགྱུར། །ཉེར་བདུན་གནམ་གྱི་ཁམས་བཅུའི་རྩིས། །ཟླ་བ་དང་པོའི་ཚེས་གཅིག་ཉིན། །ཤིང་ཕོ་འབྲུ་མོད་མི་མི་བདེ། །ཤིང་མོ་འབྲུ་དཀོན་མི་ནད་འབྱུང་། །མེ་ཕོ་ཞག་པོ་བཞི་བཅུའམ། །ཟླ་བཞིའི་བར་དུ་ཐན་པ་འབྱུང་། །མེ་མོ་སྐུད་པ་སྲོ་མ་དཀོན། །ས་ཕོ་འབྲུ་གྲོ་ཉ་ཚ་དཀོན། །ཐན་པ་འབྱུང་ཞིང་ས་མོ་འཕྲད། །གོས་སྲིན་འབྲུ་དཀོན་རླུང་ཆར་མང་། །ལྕགས་ཕོ་ལྕགས་ཉུང་ལོ་ཏོག་འཁྲུངས། །མི་ལ་ནད་འབྱུང་ལྕགས་མོ་ལ། །ཏིལ་གྲོ་དཀོན་ལ་ལོ་ཏོག་སྨིན། །ཆུ་ཕོ་དང་འཕྲད་འབྲུ་གྲོ་མོད། །དར་རས་སྲན་དཀོན་ཆུ་མོ་ལ། །ལོ་ཏོག་དག་ལ་གནོད་པ་འབྱུང་། །མི་ལ་ནད་དང་ཆར་པ་མང་། །ཉེར་བརྒྱད་ཁམས་ལྔ་བྱི་བའི་བརྟགས། །ཟླ་བ་དང་པོའི་ཡར་ཚེས་ལ། །ཤིང་བྱི་བྱུང་ན་ལོ་ཏོག་བཟང་། །མེ་ཕོ་བྱི་བར་ཐན་པ་འབྱུང་། །ས་ཕོ་བྱི་བར་ཆ་ག་མང་། །ལྕགས་བྱི་ལ་ནི་སོས་མི་བདེ། །ཆུ་ཕོ་བྱི་བར་ཆར་ཞོད་ཆེ། །ཉེར་དགུ་གླང་འབྲུག་བརྟགས་པའི་རྩིས། །དང་པོའི་གཅིག་ནས་བཅུ་གཉིས་ཚུན། །སྔོན་དུས་ཉུང་


LT41_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་མ་མང་། །གླང་ནི་ས་ནི་གསོས་ཡིན་ཕྱིར། །ཇི་ཙམ་མང་བ་སོས་བུད་སྔ། །ས་བཅུད་འཕེལ་ཞིང་དགེ་བར་ཐོས། །སྟོན་མཇུག་རིང་ལ་འབྱོར་པ་རྒྱས། །བརྒྱད་ཕྱིན་རབ་ལ་བཞི་ཚུན་ཐ། །འབྲིང་པོ་བར་གྱི་རིགས་པས་ཤེས། །འདི་ཡིས་ས་ཆ་སྟོད་སྨད་དང་། །སོས་བུད་སྔ་ཕྱི་བར་ཡང་རྟོགས། །འབྲུག་ནི་གནམ་ལྷ་གནམ་གྱི་གསོས། །རྒྱ་མཚོ་ལས་ནི་ཆུ་འཐུངས་ནས། །མཁའ་ལས་ཆར་པ་འབེབས་ཞེས་གྲགས། །ཇི་ཙམ་མང་བ་ཆར་ཆེ་ཡང་། །ས་བཅུད་མཁའ་ལ་འཁུར་བས་ངན། །བརྒྱད་ཕྱིན་ལྕེ་འབབ་སེར་བས་འཇིག། ལྔ་ཚུན་ཆར་དཀོན་དྲུག་བདུན་སྙོམས། །སུམ་ཅུ་དུས་བཞི་ཤིང་བྱིའི་རྩིས། །དཔྱིད་ཀྱི་ཤིང་བྱིར་ཆར་བབས་ན། །ཆར་འབེབས་ནོར་ལུག་འཁྱགས་པས་འཆི། །ཆུ་དམར་དཔག་ཚད་སྟོང་ཕྲག་འཕྱུར། །དབྱར་གྱི་ཤིང་བྱིར་ཆར་བབས་ན། །ཆར་པ་རབ་ཆེ་ལམ་སྲང་དུ། །གྲུ་གཏོང་དགོས་འོང་སྟོན་དུས་ཀྱི། །ཤིང་བྱིར་ཆར་འབེབས་འབྲུ་མི་སྨིན། །དགུན་ཀར་ཤིང་བྱིར་ཆར་བབས་ན། ཁ་བ་ས་ལེ་བར་སྟོང་འབབ། །གླང་ལུག་ལྷག་པས་འཆི་བའང་བཤད། །སོ་གཅིག་འབྲུག་སྐད་བརྟགས་པའི་རྩིས། །འབྲུག་སྐད་ཐོག་མར་བྱང་ཤར་བྱུང་། །འབྲུ་མོད་ཤར་ཕྱོགས་ལོ་ཏོག་བཟང་། །ཤར་ལྷོར་གྲགས་ན་འབུ་སྲིན་མང་། །ལྷོ་ཕྱོགས་ནས་གྲགས་ཐན་པ་འབྱུང་། །ལྷོ་ནུབ་གྲགས་ན་ཆ་ག་མང་། །


LT41_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་གྲགས་ན་གསེར་ལྕགས་དཀོན། །ནུབ་བྱང་ནས་གྲགས་རྒྱལ་ཁམས་རྣམས། །བདེ་ཡང་མི་ནད་འབྱུང་བར་ཐོས། །བྱང་དུ་གྲགས་ན་ཆར་པ་མང་། །གཞན་ཡང་དང་པོར་འབྲུག་གྲགས་ན། །མི་ལ་མི་དགའ་དུ་མ་འབྱུང་། །སྟོན་དུས་འབྲུག་མང་འབྲུ་མི་སྨིན། །དགུན་དུས་འབྲུག་གྲགས་འབྲུ་སྨིན་ཡང་། །མི་ལ་ངན་ཅིང་དམག་འཁྲུགས་འབྱུང་། །སོ་གཉིས་དཔྱིད་ཀྱི་དབུགས་ཐོབ་བརྟགས། །དཔྱིད་དབུགས་ཐོབ་པའི་ཉི་མ་ལ། །ནམ་མཁའ་དྭངས་ན་རྩི་བཅུད་འཁྲུངས། །འདི་ཉིན་གནམ་འཐིབས་ཆར་བབས་ན། །ཆར་ཞོད་ཆེ་ལ་ཤར་ཕྱོགས་སུ། །ལང་ལོང་སྤྲིན་བྱུང་ལོ་ཏོག་བཟང་། །ཤར་རླུང་འབྲུ་མོད་མི་རྣམས་བདེ། །ནུབ་ནས་རླུང་བྱུང་ཐན་པ་འབྱུང་། །འབྲུ་དཀོན་རྐུན་པོ་དག་ཀྱང་མང་། །ལྷོ་རླུང་བྱུང་ན་དུད་འགྲོ་བདེ། །བྱང་ནས་རླུང་བྱུང་ཆུ་བོར་ནུབ། །ཁྱད་པར་དཔྱིད་ཀྱི་དབུགས་ཐོབ་ཉིན། །ཉི་མ་ཁམས་འཕྲད་བལྟ་བར་བྱ། །ཤིང་ཕོའམ་ཤིང་མོ་དང་འཕྲད་ན། །ལོ་ཏོག་ཡོངས་སུ་སྨིན་པ་འབྱུང་། །མེ་ཕོ་མེ་མོ་དང་འཕྲད་ན། །ལོ་ཏོག་ལ་ནི་ཐན་པ་འབྱུང་། །ས་ཕོ་ས་མོ་དང་འཕྲད་ན། །ལོ་ཏོག་ལ་ནི་གནོད་པ་འབྱུང་། །ལྕགས་ཕོ་ལྕགས་མོ་དང་འཕྲད་ན། །མི་རྣམས་ལ་ནི་བདེ་བ་མེད། །ཆུ་ཕོ་ཆུ་མོ་དང་འཕྲད་ན། །ཆར་ཞོད་ཆེན་པོ་འབྱུང་བ་ཡིན། །སོ་གསུམ་དཔྱིད་དུས་མཉམ་པའི་རྩིས། །དཔྱིད་ཀྱི་ཉིན་མཚན་མཉམ་པའི་ཉིན། །ཤར་ཕྱོགས་སྤྲིན་སྔོན་གྲོ་འཕེལ་ལ། །སྤྲིན་


LT41_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གནམ་ཐད་འབྲུ་མི་རྒྱས། །མི་ལ་ཚ་བའི་ནད་ཀྱང་འབྱུང་། །ནུབ་རླུང་གྲོ་དཀོན་ཐན་པས་ཉེན། །ཤར་རླུང་གྲོ་མོད་འབྲུ་གཞན་འབྲིང་། །ལྷོ་རླུང་བྱུང་ན་སྣྲོན་ཟླའི་ནང་། །སྔོན་དུ་ཆར་ཆེ་རྗེས་སུ་འཚིག། བྱང་ནས་རླུང་བྱུང་འབྲུ་རྣམས་དཀོན། །སོ་བཞི་དབྱན་དབུགས་ཐོབ་པའི་བརྟགས། །འདི་ཉིན་ཤིན་ཏུ་གནམ་མཐོང་ན། །ལོ་འདིར་ངེས་པར་ཐན་པ་འབྱུང་། །ཤར་རླུང་བྱུང་ན་འབྲུ་རྣམས་སྨིན། །མི་ཡང་བདེ་ཞིང་ལྷོ་རླུང་བྱུང་། །མི་ལ་ནད་འབྱུང་མྱུ་གུ་སྐམ། །ནུབ་རླུང་ནོར་ལུག་ནད་ཡམས་འབྱུང་། །བྱང་རླུང་ཆུ་བོར་ཉ་སྲིན་མང་། །ཡང་ན་སྦྲུལ་དུས་ཤར་ནུབ་རླུང་། །ཉིན་བཅུ་མཁའ་མདངས་སྔོན་པོ་འཆར། །ཤར་ལྷོར་རླུང་བྱུང་ལོ་འདིར་ཚ། །མཁའ་མདངས་སྔོན་པོ་མ་ཤར་ན། །ལོ་འདིར་རླུང་ཆེན་མང་བར་བཤད། །ཉིན་བཅུའི་ནང་དུ་ངེས་པར་འབྱུང་། །འབྲུ་དག་ལ་གནོད་བྱང་རླུང་བྱུང་། །ཆུ་མིག་ལུད་ཅིང་ས་འགུལ་འབྱུང་། །མི་ལ་ནད་མང་ནུབ་རླུང་བྱུང་། །ཆ་ག་མང་འཕེལ་མི་ནད་འབྱུང་། །ཤར་རླུང་བྱུང་ཞིང་འབྲུག་གྲགས་ན། །དུས་མ་ཡིན་པར་ཐོག་ཀྱང་འབབ། །སོ་ལྔ་དབྱར་གྱི་ཉི་ལྡོག་རྩིས། །འདི་ཉིན་མེ་སྟག་ཉི་མའམ། །མེ་ཡོས་འཕྲད་ན་འབྲུ་རྣམས་དཀོན། །ཉིན་གུང་རྟ་དུས་ལྷོ་ངོས་སུ། །སྤྲིན་དམར་རྟ་ཡི་དབྱིབས་ཅན་བྱུང་། །དེ་ལ་ལི་ཡི་དཀྱིལ་འཁོར་གྱི། །རང་མདངས་ཞེས་ཟེར་འབྲུ་སྣ་ལྔ། །མང་


LT41_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕེལ་ཞིང་སྤྲིན་དམར་པོ། །རྟ་ཡི་དབྱིབས་དེ་མ་བྱུང་ན། །ཁྲེས་རིགས་ལྔ་པོ་སྨིན་མི་འགྱུར། །མི་ལ་མིག་ནད་ཐན་པ་འབྱུང་། །ལྷོ་རླུང་བྱུང་ན་ཚ་བ་ཆེ། །བྱང་ནས་རླུང་བྱུང་རི་ཁ་ཡི། །ལོ་ཏོག་རྣམས་ནི་ཐན་པས་གདུང་། །ལྷོ་ནུབ་རླུང་བྱུང་མི་ནད་དང་། །ཆུ་སྟོད་ཟླ་བར་ཆར་ཞོད་ཆེ། །ནུབ་རླུང་སྟོན་དུས་ཆར་པ་ཆེ། །ཤར་རླུང་ཟླ་བ་བརྒྱད་པའི་ནང་། །མི་ལ་ན་ཚ་འབྱུང་བའི་ལྟས། །བྱང་རླུང་འབྲུ་རྣམས་ཤིན་ཏུ་དཀོན། །ནམ་གྱི་གང་དེར་རླུང་ཆར་བྱུང་། །ཕྱི་ལོར་འབྲུ་རྣམས་དཀོན་པར་འགྱུར། །སོ་དྲུག་སྟོན་དབུགས་ཐོབ་པའི་རྩིས། །འདི་ཉིན་འབྲུག་གྲགས་ལོ་མི་སྨིན། །ཆར་པ་བབས་ན་སྔོ་ཚོད་བཟང་། །ཤར་རླུང་ནད་འབྱུང་རྩྭ་ལྡུམ་བཟང་། །ལྷོ་རླུང་སྟོན་དུས་ཐན་པ་འབྱུང་། །ནུབ་ནས་རླུང་བྱུང་ཆར་པ་ཆེ། །བྱང་རླུང་བྱུང་ན་ཆར་སྤྲིན་མང་། །སྤྲེལ་གྱི་དུས་སུ་ལྷོ་ནུབ་ནས། །སྤྲིན་དམར་བྱུང་ན་འབྲུ་འབྲིང་ཙམ། །སྤྲིན་པ་མེད་ན་འབྲུ་མི་སྨིན། །ས་འགུལ་ཕྱི་ལོར་ནོར་ལུག་འཆི། །སད་འབབ་པ་ཡི་ཉིན་རྗེས་མར། །གལ་ཏེ་སད་ནི་བབས་པ་ན། །དགུན་ཉི་ལྡོག་རྗེས་ཁ་ཆར་དང་། །རླུང་དང་གྲང་འཁྱག་འབྱུང་བར་འགྱུར། །ཁྲུམས་ཟླའི་ཚེས་གཅིག་གནམ་འཐིབས་ན། །ཕྱི་ལོར་ལོ་ཏོག་ཤིང་ཏོག་ལེགས། །དེ་ཡི་རྗེས་ལོར་ཐན་པ་འབྱུང་། །སྟོན་གྱི་བྱི་བའི་ཉི་མ་ལ། །ཆར་པ་བབས་ན་སྟོན་དུས་དེར། །ཞག་མ་དྲུག་ཅུའི་བར་དུ་འབབ། །ཟླ་བ་དགུ་པའི་ཚེས་


LT41_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་ཉིན། །ཆར་པ་སྡུད་པའི་དུས་ཡིན་ཀྱང་། །འདི་ཉིན་ཆར་བབས་ཕྱི་ལོར་བཟང་། །སོ་བདུན་སྟོན་གྱི་ཉིན་མཚན་མཉམ། །གནམ་མཐོང་བྱུང་ན་འབྲུ་མི་སྨིན། །ཉུང་ངུར་འབབ་ཅིང་འཐིབས་ན་བཟང་། །འདི་ཉིན་བྱ་ཡི་དུས་ཚོད་ལ། །རླུང་ལྡང་སྤྲིན་དཀར་ལུག་གི་དབྱིབས། །བྱུང་ན་རང་མདངས་ཤར་བ་ཡིན། །འབྲས་རྣམས་འཁྲུངས་སོ་མདངས་དཀར་པོ། །འཁྲུག་ཅིང་མི་གསལ་གྱུར་ན་ཏིལ། །འཁྲུངས་པར་བཤད་ལ་སད་འབབ་ན། །ཕྱི་ལོའི་དབོ་ཟླར་མི་ནད་མང་། །ཤར་རླུང་འབྲུ་རྣམས་མི་སྨིན་དཀོན། །ནུབ་རླུང་མི་དང་ལོ་ཏོག་རྒྱས། །ནུབ་བྱང་རླུང་བྱུང་འབྲུ་འཕྲོག་འགྱུར། །ཤར་ལྷོར་རླུང་བྱུང་རླུང་དྲག་གཡོ། །མགོ་ཟླར་རྒྱུན་བར་གནམ་འཐིབས་འགྱུར། །བྱང་ནས་རླུང་བྱུང་གྲང་ལྷག་ཆེ། །ཚེས་གཅིག་ལྷོ་རླུང་བྱུང་ན་ངན། །ནུབ་རླུང་བྱས་ན་ས་ལས་བཟང་། །སོ་བརྒྱད་དགུན་དབུགས་ཐོབ་པའི་རྩིས། །འདི་ཉིན་མེ་ཁམས་དང་འཕྲད་ཅིང་། ཁ་ཆར་མེད་ན་ལོ་འདིར་དྲོ། །ཕྱི་ལོར་ཐན་པ་དག་ཀྱང་འབྱུང་། །ཤིང་ཁམས་སམ་ནི་ཆུ་ཁམས་འཕྲད། །ཕྱི་ལོར་དཔྱིད་དུས་ཆར་པ་མང་། །ཤིང་ཏོག་སྡོང་པོར་མེ་ཏོག་ཤར། །དེ་ཡི་རྗེས་ལོར་ཐན་པ་དང་། །ཤར་རླུང་དག་ཀྱང་འབྱུང་བར་བཤད། །ལྷོ་རླུང་བྱུང་ན་ཕྱི་མའི་ལོར། །ཟླ་བ་ལྔ་པར་མི་ནད་འབྱུང་། །ནུབ་རླུང་ངན་ཅིང་བྱང་རླུང་བྱུང་། །དུད་འགྲོ་འཁྱག་འཆི་ཁ་བ་ཆེ། །


LT41_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་སྤྲིན་དཀར་རྟའམ་འབྲུག །དབྱིབས་ཅན་བྱུང་ན་ཏིལ་རྣམས་སྨིན། །རྟ་འབྲུག་ལྟ་བུའི་སྤྲིན་མེད་ན། །ཕྱི་ལོའི་ཟླ་བ་བཞི་པ་ལ། །གྲང་ལྷག་ཆེ་ཞིང་མི་ནད་འབྱུང་། །དགུན་དུས་འབྲུག་གྲགས་དེ་ཡང་ངན། །སོ་དགུ་དགུན་ཉི་བྱང་བགྲོད་རྩིས། །འདི་ཉིན་ཆུ་ཕོ་དང་འཕྲད་ན། །ས་ལ་བར་སྟོང་ཐན་པ་འབྱུང་། །དེ་ཡི་ཕྱི་ཉིན་ཆུ་ཁམས་དང་། །འཕྲད་ན་ཐན་པ་ཆུང་བ་ཡིན། །ཉི་མ་གསུམ་པར་ཆུ་ཁམས་དང་། །འཕྲད་ན་ཐན་པ་ཆེ་བ་ཡིན། །བཞི་པར་ཆུ་ཁམས་ཁྲེས་རིགས་སྨིན། །ལྔ་བར་ཆུ་ཁམས་ཆུ་ཀླུང་ཆུང་། །དྲུག་པར་ཆུ་ཁམས་ཆུ་རྣམས་ཆེ། །བདུན་པར་ཆུ་ཁམས་ཆུ་བོ་ལུད། །བརྒྱད་པར་ཆུ་ཁམས་རྒྱ་མཚོ་ལུད། །དགུ་པར་ཆུ་ཁམས་ཚ་བ་ཆེ། །ཉི་མ་བཅུ་དང་བཅུ་གཅིག་དང་། །བཅུ་གཉིས་རྣམས་ལ་ཆུ་ཁམས་ཡོད། །ཁྲེས་རིགས་ལྔ་པོ་སྨིན་མི་སྲིད། །གལ་ཏེ་དགུན་ཉི་ལྡོག་པའི་ཉིན། །རླུང་དང་གྲང་ལྷག་ཆེ་བ་ན། །ཕྱི་ལོར་འབྲུ་བཅུད་ཤིན་ཏུ་བཟང་། ཤར་རླུང་བྱུང་ན་མི་ནད་དང་། །བ་གླང་མང་པོ་འཆི་བར་འགྱུར། །ལྷོ་རླུང་འབྲུ་དཀོན་བྱང་རླུང་ལ། །ལོ་ཏོག་སྨིན་ཅིང་ནུབ་རླུང་བྱུང་། །ལོ་ཏོག་རབ་སྨིན་མི་རྣམས་བདེ། །བྱང་ན་སྤྲིན་པ་སྔོན་པོ་ཡོད། །ཕྱི་ལོར་འབྲུ་ལེགས་སྤྲིན་མེད་ངན། །སྤྲིན་དམར་བྱུང་ན་ཐན་པའི་རྟགས། །སྤྲིན་ནག་ཡོད་ན་ཆར་previous hit ཆུ་ཆེ། །སྤྲིན་དཀར་ལ་ནི་མི་ནད་འབྱུང་། །སྤྲིན་སེར་ཨར་པོ་བྱེད་པ་བཟང next hit་། །བཞི་བཅུ་


LT41_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གཉིས་འགུལ་བའི་རྩིས། །བྱི་དུས་གཡོན་འགུལ་མི་ཆེན་འཕྲད། །གཡས་པ་འགུལ་ན་བཟའ་བཏུང་རྙེད། །གླང་དུས་གཡོན་པ་མྱ་ངན་འོང་། །གཡས་པས་གཞན་གྱིས་རང་ལ་སེམས། །སྟག་དུས་གཡོན་པར་ཐག་རིང་གི། །མགྲོན་པོ་འོང་ལ་གཡས་བཀྲ་ཤིས། །ཡོས་དུས་གཡོན་པ་ཡ་རབ་ཀྱི། །མགྲོན་པོ་འོང་ཞིང་གཡས་པ་འབྲིང་། །འབྲུག་དུས་གཡོན་པར་རིང་མགྲོན་འོང་། །གཡས་པ་རྐྱེན་ངན་འཚེ་བའི་ངོ། །སྦྲུལ་དུས་གཡོན་པ་བཟའ་བཏུང་ཐོབ། །གཡས་པ་འགུལ་ན་བཀྲ་མི་ཤིས། །རྟ་དུས་གཡོན་པར་ཟས་ཆང་དང་། །འཕྲད་ཅིང་གཡས་བར་འཚེ་བ་འབྱུང་། །ལུག་དུས་གཡོན་པར་བཀྲ་ཤིས་ཤིང་། །གཡས་པར་དགའ་བ་ཆུང་ངུར་འོང་། །སྤྲེལ་དུས་གཡོན་པ་ནོར་རྫས་ཐོབ། །གཡས་པས་བུད་མེད་རང་ལ་སེམས། །བྱ་དུས་གཡོན་པར་མགྲོན་པོ་འོང་། །གཡས་པ་ལ་ཡང་ཉེ་དུ་འོང་། །ཁྱི་དུས་གཡོན་པར་མགྲོན་པོ་སླེབས། །གཡས་པར་མི་མང་འདུ་ཚོགས་འོང་། །ཕག་དུས་གཡོན་པར་མགྲོན་བཟང་འོང་། །གཡས་པར་དཔོན་པོའི་དོན་ཞིག་འོང་། །ཆན་ལས་འོང་། སྣང་། །ཞེ་གཅིག་རྣ་བ་ངུ་བའི་རྩིས། །བྱི་དུས་རྣ་བ་གཡོན་པ་དུ། །བུད་མེད་ཀྱིས་ནི་རང་ལ་སེམས། །གཡས་པ་དུ་ན་སྟོར་བརླག་འོང་། །གླང་དུས་གཡོན་པར་ཁམ་ཆུའི་ངོ། །གཡས་པ་ལ་ཡང་རྩོད་པའི་ངོ་། །སྟག་


LT41_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཡོན་བར་བོར་སྟོར་ངོ་། །གཡས་བར་དུ་ན་བྲེལ་བ་འོང་། །ཡོས་དུས་གཡོན་པར་སེམས་སྡུག་འོང་། །གཡས་པ་ལ་ནི་མགྲོན་པོ་སླེབས། །འབྲུག་དུས་གཡོན་པར་ཐག་རིང་དུ། །འགྲོ་དགོས་གཡས་པར་མགྲོན་པོ་འོང་། །སྦྲུལ་དུས་གཡོན་ངན་གཡས་པ་དགེ། །རྟ་དུས་གཡོན་པར་རིང་མགྲོན་འོང་། །ཐག་རིང་སྐད་ཐོས། མཆན། གཡས་པ་ལ་ནི་གཉེན་བཤེས་འོང་། །ལུག་དུས་གཡོན་པར་བཟའ་བཏུང་དང་། །གཡས་པར་ཐག་རིང་མི་གཅིག་འོང་། །སྤྲེལ་དུས་གཡོན་པར་འགྲོ་དགོས་འོང་། །གཡས་པ་ལ་ནི་དགའ་བ་ཐོབ། །བྱ་དུས་གཡོན་པར་སྟོར་བརླག་འོང་། །གཡས་པ་ལ་ནི་དགེ་བར་བཤད། །ཁྱི་དུས་གཡོན་པར་ཤ་ཆང་འོང་། །གཡས་པ་ལ་ནི་མགྲོན་པོ་སླེབས། །ཕག་དུས་གཡོན་པར་བཀྲ་ཤིས་འབྱུང་། །གཡས་པ་ལ་ཡང་ཟས་ཆང་ཐོབ། །ཞེ་གཉིས་རྣ་བ་ཚ་བའི་རྩིས། །བྱི་བའི་དུས་ལ་ཧྭ་ཤང་ནི། །ཏོའུ་སི་ཡོང་སན་གྲོས་ཀ་བྱེད། །གླང་དུས་བཀྲ་ཤིས་སྟག་ཟས་ཆང་། །ཡོས་དུས་ཐག་རིང་མགྲོན་པོ་འཕྲད། །འབྲུག་དུས་ནོར་རྙེད་སྦྲུལ་དུས་ལ། །ནོར་སྟོར་བྱ་བའི་ལས་མི་འགྲུབ། །རྟ་དུས་བཀྲ་ཤིས་ལུག་དུས་སུ། །མགྲོན་པོ་འོད་ནས་ཞུ་བ་བྱེད། །སྤྲེལ་དུས་དགའ་སྟོན་འཚོགས་པའི་ངོ་། །བྱ་དུས་གཉེན་བྱེད་ཁྱི་དུས་འཐབ། །ཕག་དུས་ལ་ནི་གཏུག་གཤེར་ངོ། །ཞེ་གསུམ་གདོང་ལ་ཚ་དྲོད་སྐྱེ། །བྱི་དུས་བཀྲ་ཤིས་ནོར་ཡང་


LT41_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། །གླང་དུས་མྱ་ངན་སྟག་གི་དུས། །ཐག་རིང་མགྲོན་འཕྲད་ཡོས་དུས་ལ། །ཕྱི་ཡི་མི་འོང་ཟས་ཆང་ངོ་། །འབྲུག་དུས་ཐག་རིང་མགྲོན་དང་ཐུག །སྦྲུལ་དུས་གལ་ཆེའི་མི་དང་འཕྲད། །རྟ་དུས་ཉེ་དུ་དང་མཉམ་དུ། །འདུ་པའི་ངོ་ཡིན་ལུག་གི་དུས། །གཏུག་གཤེར་སྤྲེལ་དུས་མི་བཟང་འཕྲད། །བྱ་དུས་མི་བཟང་ཚུར་འཕྲད་འོང་། །ཁྱི་དུས་ཟས་ཆད་སྐྱེལ་མཁན་འོང་། །ཕག་དུས་གཏུག་གཤེར་མི་བདེ་འབྱུང་། །ཞེ་བཞི་ལུས་ཀྱི་ཤ་འཕྲིགས་བརྟགས། །བྱི་དུས་མཐོན་པོའི་མི་འོང་བཟང་། །གླད་དུས་རང་ལུས་བདེ་མི་འོང་། །སྟག་དུས་འཚེ་བ་མི་མངོན་ཏེ། །སླར་བཟང་ཡོས་དུས་ནོར་རྫས་ཐོབ། །འབྲུག་དུས་ནད་ངོ་སྦྲུལ་གྲོགས་འཕྲད། །རྟ་དུས་སེམས་ལས་ཐེ་ཚོམ་འབྱུང་། །ལུག་དུས་ནོར་རྙེད་བཀྲ་ཤིས་ངོ་། །སྤྲེལ་དུས་གྱོད་ངོ་འཛེམ་ན་བཟང་། །བྱ་དུས་ནོར་སྟོར་འཚེ་བའི་ངོ་། །ཁྱི་དུས་ཐག་རིང་མགྲོན་འོང་བཟང་། །ཕག་དུས་བྱ་བ་བཀྲ་ཤིས་དགེ། །ཞེ་ལྔ་གློ་བུར་སེམས་འཕར་བརྟགས། །བྱི་དུས་བུད་མེད་ཀྱིས་དྲན་ལེགས། །གླང་དུས་བཀྲ་ཤིས་སྟག་དུས་ལ། །མགྲོན་པོ་འོང་ནས་བཟའ་བཏུང་བྱེད། །ཡོས་དུས་མགྲོན་འོང་བཟའ་བཏུང་ངོ་། །འབྲུག་དུས་དོན་གྲུབ་མཐུན་པ་འབྱུང་། །སྦྲུལ་དུས་བུད་མེད་རང་ལ་སེམས། །རྟ་དུས་ཟས་ཆང་ལུག་དུས་ཀྱང་། །བུད་མེད་ཀྱིས་དྲན་སྤྲེལ་དུས་ཤིས། །བྱ་དུས་


LT41_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནས་འཕྲིན་སྙན་སྐྱེལ། །ཁྱི་དུས་མི་ཆེན་མྱུར་སླེབས་བཟང་། །ཕག་དུས་རྨི་ལམ་ངན་པའི་ངོ། །ཞེ་དྲུག་སྦྲིད་པ་བརྟགས་པའི་རྩིས། །བྱི་དུས་དགའ་སྟོན་བྱེད་པའི་ངོ་། །གླང་དུས་མགྲོན་པོས་ཞུ་བ་བྱེད། །སྟག་དུས་བུད་མེད་ཟས་ཆང་འཕྲད། །ཡོས་དུས་ནོར་རྫས་དོན་རྣམས་ལེགས། །འབྲུག་དུས་ཟས་ཆང་མང་པོ་འབྱུང་། །སྦྲུལ་དུས་མི་བཟང་ནོར་སློང་འོང་། །རྟ་དུས་མགྲོན་པོའི་བཟའ་བཏུང་བྱེད། །ལུག་དུས་ཟས་ཆང་འཕྲད་ཅིང་དགེ། །སྤྲེལ་དུས་རྨི་ལམ་ཟས་བཅས་ངན། །བྱ་དུས་བུད་མེད་གཏམ་འདྲིར་འོང་། །ཁྱི་དུས་བུད་མེད་དང་འཕྲད་བཟང་། །ཕག་དུས་འཇིགས་ཀྱང་བྱི་ནས་བཟང་། །ཞེ་བདུན་གོས་བཀལ་ཟག་པའི་རྩིས། །བྱི་བའི་དུས་ལ་སྐྱེས་པའི་གོས། །གདང་ལས་ལྷུང་ན་ཟས་ཆད་དོ། །བུད་མེད་ལ་ནི་གཉེན་བྱེད་དོ། །གླང་དུས་ཐེ་ཚོམ་ནོར་སྟོར་འོང་། །སྟག་དུས་མྱ་ངན་འབྱུང་ན་ཡང་། །སྐྱོན་མེད་ཙམ་དང་ཡོས་དུས་ལ། །ཟླ་གྲོགས་འཚོགས་ནས་དགའ་སྟོན་བྱེད། །འབྲུག་དུས་ནོར་སྟོར་མྱ་ངན་ནད། །སྦྲུལ་དུས་བུད་མེད་གཞན་ལ་སེམས། །རྟ་དུས་ནོར་རྙེད་རིང་མགྲོན་འོང་། །ལུག་དུས་ཁྲག་ངོ་ཆེ་ཡང་དྲག །སྤྲེལ་དུས་གློ་བུར་ནོར་རྙེད་བཟང་། །བྱ་དུས་མགྲོན་འོང་ནོར་འཆོར་ངན། །ཁྱི་དུས་གྱོད་ངོ་ནོར་ཡང་རྙེད། །ཕག་དུས་དབོན་དང་མཇལ་ཏེ་བཟང་། །ཞེ་བརྒྱད་ཐབ་ཀྱི་ཟངས་སྐད་བརྟགས། །བྱི་དུས་རྟ་


LT41_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བདེ་ཞིང་བཟང་། །གླང་དུས་ཕྱུག་པོར་འགྱུར་ཏེ་བཟང་། །སྟག་ཡོས་གཉིས་ལ་ཁྱིམ་དུ་ངན། །འབྲུག་དུས་ལོ་ཏོག་སྨིན་ཅིང་ཕན། །སྦྲུལ་དུས་ནོར་དང་བཀྲ་ཤིས་འབྱུང་། །རྟ་དུས་རྒྱལ་ཁྲིམས་ལ་ཐུག་པའི། །བྱ་བ་ཚར་བས་དེ་ཡང་བཟང་། །ལུག་གི་དུས་ལ་འཚེ་བའི་ངོ་། །སྤྲེལ་དུས་ཐག་རིང་མགྲོན་འོང་བཟང་། །བྱ་དུས་ཐག་རིང་སོང་བ་སླེབས། །ཁྱི་དུས་ཟས་དང་གོས་ཀྱི་ངོ། །ཕག་དུས་གཞུང་གི་དོན་ལ་བཟང་། །ཞེ་དགུ་ཐབ་ཀྱི་མེ་ལྕེའི་བརྟགས། །བྱི་གླང་དུས་སུ་མེ་ལྕེ་མཆེད། །བུད་མེད་སྐྱེས་པ་གཞན་ལ་སེམས། །སྟག་དུས་ནོར་རྫས་རྙེད་དེ་བཟང་། །ཡོས་དུས་ནོར་ཐོབ་ལམ་དུ་རྒྱུག །འབྲུག་དུས་མྱ་ངན་བུ་ཆུང་ངན། །སྦྲུལ་དུས་ལས་བཟང་ཟས་ཆང་འདུ། །རྟ་དུས་རྩོད་དམ་མེ་ཡིས་འཇིགས། །ལུག་དུས་ནོར་རྙེད་རྟག་པར་ཤིས། །སྤྲེལ་དུས་ནོར་དང་དོན་རྣམས་འཁོར། །བྱ་དུས་ན་ཚ་ཁྱི་དུས་སུ། །མྱ་ངན་བྱུང་ཡང་སྐྱོན་མེད་ངོ་། །ཕག་དུས་ན་ཞིང་སྐྱོན་མི་སྲིད། །ལྔ་བཅུ་ཁྱི་དུ་བརྟགས་པའི་རྩིས། །བྱི་དུས་བུད་མེད་འཐབ་རྩོད་བྱེད། །གླང་དུས་སེམས་ལ་མྱ་ངན་སྐྱེ། །སྟག་ཡོས་དུས་སུ་བདག་པོ་ལ། །བལྟས་ནས་ངུ་ན་ནོར་རྙེད་བཟང་། །འབྲུག་དུས་ནོར་ཐོབ་སྦྲུལ་དུས་ལ། །གཉེན་གྱིས་གླེང་དང་འཕྲིན་གྱི་ངོ། །རྟ་དུས་སྟོན་མོ་ལུག་དུས་ལ། །བུད་མེད་ཁྱོ་གཞན་དག་


LT41_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེམས། །ནོར་སྟོར་འབྱུང་ཞིང་སྤྲེལ་དུས་སུ། །ཁྱིམ་གྱི་བུ་ཆུང་དག་ལ་ངན། །བྱ་དུས་ཟས་གོས་གོ་ས་འཕར། །ཁྱི་ཕག་དུས་སུ་ཁ་ཆུའི་ངོ། །ད་གཅིག་སྐྱ་ཀའི་སྐད་རྟགས་པ། །བྱི་དུས་ཐག་རིང་མགྲོན་སླེབས་བཟབ། །གླང་དུས་ལ་ཡང་ཤིན་ཏུ་དགེ། །སྟག་དུས་གཏུག་གཤེར་ཡོས་དུས་ལ། །ནོར་དང་ཟས་ཆང་རྙེད་དེ་བཟང་། །འབྲུག་དུས་ཐག་རིང་མགྲོན་པོ་འཁོར། །སྦྲུལ་དུས་བཀྲ་ཤིས་འབྱུང་བ་ཡིན། །རྟ་དུས་ནད་འབྱུང་ལྷ་གསོལ་བྱོས། །ལུག་དུས་ཕྱུགས་ལ་གཏོར་བརླག་འོང་། །སྤྲེལ་དུས་བཟང་ཞིང་བྱ་དུས་ལ། །བྱ་བ་མི་བདེ་བ་ཞིག་འབྱུང་། །ཁྱི་དུས་ནོར་འདུ་དོན་རྣམས་འགྲུབ། །ཕག་དུས་ལ་ནི་འཐབ་རྩོད་ངོ་། །གཞན་ཡང་བྱེན་ཀང་ལ་བརྟེན་ནས། །རྙེད་དང་ཆར་སོགས་བརྟགས་པ་ལ། །ཐེྱན་ཀང་ཐུའི་ལཱུ་སཱུ་བཞིན་ཞི་ཁའི་ནི། །ཟླ་བ་དང་པོ་དགུ་པ་གཉིས་ལ་གླང་གི་གནས་ནས་ཟླ་བ་དང་པོ་ནས་བརྩི། །གཉིས་པ་བརྒྱད་པ་གཉིས་ལ་བྱི་བའི་གནས་ནས་བརྩི། །ལྔ་པ་ལ་བྱའི་གནས་ནས་བརྩི། གསུམ་པ་བདུན་པ་གཉིས་ལ་ཕག་གི་གནས་ནས་བརྩི། །བཞི་པ་དྲུག་པ་གཉིས་ལ་ཁྱིའི་གནས་ནས་བརྩི། བཅུ་པ་བཅུ་གཉིས་པ་གཉིས་ལ་སྟག་ནས་བརྩི། བཅུ་གཅིག་པ་ཡོས་ཀྱི་གནས་ནས་བརྩི། འདི་དག་གཡས་སྐོར་གྱིས་བརྩི་བས་མོ་འདེབས་པའི་ཟླ་བ་གང་ཡིན་པ་དེའི་སྟེང་དུ་སླེབས་པ་དང་།


LT41_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་གཅིག་ཚེས་གཉིས་ཞེས་གཡས་བསྐོར་དུ་བརྩིས་པས། མོ་འདེབས་ཉིན་གྱི་ཚེས་གྲངས་གང་ཡིན་པ་དེའི་སྟེང་དུ་སླེབས་པ་དང་། དེ་ནས་བྱི་བའི་དུས་ནས་གཡས་བསྐོར་དུ་བརྩིས་པས། མོ་འདྲི་བ་པོས་སྨྲས་པའི་དུས་ཀྱི་སྟེང་དུ་སླེབས། འདི་ནས་གནས་གཅིག་ཕྱིར་བསྣུར་ཏེ། ཐེྱན་ཀཱང་ཐའི་ཡིའི། ཞིང་ཀྭང་། ཤེའུ་ཀྱིས། ཋཱན་ཟུང་། ཚུང་ཁུའི། ཧའི་ཁུའི། ཏིང་མཱེད། ཤིན་ཧིའུ། དགུ་པ་ལ་ཀྲུང་ཟེར། ཏཱ་ཀྱིས་བར་གཡས་བསྐོར་དུ་མཐར་ཆགས་སུ་བརྩིའོ། །འདིར་མཁོ་བ་ནི་ཕྱི་མ་གསུམ་མོ། །ཏཱིང་མཱེད་ཅེས་པ། བྱི་བ། རྟ། ཡོས། བྱ་བཞི་ལས་ བརྒྱད་པ་འདིའི་མིང་ལ་མུད་ཟེར། གང་རུང་གཅིག་དང་འཕྲད་ན། བཅུ་པའི་མིང་ལ་ཀྱཱིས་ཟེར། འདིའི་མིང་ལ་མུང་ཞེས་ཟེར། ཤིན་ཧིའུ་ཞེས་པ། བྱི་བ། རྟ། ཡོས། བྱ་བཞི་གང་རུང་གཅིག་དང་འཕྲད་ན་མིང་ལ་ཀྲུང་ཞེས་ཟེར། ཏཱ་གྱིས་ཞེས་པ་བྱི་བ་རྟ་ཡོས་བྱ་བཞི་གང་རུང་གཅིག་དང་འཕྲད་ན་འདི་ལ་ཀྱཱིས་ཞེས་ཟེར། མོ་འདྲི་བ་པོས་བྱི་བ་སོགས་དུས་བཅུ་གཉིས་ནས་གང་ཡང་རུང་བ་གཅིག་གི་མིང་ཚོམ་ཚོམ་མེད་པར་སྨྲས་ན་མོ་ངེས་པར་ཐིག །ཅུང་ཟད་ཚོམ་ནས་སྨྲས་ན་མི་ཐིག་པ་འདིའི་ཆོས་ཉིད་ཡིན་ནོ། །བྱི་བ་སོགས་ཀྱི་གནས་ནི་དཔེ་རིས་ལ་བལྟས་པས་ཤེས་པར་འགྱུར་རོ། །ཏཱིང་མཱེད་ཤིང་ཁམས་འདི་ཕག་གི་གནས་སུ་བྱུང་ན། ཕག་ལུག་ཡོས་


LT41_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐུན་པས། ནོར་འདོད་ཀྱིས་ཚེས་གཅིག །ལྔ། བདུན་གང་རུང་གཅིག་ལ་ནོར་རྙེད། ཤིན་ཧིའུ་མེ་ཁམས། སྟག་གི་གནས་སུ་བྱུང་ན་སྟག་རྟ་ཁྱི་གསུམ་མཐུན་པས། ནོར་འདོད་ཀྱིས་ཚེས་གཉིས། བཞི། བརྒྱད་གང་རུང་གཅིག་ལ་ནོར་རྙེད། ཏཱ་ཀྱིས་ལྕགས་ཁམས། སྦྲུལ་གྱི་གནས་སུ་བྱུང་ན་སྦྲུལ་བྱ་གླང་གསུམ་མཐུན་པས། ནོར་འདོད་ཀྱིས་ཚེས་ལྔ། དྲུག །དགུ་གང་རུང་གཅིག་ལ་ནོར་རྙེད་པར་འགྱུར། ༈། ང་གཉིས་ཆར་པ་ཡོད་མེད་རྩིས། ཐེྱན་ཀཱང་མུང་འཕྲད་ཆར་པ་ཡོད། །ཀྲུང་འཕྲད་འཐིབས་ཐང་གཉིས་ཀ་ཡོད། །ཀྱཱིས་དང་འཕྲད་ན་ཉི་མ་འཆར། །གནམ་ལ་སྤྲིན་པ་མེད་པར་འགྱུར། །ང་གསུམ་ཆར་མཚམས་ཆད་མིན་རྩིས། །སྦྲུལ་ཉིན་གནམ་མདངས་མི་གསལ་འགྱུར། །ཐེྱན་ཀཱང་མུད་འཕྲད་སྔ་མ་བཞིན། །ཀྲུང་དང་འཕྲད་ན་སྤྲིན་པ་མེད། །ཀྱཱིས་དང་འཕྲད་ན་ད་དུང་འབབ། །ང་བཞི་རྙེད་པ་བརྟགས་པའི་རྩིས། །ཐེྱན་ཀཱང་མུང་འཕྲད་ནོར་མི་རྙེད། །ཀྲུང་འཕྲད་ནོར་རྙེད་ཤིན་ཏུ་འགྱངས། །ཀྱཱིས་དང་འཕྲད་ན་ངེས་པར་རྙེད། །བྱང་ནས་ནོར་འབྱུང་ཐེ་ཚོམ་མེད། །ང་ལྔ་མི་ཆེན་འཕྲོད་མིན་རྩིས། །མི་ཆེན་དག་དང་མཇལ་མི་མཇལ། །ཐེྱན་ཀཱང་མུང་འཕྲད་མཇལ་མི་དགོས། །ཀྲུང་དང་འཕྲད་ན་སྒུག་དགོས་འགྱུར། །ཀྱཱིས་དང་འཕྲད་ན་ཕན་ཐོགས་འབྱུང་། །ང་དྲུག་ཚོད་བྱ་བརྟགས་པའི་རྩིས། །ཕན་ཚུན་ཉོ་ཚོང་


LT41_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་མི་འགྲུབ། །མུང་དང་འཕྲད་ན་འགྲུབ་མི་འགྱུར། །ཀྲུང་དང་འཕྲད་ན་ཁ་སྨྲས་འཛེམ། །ཀྱཱིས་དང་འཕྲད་ན་དོན་རྣམས་འགྲུབ། །ང་བདུན་གྲོགས་དང་འཕྲོད་མིན་རྩིས། །གཉེན་བལྟ་ཁྱིམ་དུ་ཡོད་མེད་ལ། །མུང་དང་འཕྲད་ན་ཁྱིམ་དུ་ཡོད། །ཀྲུང་འཕྲང་ཁྱིམ་མཚེས་ཐག་ཉེར་གནས། །ཀྱཱིས་འཕྲད་ཐག་རིང་ལམ་དུ་སོང་། །ང་བརྒྱད་བྱེས་ལ་སོང་མིན་རྩིས། །གཞན་དག་བྱེས་སུ་སོང་མ་སོང་། །ཀྱཱིས་དང་འཕྲད་ན་ངེས་པར་སོང་། །ཀྲུང་འཕྲད་ད་ལྟ་རང་ལ་སོང་། །མུང་འཕྲད་ད་དུང་མ་སོང་ངོ་། །ང་དགུ་མགྲོན་སོགས་འོང་མིན་རྩིས། །བྱེས་སོང་མི་འགའ་སླེབས་མི་སླེབ། །མུང་དང་འཕྲད་ན་དེ་ཀར་གནས། །ཀྲུང་འཕྲད་ལམ་ཕྱེད་ཀྱཱིས་མྱུར་སླེབས། །དྲུག་ཅུ་གཏུག་གཤེར་རྒྱལ་ཕམ་རྩིས། །མུང་ལ་ཕན་ཚུན་གཉིས་ཀ་མཉམ། །ཀྲུང་དང་འཕྲད་ན་ཕ་རོལ་རྒྱལ། །ཀྱཱིས་དང་འཕྲད་ན་རང་ཉིད་རྒྱལ། །རེ་གཅིག་གྲུ་རྫིང་ཡོད་མེད་རྩིས། །མུང་ལ་གྲུ་དག་ཆུ་འགྲམ་ཡོད། །ཀྲུང་འཕྲད་གྲུ་དག་ངེས་པར་ཡོད། །ཀྱཱིས་དང་འཕྲད་ན་སྒུག་དགོས་འབྱུང་། །རེ་གཉིས་མཚན་མོ་སྡོད་གནས་རྩིས། །གྲོང་དུ་ཞག་ས་ཡོད་མེད་ལ། །ཀྲུང་འཕྲད་ཞག་ས་ཁང་ཆེན་རྙེད། །མུང་འཕྲད་ཁང་ཆུང་བདེར་ཞག་འགྱུར། །ཀྱཱིས་འཕྲད་ངེས་པར་རྐུན་མ་འབྱུང་། །རེ་གསུམ་སུམ་མདོའི་ལམ་བརྟགས་རྩིས། །མུང་དང་


LT41_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་གཡས་ལམ་དུ། །ཀྲུང་བཅས་དབུས་ཀྱི་ལམ་དུ་བགྲོད། །ཀྱཱིས་བཅས་གཡོན་གྱི་ལམ་དུ་འགྲོ། །ལམ་འགྲོ་བདེ་ཞིང་སྐྱོན་མེད་འགྱུར། །རེ་བཞི་མགྲོན་པོ་སླེབས་མིན་རྩིས། །མུང་དང་འཕྲད་ན་མགྲོན་མི་འོང་། །ཀྲུང་བཅས་མགྲོན་པོ་ལམ་དུ་གནས། །ཀྱཱིས་བཅས་མགྲོན་པོ་སྒོ་དྲུང་སླེབས། །མགྱོགས་མྱུར་ཁྱིམ་དུ་ཕེབས་ཞུ་བྱ། །རེ་ལྔ་ཚོང་སྐྱེད་ཡོད་མེད་རྩིས། །མུང་དང་འཕྲད་ན་སྐྱེད་ནི་མེད། །ཀྲུང་བཅས་སྐྱེད་ནི་འབྲིང་པོ་ཙམ། །ཀྱཱིས་བཅས་འཕྲད་ན་སྐྱེད་ཆེ་བཟང་། །ཐེ་ཚོམ་མི་བྱ་འདི་བཞིན་སྤྱོད། །རེ་དྲུག་བུ་ལོན་བཏང་བ་དག །བསྙགས་ན་ལག་ཏུ་ཐོབ་མིན་རྩིས། །མུང་དང་བཅས་ན་ཐོབ་མི་སྲིད། །ཀྲུང་བཅས་བུ་ལོན་བསྙེགས་པར་བྱ། །ཀྱཱིས་དང་འཕྲད་ན་བུན་སྐྱེད་ཐོབ། །རེ་བདུན་ཁྭ་ཏའི་སྐད་བརྟགས་རྩིས། །མུང་དང་བཅས་ན་ཁ་མཆུ་འབྱུང་། །ཀྲུང་བཅས་ཕན་ཚུན་སྐྱོན་མེད་དོ། །ཀྱཱིས་བཅས་ཉི་མ་གཉིས་གསུམ་ན། །སྐྱོན་བྱུང་མྱུར་དུ་སེལ་བར་འགྱུར། །རེ་བརྒྱད་རྫས་ཀྱི་སྟོར་ཕྱོགས་རྩིས། །མུང་བཅས་ལྷོ་རུ་མྱུར་དུ་འཚོལ། །ཀྲུང་བཅས་ཤར་དུ་རྙེད་པ་འཕྱིས། །ཀྱཱིས་བཅས་ནུབ་དང་བྱང་ཕྱོགས་སུ། །ཤུལ་རྗེས་ཅི་ཡང་མཐོང་མི་འགྱུར། །རེ་དགུ་ནོར་སྟོར་རྙེད་མིན་རྩིས། །མུང་དང་བཅས་ན་རྙེད་མི་འགྱུར། །ཀྲུང་བཅས་ལེ་བར་ལྔ་བཅུར་འཚོལ། །ཀྱཱིས་བཅས་ལེ་བར་ལྔ་ལ་འཚོལ། །དུས་དང་།


LT41_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འཛོལ་ན་བཙལ་མི་དགོས། །བདུན་ཅུ་རྐུན་མ་བརྟགས་པའི་རྩིས། །མུང་བཅས་སྐྱེ་བའམ་གཉེན་གྱི་རིགས། །ཁྱིམ་མཚེའམ་ཀྲུང་བཅས་བུད་མེད་ཡིན། །ཀྱཱིས་བཅས་གཞོན་ནུའམ་ཟླ་གྲོགས་ཡིན། །དོན་གཅིག་ནད་པ་བརྟགས་པའི་རྩིས། །མུང་དང་བཅས་ན་ནད་གཞི་ཆེ། །ཀྲུང་བཅས་མྱ་ངན་འབྱུང་བ་ཡིན། །ཀྱཱིས་བཅས་ངེས་པར་སོས་པར་འགྱུར། །ལྷ་ལ་གསོལ་བ་ལེགས་པར་ཐོབ། །དོན་གཉིས་སྦྲུམ་མ་བརྟགས་པའི་རྩིས། །མུང་དང་བཅས་ན་བུ་ཆུང་སྐྱེ། །ཀྲུང་བཅས་བུ་མོ་སྐྱེ་བར་འགྱུར། །ཀྱཱིས་བཅས་ཤིན་ཏུ་སྐྱེ་དཀའ་བས། །མྱུར་དུ་ལྷ་ལ་གསོལ་བ་འདེབས། །དོན་གསུམ་འདྲེ་གདོན་བརྟགས་པའི་རྩིས། །མུང་བཅས་ལྷོ་ཡི་ཆུ་ལྷ་འཕྲད། །ཀྲུང་བཅས་ནུབ་བྱང་གྲོང་ནས་བྱུང་། །ཀྱཱིས་བཅས་ཤར་ལྷོའི་ཁྱིམ་གྱི་འདྲེ། །མྱུར་དུ་ལྷ་མཚོད་བྱས་ན་བདེ། །དོན་བཞི་ན་པའི་སྐྱེ་བོ་དེ། །ཕོ་མོ་གར་ཡིན་བརྟགས་པའི་རྩིས། །མུང་བཅས་ཕོ་སྟེ་ཕ་བུ་ན། །ཀྲུང་བཅས་བུ་མོ་ན་བ་ཡིན། །ཀྱཱིས་བཅས་སྐྱེ་དམན་ན་བ་ཡིན། །དོན་ལྔ་གཡས་གཡོན་གར་ཡོད་རྩིས། །མུང་བཅས་ཤར་ལྷོ་གཡས་ཕྱོགས་སུ། །ཀྲུང་བཅས་ནུབ་བྱང་གཡོན་ཕྱོགས་སུ། །ཀྱཱིས་བཅས་དབུས་ཀྱི་སྟེགས་བུའི་འོག །ངེས་པར་ཐིག་གོ་ངོ་མཚར་ཆེ། །དོན་དྲུག་དངོས་པོ་བདེན་བརྫུན་རྩིས། །མུང་བཅས་ཕྱེད་བརྫུན་


LT41_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ནི་འཇམ། །ཀྲུང་བཅས་དངོས་པོ་སྲ་བ་ཡིན། །ཀྱཱིས་བཅས་བརྫུན་མ་ངོ་མ་གཉིས། །འདྲ་འདྲ་འབྱུང་བར་འགྱུར་བ་ཡིན། །དོན་བདུན་ཡ་དང་ཆ་བརྟགས་རྩིས། །མུང་དང་བཅས་ན་ཡ་ཡིན་ནོ། །ཀྲུང་བཅས་གཉིས་ཀ་སྦ་བར་བྱ། །ཀྱཱིས་བཅས་ཆ་ཞེས་ངེས་པར་འགྱུར། །ཡ་ཡིན་དབུས་ཀྱི་ས་རུ་གནས། །དོན་བརྒྱད་ལག་པའི་ཚོན་མདོག་རྩིས། །མུང་དང་བཅས་ན་སྡོ་དཀར་ཡིན། །ཀྲུང་བཅས་ངེས་པར་དམར་པོ་ཡིན། །ཀྱཱིས་བཅས་དམར་པོ་སེར་པོ་ཡིན། །ཐེྱན་ཀཱང་ལ་ནི་བརྫུན་མ་མཆིས། །དོན་དགུ་འཁར་བ་སློང་འགྱེལ་རྩིས། །མུང་དང་བཅས་ན་སློང་ཞིང་གནས། །ཀྲུང་བཅས་ངེས་པར་ས་ལ་ཉལ། །ཀྱཱིས་བཅས་འཁར་བ་འཕྲེད་དུ་གནས། །བརྒྱད་ཅུ་ཕོར་ཁ་གྱུ་ཕྱོགས་རྩིས། །ཐེྱན་ཀང་མུང་བཅས་སྟེང་དུ་ཕྱོགས། །ཀྲུང་བཅས་ལོགས་སུ་ཕྱོགས་པ་ཡིན། །ཀྱཱིས་བཅས་ཁ་ནི་བུབ་པ་ཡིན། །གྱ་གཅིག་གྲུ་རྫིང་གཏོང་མིན་རྩིས། །མུང་བཅས་རླུང་མེད་བདེ་བ་ཡིན། །ཀྲུང་བཅས་རླུང་ནི་ཡོད་པ་ཡིན། །ཀྱཱིས་བཅས་རླུང་དང་རླབས་ཀྱང་ཡོད། །གྱ་གཉིས་རི་ལ་འགྲོ་བའི་རྩིས། །ཐེྱན་ཀཱང་མུང་བཅས་སྐྱོན་ནི་ཆུང་། །ཀྲུང་བཅས་རྐུན་མ་དག་ལ་འཛེམ། །ཀྱཱིས་བཅས་ལམ་ནི་བགྲོད་པར་དཀའ། །གྱ་གསུམ་ཆུ་ཆེན་བརྒལ་བའི་རྩིས། །མུང་བཅས་ཆུ་ཟབ་བརྒལ་མི་བྱ། །ཀྲུང་བཅས་ཆུ་བོ་ཟབ་པ་མིན། །ཀྱཱིས་


LT41_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མི་ཟབ་བརྒལ་བར་ནུས། །གྱ་བཞི་འཕྲིན་བསྐུར་བདེན་བརྫུན་རྩིས། །ཐེྱན་ཀཱང་མུང་བཅས་བརྫུན་མ་སྟེ། །ཀྲུང་བཅས་འཕྲིན་ནི་ཕྱེད་མ་བརྫུན། །ཀྱཱིས་བཅས་འཕྲིན་ནི་བདེན་པ་ཡིན། །གྱ་ལྔ་མིག་འགུལ་བརྟགས་པའི་རྩིས། །ཐེྱན་ཀཱང་མུང་བཅས་ཆག་སྒོ་ཡོད། །ཀྲུང་བཅས་ཟླ་གྲོགས་ཡོང་བ་ཡིན། །ཀྱཱིས་བཅས་ནོར་ཆེན་རྙེད་པར་འགྱུར། །གྱ་དྲུག་རྣ་བ་དྲོ་བའི་རྩིས། །མུང་བཅས་མགྲོན་འོང་ཆང་སྣོད་འཛིན། །ཀྲུང་བཅས་ནོར་རྫས་སྟོར་བ་འབྱུང་། །ཀྱཱིས་བཅས་ནོར་འཚོལ་རྙེད་པར་འགྱུར། །གྱ་བདུན་ཆང་གི་ཞིམ་མངར་རྩིས། །ཐེྱན་ཀཱང་མུང་བཅས་ཆང་ནི་ཞིམ། །ཀྲུང་བཅས་ཆང་ནི་ཅུང་ཟད་སྐྱུར། །ཀྱཱིས་བཅས་ཆང་གི་བྲོ་བ་ངན། །གྱ་བརྒྱད་ཡིག་དན་བརྟགས་པའི་རྩིས། །མུང་བཅས་ཡིག་དན་ནོར་བ་ཡིན། །ཀྲུང་བཅས་མི་ལ་གཉེར་གཏད་བྱེད། །ཀྱཱིས་བཅས་ཡིག་དན་ངེས་པར་བཟང་། །གྱ་དགུ་གཉེན་བསྒྲིགས་འགྲུབ་མིན་རྩིས། །མུང་བཅས་མྱུར་དུ་འགྲུབ་མི་འགྱུར། །ཀྲུང་བཅས་འགྲུབ་ཀྱང་སླར་འགྱུར་འབྱུང་། །ཀྱཱིས་བཅས་ཤིན་ཏུ་བསྒྲིགས་པར་འགྱུར། །དགུ་བཅུ་པོར་པར་ཆུ་ཡོད་མེད། །ཐེྱན་ཀཱང་མུང་བཅས་ཆུ་ཡིས་ཁེངས། །ཀྲུང་བཅས་ཆུ་ནི་ཅུང་ཟད་ཙམ། །ཀྱཱིས་དང་བཅས་ན་ཆུ་ཡོད་འགྱུར། །གོ་གཅིག་ཁྱིམ་དེར་ཆང་ཡོད་མེད། །ཐེྱན་ཀཱང་མུང་བཅས་ངེས་པར་མེད། །ཀྲུང་བཅས་ཆང་


LT41_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་སྣོད་མ་གང་། །ཀྱཱིས་དང་བཅས་ན་ཆང་མང་ངོ་། །ཟས་ཆང་ཇི་འདོད་ཡོད་པ་ཡིན། །གོ་གཉིས་ཤོ་ཡི་རྒྱལ་ཕམ་རྩིས། །མུང་དང་བཅས་ན་རྒྱལ་མི་འགྱུར། །ཀྲུང་བཅས་ཅུང་ཟད་རྒྱལ་བ་འབྱུང་། །ཀྱཱིས་བཅས་ཤིན་ཏུ་རྒྱལ་བར་འགྱུར། །གོ་གསུམ་འགྲོ་ཕྱོགས་བཟང་ངན་རྩིས། །མུང་བཅས་ཉི་མ་འཆར་ཕྱོགས་འཛེམ། །ཀྲུང་དང་བཅས་ན་ནུབ་ཕྱོགས་འཛེམ། །ཀྱཱིས་དང་བཅས་ན་ལྷོ་ཕྱོགས་འཛེམ། །གོ་བཞི་གཞུང་དོན་མངོན་མིན་རྩིས། །མུང་དང་བཅས་ན་གཞུང་དོན་མེད། །ཀྲུང་བཅས་གཞུང་དོན་ཀློག་ནས་འབྱིན། །ཀྱཱིས་བཅས་བུལ་བར་འགྱུར་བ་ཡིན། །གོ་ལྔ་ཙི་ཙིའི་སྐད་བརྟགས་རྩིས། །མཚན་ཕྱེད་ཙི་ཙིའི་སྐད་རྒྱབ་ན། །ཐེྱན་ཀཱང་མུང་བཅས་ནོར་དག་འདུ། །ཀྲུང་བཅས་ཁ་མཆུ་འབྱུང་བའི་ངོ། །ཀྱཱིས་བཅས་མི་ངན་དག་དང་འཕྲད། །གོ་དྲུག་གཡར་པོ་སྟེར་མིན་རྩིས། །ཐེྱན་ཀཱང་མུང་བཅས་གཡར་པོ་སྟེར། །ཀྲུང་དང་བཅས་ན་གཡར་ཀྱང་འགྱངས། །ཀྱཱིས་བཅས་ལག་པ་སྟོང་པར་འཁོར། །གོ་བདུན་རི་དྭགས་ཉ་བཤོར་རྩིས། །མུང་བཅས་དོན་མེད་སྟོང་པར་འཁོར། །ཀྲུང་བཅས་རི་དྭགས་ཉུང་ངུ་རྙེད། །ཉ་ཡང་ཉིན་མོ་ཅུང་ཟད་ཟིན། །ཀྱཱིས་བཅས་རི་དྭགས་ཉ་མང་སོང་། །གོ་བརྒྱད་ཁྱིམ་གཞན་དུ་སྦོ་ཆོག་མི་ཆོག་སྤོ་བའི་རྩིས། །ཐེྱན་ཀླང་མུང་བཅས་སྐྱོན་མེད་ཡིན། །ཀྲུང་དང་བཅས་ན་སྤོ་མི་རུང་། །ཀྱཱིས་བཅས་ཁྱིམ་


LT41_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་བཟང་བ་ཡིན། །གོ་དགུ་ཁྲིམས་ཀྱིས་ཉེས་མིན་རྩིས། །ཕན་ཚུན་ཚིག་དག་གཤེར་བ་ན། །མུང་བཅས་སྡུག་བསྔལ་མྱོང་བར་འགྱུར། །ཀྲུང་དང་བཅས་པ་ཉེས་པ་མེད། །ཀྱཱིས་བཅས་ཕན་ཚུན་མཉམ་པ་འབྱུང་། །བརྒྱ་ཕྲག་ཚོང་སྐབས་ལེགས་ཉེས་རྩིས། །ཐེྱན་ཀཱང་མུང་བཅས་སེམས་ལས་ཆེ། །མགོ་མཇུག་མེད་པའི་ལས་ཀ་ཡིན། །ཀྲུང་བཅས་མི་ཡིས་སྐྱིན་བྱེད་འཛེམ། །ཀྱཱིས་བཅས་ནོར་འཕེལ་བཟང་བ་ཡིན། །ཐེྱན་ཀཱང་སྤྱི་སྡོམ་ནི། ཉིང་མཱིང་ཞེས་པ་བརྒྱད་པ་ཡིན། ཏིང་མཱིང་འདི་དང་འཕྲད་ན་དཔོན་སར་བསྙེགས། ཡིག་རིགས་དང་དོན་བསྒྲུབ་བཟང་། །བྱེས་སུ་སོང་བའི་མི་མི་འོང་ནད་མེད། ནད་པ་འདྲི་ཚེ་འཇིགས་པ་སྐྱེ། བསོད་ནམས་ཟད། ཁྱིམ་ཆ་བདེ། ནོར་རྫས་ཆེར་མི་འདུ། ཚོང་ཆ་འདྲི་ཚེ་སླར་འགྲུབ། །ཤར་ལྷོར་ནོར་སྟོར་ན་ཕྱོགས་དེ་ཉིད་དུ་འཚོལ། གཉེན་བསྒྲིགས་མི་འགྲུབ། །ཤིན་ཧིའུ་ཞེས་པ་དགུ་པ་ཡིན། ཤིན་ཧིའུ་འདི་དང་འཕྲད་ན། དཔོན་གྱི་གོས་འདྲི་ཚེ་དཔོན་ས་མི་ཐོབ། །ཡིག་རིགས་དང་དོན་བསྒྲུབ་དཀའ་བླས་ཡིན། སོང་བའི་མི་འདྲི་ཚེ་ལམ་དུ་འཕྲད། ནད་པ་འདྲི་ཚེ་ནད་གཞི་ཆེ། ཁྱིམ་ཆ་འདྲི་ཚེ་ཤིན་ཏུ་བཟང་། ཁྱིམ་དུ་སྟོར་བའི་རྫས་ཤར་དུ་འཚོལ། ཚོང་ཆ་བཟང་། ཁྱིམ་ཐབས་གཏོང་ལེན་ངན། ཏཱ་ཀྱིས་ཞེས་པ་བཅུ་པ་ཡིན། ཏཱ་ཀྱིས་འདི་དང་འཕྲད་ན་


LT41_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དོན་ལ་སྐྱོན་ཅིའང་མེད། ཡིག་རིགས་དག་ལ་འགྱངས་ན་བཟང་། སྟོར་རྫས་ནུབ་བྱང་ཕྱོགས་སུ་ཡོད། བྱེས་སུ་སོང་བའི་མི་ལམ་དུ་ཐོན། ཁྱིམ་ས་ལ་ནད་དང་ཁ་མཆུ་ཡོད། ནད་པ་འདྲི་ཚེ་འཇིགས་པ་འབྱུང་། ཚོང་དང་ནོར་ཆ་ཅི་ལའང་ངན། བག་མ་གཏོང་ལེན་བཟང་། འདི་ཡན་བརྩིས་པ་བཞིན་བརྩིས་ན་མི་ཐིག་པ་མེད་དོ། །བརྟགས་པ་འདི་ཁུང་ཝང་གི་ཉི་མ་དང་འཕྲད་ན་མི་ཐིག །ཁུད་ཝང་ཞེས་པའི་ཉི་མ་ནི། ཤིང་བྱི་སོགས་ལོ་འགྲོས་བཅུ་གཉིས་ལས། ཆུ་ཕོ་ཁྱི་ཆུ་མོ་ཕག་གི་ཉིན་དང་། ཁྱི་དང་ཕག་གི་དུས་ལ་ཡང་ཁུང་ཝང་ཟེར། ཤིང་ཁྱི་སོགས་ལོ་འགྲོས་བཅུ་གཉིས་ལས། ཆུ་སྤྲེལ་དང་ཆུ་བྱའི་ཉིན། སྤྲེལ་བྱའི་དུས། ཤིང་སྤྲེལ་སོགས་ལོ་འགྲོས་བཅུ་གཉིས་ལས། ཆུ་རྟ་ཆུ་ལུག་གི་ཉིན། རྟ་དང་ལུག་གི་དུས། ཤིང་རྟ་སོགས་ལོ་འགྲོས་བཅུ་གཉིས་ལས། ཆུ་འབྲུག་ཆུ་སྦྲུལ་གྱི་ཉིན་དང་། འབྲུག་སྦྲུལ་གྱི་དུས། ཤིང་འབྲུག་སོགས་ལོ་འགྲོས་བཅུ་གཉིས་ལས། ཆུ་སྟག་ཆུ་ཡོས་ཀྱི་ཉིན་དང་། སྟག་དང་ཡོས་ཀྱི་དུས། ཤིང་སྟག་སོགས་ལོ་འགྲོས་བཅུ་གཉིས་ལས། ཆུ་བྱི་ཆུ་གླང་གི་ཉིན་དང་། བྱི་བ་དང་གླང་གི་དུས། འདི་རྣམས་ལ་ཁུང་ཝང་གི་ཉི་མ་ཞེས་ཟེར། ལཱུ་བཞིན། འདིར་མཇུག་ཅུང་ཟད་ཡོད་སྙམ་རྒྱ་རྩིས་གཞུང་གང་ལས་བཏུས་པའི་དཔེ་ཡོད་དགོས་སྣང་། །


LT41_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྤྱོད་ཡུལ་སྤང་བླང་ནི། །མཐོང་བ་ཙམ་གྱིས་རྟོགས་བྱེད་པ། །འབྲས་རྩིས་གཉིས་ལས་བཏུས་ཏེ་འདིར། །འཕགས་ཡུལ་ལུགས་བཟང་འགོད་པར་བྱ། །ལོ་དང་ཟླ་བ་ཚེས་གྲངས་དང་། །གཟའ་དང་སྦྱོར་བྱེད་རྒྱུ་སྐར་རྩིས། །ཡུད་ཙམ་འཕྲོད་དང་འཕོ་བ་དང་། །གཟའ་སྐར་སྟོབས་དང་དུས་སྦྱོར་འབྲས། །ཉེ་བའི་གཟའ་དང་རིགས་ལྡན་ཚེས། །འགྲམ་དང་མཚུན་དང་གཎྜའི་མཐའ། །སྤྱི་ལ་དགོས་པ་བསྟན་པའོ། །སོ་སོར་དམིགས་སུ་བསལ་བ་ནི། །སྐྱེ་བརྟགས་ཚེ་རྩིས་བཙས་ཁྲུས་བྱེད། །མིང་འདོགས་རྣ་འབིགས་ཕྱིར་འདོན་དང་། །སྐྲ་སེན་འདྲེགས་དང་གཙུག་ཕུད་འཆིང་། །ཟས་གསར་བཟའ་དང་གོས་གསར་གྱོན། །སྣུམ་བྱུག་ཆས་རྒྱན་འཕང་སློབ་དང་། །རིག་པ་སློབ་དང་ལས་སྐལ་སྤྱོད། ཁང་བཟོ་སྒོ་གཏོད་གནས་གཞི་འཛིན། །རྒྱལ་སོགས་ཁྲི་སྟོན་དགེ་ལས་བརྩམ། །རྨ་དང་ན་བ་གདོན་གནོད་བརྟག །སྨན་སྦྱོར་བ་དང་ནད་སོས་ཁྲུས། །ཆུང་མ་ཁྱིམ་འཛུད་བུད་མེད་བསྒྲོད། །ལྷ་སོགས་མཇལ་དང་ཉོ་ཚོང་བྱེད། །གླང་པོའི་ལས་དང་རྟ་ཡི་ལས། །རྟ་ཕྱུགས་ཉོ་ཚོང་གཏོང་ལེན་དང་། །མཛའ་བོ་བྱེད་དང་ནོར་བཅོལ་གཏམ། །ཁྲོན་པ་བརྐོ་དང་སྐྱེད་ཤིང་འཛུགས། །ཞིང་རྨོ་ས་བོན་གདབ་པ་དང་། །ཆར་དང་ལོ་ཏོག་བརྟགས་པ་དང་། །སྤེན་པའི་འཁོར་ལོ་གྲོང་བདེ་


LT41_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག །སྟོར་བ་རྙེད་ཚོལ་མཐུན་སྦྱོར་བརྟག །བྲོ་གར་དང་ནི་ལག་བསྡེབ་བྱེད། །ལམ་དུ་ཞུགས་དང་ཁྱིམ་དུ་འཇུག །མཚམས་གཅོད་དགོན་གནས་དབེན་པར་བགྲོད། །མེ་ཡི་ལས་དང་རབ་གནས་ཏེ། །རྩིས་འགོ་བདུན་ཅུ་ཐམ་པས་འཆད། །དང་པོ་ལོ་ཡི་རབ་བྱེད་ནི། །དུས་གཅིག་ལ་ནི་ལོ་ལྔ་སྟེ། །དང་པོའི་ལོ་དང་ཡོངས་སུ་ལོ། །ཨི་དཱ་ཨ་ནུ་ཨི་ཏའི་མིང་། །ལྷག་པའི་མེ་ནི་མེ་ཉི་ཟླ། །ཚངས་དང་དབང་པོ་རྣམས་སུ་འགྱུར། །ལོ་ནི་དྲུག་ཅུས་དུས་བཅུ་གཉིས། །ཁྱབ་འཇུག་འཚོ་བྱེད་བརྒྱ་བྱིན་དང་། །སྲེག་བྱེད་འཇོག་པོ་སྦྲུལ་རྟོགས་མཚུན། །སྣ་ཚོགས་ཟླ་བ་དབང་པོ་དང་། །འབར་བྱེད་སྣ་འདོར་ལྷ་བཅུ་གཉིས། །རབ་བྱུང་སོགས་དང་བདག་པོ་ཡི། །མིང་དང་མཚུངས་པའི་འབྲས་བུ་འབྱིན། །ཆུ་སྲིན་ནས་བཟུང་ཁྱིམ་འཕོ་ནི། །གཉིས་གཉིས་དུས་ཚིགས་གཅིག་འགྱུར་ཏེ། །དགུན་སྨད་དཔྱིད་དང་སོས་ཀ་དང་། །དབྱར་དང་སྟོན་ཀ་དགུན་སྟོད་དོ། །དགུན་སྨད་ནས་བརྩམས་དུས་ཚིགས་གསུམ། །བྱང་བགྲོད་ལྷ་ཡི་ཉིན་མོ་ལ། །རབ་ཏུ་གནས་དང་ཁྱིམ་གསར་འཇུག །བརྟུལ་ཞུགས་གཙུག་ཕུད་འཆིང་བ་དང་། །བག་མ་ལེན་སོགས་དགེ་ལས་བརྩམ། །དབྱར་ནས་བརྩམས་ཏེ་དུས་ཚིགས་གསུམ། །ལྷོ་བགྲོད་ལྷ་ཡི་མཚན་མོ་ལ། །གོང་དུ་བཤད་རྣམས་མི་དགེ་བས། །དྲག་ཤུལ་སྤྱོད་པའི་ལས་ལ་བསྔགས། །གཉིས་པ་ཟླ་བ་བཅུ་


LT41_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྩིས། །ནག་པ་ཟླ་ནས་རིམ་བཞིན་དུ། །འདོང་ཟླ་སྦྲང་ཟླ་དཀར་པོའི་ཟླ། །དག་ཟླ་མཁའ་ཟླ་སྤྲིན་ལེགས་ཟླ། །ལྟད་མོ་ཅན་དང་སྟོབས་ནུས་ཟླ། །ཤུགས་ལྡན་དཀའ་ཐུབ་དཀའ་ཐུབ་ལེགས། །མིང་མཐུན་བྱེད་པ་འབྱུང་བའོ། །དགེ་སྡིག་མཚན་ཉིད་སྤྱིར་བཤད་པ། །མགོ་ཟླར་སྔགས་ནི་རང་གིར་བྱེད། །སྡུག་བསྔལ་མང་པོའི་འབྲས་བུ་སྟེར། །ས་ག་ཟླ་བར་རིན་ཆེན་རྙེད། །སྣྲོན་ཟླར་ངེས་པར་འཆི་བ་སྟེར། །ཆུ་སྟོད་ཟླ་བར་གཉེན་རྣམས་ཟད། །གྲོ་བཞིན་ཟླ་བར་དགེ་བ་ཐོབ། །ཁྲུམས་ཀྱི་ཟླ་བར་སྐྱེ་རྒུ་འཇོམས། །ཐ་སྐར་ཟླ་བར་ཀུན་ཏུ་བདེ། །སྨིན་དྲུག་ཟླ་བར་ནོར་རྣམས་འཕེལ། །མགོ་ཡི་ཟླ་བར་དགེ་ལེགས་སྦྱིན། །རྒྱལ་ཟླར་ཡེ་ཤེས་ཉམས་པར་བྱེད། །མཆུ་ཟླར་ཡིད་གཞུངས་འཕེལ་བར་འགྱུར། །དབོ་ཟླར་ཐམས་ཅད་སྐལ་བཟང་ཞེས། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དཀར་ཕྱོགས་ལྷ་ལ་ནག་ཕྱོགས་མཚུན། །དགེ་དང་མི་དགེའི་ལས་ལ་བསྔགས། །དཀར་པོའི་ཕྱོགས་དང་ནག་པོ་ཡི། །ཚེས་བཅུའི་བར་ཡང་དགེ་ལས་འགྲུབ། །ཟླ་ཟད་དགེ་ལས་འཛེམ་ཞེས་བཤད། །གསུམ་པ་ཚེས་གྲངས་སོ་སོའི་རྩིས། །དཀར་ནག་ཕྱོགས་ཀྱི་ཚེས་གཅིག་ནས། །བརྩམས་ཏེ་སོ་སོར་དབང་བྱེད་ལྷ། །ཚངས་པ་སྒྲུབ་བྱེད་ཁྱབ་འཇུག་དང་། །འགོག་བྱེད་འོད་ཟེར་ས་ག་དང་། །རྡོ་རྗེ་ཅན་དང་ནོར་ལྷ་ཀླུ། །ཆོས་དང་ཞི་


LT41_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བ་འོད་རྣོན་དང་། །མྱོས་བྱེད་རྩོད་པ་སྣ་ཚོགས་ཏེ། །གནམ་སྟོང་ཞེས་བྱའི་ཚེས་ལ་ནི། །མཚུན་གྱི་བདག་པོས་དབང་བྱད་དོ། །དགའ་བཟང་རྒྱལ་སྟོང་རྫོགས་ཞེས་པ། །དཀར་ནག་ཕྱོགས་རེར་ལན་གསུམ་འཁོར། །དཀར་ཕྱོགས་དམན་འབྲིང་མཆོག་གི་སྟོབས། །ནག་ཕྱོགས་མཆོག་འབྲིང་ཐ་མ་ཡི། །སྟོབས་ལྡན་སོ་སོའི་རང་བཞིན་མིང་། །འཕེལ་དང་རབ་ཤིས་སྟོབས་དང་དམན། །དཔལ་ལྡན་ཇི་ལྟ་བ་དང་བཤེས། །སྟོབས་དང་རབ་ཡངས་དམ་ཆོས་ལྡན། །དགའ་དང་བཟང་ལྡན་ཕ་རོལ་རྒྱལ། །དྲག་ཤུལ་ཞི་བ་ཞེས་བྱ་བ། །མིང་དང་སྟོབས་མཚུངས་འབྲས་བུ་འབྱིན། །དགའ་བ་རྣམས་ཀྱི་ཚེས་ལ་ནི། །ངོ་མཚར་དགའ་སྟོན་གནས་གཞི་ཐགས། །ཞིང་གི་ལས་སོགས་འགྲུབ་པར་བཤད། །བཟང་པོར་བག་མ་རྒྱན་ཤིང་རྟ། །ལམ་དུ་འཇུག་སོགས་རྒྱས་པར་བྱེད། །རྒྱལ་པོ་གཡུལ་དང་སྟོབས་ཤུགས་ཀྱིས། །ཉེར་སྦྱོར་བྱ་བ་ཐམས་ཅད་འགྲུབ། །སྟོང་ལ་དུག་མེ་མཚོན་ཆ་སོགས། །འབིགས་གསོད་འཆིང་དང་འཇོམས་རྣམས་བརྩམ། །རྫོགས་པར་བག་མ་ལྟད་མོ་སོགས། །ཞི་རྒྱས་བཀྲ་ཤིས་ལས་རྣམས་བསྔགས། །འོན་ཀྱང་གནམ་སྟོངས་ཚུན་གྱི་དུས། །དགེ་ཞིང་ཤིས་པ་བྱ་བ་མིན། །ཡར་མར་ཆོས་ནི་གཉིས་དང་བཅུ། །མ་གཏོགས་ཟུང་གི་ཚེས་རྣམས་ནི། །ཕྱོགས་ཀྱི་བུག་པའོ་དགུ་ཡང་སྨད། །གནམ་སྟོང་འཆི་ལྟས་ཞེས་


LT41_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གྲགས། །ཉི་མ་ཉ་གཞུའི་ཁྱིམ་སླེབ་སྐབས། །ཡར་མར་ཚེས་གཅིག་སྲེག་སྦྱོར་ཏེ། །དེ་བཞིན་གླང་བུམ་ཀརྚ་ལུག །འཁྲིག་པ་བུ་མོ་སེང་གེ་སྡིག །སྲང་དང་ཆུ་སྲིན་ཁྱིམ་སོ་སོར། །ཡར་མར་བཞི་ནས་བཅུ་གཉིས་པར། །ཟུང་གི་ཚེས་རྣམས་རིམ་སྦྱར་བ། །དྲག་པོའི་ཁྱིམ་བཅས་མི་དགེ་བའི། །ཚེས་ཏེ་དགེ་ལས་ངེས་པར་འཛེམ། །ཚེས་གཅིག་དྲུག་དང་གནམ་སྟོང་ལ། །བྱ་བ་གསར་དུ་བརྩམ་པ་ན། །ནོར་རིགས་གཉེན་གྱི་སྐྱེ་བོ་འཇོམས། །བདུན་དགུ་སྟོང་ལ་ཁྲུས་མི་བྱ། །ཁྱད་པར་བཅུ་ལ་ཁྲུས་དང་ནི། །བཅུ་གསུམ་བུ་ཡི་དོན་བསྒྲུབ་ན། །བྱ་དང་བྱེད་པོ་གཉིས་ཀ་འཇོམས། །དྲུག་ལ་སྣུམ་དང་བརྒྱད་ལ་ཤ །བཅུ་བཞིར་ལ་ནི་སྐྲ་གྲིའི་ལས། །གནམ་སྟོང་བུད་མེད་དོན་གཉེར་ན། །སྐྱེས་བུ་རྣམས་ཀྱི་ཚེ་ཟད་བྱེད། །བརྒྱད་ནས་བཅུ་གསུམ་བར་དག་ཏུ། །རིམ་བཞིན་མགོ་དང་ཐོད་པ་དང་། །རྒྱུ་ལ་སེན་མོ་པགས་པ་ཚིལ། །མཐོ་རིས་འདོད་པས་བཟའ་མི་བྱ། །ནག་ཟླའི་གསུམ་དང་བཅོ་ལྔ་དང་། །ས་ག་ཟླ་བའི་དཀར་པོའི་གསུམ། །སྣྲོན་ཉ་ཆུ་སྟོད་དཀར་པོའི་བཅུ། །གྲོ་བཞིན་གནམ་སྟོང་ཁྲུམས་ཟླ་ཡི། །གསུམ་བརྒྱད་བཅུ་གསུམ་ཐ་སྐར་དགུ། །སྨིན་ཟླའི་བརྒྱད་དགུ་བཅུ་གཉིས་དང་། །རྒྱལ་ཟླའི་བཅུ་གཅིག་མཆུ་ཟླ་ཡི། །བདུན་དང་ཉ་སྟོང་དབོ་ཟླའི་ཉ། །རིག་བྱེད་པ་རྣམས་ཚངས་པ་ཡི། །ཉིན་གཅིག་ཤེད་


LT41_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཅུ་བཞིའི་དུས། །རྫོགས་པས་བསོད་ནམས་འཕེལ་བར་འདོད། །བཅོ་ལྔའི་ཉིན་མོར་ཟླ་བའི་ཆ། །གཅིག་མ་རྫོགས་པས་བཅུ་བཞི་དང་། །འདྲ་བ་ཨརྦུ་མ་ཏིར་གྲགས། །མཚན་མོར་ཉ་གང་རཱ་ཀའོ། །གནམ་སྟོང་ཉིན་མོར་ཟླ་བའི་ཆ། །ཅུང་ཟད་མཐོང་བས་ཉེར་དགུ་དང་། །འདྲ་བ་སི་ནཱི་བཱ་ལཱིར་གྲགས། །མཚན་མོར་སྟོང་ཆེན་ཀུ་ཧཱུའོ། །མཆོད་སྦྱིན་སྦྱིན་སྲེག་ལ་སོགས་པ། རྗེས་འགྲོ་ །སྔ་མ་གཉིས་ལ་སྟོང་དགེ་སྦྱིན། ཕྲག་སྟེ། །ཕྱི་མ་གཉིས་ལ་འབུམ་དུ་འགྱུར། །ཉི་མའི་བདག་པོ་ཞི་བ་སྟེ། །ཟླ་བའི་ཆ་འཛིན། ལྷ་ནི་མེ་ལ་རང་བཞིན་བརྟན། །སྟོང་ཆེན། གདུང་པའི་ལས་བྱེད་དེ་ཡི་རེས། །ཟངས་དང་གྲོ་དང་ཙནྡན་དམར། །ཞོ་ནི་མཆོད་ཅིང་སྦྱིན་པར་ཤིས། །ཟླ་བདག་ཞི་མ་ལྷ་ནི་ཆུ། །རང་བཞིན་གཡོ་ལ་མཛེས་རྒྱས་བྱེད། །མཆོད་སྦྱིན་དུང་དང་ཙནྡན་དམར། །གོས་དཀར་འབྲས་དཀར་དགེ་བར་འགྱུར། །བཀྲ་ཤིས་བདག་ཕུག་ལྷ་ས་གཞི། །རང་བཞིན་དྲག་པོ་འཆི་བར་བྱེད། །གླང་དང་གོས་དམར་བུ་རམ་དང་། །ཟན་སོགས་གོང་བུ་མཆོད་སྦྱིན་དགེ། །ལྷག་པའི་བདག་དང་ལྷ་ཁྱབ་འཇུག །འདྲེས་པའི་ཚུལ་ཅན་ནོར་ལྡན་བྱེད། །ག་བུར་ཆུ་དང་སྲན་སྡེའུ། །གོས་ལྗང་རིན་ཆེན་ལྗང་གུ་སྦྱིན། །ཕུར་བདག་ཚངས་པ་ལྷ་བརྒྱ་བྱིན། །ཡང་བའི་རང་བཞིན་ལོངས་སྤྱོད་འཕྲོག །གོས་སེར་ཡུང་བ་ཙ་ན་ཀ །ཡུངས་ཀར་རྣམས་ནི་མཆོད་ཅིང་སྦྱིན། །པ་སངས་


LT41_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་དབང་པོ་སྟེ། །ལྷ་ནི་དབང་མོ་རང་བཞིན་འཇམ། །ཕོངས་པར་བྱེད་དོ་རོ་ཙ་ན། །རྟ་དཀར་འབྲུ་དཀར་མཆོད་སྦྱིན་བྱ། །སྤེན་བདག་དུས་ཏེ་ལྷ་ཚངས་པ། །རྣོ་བའི་རང་བཞིན་ལོངས་སྤྱོད་སྟེར། །ཏིལ་དང་འབའ་ཆབ་ནག་མོ། །སྣུམ་དང་ལྕགས་མཆོག་མཆོད་སྦྱིན་ཤིས། །སྒྲ་གཅན་ཡོད་ཚེ་མ་ཧེ་ར། །སྲན་ཁྲེའུ་ཏིལ་དང་ཡུངས་ཀར་ནག །ཀེ་ཏུར་ར་ལུག་འདྲེས་མའི་ཟས། །སོ་སོའི་ཉི་མར་སྦྱིན་བྱ་སྟེ། །གསེར་དང་བ་ནི་ཀུན་ལ་མཆོག །གནོད་ཚེ་མཆོད་པས་ཞི་བྱེད་དོ། །དེ་ནས་རེས་གཟའ་སོ་སོ་ལ། །དགེ་བའི་བྱ་བ་བཤད་ཀྱི་ཉོན། །རྒྱལ་པོར་དབང་བསྐུར་དགའ་སྟོན་བརྩམ། །ལམ་བགྲོད་གཞན་བསྟེན་བ་ལང་བསྲེལ། །སྦྱིན་སྲེག་ལ་སོགས་མེ་དང་ནི། །སྔགས་སྨན་མཚོན་དང་ཚོས་ཀྱི་ལས། །གསེར་ཟངས་པགས་པ་བུད་ཤིང་བལ། །གཡུལ་དང་ཟོང་སོགས་ཉི་མར་བསྒྲུབ། །མུ་ཏིག་དངུལ་དང་དུང་ཆུ་སྐྱེས། །བུར་ཤིང་བཟའ་དང་བུད་མེད་བསྲེལ། །ལྗོན་ཤིང་ཞིང་དང་ཆུ་འོ་མ། །གོས་རྒྱན་མེ་ཏོག་རྭ་ཡི་བཟོ། །གླུ་དང་མཆོད་སྦྱིན་ཟླ་བར་བརྩམ། །དབྱེ་བརྫུན་རྐུན་མ་མེ་དུག་མཚོན། །འཆིང་གསོད་གནོད་བྱེད་གཡོ་སྒྱུ་དང་། །དམག་འཐབ་གསེར་སོགས་ཁམས་རྣམས་དང་། །བྱེ་རུའི་ལས་ནི་མིག་དམར་དགེ། །འཆད་སོགས་མཁས་པའི་བྱ་བ་དང་། །ཀློག་སོགས་བསོད་ནམས་བསགས་


LT41_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །བཤེས་གཉེན་བསྟེན་དང་ཡི་གེ་འབྲི། །བཟོ་དང་ཁམས་ཀྱི་ལས་རྣམས་དང་། །ཕན་ཚུན་མཚམས་སྦྱོར་བག་མ་ལེན། །གསེར་འགྱུར་ལྷག་པའི་རེས་ལ་བྱ། །ཆོས་ཀྱི་བྱ་བ་རྒྱས་པའི་ལས། །ཆོད་སྦྱིན་སྦྱིན་སྲེག་བཀྲ་ཤིས་ལས། །རྒྱན་གོས་ཁང་བཟོ་སྨན་སྦྱོར་བ། །ཤིང་རྟ་རྟ་ཉོ་ལྟད་མོ་སོགས། །ལྷ་ཡི་བླ་མ་ལ་བསྒྲུབ་བྱ། །ནོར་བུ་རིན་ཆེན་མལ་སྟན་གོས། །གླུ་དང་དྲི་བཟང་བུད་མེད་རྒྱན། །དགའ་སྟོན་ཞིང་དང་ས་ཡི་ལས། །མཛོད་དང་ཉོ་ཚོང་བ་ལང་བསྲེལ། །པ་སངས་ཉི་མ་ལ་འགྲུབ་འགྱུར། །ལྕགས་རྡོ་ཞ་ཉེ་བཤའ་ཚེ་བཞུ། །ཁྱིམ་དུ་འཇུག་དང་བྲན་གཡོག་བསྟེན། །སྡིག་ལས་བརྫུན་ཁྲོ་དུག་ཆང་སྦྱོར། །མཚོན་ཆ་བཅིང་དང་མཆོད་སྦྱིན་སོགས། །བརྟན་པའི་ལས་རྣམས་སྤེན་པར་བྱ། །ཟླ་ལྷག་ཕུར་བུ་པ་ཝ་སངས། །བྱ་བ་སྤྱི་ལ་དགེ་བྱེད་དེ། །ཉི་མ་ས་སྐྱེས་སྤེན་པའི་རེས། །རང་རང་བཤད་པའི་ལས་རྣམས་འགྲུབ། །རེས་གཟའ་ཨུ་པ་ཙ་ཡར་ཞུགས། །སོ་སོར་ཇི་སྐད་བཤད་ཀུན་འགྲུབ། །གལ་ཏེ་ཨ་པ་ཙ་ཡར་ཞུགས། །དེ་ཡི་བྱ་བ་འབྲིང་དུ་འགྱུར། །སྨིན་དྲུག་ཟླ་བའི་གནམ་སྟོང་ལ། །ཉི་མིག་སྤེན་པའི་རེས་གྱུར་ཚེ། །བཀྲ་ཤིས་ཐོབ་ཅིང་ཚེ་དང་ལྡན། །མི་བདག་ཉམས་ཤིང་ཕྱུགས་རྣམས་ཟད། །ནམ་གྲུ་ནས་བརྩམས་མགོ་ཡི་བར། །རྒྱུ་སྐར་གང་རུང་ལ་ཟླ་གནས། །དེ་སྲིད་པ་སངས་ལོང་


LT41_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། །ཡང་ན་ལྷོ་ལ་ཕྱོགས་པར་འགྱུར། །ཉིན་ཞག་ལྔ་དང་བདུན་པ་ལ། །ཤར་དང་ནུབ་ཏུ་པ་སངས་ཤར། །དེ་ནི་བྱིས་པ་ཞེས་བྱ་དགེ། །དེ་ལས་བཟློག་པ་རྒན་པོ་ཉེད། །ལྷ་ཡི་བླ་མའང་དེ་དང་འདྲ། །ཉིན་ཞག་བཞི་ལྔ་གསུམ་པ་ལ། །ཕུར་སངས་ནུབ་ཚེ་དགོངས་ཐུན་མགོར། །བྱིས་པ་རྒན་བོར་བག་བསུ་སོགས། །དགེ་བའི་བྱ་བ་སྤང་བར་བཤད། །གང་ཚེ་ཉི་མ་ཕུར་བུ་དག །ལྷན་ཅིག་སྤྱོད་པའི་དུས་སུ་ནི། །ལྷག་སངས་ལ་སོགས་གཟའ་རྣམས་ཀྱི། །ཉེས་པ་མཐའ་དག་སེལ་བར་བྱེད། །ཟླ་བ་དཀར་པོའི་ཚེས་གཉིས་དང་། །ལྔ་དང་དགུ་པ་ལ་སྤྱོད་ཚེ། །རྒྱུ་སྐར་ཀུན་གྱིས་ལེགས་པ་སྦྱིན། །ལྔ་པ་སྦྱོར་བ་ཉེར་བདུན་རྩིས། །རྣམ་སེལ་མཛའ་བོ་ཚེ་ལྡན་དང་། །སྐལ་བཟང་དགེ་བྱེད་ཤིན་ཏུ་འགྲམ། །ལས་བཟང་འཛིན་བྱེད་ཟུག་རྔུ་དང་། །འགྲམ་པ་འཕེལ་བརྟན་རྣམ་བསྣུན་དང་། །དགའ་བ་རྡོ་རྗེ་དངོས་གྲུབ་དང་། །ཕན་ཚུན་ལྟུང་དང་མཆོག་ཆེན་དང་། །ཡོངས་འཇམ་ཞི་བ་གྲུབ་པ་དང་། །བསྒྲུབ་བྱ་དགེ་བ་དཀར་པོ་དང་། །ཚངས་པ་དབང་པོ་མཁོན་འཛིན་ཏེ། །ལས་རྣམས་ཀུན་ལ་རང་རང་གི། །མིང་དང་མཚུངས་པའི་འབྲས་བུ་སྦྱིན། །དེ་ལས་དགུ་ནི་ངན་པ་སྟེ། །གཞན་པ་ཐམས་ཅད་previous hit བཟང་པོའོ། །རེ་རེར་ཆུ next hit་ཚོད་དྲུག་ཅུ་ཡོད། །རྣམ་སེལ་ཐོག་མའི་གསུམ་སྤང་བྱ། །འགྲམ་


LT41_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིན་འགྲམ་དབྱུ་གུ་དྲུག །ཟུག་རྔུར་ལྔ་དང་རྣམ་བསྣུན་དང་། །རྡོ་རྗེར་དགུ་ལ་ཡོངས་འཇོམས་ཕྱེད། །ཕན་ཚུན་ལྟུང་དང་མཁོན་འཛིན་གྱི། །ཆུ་ཚོད་རིལ་པོར་དགེ་ལས་འཛེམ། །དྲུག་པ་གཡོ་བརྟན་བྱེད་པའི་རྩིས། །དབང་པོ་ཚངས་པ་མཛའ་བོ་ཉི། །ས་དང་དཔལ་དང་ཀཱི་ནཱ་པ། །གཡོ་བའི་བྱེད་པ་བདུན་གྱི་ལྷ། །ཆ་ལྡན་གླང་དང་སྦྲུལ་དང་རླུང་། །བརྟན་བྱེད་བཞི་ཡི་མགོན་རྣམས་སོ། །ཥྚ་ིྚ་མ་གཏོགས་བྱེད་པ་གཞན། །དགེ་བའི་ལས་ལ་ཕལ་ཆེར་བསྔགས། །བ་བར་བརྟན་དང་རྒྱས་ལས་དགེ། །གཉིས་པས་ཆོས་དང་བྲམ་ཟེར་ཕན། །གསུམ་པར་རབ་མྱོས་གྲོགས་སུ་བསྒྲུབ། །འགྲོ་གནས་ཏཻ་ཏི་ལ་ལ་དགེ། །དུག་ལ་ས་བོན་ཁང་ཞིང་ལས། །ཚོང་པར་ཚོང་དང་བརྟན་ལས་བརྩམ། །བིཥྚིར་ལས་ཀུན་འགྲུབ་མ་ཡིན། །དགྲ་གསོད་སོགས་ལ་དེ་བསྔགས་སོ། །བཟང་པོའི་ལུས་ཀྱི་ཆ་ཤས་ནི། །གདོང་ལ་ལྔ་སྟེ་མགྲིན་པར་གཅིག །སྲང་ལ་བཅུ་གཅིག་སྐེད་པར་བཞི། །དཔྱི་ལྟེར་དྲུག་སྟེ་མཇུག་མར་གསུམ། །དབྱུ་གུ་སུམ་ཅུའི་བདག་ཉིད་དོ། །གདོང་ལ་བྱ་བ་ཉམས་ཤིང་འཆི། །མགྲིན་པར་ནོར་ཉམས་བྲང་སྐེད་དཔྱིར། །བློ་གྲོས་ཟད་ཅིང་ལྟེ་བའི་ཡུལ། །རྣམ་རྒྱལ་མཇུག་མར་འགྲོ་བར་བྱེད། །འཆར་བའི་མདུན་དུ་མི་དགེ་བའི། །སྟོབས་ཆེ་རྒྱབ་ཏུ་དགེ་ལེགས་སྟེར། །རབ་འཆིང་གོང་བུ་


LT41_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གློག །རབ་གནག་མཆེ་གནག་འགྲམ་ཡངས་དང་། །དབྱུག་རིང་སྣ་རིང་བྱ་བ་འཇོམས། །འབུམ་ཕྲག་བསྲེགས་ཐོབ་སྐྱུག་བྱེད་དང་། །སྣ་ཚོགས་མཐའ་མིང་མདོན་པར་བརྗོད། །ཤ་ཀུ་ནི་སྟེ་ལྟས་ཅན་ལ། །སྔགས་སྨན་རྒྱས་པའི་ལས་ཀུན་འགྲུབ། །རྐང་བཞི་པར་ནི་བ་ལང་དང་། །བྲམ་ཟེ་རྒྱལ་པོ་མཚུན་ལས་བྱ། །ཀླུ་ལ་འཇོམས་འཕྲོག་བརྟན་པའི་ལས། །ཀིནྟུ་།།།ར་ནི་རྒྱས་པ་དང་། །དགེ་དང་བཀྲ་ཤིས་ལས་རྣམས་བྱ། །བདུན་པ་སྐར་མའི་རྩིས་བཤད་པ། །ཐ་སྐར་གྲངས་གསུམ་རྟ་གདོང་འདྲ། །ལྷ་ནི་ཀུན་འགྱེད་སྐྱེ་གནས་རྟ། །བྲ་ཉེ་སྐར་གསུམ་སྐྱེ་གནས་གཟུགས། །ལྷ་ནི་གཤིན་རྗེ་སྐྱེ་གླང་པོ། །སྨིན་དྲུག་སྐར་དྲུག་སྤུ་གྲིའི་དབྱིབས། །ལྷ་ནི་མེ་ལ་སྐྱེ་གནས་རྟ། །སྣར་མ་སྐར་ལྔ་ཤིང་རྟར་མཚུངས། །ལྷ་ནི་ཚངས་པ་ཀླུའི་སྐྱེ་གནས། །མགོ་ནི་སྐར་གསུམ་རི་དྭགས་མགོ། །ལྷ་ནི་ཟླ་བ་སྐྱེ་གནས་ཀླུ། །ལག་ནི་སྐར་གཅིག་ནོར་བུ་བཞིན། །ལྷ་ནི་དྲག་པོ་སྐྱེ་གནས་ཁྱི། །ནབས་སོ་སྐར་བཞི་ཁྱིམ་ལྟ་བུ། །མི་གཅོད་མ་ལྷ་བྱི་ལའི་སྐྱེ། །རྒྱལ་ནི་སྐར་གསུམ་མདའི་རྣམ་པ། །ལྷ་ནི་ཕུར་བུ་སྐྱེ་གནས་ལུག །སྐེག་ནི་སྐར་དྲུག་འཁོར་ལོའི་ཚུལ། །ལྷ་ཀླུ་སྐྱེ་གནས་བྱི་ལའོ། །མཆུ་ནི་སྐར་ལྔ་ཁང་པ་ལྟར། །ལྷ་མཚུན་བྱི་བའི་སྐྱེ་གནས་ཅན། །གྲེ་ནི་སྐར་གཉིས་


LT41_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མལ་སྟན་འདྲ། །ལྷ་ནི་བྷ་ག་སྐྱེ་བྱི་བ། །དབོ་ཡང་སྐར་གཉིས་ཁྲི་ཡི་གཟུགས། །ལྷ་ནི་འགྲོ་ལྡན་སྐྱེ་གནས་གླང་། །མེ་བཞི་སྐར་ལྔ་ལག་པའི་དབྱིབས། །ལྷ་ནི་ཉིན་བྱེད་མ་ཧེའི་སྐྱེ། །ནག་པ་སྐར་གཅིག་མུ་ཏིག་བཞིན། །ལྷ་ནི་འཇོག་པོ་སྐྱེ་གནས་སྟག །ས་རི་སྐར་གཅིག་བྱི་རུའི་དཔེ། །ལྷ་ནི་རླུང་ལ་སྐྱེ་གནས་གླང་། །ས་ག་སྐར་བཞི་རྟ་བབས་འདྲ། །ལྷ་ནི་བརྒྱ་བྱིན་སྐྱེ་གནས་སྟག །ལྷ་མཚམས་སྐར་གསུམ་སྟོབས་ལྡན་གནས། །ལྷ་ནི་མཛའ་བོ་ཨེ་འི་སྐྱེ། །སྣྲོན་ནི་སྐར་གསུམ་རྣ་རྒྱན་འདྲ། །ལྷ་ནི་དབང་པོ་སྐྱེ་རི་དྭགས། །སྣྲུབས་སྐར་བཅུ་གཅིག་ཅོ་འབལ་བཞིན། །ལྷ་ནི་བདེན་བྲལ་སྐྱེ་གནས་སྤྲེལ། །ཆུ་སྟོད་སྐར་བཞི་མལ་ཆའི་ཚུལ། །ལྷ་ཆུ་སྲེ་མོའི་སྐྱེ་གནས་ཅན། །ཆུ་སྨད་སྐར་བཞི་གླང་འགྱིང་འདྲ། །སྣ་ཚོགས་ལྷ་སྟེ་སྲེ་མོའི་སྐྱེ། །བྱི་བཞིན་སྐར་གསུམ་བཞི་མདོའི་ལམ། །ལྷ་ནི་སྒྲུབ་བྱེད་སྐྱེ་གནས་སྤྲེལ། །གྲོ་བཞིན་གྲངས་དབྱིབས་སྐྱེ་གནས་བཅས། །དེ་མཚུངས་ལྷ་ནི་ཁྱབ་འཇུག་གོ། །མོན་གྲེ་སྐར་བཞི་རྩལ་ལྡན་གཟུགས། །ནོར་ལྷ་སེང་གེའི་སྐྱེ་གནས་སོ། །མོན་གྲུ་སྐར་བརྒྱ་རྫ་རྔའི་དབྱིབས། ལྷ་ནི་ཆུ་བདག་སྐྱེ་གནས་རྟ། །ཁྲུམས་སྟོད་སྐར་གཉིས་ཟུང་འཛིན་འདྲ། །ལྷ་ནི་ར་རྐང་སེང་གེའི་སྐྱེ། །ཁྲུམས་སྨད་སྐར་གཉིས་མལ་ཁྲིའི་ཚུལ། །ལྷ་ནི་སྦྲུལ་རྟོགས་སྐྱེ་


LT41_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཕྱུགས། །ནམ་གྲུ་སོ་གཉིས་བརླ་སུལ་དབྱིབས། །ལྷ་ནི་རྒྱས་བྱེད་སྐྱེ་གནས་ཕག །རྒྱུ་སྐར་ཉེར་བརྒྱད་སྟོབས་དང་ལས། །ལྷ་དང་རིགས་བཞིན་སྤྱོད་པའོ། །སྣར་མ་དང་ནི་ཕྱི་མ་གསུམ། །བརྟན་པའམ་ངེས་པ་བཞི་རུ་བཤད། །དབང་བསྐུར་ཁྲི་འདོན་གྲོང་ཁང་བཟང་། །ས་བོན་ཞི་དང་བརྟན་ལས་བརྩམ། །ནག་པ་ལྷ་མཚམས་མགོ་ནམ་གྲུ། །འཇམ་པོ་མཛའ་བའི་སྐར་མ་བཞི། །མཛའ་མཐུན་འཁྲིག་པ་རྒྱན་དང་གོས། །གླུ་དང་བཀྲ་ཤིས་འདི་ལ་བསྒྲུབ། །ཐ་སྐར་མེ་བཞི་བྱི་བཞིན་རྒྱལ། །ཡང་བ་མྱུར་བའི་སྐར་བཞི་སྟེ། །ཚོང་རྒྱན་སྒྱུ་རྩལ་འཁྲི་ཤིང་སྨན། །ལམ་ཞུགས་བསླབ་སྦྱོང་བཟོ་ལས་འགྲུབ། །སྣྲོན་སྣྲུབས་སྐག་དང་ལག་རྣམས་ནི། །འཇོམས་བྱེད་རྣོ་བའི་མིང་ཅན་ཏེ། །འབྱུང་པོ་གནོད་སྦྱིན་གཏེར་སྔགས་སྒྲུབ། །དབྱེ་འཆིང་གསོད་པ་མྱུར་འགྲུབ་བྱེད། །ནབས་སོ་ས་རི་མོན་གྲེ་དང་། །མོན་གྲུ་གྲོ་བཞིན་གཡོ་བསྐྱོད་ལྔ། །གླང་པོ་རྟ་གླང་གླང་ཕྲུག་ཞོན། །ཡིད་འོང་བགྲོད་པའི་བྱ་བར་བསྔགས། །སྔོན་མ་གསུམ་དང་བྲ་ཉེ་མཆུ། །ཁྲོ་དང་དབང་བྱེད་དྲག་པོ་ལྔ། །བསྒྲུབ་བྱ་གཞོམ་དང་དུག་གསོད་འཆིང་། །མཚོན་འཚེ་སྲེག་སོགས་བྱ་བར་བརྗོད། །སྨིན་དྲུག་དང་ནི་ས་ག་དག །འདྲེས་མིང་ཅན་ཏེ་འདྲེས་པ་བརྩམ། །ནམ་གྲུ་ཐ་སྐར་ལྷ་མཚམས་སྣྲོན། །མེ་བཞི་ནག་པ་ས་རི་མགོ།


LT41_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནབས་སོ་དགུ་ནི་འཕྲེད་བལྟས་ཚོགས། །དེ་དག་རྣམས་ལ་ཚོང་འདུམ་ཆིངས། །ཤིང་འཛུག་ཁྲོན་བརྐོ་གཤོལ་གྱི་ལས། །རྟ་གླང་བོང་བུ་ལུག་སོགས་སྦྱིན། །ཆུ་འདྲེན་ལམ་དུ་ཞུགས་སོགས་དགེ། །བྲ་ཉེ་སྨིན་དྲུག་སྐག་དང་མཆུ། །གྲེ་དང་ས་ག་སྣྲུབས་ཆུ་སྟོད། །ཁྲུམས་སྟོད་དགུ་ནི་འོག་བལྟས་ཏེ། །དོང་འོབས་ཁྲོན་རྫིང་གཏེར་རྐོ་དང་། །འཐབ་མོ་རྩིས་དང་ཤོ་རྒྱན་འདོར། །ས་དང་དྲག་ཤུལ་ལས་རྣམས་བརྩམ། །ལག་སྣར་རྒྱལ་དང་དབོ་previous hit ཆུ་སྨད། །གྲོ་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམས་སྨད་དགུ་ནི་སྟེང་བལྟས་ཏེ། །ཁང་པ་ཁང་བཟང next hit་ར་བ་དང་། །རྟ་བ་བསྐྱེད་ཚལ་རྟེན་གསུམ་བཞེངས། །བ་དན་རྒྱལ་མཚན་བཙེམ་དང་སྒྲེང་། །དབང་བསྐུར་ཁྲི་སྟོན་དགེ་ལས་བསྔགས། ༈ །ཆུ་སྨད་བྱི་བཞིན་མོན་གྲེ་དང་། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་དང་། །བྲ་ཉེ་རྣམས་ལ་རོ་སྲེག་དང་། །རྩ་ཤིང་སྔོ་སྡུད་ལྷོ་ཕྱོགས་འགྲོ། །ཁྱིམ་སྦེད་ཐོག་འབུབས་ལ་སོགས་སྤང་། ༈ །ཁྱིམ་འཕོའི་ཚེས་ཀྱི་རྒྱུ་སྐར་ནས། །གསུམ་དྲུག་ལན་གསུམ་བར་བསྐོར་བའི། །རྒྱུ་སྐར་བགྲང་ནས་རིམ་པ་བཞིན། །ལམ་དང་ལོངས་སྤྱོད་ནད་དང་གོས། །འཇོམས་པ་དང་ནི་ནོར་ཆེན་པོ། །ཞེས་པའི་མིང་མཐུན་འབྲས་འབྱུང་བས། །སྐྱེ་དང་བྱ་བ་བསྒྲུབ་སོགས་ལ། །ཟླ་རེ་བཞིན་དུ་རྣམ་པར་དཔྱད། །བྲ་ཉེ་ལག་པ་སྐག་ས་རི། །སྣྲོན་དང་མོན་གྲུ་


LT41_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཐང་དུ་བཤད། །སྣར་མ་ནབས་སོ་དབོ་ས་ག །ཆུ་སྨད་ཁྲུམས་སྨད་ཆེ་བའོ། །ཐ་སྐར་ལ་དཔེར་མཚོན། ལྷག་མ་གཞན་ནི་མཉམ་པའི་མིང་། །མཐང་ལ་ཕུར་བུའི་མཆོད་པ་དང་། །ཆེན་པོར་འབྲུ་མཆོད་ཆེར་བྱ་ཞིང་། །མཉམ་རྣམས་ཟླ་ཕུར་བཞིན་དུ་མཆོད། ༈ །མགོ་ལག་ནབས་སོ་མ་བཞི་དང་། །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་སྨད། །དགུ་ནི་ཁྲུམས་ཟླར་ལྷོ་རུ་སྤྱོད། །ཐ་སྐར་བྲ་ཉེ་མཆུ་གྲེ་དབོ། །ས་རི་ས་ག་ཁྲུམས་སྟོད་སྨད། །དགུ་པོ་དེ་ཚོ་བྱང་དུ་སྤྱོད། །སྨིན་དྲུག་སྣར་མ་རྒྱལ་དང་སྐག །ནག་པ་མོན་གྲེ་མོན་གྲུ་དང་། །ནམ་གྲུ་གྲོ་བཞིན་ཤར་ཕྱོགས་སྤྱོད། །དབྱུག་ཟླར་མགོ་སོགས་ནུབ་སྤྱོད་ཅིང་། །ཐ་སྐར་སོགས་ཤར་སྨིན་སོགས་ལྷོ། །དེ་ལྟར་གཡས་སྐར་རིམ་བཞིན་འཁོར། །དཔེར་ན་ཁྲུམས་ཟླའི་ཤར་ཕྱོགས་དང་། །དབྱུག་ཟླའི་ལྷོ་ཕྱོགས་སྙིང་སྡུག་གོ། །དཔུང་འདེགས་རྩོད་དང་འབྲེལ་བྱེད་དང་། ཁང་པ་ཁང་བཟང་དག་གི་སྒོ། །རྒྱལ་པོ་འདུས་དང་འཐབ་པ་


LT41_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །སྙིང་སྡུག་ལ་ཕྱོགས་སྦང་བར་བྱ། །བརྒྱད་པ་ཡུད་ཙམ་བརྟགས་པའི་རྩིས། །ཉིན་མོ་ཡུད་ཙམ་བཅོ་ལྔའི་ལྷ། །དྲག་པོ་སྦྲུལ་གཉེན་མཚུན་ནོར་ལྷ། །ཆུ་དང་སྣ་ཚོགས་ཚངས་སྒྲུབ་བྱེད། །དབང་པོ་མི་དབང་མཚན་མོར་རྒྱུ། །ཆུ་ལྷ་གཤིན་རྗེ་མོ་མཚན་ནོ། །མཚན་མོའི་ཡུད་ཙམ་བཅོ་ལྔའི་ལྷ། །རི་ཉལ་ར་རྐང་སྦྲུལ་རྟོགས་ཉི། །ཐ་སྐར་གཤིན་རྗེ་མེ་ཚངས་པ། །ཟླ་བ་མི་གཅོད་ཕུར་ཁྱབ་འཇུག །འོད་རྣོན་འཇོག་པོ་སྲིན་པོ་རླུང་རྣམས་སོ། །ཉིན་མཚན་གཉིས་ཀའི་བརྒྱད་པའི་ཆ། །ཨ་བྷི་ཛཏྲ་སྟེ་དོན་གཉེར་སོགས། །ཕྱོགས་རྣམས་གང་དུ་སྤྱོད་ཀྱང་དགེ། །ལྷོ་ཡི་ཕྱོགས་སུ་སྤང་བར་བྱ། །རེས་གཟའ་ཉི་མ་འཆར་བའི་ཚེ། །ཚངས་པ་སྲིན་པོའི་ཡུད་ཙམ་སྤང་། །ཟླ་བར་དབང་པོ་བཀྲ་ཤིས་ལ། །མེ་མཚུན་ལྷག་པར་ཨ་བྷི་ཛིཏ། །ཕུར་བུར་སྲིན་པོ་ཆུ་དང་ཀླུ། །བ་བ་སངས་ལ་ཚངས་པ་མཚུན། །སྤེན་པར་འཇོག་པོ་སྦྲུལ་རྣམས་སྤང་། །ཕུར་བུར་ལས་སོགས་གང་བཤད་པ། །ཡུད་ཙམ་ལྷ་ལའང་དེ་བཞིན་ཏེ། །གཞན་དག་དེ་ཡི་རིགས་པས་འགྲེ། །ཡུད་ཙམ་རྣམ་གྲངས་གཞན་མཆིས་ཀྱང་། །མ་སྤྲོས་ཡི་གེའི་ཕུང་པོས་འཇིགས། །ཉིན་གྱི་གཉིས་གསུམ་ལྔ་དྲུག་བརྒྱད། །མཚན་གྱི་ཐུན་ཕྱེད་གསུམ་པ་རྣམས། །དོན་ཀུན་གྲུབ་པར་ཁ་ཅིག་བཤད། །དགུ་པ་འཕྲོད་སྦྱོར་བརྟགས་པའི་རྩིས། །ཉི་རེས་ཐ་སྐར་ཟླ་བ་མགོ།


LT41_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མིག་དམར་སྐག་ལ་མེ་བཞི་ལྷག །ཕུར་བུ་ལྷ་མཚམས་པ་སངས་ཕུལ། །སྤེན་བ་མོན་གྲུ་ནས་བརྩམས་ཏེ། །རྒྱུ་སྐར་འཁོར་ལོ་རིམ་སྦྱར་བ། །ཀུན་དགའ་ལ་སོགས་དགེ་མི་དགེའི། །འབྲས་བུ་རང་རང་མིང་མཐུན་འགྱུར། །འདིར་རེའུ་མིག་འགོད། ཀུན་དགས་ནོར་རྙེད་བདེ་བ་སྟེར། །དུས་ཀྱི་དབྱུག་པ་འཇིགས་པ་ཆེ། །དུ་བ་མཚན་ངན་སྲོག་ཉམས་འགྱུར། །སྐྱེ་རྒུས་རྒྱས་པའི་ལས་རྣམས་སྦྱིན། །ཞི་བ་ལ་ནི་ལས་ཀུན་འགྲུབ། །བྱ་རོག་ཁ་འཐབ་ཟད་པ་སྦྱིན། །རྒྱལ་མཚན་བརྟན་པའི་ལས་ཀུན་དགེ། །དཔལ་བེའུས་དཔལ་སྦྱིན་བཀྲ་ཤིས་བྱེད། །རྡོ་རྗེས་དྲག་པོའི་ལས་རྣམས་འགྲུབ། །ཐོ་བས་ནད་སྦྱིན་རྒོལ་བ་འཇོམས། །གདུགས་ལ་བསིལ་བ་འཐོབ་པར་འགྱུར། །གྲོགས་ལ་ཡིད་འོང་གྲོགས་དང་འཕྲད། །ཡིད་འབྱུང་མཐུན་སྦྱོར་ལས་རྣམས་འགྲུབ། །པདྨ་བྱ་བ་ཀུན་ལ་དགེ། །ཨཱ་ལི་བུ་ཀས་འཇིགས་ལྟུང་འབྱུང་། །ལྟས་ཆེན་བྱ་བ་སྤྱི་ལ་ངན། །འཆི་བས་འཆི་བ་ངེས་པར་སྦྱིན། །ཞར་བས་དབང་པོ་ཡན་ལག་ཉམས། །དངོས་གྲུ་བཞི་རྒྱས་དབང་ལས་འགྲུབ། །དགེ་བ་དགེ་ལེགས་ལས་ལ་དགེ། །འཆི་མེད་སྲོག་འཚོ་བདུད་རྩི་སྟེར། །གཏུན་ཤིང་སྡུག་བསྔལ་ནད་རྣམས་འབྱུང་། །དབྱུག་བས་འཇིགས་པ་དུ་མ་སྐྱེད། །གླང་པོས་བྱ་བ་ཆེན་པོ་འགྲུབ། །སྲིན་པོ་ལ་ནི་སྲོག་ཉམས་འགྱུར། །གཡོ་བས་གཡོ་བའི་ལས་


LT41_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྲུབ། །བརྟན་པར་བརྟན་པའི་ལས་ཀུན་དགེ། །འཕེལ་བས་ཚེ་དང་བསོད་ནམས་འཕེལ། ༈ །ཉི་མ་མེ་བཞི་ཟླ་བ་མགོ། །བཀྲ་ཤིས་ཐ་སྐར་ལྷ་མཚམས་ལྷག །ཕུར་རྒྱལ་པ་སངས་ནམ་གྲུ་དང་། །སྤེན་སྣར་འཆི་མེད་འགྲུབ་སྦྱོར་ཏེ། །བྱེ་བ་བརྒྱ་ཕྲག་ཀུན་ལ་དགེ། །འོན་ཀྱང་བོད་ཀྱི་བཞེད་རྙིང་པར། །ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ། ཁང་པ་བརྩིགས་ན་ཁྱིམ་དེ་ཕུང་། །ཟླ་བ་གྲོ་བཞིན་འགྲུབ་སྦྱོར་ལ། །དམག་ཇག་བྱས་ན་ཁ་ཉེས་འོང་། །དམག་དཔོན་དབྱུ་གུའི་འགྲུབ་སྦྱོར་ལ། །གནག་ཕྱུགས་ཕྱིར་བཏང་ར་བ་སྟོང་། །ལྷག་པ་ལྷ་མཚམས་འགྲུབ་སྦྱོར་ལ། །བག་མ་བླང་ན་ཁྱོ་མང་འཆི། །རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་ལ། །ཤིད་ལས་བྱས་ན་མི་གཡང་ཉམས། །པ་སངས་ནམ་གྲུའི་འགྲུབ་སྦྱོར་ལ། །བག་མ་བླང་ན་བུ་མི་སྐྱེ། །སྤེན་པ་སྣར་མའི་འགྲུབ་སྦྱོར་ལ། །བུ་ཚ་མི་ཡུལ་འགྲོ་བ་སྤང་། །དེ་དག་མན་ངག་ཡིན་པར་འདོད། ༈ །གཟའ་སྐར་ཚེས་གསུམ་འཛོམ་པ་ཡི། །དངོས་གྲུབ་སྦྱོར་བ་དགེ་བ་ནི། །འཆི་མེད་འགྲུབ་སྦྱོར་ཇི་བཞིན་དུ། །བཟང་པོའི་ལས་ཀ་ཀུན་ལ་དགེ། །དེ་བཞིན་གསུམ་འཛོམ་མི་མཐུན་སྦྱོར། །དྲག་ལས་མ་གཏོགས་ཀུན་ལ་ངན། །དབྱེ་བ་རེའུ་མིག་ཏུ་གསལ། །རེའུ་མིག་འགོད། ༈ །དགའ་བ་པ་སངས་བཟང་པོ་ལྷག །རྒྱལ་བ་མིག་དམར་སྟོང་པ་སྤེན། །རྫོགས་པའི་ཚེས་དང་ཕུར་བུ་


LT41_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ། །འགྲུབ་སྦྱོར་དགེ་བའི་ལས་ལ་བསྔགས། །བྱ་བ་གཞན་ལ་ཕྱི་དལ་འགྱུར། ༈ །ཉི་མ་ལྷ་མཚམས་ཟླ་ཆུ་སྨད། །ས་སྐྱེས་མོན་གྲུ་ལྷག་དབྱུ་གུ། །མགོ་དང་ཕུར་བུ་དཀར་པོ་སྐག །སྤེན་པ་མ་བཞི་དང་འཕྲད་ན། །འཆི་སྦྱོར་ཡིན་ཏེ་དགེ་ལས་སྤང་། ༈། དགའ་དང་ཉི་མ་བཀྲ་ཤིས་བཟང་། །རྒྱལ་བར་ཟླ་ལྷག་པ་སངས་འཛོམ། །སྟོང་ལ་ཕུར་བུ་རྫོགས་སྤེན་པ། །དེ་ཡང་འཆི་སྟེར་འཆི་སྦྱོར་རོ། ༈ །མཆུ་དང་ཉི་མ་ས་ག་ཟླ། །ལག་དང་མིག་དམར་སྨིན་དྲུག་ཕུར། །ལྷག་སྣྲུབས་པ་སངས་བྱི་བཞིན་དང་། །བྱ་སྤེན་གཤིན་རྗེའི་དྲིལ་བུའོ། ༈ །སོག་ལེའི་སྦྱོར་བ་རྩུབ་མོ་ནི། །ཚེས་དང་རེས་གཟའ་བསྲེས་པས་གྲངས། །བཅུ་གསུམ་གྱུར་དེར་དགེ་ལས་འཛེམ། ༈ །ཉི་མའི་རེས་ལ་བདུན་ཉེར་གཉིས། །ལྷག་རེས་ཚེས་གཅིག་བཅུ་དྲུག་འཛོམ། །དེས་ཀྱང་དགེ་བའི་ཕྱོགས་འཇིག་པས། །འཇིག་སྦྱོར་ཞེས་བྱ་མཁས་པས་སྨད། ༈ །ནག་པོའི་ཕྱོགས་ཀྱི་བཅུ་གསུམ་ལ། །ལག་དང་ཉི་མ་ཟླ་བ་མཆུ། །འཛོམ་ན་གླང་པོའི་གྲིབ་མ་སྟེ། །ཤིད་སྟོན་བསོད་ནམས་ཐོབ་པ་བཤད། ༈ །ཉི་མའི་རེས་ལ་རིམ་པ་བཞིན། །ས་ག་ལྷ་མཚམས་སྣྲོན་དང་སྣྲུབས། །ལྟས་ཆེན་འཆི་བ་ཞར་བ་དང་། །དངོས་གྲུབ་སྦྱོར་བ་རྣམས་སུ་འགྱུར། །སྔ་མ་གསུམ་སྤང་ཕྱི་མ་དགེ། །བཅུ་པ་ཁྱིམ་འཕོའི་འབྲས་བུའི་


LT41_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས། །ཉི་མའི་འཕྲོ་བས་དྲག་པོ་སྟེ། །ཟླ་བ་མྱུར་ལ་མིག་དམར་གཡོ། །ལྷག་པས་གཉེན་སྦྱོར་ཕུར་བུ་བརྟན། །པ་སངས་འདྲེས་མ་སྤེན་པས་འཇོམས། །ཟླ་འཕོའི་ལྷ་དང་རིགས་ལ་སྦྱར། །ཉི་མ་སྔ་དྲོར་འཕོ་བ་ན། །རྒྱལ་དང་བྲམ་ཟེར་ཕན་པ་སྦྱིན། །ཉིན་གུང་རྗེ་རིགས་ཕྱི་དྲོ་དམངས། །ཉི་ནུབ་སྲོད་ལ་ཤ་ཟ་གུང་། །མཚན་རྒྱུ་ནམ་ལངས་ཕྱུགས་རྫིར་དགེ། །དུས་དེར་རང་རང་རིགས་དག་གིས། །བྲོ་གར་བྱ་བ་བརྩམ་སོགས་ལེགས། །ནམ་ལངས་དགོང་མོར་འཕོ་བྱེད་ན། །འཕོ་བའི་འབྲས་བུ་སྟོབས་ཆུང་འགྱུར། །ཀོ་ལ་བ་དང་རྟག་བྱེད་བཞིར། །འཕོ་ན་སྟེང་དུ་གནས་པ་ཞེས། །འབྲུ་ཆར་མཆོད་ཡོན་ཡས་རྣམས་སྤང་། །མཚན་ཕྱེད་ཉི་མའི་འཕོ་བ་རྫོགས། །ཉི་མ་སྔ་ཕྱི་གཉིས་ཀ་རུ། །ཁྲུས་དང་སྦྱིན་སོགས་བྱ་བ་བཟང་། །ཉིན་མཚན་མཉམ་ལའང་དེ་བཞིན་ནོ། །ཉི་ཟླ་ལྷན་ཅིག་འཕོ་བའི་ཚེ། །མཆོད་སྦྱིན་དགའ་སྟོན་ཆེན་པོ་དག །འཇོམས་པར་འགྱུར་བས་བརྩམ་མི་བྱ། །སླར་ཡང་སོ་སོར་འཕོ་བའི་ཚེ། །ཟླ་བ་རང་གི་འབྲས་བུ་འབྱིན། །ཉི་མ་གཞུ་ནས་ཆུ་སྲིན་དུ། །འཕོ་ཚེ་སྟོབས་ཆེན་བྱ་བ་བརྩམ། །དེ་ཚེ་སྲོད་དམ་མཚན་ཕྱེད་དུ། །ལོངས་སྤྱོད་ཉམས་པར་འགྱུར་ཞེས་བཤད། །ཉ་དང་སྲང་འཕོའི་ཉིན་ཞག་ལ། །དགེ་བའི་ལས་རྣམས་བྱར་མི་རུང་། །འཕོ་དང་བགྲོད་པའི་མཐར་ཐུག་ཚེ། །སོ་སོའི་ལས་


LT41_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྟོབས་ལྡན་འགྲུབ། །བཅུ་གཅིག་སྐར་སོགས་སྟོབས་ཀྱི་རྩིས། །རང་གི་སྐྱེས་པའི་སྐར་མ་ནས། །བརྩམ་སྟེ་དགུ་ཚན་གསུམ་དུ་འགོད། །སྐྱེས་པ་ཕུན་ཚོགས་ཕོངས་དང་དགེ། །བདག་དགྲ་སྒྲུབ་མ་ཤེས་ན་མིང་སྐར། བྱེད་གནོད་པ་དང་། །མཛའ་དང་ཆེས་མཛའི་སྐར་མར་འགྱུར། །འདི་ལ་བསོད་ནམས་སྡིག་ཅན་ནི། །གང་གནས་དེ་འབྲས་སྟོབས་ཆེར་འགྱུར། །སྐྱེས་སྐར་གསུམ་ལ་ལས་རྩོམ་ན། །བྱ་བ་ཐམས་ཅད་བཀྲ་ཤིས་བྱེད། །ཕུན་ཚོགས་ནོར་དང་ལོངས་སྤྱོད་འཕེལ། །ཕོངས་པས་ནོར་སོགས་ཟད་པར་བྱེད། །བདེ་བས་བྱ་བ་ཀུན་དང་མཐུན། །བདག་དགྲས་དོན་ཉམས་སྡིག་པ་སྟེར། །སྒྲུབ་བྱེད་དགེ་བས་ཅི་ཡང་འགྲུབ། །གནོད་པས་དཀའ་ཚེགས་ནད་གདོན་འབྱུང་། །མཛའ་བ་ལ་ནི་གཉེན་སོགས་བྱམས། །ཤིན་ཏུ་མཛའ་བས་གཞན་གྱིས་འཁུར། །བརྟེན་པ་བཞི་དང་མེ་བཞི་ལ། །མཆེ་སོགས་འབིགས་པ་མེད་པ་དང་། །བདུད་རྩིའི་སྦྱོར་དང་དངོས་གྲུབ་སྦྱོར། །ཁྱད་པར་ཚེས་བརྒྱད་ལ་ནི་རྒྱལ། །བྱ་བ་བརྒྱ་ཕྲག་མྱུར་བ་རུ། །འགྲུབ་བྱེད་


LT41_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་སྦྱོར་བ་སྟེ། །རྐང་བཞི་རྣམས་ལས་སེང་གེ་བཞིན། །སྐར་མ་རྣམས་ལས་རྒྱལ་སྟོབས་ལྡན། །ཟླ་སྤྱོད་ལ་སོགས་འགལ་གྱུར་ཀྱང་། །རྒྱལ་ལ་ལས་བྱས་འགྲུབ་པར་འགྱུར། །གཟའ་སོགས་མི་དགེ་ལྡན་པ་དང་། །སྐར་མ་མི་མཐུན་འགལ་གྱུར་ཀྱང་། །བག་མ་ལེན་པ་མ་གཏོགས་པའི། །དོན་ཀུན་འགྲུབ་ལ་རྒྱལ་སྟོབས་ལྡན། །གཞན་གྱི་སྐྱོན་རྣམས་རྒྱལ་གྱིས་འཇོམས། །རྒྱལ་སྐྱོན་གཞན་གྱིས་འཇོམས་ནུས་མིན། །རྒྱུ་སྐར་ཀུན་གྱི་སྟོབས་ལས་ཀྱང་། །ཟླ་བ་སྟོབས་ཆེ་ཟླ་སྟོབས་ལས། །ཉི་མའི་འཕོ་བ་སྟོབས་རབ་ཆེ། །གཟའ་རྣམས་ཀུན་ལས་ཉི་མ་ཡི། །སྟོབས་མཆོག་དེ་འབྲས་འཕྲལ་དུ་མཐོང་། །རྒྱལ་སོགས་མཇལ་ལ་ཉི་མ་སྟེ། །གཡུལ་དུ་ཆས་ལ་ས་ཡི་བུ། །བསྟན་བཅོས་ཤེས་ལ་ལྷག་པ་སྟེ། །བག་མའི་དགའ་སྟོན་སྒྲ་མཁན་ལ། །ལམ་ཞུགས་པ་སངས་ཟླ་སོགས་ཀྱི། །མཆོད་སྦྱིན་སྤེན་པ་སྟོབས་ཆེན་ལྡན། །ལས་རྣམས་ཀུན་ལ་ཟླ་བ་ནི། །སྟོབས་ལྡན་མཁས་པ་རྣམས་ཀྱིས་བརྗོད། །ཟླ་བ་དཀར་ཕྱོགས་དང་པོར་སོན། །སྟོབས་ཆེ་ཤིན་ཏུ་དགེ་བས་ན། །སྐར་ངན་སོགས་ཀྱང་དགེ་བར་འགྱུར། །ཕྱོགས་གཞན་རྣམས་ལ་དེ་ལྟ་མིན། །རྒྱུ་སྐར་འཕྲོད་ཀྱིས་གཞན་དུ་སྒྱུར། །གལ་ཏེ་ཟླ་བ་སྟོབས་ལྡན་ཀྱང་། །སྐྱེས་སྐར་ནས་གསུམ་ལྔ་བདུན་སྤང་བྱ། །གསུམ་ལྔ་བདུན་གྱིས་མི་རྣམས་ལ། །ཉོན་མོངས་གནས་


LT41_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སྦྱིན་པར་མཐོང་། །དབྱངས་འཆར་སྟོབས་རྣམས་འོག་ཏུ་འཆད། །བཅུ་གཉིས་དུས་སྦྱོར་འབྲས་རྩིས་ལ། །ཉེར་མཁོའི་བརྡ་ཆད་རགས་བསྡུས་འགོད། །ཕྱོགས་རེར་ཆ་ནི་གསུམ་གསུམ་དབྱེ། །ཤར་དབུས་ནས་བརྩམ་གཡོན་བསྐོར་དུ། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་འགོད། །གླང་འཁྲིག་ཀརྚ་བུ་མོ་སྲང་། །གཞུ་ཉ་དགེ་ཕྱིར་ཞི་བར་གྲགས། །གཞན་དྲུག་མི་དགེ་དྲག་པོའི་ཁྱིམ། །གཟའ་མེད་ཞི་དྲག་རང་དབང་ཅན། །གཟའ་ཡིས་སླེབ་ན་བཟང་ངན་བསྒྱུར། །དྲག་ལ་ཞི་གཟའ་གནས་ན་ཞི། །ཞི་ལ་སྡིག་གནས་དྲག་པོར་མཚུངས། །གཡུལ་རྒྱལ་གཞུང་རྙིང་སོར་བཞག་ན། །ལུག་སོགས་དྲུག་ནི་ཕོ་ཡིན་ཅིང་། །མི་མཉམ་པ་དང་དྲག་པོའོ། །གླང་སོགས་དྲུག་ནི་མོ་ཡིན་ལ། །མཉམ་པ་དང་ནི་ཞི་བའོ། །ལུག་ཀར་སྲང་དང་ཆུ་སྲིན་གཡོ། །གླང་སེང་སྡིག་དང་བུམ་པ་བརྟན། །འཁྲིག་པ་བུ་མོ་གཞུ་དང་ཉ། །བརྟན་གཡོ་གཉིས་ཀའི་རང་བཞིན་ནོ། །ལུག་དང་སྡིག་པ་མིག་དམར་ཞིང་། །གླང་དང་སྲང་ནི་པ་སངས་བདག །འཁྲིག་དང་བུ་མོ་ལྷག་པའི་གནས། །ཀརྚ་ཟླ་བ་སེང་གེ་ཉི། །གཞུ་དང་ཉ་ནི་ཕུར་བུའི་ཞིང་། །ཆུ་སྲིན་བུམ་པ་སྤེན་པའི་གནས། །བུ་མོར་སྒྲ་གཅན་བུམ་པར་ནི། །ཀེ་ཏུ་ཉིད་ཀྱིས་དབང་བྱེད་དོ། །ཉེ་མའི་གྲོགས་པོ་ཕུར་བུ་


LT41_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཟླ་གྲོགས་ཕུར་བུ་ལྷག་པའོ། །པ་སངས་ལྷག་པ་མིག་དམར་གྲོགས། །ཟླ་བ་མིག་དམར་ཕུར་པ་སངས། །སྤེན་པ་རྣམས་ནི་ལྷག་པའི་གྲོགས། །ཕུར་གྲོགས་ཉི་མ་པ་སངས་སྤེན། །མིར་ལྷག་ཕུར་སྤེན་པ་སངས་གྲོགས། །ལྷག་ཕུར་སངས་གསུམ་སྤེན་པའི་གྲོགས། །གྲོགས་ལས་གཞན་པ་དགྲ་ཡིན་ནོ། །བྱང་བགྲོད་གཟའ་རྣམས་མཐོང་ཞིང་དགེ། །ལྷོ་བགྲོད་དམའ་བ་མི་དགེར་ཕྱོགས། །ཏཏྐཱལ་ནས་བགྲང་གཡོན་བསྐོར་དུ། །མཐོང་བའི་ས་ནི་བདུན་དུ་བཤད། །གསུམ་དང་བཅུ་ལ་རྐང་པ་གཅིག །བཞི་དང་བརྒྱད་ལ་རྐང་པ་གསུམ། །ལྔ་དང་དགུ་ལ་ཕྱེད་མཐོང་སྟེ། །བདུན་ལ་ཐམས་ཅད་རྫོགས་པར་མཐོང་། །མཐོང་སར་རང་རང་གྲོགས་ཡོད་དགེ། །དགྲ་ཡོད་འཆི་ཞིང་གཞན་བཏང་སྙོམས། །ཏཏྐཱལ་ནས་ནི་རིམ་པ་བཞིན། །ལུས་ནོར་སྤུན་ཟླ་གྲོགས་པོ་དང་། །བུ་དགྲ་ཆུང་མ་འཆི་བ་ཆོས། །ལས་དང་རྙེད་སྟོར་ས་རུ་འགྱུར། །ལུས་དང་སྐྱེ་བ་བུ་དང་གློ། །མཐའ་ཟད་སྟོར་སོགས་རྣམ་གྲངས་སོ། །ཏཏྐཱལ་ཉིད་དང་བཞི་པ་དང་། །བདུན་པ་དང་ནི་བཅུ་པ་རྣམས། །གནས་ཀྱི་དབང་གིས་གྲུ་བཞིན་གྲགས། །ཏཏྐཱལ་ལ་དང་ལྔ་པ་དགུ། །དབྱིབས་ལས་ཟུར་གསུམ་ཞེས་བྱར་གྲགས། །དང་པོ་གསུམ་སོགས་མི་མཉམ་པ། །ཨུ་པ་ཙ་སྟེ་དགེ་བ་ཡིན། །གཉིས་དང་བཞི་སོགས་མཉམ་པ་རྣམས། །ཨ་པ་ཙ་སྟེ་མི་


LT41_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དགེར་བརྗོད། །ཀུན་ཀྱང་གཡོན་བསྐོར་ཉིད་དུ་བརྩི། །སྐབས་འདིར་ཤེས་བྱ་ཉུང་ངུ་ལས། །མ་སྤྲོས་རྒྱས་པ་གཞུང་དུ་ལྟོས། །བཅུ་གསུམ་དུས་སྦྱོར་སྟོབས་བརྟགས་རྩིས། །དུས་སྦྱོར་ཀུན་གྱི་དང་པོར་སྟོབས། །ཟླ་བའི་རྒྱུད་ལས་བརྟག་བྱ་སྟེ། །ཟླ་བར་སྟོབས་མཆོག་ཡོད་པའི་ཚེ། །མཁའ་ལ་སྤྱོད་པའི་གཟའ་དབང་རྣམས། །སྟོབས་ལྡན་དགེ་ལེགས་འབྲས་བུ་སྟེར། །ཟླ་བས་གཞན་སྟོབས་ཟིལ་མནན་ཏེ། །ཟླ་བའི་གཞི་ལ་ནུས་མེད་ན། །དྲག་གཟའ་མི་དགེའི་མཚན་མ་སོགས། །གཟའ་གཞན་རང་རང་ནུས་པ་འབྱིན། །དེ་ཡང་ཟླ་བ་པ་པ་སངས། །གླང་སོགས་མོ་ལ་སྟོབས་ལྡན་ཏེ། །ལྷག་མ་ཕོ་ཁྱིམ་སྟོབས་ལྡན་འགྱུར། །ཟླ་ཉི་བྱང་བགྲོད་སྟོབས་ཆེ་ཞིང་། །གཞན་རྣམས་ལྷོ་བགྲོད་སྟོབས་སུ་འགྱུར། །ཉི་ཕུར་པ་སངས་ཉིན་མོ་སྟོབས། །ཟླ་མིར་རཱ་སྤེན་མཚན་མོ་སྟོབས། །གཉིས་ཀར་ལྷག་པ་སྟོབས་དང་ལྡན། །དཀར་ཕྱོགས་ཕུར་བུ་པ་སངས་སྟོབས། །ནག་པོའི་ཕྱོགས་ལ་ཉི་སྦེན་སྟོབས། །གཉིས་ཀར་ཟླ་ལྷག་མིག་དམར་སྟོབས། །ཞི་ལ་ཉི་ཟླ་རྒྱས་པར་ལྷག །དབང་ལ་པ་སངས་འགུགས་མིག་དམར། །བསྐྲད་ལ་ཕུར་བུ་བསད་སྤེན་པ། །ཁྱད་པར་རང་ཁྱིམ་སྟོབས་ཆེ་ཞིང་། །གཞན་གྱི་ཞིང་ལ་ནུས་སྟོབས་ཆུང་། །སྤེན་པ་མིག་དམར་ལྷག་ཕུར་སངས། །ཟླ་ཉི་གཅིག་ནས་བདུན་འགྱུར་སྟོབས། །


LT41_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལས་སྟོབས་ཆེ་རཱ་ཧུར་བཤད། །ལུག་སེང་གཞུ་གསུམ་ཤར་ཕྱོགས་སྟོབས། །གླང་དང་བུ་མོ་ཆུ་སྲིན་ལྷོ། །འཁྲིག་པ་སྲང་དང་བུམ་པ་ནུབ། །ཀརྚ་སྡིག་ཉ་བྱང་དུ་སྟོབས། །དེ་དག་ཏཏྐཱ་ལ་འཚར་ཆེ། །འཁྲིག་པ་བུ་མོ་སྲང་བུམ་པ། །ཤར་དུ་བགྲོད་སོགས་སྟོབས་ལྡན་ཏེ། །ལུག་གླང་སེང་གེ་གཞུ་རྣམས་ལྷོ། །སྡིག་པ་གཅིག་པུ་ནུབ་ཏུ་སྟོབས། །ཀཏྚ་ཆུ་སྲིན་ཉ་རྣམས་བྱང་། །གཞུ་ཆུ་ལུག་གླང་འཁྲི་གཏར་ཁྱིམ། །རྣམས་ནི་མཚན་མོར་སྟོབས་ལྡན་ཏེ། །འཁྲིག་པ་མ་གཏོགས་ལྔ་པོ་དེ། །རྒྱབ་ཏུ་འཆར་བར་མཁས་པས་བཤད། །སེང་གེ་བུ་མོ་སྲང་སྡིག་བཞི། །མགོ་འཆར་ཞེས་གྲགས་དེ་རྣམས་དང་། །བུམ་བཅས་ཉིན་མོར་སྟོབས་ཆེ་ལ། །ཉིན་མཚན་གཉིས་ཀར་ཉ་སྟོབས་ཆེ། །བཅུ་བཞི་འདྲི་དུས་ལྟས་ཀྱི་རྩིས། །མགོ་དང་ཁ་དང་སྣ་མིག་ལ། །རེག་ཅིང་སྐྱེ་བོས་འདྲི་བྱེད་ན། །གསེར་དང་ནོར་དང་འབྲུ་རྣམས་ནི། །དེ་ཡིས་རྙེད་པར་ཐེ་ཚོམ་མེད། །ཕྲག་རྐེ་ལྐོག་མ་ལག་པ་ལ། །རེག་ན་སྡུག་བསྔལ་དང་བཅས་རྙེད། །གསུས་པ་ལྟེ་བ་ཉེད་ཅིང་འདྲི། །བཟའ་བཏུང་ལ་སོགས་འགྲུབ་པར་འགྱུར། །བྱིན་པ་མཚན་མ་རྐེད་པར་རེག །བུ་མོ་རྙེད་ཅིང་བུ་འབྱུང་ངོ་། །པུས་མོ་ལོང་བུ་རྐང་པར་རེག །དཀའ་ལས་ཆེན་པོ་རབ་ཏུ་སྐྱེད། །སྐྲ་ལ་རེག་ན་འཆི་བར་འགྱུར། །ཤིང་འབྲས་སོགས་ལ་རེག་ན་དགེ། །རྩྭ་དང་སོལ་པ་


LT41_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེག་ན། །བྱ་བ་འགྲུབ་པར་མི་འགྱུར་རོ། །ཤིང་སྐམ་འདམ་དང་གོས་ལ་རེག །གདོན་གྱི་གནོད་པས་ཡིད་སྡངས་བྱེད། །རིལ་བ་ཟས་ཀྱི་སྣོད་སོགས་ལ། །རེག་ན་བྱ་བ་འགྲུབ་པར་འགྱུར། །གནས་སྟོང་དང་ནི་དུར་ཁྲོད་དང་། །ཤིང་སྐམ་དང་ནི་ཞིང་ཉམས་དང་། །ཤོ་གམ་གོས་འཛིན་གནས་སུ་ནི། །དྲིས་ན་ཉོན་མོངས་རབ་ཏུ་སྐྱེད། །ལྷ་ཁང་དང་ནི་ཆུ་བོའི་འགྲམ། །ལྷ་རྫས་གནས་སུ་དགེ་བར་འགྱུར། །ཕྱོགས་གནས་བད་འགྲུབ་མཚམས་སུ་མིན། །བཅོ་ལྔ་དུས་སྦྱོར་འཆར་ཚད་རྩིས། །ཉ་དང་ལུག་ལ་ཆུ་ཚོད་གསུམ། །ཆུ་སྲང་བཞི་བཅུ་རྩ་ལྔ་རེ། །གླང་དང་བུམ་པར་དབྱུག་གུ་བཞི། །བཅུ་དྲུག་སྲང་ངོ་ཆུ་སྲིན་འཁྲིག །དབྱུག་ལྔ་སྲང་ལྔ་ཀརྚ་གཞུ། །དབྱུག་ལྔ་བཞི་བཅུ་རྩ་གཅིག་སྲང་། །སེང་སྡིག་དབྱུག་ལྔ་སྲང་ཞེ་གཉིས། །བུ་མོ་སྲང་ལ་ཆུ་ཚོད་ལྔ། །ཆུ་སྲང་སུམ་ཅུ་རྩ་གཅིག་གོ། །མྱུར་བར་རྟོགས་པའི་ཁྱད་ཆོས་ཏེ། །དུས་སྦྱོར་བརྟག་ཚེ་ཤེས་པར་བྱ། །ཉིན་མོའི་དུས་སྦྱོར་ཤེས་པའི་ཐབས། །ཐུར་མ་གྲིབ་བཅས་ཟླ་ཟུང་ཟླས། །ཐོབ་ནོར་འདས་པའི་ཆུ་ཚོད་དེ། །ལྷག་མ་སྲང་དུ་ཤེས་པར་བྱ། །མཚན་མོའི་དུས་སྦྱོར་ཤེས་འདོད་ན། །རང་གི་མགོ་ཐད་ནམ་མཁའ་ལ། །ཆུ་སྟོད་ལྷ་མཚམས་སྣྲོན་དང་སྐག །ནམ་གྲུ་ས་ག་ཡོད་གྱུར་ན། །བརྒྱད་པའི་སྐར་མ་འཆར་


LT41_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། །མགོ་དང་སྣྲུབས་ཤར་དགུ་པ་འཆར། །མགོ་ཐད་སྐར་གཞན་ཡོད་གྱུར་ན། །བདུན་པ་ཤར་རི་ནས་འཆར་འགྱུར། །ཉི་སྐར་ནས་བརྩམ་མགོ་ཐད་ཀྱི། །སྐར་མའི་གྲངས་ལ་བདུན་གྱིས་དམན། །ལྷག་མ་གཉིས་བསྒྱུར་གཉིས་ཀྱིས་འཕྲི། །མཚན་མོའི་འདས་དུས་གསལ་བར་འགྱུར། །བཅུ་དྲུག་དུས་སྦྱོར་སྤྱི་ཡི་འབྲས། །རྒྱལ་པོ་དབང་བསྐུར་བྱ་བ་དང་། །མི་མཐུན་པ་དང་འབད་རྩོལ་ལས། །བཞུ་བ་དང་མི་བཞུ་བ་ཁམས་ཀྱི་འབྱུང་ཁུངས་དང་འབྲེལ་བ། །ལུག་གི་དུས་སྦྱོར་ལ་འགྲུབ་འགྱུར། །ཁྱིམ་དུ་འཇུག་དང་བག་མའི་ལས། །གཞོན་ནུ་མ་འདམ་སྦྱིན་པ་དང་། །ཞིང་གི་ལས་ནི་བསྒྲུབ་པ་ཡང་། །གླང་གི་དུས་སུ་ངེས་པར་འདོད། །སྒྱུ་རྩལ་བཟོ་དང་འབྲེལ་པ་དང་། །རྒྱན་ལ་སོགས་པའི་ལས་རྣམས་དང་། །གླང་གི་དུས་སྦྱོར་ལ་བཤད་པ། །རྣམས་ཀྱང་འཁྲིག་པ་ཤར་ཚེ་བྱ། །རྫིང་བུ་རྫིང་རིང་ཁྲོན་པ་སོགས། །ཟམ་ཡུར་སོགས་ཆུ་འཆིང་བ་དང་རྒྱས་པ་དང་། །གསེར་ལ་སོགས་པའི་ལས་རྣམས་ཀྱང་། །ཀརྐ་ཊ་ལ་ཐམས་ཅད་བསྒྲུབ། །ཚོང་སྲང་སོགས་དང་ཚོང་ལས་དང་། །མི་བདག་བསྟེན་དང་ཞིང་རྨོ་དང་། །གཞན་དང་བསྟུན་སོགས་ལུག་ལ་ནི། །བཤད་པའི་ལས་གང་སེང་གེར་བསྒྲུབ། །སྨན་དང་པོ་ཡི་རྣམ་ཤེས་དང་། །རྒྱན་སོགས་གཡོ་དང་བརྟན་པའི་ལས། །བུ་མོའི་དུས་སྦྱོར་ལ་འགྲུབ་ཕྱིར། །


LT41_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ལས་ནི་བརྩམ་པར་བྱ། །རྨོ་རྐོའི་ལས་དང་ཚོང་པ་བསྟེན། །བགྲོད་པའི་ལས་དང་སྲང་སྣོད་ལ། །བརྟེན་པའི་ལས་རྣམས་ཐམས་ཅད་ནི། །སྲང་ཤར་དུས་སུ་འགྲུབ་པར་འགྱུར། །འབད་རྩོལ་མཆོག་ཏུ་འཇོམས་པ་དང་། །རྒྱལ་པོ་བསྟེན་དང་དབང་བསྐུར་དང་། །ཞི་བའི་ལས་ནི་བརྟན་བརྩམ་པ། །སྡིག་པའི་དུས་སྦྱོར་ཤར་ཚེ་བྱ། །རབ་ཏུ་གནས་དང་རྒྱས་པའི་ལས། །བག་མ་འདུལ་སྦྱོང་ཡོངས་སུ་བཟུང་། །གཡོ་བའི་ལས་རྣམས་འགྲུབ་པའི་ཕྱིར། །གཞུ་ཡི་དུས་སྦྱོར་ལ་བསྒྲུབ་བྱ། །ཞིང་ལ་ཆུ་དྲང་རྒྱུ་འགྲུལ་དང་། །བཅིངས་པ་དགྲོལ་དང་ཆུ་ཡི་ལས། །བྲན་མོ་རྐང་བཞི་རྔ་མོ་སོགས། །ལས་ནི་ཆུ་སྲིན་ཤར་ཚེ་བྱ། །གྲུ་སྒྲོལ་བ་དང་ཆུ་ཡི་ལས། །ས་བོན་སྡུད་དང་འདེབས་པ་དང་། །དེ་བཞིན་བརྟན་དང་གཡོ་བའི་ལས། །བུམ་པ་ཤར་ཚེ་བསྒྲུབ་པར་བྱ། །རིག་པ་རྒྱན་དང་བཟོ་དང་ནི། །སོ་ནམ་ཆུ་དང་ཕྱུགས་ཀྱི་ལས། །འགྲོ་དང་བག་མ་དབང་བསྐུར་སོགས། །ཉ་ཡི་དུས་སུ་མཁས་པས་བྱ། །དེ་ལྟར་བཤད་པའི་ལས་འདི་རྣམས། །ཁྱིམ་སྟོབས་ཁོ་ནས་འགྲུབ་འགྱུར་ཏེ། །གལ་ཏེ་ཏཏྐཱལ་མཐོང་སར་བཅས། །སྡིག་གཟའ་ཡོད་ན་ལས་རྣམས་ཀྱང་། །དྲག་པོའི་སྦྱོར་དང་བཅས་པར་འགྱུར། །ཁྱིམ་དང་ཏཏྐཱལ་ཕྱེད་ཆ་དང་། །དགུ་དང་བཅུ་གཉིས་སུམ་ཅུའི་ཆ། །གང་ལའང་ཞི་གཟའ་ཤར་ན་དགེ། །


LT41_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སྦྱོར་བཟང་ལ་ཞི་གཟའ་སོན། །བཀྲ་ཤིས་རྒྱས་པའི་ལས་རྣམས་འགྲུབ། །བཟང་ལ་སྡིག་ཅན་སོན་གྱུར་ན། །རྩུབ་འགྱུར་དྲག་པོའི་ལས་འགྲུབ་བྱེད། །དུས་སྦྱོར་ཐོག་མར་འཆར་བའི་ཚེ། །འབྲས་བུ་ཡོངས་སུ་རྫོགས་པར་འགྲུབ། །དབུས་སུ་བར་མའི་འབྲས་སྟེར་ཞིང་། །རྫོགས་མཐར་སྤུན་སྐོག་འབྲས་བུའོ། །བཅུ་བདུན་དུས་སྦྱོར་ལ་བརྟེན་ནས། །བྱ་བ་སོ་སོའི་སྤང་བླང་རྩིས། །ཟླ་བ་ཉ་དང་ཕུར་བུའི་ཞག། ཏཏྐཱལ་ཕུར་བུ་གཡོ་བའི་ཁྱིམ། །ཉི་མ་སོན་ཚེ་བློ་དང་ནོར། །ཚེ་སྒྲུབ་པ་ཡི་བྱ་བ་དང་། །རྒྱལ་པོ་དབང་བསྐུར་བ་ཡང་ཤིས། །ཟླ་བའི་ཉིན་ཞག་ཏཏྐཱ་ལར། །ཟླ་བ་འཆར་དང་ཕུར་བུ་ནི། །བཞི་པར་གནས་ཚེ་སྐྱེད་ཚལ་རྫིང་། །ལོ་ཏོག་འདེབས་པའི་ལས་སོགས་བྱ། །ཕུར་ལྷག་དུས་སྦྱོར་འཆར་བའི་ཚེ། །འདྲི་ཞིང་ཀློག་དང་འཆད་པ་སོགས། །ཆོས་ཀྱི་བྱ་བར་རབ་བཤད་རྣམས། །བརྩམ་བྱ་དེ་ནི་སྟོབས་ལྡན་ཡིན། །ཟླ་བ་ཕུར་བུ་ལས་སུ་ཡོད། །ཞི་བའི་དུས་སྦྱོར་ཉིད་གྱུར་ན། །དེ་དག་སྡེ་ཚོན་གྱུར་པ་ཡི། །བཟོ་ཡི་རིག་པ་བརྩམ་པར་བསྔགས། །ཞི་བའི་ཏཏྐཱལ་སྡིག་ཅན་མེད། །ཟླ་བ་དགེ་པའི་སྡེ་ལ་གནས། །ཤེས་པས་འཛིན་པའི་ལས་བྱའོ། །བཅུ་དང་བཅུ་གཅིག་དུས་སྦྱོར་ལ། །ཟུར་གསུམ་དུ་ནི་ཉི་མ་སོན། །བུམ་པར་འཆར་བ་མ་ཡིན་ན། །བསོད་ནམས་ལས་ལ་དགེ་བར་བཤད། །བུམ་པ་མིན་པའི་ཁྱིམ་ལེགས་


LT41_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རྣམས་སུ་སྐུ་གཟུགས་བླུགས་སོགས་ཤིས། །འདོད་ལ་པ་སངས་འགྲོ་བ་ལ། །ཟླ་ལྡན་ཟོང་གི་ལས་རབ་དགེ། །ཏཏྐཱ་ལར་ནི་ལྷག་པ་དང་། །ལས་ལ་ས་སྐྱེས་རབ་ཏུ་སོན། །མཁས་རྣམས་རྐུན་མའི་དུས་སུ་བཤད། །ཆོས་དང་བུ་དང་ཐ་མ་དང་། །གཡོ་བའི་སྡེ་ལ་ཞུ་བྱེད་སྦྱར། །དུས་སྦྱོར་དགེ་ཞིང་ལས་རྙེད་པར། །ཉི་མ་ས་སྐྱེས་སོན་པ་ན། །དབང་བྱེད་པ་དང་མཚོན་ཆའི་ལས། །ཞབས་འབྲིང་རྗེ་བོ་བསྟེན་ལ་བསྔགས། །ཞི་གཟའི་ཞག་དང་ཏཏྐཱ་ལར། །ཞི་གཟའ་འཆར་ཞིང་བྲ་ཉེ་ཡི། །རེས་ལ་ཕྱུགས་ཀྱི་ལས་བྱས་པ། །ལེགས་པ་འབུམ་དུ་འཕེལ་བར་གྲགས། །ཡ་རབས་ལ་ནི་ཕུར་པ་སངས། །ཉམ་ཆུང་ལ་ནི་གཟའ་གཞན་དག །དུས་སྦྱོར་ཡོད་ཚེ་སྐྱེས་པ་ཤིས། །ཕུར་བུ་པ་སངས་ཟླ་བ་རྣམས། །སྐྱེ་བ་བུ་དང་ཆོས་རྣམས་ལ། །སོན་ཆོ་དགའ་མར་རབ་དགའ་བརྩམ། །རྒྱལ་ཚབ་དུས་སྦྱོར་ཉི་ཕུར་གནས། །ཉི་མའི་ཞག་ལ་ཆོས་སྤྱོད་བྱ། །དུས་སྦྱོར་བཀྲ་ཤིས་ལས་ཀྱི་སར། །ཉི་ཕུར་ཤར་ཚེ་མངོན་སྤྱོད་བརྩམ། །ཏཏྐཱལ་ལྷ་ཡི་སློབ་དཔོན་སོན། །ཆོས་ལ་སྡིག་གནས་ནུས་པ་དམན། །རབ་འགྲོའི་སྦྱོར་ཞེས་གྲགས་པ་ལ། །མཆོད་སྦྱིན་ལ་སོགས་མི་བྱའོ། །དུས་སྦྱོར་ཟླ་བ་ལྷག་པས་མཛེས། །ལྷག་པའི་ཁྱིམ་དུ་ཕུར་བུས་མཐོང་། །རྒྱལ་ཚབ་གནས་སུ་དགེ་བའི་ཚེ། །མཁས་པས་ཟློས་གར་བརྩམ་པར་འདོད། །དུས་སྦྱོར་ཕུར་བུ་ལྷག་


LT41_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། །ཡང་ན་མཉམ་ཁྱིམ་དྲག་པོ་སོན། །དགྲ་དང་ལས་ལ་པ་སངས་ཏེ། །ཟླ་བ་ཆུ་ལས་ཆུར་ཞུགས་ན། །ལས་ཀུན་ཐེ་ཚོམ་མེད་པར་འགྲུབ། །དགྲ་ཡི་མཐའ་དང་ཟད་པ་ལ། །ཉི་གནས་གཟའ་གཞན་སྟོབས་ལྡན་དུས། །སྨན་བསྟེན་པ་ནི་དགེ་བར་གྲགས། །རྒྱལ་དང་མཛའ་བོར་ཟླ་བ་གནས། །བཅུ་གཉིས་པ་ལ་དཀར་པོས་མཐོང་། །ཡང་ན་བརྒྱད་ལ་ཏཻ་ཏི་ལ། །ཡོད་ན་ཆང་སྦྱོར་འགྲུབ་པར་བསྟན། །ཚེས་བརྒྱད་བྲ་ཉེ་མགོ་དང་མཆུ། །ལྷག་སངས་བུམ་པའི་དུས་སྦྱོར་འཛོམ། །ས་འོག་རོ་ལངས་འགྲུབ་པར་བཤད། །དྲག་གཟའ་དྲག་པོའི་ཁྱིམ་གནས་ཤིང་། །ཟླ་བ་སྟོབས་དང་ལྡན་པ་དང་། །འཆི་སྦྱོར་ཡོད་དུས་དགྲ་ལ་ནི། །མངོན་སྤྱོད་རྩོམ་པའི་འབྲས་བུ་མཐོང་། །ཟླ་བ་ཨུ་པ་ཙར་གནས་ཤིང་། །ཨུ་པ་ཙ་ཤར་བསོད་ནམས་གཟས། །ཟད་པའི་མཐའ་ནི་ལེགས་མཐོང་ཚེ། །བརྩམ་པ་ཐམས་ཅད་ཡང་དག་འགྲུབ། །ཟླ་བ་སྟོབས་ལྡན་དཀར་ཕྱོགས་སོན། །ཉི་མིག་སྟོབས་དམན་ནག་ཕྱོགས་ལ། །བདུད་རྩི་ཐུན་མཚམས་འཆར་བའི་དུས། །ཏཏྐཱལ་ཕུར་གནས་ཞིང་ལས་བྱ། །མཐའ་མ་ཟད་པ་ལ་གནས་ཚེ། །ཞི་བ་རྣམས་ཀྱང་མི་དགེ་སྦྱིན། །ཟླ་བ་དུས་སྦྱོར་ལ་མེད་ཅིང་། །བློ་མཐའ་ཆོས་མཐར་ཉི་མ་དང་། །དྲག་སོན་དོན་རྣམས་ཀུན་འགྲུབ་དགེ། །དུས་སྦྱོར་འབྲས་བུ་གཟའ་ཡིས་འབྱིན། །ཁྱིམ་དང་ཏཏྐཱལ་མཐོང་ས་སོགས། །གནས་རྣམས་ཀུན་ཏུ་བརྟག་


LT41_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཡོན་ཏན་ཀུན་ཚང་འབྲས་བུ་ཞག་ལ་ཐོབ། །སྐྱོན་དང་འདྲེས་ན་གཞན་དུ་འགྱང་བར་འགྱུར། །ཡོན་ཏན་མང་ན་སྐྱོན་ཉུང་མི་སྐྱེ་སྟེ། །མེ་ཆེན་འབར་ཚེ་ཆུ་ཡི་ཐིགས་པ་བཞིན། །སྐྱོན་གཅིག་གིས་ནི་ཡོན་ཏན་འབུམ་ཕྲག་འཇོམས། །མཆོག་གི་ཡོན་ཏན་ཡོད་ན་དེ་འཇོམས་མིན། །ཆང་གི་ཐིགས་པས་བ་བྱུང་ལྔ་དག་ཅིང་། །སྔགས་ཀྱི་བུམ་པ་དྲི་མ་ཅན་དུ་བྱེད། །བཅོ་བརྒྱད་དུས་སྦྱོར་ལ་ཞུགས་པའི། །གཟའ་ཡི་སྤྱོད་ཡུལ་བཟང་ངན་རྩིས། །བཅུ་གཅིག་རྙེད་ལ་གཟའ་ཐམས་ཅད། །བྱ་བ་ཀུན་ལ་དགེ་ལེགས་བྱེད། །སྤུན་ཟླ་དགྲ་མཁར་ཉིན་མོའི་མགོན། །མུས་སྤུན་བློ་དགྲ་འདོད་མཁར་ཟླ། །སྤུན་དགྲ་ལས་ཁྱིམ་མིག་དམར་དང་། །སྒྲ་གཅན་ཀེ་ཏུ་ཉི་མའི་བུ། །ནོར་བློ་འདོད་ཆོས་ཟད་ཕུར་བུ། །མཁའ་འདོད་དགྲ་དང་ཟད་པ་སངས། །ནོར་གྲོགས་དགྲ་འཆི་མཁར་ལྷག་པ། །དགྲ་གཟས་འབིགས་པར་མི་བྱེད་ན། །དེ་རྣམས་བྱ་བ་བརྒྱ་ལ་དགེ། །བུ་ཆོས་ཆུ་མཐར་མཁའ་རྒྱུའི་གཟས། །མི་འབིགས་རྙེད་ནོར་མཁའ་དགྲ་ལ། །ཉིན་མོར་བྱེད་གནས་ངེས་ལེགས་འགྱུར། །ནོར་བུ་མཐའ་འཆི་གཉེན་དང་ཆོས། །མི་འབིགས་རྩེ་སྐྱེ་དགྲ་རྙེད་མཁར། །ཟླ་བ་སོན་ཚེ་དགེ་འབྲས་སྦྱིན། །བློ་ཆོས་སྟོར་བར་ཉི་མའི་བུའི། །འབིགས་མེད་རྣམ་གནོན་དགྲ་འགྲོ་བར། །བཀྲ་ཤིས་ཀྱིས་ནི་བདེ་


LT41_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱེད། །ལུས་ཟླ་བུ་དང་འཆི་ཟད་པར། །གནོད་མེད་ནོར་གཉེན་དགྲ་འཆི་ལས། །འགྲོ་བར་ལྷག་པ་སོན་ན་དགེ། །ཟླ་གྲོགས་དགྲ་དང་བུ་ག་མཁར། །འབིགས་མེད་ནོར་བུ་རྩེ་ཆོས་འགྲོར། །ཕུར་བུ་དཀར་པོས་ལེགས་པ་སྐྱེད། །བུ་བརྒྱད་ཆོས་འགྲོ་ཟད་པའི་བར། །དྲག་པོས་ཕུག་ཅིང་ལུས་བློ་ལས། །ཆོས་དགྲ་རྙེད་མཐར་མཁའ་རྒྱུ་རྣམས། །མཉམ་གནས་ལེགས་པ་མིན་པར་བཤད། །ཟླ་བས་མ་མཐོང་སྡིག་གཟས་མཐོང་། །དགྲ་དང་ནོར་གྱིས་མཐོང་བ་ཙམ། །ནོར་ལ་སོན་དང་ཟད་པར་སོན། །གཟའ་ནི་དགྲ་ཡི་ཁྱིམ་གནས་ན། །འབྲས་བུ་ཐམས་ཅད་དོན་མེད་བརླག །གཟའ་རྣམས་མི་མཉམ་ཁྱིམ་གནས་ཚེ། །དུས་མིན་སྤྱོད་དང་རི་དྭགས་བཤོར། །གླང་པོ་རྟ་ཞོན་ཐག་རིང་དང་། །གཞན་ཁྱིམ་འགྲོ་རྣམས་སྤང་བར་བྱ། །ཨུ་པ་ཙ་ལ་ནམ་མཁའི་ནོར། །ལུས་དང་ཆུང་མར་བདུད་རྩིའི་འོད། །ས་སྐྱེས་ཉི་བུ་མཁའ་ལ་སྟེ། །ཟུར་གསུམ་ནོར་འདོད་འགྲོར་ཕུར་བུ། །བདུད་དགྲ་མཁའ་བོར་པ་པ་སངས། །ཟད་པ་བོར་ལ་ལྷག་པ་སྟེ། །མི་མཉམ་ཁྱིམ་དང་འགྲོ་བ་ལ། །གཟའ་ཡི་སྤྱོད་ཡུལ་དགེ་བར་ཟུངས། །བཅུ་དགུ་ཉེ་བའི་གཟའ་ཡི་རྩིས། །དེ་ཡང་རྒྱུ་སྐར་རྐང་པ་ལ། །སྤྱོད་རྣམས་རྩ་བའི་གཟའ་ཡིན་ཏེ། །ཐུན་ཕྱེད་དུས་སྦྱོར་ཕྱེད་པ་སོགས། །ཡན་ལག་གཟའ་ཡིན་ཚེས་ཀྱི་གཟའ། །ཉིན་རེ་བཞིན་དུ་རྒྱུ་རྣམས་སོ། །


LT41_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་གཟའ་ནི་གློག་ལ་སོགས། །གོ་རིམ་རྣམ་གྲངས་མི་མཚུངས་མང་། །འདིར་ནི་ཉི་སྐར་ལས་བརྩམས་ཏེ། །ལྔ་པ་གློག་ལ་བདུན་ས་གཡོས། །བརྒྱད་པ་མདུང་ལ་བཅུ་པ་ཐོག །བཅུ་བཞི་ཕུར་བུ་བཅོ་ལྔ་དབྱུག །བཅོ་བརྒྱད་མཇུག་རིང་བཅུ་དགུ་འབར། །ཉེར་གཅིག་རྨོངས་བྱེད་ཉེར་གཉིས་ནི། །ངེས་འཇོམས་ཉེར་གསུམ་འདར་བའོ། །ཉེར་བཞི་རྡོ་རྗེ་དེ་རྣམས་ལ། །ཟླ་བ་སྤྱོད་ཚེ་དགེ་ལས་སྤང་། །དུག་མཚོན་བསྲེག་སོགས་འགྲུབ་པས་བསྒྲུབ། །ཉི་སྐར་ནས་བགྲངས་ཀླུ་བུག་ཉི། །འདོད་པ་མི་བདག་ལག་མིག་རྣམས། །ཐ་སྐར་ནས་བགྲངས་ཟླ་སྐར་དང་། །འགྲིགས་ཚེ་གཡུལ་འགྱེད་བྱས་པ་ན། །གདོན་མི་ཟ་བར་ཕམ་པས་སྤང་། །ཉི་ཤུ་རིགས་ལྡན་ཐུན་མཚམས་རྩིས། །ཉི་རེས་ཡུད་ཙམ་བཅུ་བཞི་པ། །ཟླ་བ་བཅུ་གཉིས་མིག་དམར་བཅུ། །ལྷག་པ་བརྒྱད་དང་ཕུར་བུ་དྲུག །པ་སངས་བཞི་དང་སྤེན་པའི་དུས། །ཡུད་ཙམ་གཉིས་པར་རིགས་ལྡན་འཆར། །དུས་དེར་དགེ་ལས་སྤྱི་དང་ནི། །ཁྱད་པར་སྨན་སྦྱོར་སྨན་བསྟེན་དང་། །ཟས་གསར་བཟའ་སོགས་སྤང་བར་བཤད། །ཚེས་འཕོའི་ཚེས་ཟད་མཐའ་དང་ནི། །ཟླ་མཐའ་ལོ་མཐའ་ཉི་མ་གསུམ། །ཉི་མའི་རེས་ལ་ཚེས་བདུན་དང་། །ཟླ་བར་དྲུག་དང་མིག་དམར་ལྔ། །ལྷག་པར་བཞི་དང་ཕུར་བུ་གསུམ། །པ་སངས་གཉིས་དང་སྤེན་པ་ལ། །


LT41_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་གཅིག་ཡར་མར་གཉིས་ཀར་སྦྱར། །འདི་ཡང་རིགས་ལྡན་སྦྱོར་བ་སྟེ། །བག་མ་ལ་སོགས་བཀྲ་ཤིས་པའི། །བྱ་བ་བརྒྱ་ལ་བསྡགས་པ་མིན། །འདས་པའི་ཆུ་ཚོད་གཉིས་ཀྱིས་བསྒྱུར། །ལྔ་ཡིས་བགོས་པའི་ཐོབ་ནོར་གྲངས། །དེ་ཉིན་རེས་གཟའ་གང་ཡིན་ནས། །དྲུག་སྐོར་རིམ་པས་བགྲངས་པ་འདས། །ལྷག་མ་མེད་དང་ལྷག་ན་ཡང་། །ད་ལྟའི་གཟའ་རུ་བརྩི་བྱ་སྟེ། །ཉི་མ་པ་སངས་ལྷག་པ་ཟླ། །སྤེན་ཕུར་མིག་དམར་རིམ་བཞིན་ཏེ། །ཉིན་མོ་དྲུག་སྐོར་བགྲང་བའོ། །མཚན་མོ་ལ་ནི་ལྔ་སྐོར་ཏེ། །ཉི་ཕུར་ཟླ་སངས་མིར་སྤེན་ལྷག །འདི་ནི་ཉི་མའི་དཔེར་མཚོན་ཏེ། །རེས་གཟའ་གཞན་ལ་རང་ནས་བརྩམ། །དྲུག་སྐོར་ལྔ་སོར་ཤེས་པར་བྱ། །ཐུན་ཕྱེད་རེ་རེའི་འཆར་ཚད་ནི། །ཉིན་མཚན་ཐུན་ཕྱེད་བཅུ་གཉིས་ཡོད། །དེ་ཕྱིར་ཉིན་མཚན་ཚད་གང་ཡོད། །བཅུ་གཉིས་བགོས་ལྷག་མཁའ་རོས་བསྒྱུར། །བགོས་ཐོབ་སྲང་སྟེ་གང་ཤར་བ། །ཐུན་ཕྱེད་རེ་རེའི་ཡུན་ཚད་དོ། །ད་ལྟའི་ཡུད་ཙམ་བདག་པོའི་གཟས། །ཞི་བ་དགེ་ཞིང་དྲག་པོ་ཡིས། །སྡུག་བསྔལ་སྦྱིན་པས་ལས་ཀུན་འཛེམ། །ཁྱད་པར་བདུད་རྩི་ཐུན་མཚམས་ལ། །བཅུད་ལེན་ས་བོན་གདབ་པ་དང་། །སྨན་སྦྱོར་སྨན་བསྟེན་སོགས་ལ་བསྔགས། །གཞན་ཡང་དགེ་དང་མི་དགེའི་འབྲས། །རིགས་པས་དཔག་གམ་གཞན་ལས་ཤེས། །


LT41_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་མྱུར་བའི་ཐུན་མཚམས་མཉམ། །ཟླ་བ་བདུད་རྩིའི་ཐུན་མཚམས་དགེ། །མིག་དམར་ནད་ཀྱི་མཚམས་མི་དགེ། །ལྷག་པ་རྙེད་པའི་ཐུན་མཚམས་དགེ། །ཕུར་བུ་དགེ་བའི་ཐུན་མཚམས་དགེ། །པ་སངས་གཡོ་བའི་ཐུན་མཚམས་མཉམ། །སྤེན་པ་དུས་ཀྱི་མཚམས་མི་དགེ། །མཉམ་པ་རྣམས་ནི་འདྲེས་པའོ། །ཉེར་གཅིག་འགྲམ་གསུམ་བརྟགས་པའི་རྩིས། །དགའ་བའི་ཚེས་ཀྱི་ཐོག་མ་དང་། །རྫོགས་པའི་ཚེས་ལོངས་ཟད་མཐའ་ཡི། །ཆུ་ཚོད་རེ་རེ་ཚེས་འགྲམ་སྟེ། །དགེ་བའི་ལས་ལ་སྤང་བར་བྱ། །ཟླ་སྐར་སྣྲོན་སྐག་ནམ་གྲུ་ཡི། །ཐ་མ་དང་ནི་སྣྲུབས་དང་མཆུ། །ཐ་སྐར་རྣམས་ཀྱི་ཐོག་མ་ཡི། །ཆུ་ཚོད་གཉིས་གཉིས་སྐར་མའི་འགྲམ། །དུས་སྦྱོར་ཉ་སྡིག་ཀརྐ་ཊའི། །མཐའ་ནས་ཆུ་ཚོད་ཕྱེད་རེ་དང་། །ལུག་གཞུ་སེང་གེའི་ཐོག་མ་ཡི། །ཆུ་ཚོད་ཕྱེད་འགྲམ་སྔར་བཞིན་སྤང་། །ཚེས་སྐར་དུས་སྦྱོར་འགྲམ་རྣམས་ལ། །མི་གང་སྐྱེས་པ་འཚོ་མིན་ཏེ། །གལ་ཏེ་འཚོ་ན་ནོར་ལྡན་འགྱུར། །དེ་དག་འགྲམ་མཐའི་འབྲས་བུའོ། །ཉེར་གཉིས་མཚུན་གྱི་དུས་བསྟན་རྩིས། །ཉི་རེས་ཐུན་ཕྱེད་བཞི་པ་དང་། །ཟླ་བའི་རེས་ལ་གཉིས་པ་སྟེ། །ལྷག་པར་ལྔ་དང་ཕུར་བུའི་རེས། །བརྒྱད་པ་པ་སངས་གསུམ་པ་དང་། །སྤེན་པའི་ཐུན་ཕྱེད་དྲུག་པ་རྣམས། །མཚུན་གྱི་དུས་ཞེས་བརྗོད་བྱ་སྟེ། །བག་མ་ལ་


LT41_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དགེ་བའི་ལས། །ཀུན་ལ་འབད་པས་སྤང་བར་བྱ། །ཉེར་གསུམ་གཎྜའི་མཐའ་བརྟག་རྩིས། །ཟླ་བ་སོ་སོའི་གནམ་སྟོང་ལ། །ཟླ་བའི་མཐའ་ཞེས་བྱ་བ་སྟེ། །ཚེས་ཀྱི་ལོངས་སྤྱོད་ཟད་ཉེའི་དུས། །ཚེས་ཀྱི་མཐའ་ཞེས་བྱ་བ་ཡིན། །ཟླ་སྐར་ལོངས་སྤྱོད་ཟད་ཉེའི་དུས། །སྐར་མའི་མཐའ་སྟེ་རེ་རེའམ། །ཁྱད་པར་ཟད་པ་གསུམ་འཛོམ་ནི། །བཀྲ་ཤིས་ལས་ལ་ཤིན་ཏུ་སྤང་། །གཞན་ཡང་གཎྜའི་མཐའ་རྣམ་གསུམ། །སྐར་མ་དགུ་དང་ཚེས་པ་ལྔ། །དུས་སྦྱོར་བཞི་པ་རྫོགས་ཉེའི་མཐར། །རིམ་བཞིན་previous hit ཆུ་ཚོད་གཉིས་གཅིག་ཕྱེད། །སྤང་བར་བྱ་སྟེ་ལུགས་གཅིག་གོ། །དེ་རྣམས་བྱ་བ་བཟང next hit་ངན་ནི། །སྤྱི་ལ་དགོས་པའི་རྩིས་རྣམས་སོ། །དེ་ཡར་མར་ནས་ལས་ཐབས་རེ་རེ་ལས། །ཉེར་བཞི་བྱིས་པའི་སྐྱེ་བརྟགས་རྩིས། །མི་ཡི་གཟུགས་བྲིས་སྤྱི་པོ་རུ། །སྐྱེས་དུས་ཉི་སྐར་ལ་སོགས་གསུམ། །དཀོད་ཅིང་དེ་བཞིན་ཁ་ལ་གསུམ། །ཕྲག་གཉིས་རེ་རེ་དཔུང་རེ་རེ། །ལག་མགོར་རེ་རེ་སྙིང་གར་ལྔ། །བཤང་སྒོར་གཅིག་ལ་ལྟེ་བར་གཅིག །བྱིན་གཉིས་རེ་རེ་རྐང་གསུམ་གསུམ། །བཀོད་ནས་སྐྱེས་སྐར་གར་ཡོད་བརྟག །སྤྱི་པོ་ལ་སྐྱེས་རྒྱལ་པོར་འབྱུར། ཁ་ལ་མངར་བའི་ཟས་ཟ་ཞིང་། །ཕྲག་པར་གླང་པོའི་ཕྲག་པར་འགྲོ། །དཔུང་པར་གནས་འཕོ་ལག་པ་ལ། །རྐུན་པོར་འགྱུར་ཞིང་སྙིང་གར་རྒྱལ། །ལྟེ་བ་ལ་ནི་ཉུང་དུས་ཚིམ། །


LT41_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བཤང་སྒོར་གཞན་གྱི་བུད་མེད་སྤྱོད། །བྱིན་པ་དག་ལ་ཡུལ་གཞན་འཁྱམས། །རྐང་པ་ལ་སྐྱེས་ཚེ་ཐུང་འགྱུར། ༈ །འབྲ་ག་ཅན་གྱི་འཁོར་ལོ་ནི། །གྱེན་དུ་རེ་ཁཱ་གཅིག་ཡིན་ཏེ། །བཅུ་གསུམ་ཐད་ཀར་ཁྲི་བར་བྱ། །གཡས་ཟུར་ནས་ནི་ཡིམ་པ་བཞིན། །སྦྱོར་བ་རྣམས་ཀྱི་ཨངྐི་བཀོད། །མི་དགེའི་བྱེད་པ་དགུ་པོ་ལ། །སྤྱི་བོའི་སྐར་མ་དགུ་བཀོད་དེ། །རྣམ་སེལ་ཐ་སྐར་ཤིན་འགྲམ་ལ། །ལྷ་མཚམས་ཟུག་རྔུར་རི་དྭགས་མགོ། །འགྲམ་སྣྲུབས་རྣམ་བསྣུན་ནབས་སོ་སྟེ། །རྡོ་རྗེར་རྒྱལ་དང་ཤིན་ལྟུང་སྐར། །ཡོངས་འཇོམས་མཆུ་སྟེ་འཁོན་འཛིན་ལ། །ནག་པ་རྣམས་ནི་རིམ་བཞིན་ནོ། །དེ་ལ་ཉི་ཟླ་ཕན་ཚུན་བལྟས། །རི་མོ་གཅིག་ལ་གནས་ཀྱང་ལྟུང་། །སྒོ་གཏན་གཅིག་པ་ཞེས་བྱ་སྟེ། །རྣམ་འགྱུར་ཁྲོ་ལྡན་དྲག་པོའི་མི། །ས་ལ་བཀྲ་ཤིས་རྣམས་ཉམས་ཤིང་། །སེར་སྐྱའི་མིག་གིས་བསྲེག་བྱར་འགྱུར། ༈ །མི་གང་སྣྲུབས་ལ་སྐྱེས་པའི་འབྲས། །ཟླ་སྐར་སྣྲུབས་ཀྱི་ཐོག་མ་ནས། །ཆུ་ཚོད་དྲུག་ཅུའི་བདག་ཉིད་དེ། །ལྗོན་ཤིང་ཚུལ་དུ་གནས་པ་ཡི། །རྩ་བ་ལ་ནི་ཆུ་ཚོད་བརྒྱད། །སྡོང་པོར་དྲུག་དང་ཤུན་པ་ལ། །བཅུ་གཅིག་ཡལ་ག་ལ་ནི་དགུ། །འདབ་མར་བཅུ་བཞི་མེ་ཏོག་ལྔ། །འབྲས་བུར་བཞི་


LT41_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩེ་མོར་གསུམ། །སྐྱེས་དུས་རྩ་བར་སོང་ན་ཉམས། །སྡོང་པོར་འཇོམས་ཤིང་ནོར་རྣམས་ཟད། །པགས་པར་སྤུན་ཟླ་རྣམ་པར་ཉམས། །ཡལ་ག་ལ་ཡང་མ་ལ་གནོད། །འདབ་མར་འཁོར་གཡོག་ཟད་པ་སྟེ། །རྩེ་མོར་སྐྱེས་པའང་ཚེ་ཐུང་འགྱུར། །མེ་ཏོག་རྒྱལ་པོའི་བློན་པོ་དང་། །འབྲས་བུར་རྒྱལ་པོར་འགྱུར་བར་བཤད། །ཉེར་ལྔ་དབྱངས་འཆར་ཚེ་ཡི་རྩིས། །བཙས་པའི་དུས་སྐར་ཤེས་བྱས་ནས། །ནམ་ལངས་པ་ནས་བཙས་བར་གྱི། །ཆུ་ཚོད་ཉིན་མཚན་ཚད་ལས་སམ། །ཐུར་མས་བཙལ་ནས་རྟོགས་པ་དེ། །གཉིས་བཀོད་གཅིག་དེ་མིག་གིས་བསྒྱུར། །མཁའ་རོས་ཐོབ་དེས་འདས་དབྱུག་དང་། །ལྷག་མས་འདས་སྲང་ཕྲིས་པ་དེ། །རེས་འགྲོགས་སྐར་མའི་དབྱུ་གུར་སྟེར། །འཁོར་ལོ་ལོངས་ན་དྲིལ་བ་ཡིས། །སྐྱེས་སྐར་རྐང་བཅས་ལེགས་རྟོགས་སོ། །དེ་ནས་ཆ་ཤས་བཞིར་དབྱེ་ཕྱིར། །སྐར་དབྱུག་ཚེས་ཀྱིས་ཐོབ་པའི་ནོར། །ཐིག་ཤར་དང་པོ་གཟུགས་ནི་གཉིས། །འཁྲིག་པ་གསུམ་སྟེ་མེ་བཞིའོ། །དེ་ཡང་ཆ་ཤས་དང་པོ་ལ། །སྐྱེས་པ་ཚེ་ལོ་བརྒྱ་ཐུབ་ཅིང་། །གཉིས་པར་བརྒྱད་ཅུ་གསུམ་དྲུག་ཅུ། །བཞི་པར་བཞི་བཅུའི་ཚེ་ཚད་དོ། །ཞིབ་མོར་བྱ་ཕྱིར་སྐར་དབྱུག་ཉིད། །མཁའ་རོས་བསྒྱུར་ནས་སྲང་ཡང་བསྲེ། །མཚམས་བསྒྱུར་ཆ་བཅུག་མཁའ་འཁོར་ལོས། །བགོས་ཐོབ་ལོ་ཡིན་ཁྱིམ་གྱིས་བསྒྱུར། །མཁའ་སྐར་བགོས་ཐོབ་ཟླ་བའོ། །


LT41_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མེས་བསྒྱུར་ཐོབ་ཞག་གྲངས་ཏེ། །ཆུ་ཚོད་བསྒྱུར་ཐོབ་ཆུ་ཚོད་དོ། །གནས་གཉིས་གཅིག་གིས་བརྒྱ་ལ་སྦྱང་། །ལྷག་མ་སྐྱེས་བུའི་ཚེ་ལོ་ཡིན། །གཅིག་ཤོས་མདས་ཐོབ་འཆི་བསླུའི་ལོ། །ལུས་ཅན་སྐྱེས་ནས་ནམ་འཆིའི་བར། །སྐྱེས་སྐར་བདག་པོའི་གཟའ་ནས་བརྩམ། །རིམ་བཞིན་གཟའ་དགུས་དབང་བྱེད་དེ། །རེའུ་དགུ་པ་བཞི་རིམ་བྲི། །སྟེང་མར་ཉི་ཟླ་དམར་རཱ་ཕུར། །སྤེན་ལྷག་ཀེ་ཏུ་པ་སངས་བཀོད། །ཉི་མའི་འོག་ཏུ་སྨིན་དྲུག་ནས། །བརྩམས་ཏེ་རྒྱུ་སྐར་ཚོ་གསུམ་བཀོད། །སྐར་ཐད་སོ་སོའི་བདག་གཟའ་འབྱུང་། །རང་རང་ཐོབ་སྐལ་བཙལ་པའི་ཕྱིར། །ཚེ་ཚད་གང་ཡོད་མཁའ་ཉིས་བགོས། །མ་ཐོབ་ནོར་སྐལ་ཐིག་ལེ་བྲི། །ཁྱིམ་བསྒྱུར་ཆ་བཅུག་བགོས་ཐོབ་ཟླ། །མཁའ་མེས་བསྒྱུར་བཅུག་ཐོབ་པ་ཞག །ལྷག་ན་མཁའ་རོས་བསྒྱུར་སོགས་ཀྱིས། །ཆུ་ཚོད་ཆུ་སྲང་སོགས་འབྱུང་ངོ། །དགུ་བཀོད་སྐར་བདག་ནས་བརྩམས་ཏེ། །གཟའ་དགུའི་མཚན་མ་སོ་སོར་བཏབ། །ཉི་མར་དུས་དང་ཟླ་བར་ཕྱོགས། །མིག་དམར་རི་བོ་རཱ་ཧུར་སྐྱོན། །ཕུར་བུར་མི་བདག་སྤེན་བུག་གཟུགས། །ལྷག་པར་རི་ཟླ་ཀེ་ཏུ་བདུན། །པ་སངས་མཁའ་མིག་བཅས་ཀྱིས་བསྒྱུར། །སྲང་དབྱུག་ཞག་དང་ཟླ་བ་ཡིས། །མས་རིམ་དྲིལ་བ་རང་སྐལ་ལོ། །དེ་དག་བསྡོམས་པའང་ཚེ་ལོ་འཆར། །དེ་ནས་ཕྲ་མོར་བྱ་བའི་ཕྱིར། །


LT41_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་ཉི་སོགས་དགུ་ཚན་དགུ། །སྤེལ་བའང་རང་རང་ལོ་སྐལ་ལ། །མཁའ་ཉིས་དགོད་སོགས་གོང་བཞིན་བྱ། །ལོ་ཟླ་ཞག་དུས་གཏོད་ལེན་མཚམས། །ཞིབ་མོར་བརྩིས་ཏེ་སོ་སོའི་འབྲས། །དབྱངས་འཆར་གཞུང་ལས་ཤེས་པར་བྱ། །ཉེར་དྲུག་བུད་མེད་བཙས་ཁྲུས་རྩིས། །ཚེས་གཅིག་དྲུག་དགུ་བཅུ་རྣམས་དང་། །ཚེས་ཟད་པ་ཡི་མཚམས་རྣམས་དང་། །བྲ་ཉེ་སྨིན་དྲུག་ལག་དང་མཆུ། །རྒྱལ་སྟོད་རྒྱལ་སྨད་ནག་པ་སྣྲུབས། །ས་ག་གྲོ་བཞིན་རྣམས་དང་ནི། །རེས་གཟའ་མིར་ལྷག་སངས་རྣམས་ལ། །སྤང་བར་གཅེས་སོ་གཞན་ལ་རུང་། །ཉེར་བདུན་བྱིས་པར་མིང་འདོགས་རྩིས། །འཇམ་བརྟན་མྱུར་དང་གཡོ་བ་ཡི། །སྐར་མར་བྱིས་པའི་ལས་སྤྱིར་དགེ། །ཁྱད་པར་རྒྱལ་གཉིས་མེ་བཞི་ནག །ས་རི་ལྷ་མཚམས་སྣྲོན་དང་སྣྲུབས། །མགོ་དང་མོན་གྲེ་ཡར་མར་གྱི། །ཚེས་གྲངས་བཅུ་གཅིག་བཅུ་གཉིས་དང་། །ཉི་ཟླ་ལྷག་ཕུར་སྦྱོར་བ་དགེ། །བརྟན་པའི་དུས་སྦྱོར་འཆར་བ་དང་། །ཕུར་སངས་བཞི་པར་སོན་པའི་ཚེ། །བྱིས་པ་ལ་ནི་མིང་འདོགས་པ། །དགེ་བར་མཁས་པས་བཤད་པར་ཐོས། །ཉེར་བརྒྱད་རྣ་བ་འབིགས་པའི་རྩིས། །ཐ་སྐར་ནབས་སོ་རྒྱལ་དང་གྲེ། །མེ་བཞི་ལྷ་མཚམས་སྣྲུབས་གྲོ་བཞིན། །བྱི་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམས་སྟོད་ནམ་གྲུ་ཕྱི་མ་གསུམ། །ཟླ་ལྷག་ཕུར་སངས་རྣམས་ཀྱི་རེས། །གཞུ་ཉ་


LT41_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིག་པ་བུ་མོའི་ཁྱིམ། །དྲག་པོ་མི་གནས་དགེ་བར་འཆར། །རྙེད་དང་གསུམ་ལ་ཞི་བ་ལྡན། །བུམ་པའི་དུས་སུ་ཞ་ཉེ་ཡིས། །བྱིས་པའི་རྣ་བ་འབིགས་པར་བསྔགས། །ནག་ཟླ་རྒྱལ་ཟླ་མཚན་མོ་དང་། །ལོ་གྲངས་ཟུང་ལ་སླེབ་རྣམས་སྤང་། །ཉེར་དགུ་བྱིས་པ་ཕྱིར་འདོན་རྩིས། །ཐ་སྐར་སྣར་མ་མགོ་ནབས་སོ། །རྒྱལ་གྲེ་དབོ་དང་མེ་བཞི་དང་། །ས་རི་ལྷ་མཚམས་སྣྲོན་དང་སྣྲུབས། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །མོན་གྲེ་ཁྲུམས་སྟོད་ཡར་མར་ཚེས། །བཅུ་གཅིག་དང་ནི་བཅུ་གཉིས་དང་། །སེང་གེ་བུ་མོ་སྲང་བུམ་པའི། །དུས་སྦྱོར་སྣྲོན་དང་ཆུ་སྟོད་ཟླ། །རེས་གཟའ་ཉི་མ་མིག་དམར་ལ། །བྱིས་པ་ཕྱིར་འདོན་བྱ་བ་མིན། །དེ་ལས་གཞན་པའི་དགེ་བ་ལའོ། །སུམ་ཅུ་སྐྲ་སེན་འདྲེག་ལ་སོགས། །སྤུ་གྲིའི་ལས་ནི་བྱ་བའི་རྩིས། །ལྷག་པས་ཟླ་བ་ལྔ་དང་ནི། །ཟླ་བས་བདུན་དང་ཕུར་བུས་བཅུ། །དཀར་པོས་བཅུ་གཅིག་བདེ་སྐྱིད་རྒྱས། །ནབས་སོ་རྒྱལ་ལ་མཆོག་ཏུ་ཤིས། །གྲོ་བཞིན་མོན་གྲེ་མོན་གྲུ་དང་། །ནམ་གྲུ་ཐ་སྐར་མགོ་མེ་བཞི། །ནག་པ་ས་རི་རྣམས་ཀྱང་དགེ། །ཉི་མར་རིམས་འདེབས་ས་སྐྱེས་ལ། །མཚོན་འཇོམས་སྤེན་པར་ཞ་བོར་འགྱུར། །རིམ་བཞིན་ཟླ་གཅིག་བརྒྱད་དང་བདུན། །ཟད་བྱེད་དེ་བཞིན་ཡར་མར་གྱི། །བརྒྱད་དྲུག་སྟོང་པའི་ཚེས་རྣམས་དང་། །དགུ་ལ་ཉི་མ་སྤེན་


LT41_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ་སངས། །སྨིན་སྣར་མཆུ་དབོ་ལག་སོར་དང་། །ཆུ་སྟོད་ཆུ་སྨད་རྣམས་ལ་ནི། །སྤུ་གྲིའི་ལས་བྱས་ཚངས་པ་ཡི། །ཚེ་དང་ལྡན་ཀྱང་འཚོ་བ་མིན། །དྲག་པོའི་གཟའ་ནི་ཟུར་གསུམ་སོན། །ནོར་ཟད་འཆི་ལའང་སྡིག་གནས་དང་། །མཚན་དགོངས་འགྲམ་ཟད་གཎྜའི་མཐའ། །ཁྲུས་དང་ཟོས་རྗེས་གཡུལ་དུ་ཞུགས། །རྒྱན་ཆ་མ་བཀྲོལ་བར་ཡང་ནི། །འཚོ་འདོད་སྤུ་གྲིའི་ལས་མི་བྱ། །རྒྱལ་པོའི་བཀའ་སྒྱུར་བྲམ་ཟེ་ཡིས། །སྦྱིན་དང་གཤིན་ལས་བཙས་པའི་ལས། །བཅིངས་ལས་ཐར་དང་མཆོད་སྦྱིན་ཚེ། །བརྟག་མི་དགོས་པར་རུང་བར་བཤད། །སོ་གཅིག་གཙུག་ཕུད་འཇོག་འཆིང་རྩིས། །མགོ་རྒྱལ་ནབས་སོ་མེ་བཞི་ནག །ས་རི་གྲོ་བཞིན་བྱི་བཞིན་སྣྲོན། །ནམ་གྲུ་དཀར་ཕྱོགས་བྱང་བགྲོད་དང་། །བུ་མོ་གཞུ་བུམ་ཆུ་སྲིན་འཁྲིག །ཞི་གཟའ་སྦྱོར་བ་དགེ་བ་ལ། །གཙུག་ཕུད་འཇོག་དང་འཆིང་བ་ཤིས། །རེས་གཟའ་ཉི་ཕུར་དཀར་པོ་དང་། །ཐ་སྐར་མོན་གྲུ་ལ་ཡང་ཤིས། །ཚེས་བདུན་དྲུག་དང་བཅུ་གཉིས་ལ། །བྲམ་ཟེ་རྣམས་ཀྱི་བློ་ཉམས་འགྱུར། །ཚེས་གཅིག་དྲུག་བདུན་བཅུ་གསུམ་སྟོང་། །སྐྱེས་ཟླ་སྐྱེས་སྐར་དཀར་ནག་ཚིགས། །བརྟུལ་ཞུགས་འཆིང་གང་བློ་ནོར་ཉམས། །རིགས་ཀྱི་བདག་པོ་སྟོབས་ལྡན་ཞིང་། །རེས་གཟའ་ཟླ་ཕུར་ལོ་བཅོ་ལྔར། །གཙུག་ཕུད་འཆིང་བར་བསྔགས་པ་ཡིན། །དེ་


LT41_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱལ་རིགས་བདག་ཉི་མ། །བྲམ་ཟེའི་རིགས་རྒྱལ་ཟླ་བ་ཕུར། །རྗེའུ་རིགས་ཟླ་བ་དམངས་ལྷག་པ། །འདྲེས་པའི་བདག་པོ་སྤེན་པའོ། །སོ་གཉིས་ཟས་གསར་བཟའ་བའི་རྩིས། །རེས་གཟའ་ཉི་ཟླ་ལྟག་པ་ཕུར། །སྦྱོར་བ་དགེ་ཞིང་ཡར་མར་ཚེས། །དགའ་བཟང་གསུམ་པ་སྨིན་སྣར་མགོ། །ནབས་སོ་མེ་བཞི་ས་ག་སྣྲུབས། །གྲོ་བཞིན་ནམ་གྲུ་ཕྱི་མ་གསུམ། །སྟོང་པ་སྤངས་པའི་ཆོས་བཟང་པོར། །འབྲས་ཡོས་ལ་སོགས་ཟས་གསར་བཟའ། །དུས་སྦྱོར་བདག་པོ་ལྷག་པ་ལ། །བློ་འཕེལ་ཕུར་བུར་ཚེ་རིང་ཞིང་། །པ་སངས་ནོར་འཕེལ་དུས་སྦྱོར་དང་། །ཉ་འཛོམས་ཟླ་བས་ཡོན་གནས་འགྱུར། །དགྲ་མཐའ་ཟུར་གསུམ་ཉི་སོགས་སོན། །དྲུག་ལ་ཟླ་བ་བརྒྱད་པའི་ཞིང་། །ཉི་སོན་མཐའ་འཇོམས་ཉིད་ཕྱིར་སྤང་། །ཏཏྐཱལ་ཉི་མར་མཛེས་ཟིན་ཅིང་། །མིག་དམར་མཁྲིས་ནད་སྤེན་པར་རླུང་། །ནག་ཕྱོགས་ཟླ་དུས་སློང་མོར་འཁྱམས། །བྱིས་པར་ཐོག་མའི་ཟས་སྦྱིན་པར། །བྲ་ཉེ་ལག་སྐག་མོན་གྲུ་གྲེ། །ཆུ་སྟོད་ཁྲུམས་སྟོད་གཟའ་མིག་སྤེན། །ཡར་མར་སྟོང་པ་བཅུ་གཉིས་བདུན། །ཚིགས་མཚམས་དགའ་བ་སྤང་གཞན་དང་། །ཉ་གླང་བུ་མོ་འཁྲིག་པ་གཟུང་། །ཟད་པའི་དུས་མིན་བརྒྱད་གཉིས་བར། །ཟླ་བ་དགེ་བར་སྤྱོད་དུས་དང་། །སྦྱོར་བ་དགེ་ཞིང་ཤིས་པར་བསྔགས། །བུ་ཟས་ཁྲུམས་ཟླ་སྨིན་ཟླ་ལ། །བུ་མོར་


LT41_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་བཞིན་ཟླ་བར་ཤིས། །ཟླ་བ་དྲུག་པར་ཆུང་མའི་ཟས། །གཞན་ལ་བུ་མོའི་ཟས་ཟ་དགེ། །སོ་གསུམ་ཆས་གོས་བཟོ་བའི་རྩིས། །ཐ་སྐར་ཕྱིས་ཀྱང་གོས་གསར་རྙེད། །བྲ་ཉེ་ལ་ནི་གཞན་གྱིས་འཕྲོག །སྨིན་དྲུག་མེས་ཚིག་སྣར་མ་ལ། །དོན་འགྲུབ་མགོ་ལ་བྱེ་བས་ཟ། །ལག་འཆི་ནབས་སོར་ནོར་མང་ཐོབ། །རྒྱལ་ལ་དོན་འགྲུབ་སྐག་ཆུད་ཟོས། །མཆུ་འཆི་གྲེ་ལ་རྒྱལ་པོའི་འཇིགས། །དབོ་ལ་ཕུན་ཚོགས་མེ་བཞི་ལ། །ལས་འགྲུབ་ནག་པར་འདོད་འབྲས་དམན། །ས་རིར་སྐྱེ་བོའི་ཡིད་དུ་འོང་། །ས་གར་གྲོགས་རྙེད་ལྷ་མཚམས་ལ། །གཞན་འཕྲོག་སྣྲོན་ནི་ཆུ་ལ་ཤོར། །སྣྲུབས་ལ་ནད་འབྱུང་ཆུ་སྟོད་འཇམ། །ཆུ་སྨད་ཐོག་ལྟུང་བྱི་བཞིན་ལ། །མིག་ན་མོན་གྲེར་འབྲུ་འཕེལ་ལོ། །མོན་གྲུར་དུག་འབྱུང་ཁྲུམས་སྟོད་ལ། །ཆུས་འཇིགས་ཁྲུམས་སྨད་ནམ་གྲུའི་རེས། །ནོར་དང་རིན་ཆེན་རྙེད་པར་བཤད། །སོ་བཞི་གོས་རྙིང་གསོ་བའི་རྩིས། །རྙིང་པའི་གོས་ལ་སྔགས་བཏབ་པའི། །དུད་པས་ཕུར་ཞིང་བ་བྱུང་བྱུགས། །གོས་ན་ལེགས་པའི་མཚན་མ་སྟེ། །མི་སྤངས་དེ་ནི་གསོ་བར་བྱ། །འཐོར་ན་མི་འདོད་མཚན་མ་སྟེ། །དེ་སྤང་གོས་གསར་གཞན་བསྒྲུབ་བྱ། །གསོ་ན་ཆ་ཤས་དཔྱད་བྱ་སྟེ། །ལྷ་རྣམས་གོས་ཀྱི་ཟུར་ལ་གནས། །གོང་བ་དང་ཕུ་དུང་ཁ་སོགས། །མི་རྣམས་དབུས་ལོགས་ཁ་ཚར་ལ། །སྲིན་པོ་རྣམས་ནི་སུམ་ཆར་ཏེ། །སྨད་


LT41_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད། མལ་སྟན་ལྷམ་སོགས་ལ་ཡང་དཔྱད། །ལྷ་མེའི་མཚན་མ་གདུགས་རྒྱལ་མཚན། །དོང་རྩེ་གཡུང་དྲུང་དཔལ་བེའུ། །པདྨ་བུམ་པ་རྟ་བབ་སོགས། །སྲིན་པོའི་མཚན་མ་ཀཾ་ཀ་ཁྲ། །མཚུན་བྱ་ཅེ་སྤྱང་རྔ་མོ་སྦྲུལ། །ཤིང་སྐམ་ཡི་དྭགས་ལ་སོགས་སོ། །བཀྲ་ཤིས་མཚན་མ་ལྷ་མིའི་ཆ། །མི་དགེའི་རི་མོ་སྲིན་ལ་སྟེ། །གོ་ལྡོག་གྱུར་ན་ལེགས་པ་མིན། །ལྷ་ཆ་ལེགས་པས་ལོངས་སྤྱོད་འཐོབ། །མི་ཆ་ལེགས་ན་བུ་རྙེད་ལ། །སྲིན་པོའི་ཆ་ཡིས་འཆི་བར་བྱེད། །ཆ་ཀུན་མཐར་ནི་མི་དགེ་སྦྱིན། །བཀྲ་ཤིས་མཚན་མ་མི་བཅད་ཅིང་། །མི་དགེའི་རི་མོ་ལྷ་མིའི་ཆར། །ཡོད་ཀྱང་བཅད་ནས་བོར་བར་བྱ། །དར་ཟབ་སོགས་ལ་འདི་དཔྱད་ཅིང་། །གཞན་ཡང་ཁ་དོག་རྒྱུ་སོགས་ཀྱིས། །ཆ་གསུམ་རང་རང་སྐལ་མཚུངས་བཟོ། །སོ་ལྔ་གོས་གསར་གྱོན་པའི་རྩིས། །ཉི་མར་གོས་གྱོན་ཧྲུལ་པོར་འགྱུར། །ཟླ་བར་ཆུས་བང་མིར་མྱ་ངན། །ལྷག་པར་ནོར་རྙེད་ཕུར་བུ་ལ། །བློ་འཕེལ་པ་སངས་མཛའ་དང་འགྲོགས། །སྤེན་པར་དྲི་ཡིས་བགོ་བར་འགྱུར། །མེ་བཞི་སོགས་ལྔ་ཐ་སྐར་དང་། །གྲོ་བཞིན་མོན་གྲེ་ནམ་གྲུ་ལ། །སྟོད་གཡོགས་སྨད་གཡོགས་དཀར་པོ་ཡི། །གོས་གསར་ཐོག་མར་གྱོན་པ་བཟང་། །མེ་བཞི་སོགས་ལྔ་དབྱུ་གུ་དང་། །ནམ་གྲུ་མོན་གྲེར་ཁྱད་པར་དུ། །རྒྱན་གོས་དམར་པོ་འཆང་བ་ཤིས། །དེ་དག་


LT41_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་བུ་མོ་ཉ། །གླང་འཁྲིག་བུད་མེད་གོས་གྱོན་དགེ། །རྒྱལ་གཉིས་ཕྱི་གསུམ་སྣར་མ་ལ། །སྐྱེས་པས་གོས་གསར་གྱོན་པ་བཟང་། །སོ་དྲུག་ལུས་ལ་སྣུམ་བྱུག་རྩིས། །ཉི་མར་ནད་འབྱུང་ཟླ་བར་མཛེས། །མིག་དམར་འཆི་ཉེན་ལྷག་པ་ལ། །ནོར་ཐོབ་ཕུར་བུར་བློ་སོགས་འཇོམས། །པ་སངས་སྡུག་བསྔལ་སྤེན་པར་བདེ། །སོ་བདུན་ཆས་རྒྱན་བྱ་བའི་རྩིས། །ཉི་མར་བྱི་རུ་ཟངས་དང་གསེར། །ཟླ་བར་དངུལ་དུང་ཤེལ་གྱི་རྒྱན། །མིག་དམར་གསེར་ཟངས་ལྷག་པར་ཁམས། །ཕུར་བུ་གཡུ་དང་ཤིང་རྟའི་རྒྱན། །པ་སངས་ནོར་བུ་སྤེན་པར་ལྕགས། །མེ་བཞི་ནག་པ་ས་རི་དང་། །ས་ག་ལྷ་མཚམས་མོན་གྲེ་དང་། །ནམ་གྲུ་རྣམས་ལ་ཆས་འཇུག་ཤིས། །སོ་བརྒྱད་སྐྱེས་བུ་འཕང་སློབ་རྩིས། །རེས་གཟའ་ལྷ་ཡི་བླ་མ་མཆོག །ཉི་མ་པ་སངས་འབྲིང་པོ་སྟེ། །ཟླ་ལྷག་ལས་ལ་གཡེལ་བར་འགྱུར། །མིག་སྤེན་གྱིས་ནི་འཆི་བར་བྱེད། །རྒྱུ་སྐར་ཡང་དང་གཡོ་རྣམས་བཟང་། །བོད་འདིར་འཕང་རྩལ་ཆེར་མེད་ཀྱང་། །མདའ་རྟ་ཤེད་ལ་སོགས་པའོ། །སོ་དགུ་རིག་པ་སློབ་པའི་རྩིས། །ཐ་སྐར་མགོ་ལག་ནབས་སོ་རྒྱལ། །སྐག་དང་མེ་བཞི་ལ་སོགས་བཞི། །སྔོན་མ་གསུམ་དང་གྲོ་བཞིན་དང་། །མོན་གྲེ་ནམ་གྲུ་སྣྲུབས་རྣམས་བཟང་། །ཕུར་བུ་དཀར་པོ་ལྷག་པ་ལ། །མངོན་པར་འདོད་པའི་འབྲས་བུ་སྦྱིན། །


LT41_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ་ཡང་རིང་འཚོ་བྱེད། །ཉི་མར་འབྲིང་ལ་ཟླ་བར་བླུན། །ས་སྐྱེས་ཉི་བུས་སྲོག་འཇོམས་བྱེད། །ཉ་གཞུའི་དུས་དང་ཁྱེའུ་ནི། །ལོ་ལྔ་ལོན་དུས་རིག་པ་བསླབ། །དྲུག་དང་ཉེར་གཅིག་སྟོང་པ་སྤང་། །ཚེས་བརྒྱད་ལ་ནི་མཁན་པོ་འཇོམས། །བཅུ་བཞི་པ་ལ་སློབ་མ་འཇོམས། །གནམ་སྟོང་ལ་ནི་གཉིས་ཀ་འཇོམས། །བཅོ་ལྔ་ལ་ནི་ཐམས་ཅད་འཇོམས། །ཚེས་གཅིག་ལ་ནི་རིག་པ་འཇོམས། །ཚེས་དེ་རྣམས་ནི་ཀློག་པ་སྤྱིའི། །དུས་གཉན་ཡིན་པས་སློབ་གཉེར་སྤང་། །བཞི་བཅུ་ལས་སྐལ་སྤྱོད་པའི་རྩིས། །ཐ་སྐར་ཆུ་སྟོད་མགོ་རྒྱལ་གྲེ། །ནམ་གྲུ་མེ་བཞི་ལ་སོགས་གསུམ། །གྲོ་བཞིན་སོགས་གསུམ་བྱང་བགྲོད་དང་། །ཉི་མ་པ་སངས་ཕུར་བུའི་རེས། །ཚེས་གྲངས་གཉིས་གསུམ་ལྔ་བཅུ་གསུམ། །དཀར་ཕྱོགས་གླང་སེང་གཞུ་བུ་མོ། །ཆུ་སྲིན་སྦྱོར་བ་དགེ་བ་ལ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཀྱི། །རིགས་ཆོས་བརྟུལ་ཞུགས་འཛིན་པར་བསྔགས། །མངལ་ཞུགས་བརྩིས་པའི་ལོ་བརྒྱད་དང་། །བཙས་ནས་ལོ་གྲངས་བརྒྱད་དམ་ལྔ། །དགུ་པར་བྲམ་ཟེ་རྒྱལ་རིགས་ནི། །ལོ་བཅུ་རྗེའུ་རིགས་བཅུ་གཉིས་ནས། །རང་གི་བརྟུལ་ཞུགས་འཛིན་པར་བྱ། །ཚངས་པའི་སྟོབས་འདོད་བྲམ་ཟེ་ཡིས། །བརྟུལ་ཞུགས་ལོ་ནི་ལྔ་པར་འཛིན། །སྟོབས་དོན་གཉེར་བའི་རྒྱལ་པོའི་དྲུག །ནོར་འདོད་


LT41_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའུ་རིགས་བརྒྱད་པར་དགེ། །འདྲེས་པའི་རིགས་ཀྱིས་ལྔ་བརྒྱད་དགུ། །མངལ་ལོ་བརྒྱད་པར་རང་སྐལ་སྤྱོད། །ཚེས་གཅིག་ཚེས་བདུན་བཅུ་གསུམ་ལ། །རིགས་བདག་གཟའ་ཡོད་དེ་མ་ཐག །གནམ་སྟོང་ཚེས་བརྒྱད་བཅུ་བཞི་ལ། །ཆུད་ཟོས་གཟའ་ཡིན་རིགས་ལས་སྤང་། །བོད་འདིར་རིགས་དང་རིགས་ཀྱི་ལས། །དངོས་སུ་མེད་ཀྱང་ཆ་མཐུན་དུ། །རབ་ཏུ་བྱུང་རྣམས་བྲམ་ཟེར་བསྡུ། །རྒྱལ་རྣམས་རྒྱལ་རིགས་ཚོང་དཔོན་སོགས། །རྗེའུ་རིག་མ་ཕལ་པ་དམངས་རིགས་གཟུང་། །དོན་དུ་ཐམས་ཅད་འདྲེས་པའམ། །འཆོལ་པ་གདོལ་པའི་རིགས་སུ་བཞེད། །ཞེ་གཅིག་ཁང་གསར་བཟོ་བའི་རྩིས། །ནབས་སོ་རྒྱལ་ལག་དབོ་མེ་བཞི། །ནག་པ་ས་རི་ལྷ་མཚམས་སྣྲུབས། །ཆུ་སྟོད་ཆུ་སྨད་གྲོ་བྱི་བཞིན། །ནམ་གྲུ་ཐ་སྐར་དུས་སྦྱོར་ནི། །སེང་གེ་བུ་མོ་བུམ་པ་གླང་། །འཁྲིག་པ་དང་ནི་ཆུ་སྲིན་ལ། །གཞི་ཡི་ལས་ཀུན་བྱ་བར་བསྔགས། །གཞུ་འཁྲིག་བུ་མོ་ཉ་ཁྱིམ་ལ། ཁང་ལས་བྱས་ན་སྡུག་བསྔལ་འཐོབ། །རེས་གཟའ་ཉི་མིག་སྦྱོར་བ་ཡང་། །རྣམ་སེལ་ལ་སོགས་དགུ་པོ་སྤང་། །ནག་ཟླར་མྱ་ངན་སྣྲོན་ཟླར་འཆི། །ཆུ་སྟོད་ཕྱུགས་འཕྲོག་ཁྲུམས་ཟླར་ཉམས། །ཐ་སྐར་གཡུལ་འགྱིད་མཆུ་ཟླ་ལ། །མེ་ཡིས་འཇིགས་པས་དེ་རྣམས་སྤང་། །ས་ཟླར་འབྲུ་འཕེལ་གྲོ་བཞིན་རྫས། །སྨིན་ཟླར་འབྱོར་བ་མགོ་ཟླར་ནོར། །རྒྱལ་ཟླར་


LT41_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་དབོ་ཡི་ཟླར། །ཕུན་ཚོགས་འཐོབ་འགྱུར་ཤིན་ཏུ་དགེ། །སེང་སོགས་ཁང་པའི་དུས་སྦྱོར་ནི། །གཡོ་བརྟན་གང་ཡང་ཞི་གཟའ་དང་། །ལྡན་ནམ་མཐོང་ཚེ་ཁང་ལས་བརྩམ། །གནས་ཀྱི་འདོད་པ་ཐོབ་པར་འགྱུར། །ཟུར་གསུམ་ལ་ནི་ནམ་མཁའི་ནོར། །གསུམ་དྲུག་བཅུ་ལ་སྡིག་ཅན་སོན། །བརྒྱད་ལ་ཡང་ནི་དྲག་པོ་གནས། །ངེས་པར་བྱེད་པོ་འཆི་བར་འགྱུར། །ཟླ་ཞིང་ཏཏྐཱལ་ཉི་མ་ཤར། །དཀར་པོ་ནོར་དང་ཕུར་བུ་ཆོས། །སྟོབས་ཀྱིས་དམན་དང་དམའ་བར་གནས། །ནུབ་གྱུར་དུས་སུ་རྣམ་པར་ཉམས། །ཕུར་བུ་འཆར་ཞིང་ཟླ་བ་ནུབ། །ཉི་སྤེན་དགྲ་དག་སྐར་གཅིག་སྤྱོད། །པ་སངས་ནམ་གྲུ་ལ་གནས་ཚེ། །སྟོན་བརྒྱའི་བར་དུ་འཚོ་བར་འགྱུར། །ཏཏྐཱལ་པ་སངས་མཁའ་ལ་ལྷག །ཕུར་བུ་ཉི་མ་དབང་པོ་དང་། །ཉིན་བྱེད་བཅུར་སོན་ལོ་བརྒྱར་གནས། །དུས་སྦྱོར་དཀར་པོ་ཕུར་བུ་དགྲར། །ཉི་མིག་སྤུན་ཟླའི་སར་སྤྱོད་ཚེ། ཁང་པ་ལོ་གྲངས་ཉིས་བརྒྱར་བརྟན། །ཟླ་འབུར་དམའ་ཞིང་ལས་སུ་སྤྱོད། །ཉི་མིག་རྙེད་ལ་སྤྱོད་པ་ན། ཁང་པ་ལོ་གྲངས་བརྒྱད་ཅུར་གནས། །པ་སངས་མཐོ་ཞིང་དུས་སྦྱོར་སོན། །ཕུར་བུ་དམའ་བའམ་མཐོ་བར་སྤྱོད། །སྤེན་པ་མཁའ་གནས་ལ་སོན་ན། །ཡུན་རིང་སྟོང་ཕྲག་ངེས་པར་བརྟན། །ཟླ་བ་རང་སྐར་དུས་སྦྱོར་དང་། །ལྷག་པ་ཉི་དབང་ལ་སོན་ཚེ། །ཁྱིམ་མཛོད་དཔལ་མོ་བཞིན་དུ་གང་། །


LT41_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་རྣམས་མཐོར་སྤྱོད་གཉེན་ནོར་ལ། །གནས་དགེ་དམའ་སོགས་དབུལ་པོར་འགྱུར། །གཟའ་ཀུན་གཞན་གྱི་ཁྱིམ་དུ་ཞུགས། །མཁའ་དང་དྲན་པར་སྡིག་སོགས་སྤྱོད། །ལོ་ཡི་དབུས་རྩུབ་ཁྱིམ་དེ་ནི། །གཞན་གྱི་ལག་ཏུ་ཤོར་བར་འགྱུར། །གཞན་ཡང་གནས་གཞི་བརྟག་འདོད་ན། །ཇི་ཙམ་བྱ་བའི་ས་གཞིའི་ཆར། །ཞེང་ཚད་དཀྱུས་བསྒྱུར་བརྒྱད་ཀྱིས་བགོས། །ལྷག་མ་གཅིག་བྱུང་རྒྱལ་མཚན་ནས། །ཐིག་ཤར་བྱ་རོག་བར་དུ་བརྟག །རྒྱལ་མཚན་དྲ་བ་སེང་གེ་ཁྱི། །ཁྱུ་མཆོག་བོང་བུ་གླང་པོ་དང་། །བྱ་རོག་ཅེས་པ་རིམ་བཞིན་ནོ། །མི་མཉམ་བཞི་པོ་དགེ་བ་སྟེ། །མཉམ་ན་སྤོ་བའམ་དབྲི་བསྣོན་བྱ། །ཞེ་གཉིས་ཁང་པའི་སྒོ་གཏོད་རྩིས། །ཀརྚ་བུམ་པ་སེང་གེ་དང་། །ཆུ་སྲིན་ཁྱིམ་དུ་ཉི་མ་ཡོད། །ཤར་རམ་ནུབ་ཀྱི་ཕྱོགས་ལ་ཡང་། ཁང་པའི་སྒོ་ནི་བྱ་བར་འདོད། །གླང་ལུག་སྲང་དང་སྡིག་པའི་ཁྱིམ། །ཉི་མ་གནས་ཚེ་ཁང་གསར་སྒོ། །བྱང་ངམ་ལྷོ་ཡི་ཕྱོགས་སུ་གཏོད། །ཁྱད་པར་གནས་གཞི་བརྟགས་པའི་སྐབས། །རྒྱལ་མཚན་ཤར་ན་ནུབ་ཀྱི་སྒོ། །ཁྱུ་མཆོག་ཤར་ལ་སེང་གེ་བྱང་། །གླང་པོ་ལྷོ་ཡི་སྒོ་ཡིན་པས། །དེ་མཚུངས་སྒོ་གཏོད་ལེགས་པ་སྦྱིན། །ཞེ་གསུམ་གནས་གཞི་འཛིན་པའི་རྩིས། །ཡར་མར་ཚེས་གཅིག་མཆོག་ཡིན་ཏེ། །གཉིས་ལ་ལས་འགྲུབ་གསུམ་ནད་མེད། །བཞི་པར་རྩོད་ཅིང་ལྔ་དཔལ་ཐོབ། །


LT41_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་དྲུག་ལ་ནི་ཆུང་མར་འཐབ། །བདུན་ལ་བཟའ་བཏུང་བདེ་བ་ཐོབ། །བརྒྱད་ལ་ནད་འབྱུང་དགུ་ལ་འཆི། །བཅུ་ལ་ནོར་རྙེད་བཅུ་གཅིག་དགེ། །བཅུ་གཉིས་སྲོག་ལ་ཐེ་ཚོམ་ཟ། །བཅུ་གསུམ་དོན་འགྲུབ་བཅུ་བཞི་སྤང་། །བཅོ་ལྔ་དང་ནི་གནམ་སྟོང་ལའང་། །གནས་གཞི་འཛིན་པར་མི་བྱའོ། །ཞེ་བཞི་ཁྲི་སྟོན་བྱ་བའི་རྩིས། །སྣར་མ་མགོ་རྒྱལ་ལྷ་མཚམས་སྣྲོན། །གྲོ་བཞིན་ལག་སོར་ཕྱི་མ་གསུམ། །ནམ་གྲུ་ཐ་སྐར་རྣམས་དང་ནི། །རེས་གཟའ་ཉི་མ་སྦྱོར་བ་དགེ། །དཀར་ཕྱོགས་འགྲུབ་པའི་སྦྱོར་བ་ལ། །ས་གཞི་སྐྱོང་རྣམས་དབང་བསྐུར་ཤིས། །མི་མཉམ་ཁྱིམ་དང་ཏཏྐཱ་ལ། །བློ་དང་ལས་སུ་ཉི་མིག་གནས། །ཟླ་ཕུར་པ་སངས་ཀྱིས་མཐོང་ན། །ཆེན་པོ་ཁྲི་ལ་འཛེགས་པར་ཤིས། །གྲོགས་དང་ཟུར་གསུམ་རང་ཞིང་དུ། །ཞི་གནས་དཔལ་དང་གྲགས་པ་འཕེལ། །སྐྱེས་སྐར་ཉམས་དང་བརྟན་པར་གནས། །ཡང་ན་ཨུ་པ་ཙ་ལ་སོན། །ཞི་དྲག་ལྷན་ཅིག་མཐོང་སོགས་སྤང་། །ཟུར་གསུམ་རྩེ་ནོར་འཆི་ཟད་ལ། །སྡིག་གཟའ་གནས་ན་ཉམས་པར་འགྱུར། །ནོར་དང་མཐའ་ལ་དྲག་པོ་གནས། །ནོར་ཟད་འགྱུར་ཞིང་ནད་སྐར་ལ། །ནད་བུ་ཅན་འགྱུར་བཞི་དང་མཁར། །ཉམས་ཤིང་བུར་སོན་བདེ་བས་དམན། །མཁའ་ཆོས་འཆི་ལ་ཚེ་ཐུང་ཞིང་། །གསུམ་འགྲོ་དགྲ་ལ་དྲག་གནས་གང་། །བདེ་བ་ནོར་དང་


LT41_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བྱེད། །འཆི་དགྲར་ཟླ་གནས་སྡིག་མཐོང་འཆི། །ཟད་དགྲ་འཆི་སྤང་ཟླ་གཞན་དགེ། །མི་མཉམ་དུས་སྦྱོར་ཟུར་གསུམ་ལ། །ཟླ་ཕུར་མཁའ་རུ་དཀར་པོ་ཡོད། །ས་སྐྱེས་དགྲ་ཁྱིམ་དེ་གཉིས་དགྲར། །ཤར་ཡང་ཡུན་རིང་དཔལ་ལྡན་འགྱུར། །གསུམ་དང་རྙེད་ལ་སྤེན་ཉི་གནས། །གཡུལ་དང་གཉེན་ལ་ཕུར་སོན་ཚེ། །དབང་བསྐུར་བརྟན་ཅིང་ཚེ་རིང་འགྱུར། །ཞེ་ལྔ་དགེ་ལས་བྱ་བའི་རྩིས། །ཚངས་པ་ཁྱབ་འཇུག་དབང་པོ་དང་། །ཕུར་བུ་ལ་སོགས་སྐར་རྣམས་དང་། །སྟེང་བལྟས་དང་ནི་བརྟན་འཇམ་ཡང་། །མིར་སྤེན་སྤང་བའི་གཟའ་རྣམས་དང་། །སྦྱོར་བ་སྐལ་བཟང་དགེ་བྱེད་སོགས།། །ཁྱད་པར་འགྲུབ་དང་དངོས་གྲུབ་སྦྱོར། །ཚེས་བརྒྱད་རྒྱལ་དང་ལྡན་པ་ལ། །དགེ་བའི་ལས་ནི་རབ་ཏུ་བསྔགས། །ནག་པོའི་ཕྱོགས་དང་མཚུན་གྱི་དུས། །འགྲམ་དང་ཟད་པ་སོགས་ལ་སྤང་། །ཞེ་དྲུག་རྨ་བརྟག་པ་ཡི་རྩིས། །བྲ་ཉེ་སྨིན་དྲུག་སྐག་དང་མཆུ། །ས་ག་སྣྲུབས་དང་ལག་རྣམས་ལ། །སྦྲུལ་གྱིས་རྨུགས་ན་བྱ་ཁྱུང་གིས། །བསྲུངས་ཀྱང་མི་དེ་འཆི་ཞེས་བཤད། །རྨ་རིགས་གཞན་ལའང་དེ་རྣམས་གཉན། །ཁྱད་པར་གང་དུ་རྨ་གཏོད་སར། །བླ་གནས་ཡོད་དང་པིཥྚིི་རྒྱུ། །ཉེ་གཟའ་རིགས་ལྡན་འཆར་སོགས་དང་། །འཕྲད་ན་གཉན་པས་གཟབ་པར་གནད། །ཞེ་བདུན་ནད་པ་བརྟགས་པའི་རྩིས། །ལག་པ་སྐག་དང་


LT41_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མ་གསུམ། །ས་རི་སྣྲོན་ལ་ནད་ཕོག་ན། །སྡུག་བསྔལ་ཁུར་ཆེན་ཐོབ་པ་ཡང་། །སྨན་པས་བཅོས་མི་དགོས་པར་འཚོ། །ལྷ་མཚམས་ནམ་གྲུར་ན་བའི་མི། །སྲོག་ནི་འབད་པས་སྐྱོབ་པར་འགྱུར། །མཆུ་ལ་ཉི་ཤུའི་ཞག་ནས་ཐར། །མགོ་དང་ཆུ་སྨད་ཟླ་གཅིག་ལ། །མེ་བཞི་ཟླ་བ་ཕྱེད་ནས་གྲོལ། །སྨིན་རྒྱལ་ཐ་སྐར་ས་ག་སྣྲུབས། །མོན་གྲེ་ཞག་པོ་དགུ་ནས་སེལ། །བྲ་ཉེ་ནག་པ་གྲོ་བཞིན་དང་། །མོན་གྲུ་བཅུ་གཅིག་ཞག་ལ་ཐར། །བྲ་ཉེ་སྣར་མ་ནབས་སོ་རྒྱལ། །ཁྲུམས་སྨད་མཚན་མོ་བདུན་ནས་ནི། །ནད་ལས་གྲོལ་ཞེས་གརྒྒས་བཤད། །ཞེ་བརྒྱད་གདོན་སོགས་གནོད་བརྟག་རྩིས། །ཏཏྐཱལ་བརྒྱད་དང་བཅུ་གཉིས་ཉི། །ཞིང་སྐྱོང་གིས་གནོད་སྐྱེ་ས་དང་། །དགྲ་འཆི་ཟད་པར་ཟླ་ཡོད་ན། །ལྷས་གནོད་ལས་དང་ཟད་མིག་དམར། །གསོན་འདྲེ་མོས་གནོད་བདུན་གཉིས། །ལྷག་གནས་འཇིགས་བྱེད་གདོང་གི་སྐྱོན། །འགོག་བྱེད་ཅེས་གྲགས་རྒྱུ་སྐར་ལས། །མེ་བཞིར་ཕུར་གནས་ལྷ་ཡིས་གནོད། །སྣྲོན་དང་མེ་བཞིར་པ་སངས་ཡོད། །ཆུ་ལྷའི་སྐྱོན་ཡིན་སྤེན་པ་གནས། །རང་གི་རླུང་སྐྱེས་གནོད་པ་ཡིན། །མེ་བཞིར་སྒྲ་གཅན་གནས་པ་ན། །ཉེ་དུའི་ཤི་འདྲེས་གནོད་པ་ཡིན། །དུས་སྦྱོར་ལུག་ལ་མཚུན་གྱི་སྐྱོན། །བཀྲེས་པས་འཇོམས་ཤིང་རིགས་དང་བྲལ། །གླང་ལ་ནམ་མཁའི་ལྷ་ཡི་


LT41_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྐྱོན། །མིག་ནད་རིམས་དང་རྨི་ལམ་ངན། །འཁྲིག་པར་སྒྱུ་མ་ཆེན་མོ་ཡིས། །གནོད་པའི་དུས་ཏེ་རླུང་དང་རིམས། །ཀརྚ་གསོན་འདྲེ་མོ་ཡིས་གནོད། །སེང་གེར་ཆུ་དང་ཡི་དྭགས་སྐྱོན། །རྒོད་དང་ངུ་དང་སྐྱུགས་པའོ། །བུ་མོ་ལ་ནི་གཟའ་ཡི་སྐྱོན། །འདར་བུའི་རིམས་དང་སྲེད་པའི་ནད། །སྲང་ལ་ཞིང་སྐྱོད་ལས་བྱུང་སྐྱོན། །ཁྲོད་བསྲེད་ཅིང་ན་བའོ། །སྡིག་པ་ལ་ནི་ཀླུ་ཡིས་གནོད། །རིགས་བརྒྱུད་ལ་ནི་འཚེ་བ་དང་། །ལུས་ཚ་བློ་གྲོས་རྨོངས་པར་འགྱུར། །གཞུ་ལ་རང་ལུས་ལས་བྱུང་སྐྱོན། །རིམས་དང་མྱ་ངན་ཕོ་བའི་ནད། །ཆུ་སྲིན་ཙཎྜི་ཀཱ་ཡིས་གནོད། །རིམས་དང་རླུང་གིས་ལུས་འཇིག་གོ། །བུམ་པར་ཡི་དྭགས་གནོད་པ་སྟེ། །དྲི་མ་ཅན་གྱིས་ལུས་ལ་འཚེ། །ཉ་ལ་རྣལ་འབྱོར་མ་ཡི་སྐྱོན། །རིམས་དང་མིག་འཁྲུལ་སྣ་ཚོགས་མཐོང་། །ཟད་ཆོས་སྤུན་དགྲར་སྡིག་གཟའ་གནས། །མཚོན་དུག་ཆུས་འཇོམས་དེ་ཡང་སྤེན། །ཆུ་དང་མིར་མཚོན་ཉི་མ་དུག །དེ་རྣམས་རིགས་ལས་བྱུང་བའི་སྐྱོན། །སྒྲ་གཅན་གནས་ན་རྣམ་འགྱུར་ཉམས། །རང་ཞིང་རིགས་ལས་སྐྱེས་པའི་སྐྱོན། །གཞན་ཞིང་ལ་ནི་གཞན་གྱི་སྐྱོན། །དགྲ་ཡི་ཞིང་ལ་དགྲ་ཡི་སྐྱོན། །གྲོགས་ལ་རང་གི་གཉེན་གྱི་སྐྱོན། །དེ་ལྟར་སྤྱི་ལ་ཤེས་བྱ་སྟེ། །མཆོད་སྦྱིན་སོགས་ཀྱིས་ཞི་བར་འགྱུར། །ཞེ་དགུ་སྨན་སྦྱོར་བ་ཡི་རྩིས། །ཐ་སྐར་མགོ་


LT41_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནབས་སོ་རྒྱལ། །མེ་བཞི་ནག་པ་ས་རི་དང་། །ལྷ་མཚམས་སྣྲུབས་དང་ནམ་གྲུ་དང་། །གྲོ་བཞིན་མོན་གྲེ་མོན་གྲུ་དང་། །རེས་གཟའ་པ་སངས་ཕུར་བུ་ཟླ། །དུས་སྦྱོར་གཞུ་ཉ་གླང་སྲང་དང་། །ལ་ཉེ་དགེ་ཞིང་ཤིས་པ་དང་། །རིགས་ལྡན་རྒྱུ་བ་མ་ཡིན་ཞིང་། །ནག་པ་ཟླ་བའི་ཟླ་དུས་དང་། །ཁྱད་པར་བདུད་རྩི་ཐུན་སྦྱོར་དུས། །སྨན་སྦྱོར་སྨན་གཏོང་ལ་སོགས་ཤིས། །ལྔ་བཅུ་ནད་སོས་ཁྲུས་བྱེད་རྩིས། །བྲ་ཉེ་སྣར་མ་སྐག་མཆུ་སྲེ། །ས་རི་ནབས་སོ་ཕྱི་མ་གསུམ། །ནམ་གྲུ་རེས་གཟའ་ཟླ་སྤེན་ལ། །སྐྱེ་བོ་ནད་ལས་གྲོལ་བ་རྣམས། །ནམ་ཡང་ཁྲུས་ནི་བྱ་བ་མིན། །སྟོང་པའི་ཚེས་དང་དུས་སྦྱོར་གཡོ། །རེས་གཟའ་ཉི་མ་མིག་དམར་ལ། །བྲམ་ཟེ་ལ་སོགས་ཡོན་གནས་ལ། ཁ་ཟས་འདྲེན་པ་སྔོན་འགྲོ་བས། །ནད་པའི་ཁྲུས་ལགས་བྱ་བར་བཤད། །ང་གཅིག་ཆུང་མ་ཁྱིམ་འཇུག་རྩིས། །མེ་བཞི་ནག་ཟ་ས་རི་དང་། །སྣར་མ་མགོ་རྒྱལ་མཆུ་མོན་གྲེ། །གྲོ་བཞིན་ལྷ་མཚམས་ཕྱི་མ་གསུམ། །ཐ་སྐར་སྣྲུབས་དང་ནམ་གྲུ་དང་། །དུས་སྦྱོར་བརྟན་ལ་ཆུང་མ་རྣམས། །ཁྱིམ་དུ་འཇུག་གམ་བགྲོད་པ་ཤིས། །རེས་གཟའ་ཕུར་སངས་སྤེན་ཟླ་ལེགས། །ཉི་མར་ནད་འབྱུང་མིག་དམར་འཆེ། །ལྷག་པར་ཁྱོ་དང་བྲལ་བར་བཤད། །ང་གཉིས་བུད་མེད་ལ་བགྲོད་རྩིས། །ཐ་སྐར་མགོ་རྒྱལ་མེ་བཞི་


LT41_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ནག་པ་ས་རི་ཆུ་སྨད་དང་། །གྲོ་བཞིན་འགོག་མེད་མར་སྤྱོད་ཅིང་། །འོག་པགས་འཆིང་བ་འགྲོ་ལ་ཞེས་བཤད། །པ་སངས་ཤར་དུ་ཐོན་པ་ནས། །ཉིན་གསུམ་ཉིན་བཅུ་ནུབ་ཐོན་ནས། །ཞག་ལྔའི་དགོད་མོར་བྱིས་པ་ཡིས། །གྲོང་པའི་ལས་ནི་སྤང་བར་བྱ། །ང་གསུམ་ལྷ་སོགས་མཇལ་བའི་རྩིས། །སྣར་མ་དང་ནི་ཕྱི་མ་གསུམ། །ཐ་སྐར་མགོ་རྒྱལ་མེ་བཞི་དང་། །ནག་པ་ལྷ་མཚམས་གྲོ་བཞིན་དང་། །མོན་གྲེ་ནམ་གྲུར་ས་བདག་རྣམས། །རྣམ་པར་ལྟ་ལ་དགེ་སྦྱིན་བྱེད། །ཉི་ཕུར་སེང་གེའི་ཁྱིམ་གནས་སམ། །ཕུར་སངས་ནུབ་པར་གྱུར་ཀྱང་རུང་། །ལྷ་ལ་སོགས་ལྟ་འགྲོ་བ་སྤང་། །ང་བཞི་ཉོ་ཚོང་བྱ་བའི་རྩིས། །རྒྱལ་དང་ས་རི་ས་ག་དང་། །ཐ་སྐར་གྲོ་བཞིན་མོན་གྲེ་མགོ། །མེ་བཞི་སྐག་གྲེ་མོན་གྲུ་དང་། །ཆུ་སྨད་ཁྲུམས་གཉིས་ནམ་གྲུ་དང་། །རེས་གཟའ་ཟླ་ཕུར་པ་སངས་དང་། །ལྟས་དང་ལ་ཉེ་དགེ་བ་ལ། །ནོར་གྱི་ཉོ་ཚོང་རྩོམ་པ་ཤིས། །ང་ལྔ་གླང་པོའི་ལས་ཀྱི་རྩིས། །མེ་བཞི་ནག་པ་ཐ་སྐར་རྒྱལ། །ནབས་སོ་ས་རི་རྣམས་ལ་ནི། །གླང་པོ་འཆིང་སོགས་དགེ་བས་ན། །བ་གླང་འདུལ་སྦྱོང་བྱེད་པར་ཤིས། །ང་དྲུག་རྟ་ཡི་ལས་ཀྱི་རྩིས། །རྒྱལ་དང་ཐ་སྐར་ནབས་སོ་མགོ། །མེ་བཞི་ས་རི་ནམ་གྲུ་དང་། །མོན་གྲེ་མོན་གྲུ་རྣམས་ལ་ནི། །རྟ་རྒོད་བཏུལ་དང་རྟ་རྒྱུགས་སོགས། །རྟ་ཡི་ལས་རྣམས་མཁས་པས་བསྔགས། །ང་


LT41_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རྟ་ཕྱུགས་ཉོ་ཚོང་རྩིས། །ནབས་སོ་རྒྱལ་དང་མེ་བཞེ་གྲེ། །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་དང་། །མོན་གྲེ་ཁྲུམས་སྟོད་ནམ་གྲུ་ལ། །རྟ་ཕྱུགས་ཉོ་ཚོང་བསྒྲིགས་པ་དགེ། །ང་བརྒྱད་རྟ་ཕྱུགས་གཏོང་ལེན་རྩིས། །ཡར་མར་བརྒྱད་དང་བཅུ་བཞི་པ། །ཉ་དང་གནམ་སྟོང་ཚེས་རྣམས་དང་། །སྣར་མ་ནག་པ་དབོ་ཆུ་སྨད། །གྲོ་བཞིན་ཁྲུམས་སྨད་གཟའ་ཉི་མར། །བ་ལང་ཕྱུགས་རྣམས་དབྱུང་བ་ནི། །ནམ་ཡང་དགེ་བར་མི་འགྱུར་བས། །མཁས་པས་འདི་དག་འབད་པས་སྤར། །སྣར་མ་ནབས་སོ་ས་ག་དང་། །གྲོ་བཞིན་ཕྱི་གསུམ་ཡར་མར་ཚེས། །བརྒྱད་དགུ་བཅུ་བཞི་སྟོང་པ་ལ། །ཕྱུགས་རྣམས་ལེན་པར་མི་བྱའོ། །ང་དགུ་མཛའ་མཐུན་བྱེད་པའི་རྩིས། །ནམ་གྲུ་ནས་བརྩམ་མགོ་བར་དྲུག །སྔ་མའི་ཆ་ཚོགས་ཁྱིམ་བདག་ཡིན། །ལག་ནས་ལྷ་མཚམས་བར་བཅུ་གཉིས། །བར་མའི་ཆ་སྟེ་ཕོ་མོ་གཉིས། །སྣྲོན་ནས་ཁྲུམས་སྨད་བར་དུ་དགུ། །ཕྱི་མའི་ཆ་ཡིན་བུད་མེད་དོ། །སྐྱེས་སྐར་རམ་ནི་མིང་སྐར་ཚོལ། །སྐྱེས་པ་བུད་མེད་མཆོག་ཏུ་མཛའ། །གཉིས་ཀ་ནང་སྡེབ་བར་མ་དགེ། །ཕོ་སོགས་ནང་སྡེབ་མི་མཐུན་འགྱུར། །ཙིརནྟ་ན་ཞེས་བྱའོ། །དྲུག་ཅུ་བཅོལ་གཏམ་བྱེད་པའི་རྩིས། །རྒྱུ་སྐར་སྨིན་དྲུག་ས་ག་དང་། །བརྟན་པ་ལྔ་དང་དྲག་པོ་གསུམ། །འཇོམས་བྱེད་རྣོན་པོ་བཞི་རྣམས་ལ། །གང་ཞིག་ནོར་ནི་གཉེར་གཏད་དང་། །བྱིན་


LT41_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅོལ་དང་བཏགས་པ་རྣམས། །ཉམས་ཏེ་ནམ་ཡང་འཐོབ་མི་འགྱུར། །མཛའ་དང་གཡོ་བ་སོགས་ལ་ཤིས། །ཞིབ་ན་དུས་ཀྱི་སྦྱོར་བ་བསྔགས། །རེ་གཅིག་ཁྲོན་པ་བརྐོ་བའི་རྩིས། །སྣར་མ་མེ་བཞི་མཆུ་དང་རྒྱལ། །ལྷ་མཚམས་མོན་གྲེ་མོན་གྲུ་དང་། །ཕྱི་མ་གསུམ་དང་རེས་གཟའ་ཟླ། །ཁྲོན་པ་བརྐོ་སོགས་ཆུ་ལས་དགེ། །རེ་གཉིས་སྐྱེད་ཚལ་འཛུག་པའི་རྩིས། །རྒྱལ་དང་ཐ་སྐར་ས་ག་སྣྲུབས། །མོན་གྲེ་ནམ་གྲུ་རེས་གཟའ་ནི། །ཟླ་ལྷག་དུས་སྦྱོར་བུ་མོ་དང་། །བུམ་པ་སོགས་ལ་སྨན་འཁྲི་ཤིང་། །མེ་ཏོག་ལ་སོགས་འཛུག་པ་ཤིས། །རེ་གསུམ་ཞིང་ས་རྨོ་བའི་རྩིས། །ལྷག་པ་ལྷ་མཚམས་མགོ་ནམ་གྲུ། །མཆུ་སྣྲུབས་སྣར་མ་ཕྱི་གསུམ་དང་། །མྱུར་བ་བཞི་དང་སྐྱོད་བ་ལྔ། །དུས་སྦྱོར་དགེ་ཞིང་རེས་ཀྱི་གཟའ། །ཟླ་ལྷག་ཕུར་བུ་པ་སངས་ལ། །ནད་མེད་འབྲས་ལྡན་ཁྱུ་མཆོག་གིས། །བཤོལ་འདྲེན་པ་ནི་བཀྲ་ཤིས་དགེ། །རེ་བཞི་ས་བོན་གདབ་པའི་རྩིས། །སྣར་མ་མགོ་རྒྱལ་ཕྱི་གསུམ་མཆུ། །མེ་བཞི་ནག་པ་ས་རི་སྣྲུབས། །ལྷ་མཚམས་མོན་གྲེ་ཐ་སྐར་དང་། །རེས་གཟའ་ཟླ་བ་པ་ཝ་སངས། །ཁྱད་པར་བུམ་པའི་དུས་སྦྱོར་ལ། །ས་བོན་བཏབ་པ་འབྲས་ལྡན་འགྱུར། །གཞན་ཡང་ཕུར་སོང་མགོ་བོར་གསུམ། །མགྲིན་པར་གསུམ་དང་ལྟོ་བའི་གནས། །སྐར་མ་བཅུ་གཉིས་མཇུག་མར་བཞི། །དེ་ནས་ཕྱི་རོལ་སྐར་ལྔ་


LT41_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཕུར་བུ་དུད་པ་ཐན་ངང་འཕེལ། །འབྲས་ལྷག་པ་ནི་རིམ་བཞིན་སྦྱར། །འཇིགས་དང་རབ་བསྐྱེད་གདེངས་ཅན་སྐར། །ས་བོན་གདབ་པའི་དུས་སུ་གསལ། །རེ་ལྔ་ཆར་པ་བརྟགས་པའི་རྩིས། །སྣར་མའི་འཁོར་ལོ་ཞེས་བྱ་བ། །བཅུ་གཉིས་ཁྱིམ་གྱི་འཁོར་ལོ་བྲི། །ལོ་དེའི་ལུག་འཕོའི་ཟླ་སྐར་སོགས། །རྒྱུ་སྐར་ཉེར་བརྒྱད་རིམ་བཞིན་བཀོད། །དང་པོའི་སྐར་མ་སྐྱེས་པ་སྟེ། །དེ་རྗེས་སྐར་མ་ཟླ་བའི་མིང་། །དེ་ནས་སྐར་གཉིས་རྒྱ་མཚོ་སྟེ། །དེ་ནས་ངོགས་ལ་སྐར་མ་བཞི། །རི་བོ་ལ་གཉིས་མཚམས་སྦྱོར་བཞི། །སླར་ཡང་དེ་ཉིད་ལན་གཅིག་བལྡབས། །ཁྱིམ་གྱི་འཁོར་ལོ་རྫོགས་འགྱུར་བས། །སྣར་མ་གར་ཡོད་བརྟག་པར་བྱ། །སྐྱེས་པར་ཆར་ཆེ་ཟླ་བར་དགའ། །རྒྱ་མཚོར་ཤིན་ཏུ་ཆར་པ་ཆེ། །ངོགས་ལ་ཆར་ལེགས་རི་བོར་ཉུང་། །མཚམས་སྦྱོར་ཆར་པ་དུམ་བུར་འགྱུར། །གཞན་ཡང་སྨིན་ཟླའི་ཡར་མར་གྱི། །


LT41_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་མཁའ་ལ་སྤྲིན་འདུས་ན། །ཆུ་སྟོད་ཟླ་བ་འཆར་བའི་ཚེ། །ཆར་པ་འབབ་འགྱུར་ཐེ་ཚོམ་མེད། །མགོ་ཟླའི་ཚེས་བརྒྱད་གློག་འགྱུ་མཐོང་། །གྲོ་བཞིན་ཟླ་བར་ཆར་འབབ་འགྱུར། །སྨིན་ཟླ་མགོ་ཟླར་འཕོ་བ་ལ། །ཆར་བབས་ཆར་ནི་འབྲིང་པོར་བཤད། །རྒྱལ་ཟླའི་ནག་ཕྱོགས་ཚེས་བཅུ་ལ། །ཆར་བྱུང་ཁྲུམས་ཟླར་ཆར་ཆེན་འབབས། །མཆུ་ཟླའི་བདུན་ལ་ཆར་བབས་ན། །སྣྲོན་དང་སྣྲུབས་ལ་འབབ་མི་འགྱུར། །ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་པ་གཉིས་ལ་ཆར་མེད་ན། །ཟླ་བ་བདུན་པར་ཆར་པ་འབབ། །ཚེས་གསུམ་ཤར་ནས་རླུང་ལྡང་ཞིང་། །ཤར་ནས་སྤྲིན་གསར་འོང་གྱུར་ན། །ཟླ་བ་བརྒྱད་པར་ཆར་ཆེན་འབབ། །ཚེས་བཞིར་ཆར་བབས་ཆར་ཆེན་འབྱུང་། །དེ་ཉིན་ལྷོ་ནས་རླུང་ལྡངས་ཤིང་། །སྤྲིན་རྣམས་ཤར་དུ་འགྲོ་གྱུར་ན། །ཟླ་བ་དགུ་པར་ཆར་པ་འབྱུང་། །ཚེས་ལྔར་བྱང་ནས་རླུང་ལྡངས་ཤིང་། །ཆར་སྤྲིན་མཐོང་ན་བཅུ་པ་ལ། །ངེས་པར་ཆར་པ་འབྱུང་བ་ཡིན། །ཉ་ལ་ལྷོ་ནུབ་ནས་རླུང་ལྡངས། །ཆར་མེད་ཁྲོན་པ་དང་བཅས་སྐམ། །གྲོ་བཞིན་ཟླ་བའི་ཚེས་ལྔ་ལ། །ཆར་བབས་ཆུ་ཡིས་ས་གཞི་ཁྱབ། །རྒྱུ་སྐར་གང་ལ་ཆར་བབས་པ། །དེ་ཚེ་ཁ་ཟས་ཕུད་རྣམས་ཀྱིས། །ས་གཞི་མཆོད་པས་དགེ་བར་འགྱུར། །རེ་དྲུག་ལོ་ཏོག་བརྟགས་པའི་རྩིས། །རྒྱལ་ཟླའི་ཁྱིམ་འཕོའི་ཚེས་ལ་ནི། །ཉི་མའི་རེས་གཟར་གྱུར་པ་ན། །འབྲུ་རྣམས་ཉིས་འགྱུར་རིན་


LT41_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཆེ། །མིག་དམར་རེས་ལ་བཞི་འགྱུར་ཏེ། །སྤེན་པའི་རེས་ལ་སུམ་འགྱུར་རོ། །ལྷག་པ་པ་སངས་རིན་ཐང་མཉམ། །ཟླ་ཕུར་རིན་ཐང་ཕྱེད་ཀྱིས་འགྲུབ། །ནག་ཟླའི་དཀར་ཕྱོགས་ཚེས་ལྔ་ལ། ཤར་ནས་རླུང་ལྡངས་སྤྲིན་འཐབས་ན། །ཁྲུམས་ཟླར་དེ་ཚེ་སུམ་འགྱུར་གྱི། །ལོ་ཏོག་རྣམས་ཀྱི་རིན་ཐང་འགྱུར། །སྣྲོན་ཟླའི་དཀར་ཕྱོགས་ཚེས་ལྔ་ལ། །ལྷོ་ནས་རླུང་ལྡངས་འབྲུག་སྒྲོགས་ན། །དེ་ཚེ་ཁྲུམས་ཀྱི་ཟླ་བ་ལ། །སྣུམ་གྱི་རིན་ཐང་ཉིས་འགྱུར་རོ། །ཆུ་སྟོད་ཚེས་བཞིར་ཆར་བབས་ན། །ཧ་ཅང་ཟེར་ཆེ་སྐྱ་ཕམ་འགྱུར། །དེ་ཚེ་ཉིན་གཉིས་ནུབ་ལྷོ་ནས། །རླུང་ལྡངས་འབྲུ་རྣམས་ཉམས་པར་འགྱུར། །ཆུ་སྟོད་ཚེས་གསུམ་ཚེས་ལྔ་ལ། །ཤར་དང་བྱང་ནས་རླུང་ལྡངས་ན། །དེ་ཚེ་རྫོགས་ལྡན་དུས་བཞིན་དུ། །འབྲུ་རྣམས་ཐམས་ཅད་འཕེལ་བར་འགྱུར། །ཆུ་སྟོད་ཟླ་བའི་ཉ་ཚེས་ལ། །བདེན་བྲལ་ཕྱོགས་ནས་རླུང་ལྡངས་ན། །འབྲུ་རྣམས་ཉམས་ཤིང་ནུབ་བྱང་ནས། །རླུང་ལྡངས་ནོར་དང་འབྲུ་ཡོད་ཀྱང་། །མ་ཤ་བྱི་བ་སྲིན་བུས་འཚེ། །དེ་ཚེ་བྱང་ཤར་ནས་རླུང་ལྡངས། །འཇིག་རྟེན་ཆོས་ལུགས་འབྲུ་ནོར་འཕེལ། །ཁྱིམ་དང་ཁྱིམ་དུ་དགའ་སྟོན་འབྱུང་། །མེ་ནས་རླུང་ལྡངས་མེ་འཇིགས་འབྱུང་། །ནུས་ནས་ཆུ་ཡིས་འཇིགས་པ་མཐོང་། །གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་ལྔར་ཆར་བབས་འབྲུ་འཕེལ་འགྱུར། །ཞར་བྱུང་


LT41_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྣྲོན་ཟླའི་ཚེས་གཅིག་ལ། །ཉི་མའི་རེས་གྱུར་རླུང་ཆེན་ལྡངས། །མིག་དམར་ལ་ནི་ཤིན་ཏུ་རྩོད། །ལྷག་པ་སློང་མོ་དཀའ་བར་མཚོན། །སྤེན་པའི་རེས་ལ་ཆར་མི་འབབ། །གང་དུ་ཆུ་ཡང་རྙེད་མི་འགྱུར། །ཟླ་ཕུར་པ་སངས་རེས་གྱུར་ན། །ནོར་དང་འབྲུ་རྣམས་ཕུན་ཚོགས་ཤིང་། །ཁྱིམ་དང་ཁྱིམ་དུ་དགའ་སྟོན་བྱེད། །ཆུ་སྟོད་ཟླ་བའི་ཉ་ཚེས་ལ། །ཟླ་སྐར་གང་ཡིན་རྣམ་པར་དཔྱད། །ཆུ་སྟོད་ལ་ནི་སྐྱ་རྒྱལ་ཏེ། །སྣྲུབས་ལ་སྐྱ་ནི་ཕམ་པར་མཚོན། །ཆུ་སྨད་ལ་ནི་ལོ་ཏོག་ལ། །འཚེ་བ་དང་བཅས་མཚོན་པར་བྱེད། །ཉ་ཡི་ཁྱིམ་འཕོའི་ཚེས་ལ་ནི། །ཉི་མའི་རེས་ལ་རླུང་ཆེན་ལྡངས། །མིག་དམར་ལ་ནི་ཕྱུགས་རྣམས་གཟེར། །སྤེན་པ་ལ་ནི་སྐྱ་ཕམ་མོ། །ལྷག་པའི་རེས་ལ་བདུད་རྣམས་འཇོམས། །ཞི་གཟར་སྐྱེ་རྒུ་མཆོག་ཏུ་བདེ། །ཉི་མིག་སྤེན་པའི་རེས་རྣམས་ལ། །སྡིག་ཅན་འཁྲུགས་དང་དོན་མེད་ཉིད། །རྒྱལ་མཆུའི་འཕོ་བར་ཆར་བབས་ན། །མི་རྣམས་བདེ་ཞིང་ལོ་ཏོག་ལེགས། །དབོ་དང་ནག་པ་ས་ག་དང་། །སྣྲོན་ཟླ་རྣམས་ཀྱི་འཕོ་བ་ལ། །ཆར་པ་བབས་ན་ཐམས་ཅད་དུ། །སྐྱ་རྒྱལ་སྐྱེ་རྒུ་བདེ་བ་ཡིན། །ཆུ་སྟོད་འཕོ་བར་ཆར་བབས་ན། །ནད་འབྱུང་གྲོ་བཞིན་ཟླ་བར་བདེ། །ཁྲུམས་ཟླའི་འཕོ་བར་ནད་མང་ཞིང་། །ཐ་སྐར་ཟླ་བར་སྐྱ་རྒྱལ་ལོ། །ཟླ་བ་ཀུན་གྱི་ཉ་ཚེས་ལ། །གལ་ཏེ་ས་གཡོས་སྐར་མདའ་དང་། །ཐོག་བབས་


LT41_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཉི་ཟླ་འཁྱིམས། །དུ་ཕོད་འཇའ་ཚོན་གཟའ་འཛིན་སོགས། །རྣམ་པ་མང་པོའི་ལྟས་མཐོང་ན། །ནོར་དང་འབྲུ་ཚོགས་དངོས་པོ་ཀུན། །དཀོན་ཅིང་རིན་ཐང་ཆེར་འགྱུར་བ། །དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད། །དགེ་མིན་སྤེན་པ་འཁོར་ལོའི་རྩིས། །སྐྱེས་བུའི་གཟུགས་བྲི་སྤེན་པ་ནི། །གནས་པའི་སྐར་མ་ཁར་བཀོད་ནས། །ཇི་སྲིད་མི་རྣམས་ཀྱི་ནི་མིད། །དེ་སྲིད་དེར་ནི་རྣམ་པར་དཔྱད། །དགེ་དང་མི་དགེ་ཤེས་པར་བྱ། ཁ་ལ་སྐར་གཅིག་ལག་གཡས་བཞི། །རྐང་པ་དག་ལ་གསུམ་གསུམ་དང་། །ལག་པ་གཡོན་བཞི་སྙིང་གར་ལྔ། །མགོར་གསུམ་མིག་གཉིས་གསང་བར་གཉིས། །འདི་ཡི་ལག་པ་གཡས་པར་འཇོམས། །གཡོན་པར་རྙེད་ཅིང་ནད་ཀྱིས་གདུང་། །སྙིང་གར་དཔལ་དང་སྤྱི་བོར་རྒྱལ། །རྐང་པར་བྱེས་འཁྱམས་མིག་ལ་བདེ། །གསང་བར་འཆི་ཞེས་བཤད་པ་སྟེ། །སྐྱོན་ཀུན་བཟླས་བརྗོད་མཆོད་པས་ཞི། །རེ་བདུན་གྲོང་གི་བདེ་སྡུག་རྩིས། །མི་གང་གྲོང་དུ་གནས་འཆའ་བའི། །བདེ་སྡུག་བརྟགས་པའི་འཁོར་ལོ་ལ། །གྲོང་ཁྱེར་འཛིན་དུས་ཟླ་སྐར་ནས། །བརྩམ་སྟེ་སྤྱི་བོ་རྒྱབ་སྙིང་ག །རྐང་པ་རྣམས་ལ་བདུན་བདུན་དགོད། །སྐྱེས་སྐར་མགོར་སོང་ནོར་ཅན་འགྱུར། །རྒྱབ་ཏུ་ནོར་བྲལ་སྙིང་གར་བདེ། །རྐང་པར་ཡོངས་སུ་འཁྱམས་པར་འགྱུར། །རེ་བརྒྱད་སྟོར་བ་རྙེད་འཚོལ་རྩིས། །ནོར་


LT41_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བོར་དུས་ཟླ་སྐར་གང་། །སྣར་མ་ལ་སོགས་བདུན་ལོང་བ། །གྲེ་སོགས་བདུན་ལ་མིག་ཚག་དང་། །སྣོན་སོགས་བདུན་ནི་ཞར་བ་སྟེ། །མོན་གྲུ་སོགས་བདུན་ལྷ་ཡི་མིག །ལོང་བར་བོར་བའི་རྫས་རྙེད་ཅིང་། །མིག་ཚག་པ་ལ་འབད་པས་རྙེད། །ཞར་བ་འབད་པས་ཐོས་པ་ཙམ། །ལྷ་ཡི་མིག་ལ་རྙེད་མི་འགྱུར། །རེ་དགུ་མཐུན་སྦྱོར་བརྟགས་པའི་རྩིས། །ས་སྐྱོང་གཡུལ་དུ་འཇུག་པ་ལ། །རིགས་ལ་གྲོང་ཁྱེར་རྣམ་པར་རྒྱལ། །ཉེ་བའི་རིགས་ལ་གཡུལ་དུ་ཆས། །རིགས་དང་རིགས་མིན་གཡུལ་འཇུག་པ། །གཉིས་ཀ་མཐུན་ཅེས་མཁས་རྣམས་སྨྲ། །སྨིན་དྲུག་མགོ་རྒྱལ་མཆུ་དང་ནི། །ཕྱི་གསུམ་ནག་པ་ས་ག་སྣྲུབས། །མོན་གྲེ་དབྱུག་པའི་སྐར་མ་རྣམས། །རིགས་སྐྱེས་ཞེས་སུ་བཤད་པ་ཡིན། །བྲ་ཉེ་སྣར་མ་ལག་ནབས་སོ། །ས་རི་མི་བཞི་སྣྲོན་ཆུ་སྟོད། །བྱི་བཞིན་ཉི་མ་ཉེ་བའི་རིགས། །ལྷག་རྣམས་རིགས་དང་རིགས་མིན་བརྗོད། །བདུན་ཅུ་བྲོ་གར་བྱ་བའི་རྩིས། །མེ་བཞི་རྒྱལ་དང་ལྷ་མཚམས་སྣྲོན། །མོན་གྲེ་མོན་གྲུ་ཕྱི་གསུམ་ཉི། །རེས་གཟའ་ཟླ་བ་པ་སངས་བཅས། །གང་བརྩམ་བྱ་ལ་དགེ་བར་ཐོས། །དུས་སྦྱོར་ལྷག་པ་ཟླ་བ་དང་། །ལྷག་པའི་ཁྱིམ་དུ་ཕུར་བུས་མཐོང་། །རྒྱལ་ཚབ་གནས་སུ་དགེ་བའི་ཚེ། །མཁས་པས་ཟློས་གར་བརྩམ་པར་འདོད། ༈ །རྩིས་གཞུང་ཁྱད་འཕགས་ལེགས་བཤད་ཀུན་བཏུས་ཞེས་བྱ་བ་འདི་ཉིད་སྐྱབས་རྗེ་པདྨ་ཉིན་བྱེད་ཀྱི་བཀའ་དོན་བཞིན་མཚུར་ལུགས་རྩིས་གཞུང་ཉེར་མཁོ་བུམ་བཟང་གི་རྩིས་མགོ་བསྟུངས་ཤིང་། སྐར་ནག་རྩིས་རིགས་ཀྱི་རྩ་བ་ཡན་ལག་ཐམས་ཅད་དགོས་རྒུ་དཀྱུས་གཅིག་ཏུ་ཚང་བས་དཔེ་གཞན་བཙལ་རྟོག་ལ་ལྟོས་མི་དགོས་པའི་འདོད་འབྱུང་བུམ་པ་བཟང་པོ་ལྟ་བུའི་ལེགས་བཤད་ཀྱི་མཛོད་དུ་བསྐྲུན་པར་བཞེད་ནས་མཚམས་འདི་ཡན་ཆད་བརྩམས་གནང་གི་འཕྲོ་ལུས་པ། ཕྱིས་རྗེ་བླ་མ་སྐུ་ན་ཆེས་སྨིན་པ་


LT41_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕྱག་བསྟར་རྔོ་མ་ཐོགས་ནས་ལུས་སོང་བ། ཕྱིན་ཆད་རི་མོས་གཏན་ལ་འབེབས་དགོས་རིགས་ནི་མེད། མཚམས་འདིའི་ས་བཅད་ལྷག་མ་གསར་འགྱུར་རཏྣ་མཱ་ལ་དང་། ཤཱི་གྷྲཾ་བོ་དྷ་གཉིས་ལ་གཏུགས་ནས་མཐའ་དབྱུང་བ་དང་། གཞན་ཡང་བག་གཤིན་གྱི་རྩིས་སྙིང་པོ་བསྡུས་པ་ཞིག་དང་། ཙཱི་ནའི་ས་དཔྱད་མདོ་ཚང་། རྩིས་མོ་དོན་བསྡུས་ཤིག་བཅས་མཛད་བཞེད་ཡོད་པ། ཁོ་བོ་ལ་དེ་དག་ཁྱོད་ཀྱིས་བློས་དཔྱད་ཐོག་མཐའ་འདུས་པ་བྱུང་ན་གལ་ཆེ་བ་ཡོད་ཅེས་བཀའ་སྩལ་རིན་པོ་ཆེའི་ཅོད་པན་གཙུག་ཏུ་བཀོད་པ་བཞིན་སྙིང་ལ་རི་མོར་བྲིས་མོད། རང་ཉིད་ལ་སྤྱིར་ཤེས་བྱར་དཔྱོད་པའི་བློ་གྲོས་ཀྱི་ནོར་གྱིས་དབུལ། ཁྱད་པར་རྩིས་རིགས་ལ་བག་ཆགས་འཇོག་བུལ་ཙམ་ལས་གཏིང་སླེབས་པའི་སྦྱངས་པ་དང་མི་ལྡན། ཡང་སྒོས་ས་དཔྱད་ནི་ཁ་གར་གྱུའང་མ་ངེས་པས་རང་སྟོབས་ཀྱིས་ཇི་བཞིན་བསྒྲུབ་ནུས་པའི་སྐབས་བྲལ་བ། དེས་ན་འོལ་སྤྱི་ཙམ་གྱིས་སྤྱི་བརྟོལ་བསྐྱེད་ནས་ཕོ་རྒོད་རྟ་བཅོས་ཀྱི་དཔེར་མ་སྤོབས་པས། ཐམས་ཅད་གཟིགས་པའི་སྤྱན་ལྡན་བླ་མ་མི་ཕམ་ཞབས་དང་དངོས་མཇལ་ཞིག་བྱུང་ན་འདི་སྐོར་དགོངས་བསྟུན་ཞིབ་མོའི་སྒོ་ནས་མཐའ་མ་ལུས་པ་ཞིག་ཡིད་ལ་བརྣགས་ཀྱང་ཡུལ་གྱིས་བསྐལ་པས་རེ་བ་ཙམ་གྱི་ངང་དུ་ཐལ་ནས་ཇི་བཞིན་མ་བྱུང་ལ། དེང་སང་རང་གཞན་གྱི་ཕྱོགས་ལ་མཁས་པར་རློམ་པ་མང་དུ་ཡོད་ནའང་། ཡིད་རྟོན་ཕེར་བ་ཞིག་མ་བྱུང་ཕྱིན་དགོས་པ་ཆུང་བར་མཐོང་ནས་སྔོན་ཆད་ཇི་ལྟར་མཛད་ཟིན་པ་ཉིད་ཀྱིས་འཐུས་པར་བགྱི་བ་ལས། ཕྱིན་ཆད་བརྩམས་འཕྲོ་རེ་ཞིག་བཏང་སྙོམས་སུ་བྱས་ནས་སྤར་དུ་འགོང་པ་ལགས་ན་མཁྱེན་ལྡན་གཟུར་གནས་རྣམས་ཀྱིས་དགོངས་པར་འཚལ། །ཞེས་བཀའ་སློབ་ཀྱི་ཐ་ཤལ་བཀྲ་ཤིས་ཆོས་འཕེལ་པས་འཕྲོས་པ་དགེ། །།


previousསྨེ་བ་དགུ་རྩིས།next