Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
ཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང་།
   
   
   
   
   


 
previousཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང་།next

ཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང་།


LT41_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང་ཞེས་བྱ་བ། ཨ་ཧོ། མཆོག་མི་འགྱུར་བདེ་བ་ཆེན་པོའི་སྐུ། །དོན་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་རོལ། །དེ་གཉིས་མེད་ཡེ་ཤེས་མཆོག་གི་དངོས། །དཔལ་དྲན་ཆོག་དྭངས་མའི་མགོན་པོར་འདུད། །ཡེ་གདོད་ནས་གྲོལ་བའི་དེ་བཞིན་གཤེགས། །མ་སེམས་ཅན་ཡོངས་ཀྱི་སྙིང་དབུས་སུ། །དྲི་བྲལ་དུ་སྣང་ཡང་ལོག་རྟོག་གིས། །སྣང་ཚུལ་ཀུན་བརྗོད་པ་སུ་ཡིས་ནུས། །ཕྱི་བརྟན་གཡོ་སྣོད་ཀྱི་གནས་སྐབས་གསུམ། །ནང་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གཞན་རབ་འབྱམས་དཀྱིལ་འཁོར་འཁོར་དང་བཅས། །དོན་ཅིག་ཏུ་སྦྱོར་བའི་ཚུལ་ངེས་པས། །རྩ་རོ་རྐྱང་རྒྱུ་བ་དྷུ་ཏི་ཆེར། །ཞུག་པ་ན་རྡོ་རྗེའི་རྣལ་འབྱོར་ཅན། །མི་ཤིག་པའི་མཁའ་ཁྱབ་རྡོ་རྗེ་འཆང་། །སྤྲོས་བྲལ་གྱི་དགའ་བ་ཅིར་ཡང་རྒྱས། །བསྲེགས་བཞུ་ཡི་ལམ་ལས་འཕོ་བྲལ་གྱི། །བདེ་ཆེན་ལ་སྤྱོད་པའི་ལྷན་སྐྱེས་ཉིད། །གཏི་མུག་ཅན་ཕྱུག་ཀྱི་ག་ལ་ཤེས། །དེ་ཕྱི་རུ་སྤྱི་མཐུན་སྣང་ཚུལ་དེར། །རྟ་བདུན་ཅན་མཁའ་ལ་རྒྱུ་བ་ན། །སྒྲ་གཅན་གྱིས་བཟུང་བའི་རྣམ་པར་མཐོང་། །ཀུ་ཧུ་ལ་སྤྲེལ་གྱི་དུས་དང་པོར། །ནུབ་ཕྱོགས་ནས་བརྩམས་ཏེ་སུམ་ཆ་ཙམ། །སྔོ་ནག་ཏུ་འགྱུར་ཡུན་དབྱུ་གུ་གསུམ། །དེ་ལྷ་ཡི་ལེགས་


LT41_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བཅོས་ཐབས་སོགས། །སྤྲོས་པ་ན་སྤྲོས་ཆོག་ཉིད་ན་ཡང་། །ལག་ལེན་ཏུ་མི་བསྐལ་དེས་ཅི་བྱ། །སྐབས་དེ་རུ་དགེ་ལས་འབད་པའི་འགྱུར། །བྱེ་བ་ནི་འབུམ་ཕྲག་ཡོད་གསུངས་ཕྱིར། །མཉམ་བཞག་དང་བསྒོམ་བཟླས་ཁ་ཏོན་སོགས། །གང་འོས་ལ་འབད་པ་ཅི་ནས་ཞུ། །རྟག་ཆད་ལྟར་མ་གྱུར་བསྐྱེད་རིམ་དང་། །སྣང་རྟག་ལྟར་མི་གོལ་རྫོགས་རིམ་སྟེ། །དོན་དབྱེར་མེད་བདེ་ཆེན་རྡོ་རྗེའི་ལམ། །མ་འགྲོ་དྲུག་འཇུག་ཕྱིར་བསྔོ་བར་བགྱི། ཨི་ཏི་གརྨ་བཱ་གི་ཤྭ་གུ་་ས་ག་རེ་་ཀྲྀ་ཏི་མངྒ་ལཾ།། །།


previousཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང་།next