Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

94 occurrences of ཆུ་བཟང་
[Clear Hits]


  
 
 
  
  
 
 
68   
  
 
  
  
  
རབ་ཡིད་ཤིང་མོ་སྦྲུལ་ལོའི་ལྀ་ཐུའུ་འགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན།
  
  
  
  


94 occurrences of ཆུ་བཟང་
[Clear Hits]

 
previousརབ་ཡིད་ཤིང་མོ་སྦྲུལ་ལོའི་ལྀ་ཐུའུ་འགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན།next

རབ་ཡིད་ཤིང་མོ་སྦྲུལ་ལོའི་ལྀ་ཐུའུ་འགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན།


LT41_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཡིད་ཤིང་མོ་སྦྲུལ་ལོའི་ལྀ་ཐུའུ་འགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །


LT41_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭཱསཱབནྡྷཧམཿ སྠི་རཱཙལཽ། བྷཱབཱབྷཱབམཧཱསུཁེཤུདྷཿ ཕལྱཾབསྟུབིབྷུསྶམཾཡུཛཻ། རཱདིརྦུདྡྷགུ་རུཾཤིརོཛཡེ་ཏྲ། སྡེབ་སྦྱོར་དག་པའི་སྣང་བའོ། བརྟན་དང་གཡོ་བའི་དུས་སྦྱོར་དབུ་མར་བཅིངས། །དངོས་དང་དངོས་མེད་བདེ་བ་ཆེན་པོར་དག །གཞི་དང་འབྲས་བུ་ཁྱབ་བདག་མཉམ་པར་སྦྱོར། །དང་པོའི་སངས་རྒྱས་བླ་མ་གཙུག་ན་རྒྱལ། །གཟུགས་དང་སྡུག་བསྔལ་འདུ་ཤེས་འཕེལ་བ་དང་། །གཉིད་སོགས་ཤེས་པ་མིན་པའི་དངོས་ཉམས་པས། ཁམས་དྲུག་བདག་ཉིད་དཀྱིལ་འཁོར་རྣམ་པ་ཅན། །སྐུ་ཡི་རྡོ་རྗེ་རྡུལ་དང་བྲལ་དེར་འདུད། །དབྱེ་བ་ལྔས་བཅིངས་གྲི་གུག་ལ་སོགས་རིགས། །ཡུལ་དང་ཡོན་ཏན་རང་བཞིན་གཞོམ་མེད་དབྱངས། །ལམ་གསུམ་དགའ་བ་འགགས་པ་གསུང་རྡོ་རྗེ། །སྤྲུལ་པ་བཞི་ཡི་ཆ་ལྡན་དེ་ལ་འདུད། །མཁྲིས་པ་ཉི་མ་བད་ཀན་རི་བོང་ཅན། །རྩ་ཡི་ཆུ་སྐྱེས་བདུད་རྩིའི་གནས་ཀྱི་ཆར། །སྲིད་པ་གསུམ་ཟོས་མུན་ཅན་རྣམ་མེད་ཀྱང་། །རྣམ་པ་ཀུན་ལྡན་ཐུགས་ཀྱི་རྡོ་རྗེར་འདུད། །ཕྱག་རྒྱ་སྒྱུ་མའི་རྗེས་མཐུན་དུ་མའི་གཟུགས། །དྲི་མེད་གློག་མཚུངས་སྣང་བྱེད་གཅིག་པུ་ཉིད། །སེམས་ཀྱི་རང་བཞིན་སེམས་ཀྱིས་འཁྱུད་གྱུར་པ། །ཡེ་ཤེས་རྡོ་རྗེ་འགྱུར་བ་མེད་དེར་འདུད། །མཆོག་


LT41_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཞན་ཏེ་རྡོ་རྗེའི་ཁང་པའི་སྒོར། །ཐུབ་པའི་ཚོགས་དང་ད་ལས་གཞན་པར་ཡང་། །འཇིག་རྟེན་ལས་འདས་མཆོག་གི་དབང་སྦྱིན་པ། །བྱང་སེམས་འཇམ་པའི་དཔལ་སོགས་སྤྱི་བོས་བཏུད། །མི་འགྱུར་བདེ་བས་ལུས་ཕུག་པ་ཡི་སྲོག །རྡོ་རྗེར་རབ་ཞུགས་ཡེ་ཤེས་མེ་བོ་ཆེས། །སྣང་མཛད་དུས་ཞབས་རྭ་འབྲོ་རང་བྱུང་ཞབས། །མཚུར་འཇམ་ཆོས་ཀྱི་སྤྱན་ལྡན་ལ་སོགས་བསྔགས། །མིང་དང་མིང་ཅན་ལས་འདས་ཡི་གེ་ཡང་། །རིགས་ཀྱི་ཁུངས་བརྡོལ་མི་འགྱུར་གནས་ཐོབ་པ། །ཀུན་མཁྱེན་ཉི་མས་ཤེས་དང་ཤེས་བྱའི་ལམ། །རབ་གསལ་ཆོས་ཀྱི་སྣང་བར་ཕྱག་བགྱིའོ། །གང་གསུང་ལས་སྐྱེས་གྲགས་པའི་རི་མོ་ཅན། །རིག་པའི་འཁྲུལ་འཁོར་ཆེན་པོས་མི་རིགས་པའི། །གྲུབ་མཐའ་སུན་འབྱིན་ཚད་མའི་ཚིག་བརྩམས་པ། །ངེས་ལེགས་མཚན་ཅན་སོགས་ལའང་གུས་བཏུད་ནས། །ཆོ་ག་བཞིན་ཏུ་སེམས་ལ་འབྲས་སྟེར་ཞི་བའི་གཟུགས། །སྡུག་བསྔལ་རྣམ་པ་བདེ་བའི་རང་བཞིན་བརྙན་པོ་ལྟར། །ཐུང་ངུ་རིང་པོའི་ཡོན་ཏན་ཆ་ལྡན་ཆོས་སོགས་ཀྱི། །བཟང་ངན་སྟོབས་གསལ་རྩིས་ཀྱི་བྱང་བུ་འདིར་དགོད་བྱ། ༈དེ་ཡང་སྙིང་རྗེའི་གཞན་དབང་གིས། །རྒྱུ་སྐར་རྣམས་ལས་ཟླ་བ་ལྟར།


LT41_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་ལྡན་གདུལ་བྱ་འདུལ་བ་ལ། །འདྲེན་པ་སྟོང་གིས་མི་བཀྲུན་པ། །པདྨའི་སྤྱན་ཡངས་ཤཱཀྱའི་ཏོག །བལྟམས་ནས་གཟུགས་མཁའ་ཀླུ་ལག་འདས། །སྒྲིབ་གསུམ་རྩད་བཅད་མངོན་བྱང་ཆུབ། །འཇིག་རྟེན་འདྲེན་པས་ཆོས་བསྟན་ཏེ། །སྟོང་ཕྲག་བཅུ་གཉིས་རྡོ་རྗེའི་ཚིག །རྗེས་བཞག་མྱ་ངན་ལས་འདས་པའི། །བགྲང་བྱ་མིག་ལག་འཁོར་ལོ་བརྒལ། །རྒྱལ་ཚབས་རིགས་སྔགས་འཆང་ཆེན་པོའི། །སྒྱུ་འཕྲུལ་རོལ་པས་འོད་མཐའ་ཡས། །མཚོ་དབུས་པདྨའི་སྡོང་བུ་ལས། །འཁྲུངས་ནས་བུག་མཁའ་འཁོར་ལོའོ། །རྡོ་རྗེའི་རིགས་ལྡན་འཇམ་པའི་དཔལ། །ས་སྐྱོང་རྫུ་ལ་ཞུགས་པ་དེས། །ཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས། །རྒྱུད་ཆེན་བསྡུས་ནས་གཟུགས་མིག་མཁའ། །ཟུལ་ཐལ་དེ་སྲས་སྤྲུལ་པའི་སྐུ། །ཆུ་སྐྱེས་འཛིན་པས་དྲི་མེད་འོད། །སྣང་བྱས་བསེ་རུ་འཁྲིག་སྐྱོན་སོང་། །མེ་མཁའ་རྒྱ་མཚོ་ཚུགས་ནས་ནི། །ཟླ་ཟུང་ཉི་མའོ་གྲུབ་བརྒྱའི་མེས། །རྒྱལ་བས་ལུང་བསྟན་འཚོ་བྱེད་ཞབས། །སྲིད་ཞིའི་དཔལ་འབར་དུས་མཚམས་རི། །རབ་བྱུང་ཚུགས་ནས་སྐྱོན་ཀླུ་བརྒལ། །རང་བྱུང་ཐམས་ཅད་མཁྱེན་དེ་ཡིས། །རྩིས་གཞུང་བརྩམས་ནས་རྒྱུ་སྐར་མདའ། །སྐྱེས་སྦྱངས་བློ་གྲོས་ས་སྟེང་ན། །ཟླ་བྲལ་དོན་གྲུབ་འོད་ཟེར་གྱིས། །


LT41_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའི་རྩིས་བརྩམས་རི་དང་པོ། །འཇམ་པའི་རྡོ་རྗེ་མི་ཟོལ་གྱིས། །དམུས་ལོང་རྣམས་ལ་མིག་སྦྱིན་པ། །བསྟན་པའི་ཉིན་བྱེད་ཤར་ནས་ལོ། །ཐུབ་པ་ཡིད་སོང་མཁས་མང་གི། །ཁྱུ་མཆོག་རྗེ་དབོན་ཀརྨ་ཡིས། །རྩིས་གཞུང་སྤེལ་ནས་མེ་དྲག་འདས། །ལྷས་བསྟན་སེངྒེའི་ཁྲི་ཆེན་པོར། །རྣམ་པར་གནོན་པས་རྒྱུད་ཀྱི་རྒྱལ། །ལེགས་གསུངས་བགྲང་བྱ་ཉེར་གཅིག་དང་། །གནམ་བརྐོས་ཏཱ་ཚིན་ཏའོ་ཀོང་ཆེ། །ཁྲིར་བཞུགས་དེ་ཉིད་བརྒལ་བའི་ལོ། ༈འཕགས་ཡུལ་ལྷོ་ན་དགའ་བ་དང་། །ཤར་བས་སྣ་ཚོགས་དབྱིག་ཏུ་འབོད། །མ་ཧཱ་ཙི་ནར་ཡི་ཟི་ཞེས། །ཁོང་ནོང་ལྷ་ཡི་བླ་མའི་ཀླུང་། །འབྱུང་བ་སུམ་ལྡན་ཤིང་མོ་སྦྲུལ། །བཞིན་རས་མཚམས་སྤྲིན་གསར་པའི་དཔལ། །སིནྡྷཱ་བཱ་རའི་ཐོད་ཀྱིས་དཀྲིས། །མ་རྒད་བཞུས་པའི་རལ་གུ་ཡང་། །གནམ་སྔོན་དུམ་བུར་གྱུར་པས་བསྡོམས། །ཕོ་བྲང་དབུས་ན་མིག་སྨན་གྱི། །ཁུ་བས་བཀུས་པའི་གདན་ལ་རོལ། །དེ་འབྲས་ལོ་བཤད་རིགས་མང་པོར། །ལོ་ཁོག་འབྲིང་ཞིང་སྐྱེ་བོ་བདེ། །ནད་དང་འཐབ་རྩོད་ཅུང་ཟད་དཀོན། །ནམ་སྟོད་ཐན་ལ་ནམ་སྨད་ཞོད། །གྲོ་ནས་འབྲིང་དུ་སྨིན་ཞེས་བཤད། །ཁྱད་པར་སྦོར་ཐང་གསེར་གྱི་རྩིས། །ས་གླང་དཔྱད་ལས་ར་བ་བཞིར། །


LT41_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དང་རྩྭ་ཤིང་སྐྱེ་ཕུལ་ཆེ། །གྲོང་ཁྱེར་མེས་གཞོམ་བར་ཁམས་བཙའ། །འབྲིང་པོ་བཞི་ལ་ཞོད་དཀོན་ཙམ། །ཡུལ་སྤྱིར་སད་སེར་ཤི་ཆད་མང་། །བཞོན་མང་ལོ་ཏོག་བུངས་ཆེན་སྐྱེ། །ཕྱུགས་དང་རྒན་བདེ་གཞོན་བྱིས་རྩུབ། །མི་ཀག་ཕྱུགས་ལ་ཡོ་བར་སྲིད། །མྱ་ངན་དང་ནི་ནང་འཐབ་འབྱུང་། །ཆར་ཆེ་སྐྱེ་དགུ་བྲེལ་ཟིང་འཚུབ། །ཟོང་དང་དགྲ་ཟླའང་འབྲིང་དུ་འགྱུར། །སོས་འབུད་ཅུང་ཕྱི་སྟོན་མཇུག་རིང་། །གྲུབ་པའི་ལོ་བདག་ཉི་མའི་བུས། །ནད་མུག་ཆོམ་རྐུན་མི་མཐུན་འབྱུང་། །ནོར་འབྲུ་ཆར་པའང་དཀོན་ཞེས་གསུངས། །བསྡུས་རྒྱུད་བདག་པོ་ཟླ་བའི་བུས། །འགྲོ་བ་ཆོས་ལྡན་ལྷ་ལྟར་རྩེ། །ཆར་ཆེ་འབྲུ་འཕེལ་ནད་རིགས་དཀོན། །སྨན་དང་རྩི་བཅུད་ཤིང་ཏོག་རྒྱས། །ལོ་ལེགས་ཡོན་ཏན་ཅན་དང་ནི། །སྒྱུ་མ་ཟོག་པོས་ས་སྟེང་འགེངས། །རྒྱལ་ཁ་དགེ་བའི་བློན་པོས་སྒྱུར། །འཇིག་རྟེན་ཕན་བདེས་སྐྱོང་བར་དྲན། །ཐ་སྐར་ལོར་ཞུགས་འབྲུ་རྒྱས་བདེ། །གཉིས་ནག་དབུས་ཞུགས་མི་འབྲུ་སྙི། །ཡུལ་འཕོ་ཆུ་ཆེ་འབྲུ་མི་སྨིན། །ལོ་ནག་མཆེ་བ་ཅན་ཡིན་པས། །དགེ་ལས་རྔམས་ཆེན་ལས་ཀུན་འཛེམ། །ཐེ་སེ་ལྷོ་སྟོད་ཧལ་ཁྱི་ནི། །ཤར་སྟོད་ཟིན་ཧུང་ནུབ་བྱང་གནས། །ལྷོ་སྨད་ནུབ་སྨད་ཕྱོགས་དག་གཙང་། །ལས་སྣེ་བྱ་ལོ་ང་བདུན་པ། །གླང་ལོ་བཅུ་བདུན་ལོན་པ་དགེ། །སླར་སྨྲས་པ། ཁ་དོག་གང་


LT41_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མུན་པ་ཡང་། །དཀར་པོར་ལེགས་བསྒྱུར་དགེ་བའི་འོད། །དུ་མ་སྦུངས་པ་མི་ཡི་དབང་། །བརྩོན་པས་བསོད་ནམས་མཁའ་ལ་དྲོངས། །རྡོ་རྗེའི་སྣ་ལྡན་མི་གཙང་ལ། །ཞེན་པས་དཔེར་འོས་འགྲོ་འདི་ཡི། །ལེགས་སྤྱོད་མིན་ལ་འཛའ་བའི་སེམས། །དུས་ཀྱི་སྡོང་ཟླར་ལྷགས་པ་བཞིན། །བྱང་སེམས་ཀུན་དང་ནོར་གཅིག་ཏུ། །བྱས་པའི་ལྷག་བསམ་ཆབ་གྱིས་ནི། །བཀྲུས་པས་ལས་དང་འབྲས་བུ་ལ། །ཡིད་ཆེས་བརྩམས་པ་དོན་ལྡན་ཤོག །སྲིད་གསུམ་དངོས་མེད་མངོན་སུམ་ཟ་བའི་མིག །མ་བལྟས་བརྟན་གཡོ་ཀུན་གྱི་སྲོག་མཐོང་བར། །བདེན་པ་དེ་དང་གཤིས་ཀྱི་མཛའ་བའི་དགེས། །བསམ་དགུའི་དཔལ་འབྱོར་ཡོངས་སུ་དར་བར་བསྔོ། །རང་རྒྱུད་སྲིད་དང་ལྷན་ཅིག་མི་གནས་ཀྱང་། །སྲིད་པའི་རི་མོ་འབྲི་བའི་རྡོ་རྗེ་ཅན། །གཟུགས་སུ་སྣང་བ་སི་ཏུ་ཐམས་ཅད་མཁྱེན། །སྲས་བཅས་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ། །ལྷ་རིགས་ཐིག་ལེའི་བཅུད་སྨིན་བོད་ཆེན་གྱིས། །ས་ཡི་ཚངས་པ་མི་བདག་མཆེད་དང་ལྕམ། །སྐུ་ཚེའི་གཡུང་དྲུང་འཁྱིལ་ལས་སྡེ་བཞི་དང་། །དགེ་བཅུའི་ཆབ་སྲིད་ཤིན་ཏུ་བདོ་གྱུར་ཅིག །ཡང་སྲིད་ཞིང་བརྒྱར་རིན་ཐང་མེད་པའི་ནོར། །བཅལ་ཡང་རྣ་བར་མི་ཁུག་དཀོན་མཆོག་གི། །མཚན་སྙན་འབྱུང་བ་


LT41_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་གཟུགས་བརྙན་ཀྱང་། །རྣལ་མར་གནས་ཏེ་ས་སྟེང་ཁྱབ་གྱུར་ཅིག །མཚན་མ་ལས་འདས་མི་ཤིགས་བདེ་བ་ཆེའི། །འོད་ཟེར་མྱུ་གུ་གསར་པས་ལེགས་བརྡོལ་བ། །མངོན་པར་མཐོ་དང་ངེས་ལེགས་དགའ་ཚལ་ན། །འགྲོ་ཀུན་ཡང་དག་ལྟ་བས་གར་བྱེད་ཤོག །སུ་ཁ་སཱདྷུ་ལཀྵྨཱི་བྷ་བནྟུ།། །།


previousརབ་ཡིད་ཤིང་མོ་སྦྲུལ་ལོའི་ལྀ་ཐུའུ་འགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན།next