Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
བསླུ་མེད་དཀོན་མཆོག་གསུམ་སོགས།
   
   


 
previousབསླུ་མེད་དཀོན་མཆོག་གསུམ་སོགས།next

བསླུ་མེད་དཀོན་མཆོག་གསུམ་སོགས།


LT41_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། །བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཡེ་ཤེས་སྤྱན་ལྡན་རྡོ་རྗེའི་ཆོས་སྲུང་དང་། །དཀར་ཕྱོགས་སྐྱོང་བའི་དམ་ཅན་རྒྱ་མཚོ་ལ། །ཕྱག་འཚལ་སྙིང་ནས་གུས་པས་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་མཁྱེན་བརྩེའི་ཐུགས་ཀྱིས་དགོངས། །གདུང་བས་འབོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཁྱེད་ལ་རེ་ལྟོས་བཅས་པའི་བསྲུང་བྱ་ལ། །རྟག་ཏུ་མ་གཡེལ་ཐུགས་རྗེའི་མཐུ་ཡིས་སྐྱོབས། །ནད་གདོན་བར་ཆད་མེ་ཆུ་དུག་མཚོན་སོགས། །ཕྱི་ནང་འཇིགས་པའི་ཚོགས་ཀུན་ཞི་བ་དང་། །བྱད་ཁ་རྦོད་གཏོང་བསམ་ངན་སྦྱོར་རྩུབ་སོགས། །མི་དང་མི་མིན་གནོད་པ་སྲུང་ཞིང་ཟློག །ཚེ་བསོད་དབང་ཐང་ཡར་ངོའི་ཟླ་ལྟར་སྤེལ། །བསམ་དོན་མཐའ་དག་ལྷུན་གྱིས་འགྲུབ་མཛོད་གསོལ། །ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་བ་མེད། །སྐྱབས་ཡུལ་མཆོག་རྣམས་བདེན་པའི་བྱིན་བརླབས་ཀྱིས། །ནག་པོའི་རྩ་ལག་མྱུར་དུ་ཕམ་པ་དང་། །དཀར་ཕྱོགས་ལྷག་པའི་བསམ་པ་མཐར་ཕྱིན་ནས། །བདེན་རྟགས་བ་དན་སྲིད་རྩེར་བསྒྲེང་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡནྟུ། ༈ རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ་འཆང་། །བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་དང་། །ཡི་དམ་


LT41_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཆོས་སྐྱོང་བདེན་སྟོབས་ཀྱིས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་པར་མཛོད། །གྲུབ་གནས་ཁྱད་འཕགས་གསང་སྔགས་རབ་བརྟན་གླིང་། །འདུས་པའི་ཚོམ་བུ་འབྱར་གྱིས་མཚོ་ལྟར་འཕེལ། །ལྷག་པའི་བསླབ་པ་རྣམ་དག་ལམ་གྱུར་གྱི། །རིག་འཛིན་རྣམ་བཞིའི་གོ་འཕང་མཐར་ཕྱིན་ཤོག །སྤྲུལ་པའི་སྐུ་མཆོག་གཙོར་གྱུར་རྣམ་པར་འདྲེན། །གསང་ཆེན་བསྟན་འཛིན་འགྲོ་བའི་མགོན་རྣམས་ཀྱི། །གསང་གསུམ་མི་ཤིགས་རྡོ་རྗེ་ལྟ་བུར་བརྟན། །མཛད་ཕྲིན་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །ཅེས་པའང་མཁན་ཆེན་བླ་མ་ཤེས་བྱ་ཀུན་གཟིགས་དཀོན་མཆོག་འོད་ཟེར་གྱི་བཀའ་ལྟར་འདུ་གསུམ་པ་པདྨ་གར་དབང་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousབསླུ་མེད་དཀོན་མཆོག་གསུམ་སོགས།next