Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་ཐང་དགེ་སློང་དམ་ཆོས་ལ་གསུངས་པ།


 
previousཛཾ་ཐང་དགེ་སློང་དམ་ཆོས་ལ་གསུངས་པ།no next

ཛཾ་ཐང་དགེ་སློང་དམ་ཆོས་ལ་གསུངས་པ།


LT41_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་འདི་བཟུང་སྐྱེ་དང་ཚེ་རབས་སུ། །བཅོམ་ལྡན་རྡོ་རྗེ་བཙུན་མོས་རྗེས་བཟུང་སྟེ། །རིམ་གཉིས་མཐར་ཕྱིན་ནང་གི་ས་ལམ་བགྲོད། །བདུད་ལས་རྣམ་རྒྱལ་དངོས་གྲུབ་གཉིས་ཐོབ་ཤོག །འཕོས་མ་ཐག་ཏུ་རྣམ་ཞལ་རྣལ་འབྱོར་མས། །མངོན་སུམ་ཞལ་བསྟན་མཁའ་སྤྱོད་ཆེན་པོ་རུ། །ཁྲིད་ནས་གསང་བ་གསུམ་གྱི་བྱིན་རླབས་སྩལ། །ཡེ་ཤེས་མཁའ་འགྲོ་རྣམས་དང་སྐལ་མཉམ་ཤོག །རིམ་གཉིས་བརྟན་ཐོབ་དམ་ཚིག་རྣམ་པར་དག །འབར་བ་གསུམ་དང་འདུ་བ་རྣམ་གསུམ་བརྙེས། །རང་བྱུང་ཡེ་ཤེས་ཆེན་པོ་རྩལ་རྫོགས་ཏེ། །འགྲོ་ཀུན་འདྲེན་པའི་ཕྲིན་ལས་ལྷུན་གྲུབ་ཤོག །ཅེས་པའང་ཛཾ་ཐང་དགེ་སློང་དམ་ཆོས་གསུང་ངོར་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousཛཾ་ཐང་དགེ་སློང་དམ་ཆོས་ལ་གསུངས་པ།no next