Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 
  
  
  
  
  
  
  
དཔལ་ཆེན་མོ་འཁོར་དང་བཅས་པ་ལ་རྒྱུན་གྱི་གཏོར་མ་འབུལ་བའི་རིམ་པ་དངོས་གྲུབ་གཡང་འཁྱིལ།
  


2 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousདཔལ་ཆེན་མོ་འཁོར་དང་བཅས་པ་ལ་རྒྱུན་གྱི་གཏོར་མ་འབུལ་བའི་རིམ་པ་དངོས་གྲུབ་གཡང་འཁྱིལ།next

དཔལ་ཆེན་མོ་འཁོར་དང་བཅས་པ་ལ་རྒྱུན་གྱི་གཏོར་མ་འབུལ་བའི་རིམ་པ་དངོས་གྲུབ་གཡང་འཁྱིལ།


LT42_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་མོ་འཁོར་དང་བཅས་པ་ལ་རྒྱུན་གྱི་གཏོར་མ་འབུལ་བའི་རིམ་པ་དངོས་གྲུབ་གཡང་འཁྱིལ་ཅེས་བྱ་བ་བཞུགས་སོ།། །།


LT42_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷི། དཔལ་ཆེན་མོ་འཁོར་དང་བཅས་པ་ལ་རྒྱུན་གྱི་གཏོར་མ་འབུལ་བར་འདོད་པའི་གང་ཟག་གིས། གཙང་ཞིང་དྲི་མ་མེད་པའི་དཀར་མངར་གྱི་བཟའ་བཅའ་བཏུང་བའི་རིགས་གྱུར་ཇི་ལྟར་ཚོགས་པར་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །ཁཾ་ཡིག་འོད་ཞུ་དངོས་བཤམས་ཀྱི། །བཟའ་བཏུང་ལྷ་ཡི་བདུད་རྩིའི་བཅུད། །ཡེ་ཤེས་བདུད་རྩིར་བྱིན་བརླབས་པ། །འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨ་ཀཱ་རོ་ལན་གསུམ། །ཨོཾ་བཛྲ་སྥ་ར་་ཁཾ། ཧཱུྃ། །ཚོགས་གཉིས་རྫོགས་པའི་ཡེ་ཤེས་སྐུ། །ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །སངས་


LT42_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་བསོད་ནམས་ལས། །འཁྲུངས་པའི་ལྷ་མོ་ཆེན་མོ་དཔལ། །འགྲོ་བའི་དོན་ལ་དགོངས་པ་མོ། །དད་པ་དམ་ཚིག་དབང་གིས་ནི། །གཞན་གྱི་དོན་ལ་ཐུགས་སྐུལ་ཚེ། །ལྕང་ལོ་ཅན་ནས་སྐུ་བསྐྱོད་ལ། །གྲོགས་མོ་ལྷ་མོ་བརྒྱད་དང་བཅས། །རྫུ་འཕྲུལ་ཐུགས་རྗེ་ཆེན་པོ་ཡིས། །སྐད་ཅིག་སྒྲུབ་པའི་གནས་འདིར་གཤེགས། །མདུན་གྱི་ནམ་མཁར་པད་ཟླའི་སྟེང་། །དགྱེས་པ་ཆེན་པོས་བཞུགས་སུ་གསོལ། །རབ་གུས་དང་བས་ཕྱག་བགྱིའོ། །ཨུཏྤལ་ལ་སོགས་མེ་ཏོག་ཕྲེང་། །ཙན་དན་ངད་སྦྱར་བདུག་པའི་སྤྲིན། །ཉི་ཟླ་མར་མེ་སྣང་གསལ་འོད། །འོ་


LT42_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་དྲི་མེད་ཨརྒྷཾ་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །དམ་ཡེ་གཉིས་མེད་བདུད་རྩིའི་མཚོ། །ཞལ་ཟས་བཟའ་བཏུང་ལྷ་མིའི་བཅུད། །འོད་ཟེར་སྦུ་གུའི་ལྗགས་རྐྱོང་ལ། །མཆོད་བཞེས་དགྱེས་པའི་ཐུགས་ཀྱིས་དགོངས། །ཨོཾ་ཀ་མ་ལ་ཝཱ་སི་ནི། །ཀ་མ་ལེ་མ་ཧཱ་ལ།།།རཱ་ཛྱཾ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷིི། དེ་ཧི་དེ་ཧི་བར་དེ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སྱཱད་ཡཐེ་དན། ཛི་ནི་གྷྲི་ནི། སརྦ་ཨརྠ་སཱ་དྷ་ནི། ཤ་ཤི་ནི། ཨ་ལཀྵ་མི་ནི། མེ་ནཱ་ཤ་ཡ། སི།།།ནྟུ་མེ་མནྟྲ་པ་དཿསྭཱ་ཧཱ། ཞེས་གཙོ་མོ་ལ་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་བ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ། ཨི་དཾ་བ་ལི༚་སོགས་འགྲེ། ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། ཨོཾ་དཱ་དཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཱ་དཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻཱ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷྲ་ཝཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ། ཨོཾ་ས་ར་སྭ་སྟྱཻ་སྭཱ་ཧཱ། ཨི་དཾ་བ་ལི༚་སོགས། ཏདྱ་ཐཱ། ཛི་ནི་གྷྲྀ་ནི། སརྦ་ཨ་ཀརྻཱ་སིདྡྷ་ནི། སི་སི་མི། སི་ལི་སི། །ནི་མི་ནི་མི། ཨ་ལཀྵ་ཡ་མ།


LT42_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ཤ་ཡེ་སྭཱཱ་ཧཱ། སརྦ་བ་སུ་སིདྡྷི་དེ་ཧི་མེ་ཧཱུྃ་སྭཱ་ཧཱ། ཧཱུྃ། ཡིད་བཞིན་ནོར་འདྲའི་སེམས་མ་ཆེ། །ཟག་མེད་བདེ་སྐྱེད་རྒྱལ་བའི་ཡུམ། །འགྲོ་བའི་རེ་འདོད་སྐོང་མཛད་མ། །ནོར་སྦྱིན་ལྷ་མོ་དཔལ་ཆེན་མོ། །མ་རྒད་མདོག་ཅན་འོད་ཟེར་འབར། །མཛེས་འཛུམ་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་རིན་ཆེན་པདྨ་འཛིན། །གཡོན་པས་མཆོག་སྦྱིན་དངོས་གྲུབ་སྟེར། །གཏེར་གྱི་བུམ་པའི་ཁྲི་ལ་བཞུགས། །ཁྱོད་ལ་མཆོད་བསྟོད་གསོལ་བ་འདེབས། །དཔལ་ལྡན་བཀྲ་ཤིས་པད་ཕྲེང་མ། །ནོར་བདག་དཀར་ཤམ་གྲགས་པ་ཆེ། །པད་སྤྱན་འོད་ཆེན་བྱེད་པ་མོ། །ཟས་སྦྱིན་རིན་ཆེན་རབ་སྦྱིན་མ། །མཚན་མཆོག་བཅུ་གཉིས་ལྡན་པ་ལ། །ཕྱག་འཚལ་མཆོད་བསྟོད་ཐུགས་རྗེས་དགོངས། །ནོར་རྒྱུན་མ་དང་ཟླ་ཤེལ་མ། །སྦྱིན་བྱེད་མ་དང་རབ་སྦྱིན་མ། །འཕགས་མ་སྦས་མ་རབ་བཟང་མ། །དབྱངས་ཅན་མ་སྟེ་གྲོགས་མོ་བརྒྱད། །གསེར་མདོག་


LT42_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་དར་ཟབ་བརྒྱན། །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །གཡོན་པས་གཏེར་གྱི་བུམ་པ་བསྣམས། །ཡིད་འོང་སྒེག་པའི་ཉམས་དང་ལྡན། །ནོར་བདག་བྱེ་བ་འབུམ་བཅས་ལ། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག། སྒྲུབ་མཆོག་བདག་དང་ཡོན་བདག་ལ། །ཕྱ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་ཏུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་ཏུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །བདག་དང་འགྲོ་བ་སེམས་ཅན་ཀུན། །ངན་འགྲོའི་སྐྱེ་གནས་རྒྱུན་ཆད་ཅིང་། །དབུལ་བའི་འཇིགས་དང་བྲལ་བར་མཛོད། །སྒྲུབ་པའི་རྟེན་ལ་དགྱེས་བཞུགས་ལ། །འདི་དང་གཏན་གྱི་ལེགས་དགུའི་དཔལ། །ཡིད་ལ་གང་བསམ་འགྲུབ་པར་མཛོད། །ཞར་བྱུང་སྲིད་གསུམ་གཡང་བདག་ལ་གཏོར་མ་འབུལ་ན། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབ། ཧཱུྃ། རྩ་གསུམ་གནས་ནས་ཚོགས་ཀྱི་བདག །རྒྱ་མཚོའི་ཀློང་ནས་མི་མགོན་དཀར། །


LT42_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གངས་དཀར་རྩེ་ནས་སྤོམ་ར་གཉན། །འཁོར་བཅས་མཆོད་པའི་གནས་མཆོག་འདིར། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བཛྲ་ས་མཱ་ཛ༔ ཏིཥྛ་ལྷན། ཨོཾ་ག་་པ་ཏི་ས་པ་རི་བཱ་ར་ཨི་དམ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ནཱ་ག་རཱ་ཛ་མ་ནུ་ཥེ་ནཱ་ཐ་ས་པཱ་རི། ཨོཾ་ཀུ་མཱ་ར་ཕུ་ཏྲི་ས་པཱ་རི། །བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷིི་མྨེ་པྲ་ཡཙྪ་ཧཱུྃ། ཧཱུྃ། སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །དངོས་གྲུབ་སྩོལ་བའི་གཡང་དམ་ཅན། །སྟེང་ཕྱོགས་ལྷ་དང་འོག་ཕྱོགས་ཀླུ། །བར་ཕྱོགས་གཉན་གྱི་སྡེ་དཔོན་ཆེ། །འཁོར་དང་བཅས་ལ་མཆོད་ཅིང་བསྟོད། །བདག་དང་ཡོན་བདག་འཁོར་བཅས་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །ནམ་མཁའ་ལྟ་བུ་རྒྱ་ཆེ་ཞིང་། །རྒྱ་མཚོ་བཞིན་ཏུ་གཏིང་ཟབ་ལ། །རི་རབ་ལྟ་བུར་ལྷུན་སྡུག་པ། །མྱུར་བ་ཉིད་དུ་སྩལ་བ་དང་། །གནས་སྐབས་མཐར་ཐུག་ཐམས་ཅད་དུ། །བསམ་དགུ་འགྲུབ་པའི་སྟོང་གྲོགས་མཛོད། །ཅེས་ཕྲིན་ལས་བཅོལ། རྟེན་ཡོད་ན་དེ་ལ་དམིགས་ཏེ་བརྟན་བཞུགས་བྱ། །


LT42_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན། བཛྲ་མུཿས་གཤེགས་སུ་གསོལ་ལ། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །ནོར་དང་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །གོང་ནས་གོང་དུ་མི་འཛད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག། །།ཅེས་སོགས་ཤིས་པ་བརྗོད་དོ། །ཞེས་པ་འདིའང་དད་སོགས་དགེ་བ་དང་བསོད་ནམས་ཀྱིས་མངོན་པར་མཐོ་བ་རཏྣ་བཛྲ་ནས་བཀྲ་ཤིས་པའི་ལྷ་རེག་བཅས་བསྐུལ་བའི་ངོར། འགྲུབ་པའི་སྦྱོར་བ་དང་ལྡན་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་བློ་གྲོས་མཐའ་ཡས་ཀྱིས་ཤར་མར་སྤེལ་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ། །


previousདཔལ་ཆེན་མོ་འཁོར་དང་བཅས་པ་ལ་རྒྱུན་གྱི་གཏོར་མ་འབུལ་བའི་རིམ་པ་དངོས་གྲུབ་གཡང་འཁྱིལ།next