Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
 
  
  
  
  
  
  
  
  
  
  
  
  
འཁོར་གྱིས་ཞུས་པ་དང་སྟོན་པས་གནང་བ།


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousའཁོར་གྱིས་ཞུས་པ་དང་སྟོན་པས་གནང་བ།no next

འཁོར་གྱིས་ཞུས་པ་དང་སྟོན་པས་གནང་བ།

གཉིས་པ་ལ། འཁོར་གྱིས་ཞུས་པ་དང་། སྟོན་པས་གནང་བ་གཉིས། དང་པོ་ནི། གསང་བ་བཞིས་ཆོད་པའི་གདུལ་བྱའི་ཆེད་དུ་རྒྱུད་བཤད་པར་ཞུས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཡེ་ནས་གསང་བའི་ཆོས། །སོགས་ཀྱི་ཕྱིིར་ཐུགས་རྗེས་བཟུང་བར་རིགས་སོ་ཞེས་བརྗོད་པས་སོ། །གཉིས་པ་ནི། དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཕྱིར་དབྱེར་མེད་ནའང་། དེ་མ་རྟོགས་པ་ལ་ཐུགས་རྗེ་སྐྱེས་ཏེ། ལྷུན་གྱིས་གྲུབ་པའི་ཆོས་བསྟན་པར་དགྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་སྦྱོར་རོ། །གང་ཞེ་ན། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །ཞེས་སོགས་ཏེ། སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པ་ལས། མ་རྟོགས་པའི་དབང་གིས་བཅིངས་གྲོལ་ལྟར་སྣང་ཡང་། གཤིས་ལ་བཅིངས་གྲོལ་གཉིས་ཀ་མ་གྲུབ་སྟེ། སངས་རྒྱས་མཉམ་སྦྱོར་ལས། བཅིང་བྱ་འཆིང་བྱེད་བཅིངས་པ་པོ། །བདག་འཛིན་སེམས་ཅན་སྡུག་བསྔལ་དངོས། །ཐམས་ཅད་སེམས་ཀྱི་ངོ་བོའི་ཕྱིར། །བདག་འཛིན་ཞེས་བྱའི་མིང་ཡང་མེད། །དེས་ན་གཉིས་པོའང་མེད་པ་ལ། །འགྲོལ་བ་པོ་ཡང་ཡོད་མ་ཡིན། །ཞེས་སོ། །དེའི་དོན་བསྟན་པའི་ཕྱིར། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པས་ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་དང་། སྤྱན་འགྱུར་བ་དང་། སྐུ་གཟེངས་བསྟོད་པ་དང་། ཕྱག་རྐྱོང་བ་དང་། འོད་དང་སྤྲུལ་པ་འགྱེད་པ་སྟེ་དགྱེས་ཚུལ་དྲུག་གི་སྒོ་ནས་གདུལ་བྱ་ཁྱད་པར་ཅན་གྱི་ཆེད་དུ་རྒྱུད་བཤད་པ་ནི་ལེའུ་གསུམ་པའི་སྨད་མན་ཆད་དང་། གདུལ་བྱ་ཐུན་མོང་པའི་ཆེད་དུ་ཇི་ལྟར་སྤྲོ་བ་ནི་ལེའུ་གསུམ་པའི་སྟོད་དང་འབྲེལ་ལོ།། །།


previousའཁོར་གྱིས་ཞུས་པ་དང་སྟོན་པས་གནང་བ།no next