Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
འཇམ་དབྱངས་གསེར་འཁོར་ཉེས་པ་ཀུན་སེལ་བྲི་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དབྱངས་གསེར་འཁོར་ཉེས་པ་ཀུན་སེལ་བྲི་ཐབས།next

འཇམ་དབྱངས་གསེར་འཁོར་ཉེས་པ་ཀུན་སེལ་བྲི་ཐབས།


MR07_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་གསེར་འཁོར་ཉེས་པ་ཀུན་སེལ་བྲི་ཐབས་བཞུགས་སོ། །


MR07_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་འཁོར་ལོ་ཉེས་པ་ཀུན་སེལ་བྲི་བ་ནི། རྩ་བའི་འཁོར་ལོ་བྲི་ཚུལ་དང་། རབ་གནས་བྱ་ཚུལ་དང་། བྱེ་བྲག་འཁོར་ལོའི་ཁ་བསྒྱུར་བྱ་ཚུལ་ལོ། །དང་པོ་ནི་རྩ་བའི་འཁོར་ལོ་རས་སམ། ཤོག་གུ་གཙང་མ་ལ། རཏྣ་དང་བཅས་པའི་སྣག་ཚའམ། མཚལ་གྱིས་ལྟེ་བ་དང་། མུ་ཁྱུད་བདུན་བསྐོར་ལ་དབུས་ལིང་ཚེ་དགུར་བཅད་ལ། ལིང་ཚེའི་དབུས་སུ་མཱུཾ་བྲིས། དབུས་ཀྱི་མཱུཾ་གྱི་འོག་དང་། ཕྱོགས་མཚམས་བརྒྱད་ལ་སྨེ་བ་དགུ། དེ་ཡི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་མ་ཧཱ་ཀཱ་ལཱི་མོ་ཏ་ཡེ་སྭཱ་ཧཱ། ཞེས་པ་རུ་སྦལ་གྱི་སྲོག་སྔགས་དང་། རང་རང་གང་བྱེད་ཀྱི་ཁ་བསྒྱུར་བྲིས། མུ་ཁྱུད་གཉིས་པ་ལ་པད་འདབ་བརྒྱད་ལ་ལྷོ་ནས་བཟུང་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱའམ། མ་ཤེས་ན་མིང་བྲིས། མུ་ཁྱུད་གསུམ་པ་ལ་འཁོར་ལོ་རྩིབས་བཅུ་གཉིས་པ་ལ། ལྷོར་རྟ་སྦྲུལ། ལྷོ་ནུབ་ཏུ་ལུག །ནུབ་ཏུ་སྤྲེལ་བྱ། ནུབ་བྱང་དུ་ཁྱི། བྱང་དུ་ཕག་བྱི། བྱང་ཤར་དུ་གླང་། ཤར་དུ་སྟག་ཡོས། ཤར་ལྷོར་འབྲུག །ཡང་ན་མིང་བྲིས། བཞི་པ་པདྨ་འདབ་བརྒྱད་ལ་འབྱུང་བ་ལྔའི་སྙིང་པོ། ཤར་དུ་ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། ལྷོར་ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ནུབ་ཏུ་ཨོཾ་མ་མ་ཀར་ཀར་


MR07_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྭཱ་ཧཱ། བྱང་དུ་ཨོཾ་མ་མ་ཁཾ་ཁཾ་ཡེ་སྭཱ་ཧཱ༔ མཚམས་བཞིར་ཨོཾ་མ་མ་སུ་སུ་ཏཾ་ཏཾ་སྭཱ་ཧཱ། ལྔ་པ་ལ་སྣང་བརྒྱད་ཀྱི་སྙིང་པོ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜལ་མདྷ་ཡེ་སྭཱ་ཧཱ། གཟའ་དང་རྒྱུ་སྐར་རྣམས་ཀྱི་སྙིང་པོ། ཨོཾ་སརྦ་ཏི་ཐི་གྲ་ཧ་ནཱ་ཀྵ་ཏྲ་བྷོ་ཊི་ཀཱ་རེ་མངྒ་ལཾ་སྭཱ་ཧཱ། ཨོཾ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་བྷྱ༔ ཤུ་བྷ་བྷ་ཝནྟུ་སྭཱ་ཧཱ༔ ཞེས་བྲིས། ཨོཾ་སརྦ་བིདྱ་སཱ་ཧཱ༔ ཟེར་བའང་འདུག །མུ་ཁྱུད་དྲུག་པ་ལ། ཨཱ་ལི་ཀཱ་ལི་བྲིས། བདུན་པ་ལ་ཡེ་དྷརྨཱ། ཨོཾ་སུ་པྲ་ཏཱིཥྛ་དང་འདོད་གསོལ་མུ་ཁྱུད་ནང་མ་ལ་བྲིས་པ་བཞིན་དུ་བྲིས། དེའི་ཕྱི་མ་རུ་སྦལ་གན་རྐྱལ་མགོ་ལྷོར་བསྟན་པ་ལ་མེ་རིས། ཤར་དུ་ཤིང་ལོ། ནུབ་ཏུ་གྲི་ཟོར་བའི་གཟུགས། མཇུག་མའི་ཐད་དུ་ཆུ་རིས། ཡན་ལག་བཞིར་སའི་མཚོན་པ་གྲུ་བཞི་རེ་བྲིས། དེ་ལྟར་ལེགས་པར་བྲིས་ལ་རབ་གནས་བྱ་བ་ནི་རང་ཉིད་འཇམ་དབྱངས་སམ་ཡི་དམ་གང་རུང་བསྒོམ། འཁོར་ལོ་སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་མཱུཾ་ལས་འཇམ་དབྱངས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་པ་ཨུཏྤལ་གྱི་སྟེང་ན་ཤེར་ཕྱིན་གྱི་པོ་ཏི་འཛིན་པ་རིན་པོ་ཆེའི་


MR07_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དང་དར་གྱི་ན་བཟའ་ཅན། སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། དེའི་ཤར་དུ་ཡཾ་ལས་ཤིང་གི་ལྷ་མོ་འོད་འཆང་མ་ལྗང་སྔོན་གཡས་ཤིང་གི་ཡལ་ག །གཡོན་གཡུ་ཡིས་ཕྲེང་བ་འཛིན་པའོ། །ལྷོར་རཾ་ལས་མེ་ཡི་ལྷ་མོ་བསྲེག་བྱེད་མ་དམར་མོ་གཡས་ཁམས་གསུམ་གསལ་བའི་སྒྲོན་མེ། གཡོན་ཟངས་ཀྱི་ཕྲེང་བ་འཛིན་པའོ། །ནུབ་ཏུ་ཀེཾ་ལས་ལྕགས་ཀྱི་ལྷ་མོ་གཅོད་མ་དཀར་མོ་གཡས་ལྕགས་ཀྱུ། གཡོན་ཤེལ་དཀར་གྱི་ཕྲེང་བ་འཛིན་པའོ། །བྱང་དུ་ཁཾ་ལས་ཆུ་ཡི་ལྷ་མོ་རླན་བྱེད་མ་སྔོན་མོ་གཡས་བདུད་རྩིའི་བུམ་པ། གཡོན་དངུལ་གྱི་ཕྲེང་བ་འཛིན་པ། མཚམས་བཞིར་བྷྲུྃ་བཞི་ལས། ཤར་ལྷོ་ནས་རིམ་བཞིན། སའི་ལྷ་མོ་འདེགས་བྱེད་མ། བརྟན་བྱེད་མ། འཛིན་བྱེད་མ། བརྟེན་བྱེད་མ་བཞི་པོ་སྐུ་མདོག་སེར་མོ་གཡས་རྣམས་རི་རབ་དང་། གཡོན་པ་རྣམས་གསེར་གྱི་ཕྲེང་བ་འཛིན་པའོ། །གཙོ་བོ་ལ་མི་བསྐྱོད་པ་དང་། ལྷ་མོ་བརྒྱད་ལ་འཇམ་དབྱངས་དབུ་རྒྱན་ཅན་དུ་བསྒོམ་ལ། སོ་སོའི་ཐུགས་ཀར་བསྐྱེད་པའི་ས་བོན་བསམས་ལ། དེ་ལས་འོད་ཟེར་འཕྲོས། འོད་ཟེར་ལྕགས་ཀྱུ་འདྲ་བས་ཡེ་ཤེས་པ་བཀུགས་ལ་བསྟིམས་ནས་མཆོད་པ་ཅི་འབྱོར་ཕུལ། ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔


MR07_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྒྱ་སྟོང་སོགས་ཅི་ནུས་བཟླ་བ་དང་མུ་ཁྱུད་བཞི་པའི་སྔགས་ཅི་རིགས་བཟླ། ཡེ་དྷཱརྨའི་རབ་གནས་བྱས་ལ་མེ་ཏོག་འཐོར། སླར་འཁོར་ལོ་ལྷ་དང་བཅས་པ་ལས་འོད་ཟེར་འཕྲོས། བསྒྲུབ་བྱ་ལ་གནོད་པ་གང་ཡིན་པ་དེ་ཞི་ཞིང་ཉེས་པ་ཐམས་ཅད་བསལ་བར་བསྒོམ། ཡང་འོད་ཟེར་འཕྲོས་སྣོད་བཅུད་འཁོར་ལོ་ལྷ་དང་བཅས་པ་ལ་ཐིམ། གཙོ་བོའི་ཐུགས་ཀར་ལྷ་མོ་བརྒྱད་བསྡུས། དེ་ཡང་འོད་དུ་ཞུ། འཁོར་ལོ་ལ་ཐིམ་པས་དེ་ཇི་ལྟར་འདོད་པའི་ནུས་པ་ཐོགས་པ་མེད་པར་བསམས་ནས། ལྟེ་བ་མ་ཆག་པར་ལྟེབས་ལ། སྲད་བུ་དཀར་པོའམ་ཁ་དོག་ལྔ་པས་ནང་ནས་དགྲ་འདེད་ཕྱི་ནས་གྲོགས་འདེད་དུ་རྒྱ་གྲམ་སོགས་སུ་བསྡམ། ལས་སོ་སོ་དང་བསྟུན་པའི་ན་བཟས་གཏུམས་ལ། མི་ལག་མ་བརྒྱུད་པར་བསྒྲུབ་བྱ་འཇམ་དབྱངས་སུ་བསྐྱེད་པ་ལ་འཁོར་ལོ་བཏགས་པས་འཁོར་ལོ་འོད་དུ་ཞུ་བ་བསྒྲུབ་བྱ་ལ་ཐིམ་པའི་སྤེལ་ཚིགས་སོ་སོ་བཞིན་གྱུར་པར་བསམ་མོ། །འཁོར་ལོ་རྩ་བར་བྲི་བ་དང་རབ་ཏུ་གནས་པར་བྱ་བའི་དོན་ནོ། །གཉིས་པ་སོ་སོའི་ཁ་བསྒྱུར་ལ། ༡ སྲོག་བསྐྱེད་པ་ལ། བསྒྲུབ་བྱ་གང་ཡིན་པ་དེའི་སྲོག་སྨེ་དབུས་སུ་བཅུག་པའི་དགུ་ལིང་བྱ།


MR07_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་དང་པོའི་རུ་སྦལ་གྱི་སྔགས་ཀྱི་ཤམ་བུར་མིང་འདི་ཡི་སྲོག་བསྐྱེད། ཚེ་སྤེལ་འཆི་བདག་ལས་སྐྱོབས་ཤིག །ཅེས་བྲི་ཞིང་མུ་ཁྱུད་བདུན་པའི་རྟེན་འབྲེལ་སྙིང་པོའི་ཤམ་བུར་ཡང་འདི་འདྲ་བྲིས་དེ་བཞིན་གཞན་ལའང་འདོན་པ་བསྒྱུར་བས་རིགས་འགྲེས་སོ། །ཤོག་གུའམ་དར་དམར་པོ་གཅིག་ལ་ཨོཾ་ཨཱཿཧྲཱི༔ སྲོག་ཐ་ཏྲི་ཡར་བསྐྱེད་ལམ་ལམ་ཡལ་ཡལ་བྷྲཱུྃ་རཾ་ནྲི་བསྐྱེད། ཅེས་བྲིས། སྲོགས་ལ་དར་དམར་མཚལ་ལ་སྔགས་བྲིས། མེ་ཤེལ་ལམ་མེ་རྡོ་ལ་གྲིལ་འཁོར་ལོའི་ལྟེ་བར་མཱུཾ་གྱི་སྟེང་དུ་བཅུག །སྲོག་ཤིང་ལ་དར་སྔོན་ལ་བྲིས་ཆུ་ཤེལ་ལམ་ཉ་ཡི་སྒོང་ལ་གྲིལ། སྲོག་ཆུ་པ་ལ་དར་དཀར་རམ། ཤོག་གུ་ལ་བྲིས། ར་དཀར་འོ་མ་དུང་བཏབ་པས། རྡོ་ཁབ་ལེན་ནམ་ཁྲོ་ལྕགས་ལ་གྲིལ། སྲོག་མེ་ལ་དར་ལྗང་ངམ་ཤོག་ལྗང་ལ་བྲིས་ཤིང་གི་ཐང་ཆུས། བིལ་བའི་འབྲུའམ་རྒུན་འབྲུམ་ལ་གྲིལ། སྲོག་ལྕགས་བ་ལ་དར་སེར་པོ་ལ་གསེར་རམ་ཡུང་བས། བྲིས་ཏེ་གསེར་ཅུང་ཟད་ལ། གྲིལ་ཏེ་བྱ་བ་ནི་སྲོག་བསྐྱེད་པའོ། ༢། དབང་ཐང་བསྐྱེད་པ་ལ་དགུ་ལིང་དབུས་སུ་དབང་སྨེ་བྲིས། ཨོཾ་ཨཱཿདབང་ཐང་ཏྲི་བསྐྱེད་གསལ་གསལ་བྲུཾ་ཁཾ་བསྐྱེད། ཅེས་པ་ཙནྡན་


MR07_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྐྱེར་པའི་ཕུར་པ་ལ་བྲིས། དབང་ཐང་མེ་བའི་འཁོར་ལོའི་དབུས་སུ་གཞུག །ཆུ་པ་ལ་ལྕགས་ཀྱི་བྱང་བུ་ལ་བྲིས། ས་པ་ལ་མེ་རྡོ་ལ་བྲིས། ལྕགས་པ་ལ་ར་གན་གྱི་བྱང་བུ་ལ་བྲིས། ཤིང་པ་ལ་ཆུ་ཤིང་གི་ཕུར་པ་ལ་བྲིས་ནས་འཁོར་ལོ་ལྟེ་བར་བཅུག །མུ་ཁྱུད་གཉིས་པ་དང་བདུན་པ་ལ་ཨོཾ་སྤེལ་སྤེལ། ཡཾ་སྤེལ་ཡཾ་སྤེལ་གཏོ་སྒྲོམ་དུ་འདུག །ཡལ་ཡལ་དཾ་དཾ་རཾ་སྤུངས་རཾ་སྤུངས་འདུ་འདུ་ཧེ་ཧེ་འདུས་དབང་ཐང་དཔལ་དུ་བསྐྱེད་ཅིག༔ ཅེས་བྲིས། ༣ ལུས་བསྐྱེད་པ་ལ་ལུས་སྨེ་དབུས་སུ་བཅུག་སྤེལ་ཚིག་ཏུ་ལུས་ཀྱི་སྟོབས་བསྐྱེད་ཅིག་ལུས་སྟོབས་རྒྱས་པར་གྱུར་ཅིག །ཅེས་བྲིས། འབྱུང་བ་ལུས་ཀྱི་ཁ་དོག་གི་དར་རམ་ཤོག་གུ་ལ་བྷྲུཾ་བྷྲུཾ་ཧཱུཾ་ཏྲཾ་ཡལ་རཾ་བསྐྱེད་མེར་རཾ་གྲཾ་ཡལ་བྷྲུཾ་ཡར་བསྐྱེད་ཅེས་བྲིས་ནས་ལྟེ་བར་བཅུག །འཁོར་ལོའི་ན་བཟའ་ལུས་ཤིང་པ་ལ་ནག་པོ། ལྕགས་པ་ལ་སེར་པོ། ས་པ་ལ་དམར་པོ། ཆུ་པ་ལ་དཀར་པོ། མེ་པ་ལ་ལྗང་གུའོ། ༤ ། རླུང་རྟ་བསྐྱེད་པ་ལ། རླུང་སྨེད་དབུས་སུ་བཅུག་པའི་དགུ་ལིང་བྱ། རླུང་རྟའི་འབྱུང་བ་གང་ཡིན་གྱི་ཁ་དོག་བསྒྱུར་བའི་རས་སམ་ཤོག་གུ་ལ་ཨོཾ་ཨཱཿ


MR07_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧོ་ཧེ་སྟག་སེང་ཁྱུང་འབྲུག་འདི་ཡར་བསྐྱེད་ཡ་ཀུན་འདུས་སརྦ་འདུ་འདུ་ཧོཿ ཅེས་པ་འདི་མཚལ་དང་བའམ་ར་དཀར་མོའི་འོ་མས་བྲིས་པ་འཁོར་ལོའི་ལྟེ་བར་བཅུག ༥ བླ་བསྐྱེད་པ་ནི། སྲོག་སྨེ་དབུས་སུ་བཅུག་པའི་དགུ་ལིང་བྱ་མིང་འདིའི་བླ་དར་བར་གྱིས་བླ་འཁྱམས་པ་ཁུག་པར་མཛོད། ཅེས་པ་སྤེལ་ཚིག་ལ་བྲིས་པ་མ་གཏོགས་སྲོག་བསྐྱེད་པ་དང་འདྲའོ། ༦ །རང་སྐེག་ལ་བབས་པའི་མི་ལ། མུ་ཁྱུད་གཉིས་བདུན་ལ་རང་སྐེག་གིས་བཅད་པའི་གནོད་པ་ལས་སྲུངས་ཤིག །དགུ་ལིང་དབུས་སུ་ལྔ་སེར་བྲིས་ཏེ་བཏགས་པས་ཐུབ་བོ། ༧ །བཞི་གཤེད་ཀྱི་གེགས་ལ་བབ་པའམ། གཟའ་མི་བཞི་གཤེད་དུ་བྱུང་བ་ལ། མུ་ཁྱུད་གཉིས་བདུན་ལ་བཞི་གཤེད་ཀྱིས་གནོད་པ་ལས་སྲུངས་ཤིག །ཅེས་བྲིས། གཟའ་མི་གཉིས་ཀྱི་ལུས་སྨེ་དབུས་སུ་བཅུག་པའི་དགུ་ལིང་དང་ན་རེས་དང་འཆི་རེས་ཀྱིས་གནོད་པ་ལས་སྲུངས་ཤིག །བྱ་བ་མུ་ཁྱུད་ལ་བྲིས། ༨ ལོ་ཀེག་ཅན་མི་གཟའ་མིའམ་དཔོན་གཡོག་ཏུ་སྡེབས་པ་ལ། ལོ་སྐོར་རོ་འདོད་ཀྱི་གནོད་པ་ལས་སྲུངས་ཤིག །ཅེས་བྲིས། དགུ་ལིང་དབུས་སུ་སོ་སོའི་ཀླུང་སྨེ་བཅུག་གོ ༩ །


MR07_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོའི་བདུན་ཟུར་ལ་བབས་ན། དབང་སྨེ་དབུས་སུ་བཅུག་པའི་དགུ་ལིང་དང་། མུ་ཁྱུད་ལ་བདུན་ཟུར་གྱིས་གནོད་པ་ལས་སྐྱོབས་ཤིག་བྲིས། ༡༠ ཕོ་མོ་དགུ་མིག་ལ་འདུས་པའམ་དགུ་མིག་ལ་བྱིས་པ་བཙས་པའམ། དགུ་མིག་ཅན་ལ་དགུ་ལིང་དབུས་སུ་བརྒྱད་དཀར་བྲིས། མུ་ཁྱུད་ལ། དགུ་མིག་ལས་སྐྱོབས་ཤིག །ཅེས་བྲིས། ལ་རྩེ་དགུའི་ས། ཞིང་མུ་མ་ཅན་དགུའི་ས། ཆུ་མིག་དགུའི་ཆུ་རྣམས་ས་རྡོ་དང་བསྲེས་པ་དང་ལྷན་ཅིག་ན་བཟའ་དཀར་པོས་གྲིལ་ཏེ་བཏག་གོ །༡༡ དུར་ངན་འདོམ་འདུས་པའམ་བྱིས་པ་དུར་ཐོག་ཏུ་སྐྱེས་པ་ལ་ལྔ་སེར་དབུས་སུ་བཅུག་པའི་དགུ་ལིང་དང་། མུ་ཁྱུད་ལ་དུར་ཁ་བྱེ་བའི་གནོད་པ་ལས་སྐྱོབས་ཤིག །དུར་མིག་བཞི་བསྡོམས་ཤིག །དུར་ཁྲོད་ཀྱིས་དང་མི་རུས་དང་བཅས་པ་བཏགས་པས་ཐུབ་བོ། ༡༢ །སྨེ་བ་གཉིས་ནག་ལ་སྐྱེས་པ་དང་གཉིས་ནག་ནང་བསྡེབས་པ་སོགས་སྨེ་བ་ངན་པའི་ཁ་མནན་པ་ནི། དྲུག་དཀར་དབུས་སུ་བཅུག་པའི་དགུ་ལིང་། མུ་ཁྱུད་ལ་སྨེ་བ་ངན་པ་ཐམས་ཅད་ལས་སྐྱོབས་ཤིག །གཉིས་ནག་གི་ཁ་ནོན་ཅིག །


MR07_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྲིས། མཆོད་རྟེན་ནམ་ལྷ་ཁང་བྱིན་རླབས་ཅན་གྱི་རྡུལ་དང་སྟག་རས་གཟིག་རས། གཟུག་མོའི་སྒྲོ། དུང་གི་ཤྭ་དང་བཅས་པ་བཏགས་པས་ཐུབ་བོ། །༡༣ སྨེ་བ་དགུ་དམར་རྨངས་པོ་ཟངས་ཡག་གི་སྨེ་བ་ཞབས་འཛག་པ་སྲུངས་བ་ནི། དམར་དབུས་སུ་བཅུག་པའི་དགུ་ལིང་བྱ། མུ་ཁྱུད་ལ་སྨེ་བ་བཟང་པོ་འཛག་ཤིང་ཉམས་པའི་ཁ་སྡོམས་ཤིག །དཔལ་དུ་བསྐྱེད་ཅིག །ཅེས་བྲིས། བུད་མེད་བུ་བདུན་སྐྱེས་པའི་གོས་དུམ་དང་། སྔགས་པ་ནུས་པ་ཅན་གྱི་གོས་དུམ་གྱིས་གྲིལ་ལ་བཏགས་སོ། ༡༤ །ལོ་སྒང་ལོག་ཞེས་པ་བུད་མེད་ལ་ཕོ་ལོ་བྱུང་། །སྐྱེས་པ་ལ་མོ་ལོ་བྱུང་ན། དགུ་ལིང་ལྟེ་བར་སྲོག་གི་སྨེ་བ་གཉིས་ཁ་བསྒྱུར་ལ། ཕོའི་སྲོག་སྨེ་མོ་ལ་བཅུག །མོའི་སྲོག་སྨེ་ཕོ་ལ་བྲིས། མུ་ཁྱུད་ལ་ལོ་སྒང་ལོག་གིས་དབང་ཐང་དང་ལོངས་སྤྱོད་གོ་ལོག་པ་ཐམས་ཅད་བསྒྱུར་ཅིག་བྲིས། ཕོའི་སྲོག་གི་ཁ་དོག་གིས་བུད་མེད་ཀྱི་སྲུང་ཐུམ་བྱ། བུད་མེད་ཀྱི་སྲོག་གི་ཁ་དོག་གིས་ཕོའི་སྲུང་ཐུམ་བྱས་པས་ཐུབ་བོ། ༡༥། ལྕགས་བཞི་མེ་བརྒྱད་ལ་སྐྱེས་པ་དང་། སྐྱེས་པ་ལྕགས་བཞི་མེ་བརྒྱད་ནང་སྡེབ་བྱུང་ན། དགུ་ལིང་དབུས་སུ་བརྒྱད་


MR07_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བྲིས། མུ་ཁྱུད་ལ་ལྕགས་བཞི་ཁ་བརྡར་བ་ལས་སྐྱོབས་ཤིག །ཅེས་པ་འམ་མེ་བརྒྱད་ཚ་བ་བརྩེགས་པ་ལས་སྲུངས་ཤིག །ཅེས་བྲིས། ལྕགས་བཞི་ལ་གྲི་ལྕགས་ཐོག་ལྕགས། གསེར་དངུལ་དང་། མེ་བརྒྱད་ལ་མེ་རྡོ་མེ་ཤེལ་མེ་ལྕགས་ཀྱི་དུམ་བུ་རྡོ་སོལ་རྡོག་པོ་གཅིག་བཅས་ལྟེ་བར་གྲིལ་ལ་བཏགས་པས་ཐུབ་བོ། ༡༦། ཐན་པ་མི་བདུན་ལ་བབས་པའམ་སྐྱེས་པའམ། ནང་གེགས་བྱུང་ན་དགུ་ལིང་ཐོག་མར་གསུམ་མཐིང་བྲིས། མུ་ཁྱུད་ལ་ཐན་པ་མི་བདུན་གྱི་གོད་ཁ་སྲུང་བར་གྱིས་ཤིག་ཅེས་བྲིས། ཆུ་མིག་བཅུ་གསུམ་ནས་བླངས་པའི་རྡེའུ་སྔོན་པོ་ལྟེ་བར་གཏུམས་ལ་བཏགས། ༡༧ ཆུང་སྲི་ལངས་ནས་བུ་ཚ་མ་བཏུབ་ན། དགུ་ལིང་ལྟེ་བར་ལྔ་སེར་བྲིས། མུ་ཁྱུད་ལ་ཆུང་སྲིའི་ཁ་ཆིངས་ཤིག །ཅེས་པ་བྲིས། བུ་ཚ་རྟིང་མ་གང་ཤི་བ་དེའི་ལོ་གང་ཡིན་པའི་མདོག་ལ་ན་བཟའ་བྱ། སྟག་གི་ཤ་གྲུམ་པའི་སྤུ་རི་བོང་རྣ་བ་གཡས་པ་རྣམས་དང་། བུ་ཤིང་གང་རྙེད་དང་བཅས་པ་བཏགས་སོ། ༡༨ །བུ་ཚ་སྐྱེས་འཕྲོ་ཆད་ན། དགུ་ལིང་ལྟེ་བར་དགུ་དམར་བྲིས། མུ་ཁྱུད་ལ་ཆད་པ་མཐུད་ལ་མི་རབ་སྤེལ་


MR07_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་བྲིས། བུད་མེད་བུ་དགུ་སྐྱེས་པའི་གོས་ཀྱིས་བཏུམ། མགྲོན་བུ། བུ་མ། སྐྱེས་པ་བུད་མེད་མི་གཅིག་པ་གསུམ་ལ་སྐྱེས་བུ་སྐྱེས་པའི་སྐྲའི་གྲིལ་ནས་བཏག་གོ །༡༩ །སྲིད་ཀྱི་ལྟེ་བ་བསྒྱུར་བ་ལ། དགུ་ལིང་དབུས་སུ་བཞི་ལྗང་བྲིས། མུ་ཁྱུད་ལ་མིང་འདི་ཞེས་བྱ་བའི་སྲིད་བུ་རུ་བསྒྱུར་ཅིག་ཅེས་བྲིས། ལུག་གུ་རེའུ་བུའི་ལྟེ་བ་རྣམས་འཁོར་ལོའི་ལྟེ་བར་དྲིལ་ལ་བཏགས། ཧལ་ཁྱིའི་མདོས་བཏང་ངོ་། ༢༠ །གོད་སྲི་རྒྱུན་དུ་ལྡངས་ན་ཕྱུགས་ཐ་མ་ཤི་བའི་ཐོད་པར་དགུ་ལིང་དབུས་སུ་བདུན་དམར་བྲིས། མུ་ཁྱུད་ལ་གོད་སྲི་ནན་ཅེས་བྲིས། དེ་ཐོད་པར་བཅུག་ལམ་རྒྱ་གྲམ་དུ་སྦས་སོ། ༢༡ །གཟའ་གསུམ་འདོམ་ལ་སྐྱེས་པའམ། གསུམ་འདམ་པ་གཉིས་འདུས་ན། དགུ་ལིང་ལྟེ་བར་བརྒྱད་དཀར་བྲིས། མུ་ཁྱུད་ལ་གཟའ་གསུམ་སོ་སོའི་ཉེས་པ་ལས་སྐྱོབས་ཤིག་བྲིས། མི་དམར་འདོམ་ན་བྱི་ཕག་སྤུ་དང་ཆུ་ཤེལ།


MR07_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་འདོམ་ན་བྱ་སྤྲེལ་སྤུ་དང་མེ་ལྕགས་དུམ་བུ། སྤེན་པ་འདོམ་ན་རི་བོང་སྤུ་དང་སྐྱེར་པའི་ཕུར་བུ། ཟླ་བའི་བུ་འདོམ་ན་སཙྪ་སེར་པོ་དང་། ཁྱི་རྒྱ་བོའི་སྤུ་རྣམས་གྲིལ་ལ་བཏགས་པས་ཐུབ་བོ། ༢༢ །སྐྱེས་པ་ཕ་ཡི་སྲུང་ཀླུང་གིས་མ་ཟིན་པ་དང་། བུད་མེད་མའི་ཀླུང་གི་མ་ཟིན་ན། བུ་མོ་མང་བ་དང་དབང་ཐང་ཆུང་བ་ལ་སོགས་པ་ཉེས་པ་མང་པོ་ཡོང་བ་དེ་སྐྱོབ་པ་ནི། དགུ་ལིང་དབུས་སུ་ལྔ་སེར་བྲིས། མུ་ཁྱུད་ལ། ཕ་མའི་ཀླུང་གིས་མ་ཟིན་པ་ཐམས་ཅད་ལས་སྐྱོབས་ཤིག །ཅེས་བྲིས། རིན་ཆེན་སྣ་ལྔ་གང་ཟག་ཁྱད་པར་ཅན་གྱི་རིང་བསྲེལ་དང་བཅས་པས་ཐུབ་བོ། ༢༣ །ལྟས་ངན་ཁྱིམ་བབས་འདུས་ཀླུང་སྐྱོབ་པ་ནི། དགུ་ལིང་དབུས་སུ་ལྔ་སེར་བྲིས། ལྟས་ངན་ཁྱིམ་པའི་འདུས་ཀླུང་ངན་པ་ཐམས་ཅད་ལས་སྐྱོབས་ཤིག་ཅེས་བྲིས། རྔ་མོང་གི་སྤུ་དང་ཕ་ཝཾ་གི་སྒྲོ། དྲེའུའི་སྤུ་གསུམ་གྱིས་དྲིལ་ནས་བཏགས་པས་ཐུབ་བོ། །༢༤ །ཕུང་སྲི་ཁ་ཆིངས་ལ། དབུས་སུ་ལྔ་སེར་བྲིས། མུ་ཁྱུད་ལ་ཕུང་སྲིའི་ཁ་ཆིངས་ཤིག །ཤོག་གུ་ཞིག་ལ་ཕུང་སྲི་ནན་མཱ་ར་ཡ་ཛ་དུམ་བྷྱོ་རྦད། ཅེས་པ་ལྔ་སེར་ལ་ཁ་སྦྱར་ལ། མཛོའི་སྤུ་དང་སྤྲེའུའི་ཤ་དང་བཅས་ཏེ་བཏགས་སོ། ༢༥ འདྲེ་མོའམ་བསེན་མོས་གནོད་ན་དེའི་ཁ་བཅིངས་པ་ནི། དགུ་ལིང་ལྟེ་བར་གཉིས་ནག་བྲིས། མུ་ཁྱུད་ལ་འདྲེ་མོ་བསེན་མོའི་ཁ་ཆིངས་ཧཱུྃ་ཛ་གྲིག་ཤྭ་ནག་མོ་ཁ་ལ་དུན་ཙེ་རྦད། ནག་མོ་ཟ་འགྲམ་ཁ་


MR07_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་རྦད། དམ་སྲི་འདྲེ་མོའི་ཁ་ཆིངས་ཞེས་བྲིས། འཁོར་ལོ་མགར་བའི་སྦྲའི་དུམ་བུའམ་རེ་བས་གྲིལ་ལ་བཏགས་པས་ཐུབ་བོ། ༢༦ །རྒྱལ་པོ་ཁ་ཆིངས་ནི། གཅིག་དཀར་དབུས་སུ་བཅུགས་པའི་དགུ་ལིང་བྲིས། མུ་ཁྱུད་ལ་རྒྱལ་པོའི་ཁ་ཆིངས་ཤིག་རཱ་ཛ་མཱ་ར་ཡ་རྦད་རཱ་ཛ་མྱག་ཐུཾ་རིལ་རྦད་རཱ་ཛ་ཏྲིག་ནན་ཅེས་བྲིས། དེ་ཁྱི་དཀར་པོའི་སྙིང་ཤུན་གྱིས་གྲིལ་ལ་བཏགས་སོ། །༢༧ འགོང་པོ་ཁ་ཆིངས་ནི། དགུ་ལིང་དབུས་སུ་གཅིག་དཀར་བྲིས། མུ་ཁྱུད་ལ་འགོང་པོའི་ཁ་ཆིངས་ཨོཾ་ཧཱུྃ་རཱ་ཛ་ཏྲིའུ་རྦད་ཆིངས་ནན། འགོང་པོའི་ཁ་ཆིངས་ཐ་མ་རྦད་གོད་འདྲེའི་ཁ་ཐམ་སྲིས་རྐུན་ཁ་ཐམ་ཆིངས་ཕུང་སྲིའི་ཁ་ཐམ་ཆིངས་ཞེས་བྲིས། རི་བོང་གི་ལྤགས་པས་དྲིལ་ཏེ་བཏགས་སོ། ༢༨། མཛེ་འཕྲོ་བཅད་པ་ལ་དགུ་ལིང་དབུས་སུ་ལྔ་སེར་བྲིས། མུ་ཁྱུད་ལ་འདི་འཆང་བའི་མཛེ་འཕྲོ་ཆོད། ཨོཾ་བམ་ཕེ་ལམ་ཧཱུྃ་རཀྵ་རཀྵ་ཀུ་རུ་མཱུཾ། ཅེས་བྲིས། དེ་སྦྲུལ་གྱི་ལྤགས་པས་གྲིལ། ཁྱི་སྨྱོན་གྱི་མཆེ་བ་དང་ལྷན་ཅིག་བཏགས་སོ། ༢༩ །ས་བདག་ཁ་ཆིངས་ལ། དགུ་ལིང་དབུས་སུ་ལྔ་སེར་བྲིས། མུ་ཁྱུད་ལས་བདག་གི་གནོད་པའི་ཁ་ཆིངས་ཨོཾ་ཨཱཿཧཱུྃ་ནག་རཱ་ཛ་ས་མ་ཡཱ་ཕྱེ་ནཱ་ག་ཡན་ཏེ་ཁྲོལ་ནཱ་ག་ཤནྟིཾ་ཤིག་ནཱ་ག་དུན་ཏྲིག་རྦད། ནཱ་ག་རཱ་ཛ་ས་མ་ཡ་ཕུད་ནག་པོ་ཙིཏྟ་ཛྭ་ལ་ཤིག་ཕུད་ཅེས་བྲིས། རྨ་བྱའི་


MR07_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་སྦལ་པའི་མགོ་སྡིག་པའི་རྭ་དང་བཅས་པ་བཏགས་སོ། ༣༠ །མི་མང་པོ་བཏུད་ནས་ཤི་བའི་ཤི་རྒབ་བཅད་པ་ནི། དགུ་ལིང་དབུས་སུ་ཐ་མར་ཤི་བ་དེ་བུད་མེད་ཡིན་ན་གཉིས་ནག་སྐྱེས་པ་ཡིན་ན་གསུམ་མཐིང་། བྱིས་སྦ་ལོ་བདུན་མན་ཡིན་ན་གཅིག་དཀར་བྲིས། མུ་ཁྱུད་ལ་ཤི་ཁ་ཆོད་ཅེས་བྲིས། དེ་སྔགས་པ་ནུས་པ་ཅན་གྱི་ལྷམ་གྱི་དུམ་བུ་དང་ཕག་གི་མཆེ་བ་སྟག་གི་རས་མ་སྤྲེའུའི་སྤུ་དང་བཅས་པ་བཏགས་པས་ཐུབ་བོ། ༣༡ །གཟའ་ཚང་ནང་གི་སྐྱེས་པ་ཐམས་ཅད་མོ་ལོ་དྲུག་ལ་སྐྱེས་པ་དང་། བུད་མེད་ཐམས་ཅད་ཕོ་ལོ་དྲུག་ལ་སྐྱེས་ན་འབྱུང་བ་གཡུལ་ལོག་ཅེས་ཐ་མར་བུད་མེད་དར་ཞིང་སྐྱེས་པ་རབས་ཆད་པས། དེ་བསྲུང་བ་ནི། དགུ་ལིང་དབུས་སུ་བརྒྱད་དཀར་བྲིས། མུ་ཁྱུད་ལ་འབྱུང་བ་གཡུལ་ལོག་ལས་སྲུང་ཤིག །མཾ་ལཾ་ཡཾ་བྲུཾ་ཁཾ་ཅེས་བྲིས། དེ་རྟ་དང་བྱི་བའི་ལྤགས་པས་གཏུམས་ཏེ་བཏགས། ༣༢ བྱིས་སྦ་ཤྭ་རེའམ་དྲུ་གུ་ཅན་ནམ་ཁོང་ནས་སོ་སྐྱེས་པ་སོགས་བྱུང་ན་དགུ་ལིང་དབུས་སུ་དྲུག་དཀར་བྲིས། མུ་ཁྱུད་ལ་མི་མཐའ་ངན་པའི་ལྟས་ངན་བཟློག་ཅིག་ཏྲིའུ་ཏྲིའུ་བཟློག་བཟློག །རྦབ་རིལ་བྷྱོ་


MR07_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག །ཅེས་བྲིས། དེ་རྔ་མོང་སྤུའི་གཏུམས། མཛོ་རྟོལ་གྱི་ཁྲག་གིས་བྱུགས་ནས་བྱིས་པ་དེ་ལ་བཏགས་སོ། ༣༣ །ཕྱུག་པོ་རྨིང་པོར་སོང་བའམ། རྒྱལ་པོ་འབངས་སུ་བབས་པའམ། དགེ་བཤེས་ཁྲིམས་གདན་ཁྲི་ལ་བབས་པ་སྣང་། ཉམས་པ་སོགས་ནི་སྲིད་པ་གོང་འོག་བསྒྱུར་བ་ཞེས་བྱ་སྟེ། དེའི་ཉེས་སྐྱོན་སྐྱོབ་ཅིང་སེལ་བ་ནི། དགུ་ལིང་དབུས་སུ་དགུ་དམར་བྲིས། མུ་ཁྱུད་ལ་སྲིད་པ་གོང་འོག་བསྒྱུར་བ་ལས་སྐྱོབས་ལ་དབང་ཀླུང་རྒྱས་པར་མཛོད་ཅིག །ཨེ་བྲུཾ་ཧྲཱིཿབྲུཾ་ཨཱཿབྷྲཱུྃ་སིདྡྷི་པུཎྱ་པ་ཤཾ་ཀུ་རུ་ཧོཿཅེས་བྲིས། འཁོར་ལོ་ཞིག་ལ། དབུས་སུ་འཁོར་ལོ་ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བྲིས་པ་དང་ཁ་སྦྱར་ལ་རྒྱལ་ཆེན་དབུས་ཀྱིས། བླ་མ་ཆེན་པོའི་གདན་ཁྲིའི་ས། ཕྱུགས་པོ་ཆེན་པོའི་བང་མཛོད་ས། ཞིང་མུ་མའི་ས་འདི་རྣམས་འཁྱིལ་ཆུས་སྦྲུས་པའི་རིན་པོ་ཆེའི་གཟུགས་ཀྱི་ནང་དུ་བཅུག་སྟེ། དེ་ཉིད་ལ་བཏགས་པས་ཐུབ་བོ། ༣༤ །ཕྱོགས་ངན་གྱི་སྟེང་ངམ་བདུད་གཅོད་འདྲེ་ལྔའི་ཕྱོགས་སུ་འགྲོ་དགོས་པའམ། ས་བདག་གདུག་པ་ཅན་གྱི་སར་འགྲོ་ན། དེའི་སྐྱོན་བསྲུང་ནི། དབུས་སུ་ལྔ་སེར་ཡོད་པའི་དགུ་ལིང་


MR07_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། མུ་ཁྱུད་ལ་ཕྱོགས་ལོག་བདུད་གཅོད་འདྲེ་ལྔ་ས་བདག་གདུག་པ་ཅན་དང་ཐུག་པའི་གནོད་པ་ལས་སྐྱོབས་ཤིག་མ་མ་རཀྵ་ཀུ་རུ། ཅེས་བྲིས། དེ་ནས་འགྲོས་ཤར་དུ་ལྕགས་ཚོན་གང་བ། ལྷོར་བྱི་བའི་སྤུ། ནུབ་ཏུ་མེ་ལྕགས་མེ་ཤེལ། བྱང་དུ་ས་སེར། མཚམས་བཞིར་སྐྱེར་ཕུར་སོར་བཞི་དང་བཅས་ནས་བཏགས་པས་ཕྱོགས་ངན་ཐུབ་བོ། ༣༥ །ཡུལ་དུ་ནད་ཡམས་ཆེན་པོ་བྱུང་བ་དེ་བཟློག་པ་ནི། ལྔ་སེར་དབུས་སུ་བྱས་པའི་དགུ་ལིང་བྲིས་མུ་ཁྱུད་ལ་འབྱུང་བའི་རྒྱལ་ཡམས་བཟློག་ཅིག །ཅེས་དེ་ལ་ཙནྡན་ཤུ་དག་གུ་གུལ་བཙན་དུག་གླ་རྩི་རྣམས་བྱུགས་རོ་རས་ཀྱིས་གྲིལ་ལ། མཆོད་རྟེན་ནམ་ཁང་པའི་རྩེ་ལ་བཏགས་སོ། ༣༦ །ཁང་པ་ལ་མེ་ཤོར་བའམ། ལྟས་ངན་པ་གང་བྱུང་ཡང་བཟློག་པ་ནི། དབུས་སུ་ལྔ་སེར་ཡོད་པའི་དགུ་ལིང་བྱ། མུ་ཁྱུད་ལ་མཚན་མ་འདི་དང་འདི་བཟློག་ཅིག་བསྒྱུར་ཅིག་བྲིས། ཕ་ཝང་གི་རླུང་བུར་བཅུག་ལ་སྒོ་གོང་ལ་བཏགས་པས་ཐུབ་བོ། ༣༧ །འདྲེ་མོའི་ཁ་ཆིང་ནི། གཉིས་ནག་དབུས་སུ་ཡོད་པའི་དགུ་ལིང་བྱ། མུ་ཁྱུད་ལ་བཛྲ་བཛྲ་ཏྲི་ཏྲི་གྲི་མོ་ཁ་བསྡོམས་ཏྲེའུ་ལིང་རྦད་སརྦ་མཱ་ར་ཡ་རྦུད་ནྲྀ་ཏྲི་


MR07_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་བྲིས་ཏེ་ཡུག་ས་མའི་སྐྲ་སྐུད་ཀྱིས་བཅིངས་ལ་བཏག་གོ ༣༨ །བཀྲ་མི་ཤིས་པའི་ཉེས་པ་ཐམས་ཅད་ལས་སྐྱོབ་ཅིང་ཉེས་ཀུན་ཐུབ་པ་ནི། བརྒྱད་དཀར་དབུས་སུ་བཅུག་པའི་དགུ་ལིང་བྱ། མུ་ཁྱུད་ལ་ཉེས་པ་ཐམས་ཅད་ལས་སྐྱོབས་ལ་ཕུན་སུམ་ཚོགས་པ་ཐམས་ཅད་སྤེལ་ཅིག །པུཥྚིཾ་ཤཱནྟིཾ་ཝ་ཤཾ་མཱ་ར་ཡ་ཀུ་རུ་ཧོཿ མ་མ་པུཎྱེ་ཨཱ་ཡུཪྫྙཱ་ནཱ་ཧྲཱིཿ ཅེས་བྲིས་དེ་ལ་བཟང་དྲུག་དང་། མངར་གསུམ་བྱུགས། དར་ཚོན་སྣ་ལྔས་གྲིལ་ལ་རྒྱལ་མཚན་གྱི་རྩེ་མོའམ་ལྷ་ཁང་ལ་སོགས་ཀྱི་པུ་ཤུའམ་བསྒྲུབ་བྱའི་རྐེ་ལ་བཏག་གོ །འདི་དག་རྒྱ་རྗེ་ཕྱག་སྦལ་གྱི་གདམས་པ་དཀོར་མཛོད་རིན་པོ་ཆེའི་སྒྲོམ་བུའི་ཆ་ལག་གཞན་ལ་མེད་པའི་ཁྱད་ཆོས་ཁམས་པ་ཁྲ་མོས་བསྒྱུར་བའོ། །འདི་ལ་རྒྱས་བསྡུས་འགའ་རེ་ཡོད་ཀྱང་། འདི་ཁུངས་བཙུན་ཞིང་ཤིན་ཏུ་དཀོན་པར་འདུག་གོ །མངྒ་ལཾ།། ལི ཁོན དྭ ཁེན ཁཾ གེན ཟིན ཟོན། ལོ་ཀུན་ཐུབ་རྫས་ལོ་བཅུ་གཉིས་ཤ་ཁྲག་གམ་སྤུ། དར་མཚོན་སྣ་ལྔ། བྱ་རྒོད་ཟེ་བའི་སྤུ། བྱ་ཕོའི་ཁྲག །བྱ་མོའི་མཚོན་སྤུ། བྱ་འུག་གང་ལ་འགྲོ་ཞེས་ལུམ་ན་འདུག །གཞན་ཡང་ལོ་ཀུན་ཐུབ་ལ་ལོ་བཅུ་གཉིས་


MR07_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤིང་བཅུ་གཉིས། ཤིང་ལྔ་མེ་ལྔ་སོགས་ཡོད་དགེ། འཁོར་ལོ་འདི་དཔེ་འགའ་དང་བསྡུར་སྲོག་སོགས་བསྐྱེད་སྔགས་ལ་བཻཌཱུར་ལྟར་ཅུང་བསྣན་བཅས་མི་ཕམ་པས་དག་པར་བྱས་པའོ།། །།མངྒ་ལཾཿ


previousའཇམ་དབྱངས་གསེར་འཁོར་ཉེས་པ་ཀུན་སེལ་བྲི་ཐབས།next