Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
མདོས་གཞུང་བཀྲ་ཤིས་འཁྱིལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོས་གཞུང་བཀྲ་ཤིས་འཁྱིལ་པ།next

མདོས་གཞུང་བཀྲ་ཤིས་འཁྱིལ་པ།


MR07_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་གཞུང་བཀྲ་ཤིས་འཁྱིལ་པ་བཞུགས། །


MR07_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་རྣམས་ཐོག་མར་བྱིན་རླབས། སྔགས་དྲུག་ཕྱག་དྲུག་བྱ་བ་ནི། སྦྱངས་བའི་ལྷ་ནི་ཤཱཀ་ཐུབ་སེར། དཀར་པོའང་། ཕྱག་གཉིས་ས་གནོན་ལྷུང་བཟེད་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །པལ་མཾ་ཐལ་མོ་ཁང་སྟོང་ཕྱག་རྒྱའི་ནང་དུ། ཨཱཿདཀར་འོད་འཕྲོས་དངོས་འཛིན་སྦྱང་། ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དུ་གྱུར། སྤེལ་བའི་ལྷ་ནི་རྣམ་སྣང་དཀར། སེར་འང་། ཕྱག་མཚན་འཁོར་ལོ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །མཛོད་སྡུར། ཐལ་མོ་ཚིག་


MR07_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཅག་ཕྱག་རྒྱའི་ནང་། །ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། རིན་ཆེན་སྒྲོམ་བུའི། ཇི་ལྟར་འདོད་པའི་ཡོན་ཏན་ཟད་མི་ཤེས་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། བསྒྱུར་ལྷ་བདུད་རྩི་འཁྱིལ་པ་ལྗང་། ཕྱག་མཚན་རྒྱ་གྲམ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཐལ་མོ་ཁ་འབྱེད་ཕྱག་རྒྱའི་ནང་། །ཛ་དམར་འོད་འཕྲོས་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ །ཐོབ་ལྷ་རིན་འབྱུང་སྐུ་མདོག །མཐེ་བོང་གཉིས་བསྣོལ་སོར་མོ་ལྷག་མ་རྣམས་ཁ་འགྲམ་དུ་འགྱེད་པར་བྱས་པའི་ནང་


MR07_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཛ་དམར་པོ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། སེར། །ཕྱག་ན་རིན་ཆེན་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །གཡས་འཛུབ་མོ་ཐུགས་ཀར་བསྒྲེང་། གཡོན་མཆོག་སྦྱིན་ལ་ཏྲཱཾ་སེར་གསལ། མཆོག་སྦྱིན་ཕྱག་རྒྱའི་ཏྲཱཾ་སེར་ལས། །འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷར་སམྦྷར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་ཞིང་ཡིད་བཞིན་དུ་ཐོབ་བར་གྱུར། ཚིམ་ལྷ་དོན་ཡོད་གྲུབ་པ་ལྗང་། །ཕྱག་མཚན་རལ་གྲི་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །གཡས་ཁུ་ཚུར་མཆོག་ཐུགས་ཀར་བཀན། གཡོན་འདེགས་པའི་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་འཕྲོས་བདུད་རྩིའི་གྱུར། །ཨོཾ་ཛྙ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་ནས་དགྱེས་ཤིང་ཚིམ་པར་གྱུར། དབང་བྱེད་ཕྱག་རྡོར་དམར་པོ་ནི། །ཕྱག་མཚན་རྡོ་རྗེ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །སོར་མོ་ནང་དུ་བསྣོལ་བ་སྤྱི་བོར་བཅངས་བའི་ཕྱག་རྒྱའི་ཛ་དམར་ལས། འོད་འཕྲོས་མགྲོན་བཞིའི་ སྔོན་པོའང་། མཐུ་སྟོབས་བསྡུས། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾཿ གྲ་ཧེ་ཤྭ་རི་


MR07_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་ཅིང་། ན་མོ་བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་བྱིན་རླབས་ཀྱི་ཀུན། དེ་དག་ཐམས་ཅད་ཅི་རིགས་པར། །ཐོག་པ་མེད་པར་འབྱུང་གྱུར་ཅིག །དེ་ནས་མདོས་མགྲོན་འགུག་པ་ལ། དང་པོ་བདེན་པའི་ཚིག་གིས་འགུག །ན་མོ་སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་ཚོགས་མཆན། སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །བདེན་པའི་བཀའ་ལ་མི་ཉན་གད་ཡང་མེད། །འབྱུང་བ་ལྔ་ལ་མི་བརྟེན་གང་ཡང་མེད། །འཚོ་བའི་ཟས་ལ་མི་བརྟེན་གང་ཡང་མེད། །འཆི་བའི་སྲོག་ལ་མི་འཛེམ་གང་ཡང་མེད། །སྨྲས་པའི་ཚིག་ལ་མི་ཉན་གང་ཡང་མེད། །ཟབ་མོའི་དོན་ལ་མི་སེམས་གང་ཡང་མེད། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་བ་ན་རག་དམྱལ་ཁམས་ཡན་ཆད་དུ། །བདག་


MR07_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །མི་ཕྱུགས་འབྱོར་པ་སྟོབས་དཔལ་བཅས་པ་ལ། །སྔོན་གྱི་ལན་ཆགས་དབང་གིས་འབྲེལ་བ་དང་། །འཕྲལ་གྱི་རྐྱེན་བགེགས་བྱེད་པ་འབྱུང་པོའི་ཚོགས། །ཐམས་ཅད་མ་ལུས་བདག་གི་བཀའ་ལ་ཉོན། །སྐད་ཅིག་ཡུད་ལ་གནས་འདིར་གཤེགས་སུ་གསོལ། །ཧཱུཾ་ཞེ་སྡང་གདུག་པའི་སེམས་རྣམས་ཞི་བར་གྱིས། །སྙིང་རྗེ་བྱམས་པའི་སེམས་སུ་ད་བྱོན་ལ། །དགའ་མགུ་རངས་པའི་སེམས་ཀྱིས་གཏོར་མ་ལོངས། །ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད། །ཞེས་དང་། གཉིས་པ་ལྷ་སྔགས་ཀྱི་སྟོབས་ཀྱིས་འགུག་པ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀའི་ཧཱུྃ་གི་འོད་ལས་འདོད་རྒྱལ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་འཕྲོས་པས་ལྷ་འདྲེ་མདོས་བདག་གང་ལ་བྱ་བ་མདོས་ཀྱི་མགྲོན་དུ་རང་དབང་མེད་པར་བཀུག་པར་བསམ་ལ། །ཧཱུྃ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི། །ཐམས་ཅད་འགུག་མཛད་ཁྲོ་བོའི་རྒྱལ། །


MR07_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱཀྐི་ཞེས་བྱ་བྱུང་ནས་ནི། །བགེགས་རྣམས་འགུག་པའི་ལས་མཛད་དེ། །ནམ་མཁའ་སྟོང་པ་འགུག་བྱེད་ན། །གཟུགས་སུ་སྣང་བ་སྨོས་ཅི་དགོས། །བེམ་པོ་རྡོ་ཡང་འགུག་བྱེད་ན། །རྣམ་ཤེས་ལྡན་པ་སྨོས་ཅི་དགོས། །ཁུག་ཅིག་དྲངས་ཤིག་ཁྲོ་བོའི་རྒྱལ། །བགེགས་རྣམས་ཐམས་ཅད་མྱུར་ཁུག་ཅིག །ཨོཾ་བཛྲ་ཊཱཀྐི་རཱ་ཛ་ཧཱུཾ་ཛཿ ཞེས་བཀུག་ལ་སོ་སོ་རང་རང་ལ་འཚམས་པའི། །བདེ་ཞིང་ཡངས་པའི་གནས་སུ་ནི། །ཇི་སྲིད་མཆོད་སྦྱིན་བགྱིད་ཀྱི་བར། །དེ་སྲིད་དུ་ནི་གནས་པར་མཛོད། །ཅེས་བྱས་ལ་གླུད་རང་རང་གི་ཁུང་སྨྲེང་དང་། བསྔོ་བ་གང་འདོད་བྱ། བར་འཕྱོང་གི་རིགས་སྦྱར་བར་བྱའོ། །སྤྱིར་བསྔོ་བ། །ཧཱུྃ་འདོད་པའི་ཡོན་ཏན་ཀུན་ལྡན་བྱིན་རླབས་པས། །ལན་ཆགས་གླུད་ཀྱི་གཏོར་མ་འདི་ཉིད་ནི། །ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །སྲོག་ལུས་ལོངས་སྤྱོད་ལན་ཆགས་བསྙགས་རྣམས་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས་རྣམས་དང་། །ནད་ཡམས་དལ་བདག་གནོད་བྱེད་ཚོགས་རྣམས་ལ། །འབུལ་ལོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིང་། །གཞན་ཕན་བྱང་སེམས་རྒྱུད་ལ་སྐྱེས་ནས་ཀྱང་། །རྒྱུ་སྦྱོར་བདག་ཅག་ཅེས་ཁ་བསྒྱུར། ནད་གདོན་བགེགས་ལས་གྲོལ་བར་མཛོད། །


MR07_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སམྦྷཱ་ར་དང་མཚན་བཞི་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་པ་འདི་ལ་གྲངས་བསོགས་སྟེ་ཆང་བུ་བསྔོའོ། །མཐར་གླུད་བསྔོ་བ་ནི། ཧཱུཾ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདི་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ༴ འཁོར་འདིར་གནོད༴ རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས༴ གླུད་དང་ཆང་བུ༴ འཁོར་འདིར༴ རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས༴ གླུད་དང་ཆང་བུ༴ འཁོར་འདིར་གནོད༴ ལྤགས་པའི་གླུད་འདི་


MR07_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ལ་གཏོང་། ཐང་ལ་གནས༴ གླུད་དང་ཆང་བུ་འདི༴ འཁོར་འདིར་གནོད་པ༴ སེམས་ཀྱི་གླུད་འདི་མཁའ་ལ་གཏོང་། མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་འགུ་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་བར་གྱིས། །རྒྱན་གྱི་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་


MR07_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བསྐུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །འདིར་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །སྙིང་རྗེའི་སེམས་ཀྱིས་ཆོས་སྦྱིན་བྱ་བ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པར་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་


MR07_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །ཞེས་བྱའོ། །དེ་ནས་གཤེགས་སུ་གསོལ་བ་ནི། ཧཱུྃ་བདག་གིས་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས། དེ་རིང་ཁྱོད་མཆོད་ཀྱིས། །སོངས་ཤིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་སྟེ། །ཁྱོད་ནི་བགེགས་ཀྱང་བྱེད་པར་ནུས། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ནི་བགེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་པ་མ་ཐོབ་པ། །དེ་རིང་བདག་གིས་མཆོད་བྱས་པས། །ཁྱོད་ཀྱིས་ད་ནི་མཆོད་ཁྱེར་ལ། །བགེགས་ཀྱི་བདག་པོ་འགྲོ་བར་གྱིས། །གལ་ཏེ་འདུག་ཀྱང་བགེགས་མིན་ན། །སྔགས་པས་མཆོད་བྱའི་འོས་ཀྱང་ནི། །ཅི་སྟེ་བགེགས་ནི་ཡང་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་དབང་གྱུར་ལ། །མི་མཆོག་རྣམས་ཀྱིས་མཁྱེན་པར་གསོལ། །ཞེས་དང་། འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། ཞེས་རང་གནས་སུ་སོང་བར་བསམ། བསྐྲད་མདོས་ལ་དྲག་སྔགས་ཀྱིས་སྲུང་འཁོར་བསྒོམས། ༈ །རྒྱལ་དབྱངས་ནི། སངས་རྒྱས་ཀྱིས་ནི་བདུད་ཕམ་


MR07_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་མཛད། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོ་ཕམ། །མེ་ཡིས་ཤིང་རྣམས་ཕམ་པར་འགྱུར། །ཆུས་ནི་མེ་ཡང་ཕམ་པར་འགྱུར། །རླུང་གིས་སྤྲིན་རྣམས་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གསུངས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པར་རྒྱལ་གྱུར་རྫུན་མ་ལགས། །བདེན་པའི་ཚིག་ནི་འདི་དག་གིས། །བསྲུང་བྱ་འདི་ནི་ནད་དང་གདོན། །ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ། །སྡིག་པ་ཐམས་ཅད་རབ་ཏུ་ཕམ་སྭཱ་ཧཱ། ཞེས་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་པས་བདེ་ལེགས་སུ་བྱའོ། །འདི་ནི་གཞུང་རྣམས་ལས་བདག་ཅག་རྣམས་ནི། མི་ཕམ་པས་བསྡུས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།


previousམདོས་གཞུང་བཀྲ་ཤིས་འཁྱིལ་པ།next