Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
མདོས་ཀྱི་བར་དུ་འགྲེས་བྱང་བཀྲ་ཤིས་འཁྲུལ་མིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོས་ཀྱི་བར་དུ་འགྲེས་བྱང་བཀྲ་ཤིས་འཁྲུལ་མིགnext

མདོས་ཀྱི་བར་དུ་འགྲེས་བྱང་བཀྲ་ཤིས་འཁྲུལ་མིག


MR07_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཀྱི་བར་དུ་འགྲེས་བྱང་བཀྲ་ཤིས་འཁྲུལ་མིག་ནི། མདོས་བདག་ཆེན་པོ་མདོས་བཞེས་ཤིག །གླུད་བདག་ཆེན་པོ་གླུད་བཞེས་ཤིག །ཞེ་སྡང་གདུག་པ་ད་ཁྲོལ་ལ། །དང་བའི་སེམས་ཀྱིས་གླུད་འདི་ལོངས། །སྟོང་གི་སྡེ་དཔོན་གྱིས་གསུང་བཞིན། །བཀའ་ལས་མ་འདའ་གླུད་འདི་བཞེས། །གླུད་བདག་གཉེན་པོ་ཁྱེད་རྣམས་ནི། སྔོན་གྱི་ལན་ཆགས་དེད་པའམ། །འཕྲལ་གྱི་རྐྱེན་དུ་གྱུར་པ་ཡིས། །ཟས་ནོར་འདོད་ཕྱིར་རྒྱུ་བ་ཡང་། །མཐུན་པའི་རྫས་དང་ཡས་སུ་བཤམས། །ཇ་ཆང་ལོངས་སྤྱོད་རྒྱུ་རུ་འདོན། །བདེན་པའི་ཚིག་གིས་བཀྲོལ་ཏེ་འབུལ། །རྟགས་བར་འདི་བཅས་དཀྱུས་མ་ལམ་འདོན་ཀྱང་། །སྐྱེམས་དང་བཅས་པའི་གསེར་གྱིས་མཆོད། །ནམ་མཁའ་འདི་ནི་ཡུལ་དུ་འབུལ། །མདའ་བཀྲ་འདི་ནི་མཁར་དུ་འབུལ། །གཟུགས་བརྙན་འདི་ནི་དཀོར་དུ་འབུལ། །སྒྲ་སྙན་གསུང་གི་གླུད་དུ་འབུལ། །མར་མེ་སེམས་ཀྱི་གླུད་དུ་འབུལ། །ངར་མི་སྲོག་གི་གླུད་དུ་འབུལ། །ཟང་ཟིང་ལོངས་སྤྱོད་གླུད་དུ་འབུལ། །ཅི་འབྱོར་དཀོར་ཆ་མཁོ་དགུ་རྣམས། །རྒྱུ་སྦྱོར་འཁོར་བཅས་གླུད་དུ་འབུལ། །མདོག་བཟང་དག་པར་བྱིན་གྱིས་བརླབས། །ཇི་ལྟར་འདོད་པ་བཞིན་དུ་མཆོད། །བུ་ལོན་ལན་ཆགས་བྱང་


MR07_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས། །ཤ་མཁོན་སྡིག་སྒྲིབ་དག་པར་མཛོད། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཞེས་བྱས་ལ། སཾ་བྷ་ར་དང་། མཚན་བཞི་བརྗོད་ལ་ལན་གྲངས་བསགས་ཤིང་ཆང་བུ་བསྣན་ཏེ་བསྔོའོ།། །།


previousམདོས་ཀྱི་བར་དུ་འགྲེས་བྱང་བཀྲ་ཤིས་འཁྲུལ་མིགnext