Nitartha Digital Library
Tibetan
གླེགས་བམ་བཅུ་པ།


   
   
   
   
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་དཀའ་མཆན།
   
   
   
   
   
   


 
previousབདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་དཀའ་མཆན།next

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་དཀའ་མཆན།


MR10_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་དཀའ་མཆན་ཅེས་བྱ་བ་བཞུགས་སོ། །


MR10_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གཉིས་པ་ཉེས་གསུམ་གསོ་བའི་སྐབས། རླུང་ནད་ལེའུ་ལས། ༈ །ལྡེབ་གསུམ་པའི་སྲིབ་ངོས་༡ པའི་ནང་། རླུང་ནད་དྲུག་ཅུ་རྩ་གསུམ་འབྱུང་། །ཞེས་པ་ནི། འདིར་ཨ་ཝ་སོགས། ༢༠ གནས་ཀྱི་ཕྱེ་བའི་བར། བསྡོམས་པ༤༨ས། དེ་སྟེང་རེངས་འཁུམས་སོགས་བརྒྱད། མགོ་རླུང་སོགས་བདུན་བསྣན་བ༦༣ར། བཻཌཱུར་གསུངས་ཀྱང་། རླུང་རྐྱང་ལྔ། མཁྲིས་འདྲེས་ལྔ། བད་འདྲེས་ལྔ་སྟེ་བཅོ་ལྔ་བྱས་ན་བདེ་བར་རང་གིས་སྙམ། ༈ །ལྡེབ་དྲུག་པའི་ཉིན་ཕྲེང་ཐ་མའི་ནང་། ལུག་མགོ་ལོ་གསུམ་ལོན་པའི་བསྡུས་ཁུ་ལ། །ཞེས་པ་ནི།ལུག་ཐོང་པའི་མགོ་དབང་པོ་ཀུན། མ་རུལ་མ་སུང་བའི་ཤ་རུས་ཀླད་པ་བཅས་བཙོས་པའི་ཁུ་བའོ། ༈ །ལྡེབ་བདུན་པའི་ནང་ཉིན་ཕྲེང་གསུམ་པའི་ནང་། འཇམ་པོས་སྦྱང་། ཞེས་པ།


MR10_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་སྙུང་དོང་ག །ལྕུམ་རྩ། དུར་བྱེད་སོགས་ཀྱི་ཁཎྚ། མར་དུ་བསྐོལ་བས་སྦྱོངས། ལྡེབ་བདུན་པའི་དྲུག་ཕྲེང་ནང་། སྣ་སྦྱོངས་རྣོ་བས། ཕྱི་རྒྱུད་དུ། སྦྱོར་བ་མགྲོན་བུ་བོང་ང་དཀར་པོ་དང་། ཞེས་སོགས་དེའོ། ༈ །རྩ་བས། སོ་སོར་སྐབས་ཕྱེད་དགོས་ནའང་། འདིར་ཞོའི་རུ་མ་ཤིན་ཏུ་སྐྱུར་བ་ཡུན་ལོན་པ་དེའོ། ༈ །ལྡེབ་བདུན་པའི་སྲིབ་ཕྲེང༡ ནང་། སྣ་སྨན་ཁྲུས་ཀྱིས་སྦྱངས། ཞེས་པ། ཤིང་མངར། སྐྱུ་རུ། ཀ་ར། ཞུན་མར་སྦྱར་བ་བཏང་། ༈ ཁྲུས། ཐར་ནུ། དུར་བྱིད། མཆུ་སྙུང་། ལྕུམ་རྩ། ཁྲོན་བུ།སྔོན་བུ། ཤྲཱི་ཁཎྚ། དན་རོག དན་ཁྲ། དོང་ག་རྣམས་སྟེང་། མཁྲིས་སྨན། ཏི། གསེར་མེ། དུག་ཉུང་། རླུང་ལ། ཛཱ་ཏི། བི་ལིང་། ནལ་ཤམ་སྦྲང་རྩི་སྦྱར། ༈ །ལྡེབ་


MR10_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའི་སྲིབ་ཕྲེང༥་ནང་། ར་སྣ་མུ་ལ། ཞེས་པ། བཻ་སྔོན་དུ། སྒྲོན་ཤིང་རྩ་བར་བཞེད། དང་གྲ་ནི་སྒ་དམར་དྲོད་ཡོད་པའོ། །ཟུར་པས་མ་ནུའང་ཟེར་དཔྱད། ༈ །ལྡེབ་བརྒྱད་པའི་སྲིབ་ངོས༣། སྣ་སྨན་འཇམ་པོ། ཞེས་པ། ཤིང་མངར། སྤོས་དཀར། ཨ་རུ། སྤང་སྤོས་རྣམས། སྣུམ་གཞིར་སྦྱར་བ་དུ་བས་བདུག །༈ །ལྡེབ་བཅུ་པའི་སྲིབ་ངོས་པ༦འི་ནང་། མཁྲིས་པ་འཁྲུ་སྐྱུགས་བྱེད། ཅེས་པ་ནི། འདི་ན་རྐྱེན་གང་གིས་རྒྱས་པ་ཁ་ལུད་ལྟ་བུ་ཡིན་ཏེ་འགྲམས་སམ་རླུང་གིས་མཁྲིས་པ་རང་བཞིན་པའི་རྩ་ཁའམ་སྒོ་རལ་ནས་མཁྲིས་ཁུ་འཛག་པའོ། ༈ །མཁྲིས་བབས་རྩར་རྒྱུག་ཅེས། མཁྲིས་པ་རང་གནས་ལས་ལོག་སྟེ་གཞན་ཡུལ་རྒྱུ། འདིར་སྣོད་མཁྲིས་ནི་མཁྲིས་པ་ཐུན་མོང་རྟེན་དེ་ཁྲག་ལ་ཞོན་པའི་མཁྲིས་པའང་དེའོ། ༈ །།ལྡེབ་བཅུ་གཅིག་པའི་སྲིབ་ཕྲེང་དྲུག་པའི་ནང་། ཏིག་ཏ་གསུམ། ཞེས་ཏིག་ཏའི་བྱེ་བྲག་གསུམ་དང་བོད་དུ་བཞེད་པ་མང་ཡང་། རྒྱ་ཏིག བལ་ཏིག བོད་ཏིག་གསུམ། སུམ་ཏིག་གོ། ཏིག་ཏའི་རིགས་ཐམས་ཅད་དོ། །ཡང་བཻཌཱུར་། རྒྱ་ཏིག་ཟངས་ལྕགས་ཏིག་གོ། ༈ །ལྡེབ་བཅུ་གསུམ་ཉིན་ཕྲེང༥་པའི་ནང་། ཞོ་གུགས་བྱིན། ཞོ་ལངས་པ། སྤྲིས་མ་མདོར་བ་དཀྲུག་སྟེ་སླ་བ་དེའོ། །དེ་སྐོམ་དུ་འཐུང་། ༈ །ལྡེབ་བཅུ་གསུམ་པའི་སྲིབ་ངོས ༥་པའི་ནང་། ཏིག་ཏ་གསུམ་དང་། ཞེས་པ་ནི། སྤྱིར་འདི་སྐོར་ཏིག་ཏ་ཞེས་པ་ཐམས་ཅད་རྒྱ་གར་ཏིག་ཏ་ལ། དེ་མེད་ན་


MR10_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སུམ་ཅུ་ཏིག །དེ་མེད་ནའང་ཟངས་ཏིག་སོགས་ཚབ་རུང་། ཞལ་ཤེས། ཙན་དན་ཟེར་བ་དཀར་དམར་དངོས་བསྟན་མེད་པ་རྒྱུད་འདིར་གང་ཡོད་དཀར་པོ། ཟི་རའང་དཀར་པོ། བོང་ངའང་དཀར་པོ། བྱེ་བྲག་ཨ་རུ་ལྟ་བུའང་སྐབས་ཐོབ་ནུས་ཕན་པས་ཏེ་རང་རང་གིས་གཉེན་པོ་རབ། མིན་ཀྱང་གང་བྱུང་གིས་ཚབ་རུང་ངོ་། ༈ །ལྡེབ་བཅུ་བཞི་ཉིན་ཕྲེ ༥ང་པའི་ནང་། སྐུ་མདོས། ཞེས་པ་ནི། མ་མོ་ཡོངས་ཀྱི་གཙོ་མོ་རེ་མ་ཏིའི་སྐུར་བཞེངས་པའི་བསྟེན་མདོས་སོ། །སྔོ་མདོས་ནི་མཚོ་སྨན་རྒྱལ་མོ་ལ་མཆོད་པའི་སྒོ་ནས་ནོར་རྫས་སུ་བསྔོ་བ་སྒྲུབ་རྫས་མདོས་བཅས་མཚོ་ལ་དབུལ་བ་དང་། གསེར་མདོས་ནི་མ་མོ་བྱང་སྨན་ཆེན་མོ་ལ་རིན་ཆེན་གསེར་གྱི་ཁང་པར་ཤེས་པའི་མདོས་མཆོད་སོགས་མ་མོ་མཆོད་པའོ། ༈ །ལྡེབ་བཅོ་བརྒྱད་པའི་སྲིབ་ཕྲེ༤ང་པའི་ནང་། དུད་པ་རྣོན་པོས་འདུག །ཅེས་པ་ནི། ཨ་ག་རུ་ལ་སོགས་ཡིན་ཏེ། ཡན་ལག་བརྒྱད་པར། ཡུང་བ་ལྡོང་རོས་བ་བླ་དང་། །རྒྱ་སྐེགས་ཙན་དན་དཀར་པོ་དང་། །འབྲས་བུ་གསུམ་གྱི་དུད་པས་བདུག །ཞེས་པ་འདི་ཡང་དུད་རྣོན་ནོ། ༈ །ལྡེབ་བཅུ་དགུའི་སྲིབ་ཕྲེང་ཐ་མའི་ནང་། སྲོག་རྩ་རྫོང་ལ། ཞེས་པ་ནི། རྫོང་ལ་ཤོར་ན་མི་ཐུབ་པའམ་ཐུབ་བཀའ་བའི་རྫོང་འཁྲ་ས་ལྟ་བུའོ། ༈ །ལྡེབ་ཉེར་བཞི་སྲིབ་ངོ༢ས་པའི་ནང་། གང་བབས་རྩ་གཏར་ཞེས་པའི། གང་བབས་རྩ་ནི་སྤྱིར་འདི་ལྟར་གོ་བ་སྐབས་ཐམས་ཅད་དུ་གལ་ཆེ་བ་ནི། དོན་ལྔ་རང་རང་གི་


MR10_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ནི། སྙིང་ལ་སྣོད་ཀ གློ་བར་དྲུག་མགོ མཆིན་པར་རུ་ཐུང་། མཚེར་བར་སྲིན་ལག་རྒྱབ་རྩ། མཁལ་མར་བྱིན་གཞུག་དང་། མགོ་ལ་གསེར་དངུལ་མདུང་མཚོགས་གསང་རྩེ་ཆུང་གཉིས་གང་རིགས་དང་། མཁྲིས་པར་མཁྲིས་རྩ་གཤའ་རིང་། རྒྱུ་མར་རྒྱུ་རྩ། ཕོ་བ་རྭ་དང་དྲུག་འདུས། བསམ་སེར་བྱིན་བཞུག ལོང་ལ་ལོང་རྩ། ལྒང་པར་ཡང་ལོང་རྩ་ལ་གཏར་བའོ། ༈ །ལྡེབ་ཉེར་བཞི་སྲིབ་ཕྲེ༦ང་པའི་ནང་། རྩ་ལྟོ་སྦྲགས་ལ་སྦྱང་། ཞེས་པ་ན། དུར་བྱིད།ཐར་ནུ། ཆུ་རྩ། རྒྱམ་ཚྭ། བལ་གུར། གི་ཝཾ། མཚལ། རྒྱ་ཚྭ་རྣམས་ཞིབ་བཏགས་ཆང་གིས་རིལ་བུ་སྲན་ཙམ་དྲིལ་བ། གྲངས་ལྟོ་བར་དཔག་ལ་ཆུ་སྐོལ་གྱིས་ཕུལ་ལ་བཏང་། བྱང་བ་སེར་ཁྲ་བཟང་བ། སྡིག་སྲིན་ནི་ཆེ མ་ཆེམ་ཙམ་བརྡུང་བར། ཤིང་མངར། པི་ལིང་། ཚ་ལ། ཕབ་ཙམ་བཅས་དར་གྱི་ཁུད་དུ་གཏུམ་ལ་སིང་པོར་བསྐོལ་བའི་ཐང་དང་ལྟག་སྤྲོད་བྱས་པའི་རྩ་ལྟོ་སྦྲག་སྟེ་སྦྱོང་བའོ། །སྔོན་འགྲོ་དངོས་གཞི་ཕྱི་རྗེས་ནི་རྩ་ལྟོ་རང་ལ་ལྟར་ཤེས་དགོས་སོ། །ལྡེབ་སོ་གཅིག་ཉིན་ཕྲེ༦ང་པའི་ནང་། ཟུངས་གསུམ་ཤོར་ན་སྤང་། ཞེས་ལུས་ཟུངས་ཀྱི་རྩ་བ་དང་ག་སྟེ། ཟས་ནི་ནང་གི་ཟུངས ། ཕྱི་ཤ་ཟུངས་ནི་མུར་གོང་སོགས་སྐམ་པ། རྩ་ལ་ཤེད་མེད་དེ་རྒྱུ་བ་ཞན། མེ་དྲོད་ཤོར་བས་དང་ག་བགག་པའོ། །༈ །ལྡེབ་སོ་གཅིག་སྲིབ་ངོ༦ས་པའི་ནང་། ཚ་བ་ལྔ་དང་། ཞེས་པའི་ཚ་བ་ལྔ། སྒ་པི་ཕོ། དབྱི་མོང་། ཙིཏྲ་ཀ་ལྔ། ཚ་སྣ་ལྔ་ནི། རྒྱ་རྒྱམ་ཁ། ལྕེ་མྱོང་ཚྭ། རྩ་བ་རུ་ཚྭ་ལྔའོ། ༈ །ལྡེབ་སོ་ལྔ་ཉིན་ཕྲེང་དང་པོའི་ནང་། ཆུ་སེར་


MR10_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འོར་སྒོ་རྣམས་སུ་ཐུར་མས་བསེང་། །ཞེས་པ། འོར་སྒོ་ནི་བཅུ་དྲུག་མདོ། རྐང་པའི་མཐེ་བོང་བོར་བའི་དེ་ནས་གྱེན་མཚོན་གང་བཅལ་བ་རྣམས། ༈ །ལྡེབ་སོ་ལྔ་སྲིབ་ངོ༢ས་པའི་ནང་། དྲོད་ཆུང་ཁ་ཟས། ཞེས་སྤྱིར་ཁ་ཟས་མ་སྨིན་པའི་དྭངས་མའི་སྙིགས་མ་བེ་སྣབས་ཆུ་སེར་དེ། རླུང་གིས་གཏོར་བས་ཤ་པགས་ལ་སོགས་གཡོ་བ་སྐྱབས་ཏེ་ཅུང་ཟད་གསོག དེ་རྒྱས་ནས་ཕྱོགས་གཅིག་བྱོས་སོང་བ་ལྟ་བུ་ལ་འོར་ཞེས་ཟེར། དེ་རྒྱས་ནས་ཕྱོགས་གཅིག་གམ་དོན་སྣོད་སར་ཁྲོམ་མེ་འདུག་པ་ལ་དམུ་ཆུ་བྱ་བ་ཡིན་པས་སོ། ༈ །ལྡེབ་བཞི་བཅུའི་ཉིན་ཕྲེང་ཐ་མའི་ནང་། ལྟེ་བ་ཡན་ཆད་དུ། ཞེས་པ། ལྷེན་ནས་མཚོན་གང་མཐུར་གཞལ་ལྷེན་གསང་ཁ་གསུམ་མན་དང་། ལྟེ་བ་ཡན་ཆད་ཀྱི་ཆུ་འཕོ་ལེན་མཚམས་སུ་པགས་པ་སྲབ་པའི་འབྲེ་མིག་ཡོད་པ་དེ་ཡིན་ལ། ལྟེ་བ་མན་ཆུ་མཁར་ཡིན་པས་དབུགས་མི་རྒྱུ། ༈ །ལྡེབ་ཞེ་གཅིག་པའི་ཉིན་ངོ༦ས་ནང་། ལེའུ་བཅུ་གཅིག་པའི་ནང་། གློ་གཅོང་ཆེན་པོ་ཟད་བྱེད་རྒྱུ་དང་། ཞེས་པ་ནི། གློ་གཅོང་ཆེན་པོ་ཟེར་པའི་ངེས་ཚིག སྤྱིར་བུ་གའི་རྒྱུ་ལམ་ཐམས་ཅད་ལ་གནོད་པ་ཡིན། དེ་འང་བུ་ག་འགག་པའམ། ཤིན་ཏུ་བྱེ་པ་ཡིན་ལ། བྱེ་བྲག་ཏུ། བུ་གར་རྒྱུ་བའི་རླུང་གིས་བུ་ག་བྱེད་ལས་དང་ལྡན་པར་བྱེད་པ་ལས། འདིར་ཟུངས་སོགས་རྒྱུ་བའི་བུ་ག་ལུས་ཐམས་ཅད་ལ་ཁྱབ་པ་དང་། བྱེ་བྲག་དབུགས་ཀྱི་ཉེར་ལེན་རྩ་བ་གློ་བ་དེ་རྩ་སྦུབས་མང་བ་ཡིན་ལ། ཟས་ཐོག་མར་ཞུ་བ་ལུས་སྟོད་དུ་གཅོང་ཆེན་ཐོག་


MR10_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མར་འབབ་པའི་དེ་བྱུང་ལྟ་བུ་ལ་བཏགས། ཆེན་པོ་ནི་ནད་གཞི་མང་པོ་རྗེས་སུ་འབྲང་ཞིང་། ནད་མང་པོའི་སྔོན་དུ་འགྲོ་བ། རང་ཉིད་ནད་ཀུན་ལས་གསལ་ཞིང་རགས་ལ་ནད་ཐམས་ཅད་སྐྱེད་པའི་བུ་ག་ཀུན་ཏུ་འཁྲུགས་པའི་ནད་ཆེན་པོ་རྒྱལ་པོ་ལྟ་བུའོ། །ཟད་བྱེད་པ་ནི་ལུས་ཐམས་ཅད་ཟུངས་མེད་པས་རིམ་པར་སྐེམ་པའོ། ༈ །།ལྡེབ་ཞེ་གཅིག་པའི་སྲིབ་ངོ༢ས་པའི་ནང་། གཅོང་ཆེན་ནད་ཀྱི་བླ། ཞེས་པ་ནི། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གཅོང་ཆེན་ཟིན་པ་དེས་རང་གི་ལག་པ་བལྟ། ལག་ངར་གྱི་ཚད་འཇལ་ལ་སོགས་བྱེད་གསུངས། ༈ །ལྡེབ་ཞེ་གཅིག་སྲིབ་ངོ༤ས་པའི་ནང་། རྨི་ལམ་མི་བཟང་སྣ་ཚོགས། ཞེས་པ་ནི། སྤྱི་དང་། སྡིག་པ་སྦྲུལ། གཅན་ཟན། སྤྲེའུ། ཕྱེ་ལེབ་སོགས་དང་། ཆུ་ཀླུང་། གྲོང་ཁྱེར་ཚིག་པ། སྐར་མདའ་ལྷུང་བ། མེ་འབར་བ། རི་ཉིལ་བ་སོགས་སོ། །བུ་གའི་རྒྱུ་ལམ་འཁྲུགས་པས་སོ། ༈ །།ལྡེབ་ཞེ་གཉིས་པའི་ཉིན་ཕྲེ༥ང་པའི་ནང་། ཚ་འཁྲུའི་སྐབས་བཤད་སྨན་བསྟེན། ཞེས་པ་ནི། གཅེས་གྲུབ་ལས། ར་ཤ་ཟ། ར་ཚང་ཉལ་ན་གཅོང་ཆེན་ཞི་གསུངས། ༈ །ལྡེབ་ཞེ་གཉིས་པའི་སྲིབ་ངོ༦ས་པའི་ནང་། དཔྲལ་བའི་མིག་ཅེས་པ། སྔོན་རྒྱལ་པོ་ཡུལ་འཁོར་སྲུང་གི་བུ་ཐུ་བོ་རྒྱལ་པོ་བཤེས་གཉེན་ཅན་གྱིས་ལྷའི་གཙོ་བོ་རྣམས་བསྙེན་བཀུར་ལ་བོས་པར། དབང་ཕྱུག་ཀུན་གྱི་མཇུག་ཏུ་བོས་པས་ཁྲོས་ཏེ་དཔྲལ་བར་མིག་སེར་ལ་འབུར་བ་བྱུང་བ་དེས་གང་བལྟས་སུ་ནད་བྱུང་ཞིང་། ཨུ་མས་ཀྱང་། རླུང་


MR10_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལ་ནད་བསྐུར་བས་ནད་ཡམས་བྱུང་བ། གཞན་སུས་མ་ཤེས་པ། འཇམ་དཔལ་གྱིས་མཁྱེན་ནས་དེའི་གཉེན་པོ་མཛད་ཅེས་པའོ། ༈ །ལྡེབ་ང་དགུ་པའི་ཉིན་ཕྲེང་དང་པོའི་ནང་། རྒྱས་ཚད། ཞེས་པ་ནི། ཚ་བ་སྟོབས་ཆེ་བ་ལ་མི་བཟུང་གི ཚ་བ་རང་གི་ངོ་བོ་གྲོགས་མེད་རྗེན་པར་རམ་བུད་པའི་ཚ་བ་དེ་རང་ཤུགས་སྟོབས་ཆེ་ཆུང་གང་ཡིན་པ་དེའི་སྟོབས་རྫོགས་པའི་ཚ་བ་རྐྱང་པ་ཡིན་པས་ངོས་བཟུང་དངོས། ༈ ལྡེབ་རེ་གཅིག་སྲིབ་ཕྲེ༦ང་པའི་ངོས། ཚ་བའི་རྒྱུ་ནི། ཞེས། ཚ་བ་རླུང་གིས་བུས་ཤིང་། ངོ་བོ་རླུང་ལ། རླུང་མ་ལོག་བར་དུ་ཚ་བའང་འབུད་པས། རླུང་གི་ཚ་བ་སྟོངས་ཚད་དོ། ༈ །ལྡེབ་རེ་ལྔ་ཉིན་ངོས་པ༤འི་ནང་། བཅོས་ཚུལ་དང་པོ། ཞེས་པ་ནི། རྐུན་མ་ཕུགས་སུ་བཞག་པས་ཟ་འོས་པ་ཟ། ཁྱེར་འོས་པ་ཁྱེར་འོང་བ་ལྟར། འདིར་བསིལ་འཇམ་བརྟེན་པས། ཚ་བ་གསོད་འཕུལ། ནད་ཁྲག་འབྱེད་པའོ། །བར་དུ་དུད་པ་རྒྱ་སྐར་དབྱེ་བ་ལྟར། བཤལ་གཏར་གྱིས་ནད་དབྱུང་བ་དང་། ཐ་མ་བསིལ་སྨན་གྱིས་ཚ་ལྷག་བདའ་བའོ། ༈ །ལྡེབ་རེ་བདུན་ཉིན་ཕྲེ༦ང་པའི་ནང་། ཚ་བ་རྣམ་གསུམ། ཞེས་པ་ནི། བསིལ་གྱིས་འདེད་པ་རྒྱས་ཚད་དམ་མཁྲིས་ཚད། སྣུམ་བཅུད་ཀྱིས་འདེད་པ་སྟོངས་ཚད། ཅིས་ཀྱང་འཆི་བ་ཟུངས་ཟད་ཚ་བ་གསུམ་མོ། ༈ །ལྡེབ་དོན་གཅིག་པའི་ཉིན་ངོ༦ས་པའི་ནང་། རྗེས་ལ་བཞི་ལྔ་བྲང་སྐས། ཞེས་པ། བྲང་སྐས་ནི། དཀར་ནག་མཚམས་ནས། མཚོན་གང་གྱེན་དུ་གཞལ་བ་ཆེ་བ། སླར་ཡང་དེ་ནས་གྱེན་དུ་མཚོན་གང་གཞལ་བ་ཆུང་བའོ། ༈ །ལྡེབ་དོན་


MR10_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཉིན་ངོ༦ས་པའི་ནང་། ཏིང་སག་ཀྱུར། ཞེས་པ་ནི། འདི་ལ་བཞེད་པ་ཤིན་ཏུ་མི་འདྲ་བ། ཏིང་པྲི་ཡང་ཀུ། སྐྱུར་ཕབ་བའི་སག་ཀྱུར་རག་གཡའ་ཡིན་པར་བཻ་ཌཱུར་དུའོ། །ཁ་གཅིག་སྔོ་དེ་བ་དང་། ལ་ལ་རྩི་གུ་བྱི་དུག་ཀྱང་ཟེར། ༈ །ལྡེབ་དོན་གཅིག་སྲིབ་ངོ༡ས་པའི་ནང་། དེ་རྗེས་དགུ་པ་མཆིན། ཞེས་པ་ནི། ནུ་མ་ནས་ཐུར་མཚོན་གང་ནས་ཕོ་དབུས་ཚོན་གང་གཞལ་བ་མཆིན་པའི་ཟུར་གསང་ངོ་། །གཡས་གཡོན་གྱི་རྩིབ་ཐུང་ནས་སོར་རེ་གཞལ་པའི་གནས་སོར་རེ་རེ་སྟེ། རྩིབ་མ་བཞིའི་སྟེང་གི་མཆིན་དྲི་གསུམ་ག་ནོན་པ་དེ་དང་། ཚིགས་པ་བརྒྱད་པ་ཁ་གསུམ་བསྲེག་གོ། ༈ །ལྡེབ་དོན་གཉིས་པའི་ཉིན་ཕྲེ༤ང་པའི་ནང་། ཚན་རྡོ། ཞེས་པ་ནི། ཞུ་མཁན་གླ་སྒང་སྤང་སྤོས་རས་ལ་ཕུར་མར་བྱས་པ་མར་ནག་ལ་བཙོས་པའི་ཚན་དེ་བདུག །༈ །ལྡེབ་དོན་གསུམ་ཉིན་ཕྲེང་པའི་ནང་། འཁྲུགས། ཞེས་པ་ནི། བརྟེན་པ་ལུས་ཀྱི་ཉེས་གསུམ་འཁྲུགས་པས། རྟེན་ཁྲག་ཚད་བསྐྱེད་ཅིང་དེས་ནད་ཟུངས་ཐམས་ཅད་ཕན་ཚུན་འདྲེས་ཤིང་འཁྲུགས་པའོ། ༈ །ལྡེབ་དོན་བརྒྱད་པའི་སྲིབ་ངོ༦ས་པའི་ནང་། ནད་རིམས་དང་པོ་བབས། ཞེས་པ་ནི། འདིར་བབས་པ་དང་། རྒྱས་པ་དང་། ལམ་དོན་པ་རྣམས། ཉེས་པ་རང་རང་གི་སའམ། རྟེན་དུ་གྱུར་ཞིང་དེ་དག་ལ་ལྷག་པར་དབང་བས་སོ། ༈ །ལྡེབ་དོན་དགུ་པའི་སྲིབ་ངོ༣ས་པའི་ནང་། ནད་འདི་ཀླུ་བདུད་བྱང་སྨན། ཞེས་པ་ནི། ཀླུ་བདུད་བཤོས་པའི་བུ་དང་། སྔོན་དབང་ཕྱུག་གིས་སྦྱིན་སྲེག་བྱས་པའི་རྡུལ་ཐིགས་མེ་ནང་སོང་བ་


MR10_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི་སྲིད་པའི་མ་མོ་བདུན། གཙོ་ཆེར་རི་རབ་དང་ཉེ་བ་ཀ་མ་ལ་ཤའི་གླིང་དུ་གནས་པར་གྲགས། ཡང་ན་རེ་མ་ཏི་སུམ་ཅུ་རྩ་གསུམ་པའི་གནས་འདིའི་བྱང་ཤར་ན་མུ་ལེ་མཚོར་གནས་པ། སྨན་མོའི་གཟུགས་སུ་གནས་པའི་བྱང་སྨན་དང་གཞན་ཡང་དམུ་བདུད་བསྡེབས་པའི་སྲས་དེ་རྣམས་ཀྱིས་སོ། ༈ །ལྡེབ་གྱ་བཞི་པའི་ཉིན་ཕྲེང་དང་པོའི་ནང་། ཉིན་གཅིག་མི་གཏར་བཞི་པོ་རང་རང་རྩ། །ཞེས་པ་ནི། རྒྱུན་རིམ་ནད་དྭངས་མར་བབ་པའི། དྭངས་མ་བད་མཁྲིས་ཡུལ་ཡིན་པས་གཤའ་རིང་དང་། རྟག་རིམ་ཁྲག་ལ་བབ་པའི་ཁྲག་རྩ་རུ་ཐུན་སོགས་གང་རྒྱས། ཉིན་གསུམ་ཚིལ་ལ་བབ་པའི་ནད་རྟགས་བསྟུན་ལ་མགོ་བོའི་རང་རྩ་གསེར་མདུང་། ཉིན་བཞི་རུས་ལ་བབས་པས་རུས་པའི་ཚ་བ་མཁལ་རྩ་བྱིན་གཞུག་རང་རྩའོ། ༈ །ལྡེབ་གྱ་དྲུག་པའི་ཉིན་ངོས་༢པའི་ནང་། དངུལ་ཆུ་བཞི་ནམ། ཞེས་པ་ནི། དངུལ་ཆུ་མུ་ཟིས་བཤིག་པ། སྦྱོར་སྡེ་ཁྱོན་གྱི་བཞི་ཆའི་རྩི་བསྣན་པ་ལ། རྡོ་སྦྱོར་གྲོ་ཆང་གིས་དང་། རྩི་སྦྱོར་གཡེར་ཤིང་ཚིག་ཐང་གིས་དབུལ་ལ། ༈ ལྡེབ་གྱ་དགུ་པའི་ཉིན་ངོ༣ས་པའི་ནང་། སྲིན་བུ་བདུན། ཞེས་པ་ནི། རྐྱེན་གྱིས་མ་བསྒྱུར་ན་སྒྱུ་རྩལ་སོགས་སྟོབས་བསྐྱེད་ཀྱི་གྲོགས་བྱེད་ལ། རྐྱེན་གྱིས་བསྒྱུར་ན་ལུས་ཟུངས་ཟོས་པས་གནོད་དོ། ༈ །ལྡེབ་དགུ་བཅུའི་ཉིན་ཕྲེ༦ང་པའི་ནང་། ཉེས་པའི་ཁ་གནོན། ཞེས་པ་ནི། རྨིགས་པའི་ཤ་ནས་ཙམ་གྱིས་ཆུ་མི་གནོད། སྲིན་གནོད། ནས་


MR10_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འབྲུ་གསུམ་གྱིས་རྩམ་པ་མི་འགག རླུང་གནོན། སྐྱི་འགྲུ་གཅིག་གིས་མཁྲིས་པ་སེལ་ལ་ཆང་མི་གནོད། རྒྱ་གཡེར་གཅིག་གིས་རྩ་ཁ་འབྱེད་ལ་བད་ཀན་གནོན། ནད་ལོག་མི་འོང་། ༈ །ལྡེབ་དགུ་བཅུ་སྲིབ་ངོ༦ས་པའི་ནང་། རྡོ་རྩི་སྔོ། ཞེས་པ་ནི། རྡོ་ཏི་ཙ། དངུལ་རྡོ། སྦལ་རྒྱབ། རྩི་བཟང་དྲུག་སོགས། སྔོ་མིང་ཅན་སེར་ནག སྟག་ཤ་བྱ་རྒོད་སྤོས། ཕུར་ནག་སོགས་གང་ཡོད། ༈ །ལྡེབ་གོ་གཅིག་ཉིན་ངོ ༦ས་པའི་ནང་། རི་བོའི་རྩེ་ལ་མེ་རྒྱ་གདབ་པ་དང་། ཞེས་པ་ནི། ཁོང་དུ་ཤོར་རམ་ལུས་སྦུབས་སུ་བྱུང་ན། སྤྱི་གཙུག་དང་རྩ་ཕྲེང་རྒྱས་པ་སྡོམ་ན་དཀར་ནག་མཚམས། ཚིགས་པ་དྲུག་པ་སྲིན་ལག་བཞིའི་རྩེ། མེ་ལོང་གཉིས་མཐིལ་བཞིའོ། ༈ །ལྡེབ་གོ་གཅིག་པའི་སྲིབ་ངོ ༡ས་པའི་ནང་། གནམ་ལྕགས་དབབ་པ་བཞི་ཡི་བཅོས། །ཞེས་པ་ནི། འབྲུམ་པ་སྐྲངས་དབྱིབས་ཉ་སྦྲུལ་ལྟ་བུའི་འཇུག་མ། རྟ་བླའི་རྐང་པ། སྡིག་པའི་རྭ། སྦལ་པའི་རྒྱབ། ལུང་མོའི་མགོ ན་ཆུང་ནུ་མ་ལྟ་བུའི་དཀྱིལ་ལ་ལྕགས་ཀྱི་ཏེལ་བས་བསྲེག་གོ ། ༈ །ལྡེབ་གོ་གཉིས་པའི་སྲིབ་ངོ༡ས་ནང་། དྲི་བཟང་བཞི་དང་། ཞེས་པ། ཡན་ལག་བརྒྱད་པར། ཤིང་ཚ། སུག་སྨེལ། པ་ཏྲ། གེ་སར་བཞིར་གསུངས། ༈ །ལྡེབ་གོ་གསུམ་ཉིན་ངོས་ལྔ་པའི་ནང་། དཀར་ནག་འཁར་གོང་བསྲེགས། ཞེས་པ་ནི། འཁར་གོང་བསྲེགས་ལ་ནད་པའི་མཆིལ་མ་བཏབ་པས། གྲང་དུས་སུ་ནག་པོར་སོང་ན་ཡ་མ་ནག་པོ། དེ་གར་སྣང་ན་དཀར་པོའོ། །


MR10_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེབ་གོ་བཞི་པའི་སྲིབ་ངོ༡ས་པའི་ནང་། སུམ་ཅུ་རྩ་གསུམ་མིག་ནད་དབྱེ་བར་འདོད། །ཅེས་པ་ནི། དེ་སྤྱིར་མིག་ལ། ཕྱི་རུས་པའི་ཁྱིམ། ནང་ཚིལ་བུའི་ཁྱིམ། དབུས་ཆུའི་ཁྱིམ། མཐོང་བྱེད་རྒྱལ་མོའི་ཁྱིམ་དང་བཞིར་ངེས་པ་ལས། མིག་ཆུ་གྲ་མཚམས་སུ་འབྲུམ་པ་འབྱུང་བ་དང་། རབ་རིབ་དབུས་ཆུའི་ཁྱིམ་ལ་འཇུག མིག་ཚག་ལིང་ཏོག་ཕྱི་འགྲིབ་རྣམས། གྲ་མཚམས་མིག་འབྲས། མིག་སྤྲིན་སོགས་ཅི་རིགས་པར་འཇུག འགྲིབ་མཐོང་བྱེད་ཕྱི་ནང་བར་གསུམ་ལའོ། ༈ །ལྡེབ་གོ་བཞིའི་སྲིབ་ངོ༣ས་པའི་ནང་། མིག་མཆུ། ཞེས་པ་ནི། ཆུ་མིག་ལ་མིག་བཟུང་། མིག་ལྤགས་གྲ་མཚམས་ལིང་བྱུང་བ་ལ་དེར་ཐ་སྙད་གྲགས་སམ་སྙམ་པའོ། །ཡང་ན་མིག་མཆུ་ཞེས་སམ་སྙམ། མིག་ཚག་མ་བཅོས་པས་ཕྱི་ན་གདུང་བའི་མིག་ནད་དུ་འགྱུར་བའོ། ༈ །ལྡེབ་གོ་ལྔ་པའི་ཉིན་ངོས་༢པའི་ནང་། རབ་རིབ་ནད་དེ་མིག་ཆུའི་ནང་དུ་འཇུག་ཅེས་པ་ནི། མིག་མཐོང་རྟེན་གྱི་རྩ་སྙིང་ནས་བརྒྱུད་པ་ཤིན་ཏུ་ཕྲ་བའི་བུ་ག་སྟོང་སིང་གི་རྩེར། དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ཤིན་ཏུ་དྭངས་པའི་རྡུལ་ཕྲན་འོད་ལྟར་གནས་པ་དེར། ནང་གི་ནད་ཀྱི་སྐྱོན། མིག་གི་རྩ་ནད་དུ་འགྲིལ་བ་དེའམ། མིག་ཆུ་འགྲིབ་ཚད་དུ་ཕྱིན་མ་ཕྱིན་གྱི་དབང་གིས་རིམ་པ་བཞིར་ཕྱེ་བ། ཞུགས་པའི་ཕྱོགས་ཀྱི་དབང་གིས་དེ་ཕྱོགས་མི་མཐོང་བ་ལྟ་བུའོ། །དེ་ཡང་ཕྱི་ཡི་ལིང་རོ་ལ་སོགས་པས་རྒྱལ་མོ་ཁེབ་པ་ཕྱི་འགྲིབ། དབང་རྟེན་མིག་ཆུའི་ནང་དུ་ཞུགས་པའི་འགྲིབ་རོ་མཐོང་བྱེད་དངོས་ལ་ཁེབ་པ་བར་འགྲིབ། ཕྱི་ན་སྒྲིབ་བྱེད་དངོས་


MR10_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་གསལ་ཡང་། ནང་གི་རྩ་ཡི་རྒྱུ་ལམ་འགག་པས་འགྲིབ་པ་ནང་འགྲིབས་སོ། །འགྲིབ་དང་རབ་རིབ་གསར་རྙིང་གི་ཁྱད། ༈ །ལྡེབ་གོ་ལྔའི་སྲིབ་ཕྲེང་ཐ་མའི་ནང་། རྫི་མ་ཕྱིས། ཞེས་པ་ནི། ཕྱི་སོགས་ཀྱིས་མིག་རྣག་དག་པར།རྫི་མ་ཞེས་པ་སྨིན་མ་མ་ཡིན་པ་མིག་སྤུ་ལ་བྱ་སྙམ། ༈ །ལྡེབ་གོ་དྲུག་ཉིན་ངོས་པའི་ནང་། ཟངས་གཡའ། ཞེས་པ་ནི། ཟངས་སྣོད་ཞོ་བཞག་པའི་གཡའ་ལྗང་གུ་དེའོ། ༈ །ལྡེབ་བརྒྱ་དང་གཉིས་པའི་ཉིན་ངོས་༢པའི་ནང་། མཆུ་རྩ་གཏར་ཞེས་པ་ནི། སྲིན་ལག་རྒྱབ་རྩའམ། མཆུ་འཐེལ་དུ་བཅུག་པ་ལ་རྩ་ནག་ཁྱུར་བྱུང་བ་ལ་གཏར། ༈ ལྡེབ་བརྒྱ་དང་གཉིས་པའི་ཉིན་ཕྲེ༦ང་ནང་། མེས་བསྲེགས་བདུག ཅེས་པ་ནི། སླ་ང་ཆུས་བཀང་དབུས་རྡོ་སྒྱེད་གསུམ་བཙུགས་སྟེང་རྡོ་ལེབ་ཁར་མཁར་གོང་སྲིན་ཅན་མེར་བསྲེགས་སྟེང་། སྨན་བླུགས་དུ་བ་རྔུབ་པའི་ཆ་བྱེད་ཀྱིས་སོ་ན་སར་བདུག་པས་སྲིན་བུ་ཆུ་ནང་དུ་ལྷུང་འོང་ངོ་། ༈ །ལྡེབ་བརྒྱ་དང་བཅོ་ལྔའི་སྲིབ་ཕྲེ༣ང་པའི་ནང་། དྲི་བཟང་བཞི། ཤིང་ཚ། སུག་སྨེལ། གནྡྷ་པ་ཏྲ། ཅུ་གང་བཞི་གསུངས། ༈ ལྡེབ་བརྒྱ་དང་བཅོ་བརྒྱད་ཉིན་ཕྲེ༣ང་ནང་། གོ་ཆེན་གོ་ཆུང་། ཞེས་པ་ནི། བྱ་རོག་མིག་ནས་ཕྱིར་ལ་ཚོན་གང་བཅལ་པ་རྩིབ་བར་གོང་འོག་གི་གོ་ཆེན་གོ་ཆུང་། ༈ །ལྡེབ་བརྒྱ་དང་ཉེར་གཉིས་ཉིན་ཕྲེ༥ང་ནང་། རླུང་སྣ་རླུང་གིས་དྲངས། ཞེས་པ་ནི། སྟེང་རླུང་མནན། འོག་རླུང་ལྷོད། འཕོངས་རླུང་བཟེད་པའོ། ༈ །ལྡེབ་བརྒྱ་དང་ཉེར་གསུམ་པའི་ཉིན་ངོ༦ས་པའི་ནང་། རྡེའུས་འགགས་ལ་སྨན་


MR10_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཤིག་དཔྱད་ཀྱིས་དབྱུང་། ཞེས་པ་ནི། འཕྲུལ་ཐུར་ནི། ཕོ་མོའི་ཆུ་ལམ་ནས་ཡར་བསྣུན་པའི། འཕོངས་སུ་སླེབས་པ་དང་། མཛུབ་མོས་སྒོང་ཕུག་ནང་དུ་ཕུལ་བས། ནང་དུ་སླེབས་པ་དང་ཡང་ཆོལ་གྱིས་འགྲོ་བས། དེ་ཙ་ན་ཐུར་མ་བཟུང་ལ་རྒྱུས་བ་འབྱུང་བས་དེ་མ་ཐག་ཆུ་འབྱུང་ངོ་། །སྦུབ་ཐུར་མ་བྱུང་ན་སོག་མ་སྦོམ་ཕྲ་རན་པ་མི་ཆག་པར་སྦང་བས་བྱའོ། ༈ །ལྡེབ་བརྒྱ་དང་ཉེར་གསུམ་པའི་སྲིབ་ཕྲེ༥ང་པའི་ནང་། གཙགས་ཀྱིས་ལེགས་དྲལ་ཏེ། ཆ་བྱད་སྦྲུལ་མགོ་ལྟ་བུས། ཞེས་པ་ནི། བུད་མེད་མངལ་སྣོད་དང་ལྒང་པར་ཤོར་ཉེན་ཆེ། རྡིལ་ཕྲན་ལྒང་ཕུག་ནས་ཕྱིར་ཐོན། ལམ་དུ་འགགས་ན། གང་འགགས་པ་དེའི་སྦུབ་ཀྱི་གཡོན་དུ་རྡིལ་བུ་ལ་བརྟེན་བྱས། གཙག་བུས་འདྲས་ལ་བཙིར། རྨ་ལ་སྣུམས་བྱུག་གོ ༈ །མན་ངག་རྒྱུད་གཅིན་སྙི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་ལྔའི་ལྡེབ་བརྒྱ་དང་ཉེར་བཞི་ཉིན་ངོ༦ས་པའི་ནང་། མེ་དབལ་སྲན་ཆུང་ཡུངས་ཀར་བ་ད་ར། ཞེས་པ་ནི། བ་ད་ར་ནི་སྔོན་མ་ཕལ་ཆེས་རྒྱ་ཤུག་གི་འབྲུ་ལ་ངོས་བཟུང་བ་དེ་དང་དངོས་ལྡུམ་ཕལ་གྱི་རིགས་ཤིག་ཡིན་ལ། དོན་དེ་ལྟར། དབྱིབས་ཟླུམ་པོ་རྡོ་ལྟར་ཤིན་ཏུ་སྲ་བའོ། ༈ །ལྡེབ་བརྒྱ་དང་ཉེར་བདུན་པའི་སྲིབ་ངོ༢ས་པའི་ནང་། ཀུན་ལ་སྐྱེད་ཆུང་རུས་རྩ་གཏར་བ་དང་། རུས་རྩ་ནི། སྤྱིར་རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར། ཞེས་པའི་མཁལ་རྩ་རྣམས་དང་དམིགས་གསལ་འབྲི་ལུགས་གསེར་མཆན་དུ། པུས་མོའི་གཉན་གོང་ནས་གྱེན་དུ་མཁྱིད་གང་བཅལ་བར་སོར་གསུམ་མཚམས་


MR10_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན། རྩ་ནག་པོ་གྲོ་སོགས་འབྲིང་ཙམ་པ་གཅིག་ཡོད་པ་དེ་ནས་ཁྲག་ཕུལ་གང་འདོན་ཅེས་གཏར་རོ། ༈ །ལྡེབ་བརྒྱ་དང་ཉེར་བདུན་སྲིབ་ཕྲེང་༥པའི་ནང་། ཚད་ནི་རང་གི་སྙིམ། ཞེས་པ་ནི། རང་གི་ཚད་ལས་དམན་ལྷག་དང་ལོག་པ་དང་ནད་དེ་ཞུགས་པས། ལུས་ཟུངས་མ་རུངས་པར་འགྱུར་བའི་ཆུ་སེར་གྱི་ནད་ཅེས་ཤེས་པར་བྱའོ། ༈ །ལྡེབ་བརྒྱ་དང་སུམ་ཅུ་ནང་ཉིན་ངོ༡ས་པའི་ནང་། ཨན་སྟོང་གཡས་གཡོན། ཞེས་པ་ནི། ཨན་སྟོང་ཚིགས་པ་དང་པོའི་གཡས་གཡོན་དུ་ཚོན་རེའི་ཐད་ཀར་འགྲིམ་པ་ཚིགས་པ་ལྔ་པ་ནས་འདུས་པ་གཞུང་པའི་རྩ་དང་འབྲེལ་པ་སོགས་སོ། ༈ །ལྡེབ་བརྒྱ་དང་སོ་གཅིག་པའི་སྲིབ་ངོ༢ས་པའི་ནང་། རང་རང་རྩ་གཏར་རང་སོར་རང་གསང་བསྲེག །ཅེས་པ་ནི། རང་རྩ་ནི། སྙིང་ལ་སྣོད་ཀ །གློ་བར་དྲུག་མགོ མཆིན་པར་རུ་ཐུང་། མཚེར་པར་རྟ་མཐུར། མཁལ་མར་བྱིན་གཞུག ཕོ་བར་ཕོ་བའི་རྭ་དང་རྒྱབ་རྩ་དྲུག་འདུས། མཁྲིས་པར་བཤའ་རིང་། རྒྱུ་མར་རྒྱུ་རྩ། བསམ་སེའུ་བྱིན་ཀྱོག ལྒང་པ་དང་ལོ༢ང་ལ་ལོང་རྩ་གཏར། རང་སོར་ཞེས་སྙིང་ལ་མཐེ་བོང་། གློ་བར་འཛུབ་མོ། མཆིན་པ་གུང་མོ། མཚེར་པར་སྲིན་ལག མཁལ་མར་མཐེའུ་ཆུང་། སྣོད་ཕོ་བར་སྲིན་ལག མཁྲིས་པར་གུང་མོ། རྒྱུ་མར་མཐེ་བོང་། བསམ་སེ་ལྒང་བར་མཐེའུ་ཆུང་། ལོང་ལ་མཛུབ་མོ་བསྲེག ཁ་ཅིག་དེའི་ལྒང་བའི་མདུན་ཕྱོགས་མཐེའུ་ཆུང་གི་ལག་རྒྱབ་ཕྱོགས་ལྟ་བུ། ལོང་སྣོད་ཟེར་ཀྱང་དཔྱད། རང་གསང་། སྙི༧ང་། གློ་༤བ། མཆིན་༩པ།


MR10_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མཚེར་པ༡༡ར་། མཁལ་མ༡༤ར་། མཁྲིས་པ༡༠ ། ཕོ་བ༡༢། བསམ་སེ༡༣འུ་། ལོ༡ང་༦ ། རྒྱུ་མར༡༧། ལྒང་པར༡༨་རྣམས་བསྲེག་གོ ༈ །ལྡེབ་བརྒྱ་དང་སོ་གཉིས་པའི་ཉིན་ངོས་པ ༡འི་ནང་། དབྱེ་བ་ཤ་བཀྲ་གླང་ཤུ་མཛེར་པ་དང་། །ཞེས་པ་ནི། ཤ་བཀྲ་ནི་ཤ་མདོག་འགྱུར་ཁྲ་བོར་འོང་། དེ་ཡང་རླུང་གྱུར་སྨུག་རུ་བ། མཁྲིས་པས་སྤུ་འབྱི་མར་ཚ་འབྲག །བད་ཀན་གཡའ་སྐྱ་མཐུག གླང་ཤུ་ནི་པགས་མདོག་སྐྱ། གཞིགས་ན་འབྲུམ་ཆུང་སྐྱ་སོབ་ཡོད་པ་བས་ལྡག་ཀྱང་ཟེར། མཛེར་པ་ནི་རང་བཞིན་དཀར་པོ། རྐང་མཐིལ་སོགས་སུ་ནག་པོ་ཟེར། ཐ་ཀོང་སྤུ་བྱི་མདོག་སྔོ་འགོས་མཆེད་སྐྱེན་མི་སོས་པར་བར་བར་ཟའམ། འདི་ལ་རྔོ་དང་ཟ་འཕྲུག་གི་རིགས་ཀྱང་འབྱུང་། ཤུ་བ་པགས་གས་དྲོད་ཚའམ་གྲང་། གཡའ་ཟ་ཆེའོ། །སྲིན་ཐོར་ཐོར་བ་རྩེ་དཀར་རྣག་པ་ཆོ་ལེ་བའོ། །ངོ་ཤིག་ནི་གདོང་ལ་སྨེ་བ་ལྟ་བུ་སྲབ་མོས་ཁྱབ། གྲོ་ཐིག་ཞེས་ཀྱང་བྱ། ཁབས་ནི་པགས་མདོག་དཀྱུས་དང་མི་འདྲ་བར་སྐྱ་སེར་སྣ་ཚོགས་ཤར་བའོ། །ཁྱེ་མ་ནི་ཤ་མདོག་གཅིག་གིས་མ་ཁེབ་པར་སྲུབ་ལུས་པ་དེ་རྣམས་རང་རང་མིང་ལྟར་ཤེས་སོ། ༈ །ལྡེབ་བརྒྱ་དང་སོ་གཉིས་སྲིབ་ངོ༡ས་པའི་ནང་། ཉྭ་ལོག་འཁྲུ་སྐྱུགས་བྱུང་ན་མཐེབ་སྲིན་བསྲེག །ཞེས་པ་ནི། ཉྭ་ལོག་ནི་ན་ལུགས་རྩ་འཆོལ་སྐོམ་དད་ཆེ། མིག་ཕུགས་སུ་འབྲོས། ཉྭ་རྣམས་ལོག་ཅིང་འགྱུར། འཁྲུ་སྐྱུག་བྱེད་པ་བྱུང་ན་ཉྭ་ལོག་གང་བྱུང་ཕྱོགས་སམ་གཉིས་ཀ་བསྲེག ༈ །ལྡེབ་བརྒྱ་དང་སོ་དགུ་པའི་ཉིན་ཕྲེ༡ང་པའི་ནང་། སྲིན་ལག་རྒྱུས་པ་བཅད། ཞེས་པ་ནི།


MR10_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་སྲིན་ལག་སོར་མོའམ། མཐེ་བོང་གི་རྒྱབ་ཀྱི་རྒྱུས་པ་བཅད་པའང་འདུག །༈ །ལྡེབ་བརྒྱ་དང་བཞི་བཅུ་སྲིབ་ངོ༦ས་པའི་ནང་། ཨ་བ་སེ། ཞེས་པ་ན། ཨ་བ་སེ་ནི། ལ་ལས་ཨ་བ་རྩྭ་དང་། འོལ་མོ་སེ། ལ་ལས་ཡུང་བར་ངོས་འཛིན་ཀྱང་། དོན་གྱིས་སེ་རྒོད་ཡིན་པར་གསུངས་སོ། །རྒྱ་སྲན་ཏེ། སྲན་ཟླུམ་དཀར་པོའོ། ༈ །ལྡེབ་བརྒྱ་དང་བཞི་བཅུ་ཞེ་བདུན་སྲིབ་ངོ༢ས་པའི་ནང་། རྩ་བ་ལྔ་དང་། ཞེས་པ་ནི། འདིར་ཕྱི་རྒྱུད་ལྟར་མ་ཡིན། ཡན་ལག་བརྒྱད་པར་བཤད་པའི་སྔོའི་རྩ་བ་ལྔ་སྟེ། རེ་ལྕག རི་ཤོ སྦྲུ་མ། སྲུབ་ཀ སྤྱང་ཚེར་ལྔའོ། ༈ །ལྡེབ་བརྒྱ་དང་ང་གཉིས་ཉིན་ཕྲེང་གཉི༢ས་པའི་ནང་། ནལ་བུ་གདོན་ཐབས་སྨན་གཉིས་གསུམ་དང་ལྔ། །ལྟོ་དགུག་རྩ་ཁ་ཕྱེ་ལ་ཆང་སྦྱར་བཏང་། ཞེས་སོགས་ནི། རྒྱ་ཚྭ། རྒྱ་སྐེགས། རི་བོང་རིལ་མ། དངུལ་ཆུ། བྱང་བ་ལྔའོ། ༈ །འོམ་བུ་སུམ་གཉིས། ཁྲོན་བུ་སུམ་གཅིག་སྟེ་གཉིས་དང་། འོལ་མོ་སེ། དྭ་བ། ཐང་ཕྲོམ་དཀར་པོ་གསུམ་དང་། ༣ ནུབ་མོ་ལྟོ་བཀུག དགུང་ལ་གཡེར་མ་ལྕམ་པའི་ཐང་གིས་རྩ་ཁ་ཕྱེ། ཐོ་རངས་གོང་གི་སྨན་རྣམས་ཆང་དང་སྦྱར་བ་བཏང་ཞིང་། མངལ་ཆགས་ནས་ཟླ་བ་དུ་སོང་གི་གྲངས་དང་མཉམ་པའི་ཐུན་གྲངས་དང་། དེའི་ཡུན་དང་སྦྱར་བའི། བུ་རྩ་ནི་ལོང་རྩ་དང་། བྱིན་གཞུག་གཏར་རོ། ༈ །དེ་འོག་ཕྲེང་དྲུག་པའི་ནང་། ཤི་རོ་མ་ཐོན་མདའ་རྒྱུས་རྒྱ། ཞེས། དམར་རུ་མགོ་ནག་ཡིན་ནོ། ༈ །ལྡེབ་བརྒྱ་དང་ང་གསུམ་པའི་སྲིབ་ངོ༥ས་པའི་ནང་། མཚུན་ལྷ་ཁ་སྐམ་མིག་འཛུམ་གཡོན་


MR10_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གོན། །ཞེས་པ་ནི། མཚུན་ལྷ། ཡི་དྭགས་ལ་ལ་ཕ་མེས་ཤི་བ་དེར་བརྫུ་ནས། དུར་དུ་གནས་པ་དང་། ཤི་བ་དེའི་རྟགས་ཆ་ལུགས་བཟུང་བ་ཉེ་འབྲེལ་སོགས་ལ་འབབ་པ་དེ་ལ་མཚུན་ལྷའམ། གཤིན་ངོག་ཅེས་བྱ་བ་དེའོ། །བླ་མ་དྲང་སྲོང་རྒན་པོ་གྲུབ་པ་བཞི་ཞེས་པ། ལྷའི་རིགས་སུ་གཏོགས་པ་བཞི་པོ་སྟེ། དེའི་རིགས་མཐུན་གྱི་གདོན་ནི། ཕལ་ཆེར་སྔགས་དམིགས་དམོད་པ་འཁྲུལ་འཁོར་ལ་སོགས་པས་དེ་འདྲ་བའི་ཕ་རོལ་པོ་གནད་ལ་འབེབས་པའོ། ༈ །ལྡེབ་བརྒྱ་དང་བ་ལྔའི་སྲིབ་ངོ༢ས་པའི་ནང་། སྨྱོ་དང་བརྗེད་བྱེད་ཕལ་ཆེར་གདོན་འབྱུང་བས། །ཞེས་སོགས། སྤྱིར་འདི་ལྟར་སྨྱོ་བྱེད་ལ་རྒྱལ་པོ་ཤས་ཆེ། བརྗེད་བྱེད་ལ་གཟའ་ཤས་ཆེ། ཕུགས་འཛིན་པའི་གདོན་དེ་ལ། དང་པོ་ཞི་བས་བཅོས་ཏེ། ཇི་སྐད་དུ། ཤ་ཟ་མ་གཏོགས་ཐམས་ཅད་ལ། །མི་མཐུན་སྦྱིན་པར་མི་བྱ་སྟེ། །མཐུ་སྟོབས་ཆེ་བ་དེ་ཁྲོས་ནས། །ནད་པ་སྨན་པ་བཅས་གསོད་བྱེད། །བར་དུ་འཇམ་པོས་བྲིད་ལ་བལྟ། །དེས་ཀྱང་ཞི་བར་མ་བཏུབ་ན། །ཐ་མ་ཡི་དམ་གང་རུང་གི་སྒོ་ནས་ལས་ངན་སྐྱེ་རྒྱུན་མྱུར་དུ་བཅད་པའི་དྲག་པོའི་ལས་ཀྱིས་མིང་གི་ལྷག་མའམ། ཕ་མཐར་སྐྱེལ་བ་སྟེ། མེད་པར་བྱ་བའི་དོན་ཏོ། ༈ །ལྡེབ་བརྒྱ་དང་ང་ལྔའི་སྲིབ་ངོ༥ས་པའི་ནང་། ཁྱད་པར་བརྟག་པ་མེ་གཟའ་ཆུ་གཟའ་གཉིས། །ཞེས་པ་ནི། སྲུང་མཁན་དེས་གང་ཕོག་པའི་ལག་མཐིལ་ལ་སེན་མོས་ནོན་པར་མནན་པའི་སེན་རྗེས་སྔོ་ན་ཆུ་གཟའ། དམར་ན་མེ་གཟའ་འོ། ༈ །ལྡེབ་བརྒྱ་དང་ང་དྲུག་པའི་སྲིབ་ངོ༢ས་པའི་ནང་། གང་


MR10_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དང་པོ་ཀླུ་ཆོག ཅེས། ཁོའི་ཡུམ་ཀླུ་ཡིན་རྒྱབ་བསྟེན་ཀླུ་ཡིན་པས། རྒྱབ་བཅོས་ལ། དེ་རྗེས་དཀར་གཏོར་ཞིག་དང་དམར་གཏོར། ཞེས་པ་ནི། ཁོང་ཀླུ་སྲིན་བཤོས་པ་གཉིས་ཀའི་ཆ་འཛིན་ཡིན་པས་དེ་དང་མཐུན། གཏོར་མ་ཡང་། དཀར་གསུམ་མངར་གསུམ་བྱས་པའི་དཀར་ཟླུམ་མཐེབ་ཀྱུ་བརྒྱད་སྐོར། ཤ་ཁྲག་གིས་བརྒྱན་པའི་དམར་གཏོར་ཟུར་གསུམ། མཐེབ་ཀྱུ་བརྒྱད་པའོ། །དཀར་གཏོར་ལ་ཀླུ་སྨན་སྦགས་པའི་ཆུ། དམར་གཏོར་ལ་ཆང་བྲན། སྔགས་དང་ཕྱག་རྒྱས། ཞེས་པས། སྔགས་དྲུག་ཕྱག་དྲུག་གིས། སྨྲང་གིས་བཀྲོལ་ལ་གཏོར་མ་སྐྱེལ་དུ་བཏང་། །ཞེས་པས། རང་ཉིད་ཡི་དམ་གསལ། སྔགས་མཐར་བ་ལིང་ཏ་པཱུ་ཙ་ཁ་ཧི་ས་བསྔོ། སྨྲང་གིས་དཀྲོལ། རཱ་ཧུ་ལས་བཟུང་བ་ཐོང་ཞིག བཅིང་བ་ཁྲོལ་ཅིག རྒྱབ་པ་ཐོན་ཞིག ལྟ་བུ་ཀུན་ལ་སྦྱར། དེ་ཤུལ། གཏོར་མ་སྐྱེལ། ནད་པ་དེ་ཤུག་པའི་ཤིང་ལེབ་ཆེ་བ་ཞིག་དང་རྒྱབ་སྤྲད་ལ། སྟེའུ་ཤུག་པ་ལ་བརྡེག །ཁ་ཤ་ག་ཁ་ཤ་ག་ཞེས་བརྗོད་ནས་གཏམ་ཁ་དྲིན་དྲན་པ་རྙེད་པར་འགྱུར་རོ། །དེ་ཡི་ནུབ་མོ་གཏོར་མ་བ སྐྱལ། གཟའ་བརྒྱད་གཟུགས་ལ་ཁ་དོག་སོ་སོར་བསྒྱུར། །ཞེས་པ་ནི། རྟ་དམར་ཞུར་བསྐྱོན། གྲིབ་ཀྱི་ལྡུམ་བུའམ། སྒྲོ་མགོ་ལ་བཙུགས། འཇག་ཞྭ་གྱོན། དེ་ཉིན་གཟའ་མཐུན་གོས། གཡས་དམར་གཏོར། གཡོན་དཀར་གཏོར། ཀེ་ཏ་བཟླར་བཅུག མི་དམར་པོ་ཞིག་གིས་རྟ་སྣ་ཁྲིད་ལ་རི་ཐག་དང་ཉེའི་སྐེད་པར་བསྐྱལ། ཕྱི་མིག་མི་བལྟ། དེ་རྗེས་མཆོད་སྦྱིན་ནས་


MR10_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་སོགས་བྱའོ། །རང་རང་མིང་དང་སྙིང་པོ་བྲིས་ལ་གླན། །ཞེས་པ་ནི། ཆུ་ནང་དུ་གཟའི་གཟུགས་བརྙན་འཆར་བར་བྱ། ནད་པ་བྱད་ཐག་སྔོ་དམར་རམ་གཟའ་སོ་སོའི་མདོག་གི་ནད་ངོས་སྲིན་ལག་ལ་བཏགས་ལ་གཟའི་གཟུགས་རྣམས་དང་སྦྲེལ། སླ་ངའི་ཕྱོགས་བཞིར་མར་མེ་བཞི་བཏང་ལ་བཞག་པས་གཟུགས་རྣམས་ཀྱི་གྲིབ་མ་ཆུ་ནང་དུ་འོང་། བསྲུང་བ་རྣམ་འཇོམས་གསལ་སྔགས་ཡང་བཟླས་རྗེས། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ། བརྒྱ་རྩ་བཟླས་ལ། གཟོད། བྱད་བཀྲོལ་བྱད་ཐག་གཅད་དེ། ཡག་ཤཾ་ཕཊ། ཉི་མ། དུར་ཤཾ་ཕཊ། ཟླ་བ། སེ་ཤཾ་ཕཊ། མིག་དམར། ཕག་ཤཾ་ཕཊ། ལྷག་པ། ཕེ་ཤཾ་ཕཊ། ཕུར་བུ། ཕེར་ཤཾ་ཕཊ། པ་སངས། ཤར་ཤཾ་ཕཊ། སྤེན་པའོ། །ཏྲག་ཤཾ་ཕཊ། གདོང་། ཙ་ཤཾ་ཕཊ། རཱ་ཧུ་ལ། མཇུག བརྒྱ་རྩ་བཟླས་ཤིང་ཉི་མ་ཟླ་བ་དང་། མིག་དམར་ལྷག་པ་ཕུར་བུ་པ་སངས་དང་། སྤེན་པ་རཱ་ཧུ་ལ་བརྒྱད་སྨྲང་གིས། རང་རང་སོ་སོའི་བྱད་ཐག་ཆོད་ཅེས་སྨྲང་གིས་བཀྲོལ་ལ། ཉི་མ་སོགས་དེ་དང་དེའི་བྱད་དང་གདོན་ཁྲོལ་ལོ་ཞེས་བརྗོད་དོ། །བཀྲོལ། བྱད་ཐག་བཅད། སླ་ངའི་རྫས་རྣམས། རྫ་སྣོད་བྱོལ། ཕྱི་ནང་གསང་བ་སོགས་རྒྱུ་ཚུལ་མང་ཡང་སྔ་མ་ལྟར། དུས་བརྒྱད་ལ་གཟའ་ཆོག་ཐེབས་རེ་བྱ། མི་ལྡོག༴ ཀླུ་བརྒྱད་ཀྱི་ཆོ་ག་བཞིན་བྱས་ཏེ་སྔར་ཟིན་དུས་གང་རྒྱུ་ཕྱོགས་སུ། བོང་བུའམ་ཕུག་རོན་གསོན་པོ་གླུད་དུ་བྱས་ཏེ་བཏང་། ནད་པ༴ དཀར་ཁྲ༴ དེ་ཡིས་ཕྱིར་མི་ལྡོག་པར་ངེས་པ་ཡིན། །ཞེས་གསུངས་སོ། ༈ །ལྡེབ་


MR10_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་ང་བརྒྱད་པའི་ཉིན་ཕྲེ༤ང་པའི་ནང་། གདོན་རིགས་འཇུག་ཚུལ། ཞེས་པ་ནི། དེ་ཇི་ལྟར་ན་འདིར་གནོད་མི་གནོད་བརྟགས་པ་ནི། མིག་གི་དཀར་པོའི་སྟེང་གི་རྩ་རིགས་ལ་བརྟགས་ཏེ། དེ་ལ་མི་གནོད་པའི་རྩ་ནི། སྤྱིར་མིག་བཀྲག་ལེགས།ལྷག་པར་མིག་རྩ་དམར་སེང་ངེ་བ་སྟེང་དུ་དོན་པ། མིག་མདངས་ལོག་པ་མི་འོང་བའོ། །གནོད་རྩ་ནི། སྤྱིར་མིག་མདངས་ཉམས། མཆི་མ་འཛག མེ་ཉིའི་འོད་མི་ཐུབ། ལྷག་པར་རྩ་དམར་ནག་གམ། སྨུག་ནག་གཏིང་དུ་བྱིང་བ། རྩེ་མོ་གུག་པ། ཐིག་ལེ་ནག་པོའམ། ནོག་པོ་བཀལ་བ་རྒྱལ་མོ་ལ་ཁ་བལྟས་པའོ། །གདོན་རིགས་བརྟགས་པ་ལ་ནི། རད་རོད། བྲད་པ། བརྐོས་པ་གསུམ་བྱུང་ན་རྒྱལ་རིགས་ཡིན། བརླ་གཡས་ནས་འཛིན། གྲུ་མོ་གཡས་ལ་ཤ་རོ་ཡོད། གཟབ་གཤར་གང་རིགས་ཀྱི་ཡི་གེ་ར་ལ་ད་བཏགས་པ་འདྲ་ན་རྗེ་རིགས་ཡིན། གྲུ་མོ་གཡོན་ལ་ཤ་རོ་ཡོད། མདུང་འདྲ་ན་བྲམ་ཟེ་ཡིན། བྱིན་པ་གཡས་ལ་ཤ་རོ་ཡོད། གཟབ་གཤར་གང་རུང་གི་ཡི་གེ་ག་མགོ་ཕྱེ་པ་འདྲ་ན་དམངས་རིགས་ཡིན། བྱིན་པ་གཡོན་ནས་འཛིན། པུས་མོ་གཡོན་ལ་ཤ་རོ་ཡོད། སྲོག་ཆགས་ཉའམ་ཡི་གེ་ཉ་འདྲ་ན་གདོལ་པ་ནག་པོ་ཡིན། རྐང་མཐིལ་གཉིས་ལ་འཛིན། ལྟེ་བ་ལ་ཤ་རོ་ཡོད། འཇུག་ཚུལ་ལྔ་གང་ཡིན་བརྟགས་པ་ནི། ཡི་གེ་ག་ལ་ཡ་བཏགས་པ་འདྲ་ན་མི་གཙང་མནོལ་བ་ཡིན། མགོ་ཡན་ལག་དུ་མའི་རྣམ་པ་འདྲ་བ་ལ། མགོ་ཉམས་ཡན་ལག་ཉམས་པ་ལྟར་སྣང་ན་རེ་འདོད། མིག་མགོ་གཉིས་ཀན་གནས་ཉིལ་ན་ཀུ་རེ་ཀྱལ་ཀ ཐང་ཤིང་འགྱེལ་བ་འདྲ་ན་རེ་


MR10_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ་བདོ། རྒྱལ་མོ་ལ་སྙེགས་ན་རྣམ་སྨིན་ནོ། །ལུས་ཀྱི་ཞུགས་ས་བརྟགས་པ་ནི། ཡས་སྟོད་ནས་འཛིན་ན། ཡ་ཕུག་དང་མིག་གི་མགོ་ལ་རྩ་སྐྱོན་ཡོད། མས་སྨད་ནས་ཞུགས་ན། མ་མཆུ་དང་མིག་མཇུག་ལ་རྩ་སྐྱོན་ཡོད། རྒྱལ་མོ་ཕྱོགས་ནང་རྩར་སྐྱོན་བྱུང་ན་མདུན་ངོས་དང་དོན་ལ་ཞུགས། མིག་ཕྱི་ཕྱོགས་སུ་རྩ་ལ་བྱུང་ན་རྒྱབ་དང་ཕྱི་ཤ་པགས་ལ་ཞུགས། གཡས་གཡོན་གང་བྱུང་དེ་ལ་དེ་ཕྱོགས་ནས་ཞུགས་པ་ཤེས་པར་བྱའོ། །ནད་དེ་བཅོས་ཐུབ་མི་ཐུབ་བརྟགས་པ་ནི། ཐུབ་པ་ལ་དང་པོ་ནས་བཅོས་ཐུབ་པ་དང་། ཐུབ་རྟགས་གཉིས་ལས། དང་པོ་རྩའི་རྩེ་མོ་བར་གྱི་མཚོ་ལ་མ་སླེབས་པ། གྲངས་ཉུང་བ་ནི་གསོ་སླ་སྟེ་ཐུབ། གཡས་པའི་རྩ་ལེགས་ན་གཞན་མ་ཡང་ཐུབ། གནོད་པའི་རྩའི་མཐའ་ནས་ཡལ་རྩ་ཆད་རྩེ་མོ་གུག་ན་བཅོས་བྱས་ནས་ཐུབ་པའི་རྟགས་ཏེ་ནད་ཞི་བར་ངེས་སོ། །རྩ་ཡི་རྩེ་མོ་རྒྱལ་མོའི་མདངས་སླེབས་ན་མི་ཐུབ། བཅོས་པས་མས་རྩ་ལ་སྐྱེད་བྱུང་ཡང་། ཡས་རྩ་ལ་སྐྱེད་མི་འདུག་ན་མི་ཐུབ་བོ། །ལོ་གྲངས་ནི། དཀར་ནག་མཚམས་ནས་ཆུ་རིགས་ཡོང་། གདོན་རྩའི་ཕུག་པ་རྒྱ་གྲམ་དུ་ཡོད། དེ་འདྲ་དུ་འདུག ན་ལོ་གང་ཙམ། ཕྱི་མཚོའི་རྩ་ཚིགས་ལས་ཡང་བརྩི་སྟེ། ཚིགས་རེས་ལོ་རེ་སོང་བའོ། །འདི་དག་ནི་གཡུ་ཐོག་པ་རང་གིས་མཆན་དུ་བྱས་པའོ། ༈ །ལྡེབ་བརྒྱ་དང་ང་བརྒྱད་པའི་སྲིབ་ཕྲེ༢ང་པའི་ནང་། མཇུག་ཏུ་ཀླུ་ཡི་རྒྱལ་པོ་དོན་ལ་ཞེས། མཇུག་ཏུ་ཀླུ་དེ་དག་གི་རྒྱལ་པོ་ནི་རང་རང་གི་ཁམས་ཀྱི་དོན་ལ་བབ་པར་འགྱུར་ཏེ། རྗེ་རིགས་མེ་ཁམས་སྙིང་ལ་


MR10_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འབབ། བྲམ་ཟེ་ཆུ་ཁམས་མཁལ་མར། དམངས་རླུང་ཁམས་མཆིན་པར། གདོལ་པ་ས་ཁམས་མཚེར་པར། རྒྱལ་རིགས་འདུས་པ་ནམ་མཁའ་གློ་བར་རོ། །དོན་སོ་སོ་དང་འབྲེལ་བའི་དབང་པོ་དེ་ཡང་ཉམས་སོ། ༈ །ལྡེབ་བརྒྱ་དང་ང་བརྒྱད་སྲིབ་ཕྲེ༣ང་པའི་ནང་། སྤྱི་དང་། ཞེས་པ་ནི། སྤྱི་ལ་ཞུགས་ན་སྤུ་བྱི་བེར་ཁྱེམ་སྒངས་གཟེར་ཆུང་མང་། པགས་པ་གཡའ་གྱོང་མདོག་ངན། རྩི་སོ་པགས་སོགས་མདངས་ཉམས། མདོག་གདོང་མདོག་འགྱུར་གླང་ཤུ་འོང་མིག་གཟི་འདྲ། སྟོབས་ཤེད་མེད་ཤེས་ཉམས་སྒྱིད་པ་སྐྱུར། ཤ་ལ་འཕྲིག་ཚོར་ཉམས་ཤ་རོ་འོང་། ཚིལ་ལ་ལུས་རིད་ཡན་ལག་འདྲུལ། ཆུ་བ་ལ་གྱོང་ན། རྩ་ལ་སྤྲིད་འཁྱུག །ཁྲག་ལ་གདོང་དམར་ལུས་ཀྱི་སྣ་ཁྲག་འོང་། ཆུ་སེར་ལ་ཟ་འཕྲུག་ཆུ་བུར། རུས་ལ་གྲུམ་ཐབས་དང་ཤ་སྐམ་སྣ་ཞོམ། ཚིགས་ལ་འཁོར་སྐྲང་འོང་། ལྷ་བ་ལ་གདོང་ཚ་ལུས་གྲང་སྐེད་པ་འཁྲིལ། ཀླད་པར་མགོ་འཐོམ་སྐྲ་བྱི། སྐད་ལ་སྐད་འགགས་མཐི༤ལ་མིག་དམར། ཁུ་བ་སྐམ་སམ་ལུག་དབང་པོ་མི་ལྡང་། སྙིང་ལ་ཡེམ་ཡེམ་བྱེད་ལྕེ་དམར་ཐོར་བ་འོང་། གློ་བར་རོ་སྟོད་གཟེར་སྐད་འཛེར་སྣ་ཆུ་སྐྱ་མོར་འོང་། མཆིན་པར་གཉིད་ཆེ་ཤེས་འཐིབ་མཆི་མ་མང་མིག་དམར་ལ་སླེ། མཚེར་བར་མ་ཆུ་ལ་བད་ཀན་ཆགས་ལྕེ་སྔོ་ཁྲ་དང་གདོང་པ་གྲོ་བོར་འགྲོ་ཁོང་པ་སྦོ། མཁལ་མ་རྣ་བ་འོན། རྐང་པ་བཤལ་མཁལ་སྐེད་འབྲས་བུ་བཅས་སྐྲངས་པ་བརྟགས་པར་བྱའོ། ༈ །སྲིབ་ཕྲེ༤ང་པའི་ནང་། མདོར་བསྡུས་བཅུ་གསུམ། ཞེས་པ་ནི། མདོར་བསྡུས་ན།


MR10_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གནད་སྤྱི་བོ། ངག་གནད་མགྲིན་པ། ཡིད་གནད་སྙིང་ག །སྙིང་གནད་ལྕེ། གློ་གནད་སྣ། མཆིན་གནད་མིག་མཚེར་གནད་མཆུ། མཁལ་གནད་རྣ་བ། ཡན་ལག་ཚིགས་པ། ཚིགས་གནད་དྲེག་བཞི་སྟེ། རྐང་པའི་མཐེ་བོང་རྩ་བ་གཉིས། ལག་པའི་གྲུ་མོ་གཉིས་ཏེ་རུས་གནད་དོ། །རྒྱུས་གནད་མཚན་མ་སྟེ། གནད་བཅུ་གསུམ་པོ་དེ་མ་བདེ་ན། དོན་སྣོད་སོགས་ལ་ཞུགས་པ་དང་། ཤ་རོ་བྱུང་ན་ཞེན་པ་ཡིན་པས་དེ་ལ་ངོས་བཟུང་བ་གཅེས་པར་གསུངས་སོ། ༈ །སྲིབ་ཕྲེང་བཞིའི་ནང་། རླུང་མཛེ་ཐོད་འདྲ་མཁྲིས་མཛེ། ཞེས་པ་ནི། ཐོད་འདྲ་གནག་ཅིང་སྨུག མཁྲིས་མཛེ་དཀར་སྨུག་སྣུམ། སྣ་ཁྲག་འཛག སྨིན་མ་བྱི། བད་མཛེ་གཡའ་རྣག་ཆེ། གླང་ཤུ་ཟ། ཆུ་སེར་མང་། རི་ཤའི་ལྕེ། མཐའ་དམའ་དབུས་མཐོ་ཟུག་ཆེ་རྣག་འབྲུམ་མང་རྩུབ། ལྤགས་མཛེ་གླང་པོ་ཆེའི་པགས་པ་ལྟར་རེག་བྱ་རྩུབ། འབྲུམ་ཕྲན་འབྲུམ་བུ་མང་ཉ་པགས་ལྟར་རྩུབ་ལ་གཡའ། ཤ་བཀྲ་ནག་རྩུབ་དཀར་དམར་ཟང་ཕྲུག་བྱེད། དཀྱིལ་རྩུབ་མཐའ་འཇམ་རློན་འབྲས་རྨེན་བུ་དམར་པོ། བྱེར་བ་ཟ་རྔོ་ལྟ་བུས་ཁྱབ། སེང་ཀ་རྐང་ལག་གི་མཐིལ་སོགས་འབྱུང་པས་དྲུག ཤུ་བ་ཐོར་པ་དམར་རྨ་ཁ་གྱེད། རྨ་ལ་རྣག་མང་། དམར་སྨུག་ཏུ་འགས། པད་དཀར་དབུས་དཀར་མཐའ་དམར་ལ་རྩུབ། འབྲུམ་བུ་ཅན་པགས་སྲབ་འབྲུམ་པ་དཀར་དམར་ཁྱབ། གཡན་མ་རྐྱང་རྒྱུགས། ཆུ་སེར་འཛག་པ་གྲུ་མོ་ཚང་ར་སོགས་ལའོ། །པགས་མྱགས་ནི། ཐོར་པ་མང་། རེག་མི་


MR10_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད། ན་ཚ་ཆེ། དམར་བ་དྲུག་གོ། འོལ་མོ་སེ་འདྲ་བ་སྟོད་དམར་ནག་ཏུ་འོང་། ༈ །སྲིབ་ཕྲེང་ཐ་མའི་ནང་། ཉྭ་རྩ་རླུང་གདོན་འཕྲིག་པར། ཞེས་པ་ནི། ཉྭ་འཕྲིག་ཉྭ་ཡོད་སར་འོང་། རྩ་འཕྲིག་སྙིང་རྩ་ཡོད་སར་འོང་། རླུང་འཕྲིག་ནི་ལུས་ཁྱབ་པར་འོང་། འདི་གསུམ་ནད་གཞན་ལ་ཡོད། གདོན་འཕྲིག་ནི་ཞུགས་ས་དང་གཉན་སར་འོང་། དེ་བཞིན་ཤ་འབུར་ནི་ཤུ་བ་རུལ་འགྲོ་བ། སྲིན་འབུར་ནི་རང་ཞིའམ་སྔགས་སོགས་ཀྱིས་རྣག་ཏུ་འགྲོ། གཏིང་འབུར་ནི་རུས་ས་ཆེར་རྒྱས་པའོ། །ཤ་སྒོང་ཉལ་ཉལ་པོ་འོང་། ཁ་རླངས་ཡིན། ཉྭ་སྒང་མདོག་དམར། ན་ཚ་མེད་བུལ་བ་ཡིན། ཆུ་སྒང་ཆུ་བུར་འོང་། མེ་ཏོག་ཡིན་པས་དེ་གསུམ་རྒང་རྒང་པོ་ཙམ་ལ་ནོར་ར་རེ། ༈ །ལྡེབ་བརྒྱ་དང་ང་དགུའི་ཉིན་ངོ༡ས་པའི་ནང་། ཤ་ལྤགས་སྐྱེ་རོ་རུས་རོ་ནོར་ར་རེ། ཞེས་པ། ཤ་རོ་གར་འོང་ལ༣ོ་ལོན། སྐྱི་རོ་དང་པགས་རོ་ཕྱི༢ར་ལོ། རུས་རོ་གཏིང་སྐྱེས་ལ༤ོ། རོ་ཞེས་ཚོར་བ་མེད་པས་ཤི་བའོ། །རོ་ཡིན་པས་ནོར་ར་རེ། ཁ་ཡོ་མིག་སླེ་སྐམ་རློན་ནོར་ར་རེ། ཞེས་པ། ཁ་ཡོ་མིག་སླེ་བ་ཁད་ཀྱིས་བྱུང་ན་སྐམ་མཛེ། གློ་བུར་བྱུང་ན་རློན་མཛེ་ཡིན་པ། སྔ་མ་དཀའ། ཕྱི་མ་སླའོ། ༈ །ནད་དབང་དང་ཁམས་འདུས་རང་གིས་གདོན་ཕྱི་རོལ་གདོན་གསུམ་ནོར་ར་རེ། མཁར་བརྒྱད་རྩེ། ཞེས་པ་ནི། མཁར་བརྒྱད་ནི། སྤྱི་གཙུག སྨིན་དབྲབ། སྣ་རྩེ། ཡ་རྐན། སྙིང་ཁ། ལྟེ་བ། མཚན་མ། རྐང་མཐིལ་བརྒྱད་ལ་ཤ་རོ་བྱུང་བའོ། །སྙིང་པོ་བཞི་ལ་ཞུགས་པ་དང་། ཞེས་པ་ནི། ཡན་ལག་གི་


MR10_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོའི་རྩ་བ་བཞིར་ཤ་རོ་བྱུང་བ་ཟིན་པའོ། །རྩེ་མོ་གསུམ་ནི། ལུས་རྩེ་ཀླད་པར་ཟིན་ན་སྐྲ་བྱི། སྣའི་རྩེ་མོར་ཟིན་པས་སྣ་ཞོམས། ཡན་ལག་གི་རྩེ་མོ་སོར་མོར་ཟིན་པས་མཛུབ་མོ་ཕྱི་མཇུག་ཏུ་སོང་བའོ། །ལ་ལར་སྣ་རྩེ་མཚན་རྩེའང་འདུག ཚིགས་ཆེན་མཁར་ནས་ཕབ་པ་དང་། ཞེས་སོགས་ནི། ཚིགས་ཆེན་མཁར་ཕབ། སྒལ་ཚིགས་ཡན་ལག་གི་ཚིག༡༢ས་སམ། བསྡུ་ན་གྲུ་དཔུང་གཉན་གོང་རྣམས་ཤ་རོ་བྱུང་བའོ། །དུག་བཞི་ཅིག་ཆར་རྒྱས་པ་གསོ་དཀའ། གཉིས་རེ་གསོ་ཙམ་པ་སོགས། མེ་རླུང་དཀའ། ཆུ་རླུང་སླ། མདངས་གསུམ་ཡལ་བ། མིག་མདངས་ཡལ་ཏེ་གཟི་འདྲ། བྱད་མདངས་ཡལ་ཏེ་གློ་བ་འདྲ། སོ་མདངས་ཡལ་ཏེ་དུང་འདྲ་བའོ། །སྤུ་གསུམ་སྐྲ་སྨིན་ཁ་སྤུ་བྱི་བའོ། །ཆུ་གསུམ་པོ་བ་ཁ་ཆུ་མིག་ཆུ་སྣ་ཆུ་གསུམ་མི་ཐུབ་པའོ། །རྒྱ་མཚོའི་རླབས་ནི་དོན་ལྔ་ལ་དྲི་ཆུ་རྒྱས་པ་སྟེ། གློ་བར་རྒྱས་ན་ཕྲེང་ཞིག་ནས་སྙི་འདོ་ལ་སོང་ན་མི་ཐུབ། སྙིང་ལ་རྒྱས་ནས། ལྕེ་དམར་རམ་ནག་འབྲུམ་པ་གཟེར་འདྲ་འབྱུང་། མཆིན་པར་མིག་ཞུ་ནས་སྔོ་ལྷང་ངམ། དམར་ལོག་པ། མཚེར་རྒྱས་མཆུ་སྦོ། ནག་ལ་ཁང་ཆུ་མི་ཐུབ། མཁལ་མར་རྣ་བ་འོན། ཁུ་བ་གས། ༈ །མཐིལ་བཞི། རྐང་ལག་མཐིལ་བཞི་ཁ་སྤྲད་ནས་བསྡད་པས་དྲོད་རྔུལ་མེད་ནའོ། །ཤ་རོ་ཡོད། རླངས་པ་མེད་པའོ། །ས་བདག་སྨེ་བ་ནི། ཤ་རོ་ལུས་ལ་སླེབ་པའི་རྨ་ཁྲོན་པ་ལྟ་བུ་ཁ་ཆུང་གཏིང་རིང་ངོ་། །རུས་ཐོག་ཐོར་སྨྱོན་གཟེར་བཏབ་པ་ལྟ་བུ་དང་། ཤ་རོ་


MR10_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་མེད་བྱུང་བའོ། ༈ །ལྡེབ་བརྒྱ་དང་དྲུག་ཅུ་པའི་ཉིན་ཕྲེ༢ང་པའི་ནང་། ཤ་༠ ༤ ༠ རུས་༠ ༡ ༠ རྒྱུས་པ་༠ ༠ ༦སྙིང་༠ ༠ ༥ ཁྲག་༠ ༠ ༣ ༢ བྱ་ཁྱུང་ལྔ། །བཞི་གཅིག་སུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། །ཞེས་པ་ནི། ཨ་རུ་ནག་ཆུང་གི་རུས་པ་ཞོ་གང་གི་སུམ་གཉིས། ཁྲག་ཞོ་གང་གི་སུམ་ཆ། འབྲུ་ལྔས་དབང་བསྐུར། ཞེས་པ་ནི། ཏིང་འཛིན་བཅས་རིགས་ས་བོན་གྱིས། ཏིང་འཛིན་ལྡན་པས་ཟ། རིལ་བུ་ཁྱུང་དུ་བསྐྱེད་པ་ཞལ་ཤེས་ལྟར་རོ། །སུམ་ཡར་བཏང་། ཞེས་པ། དུས་གསུམ་ནི་ནུབ་ལ་བསྐོར་བའི་སྲོད་ནམ་ཕྱེད་ཐོ་རེང་ངོ་། །ཁྱད་པར་དངུལ་ཆུ་སྟར་བུས་བཤིག་པ། ༠ ༡ ༠ མུ་མེན་༠ ༥ ༠ གསེར་ཐལ་༠ ༡ ༠ གཞན་རྣམས་སྒྲོན་ཤིང་ནས་དྲི་ཆེན་བར། ༠ ༡ ༠ རེ། སྔགས་པ་ནུས་ལྡན་དྲི་ཆེན་བཅས་པའོ། ༈ །ལྡེབ་བརྒྱ་དང་དྲུག་ཅུ་སྲིབ་ཕྲེང་༥པའི་ནང་། ཡང་ན་སྔགས་ཀྱིས་ཆུ་སེར་དྲང་བར་བྱ། ཞེས་པ་ནི། རང་བྱ་ཁྱུང་ཟངས་ཀྱི་མཆུ་སྡེར་ཅན་དུ་བསྒོམ་ལ། སྔགས། ཨོཾ་ཁྲིག་པ་ཤིལ་ཕུག་ཤེལ་རྟལ་རྟལ་མན་ཐིས་ཐིས་ཐ་ཐིབས་ཛམ་ལ་ཐིས་ཐིབ་ལོང་ལོང་ནི་ལོང་ཧབ་ལོང་ཧུབ་ལོང་མི་ལྤགས་རིམ་དགུ་ཧྲོལ། མི་ཁྲག་མངར་མོ་དྲོངས་ཤིག ཅེས་སྨྲ་བ་བཅད་དེ་ཁྲི་ལྔ་བཟླས་ལ་ཆུ་སེར་ཡོད་པ་རྣམས་འཇིབ་པའོ། །ཟ་སྨན་གཞུག ཞེས་པ་ནི། ཟ་སྨན། ཡུང་བ། དངུལ་ཐལ། ཤིང་ཚེར་མ་ཅན་གྱི་ཐལ་བ། སྨྱུག་རྩི། སེ་བའི་རྩེའི་ཐལ་བ། དུར་བྱིད། རྒྱ་ཚྭ། ཤུ་དག རུ་རྟ། ཡུང་བ་རྣམས་ཀྱི་རེང་བུ་གཞུག་འཚོ་སྨན་གདབ། འཚོ་སྨན། ཚ་ལ། དོམ་མཁྲིས།


MR10_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གུར་གུམ་སྐམ་རྩིར་གདབ། ༈ །ལྡེབ་བརྒྱ་དང་རེ་གཅིག་པའི་ཉིན་ངོས་ཕྲེང་དང་པོའི་ནང་། ཤ་གཉིས། སྦལ་སྦྲུལ་ཤ་གཉིས། ནག་པོ་གསུམ་དང་། གུ་གུལ་གླ་རྩི་ཤུ་དག རྟ་བོན་པ་རྟ་སྲེབ་སྦོ་ནག་གི་དྲི་གསུམ། མུ་ཟི། ལྡོང་རོས། སྤྲུ་ནག་གི་རྩ་བ། གཞོབ་གསུམ། རྟ་རྨིག རྨ་བྱའི་མདོངས། གླང་ནག་གི་རྭ། དུ་བས་བདུག་པར་བྱ། བདུད་རྩི་རིལ་བུ་ཉིན་མོ་གསུམ་ཡར་བཏང་། ཞེས་པ་ནི། གྲུབ་ཐོབ་ཀྱི་བདུད་རྩི་གཡེམ་པར་བླུགས་ཉི་མ་གཅིག་སྐམ་པར་བྱ། དེ་གུ་གུལ་དང་དྲི་ཆུས་འདམ་བཏགས་བྱས་པ། གསུམ་ཡར་བཏང་། གདོན་འཇོམས་གང་རུང་གིས་ནུས་པ་བསྐྱེད་པའོ། །དྲི་ཆུའི་རྟེན་འབྲེལ་སྨན་འཇུ་གདོན་ནད་སེལ། དགེ་སློང་ངམ་ལོ་བརྒྱད་བྱིས་པའི་དྲི་ཆུ་བར་པ་དེ་དག་ལག་ལེན་ལྟར་བླང་བའོ། །ལེའུ་བརྒྱད་ཅུ་རྩ་གཉིས་པ། ༈ ལྡེབ་བརྒྱ་དང་རེ་བཞིའི་སྲིབ་ཕྲེ༤ང་པའི་ནང་། རྣག་ལ་རྣག་བཤལ་བྱ། ཞེས་པ་ནི། རྣག་བཤལ་མི་འདྲ་བ་མང་ཡང་། རྗེ་ཟུར་མཁར་པས། ཡང་ན་ཐར་ནུ་དུར་བྱིད་དང་། །དན་རོག་ཆུ་རྩ་རེ་ལྕག་པ། །ཁྲོན་བུ་སྔོན་བུའི་རྩ་བ་དང་། །ལྕུམ་རྩ་ཆ་མཉམ་ཁཎྚ་བྱས། །དེ་གཉིས་མཐེབ་ཆེན་ཚད་ཙམ་ལ། །ཟངས་ཐལ་བཟང་པོ་ཐུན་བཟང་གཅིག །ཚ་ལ་ཤིང་མངར་རྒུན་འབྲུམ་དང་། །རྒྱ་ཚྭ་ཤིང་ཚ་ཐུན་ཚད་རེ། བྱང་བ་དམར་ཁྲ་དུག་ཕྲལ་དགུ། །ཞིབ་བཏགས་སྟར་བུའི་ཁུ་བ་ལ། །འདམ་བཏགས་བྱས་པའི་རིལ་བུ་དེ། །སྦྱངས་ཀྱི་ལག་ལེན་ཇི་བཞིན་བཏང་། །གསང་བ་སྦུབས་འདྲེན་ཞེས་བྱ་བས། །རྣག་རྣམས་མ་


MR10_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐུར་དུ་འདྲེན། །རྣག་བཤལ་འདི་འདྲ་གཞན་ལ་མེད། །ཅེས་པ་ལྟར་བྱ་བ་དོན་གྱིས་བཟང་། ༈ །ལྡེབ་བརྒྱ་དང་རེ་དྲུག་པའི་སྲིབ་ངོ༥ས་པའི་ནང་། རྩ་གསུམ་འདུས་ཏེ་སྤྱི་བོའི་གཙུག་ན་གནས། ཞེས་པ་ནི། གཞན་ཡང་འདི་ལ་མགོ་ཐིག་རིན་ཆེན་གནད་དགྲོལ་ལས། ལྟག་ཁུང་ནས་མཛོད་སྤུ་སྟེ་སྨིན་དཔྲག་ཏུ་ཐིག་འཐེན། རྣ་བའི་རྩེ་གཡས་གཡོན་ནས་འཕྲེད་ཐིག་འཐེན་པ། དེ་གཉིས་རྒྱ་གྲམ་དུ་བབ་པ་ཚངས་པའི་བུ་གའོ། །གཙུག་ནས་མཛོད་སྤུའི་དཀྱིལ་དེ་ཉིད་ནི།མཚོགས་འདུད་ཀྱི་སྒོའོ་སྔར་གྱི་མཚོགས་མའི་གཞུང་ཐིག་དེ་ཕྱི་ནས་གཡས་གཡོན་དང་གཙུག་དང་ལྟག་པའི་བར་དེར་འདུས་པའི་སྲུབས་སོ། །རྒྱབ་ཀྱི་ལྟག་པའི་ཟུར་གཉིས་ནས། མདུན་གྱི་སྨིན་དཀྱིལ་དུ་ཐིག་རེ་འཐེན་པའི་བར་རང་སོར་བཞི་ཡོད་པ་ནི་ཞུར་བོང་ལྟ་བུའི་སྒང་། དེའི་གཡས་སུ་རང་སོར་བཞི། གཡོན་དུ་རང་སོར་བཞིའི་བར། རྒྱབ་ནས་མདུན་དུ་ཐིག་འཐེན་པ་རུས་རྩིབ། དེའི་མཐའ་རྣ་ལྟག་གི་རུས་ལྷག་གོ ༈ །ལྡེབ་བརྒྱ་དང་རེ་བདུན་པའི་ཉིན་ངོ༡ས་པའི་ནང་། སྒོ་ལྔར་འབྱུང་། ཞེས་པ་ནི། སྐྲ་མཚམས་ནས་སྐྲ་གཞུང་ཐིག་སྟེང་ཚོན་དོ་བཅལ་བ་མཚོགས་མའི་སྒོ། རྣ་རྩེ་ཐད་དྲང་རྒྱབ་ཀྱི་གཞུང་ཐིག་སྟེང་སྡུད་སྒོ་འོང་གཙུག མཚོགས་མའི་སྒོ་ལ་གནམ་ཐིག་གཉིས། སྡུད་སྒོའི་གཡས་གཡོན་མཚོན་རེ་གཞལ་བ་གཉིས་བཅས་འདུས་སོ་རྩ་གསུམ། སྨིན་དཀྱིལ་གཉིས། མཁུར་ཚོས་བྱ་སྒང་ལྟ་བུའི་དཀྱིལ་བཅས་སྒོ་ལྔ་པོ་དེ་ལའོ། །དེ་ནི་མདུང་བསྒྲེང་བ་ལྟ་བུར་ཡོད་པའོ། །དེ་རགས་པ་ལས་གཞན་ས་གར་ཡང་ཡོད་དོ། ༈ །ལྡེབ་བརྒྱ་


MR10_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དང་རེ་བདུན་པའི་སྲིབ་ངོ༡ས་པའི་ནང་། མདའ་ལ་ཝ་ལུད་ཕུག་སྡུག བཤོལ་བརྐོས་གཤང་ག་ལེ་བཤགས་པ། གཏམ་ཟུག་མདེའུ་ལུས་པ་གསུམ། གྲི་ལ་གཞོགས་དང་ལྕམ་བཅད། ཤ་རུས་ཡོངས་རྫོགས་རྫོགས་དང་བཅད་པ་སྟེང་འོག་གི་ཤ་བསྣད་པའོ། ༈ །ལྡེབ་བརྒྱ་དང་རེ་དགུ་པའི་ཉིན་ངོ༥ས་པའི་ནང་། ཞོ་བཙགས་ཤིས། ཞེས་པ་ནི། ཞོ་ཡུན་ལོན་སྐྱུར་ཞིང་ལྦུ་བ་ཅན། ཁུ་བ་བཙགས་པའི་གར་མོ་ཆུ་ཡོད་ཡང་དེ་ལ་ཟེར། ༈ །ལྡེབ་བརྒྱ་དང་དོན་གཅིག་པའི་ཉིན་ངོ༦ས་པའི་ནང་། རྒྱ་སྲུབས་ཞིག་ན་རྒྱ་ཆིངས་བསྡོམ་པ་གཅེས། །ཞེས་པ་ནི། རྒྱ་ཆིངས་བསྡམ་ལུགས། དྲུ་གུ་ཆིངས། རྒྱའི་སྡོམ་ཚད། འཁོར་ལོ་ཆིངས་གསུམ་གང་བྱེད་ཀྱང་། ངོས་གཅིག་ཐི་གུ་སུམ་བསྒྲིལ་ཁྲ་བོར་བྱས་ལ་དེའི་ཐ་མ་བསྐོར། ངོས་གཅིག་འཇག་མས་བཅིང་། འཇག་སྣེའི་ཐི་གུའི་འོག་ནས་མགོ་ལ་འཁོར་གཅིག་བསྐོར་ནས་ལྟག་པར་བསྣོལ། ཕྱེད་མ་ཕྱེད་མ་དྲུ་གུའི་མགུལ་དཀྲི་བཞིན་དཀྲིས། ཐེར་སྤུང་མེད་པ་བྱའོ། །སྡོམ་ཆིངས་ལ་ཕྲག་པར་བསྣོལ་བ་དེ་ནས་སྨིན་ཕྲག་གཏོང་། དེ་ནས་དཔྲལ་ཟུར་གཡས། དེ་ནས་གཡོན་གྱི་རྣ་ལྟག་གཡོན། དེ་ནས་ལྟག་ཟུར་གཡས། དེ་ནས་ལྟག་ཟུར་གཡོན་དུ་ཐེན། དེ་རྣ་ལྟག་གཡས་སུ་ཐེན། དེ་དཔྲལ་ཟུར་གཡོན། དེ་དཔྲལ་དཀྱིལ་འཐེན་ལ་སྔར་གྱི་དེའི་གཡས་ནས་བར་གཞག །ལྟག་པར། སླར་ཐེབ་གཅིག་བཏང་། དེ་ནས་ལྟག་པ་ནས་དཔྲལ་བ་གཡོན་ངོས་སུ་བཏང་། བར་བར་གཤག་ལ་ཐེར་སྤུང་མེད་པ་


MR10_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེའི་མཚོགས་སྲུང་གཉིས་སུ་རྒྱ་གྲམ་བསྣོལ་འོང་བས་སྡོམ་ཆིངས་ཞེས་བྱའོ། ༈ །འཁོར་ལོ་ཆིངས་ལ། དང་པོར་ལྟག་པར་བསྣོལ། དེ་དཔྲལ་ཟུར་གཡས། དེ་ནས་རྣ་རྒྱབ་གཡོན། དེ་ནས་རྣ་རྒྱབ་གཡས་སུ། དེ་དཔྲལ་ཟུར་གཡོན། དེ་ནས་ལྟག་པར་ཐེན་པའི་རྩིབ་ལྔའོ། །ལྟག་པ་ནས་སྨིན་དཔྲག །ལྟག་ཟུར་གཡས། རྣ་རྒྱབ་གཡོན། ལྟག་ཟུར་གཡོན། དེ་རྣ་མདུན་གཡས། ལྟག་ཟུར་གཡོན། དེ་སྨིན་དཔྲག་ཏུ་ཐེན་པས་རྩིབ་བཅུའོ། །དེའི་བར་གཤག་ལ་ཐེར་སྤུང་མེད་པ་བྱའོ། །ཚབས་ཆེ་བ་དེ་སྟེང་ཕུར་བུས་གཅུ། གླ་འབྲེང་མཉེན་པས་ཐ་མ་སྒར་གྱིས་བཏང་། དཔྲལ་ལྟག་རྣ་སྟེང་གཉིས་བཅས་བཞི་པོ་རྒྱ་གྲམ་བཅིང་། གཙུག་ཕྱོགས་བཞི་བཅས་ལྔ་པོ་ལྕགས་ཀྱི་མིག་ནས་བཏོན་གཅུས་ཕུར་གཉིས་བསྣོལ་བ་གདབ་བོ། །ལྟག་ཆུང་ནི་ལྟག་མཚོགས་ཀྱི་སྲུབ་གཉིས་སྟེང་བར་བསྒྲིགས། གཉའ་ལྟག་ཏུ་བཏང་ལ་རྒྱ་སྲུབ་སྟེང་རྒྱ་གྲམ་གཉིས་པོ་ཡང་ཕུར་པ་བཏབ་བོ། །ཡང་ཆུང་ཨ་ལོང་མ་འཛོམ་ན། རྒྱ་གྲམ་ལྔ་པོ་ལ་ཤིང་བུ་མཛུབ་ཙམ་ལྔ་བཅུག་ལ། སྲད་བུ་གཅིག་གིས་དང་པོ་སྤྱི་གཙུག་ཏུ་བསྐོར། དེ་ནས་ལྟག་པར། རྣ་ལྟག་གཡས། སྤྱི་གཙུག་རྣ་ལྟག་གཡས་སུ་ལོག སྨིན་དཔྲག །ལྟག་པར་ལོག སྤྱི་གཙུག་ཏུ་ལོག རྣ་ལྟག་གཡོན། ལྟག་པར། གཙུག་ལྟག་པར། དེ་བཞིན་དུ་མདོམ་པར་དཀྲི་བར་བྱའོ། །ཆིངས་མ་འཛོམ་གློ་བུར་དུ་སྐ་རགས་ཀྱིས་ཐ་མ་སྒར་སྐོར་བ་ཤིང་བུས་གཅུའོ། །དེ་སྟེང་ཤིང་དེ་མི་འགྲོལ་བའི་སྲད་བུས་རྒྱ་སྡོམ་པའོ། ༈ །


MR10_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེབ་བརྒྱ་དང་དོན་གཉིས་པའི་ཉིན་ངོ༣ས་པའི་ནང་། བདུད་རྩི་དཀར་སྨུག་གཉིས། ཞེས་པ་ནི། བདུད་རྩི་དཀར་སྨུག དཀར་པོ་རི་བོང་ཆུ། མ་རྙེད་ན་ཐར་ནུ་འོ་མ་གཏོང་། སྨུག་པོ་ཁྱུང་ཕྲུག་སྐྱུག་པའི་བདུད་རྩི་ཡང་ཟེར། ཆ་ག་པའི་ཁ་ཆུའོ། ༈ །ལྡེབ་བརྒྱ་དང་དོན་གཉིས་པའི་སྲིབ་ངོས་༢པའི་ནང་། མཚོན་དང་མཐུན་པ་ཞ་ཉེའི་ཐེམ་བུ་ལ། །ཞེས་པ་ནི། འདིར་ཞ་ཐེམ་རིང་ཐུང་དབྱིབས། མདེའུ་ཇི་ལྟ་བ་ལ། ཧེལ་སྲབ་འཕང་ལོ་ལྟ་བུ་ལྔ་དྲུག་བརྩིགས་པའི་ཐེམ་སྔས། སྲིན་བལ་ཀུད་ཐེམ་ཤུག །ཚུར་འགྲོས། ཐེམ་སྔས་བརྩེགས། འདེད་ཐེམ་ལ་ཐེམ་སྔས་ཕྲི། དར་དམར་གྲོག་གྲིལ་བའི་ཐེམ་ཚང་ངོ་། །ནང་རྫོང་འཇོག་གོ ༈ །ལྡེབ་དོན་ལྔ་པའི་ཉིན་ངོ༤ས་པའི་ནང་། དར་སྟེང་ཆུ་སེར་ལྷུང་བའི་རྟགས་ལྡན་ཞིང་། །ཞེས་པ་ནི། རྟགས་མིག་འཛུམ་མི་ཤེས། སྟོང་སྐྱུག་འོང་། ལག་པ་ནོམ་ནོམ་བྱེད། བླ་འཆོལ་སྨྲ། ཡང་ན་ཁ་ལྐུག རུས་པ་སྐྲང་འདབ་སྐྱའོ། །དཀར་པོར་འགྲོ། རྨ་སྣ་སྒོ་ཆུའམ་ཆུ་སེར་འོང་། ༈ ལྡེབ་བརྒྱ་དང་དོན་དྲུག་པའི་ཉིན་ངོ ༡ས་པའི་ནང་། རུས་ལྐུགས་བཟོ་བྱ་རྩ་ལྐུགས་རྩ་དཀར་བཅོས། །ཞེས་པ་ནི། རུས་ལྐུགས་ཀླད་རུས་བར་རུས་པའི་དུམ་བུ་ལུས་པ་དང་། རུས་པ་གཏིང་ནས་དར་མནན་པ། ༈ ལྡེབ་བརྒྱ་དང་དོན་བརྒྱད་པའི་ཉིན་ངོ ༤ས་ནང་། བྱང་ཁོག་སྟོད་སྨད་མཆིན་དྲིས་དབྱེ་བ་སྟེ། མདུན་གྱི་རྩིབ་མ་འོག་གི་ཐུང་ཤོས་དེ་རྩིབ་ཐུང་། དེའི་སྟེང་མ་གསུམ་འདས་མཚམས་


MR10_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རྩིབ་རིང་། འདིར་ཕུན་སོགས་ལ་བཞེད་པ་མང་ཡང་། རང་ལུགས་མཐེ་བོང་ཚིགས་རྩེ་དྲེག་པ་ཡོད་མེད་བར་ཚོན་གང་། དེའི་ཕྱེད་ལ་རང་སོར། དེ་ཕྱེད་ཕུན། སོར་བཞི་ལ་ཆག་གང་། ལྔ་ལ་མཁྱིད་གང་། དྲུག་ལ་མཛུབ་གང་། བཅུ་གཉིས་ལ་མཐོ་གང་། མཐོ་དོ་ལ་ཁྲུ་གང་ངོ་། །དཔུང་པ་སྒུལ་བསྐྱོད་བྱས་ཚེ། གཉེར་མ་འཇུམ་ནས། སྐེ་སྟོང་། ཚིགས་པ་དང་པོར་གདབ་པ། ༈ །བགོ་སྐལ་ས་བཅད་ཡུལ་གྱི་གནས་ལུགས་ནི། །ཞེས་པ་ལ། རྗེ་ཀུན་མཁྱེན་བླ་མ་མི་ཕམ་ཉིད་ཀྱིས་མཛད་པའི་ཡུལ་ཐིག་བཻཌཱུརྱའི་མེ་ལོང་ཞེས་པར་གསལ། འདིར་རྒྱབ་མདུན་སྒྲིག་པའི་ཟུར་མཆན་ནི། སྐེ་སྟོང་ནས་སོར་བཅུ་གཉིས་གཞལ་བའི་སའམ། མདུན་ངོས་ཚིགས་པའི་རྣམ་གཞག །བདུན་པའི་གཞུང་ཐིག་ནས་གཡས་གཡོན་དུ་སོར་དྲུག་སྟེ་གཞལ་བ་ནུ་མ་གཉིས། དེ་ནས་བྲང་དཀྱིལ་དུ་གཞུང་ཐིག་སར། ཐིག་འཐེན་པའི་ཐིག་ཚད་དེ། མདུན་གྱི་ཚིགས་དམིགས་དགུ་པའི་ས། ལྷན་སྣེའི་རྩེའི་ནས་ཕོ་བའི་ཟུར། རྩིབ་མ་ཡོད་མེད་འཚམ། ཚིགས་པ་བཅུ་གཅིག་པའི་ཐད་གཡས་གཡོན་སོར་དྲུག་རེ་གཞལ་བའི་ས་གཉིས་འཐེན། དེ་ཡང་ལྟེ་བ་ལོང་བཅས་སྒལ་ཚིགས་བཅུ་དྲུག་སར་ཡོད་ལ། མམ་ལུས་སྒུར་སྟབས་ཀྱིས། སྐེ་སྟོང་ཚིགས་པ་དང་པོར་བཟུང་། བཅུ་གསུམ་སར་ལྟེ་བ་ཡོད་པ། སྒུར་སྟབས་ཀྱིས་ལྟེ་ཐད་མཚོན་གསུམ་བྱུག་པ་མངོན་གྲུབ་བོ། །དེ་ཡང་བཅུ་བཞིས་ནས་ཚོན་གང་གཞལ་ས་ནས་ཞེང་ཚོན་གང་། དཔང་སོར་ལྔ། རྣ་མཐའ་མཉམ་པ་སྲད་བུས་


MR10_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་པ་མཁལ་འབྲས། ༈ །ལྡེབ་བརྒྱ་དང་དོན་དགུ་པའི་ཉིན་ངོས་པ༣འི་ནང་། སྲོག་རྩའི་ཡལ་ག་རྣམ་གཉིས་ལག་པར་རྒྱུ། །ཞེས་པ་ནི། སྲོག་རྩའི་ཡལ་ག་ལག་པར་རྒྱུ། ཚིགས་པ་བཞི་ལྔའི་ཐད་ནས་རྩ་བཞི་སྙིང་དང་འབྲེལ་བས་ལག་པར་རྒྱུ། གཅིག་ཕྱིར་མངོན་པ་མཆན་ཁུང་རྔུལ་འདུ། གཅིག་ཕྲག་པར་བརྒྱུད་སོང་བ་གྲུ་ནང་ལི་ཀ དེ་གཉིས་འདོམས་པ་རླུང་རྩའི་འཁོར་ལོ་རུས་འབུར་བལྟ་རྩ། དེ་རྒྱབ་མཐེབ་མཛུབ་བར་ནས་དོན་མཛུབ་ཆུང་འགོ་སོང་བ་འགུལ་རྩ། གཅིག་རླུང་རྩའི་འཁོར་ལོ་ནས་གྱེས་པ་བླ་རྩ་དེ་ལག་མཐིལ་དུ་མྱུར་བ། དེ་དང་ཅིག་ཤོས་ཕྲད་པ། མེའི་འཁོར་ལོའི་རྩ་དེ་ལ་རྐྱང་པ། ཅིག་ཤོས་ལ་ཁུག་པ་ཟེར། ཡར་ལ་མགོར་གྱེས་པ། རྩེ་ནག་ལ་བལྟ་རྩ། གཉིད་ལོག་ལ་བླ་རྩའི་ཆ་མཐུན་དེ་གཉིས་ཕྲད་པ་སྤྱི་བོ་ཚངས་པ་དུང་གི་འཁོར་ལོའོ། །སྐང་པར་རྒྱུ་བ། སྣེ་སར་དོན་པ་མིག་དམར། གཅིག་དཔྱི་དང་སྣེ་སའི་སར་བརྒྱུད་པ་སྣེ་སར་དོན་པ་པུས་མོ་གཉན་གོང་འདོམས་པ་ཆུའི་འཁོར་ལོ། དེ་ལས་གྱེས་པ་གཅིག་སྒབ་ཁུང་དོན་པ་སྒབ་རྩ་ནག་པོ། དེ་ནང་ལོང་ལྕགས་ཀྱི་སྲན་མ། དེ་རྐང་མཐིལ་བཞག་འདྲ། ཅིག་ཤོས་ངར་གདོང་གསེར་ཀ་གདུང་། བོལ་གོང་འགུལ་རྩ། རྐང་མཐིལ་མཐིལ་འཕྲོག་སྟེ་ཅིག་ཤོས་འདུས་པ་ཀུན་གཞིའི་འཁོར་ལོའོ། ༈ །ལྡེབ་བརྒྱ་དང་གྱ་བརྒྱད་ཉིན་ངོ༡ས་པའི་ནང་། བཞི་ཡར་དྲུག་ཡར་བཏང་། ཞེས་དགོང་ཞོག་གཉིས་གུང་གཉི༤ས། དགུང་གཉིས། སྲོད་ཐོ་རངས།


MR10_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤར་ནུབ་དྲུག །༈ །ལྡེབ་བརྒྱ་དང་གོ་གསུམ་པའི་ཉིན་ངོ༢ས་པའི་ནང་། སྦུབས་ཐུར་བྱིད་པོའི་མཆུ་འདྲས་གསང་ས་ཡི། བྱིད་པོ་མཆུ་འདྲ་ནི། རྩེ་ཞིག་སོར་གཅིག་པ་སྒང་ལོག་ལ་སྐར་ཁུང་ཡོད་པ། སྦུབས་དཀྱིལ་ཚད་སྐར་ཁུང་ཡོད་པ། ཐར་འབྱོང་རྣོ་བའོ། །ཞ་ཉེའི་ཐེམ་བུ་ནི། རྣག་ཤ་ཐོན། སྣག་ཆུ་ལྟར་ཐོན་ན། ཞ་ཉེའི་སྦུབ་ཐུར་ཁ་ཁྱེར་ཅན། ནང་བདར་ཤ་བཅས་པ་ཁ་བད་ཆོད་ཡོད་པ། ནང་སྦུབ་ཡངས་པ་ཅན། རིང་ཐུང་ཤའུ་དང་མ་རེག་པ་ཙམ་གཞུག་པར་བྱའོ། ༈ །ལྡེབ་བརྒྱ་དང་གོ་གསུམ་པའི་སྲིབ་ངོ༡ས་པའི་ནང་། ཐེམ་བུ་གཞོན་པའི་རྟགས། ཕར་བཏང་བ་ལས་ཚུར་མང་ན། གསང་ཁ་དམས་པས་གྲང་འབྱམས་འོང་། ཀོ་བ་ཡོད་པས་ཁྲུས་ཉུང་ངུ་བྱ། ཕར་བཏང་བ་ལས་ཚུར་ཉུང་ན་གསང་མཐོས་པས་ཁྲུས་མང་དུ་བྱའོ། ༈ །ལྡེབ་བརྒྱ་དང་གོ་དགུའི་སྲིབ་ངོ༢ས་པའི་ནང་། སྲེ་ལོང་བྲན་རྩེ་སྤུན་མངས་ལ་སོགས་པ། ཕྲན་རྩེ། སོར་ཚིགས་ཡན་མཁྲིག་མ་མན་གྱི་རུས་པ་དེ་ལ་ཟེར། སྤུན་མོངས་ཞེས་པ་སོར་མོའི་རུས་པའོ། །མཁྲིག་མ་རྟིང་ཆུ་ཆུ་བ་སྦལ་མགོ་བཅུ། །ཞེས་པ་ནི། ཆུ་བ་སྦལ་མགོ་ནི། བསེ་སྒྲོམ་སྨུག་པོར། ལོང་ཚིགས་བར་མ་ཆུ་པའི་བར། །གདོང་རྩའི་གཞུག་པའི་བར་དག་ན། །གནས་པ་ཆུ་བ་སྦལ་མགོའི་མིང་། །ཞེས་སོ། ༈ །ལྡེབ་ཉིས་བརྒྱ་དང་གཅིག་གི་སྲིབ་ངོ༣ས་པའི་ནང་། དུག་གསུམ་བྲུན་བཞི། ཞེས་པ་ནི། བཙན་དུག་སེར་པོ། བོང་དུག་དཀར་པོ། ར་དུག་སྔོན་པོ་མེ་ཏོག་གིས་དབྱེ་བ་དང་། ཝ་སྤྱང་


MR10_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོང་གོང་མོའི་བྲུན་བཞིའོ། ༈ །ལྡེབ་ཉིས་བརྒྱ་དང་གསུམ་པའི་སྲིབ་ངོ༤ས་པའི་ནང་། སོགས་པར་འཁོར་ལོ་གཤོག་རྒྱངས་ཆིངས་སུ་བཅིང་། ཞེས། ཞུན་སྟེང་ཚེ་འཛིན་པ་ལ་དེབ་ཟེར། དེ་ལ་མགོ་པོའི་ཕྱིང་དེབ་གཙུག་ཏུ་ཕྱིང་པ་སྒོར་མོ་ཕྱོགས་བཞི་རྨོག་གི་རྣམ་པ་འདྲ་བ། དྲ་མིག་གསུམ་གསུམ་གཏོང་བ་རྣ་བའི་མདུན་རྒྱབ་ནོན་པར་བཏང་། བྱང་ཁོག་ལ་རྒྱབ་གཞུང་ཕྱིང་བ་མང་པོ་བརྩེགས་ལ་གཤུལ་བ་གཉིས་ལས་མཐོ་བར་བྱ། བྲང་གཞུང་ལ་གཉིས་བརྩེགས། སྒྲོག་རུས་ལག་ཤོངས་སུ་ཕྱིང་པ་བརྩེགས་ཞིང་ཁང་བར་བྱ། ལྟོ་བར་ཕྱིང་འདེབས་སམ་སྤུ་དེབ་བཏང་། ཡན་ལག་གི་ཚིགས་སུ་དེ་མཐུན་ཉིས་བརྩེགས། རུས་མགོ་ལ་དེ་མཐུན་རེ་རེ་བཏགས་པ་སོགས། ཐོག་མར་ཡུལ་དེ་སྐྱོན་མེད་པར་བསྲངས། དེ་ནས་ཁུང་བུར་བརྩེགས། འབུར་སར་ཕྱི་ཁྱོག་པར་བསྲིང་། རྣག་ཁར་བུ་ག་ཧར་སྟོང་དུ་བཞག ཐེར་སྲབས་དཀྲི་བ་སོགས་ཀྱང་ངོ་། །དེ་ཆིངས་བཅིང་བ་ལ་ཆག་ཆིངས་གནས་དེ་གང་བདེ་ལྟར་བཅིང་། གསོན་ཆིངས་ནི་ཡས་དཀྲི་མས་དཀྲི་བྱ། མདོ་ཆིངས་ནི། གནའ་ལ་ཡས་བཞེས་མདའ་ཆས་ཆིངས་སུ་རྣག་ལ་ཐུག་པར་བཏང་། དེ་ནས་མས་ཡར་ལའོ། །རྨའི་གཡས་གཡོན་ཤིང་བྱང་གཉིས་ལ་བླངས་ཏེ་བཅིང་། མཐའ་དམ་རྨ་ཁ་ལྷོད་པའི་རྟེན་འདེབས་པའོ། །མདའ་ཆས་ཆིངས་མདེའུ་བཅིང་བ་ལྟར། སུ་ལ་ནོན་དེའི་སྟེང་དཀྲི་བའོ། །སྡོམ་ཆིངས་ལ། བྱང་ཁོག་གི་བསེ་ཁྲབ་ཆིངས། སྐེད་པ་ཐི་གུས་དཀྲིས། དེ་ལ་བཤུལ་


MR10_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཤའི་ཕྱི་ཟུར་གཉིས། ལྟེ་བའི་ཕྱི་ཟུར་གཉིས་ལ་ཐི་གུ་བཞི་དཀྱིལ་བསྐོན་ལ། དེ་ཡི་བཞི་ཐིག་གུ་སྣ་བརྒྱད་ལ་བཀད་བླང་ལ། བཀད་དཀྱིལ་སྣུན་དུ་འཇག་རེ་དཀྲིས་ལ་མཇུག་ཐིག་གུ་བཞི་པོ་ཕྲག་གོང་དུ་མདུད་པ་བྱའོ། །ཡང་ལུགས་གཅིག་ལ། རྐེད་པ་ལ་ཐི་གུ་དཀྲིས། དཔུང་པ་གཉིས་ལ་ཐིག་གུ་རེ་བསྐོན་ནས་དེ་རྣམས་ལ་འཇག་གི་དྲ་མིག་བླ་ལ་བཅིང་བའོ། ༈ །ལྡེབ་ཉིས་བརྒྱ་དང་བཅོ་བརྒྱད་ཉིན་ངོས་པའི་ནང་། འབུ་སྲུང་གཞན་ཡང་། ཞིམ་ཐིག བྱི་རུག སྒོག་སྐྱ། ༈ །ལྡེབ་ཉིས་བརྒྱ་དང་བཅོ་བརྒྱད་པའི་སྲིབ་ངོ ༣ས་པའི་ནང་། གང་ཁྲིད་སོར་མོ་ཚོགས་པའི་གསང་དུ་བསྲེག སྙིང་ལ་མཐེ་བོང་། གློ་བར་མཛུབ། མཆིན་པ་ལ་གུང་མོ། མཚེར་བ་ལ་སྲིན་ལག མཁལ་མ་ལ་མཐེའུ་ཆུང་། སྙིང་ལ་རྒྱབ་ཚིགས་བདུན་པ། གློ་བར་བཞི། མཆིན་པར་དགུ། མཚེར་པར་བཅུ་གཅིག་པ། མཁལ་མ་བཅུ་གཉིས་པའོ། ༈ །ལྡེབ་ཉིས་བརྒྱ་དང་སོ་ལྔའི་ཉིན་ངོ ༡ས་པའི་ནང་། སྣ་ཁྲག་འཛག་ན་མེ་ཏོག་རྩ་གཉིས་བདུན། ཤ་རུ། སྨྱུག་ཤུན། སྲོ་ལོ། ཙན་དན་དཀར་པོ། སྙིང་ཞོ་ཤ ག་བུར། ཛཱ་ཏི། བདུན་གྱི་ཕྱེ་མ་དང་། ༈ །ལྡེབ་ཉིས་བརྒྱ་སོ་བདུན་པའི་ཉིན་ཕྲེ༦ང་ནང་། བེ་ལོག ཅེས། བེའུ་ཁོང་ཤི་ཞག་ལྔ་དྲུག་ལ་བཤས་པ། ཉི་ཟློག དུས། ཤན་པའི་ཁྲག་གིས་ཤ་ལ་ཕོག་པའི་རྐྱེན། ༈ །འབྲུ་ལྡལ། ཞེས། མཆིན་པར་སླེབ་རྟགས། མིག་འབྲས་མདངས་ཉམས་ཏེ་མིག་འབྱར་བའོ། ༈ །ལྡེབ་ཉིས་བརྒྱ་དང་སོ་བརྒྱད་པའི་ཉིན་ངོ༣ས་


MR10_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་། ཅིས་ཀྱང་གྲེ་བར་མ་ཐར་སྦུབས་ཐུར་གྱིས། ཕོ་སྟོད་ལྷན་གསང་ལ་ཐོག་མང་མེ་བཙའ་གཅིག་བྱས། དེ་རྗེས་རྩ་ལ་བྱོལ། མཆིན་པར་མ་ཐུག་བར་ཕུག་ནས། དེ་ནང་སྦུབ་ཐུར་བཙུགས་སྨན་ཞིབ་བཏགས་བསྡུས་ཐང་རྩེ་འཇམ་སྒང་ཕུག་ཏུ་བླུག་སྟེ་བཏང་ངོ་། ༈ །ལྡེབ་ཉིས་བརྒྱ་དང་སོ་དགུ་པའི་ཉིན་ངོ ༡ས་པའི་ནང་། བསེ་ཤིང་རྟ་སྤུ་ཕྱི་ནང་། ཞེས་པ་ནི། བསེ་ཤིང་དཀར་ནག་གི་དཀར་པོའི་ཞོ་ཤྲཱི་ཁཎྚའི་བཟོ་རྒྱུ་དང་། ནག་པོ་ནི་དུག་སྟེ་རེག་པ་དང་བསིལ་གྲིབ་ཀྱིས་ན་ཞིང་སྐྲང་ངོ་། །རྟ་སྤུ་ནི། རྟ་ངང་པ་གསེབ་ཀྱི་སྤུ་དབྱར་དུས་མིའི་ཁོང་པར་སོང་བའི་སྟེང་དུ། ཆང་སྐྱུར་བཏུང་ཞིང་ལུས་བྲེལ་ན། རྟ་སྤུ་རྣམས་འབུར་གྱུར་ཏེ་ནང་ཁྲོལ་ཟ་བའོ། །རྒྱ་ནད་ཀྱང་བསེ་དུག་གོ ༈ །ལྡེབ་ཉིས་བརྒྱ་དང་སོ་དགུའི་སྲིབ་ངོས་གསུམ་པའི་ནང་། སྦྲུལ་དུག་མཚན་ཉིད། ཅེས་པ་ནི། སྦྲུལ་གདེངས་ཀ་ཅན་ནི། བསྡུས་པར། འཁོར་ལོ་གཞོན་དང་གཡུང་ཐུང་གདུགས། །ལྕགས་ཀྱུའི་མཚན་མར་ལྡན་པ་ཡི། །གདེངས་ཀ་ཅན་ནི་མྱུར་འགྲོ་བ། །ཐམས་ཅད་གདེངས་ཀ་ཅན་ཞེས་བྱ། །ལུས་མཁྱིལ་ནི་དེ་ལས། ལུས་མཁྱིལ་སྣ་ཚོགས་པ་ཡིས་ནི། །ཟླུམ་པོར་འདུག་པ་ལུས་མཁྱིལ་ཞིང་། །རིངས་ཤིང་འགྲོས་ནི་བུལ་བ་ཡིན། །ཁྲ་བོ་ནི་ཡན་ལག་བརྒྱད་པར། །རི་བོ་སྣ་ཚོགས་ལྡན་པ་དང་། །སྣུམས་ཤིང་ཁ་དོག་སྣ་ཚོགས་པས། །མཆུ་ཞིང་བྲིས་འགྱུར་ཁྲ་བོ་ཡིན། །གོ་རྡའི་བུ་ནི་གངས་སྦལ་གྱི་བུ་རུ་གྱུར་ལ། །གོ་རྡའི་བུ་ནི་


MR10_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་པ་ཅན། །དུག་གི་གདེངས་ཀ་ཅན་མཉམ་ལ། །རྐང་བཞི་ངོ་བོས་སྦྲུལ་གཞན་ནི། །འདི་དག་ཉིད་ནི་འདྲེས་པ་ལས། །འདྲེས་པའི་མཚན་ཉིད་ཅན་དང་ས། །འདུས་པའི་ནད་ནི་ལྡང་བར་བྱེད། །ཅེས་སོ། ༈ །།ལྡེབ་ཉིས་བརྒྱ་དང་བཞི་བཅུའི་ཉིན་ངོ༢ས་པའི་ནང་། བ་སྦྲུལ་སྲིན་བུ་སྡིག་པའི་དུག་ཀུན་སེལ། །ཞེས་པ་ནི། གཞན་ཡང་། དབྱིག་དུག །མ་ཞུ་བསུད་ནད། རིམས་དང་གདོན་གྱི་ཟིན་པ་བདེ་བར་བྱེད། །ཅེས་འབྱུང་ངོ་། །ཡན་ལག་བརྒྱད་པར། རྒྱ་སྤོས་རུ་རྟ་སྲང་དོ་དོ། །མར་དང་སྦྲང་རྩི་སྲང་བཞི་བཞི། །འདིས་ཀླུ་འཇོག་པོས་ཟིན་ཀྱང་བདེ་བར་བྱེད་དོ། ༈ །།ལྡེབ་ཉིས་བརྒྱ་དང་ཞེ་གཅིག་པའི་ཉིན་ངོ༢ས་པའི་ནང་། རྡོ་ཡི་དྭངས་མ་ཅོང་ཞི་རུས་པའི་གསོས། །ཞེས་པ་ནི། ཅོང་ཞི་ནས་ཙམ་བརྡུང་བ་ཆུ་བྲེ་དྲུག་བཙོས་བྲེ་གང་གདུས། རྩིག་མ་རས་སོགས་བཙང་མས་བཙགས་ལ་ལོགས་སུ་བཞག་བྱས་ཏེ། བདུད་རྩི་བཞི་སོགས་སོ། །འདི་ཟུང་དུ་ཡོད་དོ། །སྨན་མར་ལག་ལེན་ལྟར་ཏེ། ཅོང་ཞི་བཙགས་པ་འདམ་བཏགས་བྱས་པ་དང་། རྩི་བཞི་བྲག་ཞུན་འདམ་བཏགས་གཉིས། ཁུ་བ་འོ་མར་བཙོ། མར་འཕང་། དེ་ནས་ཆུ་ཆོད་ཚེ། བུར་སྦྲང་བཏབ། སྣོད་བཟང་བླུགས། ༈ །ལྡེབ་ཉིས་བརྒྱ་དང་ཞེ་གཉིས་པའི་ཉིན་ངོ༦ས་པའི་ནང་། དཔེར་ན་ས་བོན། ཞེས་པ་ནི། དེས་ན་བུ་འབྱུང་བ་གཙོ་བོ་ཡན་ལག་གཉིས་ཀ་སྐྱོན་མེད་པ་ཐབས་ཤེས་སུ་འབྲེལ་དགོས་ཏེ། སྐྱོན་ཡོད་ན། ༈ །དེ་ལ་གཙོ་བོ་སྐྱེས་པའི་རོ་ཙ་


MR10_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཞེས་པ་ནི། དྭངས་མ་འཕེལ་བས་འདོད་པའི་བདེ་བ་འཕེལ་བ་སྟོབས་རྒྱས་པའི་རོ་ཙར་བརྟགས་ཏེ་འདོད་པ་ལ་འཇུག་སྤྲོ་བའོ། ༈ །ལྡེབ་ཉིས་བརྒྱ་དང་ཞེ་གཉིས་པའི་སྲིབ་ངོས་ལྔ་པའི་ནང་། ཡང་ན་ད་བྱིད་སྨུག་པོ། ཞེས་པ་ནི། ད་བྱིད་རུལ་སུང་མེད་པ་ཚག་ཤའི་བར་བཞག་ལ་བཙམས། ཤ་ནད་གླ་རྩི་ཁུ་བ་བྱུག ཁ་བཅོམ། མེ་ལ་དལ་བུས་བསྲེག སྨིན་ནས་རོམ་སོང་དུས་བླང་ལ། ཕྱི་ཤ་སྲེག་དེ་དུག་ཡིན་པས་ཟ་མི་རུང་། ད་བྱིད་དུག་ཐོན་པའོ། །དེ་ཡིས་མན་ངག་རྒྱུད་ཀྱི་དཀའ་མཆན་རྫོགས་སོ།། །།འདི་ཡི་དཔེ་ཤིན་ཏུ་མི་དག་པས་རྩ་བཤད་མན་ངག་རྒྱུད་རྩ་འགྲེལ་དང་གཏུགས་ཡིད་རྟོན་ཕེར་བར་བྱས། །


previousབདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་དཀའ་མཆན།next