Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
བརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་།
   
   
   
   
   
   


 
previousབརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་།next

བརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་།


MR11_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


MR11_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་ཞེས་བྱ་བ། ན་མོ་མཉྫུ་ཤྲཱི་ཝཱ་གཱི་ཤྭ་རཱ་ཡ། དབྱངས་ཅན་ངག་གི་རྒྱལ་མོར་ཕྱག་འཚལ་ནས། །དབྱངས་ཅན་ངག་གི་མེ་ལོང་ཞེས་བྱ་བའི། །སྒྲ་ཡི་མཚན་ཉིད་སྙིང་པོ་བསྡུས་ཏེ་བརྗོད། །སྒྲ་རིག་དོན་དུ་གཉེར་རྣམས་དགའ་བར་བྱོས། །ངག་གི་ཕྱི་མོ་དབྱངས་དང་གསལ་བྱེད་གཉིས། །དང་པོ་དབྱངས་ཀྱི་སྡེ་ཚན་ལེགས་བསྟན་ན། །ཨ་ཨི་ཨུ་རི་ལྀ་ལྔ་རྩ་བའི་དབྱངས། །ཨ་དང་ཨ་འཕྲད་པ་རིང་སོགས། །རང་འདྲ་ཕྲད་ན་རིང་པོ་ལྔ་རུ་འགྱུར། །གལ་ཏེ་རིང་པོ་འཕྲད་ཀྱང་དེ་ཁྱད་མེད། །ལྀ་ལ་རིང་པོ་མེད་པའི་ལུགས་ལ་ཨཱ་ལ྄་མེད་དོ། །ཨ་རིང་ཐུང་གང་ཡིན་ཡང་དེ། །མཐར་ཨི་ལ་སོགས་པ་བཞི་འཕྲད་ན། །དེ་ཚུ་རོལ་གྱི་དབྱངས་དང་བསྡོམས་ནས་ཨ་ཨི་ཨེའོ་སོགས་ཨེ་ཨོ་ཨར྄་ཨལ྄་ཡོན་ཏན་འགྱུར། །ཨ་རིང་ཐུང་མཐར་ཨེ་ཨོ་རཱྀ་ལཱྀ་བཞི་འཕྲད་ཚེ། །ཨཻ་ཨཽ་


MR11_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨེ་ལ་ཨཻའོ་སོགས་རིམ་པས་སོ། །ཨཱར྄་ཨཱལ྄་འཕེལ་བ་བཞི་རུ་འགྱུར། སྒྲ་གཞུང་རྣམས་ལས་རྀ་ལྀ་གཉིས་ལ་ཡོན་ཏན་ལས་འཕེལ་བ་མེད་པར་འདོད་པ་དང་། སྐབས་འགར་ཕ་རོལ་རྀ་ཐུང་ཡང་ཨཱར྄་བྱེད་པ་ཙམ་ཡོད་ཀྱང་ལྀ་ལ་རིང་པོ་མེད་པས་འཕེལ་བ་གཏན་མེད་འདོད། དུས་འཁོར་ལས་བོད་པ་དང་དེར་མ་ཟད་ཨ་ཧར྄་གྱུར་ཚུལ་ཞིག་ཀྱང་ཤམྦྷ་ལའི་སྒྲ་མདོར་འབྱུང་ཞེས་བཤད་དོ། །ལྀ་གཉིས་ཕྲད་ན་གཅིག་ཏུ་གྱུར་ཀྱང་རིང་པོར་མི་འགྱུར་བ་སོགས་དམིགས་བསལ་ཡོད་དོ། །རིང་ཐུང་གང་ཡིན་ཨ་མཐར་ཨཻ་ཨཽ་ཕྲད་ཀྱང་དེ་ཁོ་ན། །ཨ་མཐར་རིང་ཐུང་གང་ཡིན་ཁྱད་མེད་དོ། །ཕ་རོལ་འདྲ་མིན་དུ་གྱུར་པའི་དབྱངས་ལ་ཚུ་རོལ་གྱི། །ཨི་རིང་ཐུང་གང་ཡིན་ཡང་འདྲ་སོགས་ཡ྄་བ྄་ར྄་ལ྄། །ཨི་ཡ྄་ཨུབ྄་རི་ར྄་ལྀ་ཡ྄འོ། །སྲོག་མེད་འགྱུར། །ཨི་སོགས་རིང་ཐུང་གང་ཡིན་ཁྱད་མེད་དོ། །ཕ་རོལ་དབྱངས་ཡིག་ཀུན་གྱི་ཚུ་རོལ་གྱི། །ཨེ་ཨ་ཡ྄་ཨོ་ཨ་བ྄་ཨཻ་ཨཱ་ཡ྄་ཨཽ་ཨཱ་བ྄་འགྱུར། །སྒྲ་གཞུང་རྣམས་སུ་ལྀ་


MR11_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིང་པོ་མེད། །རྀ་ལྀ་གཉིས་སུ་འཕེལ་བ་མ་བཤད་དོ། །གསལ་བྱེད་སྲོག་མེད་ཕ་རོལ་དབྱངས་ལ་དྲངས། །དབྱངས་རྣམས་ཕ་རོལ་གསལ་བྱེད་ལ་མིན་ཡང་། །གསལ་བྱེད་བརྩེགས་པ་དབྱངས་གཅིག་གྱུར་པ་གོ་ཡཱུ་ཏི་ག་བྱཱུ་ཏི་ལྟ་བུ་ཡོད། །དབྱངས་རྣམས་ནང་ཕྲད་དེ་ལྟར་མཚམས་སྦྱོར་བྱ། །དབྱངས་མཚམས་སྦྱོར་དེ་ལྟར་སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ་བ་ནི། །ཚིག་མཐའི་ཨེ་ཨོའི་ཕ་རོལ་ཨ་ཐུང་དབྱི། །ཨོཥྛ་མིང་ཨོ་ཏུའི་མིང་ཚུ་རོལ་སྔར་དབྱངས་བྱུང་ན་ཨཽ་ཡིན་ཡང་། ཨོ་ཡང་རུང་། ཞེས་ཨཽ་བྱས་ཀྱང་རུང་། སྔ་ཕྱིའི་དབྱངས་དག་མཚམས་སྦྱོར་མི་བྱ་བར། །རང་བཞིན་དེ་གར་གནས་བྱའི་དམིགས་བསལ་ནི། ཨ་དས྄་ལ་མང་ཚིག་གི་རྣམ་དབྱེ་བྱིན་པའི། ཨ་མཱི་དང་ནི་མང་ཚིག་མི་ནན་མཚམས་སྦྱར་ཡང་། གཉིས་ཚིག་བྱིན་པ་ལས་བྱུང་བའི་ཨཱི་ཨུ་ཨེ། མཐའ་ཅན་དང་མཚམས་མི་སྦྱར་ཨཽའི་རང་གཟུགས་མ་གྱུར་ན་མཚམས་སྦྱར་ཀྱང་ཀ་ལཱ་པར། ཨ་མཐའ་ཚིག་ཕྲད་ཙ་ལྭ་སོགས་ཨ་ཐོ་ཨ་ཧོ་དགག་པའི་ནོ་སོགས་སི་ཕྱིས་པ་རྣམ་བརྡམས་པ་རོ་དབྱངས་དང་མི་སྦྱོར་རོ། །ཨོ་མཐའ་ནི་པཱ་ཏ། མིང་འགྱུར་དབྱངས་གཅིག་ལ་སོགས་དུ་མ་དང་། །རྣམ་བཅད་ཕྱིས་པ་དག་གི་ཕ་རོལ་དང་། །པླུ་ཏའི་ཕ་རོལ་དབྱངས་རྣམས་གང་བྱུང་ཡང་། །མཚམས་སྦྱོར་མི་བྱ་དེ་གར་བཞག་པར་བྱ། །རྒྱང་རིང་པོར་འབོད་པ། གླུ་ལེན་ངུ་བ་སོགས་གང་རུང་གི་ཡི་གེ་གསུམ་ནས་མང་པོའི་བར་ངེས་མེད་རིང་པོར་བྱེད་པ་རྣམས་པཱུ་ཏིའི་རྟགས་ཅན་ནོ། །བརྡ་སྤྲོད་གཞུང་ལས་རྩ་བའི་དབྱངས་ལྔ་ལས། །མཚུངས་པ་ཞེས་བྱ་དེ་ལྔ་ཐུང་དང་རིང་། །པཱུ་ཏས་ཕྱེ་པ་ཤིན་རིང་བཅོ་ལྔའམ། །ལྀ་ལ་རིང་པོ་ཤིན་རིང་མེད་པ་དང་། །གཞན་ཡང་འདྲ་བ་ཞེས་པ་ཨཱ་ལ་རིང་གསུམ་འདྲ་བ་ཡིན་པ་སོགས་


MR11_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་འགྲེ། ཡོན་ཏན་མཚམས་སྦྱོར་སོགས། །ཐ་སྙད་གདགས་ཚུལ་རྣམ་པ་དུ་མར་གསུངས། །དུས་ཀྱི་འཁོར་ལོར་ཨ་ཨི་རྀ་ཨུ་ལྀ། །རྩ་བའི་དབྱངས་ལྔ་མཁའ་སོགས་འབྱུང་ལྔའི་ཁམས། །དེ་མཐར་ཨ་སྦྱར་ཡེ་ཤེས་ཁམས་སུ་བཤད། །རིང་པོ་ལྔ་མཐར་ཨཿསྦྱར་ཆོས་དབྱིངས་ཁམས། །ཐུང་རིང་ཡོན་ཏན་འཕེལ་དང་ཧ་སོགས་བསྒྱུར་བ་ལྔས། ཕྱེ་བས་དབྱངས་ནི་དྲུག་ལྔ་སུམ་ཅུར་བཞེད། །མདོ་དང་རྒྱུད་དང་རིག་གནས་སྤྱི་ལས་ནི། །དབྱངས་ལྔ་ཐུང་རིང་ཨེ་ཨཻ་ཨཽ་ཨཽ་བཞི། །ཨཾ་ཨཿདང་བཅས་དབྱངས་ལ་བཅུ་དྲུག་བཞེད། །གསལ་བྱེད་སོ་བཞིའམ་ཀ་ཥ་གཅིག་སྦྱར་བས། །ཐ་མའི་ཀྵ་བཅས་ཨ་ཀྵ་ལྔ་བཅུར་བརྗོད། །དུས་ཀྱི་འཁོར་ལོར་ཀ་སོགས་སྡེ་པ་ལྔ། །ཤ་ཥ་ས་དང་སྐ་ཝ་གཉིས་བཅས་པའི། །གསལ་བྱེད་སུམ་ཅུ་དབྱངས་དང་བཅས་བསྡོམས་ན། །ཡི་གེའི་ཕྱི་མོ་དྲུག་ཅུ་ཉིད་དུ་གསུངས། །དབྱངས་དང་གསལ་བྱེད་ཡི་གེ་འདི་རྣམས་ནི། །མགྲིན་པ་ལ་སོགས་སོ་སོའི་སྐྱེ་གནས་ཅན། །ཕན་ཚུན་སྦྱར་བའི་བྱེ་བ་དུ་མའི་ཚོགས། །ཡི་གེའི་མདོ་རྣམས་དག་ཏུ་ལེགས་པར་བསྟན། །གསལ་བྱེད་སྲོག་མེད་ངག་ཏུ་བརྗོད་མི་ནུས། །དབྱངས་ཀྱི་སྲོག་ལྡན་ཡི་གེ་དེ་དག་རྣམས། །ཚོགས་པས་མིང་ཚིག་ངག་གི་རང་བཞིན་འབྱུང་། །ཞར་བྱུང་ཉེར་མཁོའི་བརྡའ་ཆད་འགའ་ཞིག་བརྗོད། །ཀུ་ཙུ་ཊུ་ཏུ་པུ་ཞེས་རང་སྡེ་མཚོན། །ཀ་སོགས་སྡེ་པའི་དང་པོ་ལ་སོགས་ལྔ། །མིང་ངམ་བྱིངས་མཐའི་དབྱངས་གསལ་ཊི་ཞེས་བྱ། །གསལ་བྱེད་མཐའི་སྔོན་དབྱངས། འབྲུ་ཆུང་བཅུག ནི་ཨུ་པ་དྷཱ། །ཕ་རོལ་བརྩེགས་མེད་དབྱངས་ཐུང་ཡང་བ་ཡིན། །


MR11_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་རིང་ཀླད་ཀོར་ཚེག་དྲག་ལྡན་པ་དང་། །བརྩེགས་པའི་སྔོན་མར་གྱུར་རྣམས་ལྕི་བར་བཤད། །བོད་པའི་སི་ལ་དྷི་ཞེས་མིང་དུ་བཏགས། །ཀ་ལ་པར་སཾ་དྡྷི་ཟེར། བརྗོད་དོན་བཅུག་པའི་དབྱངས་ལ་ཨིཏ་ཅེས་ཟེར། །ཆེད་དོན་དུ་བཅུག་གསལ་བྱེད་སོགས་འགྲོ་བ། །དེ་ལ་ཨིཏ་སྦྱར་དེ་ཉིད་འགྲོ་ཤེས་བྱ། །ཨཀ྄་སོགས་གློ་བུར་རྐྱེན་མིང་ཨཱ་ག་མ། །དབྱི་དང་བསྒྱུར་དང་ལན་གཉིས་བརྗོད་པ་སོགས། །རྣམ་གཞག་དུ་མ་གཞུང་གི་སྐབས་སུ་འབྱུང་འགྱུར། །གསལ་བྱེད་ཡི་གེ་བསྡུ་སླད་འདི་ལྟར་བརྗོད། །ཧ་ཡ་ཝར་མཐར་གནས་བཞི། ལ། ཉ་ཎ་ནྲ་ང་མ། རྗེས་སུ་སྣ་ལྡན། ཛྷ་ཌྷ་དྷ་གྷ་བྷ། ག་ཛ་ཌ་ད་༢༠ བ། སྒྲ་ལྡན་ཉི་ཤུ། ཁ་ཚ་༢ ༡ཕ་ཋ་ཐ། ཙ་ཊ་ཏ་ཀ་བ། ཤ་ཥ་སཱ༡༣། སྒྲ་མེད། ཧ་བཅས་དྲོ་བ་བཞིའོ། །ཐོག་མཐའི་ཡི་གེ་སྦྱར་བས་བར་ཀུན་བསྡུ། །དབྱངས་མེད་གསལ་བྱེད་ཕ་རོལ་དབྱངས་ལ་དྲང་། །དེ་མེད་ཕ་རོལ་གསལ་བྱེད་ཆུ་ལ་ཀུ་བའི་རིགས་པས་སོ། །སྟེང་དུ་བརྩེགས། །གསལ་བྱེད་སྲོག་མེད་ནང་འཕྲད་མཚམས་སྦྱོར་ཚུལ། །ར་ཧ་མ་གཏོགས་ཚུ་རོལ་གསལ་བྱེད་ཀྱི། །ཕ་རོལ་ཧ་སའི་སྔ་མ་དེ་གཉིས་འགྱུར། །ཚུ་རོལ་ར་ལས་ཕ་རོལ་ཡ་དང་བ། །བྱུང་ན་ཡང་བ་དེ་དག་གཉིས་སུ་འགྱུར། །ཨུ་བ་དྷཱ་ཐུད་དབྱངས་མཐའི་ད་ཎ་ན། །ཕ་རོལ་དབྱངས་བྱུང་སྔ་མ་དེ་གཉིས་འགྱུར། །དབྱངས་ཐུང་ཕ་རོལ་ཚ་བྱུང་ཚ་དེའང་གཉིས། །ཚུ་རོལ་བཞི་པ་རྣམས་ཀྱི་གྷ་སོགས་ཕ་རོལ་ཏུ། །བཞི་པ་རྣམས་བྱུང་ཚུ་རོལ་གསུམ་པར་ག་སོགས་འགྱུར། །རྟགས་མཐའི་ཚིག་ཏུ་གྲུབ་ཟིན་གྱི་མཐའི་ཡ྄་བ྄་ཡང་ན་དབྱི། །ཕྱིས་དེ་ཕ་རོལ་དབྱངས་དང་མི་སྦྱོར་བའམ། །ཡང་ན་སྦྱོར་བ་འདམ་ངའོ། །ཚིག་མཐའ་


MR11_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ལ་རྣམ་དབྱེ་སྦྱར་ཟིནའི་ཙ་པའི་ཕ་རོལ་ཨ་བ་དབྱངས་སྒྲ་ལྡན་བྱུང་། །སྔ་མ་ཛ་བ་རྣམས་སུ་འགྱུར་བའམ། །ཡང་ན་ཕ་རོལ་ཉ་མ་ལྔ་པར་འགྱུར། །ཙ་བའི་ཕ་རོལ་ཤ་དེ་ཚར་འགྱུར་རམ། །ཙ་པའི་ཕ་རོལ་ཧ་ནི་སྔ་མ་རང་སྡེའི་བཞི་པར་ཡང་ན་འགྱུར། །ཚིག་མཐའི་ས་ཏུའི་ཕ་རོལ་ཤ་ཙུ་བྱུང་ན། །ཚུ་རོལ་ཤ་དང་ཏ་སོགས་ལྔ་པོར་འགྱུར། །ཚུ་རོལ་ཙུ་ལས་ཕ་རོལ་ཏུའང་ཙུ། །ཚུ་རོལ་ས་ཡི་ཕ་རོལ་ཥ་ཊུ་བྱུང་། །ས་དེ་ཥ་ཡིག་ཉིད་དུ་རྣམ་པར་འགྱུར། །ཚུ་རོལ་ཏ་ཡི་ཕ་རོལ་ཊུ་བྱུང་ན། །ཏ་དེ་ཊ་སྡེ་དེ་རྣམས་སུ་ཡང་འགྱུར། །ཚུ་རོལ་ས་ཏུའི་རྗེས་སུ་ཥ་ཊུ་ན། བྱུང་། །ཚུ་རོལ་ཥ་དང་ཊ་ཡི་སྡེ་པར་འགྱུར། །ཚིག་མཐའི་ཊུ་ལས་ཕ་རོལ་ས་ཊུ་ནི། །ཥ་དང་ཊུ་རུ་འགྱུར་བ་མ་ཡིན་ནོ། །ཏ་ན་གཉིས་ལས་བྱུང་བ་དེ་གཉིས་ལ། །ན་ཡི་ཕ་རོལ་ཡ་བ་ལ་གསུམ་བྱུང་། །ན་ནི་ཕ་རོལ་དེ་དེའི་གཟུགས་སུ་འགྱུར། །དེ་ལའང་སྣ་ལྡན་ཡོད་མེད་རྣམ་གྲངས་གསུམ། །གཞན་ཡང་ཀ་ལཱ་པ་ལས་འདི་ལྟར་བཤད། །ཚིག་མཐའི་ད་རྗེས་ལ་དང་ཀུ་ཊུ་བྱུང་། །ཏ་དེ་ཕ་རོལ་གང་ཡིན་དེ་དེར་འགྱུར། །ཕ་རོལ་ཤ་བྱུང་ཏ་དེ་ཙ་རུ་འགྱུར། །ན་མཐའ་ཙ་ཚ་ཕ་རོལ་ཤ་རུ་འགྱུར། །ཊ་ཋ་ར་ཥ་དང་ཏ་ཐ་དག་ལས། །པྲ་ཤན་ལ་མིན་དམིགས་བསལ་ལོ། །དེ་གསུམ་ལ་ནི་སྔ་མར་ང་རོ་ཐོབ། །ཛ་ཛྷ་ཉ་ཤ་རྣམས་ལ་ཉ་རུ་འགྱུར། །ཤ་ལ་པཉྩ་ཡང་ནའོ་དམིགས་བསལ་ལོ། །ཌ་ཌྷ་ན་ལ་ན་དེ་ཎ་རུ་བྱ། །ཚིག་མཐའི་མ་ནི་ང་རོ་བྱ་བའམ། །སྡེ་ལྔ་རྗེས་ཡོད་དེ་དེའི་ལྔ་པར་འགྱུར། །དབྱངས་ཅན་མདོ་ལས་ན་མཐའི་ཕ་རོལ་ཏུ། །ཚ་ཏའི་བར་བྱུང་ན་མཐར་སཀ྄་སྟེར་བྱ། །ན་མཐའི་ཕ་རོལ་ཤ་ལ་ཙཀ྄་ཀྱང་གསུངས། །ཚུ་རོལ་


MR11_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཛྷ་ས་ཕ་རོལ་ཁ་ས་ལ། །ཚུ་རོལ་ཙ་པའི་ཡི་གེ་རྣམས་སུ་འགྱུར། །ཥ་ར་རྀ་རྗེས་སྲོལ་ལྡན་ན་ཎར་འགྱུར། །མཐའི་ན་དབྱངས་མེད་མིན་ནོ། །ཨ་བ་ཀུ་པུས་བར་དུ་ཆོད་ཀྱང་འགྱུར། །ཀུ་ཨི་ལ་རྗེས་སྲོག་ལྡན་ས་ཥའོ། །སྲོག་མེད་གསལ་བྱེད་བརྩེགས་པའི་མཐའ་དབྱིའོ། །ད་ནི་གསལ་བྱེད་ཀྱི་ནི་ཆར་གཏོགས་པ། །ང་རོ་དང་ནི་རྣམ་བཅད་མཚམས་སྦྱོར་བཤད། །ས་ར་སྲོག་མེད་དག་ནི་རྣམ་བཅད་བྱ། །ཚིག་མཐའི་མ་ཡི་ཕ་རོལ་ཧ་ས་བྱུང་། །མ་དེ་ང་རོར་བྱེད་པ་ཤས་ཆེ་ལ། །ཛྷ་ས་ཕ་རོལ་ཚིག་མཐའི་ན་དེ་འདྲ། །ཕ་རོལ་ཡ་བར་ང་རོ་ཉ་མར་འགྱུར། །ཡ་བ་ལ་བྱུང་ང་རོ་དེ་དེར་འགྱུར། །ཤ་ཥ་ས་ཧ་ར་ལྔ་ཕ་རོལ་བྱུང་། །ང་རོ་ལྙོ་འགྱུར་རིག་བྱེད་ལས་བྱུང་ངོ་། །ཁ་སའི་ཕ་རོལ་རྣམ་བཅད་ས་རུ་འགྱུར། །ཤ་ཥ་ས་ལ་ཡང་ན་དེ་དེར་འགྱུར། །ཀ་ཀར་ྈྐ་དང་པ་ཕར་ཝ་ཉའམ་མིན། །པ་ཙ་སྤ་ཏི་ལ་སོགས་ཚིག་ཕྲད་ཀྱིས། །སྒྲུབ་ཚུལ་རྣམ་པ་དུ་མ་དག་ཏུ་འགྱུར། །ཡང་གཅིག་རྣམ་བཅད་ཀྱི་ནི་ཕ་རོལ་ཏུ། །ཙ་ཚར་ཤ་དང་ཏ་ཐར་ས་དང་ནི། །ཊའམ་ཋ་ལ་ཥ་རུ་འགྱུར་ཡང་བཤད། །ཨ་མཐའི་རྣམ་བཅད་ཕ་རོལ་ཨ་བྱུང་ན། །རྣམ་བཅད་ཨུ་བྱ་དེ་བཞིན་ཧ་བའང་། །ཨ་ཧཿའི་ཕ་རོལ་ར་བྱུང་རྣམ་བཅད་ར། །རཱ་ཏྲི་སོགས་ལ་མི་འགྱུར་དམིགས་བསལ་ལོ། །ར་ལས་བྱུང་བའི་རྣམ་བཅད་ཡིན་ན་ནི། །ཁ་པ་ར་གསུམ་རྗེས་བྱུང་ར་ཉིད་འགྱུར། །ར་མཐའ་དང་ནི་ན་མིན་མཐའི་རྣམ་བཅད། །ཕ་རོལ་ར་བྱུང་ར་དབྱི་སྔ་མ་རིང་། །ནཱ་མིན་མཐའི་ཚེག་ཨ་བ་ཕ་རོལ་ར། །ཨུ་ཥཿརྣམ་བཅད་ཀྱང་ནི་དེ་དང་འདྲ། །ཨཱ་མཐའི་རྣམ་བཅད་ཕ་རོལ་ཨ་བར་དབྱི། །ཨཱ་རྗེས་


MR11_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་རྣམ་བཅད་ཡར་འགྱུར་རམ། ཡང་ན་དབྱི། བྷོཿསོགས་ཕ་རོལ་ཨ་བར་རྣམ་བཅད་དབྱི། བྷོཿཨ་གྷོཿབྷ་གོཿ སཿཏད྄་དང་སེ་ཏག་པ་སི་བྱིན་པའི་ཨེ་ཥཿནི་ཕ་རོལ་ཧ་ས་ལ། །རྣམ་བཅད་དབྱི་བྱ་དེ་ལྟར་གང་ཐོབ་སྦྱར། །གསལ་བྱེད་གཞན་པ་ཕ་རོལ་མགོ་བོ་བརྩེགས། །བརྡའ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་ལས་དབྱངས་དང་གསལ་བྱེད་མཚམས་སྦྱོར་བའི་ལེའུ་སྟེ་དང་པོའོ། ༈ །རྣམ་དབྱེ་མེད་མིང་སྦྱར་ཟིན་ཚིག །སྦྱར་བྱའི་རྣམ་དབྱེ་ཉེར་གཅིག་སྟེ། །སི་ཨོ་ཛས྄་དང་པོ། ཨམ྄་ཨཽ་ཤས་གཉིས་པ། ཊཱ་བྷྱཱམ྄་བྷིས྄་གསུམ་པ། ངེ་བྷྱ་མ྄་བྷྱ་ས྄་བཞི་པ། ང་སི་བྷྱཱ་མ྄་བྷྱས྄་ལྔ་པ། ངས྄་ཨོས྄་ཨཱམ྄་དྲུག་པ། ངི་ཨོ་ས྄་སུབ྄་བདུན་པའོ། །འབོད་པའི་དོན་ལའང་དང་པོ་གསུམ།དེ་ཡང་རྟགས་མཐའ་ཕོ་མོ་དང་། མ་ནིང་དབྱེ་བས་རྣམ་དབྱེ་རྣམས། །ཞུགས་པ་འདྲ་དང་མི་འདྲར་འགྱུར། །མིང་ནི་རྟགས་གསུམ་རེ་རེའམ། །གཉིས་དང་གསུམ་ཀ་ཅན་ཡང་ཡོད། །རྟགས་མེད་པ་ནི་མི་ཟད་པའོ། །རྣམ་དབྱེ་བདུན་པོ་རེ་རེ་ཡང་། །གཅིག་ཚིག་གཉིས་ཚིག་མང་ཚིག་གསུམ། །སྦྱར་གཞི་མིང་མཐའ་དབྱངས་གསལ་གཉིས། །དབྱངས་ལ་ཨ་སོགས་དབྱེ་བས་ཕྱེ། །སྤྱིར་བཏང་རྣམ་དབྱེ་འདི་དག་གི། ཛ་ཤ་ཊ་དང་ང་བཞི་དང་། །མཐར་ཞུགས་ཨི་དང་པ་རྣམས་འགྲོ། །ལྷག་མའི་དབྱངས་གསལ་རྐྱེན་དངོས་ཡིན། །དམིགས་གསལ་བསྒྱུར་སོགས་སྐབས་ཤེས་བྱ། །དམིགས་བསལ་མེད་ན་རྟགས་གསུམ་གས། །སྤྱིར་བཏང་བཞིན་དུ་སྦྱར་བར་བྱ། །མདོ་ཙམ་བརྗོད་ན་ཚིག་ཉུང་


MR11_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དོན་རྣམས་བློ་ལ་འཆར་དཀའ་བས། །གསར་བུ་རྣམས་ཀྱང་བདེ་བླག་ཏུ། །རྟོགས་ཕྱིར་འདིར་ནི་རྒྱས་སྤྲོས་བརྗོད། །དོན་དངོས་བརྗོད་ཚེ་དང་པོ་སྦྱིན། །སྐྱེས་རྟགས་ཨ་ཐུང་མཐའ་ཅན་ལ། །སི་བྱིན་ཨི་དབྱི་ས་རྣམ་བཅད། །ས་ར་དག་གི་རྣམ་བཅད་དོ། །གཉིས་ཚིག་ཨཽ་གཉིས་མཚམས་སྦྱར་བྱ། །ཛས་ཀྱི་ཛ་དབྱི་དབྱངས་མཚམས་སྦྱར། །ལས་སུ་བྱ་བར་གཉིས་ཚིག་སྦྱིན། །རྟགས་མཐར་མཚུངས་པའི་ཡི་གེ་ལ། །ཨམ྄་ཤས྄་དག་གི་ཨམ྄་ཤས྄་དག་གི་ཨའི་འོ། །སྲོག་གི་ཨ་དབྱི་བྱ། ཨཽ་ནི་སྔ་མ་བཞིན་མཚམས་སྦྱར། །ཤས་ལ་རྟགས་མཐའ་རིང་ཤས་ལའོ། །ཤ་འགྲོ། ཨ་ཕྱི་སྐྱེས་པ་ལ་སའི་ནའོ། །སྐྱེས་པར་ས྄ན྄་འདྲ་ཡིག་མཐར་བྱ། །བྱེད་པའི་དོན་ལ་གསུམ་པ་སྟེ། ཊཱ་ནི་ཨི་ན། ཊཱ་ཨི་ནའོ། །བྱས་མཚམས་སྦྱར། །བྷ་རྐྱེན་ཀུན་ལ་རྟགས་མཐའ་རིང་། །བྷ་ལ་སཱ་ཏ྄འོ། །བྷྱཱམ྄་ཉིད་ནི་རང་སར་སྦྱར། །བྷིའི་ཤས་ལའོ། །བྷིའི་བྷ་ནི་བྷིའི་བྷིའི་ཨའོ། །ཨ་རུ་འགྱུར། །ཡང་ན་ཀ་ཙན་གཉིས་ལས་འདི་ལྟར་འབྱུང་། བྷིས྄་ཨཻས྄་བྱས་ཀྱང་འདྲ། །སྒྲ་ཡི་སྡེབ་སྦྱོར་གཞན་ལས་ནི། །བྷིས྄་ལ་རྟགས་མཐའ་ཨེ་བྱས་དེ་བི་ལྟ་བུའོ། །སྦྱར། །ཆེད་དོན་ལ་ནི་བཞི་པ་སྦྱིན། །དེ་མཐའ་ཨ་དེའི་ཨཀྲའོ་ཀ྄་སྟེར་རཀ྄་ཕྱིས་སྦྱར། །བྷྱཱམ྄་རྟགས་མཐའ་རིང་བྱས་སྦྱར། །མང་ཚིག་ས་བྷར་མཐའི་ཨ་ས་བྷ་མང་པོ་ཉིད་ལ་ཨེའོ། །ཨེ། །དེ་ཕྱིར་རྟགས་མཐའ་ཨེ་རུ་བྱས། །དེ་ལ་བྷྱ་ས྄་སྦྱར་བར་བྱ། །འབྱུང་ཁུངས་དོན་ལ་ལྔ་པ་སྦྱིན། །ང་སི་ཨ་ཨཱ་ཏ྄་དུ། ང་སིའི་ཨཱ་ཏའོ། །བསྒྱུར་བྱས་སྦྱར། །བྷྱཱ་མ྄་རྟགས་མཐའ་རིང་། ས་བྷ་མང་པོ་ཉིད་ལ་ཨེའོ། །བྱས་སྦྱར། །བྷྱཱས྄་ལ་རྟགས་མཐའ་ཨེ་བྱས་སྦྱར། །འབྲེལ་བ་བརྗོད་འདོད་དྲུག་པ་སྦྱིན། །དས྄་ནི་སྱ་བྱས་ནས་སྦྱར། །དས྄་སྱའོ། །ཨོས་ལ་རྟགས་


MR11_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཨ་ཨེ་བྱ། །ཨོ་ས྄་ལའོ། །ཨཱ་མ་སྔོན་བུ་ཊ་སྟེར་ཨུ་ཊ྄་ཕྱིས་སྦྱར་{ཨཱ་མའི་ནུ་སའོ།}།ཕ་རོལ་ནཱ་མ྄་ལ་རྟགས་མཐའ་{ནཱ་མ་ལའོ།}།རིང་། །གནས་གཞིའི་དོན་ལ་བདུན་པ་སྟེ། །དེ་ཡང་ཕྱི་མཚམས་སྦྱར་བྱ། །ཨཱོ ས྄་ལ་རྟགས་མཐའ་ཨེ་བྱས་སྦྱར། །ལུས་ཀྱི་པ་དབྱི་རྟགས་མཐའ་ཨེ། །ཀུ་ཨི་ལ་རྗེས་ས་ནི་ཥ། །བོད་པའི་དོན་ལ་དང་པོ་གསུམ། །བྱིངས་མིན་མཚུངས་པར་བོད་སི་{བྱིངས་མ་ཡིན་པ་མཐའི་མཚུངས་པ་ལ་བྷི་དབྱིའོ།}།དབྱི། །བོད་པ་གསལ་བྱེད་ཧེ་སྔོན་བཞག །ཨཽ་ཛས྄་དག་ནི་གོང་བཞིན་ནོ། །ཥ་ར་རྀ་རྗེས་ན་ཆར་{ཥ་ར་རྀ་ལས་མཐའ་མིན་པའི་ནའི་ཎའོ།}།འགྱུར། །མཐའ་ཡི་དབྱངས་མེད་ལ་དེ་མིན། །ཨ་བ་ཀུ་པུས་ཆོད་ཀྱང་ཨབ་ཀུ་བུ་བ་ངན་ཡོད་ཀྱང་ངོ་འགྱུར། །ཨ་ཐུང་མཐའ་ཀུན་དེ་ལྟར་སྒྲུབ། །སརྦ་ཞེས་བྱའི་སྡེ་ཚན་ནི། །རྟགས་གསུམ་ཅན་ཡིན་རྗེས་ནས་འཆད། །ཨ་མཐའི་བྱེ་བྲག་འགའ་ཞིག་གི། དམིགས་བསལ་དབྱེ་བ་བཤད་པ་ལ། །མཱ་སའི་ཟླ་བ་སྟེ་དུས་ཀྱི་ཟླ་མིང་མཐའི་ཨ་ཡང་ན་དབྱི། །ཧས་ཨཱིཔ྄་ཧས་ཨི་པ྄་ལས་སིའི་དབྱིའོ།། མཐའི་སི་དབྱིའོ། །ཨཽ་ཕན་ས྄་ནི་དབྱངས་ལ་དྲངས། །གཞན་དུ་རྣམ་བཅད་བྱས་པ་དེ། །ཨཱ་ལས་ཨ་བ་ལ་དབྱི་སྦྱར། །མ་ཕྱིས་ཨ་ཐུང་མཐའ་ལྟར་བསྒྲུབ། །སྐྱེས་རྟགས་ཨཱ་རིང་མཐའ་ཅན་ནི། །ཨོཾ་སོགས་དབྱངས་ལ་མཚམས་སྦྱར་བྱ། ཤས྄་ཕན་རྗེས་འབྲེལ་ཕྱིས་རྣམས་ལ། །བྱིངས་འབྲེལ་རྟགས་མཐའི་ཨཱ་ཕྱིས་དྲངས། །བྱིངས་ཀྱི་ཨཱ་རུའི་དབྱིའོ། །གསལ་བྱེད་རྣམས་ནི་རང་སར་བཞག །ས་ར་རྣམ་བཅད་དྷི་མི་དབྱི། །ཨཱ་རིང་མཐའ་ཀུན་དེ་ལྟར་བྱ། ༈ /ཧ་རི་གུ་རུ་ལྟ་བུ་ནི། །སྐྱེས་རྟགས་ཨི་ཨུ་ཨུའི་


MR11_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རྣམས་ལ། །རྣམ་དབྱེ་ཨཽ་ནི་{ཨཽ་ནི་ཨི་ཨུ་དག་གོ}ཨི་ཨུར་བསྒྱུར། །ཛས྄་ལ་རྟགས་མཐའ་ཨེ་ཨོར་{ཛས྄་ལ་ཨེ་ཨོའོ།}འགྱུར། །བོད་སི་ལ་ཡང་དེ་དང་{ངྷི་ལའོ།}འདྲ། །དེ་དང་ང་སི་ངས྄་ཀྱང་{དི་ཏ་ལའོ་}དེའོ། །མོ་མིན་རྟགས་མཐའི་ཊྭ་ནཱ་{བུད་མེད་མིན་པ་ཡ་ཊཱ་ནཱའོ།} བྱཱ། །ང་སི་ངས྄་ཀྱི་{ང་སི་ངས྄་དག་གི་ཨའོ།}ཨ་དབྱིའོ། །ངི་ནི་ཌཽ་རུ་བསྒྱུར་བར་བྱ། །{ངེའི ཨཽ་ཌ྄ི་ཏའོ།}ཌ་འགྲོ་རྟགས་མཐའི་དབྱངས་{ཌིཏ྄་ལ་ཊིའི་འོ།}དབྱིའོ། །དེ་ལྟར་སྒེར་གྱི་མདོ་བརྒྱད་དང་། །གཞན་ཡང་ས་ར་རྣམ་བཅད་དང་། །ཨམ྄་ཤས྄་ཀྱི་ནི་ཨ་དབྱི་བ། །སྐྱེས་པར་ཤས་ཀྱི་སེ་ན་དང་། །ཨཱ་མ་ལ་གོང་དུ་ནུ་ཊཱ་སྟེར་དང་། །ནཱ་མ་ལ་རྟགས་མཐའ་རིང་བ་དང་། །ཀུ་ཨི་ལ་རྗེས་ས་ནི་ཥ། །ཥ་ར་རྀ་རྗེས་ན་ནི་ཎ། །ཨ་བ་ཀུ་པུས་ཆོད་ཀྱང་འགྱུར། །མིང་མཐའི་མཚུངས་རྗེས་བོད་སི་དབྱི། །ཨ་ཐུང་མདོ་དགུ་ཐུན་མོང་འགྱུར། །ཨི་མཐའི་བྱེ་བྲག་ས་ཁི་ལ། །དྷི་མིན་སི་ཌཱ་ཌ་འགྲོ་{དྷི་མ་ཡིན་པའི་སིའི་ཌཱའོ།}ཕྱིར། །རྟགས་མཐའི་དབྱངས་ནི་དབྱི་བར་བྱ། །ཨཽ་ཛས྄་ཨམ྄་ཨཽར་རྟགས་{ས་ཁེའི་ཨཻའོ།}མཐའ་ཨེ། །ས་ཁི་པ་ཏིའི་ཕ་རོལ་དུ། །ཊཱ་ངེ་ངི་ལ་རྟགས་ས་{ཁི་དང་པ་ཏི་དག་གི་ཨཱིཀ྄འོ།}མཐའ་ཨཱིཀ྄། ཡང་ན་སྐྱེས་རྟགས་ཨི་ཐུང་བཞིན། །ང་སིངས྄་ལ་རྟགས་མཐར་{ང་ལ་རྀ་ཀ྄འོ།}རྀཀ྄། རྀ་མཐའི་{ང་སི་ང་ས་ཀྱི།}ཨ་ཨུ་ཊི་{རི་ཏ་ལས་ངའི་ཨུའོ།}དབྱིའོ། །དེ་ལྟར་སྒེར་གྱི་མདོ་ལྔ་དང་། །སྐྱེས་པའི་ཨ་ཐུང་ཐུན་མོང་མདོ། །ཨ་མ྄་ཤ་ས྄་ཨ་དབྱི་ཤ་ས྄འི་ས྄་ན྄། །ཤས྄་ལ་རྟགས་མཐའ་རིང་པ་དང་། ཨཱམ྄་ལ་ནུ་ཊ྄་སྟེར་ནཱ་མ྄་ལ་རིང་། །ཀུ་ཨི་ལས་ཥ་མཚུངས་དྷི་དབྱི། །དྷི་ལ་རྟགས་མཐའ་ཨེ་ཨོ་སྟེ། །


MR11_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྒྱད་དང་བཅས་པས་བསྒྲུབ། །པ་ཏི་ཚིག་སྡུད་ཅན་དེ་ནི། །སྤྱིར་བཏང་སྐྱེས་པའི་ཨི་ཐུང་འདྲ། །སྡུད་མེད་པ་ཏི་རྐྱང་པ་ནི། །དང་པོ་གཉིས་པ་ཧ་རི་འདྲ། །གསུམ་པའི་ཊཱ་ཕན་ས་ཁི་བཞིན། །གྲངས་ཀྱི་མིང་གི་བྱེ་བྲག་ནི། །དྭི་ལ་གཉིས་ཚིག་ཁོ་ན་འཇུག །འདི་ནི་སརྦ་ནཱ་མར་གཏོགས། །ཏྲི་ལ་མང་ཚིག་ཁོ་ན་སྟེ། །དྲུག་ནཱམ྄་ཏྲིའི་ཨི་ཨ་ཡང་{ཏྲིའི་ཨ་ཡ྄ང་ངོ་།}བསྒྱུར། །འདི་ནི་ཏྲིའི་སྒེར་མདོ་གཅིག །གཞན་ཡང་ཛས྄་ལ་རྟགས་མཐའ་ཨེ། །རྣམ་བཅད་ཨམ྄་ཤས྄་ཨ་དབྱི་དང་། །ཤས྄་ལ་མཐའ་རིང་སྐྱེས་ས་ན། །ཨཱམ྄་ལ་ནུ་ཊ྄་སྟེར་ཥ་ར་རྀ། །ཀུ་ཨི་ལ་བཅས་བརྒྱད་སྦྱར་བསྒྲུབ། །གཞན་ཡང་ཏྲ་ཡཱ་ཎཱཾ། ཏྲི་ལ་དེ་བྱིན་ནས། །ཨ་ཡང྄་བསྒྱུར་བྱས་དེ་མཐར་ཨཀ྄། ཏྲ་ཡཱ་ཡ་ཞེས་བྱ་བར་འགྲུབ། །ཅི་ཙམ་དོན་ཅན་ཀཱ་ཏི་ལ། །རྟག་ཏུ་མང་ཚིག་ཁོ་ན་སྟེ། །ཛས྄་ཤས྄་འཇིག་ཅིང་ཐུན་མོང་དུ། །ཨཱ་མ྄་ནུ་ཊ྄་ནཱ་མ྄་རིང་ཀུ་ཨི་ལ། །གསུམ་པོ་སྦྱར་ཏེ་བསྒྲུབ་པར་བྱ། །སྐྱེས་རྟགས་ཨཱི་ཨཱུའི་སྒེར་མདོག་ཅིག །མིང་བྱིངས་གཞི་མཐུན་ཨཱི་དང་ཨཱུ། །ཕ་རོལ་དབྱངས་ཨི་ཡ྄་ཨུ་བ྄་{བྱིངས་ཀྱི་ཨཱི་ཨཱུ་དག་གི་ཨི་ཡ྄་ཨུ་པ྄་དག་དབྱངས་ལའོ།}འགྱུར། །ཨ་ཐུང་དང་ནི་ཐུན་མོང་མདོ། །ས྄་ར྄་རྣམ་བཅད་ཀུ་ཨི་ལ། །གསལ་བྱེད་རྐྱེན་རྣམས་རང་སར་བཞག །ཨཱི་ཨཱུའི་མཐའ་ཅན་ཀུན་དེ་བཞིན། །སེ་ནཱ་ནཱི་སོགས་སྒེར་མདོ་གཅིག །བྱིངས་ཆའི་མིང་མཐར་དབྱངས་ལ་ནི། །ཨཱི་ཨཱུ་ཡང་ན་ཡ྄་བ྄་བྱ། ཡ྄་བ྄་དག་ལ་ཡང་ནའོ། །རྣམ་བཅད་ཨཱམ྄་ནུ་ཊ྄་མ྄་ལ་རིང་། །ཀུ་ཨི་ལ་བཅས་གསུམ་པོ་དང་། །འཆད་འགྱུར་དི་ཨཱམ྄་བཅས་བཞིས་བསྒྲུབ། །རྣམ་དབྱེའི་རྗེས་


MR11_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་རྣམས་ཕྱིས་ནས། །རྟགས་མཐའ་བསྒྱུར་བར་བྱས་པ་དེ། །དབྱངས་རྣམས་ལ་ནི་མཚམས་སྦྱར་ཞིང་། །གསལ་བྱེད་རྣམས་ལ་རང་སར་བཞག །སྭ་ཡཾ་བྷཱུ་སོགས་དེ་བཞིན་ནོ། །ཨཱ་པ྄་ཨཱི་པ྄་{མཐའ་དང་}ནའི་{མིང་ནཱི་ཡི། ངིའི་ཨཱ་མ྄འོ}རྗེས་ངི་ཨཱམ྄་བསྒྱུར། །སྐྱེས་རྟགས་རྀ་མཐའི་སྒེར་མདོ་དྲུག །སི་ནི་ཨཱ་རུ་བསྒྱུར་བར་བྱ། །སིའི་ཨཱའོ། །རྣམ་དབྱེ་སི་སོགས་{སི་ཨཽ་ཛས྄་ཨམ྄་ཨཽ། ལྔ་རྣམས་ལ་ཨར྄་རོ།}ལྔ་ལ་རྀ་ཨར་འགྱུར། །ངི་ལ་ཡང་ནི་རྀ་ཨར་{ངི་ལའོ་}རོ། །བོད་སི་ཨར྄་འགྱུར་ཊི་དབྱིའོ། །ནྲྀའི་ནཱ་མ྄་ལ་ཡང་{ནྲྀའི་ནཱ་མ་ལ་ཡང་ན་རིང་པོའོ།}ན་རིང་། །ཐུན་མོང་ས྄་ར྄་ངྷི་འི་ར། རྣམ་ངིའི་མཱ་མ྄འོ། །བཅད་དང་། །ཨམ་ཤས྄་ཨ་དབྱི་ཤས྄་ལ་རིང་། །སྐྱེས་པར་ས་ན་ཨཱམ྄་ལ་ནུཊ྄། །ནཱམ྄་ལ་རིང་དྷིའི་ཨར་རོ། །དང་ཥ་ར་རྀ། །ཀུ་ཨི་ལ་བཅས་བརྒྱད་དང་ནི། །ཊཱ་ངེ་ཨོས྄་ལ་རྀ་ར྄ྀ་བྱ། །ཏ་ངེ་ཧ་ས་སོགས་གཉིས་ཐོབ། །པི་ཏྲྀ་ལ་སོགས་རྀ་མཐའ་ཀུན། །དེ་ལྟར་བྱའོ་ཀརྟྲི་མདོ། །ན་པྟ྄ྀ་ལ་སོགས་ཏྲྀ་ཅན་དང་། །སྭཱ་སྲྀ་ལྟ་བུའི་དམིགས་བསལ་ནི། །ཀརྟྲྀ་སོགས་དང་སྭ་སྲྀ་ལ། །སི་སོགས་ལྔ་ལ་རྀ་ཨཱར྄་འགྱུར། {།ས་ཏྲིའི་ཨཱར྄་རོ།} །གཞན་ལ་གོང་དང་ཁྱད་པར་མེད། །ཨུ་ཐུང་མཐའ་ཅན་ཀྲོཥྚུ་ཡང་། །སི་སོགས་ལྔ་ལ་ཀརྟྲི་མཚུངས། །རྟགས་མཐའི་ཨུ་ནི་རྀ་རུ་བསྒྱུར། །སི་ཨཱ་ཊི་དབྱི་ཨཽ་སོགས་ལ། །རྀ་དང་མཚམས་སྦྱོར་ཤས྄་ཕན་ཆད། །ཀརྟ྄ྀའི་སྒྲ་དང་ཨུ་མཐའ་ཅན། །གང་བྱེད་འདམ་ང་ཅན་དུ་བཤད། །ལྀ་ལཱྀའི་མཐའ་དང་རྀ་རིང་དང་། །ཨེ་མཐའ་སྐྱེས་རྟགས་ལ་མེད་དོ། །ཨཻ་མཐའ་སུ་རཻ་ལྟ་བུ་ཡི། །རཻ་རྗེས་སི་སུ་པ྄་བྷ་རཻའི་ས་བྷ་ལའོ་རྣམས་ལ། །ཨཻ་ཉིད་ཨཱ་རུ་བསྒྱུར་བྱས་ནས། །དབྱངས་ལ་


MR11_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱར་གསལ་བྱེད་སྦྱར།། སྐྱེས་རྟགས་ཨོ་མཐའི་སྒེར་མདོ་གཉིས། །གོ་སྒྲ་ལྟ་བུར་མཚོན་བྱས་ནས། །སི་སོགས་ལྔ་ལ་ཨོ་ཨཽར་བསྒྱུར། {།ཨོའི་ཨཽའོ།} །ཨམ྄་ཤས྄་ཕ་རོལ་ཨོ་ཨཱ་{ཨམ྄་ཤས྄་ལ་ཨའོ།}།བྱ། །ང་སི་ངས྄་ཀྱི་ཨ་དབྱིའོ། །དབྱངས་རྣམས་མཚམས་སྦྱར་གསལ་བྱེད་བཞག །རིག་བྱེད་སྒྲ་ཡི་སྡེབ་སྦྱོར་ལས། །གོ་སྒྲའི་ཨཱམ྄་ནུ་ཊ྄་སྟེར་བཤད། །རྣམ་བཅད་ཀུ་ཨི་ལ་ཡང་ཐོབ། །ཨཽ་མཐའ་གླཽ་སྒྲ་ལྟ་བུ་ལ། །དབྱངས་རྣམས་མཚམས་སྦྱར་གསལ་བྱེད་རྣམས། །རང་སར་བཞག་པས་ཆོག་པ་ཡིན། །སྐྱེས་པའི་རྟགས་སུ་གྱུར་པ་ཡི། །དབྱངས་ཀྱི་མཐའ་ཅན་བཤད་ཟིན་ཏོ། །དེ་ནས་བུད་མེད་རྟགས་གྱུར་པའི། །དབྱངས་ཀྱི་མཐའ་ཅན་བསྟན་པ་ལ། །བུད་མེད་ཨ་ཐུང་མཐའ་ཅན་ཀུན། །ཨཱ་བ྄་བྱིན་པ྄་ཕྱིས་རིང་པོར་བསྒྲུབ། {།བུད་མེད་ལ་ཨ་ལས་ཨཱ་པ྄འོ།} །དེ་ཕྱིར་ཨ་ཐུང་མཐའ་ཅན་མེད། །ཨཱཔ྄་མཐར་རྣམ་དབྱེ་སྦྱར་བ། །མོ་རྟགས་སྒེར་གྱི་མདོ་ལྔ་སྟེ། །ཨཱཔ྄་མཐའི་སི་ནི་འཇིག་པས་{ཨཱཔ྄་ལས་སོ།}དབྱི། །གཉིས་ཚིག་ཨཽ་ཟུང་ཨཱི་རུ་ཨཽ་ཨཱིའོ། །འགྱུར། །ཊཱ་ཨོ་ས྄་དག་ལ་རྟགས་མཐའ་ཨེ། {།ཊཱ་ཨོས྄་དག་ལ་ཨེའོ།} །ངི་ཏ་{འགྲོ་བའི་རྣམ་དབྱེ་བཞིའོ་}བཞིར་རྣམ་དབྱེའི་{ཀ་ལཱ་པར་ཡཻ་ཡཱས྄་ཡཱས྄་ཡཱམ་བསྒྱུར་དྲང་དོན་འདྲ།}སྔོན་ཡ་ཊ་{ངི་ཏ་རྣམས་ཀྱི་ཡ་ཊའོ།}སྟེར། །བོད་སི་ཉིད་ནི་ཨི་རུ་{དྷི་ཨིའོ།}བསྒྱུར། །ཐུན་མོང་ཨཱམ྄་ནུ་ཊ྄་ནཱ་མ་ལ་རིང་། །ངི་ཨཱམ྄་གསུམ་སྦྱར་དེ་མིན་ཀུན། །རྗེས་འབྲེལ་རྣམས་ཕྱིས་དབྱངས་མཚམས་སྦྱར། །གསལ་བྱེད་རང་སར་བཞག་བྱས་ལ། །མ་ས་ང་རོ་རྣམ་བཅད་བྱ། །བུད་མེད་ཨི་ཨུའི་མཐའ་ཅན་གྱི། །ངི་ཏ྄་ལ་སྒེར་གྱི་


MR11_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་གཉིས་ཏེ། །ངི་ཏ྄་བཞིར་རྟགས་མཐར་ཨཊ྄་སྟེར་བྱ། །ཨིཏ྄་ཨུཏ྄་དག་ལས་ངི་ཏ་རྣམས་ཀྱི་ཨཊ྄འོ། །ཀ་ལཱ་པར་སླ་ཆོས་སུ། ངེ་ང་སི་ངས྄་ངི་བཞི་རིམ་བཞིན། ཨཻ་ཨམ་ཨཱས྄་ཨཱམ྄་བསྒྱུར་གསུངས། དི་ནི་ཨཱམ྄་དུ་ཡང་ན་ཨི་ཨུ་ལས་བུད་མེད་ལའོ། །འགྱུར། །སྐྱེས་པའི་ཨི་ཐུང་མདོ་བཅུ་བཞི། །འདི་ལའང་ཐུན་མོང་དུ་འགྱུར་ཏེ། །ས྄་ར྄་རྣམ་བཅད་ཨཽ་ཨི་ཨུ། །ཛས྄་ལ་རྟགས་མཐའ་ཨེ་ཨོ་དང་། །ངེ་ང་སི་ངས་ཀྱང་དེ་བཞིན། །ཨམ྄་ལ་ནུཊ྄་སྟེར་ནཱམ྄་ལ་རིང་། །ཨམ྄་ཤས྄་ཨ་དབྱི་ཤས྄་མཐའ་རིང་། །ང་སི་ངས་ཀྱི་ཨ་དབྱི་བ། །ངི་ཌཽ་ཌ྄ིཏ་ལ་ཊི་དབྱི་བྱ། །ཀུ་ཨི་ལས་རྗེས་ས་ནི་ཥ། །བོད་སིར་རྟགས་མཐར་ཨེ་ཨོར་འགྱུར། །བྱིངས་མིན་མཚུངས་པར་བོད་སི་དབྱི། །དབྱངས་རྣམས་མཚམས་སྦྱར་ཧ་ས་{གསལ་བྱེད།}སྦྱར། །ན་རཱི་ལྟ་བུ་བུད་ནད་ལ་བུད་མེད་རྐྱེན་ཨཱིཔ྄་བྱིན་ན་དཱའོ། །མེད་ཨཱིབ྄། །འདི་ལ་སྒེར་གྱི་མདོ་གཉིས་{ཟེར་ཀྱང་གསུམ་སྣང་།}ཏེ། །ཧ་ས་གསལ་བྱེད་མཐའ་ཅན་དང་ཨཱིཔ྄་བུད་མེད་ལས་སི་ཧ་ས་ཨཱིཔ྄་ལས་སིའི་དབྱིའོ། །དབྱིའོ། །ཨཱི་བྱིངས་མིན་པའི་ཨཱུའི་མཐའི་དྷི་ར་བོད་སིར་རྟགས་མཐར་{དྷི་ལ་ཐུང་ངུའོ།}ཐུང་། །ངིཏ྄་བཞིར་རྟགས་མཐར་ངིཏ྄་རྣམས་ཀྱི་ཨཱ་ཊའོ་ཨཱ་ཊ྄་སྟེར་ངེ་སོགས་ཨཻ་ཨཱས྄་ཨཱས྄་ཨཱམ྄་བསྒྱུར་ཀ་ལཱ་བར། རོ། །ཐུན་མོང་ཨམ྄་ཤ་ས྄་ཨ་དབྱི་དང་། །ཨཱམ྄་ལ་ནུཊ྄་སྟེར་ངི་ཨཱམ྄་བྱ། །ཀུ་ཨི་ལ་བཅས་དྲུག་པོ་སྦྱར། །དབྱངས་ལ་མཚམས་སྦྱོར་གསལ་བྱེད་བཞག །གོ་རཱི་ལ་སོགས་ཀུན་དེ་འདྲ། །དེ་ལས་དམིགས་བསལ་འགའ་བཤད་པ། །ལཀྵྨཱི་ཕུན་ཚོགས་གསར་དུ་ཨཱིཔ྄་སྦྱར་མིན། །ངྷི་ཐུང་ཀུ་ཨི་ཥ་ར་གསུམ། །ཐུན་མོང་གཞན་ནི་ན་དཱི་འདྲ། །སྟ྄ཱི་ནི་ཨཱིཔ྄་མཐའི་ཕྱིར་སི་དབྱི། །འདི་ལ་སྒེར་གྱི་མདོ་གཉིས་ཏེ། །སྟྲཱི་བྷཱུ་དབྱངས་ལ་ཨི་ལ྄་ཨུཔ྄་འགྱུར་སྟྲི་


MR11_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱ་དག་གིའོ། །ཨམ྄་ཤས྄་ལ་དེ་བཞིན་ནམ་ཨམ྄་ཤས྄་ལ་ཡང་ནའོ། །མིན། །ངིཏ྄་བཞིར་ཨཊ྄་དང་ཨམ྄་ཤས྄་ཨ། །ངི་ཨཱམ྄་ཀུ་ཨི་ཥ་ར་རི། །བྱིངས་མིན་དྷི་དབྱི་དྲུག་པོ་སྦྱར། །དཔལ་ཤྲཱི་སྒྲ་ཨཱིཔ྄་མིན་ཨུ་ཎ་སོགས་གྲུབ། །དེ་ཕྱིར་ཤྲཱི་སྒྲའི་སི་མི་དབྱི། །དབྱངས་རྣམས་ལ་ནི་མཚམས་སྦྱར་རོ། །ངིཏ྄་བཞིར་རྟགས་མཐའ་ཨིཡ྄་ཨུབ྄་བྱ། །ཨཊ྄་སྟེར་བྱའམ་{ཨིཔ྄་ཨུཔ྄་དག་ལས་ཡང་ནའོ་}ཡང་ན་མིན། །རྣམ་༡བཅད་ཨཱམ྄་༢ནུཊ྄་རི་ཨཱམ་༣དང་། །ཀུ་ཨི་ཥ་༤ར་༥རྀ་ལྔ་སྦྱར། །དེ་བཞིན་བླེ་དྷཱི་དང་ཧྲི་ངོ་ཚ་དང་ནི། །ཨ་རཱི་ཏནྟྲཱི་རྒྱ་མཚོའོ། །ཏ་རཱི་སོགས། །དེ་དང་འདྲ་བར་ཤེས་པར་བྱ། །དེ་བཞིན་བྷཱུ་དང་བ་ངྷཱུ་དང་། །ཛམ྄་པཱུ་ལ་སོགས་ཨཱུ་མཐའ་རྣམས། །ཨུབ་བྱ་ས྄་ར྄་༡རྣམ་བཅད་དང་། །ཨམ྄་ཤས྄་ཨ་༢དབྱི་ངིཏ་རྣམས་ཨ་༣ཊ྄ེ། །ཨཱམ྄་ནུཊ྄་༤ངི་ཨཱམ྄་༥ཀུ་ཨི་ལ༦། །དྷི་ལ་ཐུང་༧བཅས་ན་དཱི་བཞིན། །མཱ་ཏྲྀ་ལ་སོགས་རྀ་མཐའ་ཅན། །ཤས྄་ལ་རིང་བྱ་ས྄་ན྄་མིན། །ཨ་ཕྱིས་གཞན་ཀུན་པི་ཏྲྀ་འདྲ། །ཨཻ་མཐའ་རཻའང་སུ་རཻ་བཞིན། །ས་ཆུ་ལ་འཇུག་གོ་སྒྲ་ནི། །མོ་རྟགས་ཡིན་ཡང་ཕོའི་གོ་འདྲ། །མོ་རྟགས་ནི་དང་ན་བཽ་དང་། །ནཱ་བཿསོགས་གཞན་གླཽ་བཞིན་ནོ། །ད་ནི་མ་ནིང་དབྱངས་མཐའ་ལས། །ཨ་ཨི་ཨར་ལས་ཨ་མའོ། །ཨམ྄་འགྱུར་དྷི་མིན་ནོ། །ཨམ྄་ཤས྄་ངག་གི་ཨ་དེ་དབྱི། །ཀཱ་ལ་པར། མ་ནིང་རྟགས་མཐའ་སི་ཨམ་དབྱི། ཨ་ཡིག་ལས་སཾ་བུདྡྷི་མ་ཡིན་པ་ལ་མུའོ་ཞེས་པས། མུ་ཨ་གམ་བྱིན་ཨུ་ཕྱིས་པས་ཀུཎྚཾ་ཝ་ར་སོགས་ལ་ཝཿལས་སེ་འཇིག་པར་འདུག །ཨཽ་ནི་ཨཱི་རུ་བསྒྱུར་བར་བྱ། །ཨཽ་ཨིའོ། །ཛས྄་ཤས྄་ཤི་རུ་བསྒྱུར་ཤ་དབྱི། །ཛས྄་ཤས྄་དག་གི་ཤིའོ། །དབྱངས་རིང་མེད་དང་ཡ་མའི་བསྡུ་བ་ཡི་གེ་དགུ་མཐར། །ནུམ྄་སྟེར་ཨུ་


MR11_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ཡ་མ་མིན་པའི་ན྄་ཊའོ། །མཚམས་སྦྱར་བྱ། །ཤི་ལ་ན་མཐའི་ཨུཔ྄་ཨུ་བདྷ་སྒྲ་བསྡུས་སོ་དྷ་ན་ཨུ་བའི་དྷཱིའོ་རིང་། །དེ་ལྟར་ཨ་ཐུང་སྒེར་མདོ་ལྔ། །ཊཱ་ཕན་སྐྱེས་པའི་ཨ་ཐུང་བཞིན། །ཊཱ་ཨི་ན་དང་བྷ་ལ་ཨཱཏ྄། །བྷིཿབྷ་ཨ་དང་དེ་མཐར་ཨཀ྄། མང་ཚིགས་བྷར་རྟགས་ཀྱང་ཨེ། །ང་སི་ཨཱཏ྄་བསྒྱུར་ངས་སྱ། །ཨོས་ལ་ཨ་ཨི་ཨཱམ྄་སྔོན་ནུཊ྄། །ནཱ་མ་ལ་རིང་དང་ཀུ་ཨི་ལ། །དེ་ལྟར་བཅུ་གཉིས་སྦྱར་ཏེ་བསྒྲུབ། །མ་ནིང་ནཱ་མིན་དབྱངས་མཐའ་ལས། །སི་དང་ཨམ྄་ནི་འཇིག་པར་འགྱུར། །མ་ནིང་ལས་སི་ཨམ྄་དག གི་འཇིག་གོ། བོད་པའི་སི་ལ་རྟགས་མཐའ་ཡི། །ཨི་ཨུ་རྀ་རྣམས་ཡོན་ཏན་{ཨི་ཨུའི་རྣམས་ཀྱིའོ།}ནམ། །ནཱ་མིན་མཐའ་ལས་ཕ་རོལ་ཏུ། །ནཱ་མི་ན྄འི་དབྱངས་ལའོ། །རྣམ་དབྱེ་དབྱངས་དངོས་ཡིན་པ་ལ྄་ནུམ྄་སྟེར་ཨུམ྄་ཕྱིས་སྦྱར། །དམིགས་བསལ་བྱེ་བྲག་ཨསྡྱི་ལ་ཨསྡྱི་རྣམས་ཀྱི་ཊཱ་སོགས་ལ་ཨ་ཏའང་ངོ་སོགས་པར། །ཊཱ་ཕན་དབྱངས་ཐོག་ཅན་ལའང་ནུམ྄། །སྟེར་ཞིང་རྟགས་མཐའི་ཨི་ཨ་བྱ་བ་ཁྱད་ཆོས། འདིར་ཀ་ལཱ་པར་ཨསྡྱི་ད་དྷི་ཤཀྠི་ཨཀྵི་རྣམས་ཀྱི་ཊཱ་སོགས་ཡ་མཐའ་ཨ་ནའོ། །ཞེས་གསུངས། དབྱངས་ཅན་མདོ་དང་ཆོ་ག་མི་འདྲ་ཡང་དོན་འདྲ་འདུག་སྙམ་དཔྱད། ཤས྄་ཕན་དབྱངས་ཅན་རྐྱེན་ལ་ཨུ་པ་དྷཱའི། །ཨ་དབྱི་མ་བ་ལྡན་ལ་མིན། མ་བ་ལྡན་པ་མ་ཡིན་པ་ལས་ཤས྄་སོགས་ལ་དབྱངས་ལ་ཨཱཏ྄་དབྱིའོ། །ཨཽ་གཉིས་ཨཱི་རུ་བསྒྱུར་བ་དང་། །ཨི་དི་དག་ལ་ལང་ནའོ། །དེ་ལ་ཡང་ན་ཨ་མི་དབྱི། །དེ་ལྟར་སྒེར་མདོ་དྲུག་དང་ནི། །མ་ནིང་ཨ་ཐུང་མདོ་ཨཽ་ཨི། །ཛས྄་ཤས྄་ཤི་དང་ནའི་ཨུ་པ་དྷཱ། །གསུམ་དང་སྐྱེས་པའི་ཨཱཾ་ནུཊ྄་དང་། །ཀུ་ཨི་ལ་སྟེ་གཉིས་སྦྱར་བསྒྲུབ། །སཽམ་པཱ་དང་གྲ་མ་ཎཱི། །ལ་སོགས་དབྱངས་མཐའ་རིང་པོ་ཀུན། །མ་ནིང་རྟགས་ལ་ཐུང་ངུ་འགྱུར། །མ་ནིང་གི་ཐུང་ངུའོ། །


MR11_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེ་དབྱངས་ལ་ནུམ྄་སྟེར་ཞིང་། །ཊཱ་ཕན་སྐྱེས་པ་བཞིན་དུའམ། །ཡང་ན་ནུ མ྄་སྟེར་མ་ནིང་ལྟར་རོ། །མ་ནིང་ཨེ་ཨཻ་ཨེ་དང་ནི། །ཨོ་ཨཽ་དག་ནི་ཨུར་བསྒྱུར་ལ། །དབྱངས་ལ་ནུམ྄་སྟེར་གོང་ལྟར་བསྒྲུབ། །རྀ་མཐའ་ཀརྟྲི་ཞེས་པའི་སྒྲ། །མ་ནིང་འཇུག་ཚེ་ཨཽ་ཨི་སོགས། །ཐུན་མོང་མདོ་བཞི་སི་ཨམ྄་འཇིག །ནཱ་མིན་དབྱངས་ནུམ྄་ན་ཎ་དང་། །ཀུ་ཨི་ལ་དང་བཅས་པས་བསྒྲུབ། །མིང་གི་ལེའུ་ལས་རྟགས་གསུམ་དབྱངས་ཀྱི་མཐའ་ཅན་གོ་བ་དེར་མདོར་བསྡུས་སུ་བཤད་པའི་སྐབས་དང་པོའོ།། །།དེ་ནས་གསལ་བྱེད་མཐའ་ཅན་ལ། །སྤྱིར་བཏང་དམིགས་བསལ་མ་བཤད་རྣམས། །རྣམ་དབྱེའི་འགྲོ་བ་རྣམས་ཕྱིས་ནས། །དབྱངས་རྣམས་ལ་ནི་དྲང་བར་བྱ། །ཕ་རོལ་གསལ་བྱེད་སྟེང་དུ་བརྩེགས། །དམིགས་བསལ་བསྟན་པ་འདི་ལྟ་སྟེ། །སྐྱེས་རྟགས་ཨ་ན་ཌུ་ཧྲ་མདོ་བཞི། །སི་སོགས་རྣམ་དབྱེ་དང་པོ་ལྔར། །དབྱངས་མཐར་ནུམ྄་སྟེར་ཨུམ྄་ཕྱི་ཞིང་། །ཨ་ན་ཌུ་ཧའི་སིལ་འོ། །གཞན་ལས་ནུམ྄་སྔོན་ཨཱམ྄་སྟེར་བཤད། །ཧ་སའི་ས་དབྱི་བརྩེགས་མཐའ་དབྱི་བརྩེགས་པའི་མཐའི་དབྱིའོ། །བོད་སིར་དབྱངས་དྷི་ཨ་ཨ་མའོ། །མཐར་ཨམ྄་སྟེར་བྱ། །སྒྲ་དེ་དང་བ་ས་སོགས་ལ། །བ་ས་རྣམས་ཀྱི་རས་ལའོ། །ས་བྷ་མི་ན་ར་སའི་བསྡུ་བའི་རྐྱེན་ལ། །ཧ་ནི་སའམ་དཔྱད་ད་རུ་བསྒྱུར་བར་བྱ། །སུཔ྄་ལ་ཁ་ས་སོགས་ཀྱི་ཏའོ་གོ་དུ་ཧ྄་ལྟ་བུའི་མདོ་གསུམ་སྟེ། དང་པོར་ད་ཡོད་ད་དང་པོའི་གྷའོ། །ཧ྄་གྷ྄་བྱ། །ཛྷ་བྷའི་མཐའི་སྔོན་ཛ་བ་རྣམས། །ས་དྷ་འམ་ར་ས་ཕ་རོལ་ལ་ཛྷ་བྷའི་མཐའི་དང་པོའི་ཛ་བ་རྣམས་ཀྱིས་དྷཱ་དག་ལ་ཛྷ་བྷ་རྣམས་སོ། །སྡེ་མཚུངས་ཛྷ་བྷ་རྣམས་སུ་འགྱུར། །དུ་དྷུ་བྱ།


MR11_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྱིངས་ལའང་མཚུངས་པ་ལྟར་དང་། རྣམ་དབྱེའི་བྱ་བ་རྫོགས་ཚིག་མཐའི་རྫོགས་པ་ལ་ཡང་ནའོ། །ཛྙ་ས་ཛ་བའམ་ཙ་པར་ཧ་ས་ཨི་པ྄་ལས་སི་དབྱི་འགྱུར། གསུམ་པའི་དང་པོ་ལྔར་བསྒྱུར། །གཉིས་ཚིག་ཕན་ཆད་དབྱངས་ཐོག་དྲང་། །བྷ་ས་རྣམས་ལ་དེའི་ཧ྄་གྷ྄། །ཛྷ་བྷའི་དང་པོའི་ད་དྷ་བྱ། །ཛྷ་བྷ་ལ་ཛ་བས་གྷ་ག །སུ་བ྄་ལ་ཁ་ས་སོགས་ཀྱིས་ཊ྄། ཀུ་ཨི་ལ་བཅས་བསྒྲུབ་པས་འགྲུབ། །མ་དྷུ་ལི་ཧ་སྒེར་མདོ་འང་། །བྱིངས་མཐར་ཛྷ་ས་མིང་གི་མཐར། །དེ་བཞིན་ཚིག་གི་མཐར་ཡང་ནི། །ཧ་མཐའ་ཌྷ་ཧའི་བྷའོ། །རུ་བ་འགྱུར་པ་ཡིན། ཀྲྀ་ཏ་རྐྱེན་དང་ཏིང྄་སུ་བ྄་གཉིས་དང་དེ་ཕན་སོགས་ལའང་ཧ་ཌྷའོ་ཞེས་པའི་མདོ་འདི་ཐུན་མོང་ཡིན་པ་ཤེས་པར་བྱའོ་སྙམ་རང་། རྫོགས་པས་ཛ་བའམ་ཙ་པ་ཡང་། །དབྱངས་ལ་དྲངས་ཤིང་ས་བྷ་ཌ། །ཁ་ས་སོགས་ཀྱིས་ཌ྄་ཡང་ཊ྄། །དྲུ་ཧ་སོགས་ལ་གྷའ་མ་ཌྷ་སི་དབྱེ། ཛ་པའམ་ཙ་བ། ཀུ་ཨི་ལ། ཨ་ཐུང་མཐའ་ན་གནས་པ་ཡི། །བཱཧ྄་ཤས྄་སོགས་དབྱངས་ཕ་རོལ། །བཱ་ནི་ཨཽ་རུ་བསྒྱུར་བར་བྱ། །བཱ་ཧའི་པཱའི་ཨཽའོ། །བྷཱ་ར་བཱཧ྄་དང་པྲཥྚ་བཱཧ྄། །དེ་བཞིན་བྱས་ནས་བསྒྲུབ་པར་བྱ། །ཨ་མིན་དབྱངས་མཐའི་བཱཧ྄་ནི། །ཨ་ཡིག་ས་ཡིན་པ་ལས་ཨཱུའོ། །ཤས྄་སོགས་དབྱངས་ལ་བཱ་ཨཱུའོ། །བཱ་རི་བཱཧ྄་སོགས་དེ་བཞིན་བསྒྲུབ། །སཱཧ྄་དང་སི་བྷ་སུབ྄་རྣམས་ལ། །སཧ྄འི་སའི་ཥ་ཌྷ་ལའོ། །སཱ་ཥ་ཧ་ནི་ཌྷ་རུ་བསྒྱུར། །ཏུ་རཱ་སྭཱཧ྄་སོགས་དེ་བཞིན་བྱ། །ཏུ་ར་སཱ་ཧ྄་ཁོ་ནའི་མདོ་བཞི་དཔྱད། །ཙ་ཏུར྄་ཕ་རོལ་སི་སོགས་ལྔར། །ཙ་ཏུ་ར྄འི་ཤི་ལའང་ཨཱ་མའོ། །ཤ་ཞེས་པ་སི་སོགས་ལྔའི་བརྡའོ། །དབྱངས་མཐར་ཨཱམ྄་སྟེར་སྤྱིར་བཤད་དོ། །གྲངས་བརྗོད་མང་ཚིག་ཁོ་ནའི་ཕྱིར། །ཛས྄་གང་ཨཱམ྄་སྟེར་མ྄་ཕྱིས་སྦྱར། །དྲུག་ཨཱམ྄་ནུཊ྄་རིའི་གྲངས་ལས་སོ་སྟེར་ན་ཎ་དང་། །ཎ་ནི་


MR11_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་བརྗོད་པའང་ཐོབ། །ངྷི་མིན་ར་ས་ཕ་རོལ་དང་། །མིང་མཐའི་ན་ནི་དབྱི་བར་བྱ། །དྷི་མ་ཡིན་པ་ལ་མིག་གི་ན་དབྱིའོ། །ཚིག་མཐར་ཨཱ་ག་མ་བྱུང་མིན། །ཇི་ལྟར་རཱ་ཛ་ན྄་སོགས་བཞིན་ནོ། །རཱ་ཛ་ན྄་སི་དབྱི་ཨུཔ྄་དྷཱ་རིང་། །གཉིས་ཚིག་སོགས་ཀྱི་དབྱངས་ལ་དྲངས། །ཤས྄་སོགས་དབྱངས་ལ་མ་ནིང་གི། མ་བ་སྦྱོར་མིན་སོགས་ཨཏ྄་དབྱི། །སྟུའི་ཤྩུས་ན྄་ཉ྄་བྱ། །ཛ་དང་ཉ་དག་ཛ་ཉ་དག་གི་ཛྙའོ་སྦྱར་བས་ཛྙ། །ཨི་དམ་ལ་ཡང་ནའོ་ས་ཨཏ྄་དབྱི་མི་དབྱི་འདམ་ཀ་ཅན། །དྷིའི་ན྄་མིན་དབྱི་ས་བྷར་དབྱི། རཱ་ཛཱ། རྒྱལ་པོ། རཱ་ཛཱ་ནཽ།རཱ་ཛཱ་ན། རྭ་ཛ་ནཾ། རཱ་ཛཱ་ནཽ། རཱ་ཛྙཿ རཱ་ཛྙཱ་རཱ་ཛ་བྷྱཱ་སོགས་སོ། །ཨཱཏྨན྄་སོགས་ཀྱང་དེ་མཚུངས་མོད། །མ་བ་ལྡན་ཕྱིར་ཨཏ྄་མི་དབྱི། །ངྷི་མིན་ས་བྷ་སོགས་ན་དབྱི་ཨཏྨཱ་བདག་ཅག །ཨཏྨཱ་ནཽ་སོགས་སོ། །ཤྭ་ན྄་སོགས་ཡུ་བན྄་མ་གྷ་བ་ནུ་སོགས་སོ། །ཤས྄་ཕན་པ་ནི་ཨུ་རུ་འགྱུར། ཤྭན྄་ལ་སོགས་པའི་བའི་ཨུ་འོ། །དེ་ཕན་ཨཱིཔ྄་ཀྱང་ཨི་རུ་འགྱུར། ཤས྄་ལ་ཐུན། སོགས་སོ། །པ་ཐིན་པ་ཐིན྄་ལམ་མ་ཐིན་བསྲུབ་པ་རྀ་་ཀྵིན྄་བརྒྱ་བྱིན་སོགས་སོ། །སོགས་ལ་ཐོག་མ་ལྔར། །མི་དབྱངས་ཨི་ནི་ཨ་སི་ལ་ཨ་རོ་རུ་འགྱུར། །ལྔ་པོ་རྣམས་ལ་ཨིཏ྄འི་ཨཏ྄འོ། །ཐ་གོང་ནུ་ཊ྄་སྟེར་ཨུཊ྄་ཕྱིའོ་ཐའི་ནུཊ྄འོ། །སི་ཕ་རོལ་ལ་ཊིའི་ཨཱ་བྱ། །ཤས྄་ཕན་དབྱངས་རྣམས་ཨིན་ཕྱིས་དྲངས། །གསལ་བྱེད་རྣམས་ལ་མཐའི་ན་ཕྱི། ཀུ་ཨི་ལ། །ཨིན྄་ཧན྄་པཱུ་ཥན྄་ཨཪྻ་མན྄། རྣམས་སི་དང་ཛས྄་ཤས་ཀྱི། །ཤི་ལ་ཨུཔ྄དྷཱ་རིང་དྷིར་མིན། ཨིན་རྣམས་ཀྱི་ཤི་དང་སྤེལ་འོ། །དཎྚིན྄་ཀ་ལིན྄་མཱ་ལིན྄་སོགས། །ཤས྄་ཕན་དབྱངས་ལ་ཨིན྄་ཕྱིའོ། །དེ་བཞིན་དུ་ནི་བསྒྲུབ་པར་བྱ། །ཧ་སའི་སི་དབྱི་སྔ་མ་རིང་། །དྷི་མིན་ན་དབྱི། ཨཽ་སོགས་ལ་མི་རིང་། དབྱངས་རྣམས་ལ་དྲངས། གསལ་བྱེད་རྣམས་ལ་ན་དབྱི། པྲཧྨ་ཧ་ན྄་ལ་དང་


MR11_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔ། །རཱ་ཛཱ་ན་འད྄་ལ་ནུ་ཎ྄་ཐོབ། །ཤས྄་སོགས་ཧ྄་གྷ྄ན྄་ལ་དྲངས། །ཧ་ནའི་གྷཱ་ལའོ། །ན྄་དེ་ཕ་རོལ་དབྱངས་ལ་དྲངས། །གསལ་བྱེད་རྣམས་ལ་ན྄་དབྱིའོ། །དེ་བཞིན་ཤས་ཕན་པཱུ་ཥ་ན྄་གྱི། །ཥ་ཡི་ཨ་དབྱི་ན྄་ལ་བརྩེགས། །ན྄་ནི་དབྱངས་དྲངས་ན་ཎར་ཐོབ། །འགའ་ཞིག་ངི་ལ་འདིའི་ཊི་ཨན྄་དབྱི། །ཡང་ན་མི་དབྱི་འདམ་ཀར་བཤད། །དེ་བཞིན་ཨཪྻ་ཉི་མ་མན྄་ལ་བསྒྲུབ། །གྲངས་སྒྲ་ཥ་ནའི་མཐའ་ཅན་གྱི། །ཛས྄་ཤས྄་དག་ནི་འཇིག་པར་འགྱུར། །ཛས྄་ཤས྄་དག་ལ་འཇིག་གོ། དྷི་མིན་ན྄་དབྱི། པཉྩ། པཉྩ། པཉྩ་བྷི༔ པཉྩ་བྷྱས྄།པཉྩ་བྷྱས྄། ཨཱམ྄་ལ་ནུཊ྄་སྟེར་ནཱ་མ་ལ་རིང་། ཥ་ཎའི་འོ། །པཉྩ་ལྔ་ན྄་ས་བདུན་བྟན་ན་དགུ་བན྄་དང་། །ད་ཤན྄་སོགས་ལ་དེ་བཞིན་ནོ། །པཉྩཱ་ནཱཾ། པཉྩ་སུ། ཨཥྚན྄་ཛས྄་ཤ་ས་ཡང་ན་ཌཽ། །ཌིཏ྄་ཕྱིར་ཊི་དབྱི། ཡང་ན་ཛས྄་ཤས྄་འཇིག །ཨཥྚན྄་ཕ་རོལ་ཨཱ་དང་ནི། འདི་སླར་དཔྱད་དགོས། རྣམ་དབྱེ་རྣམས་ལ་ཊིའི་ཨཱ་རིང་། །ཡང་ན་རིང་པོར་མི་བྱའོ། །དྷ་མཐའ་ཏ་ཏྲ་པུདྷ྄་ལྟ་བུར། །སི་དབྱི་ཛྷ་བྷ་དྷ྄་ད྄་བྱ། །སུ་པ྄་ལ་ད྄་ཏ྄་བྱས་ནས་སྦྱར། །ཛ྄་མཐའ་སཾ་རཱ་ཛ྄་ལྟ་བུར། །ཚ་ཤ་ཥ་དང་རཱ་ཛ྄་སོགས། ཛ་ཡ྄་སྲྀ་ཛ་བྷ྄་ཛ྄་སོགས། སི་ལ་མཐའ་དེ་ཥ་རུ་འགྱུར། །ཚ་ཤ་ཥ་ལ་རཱ་ཛ་ལ་སོགས་པའི་ཥའོ། །དེའི་རྗེས་ཛྷ་སའམ་ར་ས་དང་། །ཚིག་མཐའ་ལ་ཡང་ཥ྄་ཌ྄ར་འགྱུར། །རྫོགས་པ་ལ་འོས་ཡང་ན་ཌའང་ཊ། །ཨཽ་སོགས་དབྱངས་ལ་དྲང་བྱ་ཞིང་། །ས་བྷ་རྣམས་ལ་ཥ྄་ཌ྄་བྱ། །སམྲཱཌ྄། ས་མྲཱཊ྄། ཡང་དག་པའི་རྒྱལ་པོ། །དེ་བཞིན་བི་རཱ་ཛ྄་རྣམ་རྒྱལ་སོགས་ཀྱང་ངོ་། །ད྄་མཐའ་ཏྱད྄་སོགས་སརྦའི་སྡེའོ། །ཚ་མཐའ་ཏ་ཏྭ་པྲཱ་ཚ྄་སོགས་ལ། །ཚ་ཤ་ཥ་སོགས་ཀྱིས་ཚ྄་ཥ྄། །གཞན་དག་གོང་བཞིན་གང་ཐོབ་སྦྱར། །ཐ྄་མཐའ་ཨགྣི་མ་ཐ྄་ལྟ་བུར། །དམིགས་


MR11_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་གཞན་མེད་སྤྱི་ལྟར་བསྒྲུབ། །ཙ྄་མཐའ་པ྄་ཏྱ་ཙ྄་ལྟ་བུ་ལ། །ཨཉྩའི་སི་སོགས་ལྔ་ལ་ནུ་མ྄། །བྱིངས་ཀྱི་ཛྷ་ས་མིར་ར་ས། །ཚིག་མཐའ་འང་ཙུ་སྡེ་ཀ་སྡེར་ཙུའི་ཀུའོ་འགྱུར། །ཤས྄་ཕན་དབྱངས་དང་དེ་ཕན་གྱི། །ཨཱཔ྄་ཨཱིཔ྄་ལ་ནི་ཨཉྩའི་ཨ། །དབྱེ་ཞིང་སྔ་མ་རིང་པོར་འགྱུར། །ཨཉྩའི་ཨ་དབྱི་བ་དང་རིང་པོ་འོང་ངོ་། །ཏིར་ཤྩ་སོགས་དེ་བཞིན་ལ། །ཤས྄་ཕན་དབྱངས་དང་ཨཱིཔ྄་ཨཱི་ལ། །ཏིར་ཤྩ་ཏིཪྻྻ་ཚིག་ཕྲད་ཀྱིས་སྒྲུབ་པའོ་བསྒྱུར། །ཏིར་ཤྩ་ལ་སོགས་པ་རྣམས་སོ། །དབྱངས་ལ་དྲངས་ཤིང་གསལ་བྱེད་ལ། །ས་བྷ་རྣམས་ལ་ཙུའི་ཀུ་སོགས། །གོང་བཞིན་བསྒྲུབ་པར་བྱ་བའོ། །དེ་བཞིན་ཨུ་དཙ྄་ས་མྱ་ཙ྄འོ། །ཏ་མཐའ་མ་རུ་ཏ྄་སྤྱི་ལྟར་བསྒྲུབ། །དེ་བཞིན་ཨགྣི་ཙིཏ྄་སོགས་སོ། །ཏ་མཐའ་ཨུ་རྗེས་འབྲེལ་བ་ཡི། །མ་ཧ་ཏ་ལྟ་བུར་དམིགས་བསལ་ནི། །ཨུ་རི་རྗེས་སུ་འབྲེལ་བའི་སྒྲ། །ཨུ་རི་དག་གི་ནུ་མའོ་སྐྱེས་རྟགས་བྱ་ཚེ་སི་སོགས་ལྔ། །ཤི་འདི་མ་ནིང་གི་ཛས་ཤས་ཡིན་ནམ་དེ་ཕན་རྐྱེན་ཡིན་བརྟག་ལའང་དབྱངས་མཐར་ནུ་མ྄་སྟེར་རོ། །ནས་དང་ནི་ཨ་པ྄་མཐའ་དང་། དེ་ནས་ཨཔ྄་མ་ཧ་ཏའི་ངྷི་མ་ཡིན་པ་ལ་རིང་པོ་སྟེ་ཤི་ལའང་ངོ་། །མ་ཧ་ཏ྄་དྷི་མིན་སྔ་མ་རིང་། །ཤི་ལའང་དེ་བཞིན་བྱ་བ་ཡིན། །འགྲེལ་པས་ཨཽ་སོགས་བཞིར་བཤད་འདུག་དཔྱད། དེ་བཞིན་བྷ་བཏ྄་ལྟ་བུ་ཡི། །ཀྲྀཏ྄་རྐྱེན་ཨ་ཏུ་ཨས྄་མཐའ་ཅན། །ཨ་ཏུ་དང་ཨ་ས྄འི་སི་ལའོ། །ངྷི་མིན་སི་ལ་སྔ་མ་རིང་། །ནུམ྄་སྟེར་སོགས་གཞན་གོང་ལྟར་བྱ། །མ་གྷ་བ་ཏུ་སོགས་དེ་བཞིན། །རྀ་ཡིག་རྗེས་འབྲེལ་བྷ་བ་ཏྲྀ། །ལྟ་བུར་ནུམ྄་སྟེར་རིང་པོ་ཡིན། །པ་ཙ་ཏྲྀ་ཡི་རྀ་ཕྱིས་ནས། །ནུམ྄་སྦྱར་བཤད་མ་ཐག་པ་བཞིན། །ཤ྄་མཐའ་བིཤ྄་ལྟ་བུ་ཡི། །


MR11_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཤ྄་ནི་ཚ་ཤ་ཥ་སོགས་ཀྱིས་ཥར་འགྱུར་གཞན་སྤྱི་ལྟར། །ཥ྄་མཐའ་ཥ་ཥ྄་སྒྲ་ལྟ་བུ་ནི། །གྲངས་དོན་ཡིན་ཚེ་མང་ཚིག་འཇུག །ཛས྄་ཤས྄་འཇིག་ལ་གཞན་སྤྱི་ལྟར། །ཥ་ཌ་བྱས་པའི་ཕ་རོལ་ཏུ། །དྲུག་ནཱ་མ྄་ལ་ནི་ཌ་ཎར་ཌའི་ཎའོ། །འགྱུར། །ཕ་རོལ་ནཱའང་ཎཱ་ར་འགྱུར་རོ། །དོཥ྄་སོགས་ས་ཇུ་ཥ྄། ཨཱ་ཤི་ཥ྄། ཧ་བི་ཥ་སོགས་རྣམས་ཀྱི་ཕ་རོལ་ཏུ། །ར་ས་དང་ནི་ཚིག་མཐར་ཡང་། །ཥ་ཡིག་ར་རུ་འགྱུར་བ་ཡིན། །དོ་ཧ་རྣམས་ཀྱི་ས་རའོ། །ས་མཐའ་པུ་མ་ས྄་ལྟ་བུ་ལ། །པུ་ས྄འི་ཕ་རོལ་སི་སོགས་ལྔར། །མིང་མཐའི་ས་དེ་ཨ་སུང྄་བསྒྱུར། །ང྄་དབྱི་ཨུ་རྀའི་དབྱངས་མཐར་ནུམ྄། །སི་འཇིག་ལ་སོགས་སྤྱི་ལྟར་དང་། །ཕ་རོལ་དབྱངས་ལ་མའི་ཨ་རིང་། །དབྱངས་ལ་མའིའོ། །མདོ། །རང་འགྲེལ་མི་འདུག་སླར་དཔྱད། །ཤས་སོགས་ལ་ནི་ཨ་སུང྄་མིན། ནུམ྄་མིན། ས་བྷ་རྣམས་ལ་བརྩེགས་མཐའ་དབྱི། །སུ་པ྄་ལ་མཐའ་ཕྱི་མི་ཕྱི་འདམ། །ཡང་ན་ཚིག་ཕྲད་དུ་བསྒྲུབ་ཚུལ། །མི་འབྱུང་བ་ལ། མི་འབྱུང་དོན་དཔྱད། པུྃ་སའི་སུ་གོང་ཀ་ཀ྄་སྟེར་ཞིང་། །མི་འབྱུང་བ་ལ་པུྃ་སའི་ཀཀ྄འོ། །ཨཀ྄་ཕྱིས་ས་ཀ྄་བརྩེགས་པ་ཡི། །དང་པོའི་ས་ཀ་དག་དབྱིའོ་དང་པོའི་ས་ཀ་དག་གི་འང་ངོ་། །སུ་ཥ་ཀུ་ཥ་བརྩེགས་པའི་ཀྵའོ། །དེ་བཞིན་བི་དྭས྄་པོ་ལ་ཡང་། སི་ལ་ནུམ྄་དང་། ནྶ་སོགས་ཀྱིས་སྔ་རིང་། ཧ་ས་སོགས་ཀྱིས་སི་དབྱི། བརྩེགས་མཐའ་དབྱི། ཨཽ་སོགས་པུྃ་ས་བཞིན། ཤས྄་ཕན་དབྱངས་ཡིག་ཕ་རོལ་དང་། །དེ་ཕན་ཨཱི་པ྄་དང་ཨཱི་ཡིག་ལ། །བ་སུ་དང་འབྲེལ་བ་ཨུ་བྱ། །བ་སའི་བ་ཨུའོ། །ཀུ་ཨི་ལ་སོགས། ས་བྷ་སོགས། དེ་བཞིན་ཏ་སྠྭི་བས་ལའང་། །ཤས྄་ཕན་ཨི་ཕྱིས་ཨུ་ལ་དྲང་། །དེ་མིན་ཐམས་ཅད་སྔ་མ་འདྲ། །སུ་བ་ཙས྄་འགྲེལ་པ་ལྟར་བྱ། ཙནྡྲ་མས྄་ཀྱང་དེ་དང་འདྲ། ས་མཐའ་


MR11_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཤ་ནས྄་སོགས་ལ། །ཨུ་ཤ་ནས྄་སོགས་རྣམས་ལ་ནི། །ཨུ་ཤ་ནས྄་རྣམས་ཀྱིའོ། །དང་པོའི་སིའི་ས྄ཌཱ་རུ་འགྱུར། །ཌ་འགྲོ་རྟགས་མཐའི་ཨས྄་དབྱིའོ། །ཨཽ་སོགས་དབྱངས་རྣམས་ལ་ནི་དྲང་། །ས་བྷ་རྣམས་ལ་ས་རྣམ་བཅད། །མཚམས་སྦྱར་ཇི་ལྟར་ཐོབ་བཞིན་བྱ། །པུ་རུ་དཾ་ཤས྄་ཨ་ནེ་ཧས྄། །དག་ཀྱང་དེ་བཞིན་ཤེས་པར་བྱ། །དེ་ལྟར་སྐྱེས་རྟགས་གསལ་བྱེད་མཐའ། །བཤད་ནས་མོ་རྟགས་གསལ་བྱེད་མཐའི། །ཧ྄་མཐའ་ཨུ་པཱ་ན་ཧ྄་ལ། །ར་ས་དང་ནི་ཚིག་མཐར་ཡང་། །ནཧ྄འི་ཧ྄་ནི་དྷ་རུ་འགྱུར། །ན་ཧ྄འི་དྷ྄འོ། །སི་དབྱི་རྫོགས་པ་ལས་དྷ་ད། །ད་ཡང་ཏ། ཨཽ་སོགས་དབྱངས་དྲངས་གསལ་བྱེད་ལ། །ས་བྷ་ས྄་ཧ྄་དྷ྄་ཛྷ་བྷས་ད྄། །བ྄་མཐའ་དི་བ྄་ལ་དང་པོའི་སིར། །བ྄་དེ་ཨཽ་རུ་བསྒྱུར་བར་བྱ་དི་བ྄འི་སི་ལ་ཨཽའོ། །གཉིས་པའི་ཨ་མ྄་ལ་ཡང་ན་ཨཱ་བྱའོ། །ཨ་མ྄་ལ་ཨ་ཡང་ནའོ། །ར་ས་ཕ་རོལ་ཨུ་རུ་བསྒྱུར། །ར་ས་ལ་ཨུའོ། །ར་མཐའ་ཙ་ཏུར྄་ལྟ་བུ་ལ། །བུད་མེད་ཏྲྀ་དང་ཙ་ཏུར྄་དག །ཏི་སྲྀ་དང་ནི་ཙཏ་སྲྀ་འགྱུར། །བུད་མེད་ལ་ཏྲྀ་ཙ་ཏུར་དག་གི་ཏ་སྲྀ་ཙ་ཏུ་སྲྀ་རཱི་བཞིན་ནོ། །རཱྀ་རིང་འདྲ་ཞེས་པའི་དོན་ནོ། །དེ་གཉིས་མང་ཚིག་ཁོ་ན་འཇུག །ཛས྄་ཤས྄་སོགས་ལ་གོང་ལྟར་བསྒྱུར། །རྀར྄་སཱ་ར྄༴ ཤས྄༴་ཨཱ་མ྄་ལ་ཡང་ན་རིང་། ཀུ་ཨི་ལ༴ ཏིསྲ༔ གསུམ་རྣམས། ཙཏས྄ཿ བཞི་རྣམས། ཏི་སྲྀ་བྷིཿ ཙ་ཏ་སྲྀ་བྷིཿསོགས་སོ། །ར྄་མཐའ་གི་ར྄་ལ་འདི་ལྟ་སྟེ། །བྱིངས་ཀྱི་ཨིཨུའི་མཐའི་ར྄་བ྄། །ཧ་ས་ཕ་རོལ་དབྱངས་མཐའ་རིང་། །ཨུ་དག་གི་ཧ་ས་ར྄་བ་ལའོ།། དེ་བཞིན་པུར྄་དྷུར྄་ལ་སོགས་སོ། །ངྷ་མཐའ་ས་མི་དྷ་སྤྱི་ལྟར་བྱ། །ད྄་མཐའ་ཏ་ད྄་སོགས་སརྦའི་སྡེའོ། །ཙ྄་མཐའ་ཏྭ་ཙ྄་སྤྱི་ལྟར་བྱ། །དེ་བཞིན་རྀ་ཙ྄་པཙ྄་སོགས། །པ་མཐའ་ཨཔ྄་ནི་མང་ཚིག་ཅན། །ཨབ྄་ལ་


MR11_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་ཀྱི་ན་ཕ་རོལ་བྷ་ལ་པད྄་བྱ། ཨཔ྄་རྣམས་ཀྱི་བྷ་ལ་དའོ། །ཤ་མཐའ་དི་ཤ྄་ལ་སྒེར་མདོ་བ། །དི་ཤ྄་སོགས་དྀ་ཤ྄་སྤྲྀ་ཤ྄་མྲྀ་ཤ྄་སོགས་རྣམས་ཀྱི་ཕ་རོལ་ཏུ། །དིཤ྄་རྣམས་ཀྱི་ཀའོ་ར་སའམ་ཚིག་མཐར་ཤ་ཀའོ། །ཥ྄་མཐའ་ཏི་ཥ་སྤྱི་ལྟར་བྱ། ཨཱ་ཥི་ཥ། །སོགས་ཀྱང་གོང་ཐོབ་བྱ། བུད་མེད་གསལ་བྱེད་མཐའ་ཅན་བཤད། །མ་ནིང་གསལ་བྱེད་མཐའ་ཅན་ལས། །ར྄་མཐའ་བཱ་ར྄་སོགས་སི་ཨམ་འཇིག་སོགས། ཙ་ཏུ་ར྄་ཛས་ཤས་ཤི་ཤི་ལའང་ཨཱ་མ྄འོ་ཞེས་དབྱངས་མཐར་ཨཱམ྄། ན྄་མཐའ་ཨ་ཧན྄་ཕ་རོལ་ཏུ། །ར་སའམ་ཚིག་མཐར་ན྄་སར་འགྱུར། །པྲཧྨ་ན྄་ཕ་རོལ་ར་ས་དང་། །ཚིག་མཐའ་ལ་ཡང་ན྄་དབྱིའོ། །མ་ནིང་ན྄་མཐའ་ཨ་ཐུང་མཐར། །ཛས྄་ཤས྄་ཤི་རུ་བསྒྱུར་བ་དང་། །ངི་ལ་ན་དབྱི་མི་དབྱི་བ། །ན་མཐའ་ཅན་དང་ཨཏ྄་མཐའ་ཅན་ལས་སྡེབ་སྦྱོར་ལ་ངི་ཤི་ངག་གི་ཡང་ན་དབྱིའོ། །སྒྲ་ཡི་སྡེབ་སྦྱོར་གཞན་ལས་བཤད། །འགྲེལ་བ་ལས། ཏྱད྄་སོགས་དང་། པྲ་ཏྱ་ཙ྄། ཛ་གཏ། མ་ཧཏ྄། དྲྀ་ཥ་ཏ། པ་ཡས྄། ཏེ་ཛས྄། བ་ཙས྄། ཧ་བིཥ྄། ཨི་དམ྄་སོགས་འདུག་སླར་དཔྱད། མིང་གི་ལེའུ་ལས་རྟགས་གསུམ་གསལ་བྱེད་མཐའ་ཅན་མདོར་བསྡུས་བཤད་པའི་སྐབས་གཉིས་པའོ།། །།ད་ནི་རྟགས་གསུམ་པར་བཤད་པ། །སརྦ་ནཱ་མའི་སྡེ་ཚན་བརྗོད། །སརྦ་ཨི་དམ྄འི་བར་དགུ། །ཌ་ཏ་ར་ནེ་མའི་བར་བརྒྱད། །པུརྦྦ་ཨནྟ་རའི་བར་བརྒྱད། །འདི་རྣམས་ཨ་ཐུང་མཐའ་ཅན་ཡིན། །ཏྱད་སོགས་བཅུ་ཡི་ནང་གི་ནི། །དྭི་ནི་ཨི་ཐུང་མཐའ་ཅན་ཏེ། །གཞན་དགུ་གསལ་བྱེད་མཐའ་ཅན་ནོ། །འདི་རྣམས་སརྦ་ཞེས་བྱའི་སྡེ། །འདི་དག་རྟགས་གསུམ་ཅན་ཡིན་པས། །དང་པོ་སྐྱེས་པའི་རྟགས་ལྟར་ན། །


MR11_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་མཐའ་སརྦ་སོགས་ལ་ནི། །རང་གི་སྒེར་གྱི་མདོ་ལྔ་སྟེ། །ཛས་ནི་ཨཱི་ཛས་ཨཱིའོ། །ཡིག་དག་ཏུ་བྱ། །ངེ་དང་ང་སི་ཕ་རོལ་ལ། །རྣམ་དབྱེའི་གོང་དུ་སྨཊ྄་སྟེར་བྱ། །སརྦ་སོགས་ལ་སྨཊ྄འོ། །ཀ་ལཱ་པར། ངེ་སྨཻ། ངསི་སྨཱ་ཏ། ངི་སྨིན་བསྒྱུར། ཨཱ་མ་ལ་སྔོན་དུ་སུའོ། །གསུང་། ཛས་ཨཱི། ང་སིའི་ཨས྄་ནི་ཨཏ྄་དུ་བསྒྱུར་ཨཏ྄འོ། །ཨམ་སྔོན་སུཊ྄་སྟེར་ཨུཊ྄་ཕྱིས་སྦྱར། །ངི་ནི་སྨིན་དུ་བསྒྱུར་བར་བྱ། །གཞན་པ་སྐྱེས་པའི་ཨ་ཐུང་མདོ། །ས྄་ར྄་རྣམ་བཅད་བྱ་བ་དང་། །ཨམ྄་ཤས྄་དག་གི་ཨ་དབྱི་བ། །ཤས྄་ལ་རྟགས་མཐའ་རིང་བ་དང་། །སྐྱེས་པ་ཤས་ཀྱི་ས྄་ན྄་དང་། །ཊཱ་ནི་ཨི་ན་བྱ་བ་དང་། །བྷ་ཅན་ཀུན་ལ་རྟགས་མཐའ་རིང་། །བྷིཿའི་བྷ་ཨ་རུ་བསྒྱུར་བ་དང་། །མང་ཚིག་ས་བྷར་མཐའི་ཨ་ཨེ། །ངས྄་ནི་སྱ་བྱ་བ་དང་། །ཨོས་ལ་རྟགས་མཐའི་ཨ་ཨེ་བྱ། །བྱིངས་མིན་མཚུངས་པར་ངྷི་དབྱི་བ། །དེ་ལྟར་བཅུ་གཅིག་དག་དང་ནི། །གསལ་བྱེད་མཚམས་སྦྱོར་ལས་བྱུང་བའི། །ཀུ་ཨི་ལ་དང་ར་ཥ་རྀ། །ཨ་བ་ཀུ་པུ་བཅས་གསུམ་ཏེ། །ཁྱོན་དྲིལ་མདོ་ནི་བཅུ་དགུས་བསྒྲུབ། །དེ་བཞིན་བི་ཤྭ་ལ་སོགས་པ། །ཨ་མཐའ་ཅན་ཀུན་སྦྱིར་བཏང་མཚུངས། །ཌ་ཏ་ར་དང་ཌ་ཏ་མ། །མིང་དངོས་མ་ཡིན་རྐྱེན་ཡིན་ཀྱང་། །མིང་མཐར་སྦྱར་ཚེ་སརྦ་འདྲ། །པཱུརྦྦ་ནས་ནི་ཨནྟ་རའི། །བར་དགུར་ཛས྄་ཨཱིར་བསྒྱུར་བའམ། །ཡང་ན་ཨ་ཐུང་མཐའ་ལྟར་བསྒྲུབ། །ཨུ་བྷ་ལ་ནི་གཉིས་ཚིག་དང་། །ཨུ་བྷ་ཡ་ལ་གཅིག་ཚིག་གམ། །མང་ཚིག་ཁོ་ན་འཇུག་པ་ཡིན། །ཏྱད྄་སོགས་ནང་ཚན་དྭི་ཨི་མཐའ། །ཨི་དམ྄་ཀིམ྄་གཉིས་མ་ཡི་མཐའ། །ཨ་


MR11_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དས྄་ས་མཐའ་དེ་མིན་ད྄། །བྷ་བཏ྄་ཏ྄་མཐའ་འདིར་མ་བགྲངས། །ཏྱད྄་སོགས་བཅུ་ཡི་ཕ་རོལ་ཏུ། །སི་སོགས་ཀུན་ལ་ཊིའི་ཨ་བྱ། །ཏྱད྄་ལ་སོགས་པའི་ཊིའི་སི་སོགས་ལ་ཨའོ། །དྭི་ལ་གཉིས་ཚིག་རྣམས་ཁོ་ན། །ཊིའི་ཨ་དཽ་དྭཱ་བྷྱཱཾ་སོགས་སོ། །གསལ་བྱེད་མཐའ་ཅན་ཨི་དམ྄་ནི། །ཏྱད྄་སོགས་ཊི་ཨ་ཞེས་པའི་མདོས། །དམ་གྱི་ཨམ་ཕྱིས་ཨི་ངའོ། །དེ་ལ་སྒེར་གྱི་མདོ་འདི་སྟེ། །སི་དང་ལྷན་ཅིག་ཨ་ཡམ་འགྱུར། །སྐྱེས་པ་ལ་ཨི་དམ྄འི་ཨ་ཡམ྄་མོ། །ཨཽ་སོགས་ལྔ་ལ་ང྄་ཡིག་མ། །ཊཱ་ཨོས་ངག་ལ་ཨ་ནར་འགྱུར། ཊཱ་ཨོས་དག་ལ་ཨ་ནུའོ། །ས་བྷའི་རྣམ་དབྱེར་ཨ་རུའོ། །ས་བྷ་ལ་ཨའོ། །བྷིཿའི་ཨ་མི་ཕྱུང་བྷིཿཉིད་བཞག །བྷིས྄་བྷིས྄་སོ། །ཨ་ཐུང་སརྦའི་ཐུན་མོང་མདོ། །ཛས྄་ཨཱི་ཤས྄་ལ་སྔ་མ་རིང་། །ཨམ་ཤས་ཨ་དབྱི་ས་ན་བྱ། །ཊཱ་ནི་ཨི་ནར་བསྒྱུར་བ་དང་། །དེང་སི་གོང་སྨཊ྄་སྟེར་དང་། །ང་སིའི་ཨས྄་ཨཏ྄་ངས྄་སྱ། །བྷ་རྐྱེན་ཀུན་ལ་རྟགས་མཐའ་རིང་། །མང་ཚིག་ས་བྷར་རྟགས་མཐའ་ཨེ། །ཨོས྄་ལ་རྟགས་མཐའ་ཨེ་ཨཱམ྄་སུཊ྄། །ངི་སྨིན་ཀུ་ཨི་དང་བཅས་པའི། །མདོ་ནི་བཅུ་བཞི་སྦྱར་ཏེ་བསྒྲུབ། །ཨ་ཡཾ་འདི། ཨི་མཽ་འདི་དག ཨི་མི། ཨི་མཾ། ཨི་མཽ། ཨི་མཱན། ཨཱ་བྷྱཱཾ། ཨེ་བྷིཿ ཨ་སྨཻ། ཨཱ་བྷྱཱཾ། ཨེ་བྷྱཿ ཨསྨཱ་ཏ྄། ཨ་སྱ། ཨ་ན་ཡོ། ཨེ་ཥཱཾ། ཨ་སྨི་ན། ཨ་ན་ཡོཿ ཨེཥུ་ཞེས་སོ། །ཀི་མ྄་ནི་སི་སོགས་རྐྱེན་ཀུན་ལ། །ཨི་མ྄་ནི་ཨ་རུ་བྱས་པས་ཀ ཨ་ཐུང་སརྦའི་ཐུན་མོང་མདོ། །སྔ་མར་བཤད་པ་བཞིན་དུ་བསྒྲུབ། ཀཿསུ། ཀཽ སུ་དག ཀེ་སུ་རྣམས། ཀཾ་ཀོ ཀཱན་སོགས་སོ། །ང྄་མཐའ་ཏྱད྄་ཏད྄་ཡད྄་ཨེ་ཏད྄། །དེ་ལས་ཏྱད྄་ཏད྄་གཉིས་པོ་ནི། །ཏྱད྄་སོགས་ཊིའི་ཨ་བྱས་པས་


MR11_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཏྱ། །སི་ལ་ཏ་ཉིད་ས་རུ་འགྱུར། ཏའི་སའོ། །ས་ནི་རྣམ་བཅད་བྱ་བ་ལས། །གཞན་པ་ཨི་དམ྄་སྐབས་ལྟར་སྦྱར། ཏྱད྄། སྱཿདེ། ཏྱཽ། དེ་དག་ཏྱེ། དེ་རྣམས་སོགས། ཏད྄། སཿདེ། ཏཽ་སོགས། ཨེ་ཏད྄་འདི། ཨེ་ཥཿའདི། ཨེ། ཏཽ།འདི་དག་ཨེ་ཏེ། འདི་རྣམས། ཨེ་ཏད྄་རྣམ་དབྱེ་གཉིས་པ་གང་། །ཊཱ་ཨོས་རྣམས་ལ་ཨེ་ནའམ། ཨེ་ཏཾ། ཡང་ན། ཨེནཾ། ཡང་ན་མ་བསྒྱུར་ཏྱད྄་བཞིན་བྱ། ཡད྄་ལ་ཊྀ་དབྱི། ཡཿ ཡེ། སོགས་སོ། །ས྄་མཐའ་ཨ་དས྄་ཉིད་ལ་ནི། །ཏྱད྄་སོགས་ཊི་ཨ་ཞེས་པས་ནི། །རྣམ་དབྱེ་ཀུན་ལ་དས་དའོ། །ཨ་དས྄་ཉིད་ལ་སྒེར་མདོ་བཞི། །ད་རྗེས་སི་ལ་ད་སར་འགྱུར་སི་ལ་སའོ། །རྣམ་དབྱེ་སི་ནི་ཨཽ་རུ་འགྱུར། །གཉིས་པའི་ཨཽ་ཡིག་ཕན་ཆད་ལ། །ད་ནི་མ་རུ་བསྒྱུར་བྱས་པའི། །མ་དེའི་སྲོག་དབྱངས་རིང་ཐུང་དང་། །བསྟུན་ནས་ཨུ་ཡིག་རིང་ཐུང་འགྱུར། །མ་ལས་ཨུ་དག་གོ། མང་ཚིག་རྟགས་མཐའི་ཨེ་ཨཱིའོ། །མང་པོ་ཉིད་ལ་ཨེའི་ཨཱིའོ། །གཞན་ཡང་སྐྱེས་པ་སརྦའི་མདོ། །ད་ནི་མ་དང་ཨཽ་ཨཱི་ཨཱུ། །ཛས྄་ཨཱི་ཨམ྄་ཤས྄་ཨ་དབྱི་བ། །ཤས྄་ལ་མཐའ་རིང་སྐྱེ་ས་ན། །ཕོ་ཡི་ཊཱ་ནཱ་བྷ་ལ་ཨཱཏ྄། །ས་བྷ་མང་པོ་ཉིད་ལ་ཨེ། །བྷིས྄་བྷིས྄་དེ་ང་སི་ལ་སྨཊ྄། །ངས྄་ནི་སྱ་ཨོས་མཐའ་ཨེ། །ཨཱམ྄་ལ་སུཊ྄་སྟེར་ངི་སྨིན྄། །ཀུ་ཨི་ལ་བཅས་བཅུ་དྲུག་སྦྱར། །ཨ་སཽ། འདི། ཨ་མཱུ། འདི་དག ཨ་མཱི། འདི་རྣམས་སོགས་ཨ་མཱུ་བྷྱཱཾ་སོགས་སོ། །ཡང་གཅིག་ཨ་དས་རྣམ་འགྱུར་གཞན། །ཐུན་མོང་སྤྱི་ཡི་དོན་བརྗོད་ལ། །རྣམ་དབྱེ་ཀུན་ལ་མིང་མཐར་ཀའོ། །སྤྱི་ལ་ཨ་དས྄་ཀྱི་ཀ་སྟེ་སི་སོགས་འདྲ་བ་འང་ངོ་། །ཨདས྄་ཀྱི་ཊི་ཨ། ཨ་ད། ང་མ། མའི་ཨུ། དེ་ལ་ཀ ཨ་མུ་ཀ དེ་ལ་རྣམ་དབྱེ་


MR11_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་ཚུལ། །ཨ་ཐུང་ངམ་སརྦ་ལྟར་བྱའོ། །ཨ་མུ་ཀཿ ཆེ་གེ་མོ། ཨ་མུ་ཀཽ་སོགས་སོ། །སརྦའི་སྡེ་ཚན་སྐྱེས་པ་ལྟར། །བསྒྲུབ་ཚུལ་བཤད་ནས་བུད་མེད་ལྟར། །བསྒྲུབ་ན་སརྦ་ལ་སོགས་པར། །ཨ་མཐའ་ཅན་ལ་རྣམ་དབྱེ་རྣམས། །འཇུག་ཚུལ་ཨཱཔ྄་བྱིན་གངྒཱ་སོགས། །ཁྱད་པར་མདོ་གཅིག་འདི་ལྟ་སྟེ། །ངི་ཏ྄་བཞིར་རྐྱེན་སྔོན་ཡཊ྄་བྱིན་ནས། །ཡ་ཊའི་ཨ་ཊའང་ངོ་། །ཨཊ྄་དབྱི་རྟགས་མཐའ་ཐུང་བྱ་ཞིང་། །ཡ྄་ཡི་གོང་དུའང་སུཊ྄་ཨུཊ྄་ཕྱིས། །ང་རྐྱེན་རྣམས་ཀྱི་རྗེས་འབྲེལ་ཕྱིས། །དབྱངས་རྣམས་མཚམས་སྦྱོར་བྱས་པས་འགྲུབ། །བུད་མེད་མདོ་ལྔ་ཐུན་མོང་སྟེ། །ཨཱཔ྄་མཐའི་སི་འཇིག་ཨཽ་ཨཱིར་འགྱུར། །ཊཱ་ཨོས་དག་ལ་རྟགས་མཐའ་ཨེ། །ངི་ནི་ཨཱམ་འགྱུར་བོད་སི་ཨིའོ། །སརྦྦ་ཞེས་བྱའི་སྡེ་ཚན་གྱི། །ཨ་ཐུང་མཐའ་ཀུན་དེ་ལྟར་བསྒྲུབ། །དྭི་ནི་བུད་མེད་ཨི་ཐུང་བཞིན་རང་། །ད྄་མཐའ་ཏྱད྄་ལ་སོགས་པ་ནི། །ཏྱད྄་སོགས་ཊིའི་ཨ་དེར་ཨཱཔ྄་བྱིན། །བུད་མེད་སརྦའི་ཐུན་མོང་མདོ། །ཏའི་ས་ཨཽ་ཨཱི་ཊཱ་ཨོས་ཨེ། །ངི་ཏ་ལ་ཡ་ཏ་ཡཊ྄་ལ་ཨཊ྄། །ཡཊ྄་གོང་སུཊ྄་ཨཱམ྄་ལ་སུཊ྄། །ངི་ཨཱམ྄་བྱ་བ་བརྒྱད་ཀྱིས་བསྒྲུབ། །ཏྱད྄། སྱེ། དེ། ཏྱཱཿསོགས། ༧ ཏད། སཱ། ཏེ། ཏཱཿ ཏ་ཡཱ། ཏཱ་བྷྱཱཾ། ༧ ཡད྄། ཡཱ། གང་། སོགས་སོ། ༧ །ཨེ་ཏད྄་། ཨེ་ཥཱ། ཨེ་ཏེ། ཨེ་ཏཱཿསོགས། ཀི་མ྄་ལ། ཀཱ ཀེ ཀཱཿསོགས། བུད་མེད་ཨི་དམ྄་ཕ་རོལ་ཏུ། །བུད་མེད་ལ་ཨི་ཡ་མ་མོ། །མདོ་གཅིག མི་དང་ལྷན་ཅིག་ཨི་ཡམ་འགྱུར། །བུད་མེད་ལ་ཨི་ཡ་མ྄འོ། མདོ་གཅིག ཨཽ་སོགས་གཞན་ཀུན་ཊིའི་ཨ་བྱ། །ད་ནི་མ་བྱ་ས་བྷ་ཨ། །ཨ་ལས་ཨཱཔ྄་བྱ་སྔར་ལྟར་དང་། །ཊཱ་ཨོས་དག་ལ་ཨི་མཱ་དེ། །ཨ་ན་རུ་བསྒྱུར་རྟགས་མཐའ་ཨེ། །ཨི་ཡཾ། འདི། ཨི་མེ། སོགས། ཨཱ་བྷྱཱཾ་སོགས་


MR11_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཨ་དས་སི་ནི་སྐྱེས་པ་འདྲ། །ཨཽ་སོགས་ཊིའི་ཨ྄་ཨཏ྄་ལས་ཨཱབ྄། །དེའི་མ་མའི་དབྱངས་ཨུ་བྱ། །གཞན་རྣམས་སརྦ་ལྟར་བསྒྲུབ་བོ། །ཨ་སཽ། ཨ་མཱུ། ཨ་མཱུཿ སོགས་སོ། །སརྦའི་སྡེ་ཚན་མ་ནིང་དུ། །བསྒྲུབ་ན་སྤྱིར་བཏང་མ་ནིང་མདོ། །དྲུག་ལས་གཞན་པ་སྐྱེས་པ་བཞིན། །རང་འདི་སླར་དཔྱད། ཨ་ནྱ་ཌ་ཏ་མའི་བར་བདུན། །སི་ཨམ་དག་ནི་ཤྟུ་བྱ། །ཨ་རྒྱལ་རྒྱལ་སོགས་པ་རྣམས་ཀྱི་ཤྟུའོ། །མདོ་གཅིག ཤ་དང་ཨུ་ནི་དབྱི་བར་བྱ། ཨནྱ་ཏ། ཨོ་སོགས་ལྔ་པོར་མ་ནིང་གི། ཨཽ་ཨཱི་ཛས྄་ཤས྄་ཤི་རུ་བསྒྱུར། །དབྱངས་ཐུང་ཡ་མའི་མཐར་ནུམ྄་སྟེར། །ཤི་ལ་ན་མཐའི་ཨུཔ྄་དྷཱ་རིང་། །མདོ་བཞི་སྦྱར་ཞིང་ཊཱ་ཕན་ཆད། །ཨ་ཐུང་བཞིན་དུ་བསྒྲུབ་པར་བྱ། །ཏྱ ད྄་སོགས་གསལ་བྱེད་མཐའ་རྣམས་ལ། །སི་ཨམ྄་འཇིག་ཕྱིར་ཊིའི་ཨ་མིན། །ཨཽ་སོགས་ཊིའི་ཨ་བྱ་བ་དང་། །ཨཽ་ཨཱི་ཛས྄་ཤས྄་ཤི་ནུམ྄་སྟེར། །ན྄འི་ཨུཔ྄་དྷཱ་རིང་པོར་བྱ། །ཊཱ་ཕན་སརྦའི་སྐབས་བཞིན་བྱ། །ཏད྄། ཏྱང་། ཏྱེ། ཏྱཱ་ནི་སོགས། ཡད྄། ཡཏ྄། གང་། ཡེ། ཡཱ་ནི་སོགས། ༧ །ཨེ་ཏད྄། ནི་ཨེ་ཏ་ཏ། ཨེ་ཏེ། ཨེ་ཏཱ་ནི་སོགས། ཀི་མ྄། ཀེ ཀཱ་ནི་སོགས། ཨི་དཾ། ཨི་མེ། ཨི་མཱ་ནི་སོགས། ཨ་ད་ས྄་སི་ཨམ྄་འཇིག་ས་རྣམ་བཅད། །ཨཽ་སོགས་ཊཱའི་ཨ་དམ་དང་། །མའི་ཨུ་བྱའོ་གཞན་གོང་བཞིན། །ཨ་དཿ ཨ་མཱུ། ཨ་མཱུ་ནི་སོགས། དེ་ལྟར་སརྦའི་སྡེ་ཚན་སྤྱིའི། །རྟགས་གསུམ་ཆོ་ག་བཤད་ཟིན་ནས། །ད་ནི་ཡུཥྱད྄་ཨ་སྨད྄་ཀྱི། །རྣམ་འགྱུར་དག་ནི་བརྗོད་བྱ་སྟེ། །འདི་ལ་རྟགས་གསུམ་ཁྱད་མེད་པར། །མིང་དང་རྣམ་དབྱེ་ལྷན་ཅིག་ཏུ། །སྒྲ་འདི་རྣམས་སུ་འགྱུར་བ་ཡིན། །སི་ལ་ཏྭཾ་དང་ཨ་ཧམ྄་འགྱུར། །ཨཽ་གཉིས་ཡུཾ་པཱཾ་


MR11_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་བཱམ་མོ། །ཛས྄་ལ་ཡཱུ་ཡཾ་བ་ཡཾ་སྟེ། །ཨ༢་མ྄་ལ་ཏྭཱཾ་དང་མཱཾ་དུ་འགྱུར། །ཨཽ་ལ་གོང་དུ་བཤད་པ་བཞིན། །ཤས྄་ལ་ཡུཥྨཱ་ན་ཨ་སྨཱན་ནོ། །ཊཱ་༣ལ་་་ཏའང་། ཏ་ཡཱ་མ་ཡཱ་སྟེ། །བྷྱཱམ་ལ་ཡུ་བཱ་བྷྱཱཾ། །ཨཱ་བཱ་བྷྱཱམ་དུ་འགྱུར་བ་ཡིན། །བྷིས་ལ་ཡུཥྨཱ་བྷཱིཿདང་ནི། །ཨ་སྨཱ་བྷིཿཞེས་བྱ་བར་འགྱུར། །དེ་ལ་༤ ཏུ་བྷྱཾ་མ་ཧྱ་མ྄་མོ། །བྷྱཱམ་ལ་གོང་གི་བྷྱཱམ་དང་འདྲ། །བྷྱས་ལ་ཡུཥྨ་བྷྱཾ་དང་ནི། །ཨསྨ་བྷྱཾ་ཞེས་བྱ་བར་འགྱུར། །ང་སི་ལ༥་ནི་ཏྭ་ཏ྄་དང་མཏ྄། །བྷྱཱཾམ་ལ་གོང་མ་ཇི་བཞིན་ནོ། །བྷྱས྄་ལ་ཡུཥྨ་ཏ྄་ཨསྨ་ཏ་བྱ། །ང༦་ས྄་ལ་ཏ་བམ་མ་སྟེ། །ཨོས་ལ་ཡུ་བ་ཡོཿདང་ནི། །ཨཱ་བ་ཡོཿཞེས་བྱ་བར་འགྱུར། །དྲུག་པའི་ཨཱམ྄་ལ་ཡུཥྨ་ཀཾ། ཨཱསྨཱ་ཀཾ་ཞེས་བྱ་བར་འགྱུར། །ངི་ལ་༧ ཏྭ་ཡི་མ་ཡིའོ། །བདུན་པའི་ཨོས་ལ་ཡུ་བ་ཡོཿ ཨཱ་བ་ཡོཿཞེས་བྱ་བར་འགྱུར། །སུཔ྄་ལ་ཡུཥྨཱ་སུ་དང་ནི། །ཨསྨ་སུ་ཞེས་བྱ་བར་འགྱུར། །འདི་ནི་གྲུབ་གཟུགས་བསྡུས་པ་ཡིས། །བྱ་སླ་ཉིད་དོ་གཞན་དུ་ན། །སི་ཛས྄་ངེ་ངས་བཞི་མ་གཏོགས། །རྣམ་དབྱེ་གཞན་ལ་སྒྲུབ་ཚུལ་མཛད། །གལ་ཏེ་སྒྲུབ་ཚུལ་ལྟར་བྱ་ན། །སི་ཛས྄་ངེ་ངས྄་གོང་བཞིན་ལ། །ཡུཥྱད྄་ཨསྨད྄་ཕ་རོལ་ཏུ། །གཉིས་ཚིག་ཀུན་ལ་དེ་གཉིས་སོ། །ཡུ་བ་ཨཱ་བ་ཞེས་པར་བསྒྱུར། །ཨམ྄་ཕན་གཅིག་ཚིག་ཐམས་ཅད་ལ། །ཏྭད྄་དང་མད྄་ཅེས་བྱ་བར་བསྒྱུར། །མང་ཚིག་ཀུན་ལ་རང་སར་བཞག །རྣམ་དབྱེ་སྦྱར་བའི་ཚེ། །ཨཽ་ནི་ཨཱམ྄་དུ་བསྒྱུར་བར་བྱ། །ཕ་རོལ་ཨམ྄་དང་ས་དང་བྷིས྄། །བྱུང་ན་ཊི་ནི་ཨཱ་རུ་བསྒྱུར། །ཤས྄་ཀྱིས྄་ནི་ན྄་རུ་བྱ། །ཊཱ་དི་དག་ལ་སྔ་མཐའ་ཨེ། །བྷྱས་ནི་མྱཤ་བསྒྱུར་ཏེ། །


MR11_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ནི་མིང་མཐའ་ཨཱཏ྄་དང་ཨེ། །བྱ་བ་དགག་པའི་དོན་ཕྱིར་དབྱི། །ང་སི་བྷས྄་ཤྟུ་བྱ། །ཤ་ནི་ཐམས་ཅད་བསྒྱུར་དོན་དང་། །བརྗོད་དོན་ཨུ་ཕྱིས་མཚམས་སྦྱར་བྱ། །གཞན་ཡང་ཊིའི་ཨ་བྱ་བ་དང་། །དེ་མཐའི་ཨོས྄་ལ་མིང་མཐའ་ཨེ། །ཨཱམ྄་གོང་སུཊ྄་སྟེར་ཨཱམ྄་ཕྱིས་སྦྱར། །སཱཾ་ནི་ཨ་ཀཾ་ཞེས་པར་བསྒྱུར། །དེ་ལྟར་བསྒྲུབས་པས་སྔར་བཞིན་འཆར། པུ་ཏྲོ་ཨུཥྨཱ་ཀཾ བུ་ཁྱེར་རྣམས་ཀྱི། པུ་ཏྲོ་྅ཥྨཱ་ཀཾ བུ་ངེད་རྣམས་ཀྱི། ཡུཥྨ་ཏ྄་དང་ཨསྨ་ཏ་ལ་དྲུག་པའི་ཨཱཾ་སྦྱར་ན་ཞེས་སོ། །འདི་ཡི་རྣམ་འགྱུར་གཞན་བཤད་པ། །རྣམ་དབྱེ་གཉིས་བཞི་དྲུག་པ་སྟེ། །ལས་དང་ཆེད་དོན་འབྲེལ་སྒྲ་ཡི། །གཅིག་ཚིག་ཏེ་དང་མེ་ཞེས་དང་། །གཉིས་ཚིག་རྣམས་ནི་བཱན྄་དང་ནཽ། །མང་ཚིག་བས྄་དང་ནས྄་སུའང་འགྱུར། །གཉིས་པའི། གཅིག་ཚིག་ཏྭཾ་མཱཾ། ཏེ་མེ། གཉིས་ཚིག་སུ་བཱཾ་ཨཱ་བཱཾ། བཱན་ནཽ། །མང་ཚིག་ཡུཥྨཱ་ན་ཨཱསྨན྄། བས྄་ནས། ༧ བཞི་པའི་གཅིག་ཚིག་ཏུ་བྷྱཾ་མཧྱཾ། ཏེ་མེ། གཉིས་ཚིག་ཡུ་བཱ་བྷྱཱཾ། ཨཱ་བཱ་བྷྱཱཾ། བཱན྄་ནཽ། མང་ཚིག་ཡུཥྨ་བྷྱཾ། ཨསྨ་བྷྱཾ། པས྄་ནས྄། ༧ དྲུག་པའི་གཅིག་ཚིག་ཏ་བ། མ་མ། ཏེ། མེ། གཉིས་ཚིག་ཡུ་བ་ཡོཿ ཨཱ་བ་ཡོཿ བཱན྄། ནཽ། མང་ཚིག་ཡུཥྨ་ཀཾ། ཨསྨཱ་ཀཾ། བས྄། ནས྄། ཡང་ན་གཉིས་པའི་གཅིག་ཚིག་ནི། །ཏྭ་དང་མ་རུ་བྱས་ཀྱང་རུང་། །ཚིག་གི་རྐང་པའི་དང་པོ་ལ། །ཏེ་མེ་སོགས་སུ་བསྒྱུར་མི་བྱ། །དེ་མིན་དེ་ལྟར་བསྒྱུར་ཀྱང་རུང་། །བོད་པའི་ཚིག་གི་རྗེས་དང་ནི། །ཙ་སོགས་ལྔ་དང་སྦྱར་ཀྱང་མིན་དཔྱད། །མིང་གི་ལེའུ་ལས་སརྦ་ནཱ་མའི་སྡེ་ཚན་དང་དེའི་བྱེ་བྲག་ཡུཥྨ་ད྄་ཨསྨད྄་ཀྱི་རྣམ་འགྱུར་བཅས་བཤད་པའི་སྐབས་གསུམ་པའོ།། །།དེ་ནས་བུད་མེད་ཀྱི་རྟགས་སུ། །བསྒྲུབ་པའི་


MR11_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྣམས་འདིར་བཤད་དེ། །དེ་ཕན་སུཔ྄་ཐར་འཇུག་ན་ཡང་། །འདི་ནི་སུཔ྄་མེད་མིང་མཐར་འཇུག །དེ་ཕྱིར་རྟགས་ཙམ་སྒྲུབ་བྱེད་ཕྱིར། །དེ་ཕན་དུ་མི་གཏོགས་བཞེད་ཀྱང་། །དེ་ཕན་རྐྱེན་གྱི་བྱེ་བྲག་ཏུ། །འདོད་ནའང་འགལ་བ་མེད་པར་མཐོང་། །དེ་ལ་ཙནྡྲ་པ་ལས་ནི། ངཱི་པ྄་ཌཱ་པ྄་དཱི་ཥ་ཨཱུང་ཙཱ་པ྄་ཏིང྄་དྲུག །གསུངས་ཀྱང་དོན་གྱི་སྙིང་པོ་ལ། །ཨ་ཐུང་མཐའ་ལ་ཨཱབ྄་འཇུག་སྟེ། །ཛཱ་ཡཱ་དེ་བཱ་ཏཱ་རཱ་དང་། །མཱ་ཡཱ་མཱ་ལ་སོགས་བཞིན་ནོ། །ཨ་ཛ་སོགས་ལའང་དེ་བཞིན་ཏེ། །མོ་རྟགས་མཐའ་ལ་ཀ་སྦྱར་བ། །དེ་ལ་ཨཱཔ྄་བྱིན་ཚེ་ན་ནི། །ཀའི་སྔོན་ཨ་ནི་ཨི་རུ་བསྒྱུར། །བ་ཙི་ཀཱ་ལ་སོགས་བཞིན་ནོ། །ཀནྱ་ཀཱ་སོགས་ཨིར་མི་འགྱུར། །འདི་སྐབས་ཉེ་བསྒྱུར་ཨ་བ་དང་། །ཨ་པེ་དག་གི་ཨ་དབྱེ་བར། །བཤད་པའང་ཡོད་དེ་འདམ་ངའོ། །ཧ་སའི་མཐའ་ཅན་ཀུན་ལ་ཨཱབ྄། །པཱ་ཙཱ་ནི་ཤཱ་ད་ཤཱ་བཞིན། །ཀ་ཨཱཔ྄་ཕ་རོལ་ཏ་ར་སོགས། །ལྔ་ལ་ཨི་ཐུང་ཡང་ན་བྱ། །ན྄་དང་རྀ་དང་ཨཎ྄་བྱིན་པའི། །ཨ་ཐུང་མཐའ་ལ་ཨཱིཔ྄་འཇུག་སྟེ། །དཎྚི་ནཱི་ལ་སོགས་བཞིན་ནོ། །རཱ་ཛན྄་ཨཱིཔ྄་ཨཏ྄་དབྱི་བར་བཤད། །རཱཛྙཱི། རྒྱལ་མོ། ཤྭན྄་ལབ་ཨུ་ཤུ་ནཱི་ཞེས་སོ། །རྀ་མཐའ་ཀརྟྲྀ་སོགས་ལ་ཨཱི་པ། །ཀརྟྲཱི་ཤཱསྟྲི་སོགས་བཞིན་ནོ། །ཨ་ཎ་མཐའ་བུ་རྒྱུད་རྐྱེན་མཐའ་སྟེ། །དབྱངས་དང་ཨ་ཡིག་ཐོག་མ་རུ། །ཡོད་པའི་རྐྱེན་ལ་རྟགས་མཐའ་ཡི། །ཨ་དང་ཨི་ནི་དབྱི་བར་བྱ། །ཨཽ་པ་ག་བཱི་ལ་སོགས་སོ། །ཡུ་བན྄་བ་ཨུ་ཡཱུ་ནཱི་ཞེས། །མ་གྷ་བན྄་ཀྱང་མ་གྷོ་ནཱི། །བྷ་གི་བཱན྄་ནི་བྷ་ག་པ་ཏཱི། །འདི་དམིགས་བསལ་དཔྱད། མིང་མཐར་ཥ་ཊ྄་ཨུ་རྀ་བཞི། །རྗེས་འབྲེལ་ཅན་ལའང་ཨཱིབ྄་སྦྱིན་འགྱུར། །


MR11_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་མཐའ་བཱར་ཀ་ལྟ་བུ། །ཥ་ཀ་ཅན་ལ་པཱ་ར་ཀཱི། །འདི་རྣམས་སླར་དཔྱད་དགོས། དེ་བཞིན་པཱ་རཱ་ཊཱ་ཥ྄་སོགས་སོ། །ཨུ་འབྲེལ་གོ་མཏ྄་མ་ཏུའི་ཏ་ལོ་གོ་མ་ཏཱི། །རྀ་འབྲེལ་བྷ་བནྟ་ཞེས་དང་། །བྷ་བནྟྲྀ་ལྟ་བུར་ཡོད་པའི་ཕྱིར་རོ། །པཥྛ་ནྟ་དང་པ་ཙནྟ། །འདི་རྣམས་ཨཱིཔ྄་བྱིན་ཨ་ཨི་དབྱི། །བྷ་བནྟཱི་སོགས་སུ་འགྲུབ་བོ། །ནད་སོགས་ལའང་ཨཱི་པ྄་སྦྱར་བས། །ནཱ་དཱི་གོ་རཱི་གོ་ཧཾ་མཱི། །པཉྩ་མཱི་ལ་སོགས་བཞིན་ནོ། །ཨིནྡྲ་སོགས་ལ་ཨཱ་ནཱི་པ྄་སྦྱིན། །ཨིནྡྲཱ་ཎཱི་དང་རུ་དྲ་ཎཱི། །བྷ་བ་ནཱི་ལ་སོགས་བཞིན་ནོ། །མ་ཏུ་ལ་སོགས་ཨཱ་ནཱི་པ྄་དང་། །ཨཱི་པ྄་གཉིས་གང་རུང་འདམ་ངའོ། །དེ་ལས་དམིགས་བསལ་འགའ་བཤད་པ། །དུ་མ་ཀུན་ནས་སྡུད་པ་ལ། །ཨཱི་པ྄་སྦྱིན་མིང་མཐའ་ཡོན་ཏན་བྱ། །ཏྲ་ཡཱི་དྭ་ཡཱི་ཞེས་པ་བཞིན། །ཤཱུ་ད྄་སོགས་ལ་ཨཱ་པ྄་དང་ཨཱིཔ྄། །འདམ་ང་ཀོ་པཱ་ལི་ཀ་ཨཱཔ྄། །ཡ་ཡིག་ཨུ་པ་དྷཱ་མིན་པའི། །ཨ་མཐའ་ལ་ནི་རིགས་བརྗོད་ཨཱིཔ྄། །མེ་ཥཱི་མ་ཧི་ཥཱི་སོགས་བཞིན། །དང་པོའི་ན་ཚོད་བརྗོད་པ་ལ། །ཨ་མཐར་ཨཱིཔ྄་འགྱུར་ཀུ་མཱ་རཱི་གཞོན་ནུ་མ།ཏ་ཐོར་མོ། ཀི་ཤོ་རཱི་དང་ཀ་ར་བྷཱི་རྡ་ཕྲུག་མོ། ཞེས་པ་ལ་སོགས་བཞིན་དུའོ། །ན་ཡོལ་ཨཱིཔ྄་མིན་ཨཱབ྄་སྦྱར་བས། །བྲྀདྡྷཱ་རྒན་མོ་སྡྱ་བི་རཱ་གནས་བརྟན་མོ་སོགས་བཞིན། །ཨི་ཨུ་སོགས་ལ་ཨཱིཔ྄་མི་འགྱུར་དཔེ། ཤི་ཤུཿ ཕྲུག་གུ་མོ་ཞེས་འདུག །བུད་མེད་རང་གི་ཡན་ལག་དག །བརྗོད་པར་ཨཱིཔ྄་ནི་ཡང་ན་འགྱུར། །སུ་མུ་ཁཱི་གདོང་བཟང་དང་མྲྀ་གཱཀྵཱི། །རི་དྭགས་མིག་མ། ཏྭ་ནྭཾ་གི་ལུས་ཕྲ་ལ་སོགས་བཞིན་ནོ། །ཨེ་ཀ་ཛ་ཊཱི་རལ་གཅིག་མ། ཡང་ན་ཨཱཔ྄་ནི་སྦྱར་བྱས་པས། །པདྨ་པ་རཱ་ནཱ་སོགས་བཞིན། །པདྨའི་


MR11_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན་མ། ཀྲྀཏ་རྐྱེན་ཀྟིའི་མཐའ་མིན་ལ། །ཡང་ན་ཨཱིཔ྄་སྦྱར་ཨངྒུ་ལཱི་སོར་མོ། དྷུ་ལཱི་རྡུལ་ཨ་ཛཱི་རམ་ལ་སོགས་བཞིན། །མ་སྦྱར་ཨངྒུ་ལི་སོགས་སོ། །ཀྲྀ་ཏིཿ བྱེད་པ་བྷཱུ་ཏིཿ འབྱིར་བ་མ་ཏིཿ བློ་གྲོས་དང་། བྷྲྀ་ཏིཿ འཛིན་པ་བྷྲྀ་ཏིཿལ་སོགས་པ། །ཀྟི་ཉིད་ཀྱིས་མོ་རྟགས་གྲུབ། །དེ་ཕྱིར་དེ་ལ་སྦྱར་མི་དགོས། །མ་ནུའི་སྒྲ་ལ་སོགས་པ་རྣམས། །ཚོགས་པ་བརྗོད་དོན་ཅན་ལའང་ཨཱིཔ྄། །དེ་ཚེ་རྟགས་མཐའ་ཨཻའམ་ཨཽ། །དཔེར་ན་མ་ནཱ་ཡཱི་ཚངས་པའི་བུ་བཅུ་བཞིའི་ཆུང་མའོ་ཞེས་དང་། །མ་ནཱ་བཱི་ཞེས་བྱ་བ་བཞིན། །པྲྀ་ཥཱ་ཀ་པཱ་ཡཱི་ཁྱུ་མཆོག་སྤྲེའུ་ཡང་དེའོ། །པྲ་ཏཱི་ཙཱི་ལ་སོགས་པ་དང་། །པཏྣྱ་དང་པཏྣཱི་སོགས། །ཚིག་ཕྲད་དག་ལས་གྲུབ་པ་སྟེ། །ནི་པཱ་ཏ་ཡི་སྒྲ་ཡིན་ནོ། །དཱ་ར་ལ་སོགས་བུད་མེད་ལ། །འཇུག་ཀྱང་ཨཱཔ྄་ཨཱིཔ྄་མི་འཇུག་ཅིང་། །རྟགས་ཀྱི་ངོ་བོ་སྐྱེས་པ་སྟེ། །རྣམ་དབྱེ་ཨ་ཐུང་མཐའ་ལྟར་དང་། །རྟག་ཏུ་མང་ཚིག་ཁོ་ནའོ། །རྟགས་མཐའ་ཨུ་ཡིག་མཐའ་ཅན་ལ། །ཡོན་ཏན་བརྗོད་པའི་དོན་ཅན་ལ། །ཨཱིཔ྄་ནི་ཡང་ན་སྦྱར་བར་བྱ། །ཡང་ན་མི་སྦྱར་དེ་གར་བཞག །པཊྭཱི་པ་ཊུཿལ་སོགས་བཞིན། །གྲུང་མོ། །ཨུ་མཐར་ཡང་ན་ཨཱུཔ྄་སྦྱིན་བྱ། །པཾ་གཱུ་བཾ་གུཿརྡུལ་སོགས་བཞིན་ནོ། །ཡུ་བན྄་བུད་མེད་བརྗོད་པ་ལ། །ཏི་རྐྱེན་སྦྱིན་པ་ཉིད་དུ་བཤད། །ན་ཕྱིས་སི་ཡི་སྲ་རྣམ་བཅད། །ཡུ་བ་ཏིཿལང་ཚོ་ཅན་མ།ཨཱཔ྄་དང་ཨཱིཔ྄་ཀྱི་མཐའ་ཅན་ལས། །རྟག་ཏུ་རྣམ་དབྱེ་སི་དབྱིའོ། །མིང་གི་ལེའུ་ལས་བུད་མེད་ཀྱི་རྐྱེན་རྣམས་མདོར་བསྡུས་སུ་བཤད་པ་སྐབས་བཞི་པའོ།། །།གང་ཞིག་སྒྲ་གཅིག་ལ་ཡང་དོན་མང་དང་། །རྟགས་གསུམ་གོང་


MR11_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྱད་པར་བྱར་མེད་པ། །དེ་འདྲའི་སྡེ་ཚན་མི་ཟད་པ་ཞེས་བརྗོད། །སྭ་ར་མཐོ་རིས་ལ་སོགས་དུ་མ་དང་། །དང་དོན་ཙ་སོགས་ཚིག་ཕྲད་སྣ་ཚོགས་དང་། །བྱིངས་དང་མིང་གི་ཐོག་མར་གང་སྦྱར་བས། །གྲོགས་ལ་ཉེ་བར་སྒྱུར་བྱེད་ཉི་ཤུ་སྟེ། །བྲ་དང་པཱ་རཱ་ཨ་བ་སམ྄་ཨ་ནུ། །ཨབ་ནིར་དང་དུར་དང་བི་ཨ་བྷི། །ཨ་དྷི་སུ་དང་ཨུཏ྄་དང་ཨ་ཏི་དང་། །ནི་དང་པ་ཏི་པ་རི་ཨ་པི་དང་། །ཨུ་པ་ཨཱཔྲ་ཞེས་བྱ་བ་འདི་རྣམས་སོ། །གཞན་ཡང་ཏ་ཏ྄་ལ་སོགས་པ་འདི་དག་རྣམས། རྣམ་དབྱེའི་དོན་ཅན་མི་ཟད་ཞེས་ཀྱང་འདོད། །རྣམ་དབྱེའི་དོན་དུ་དེ་ཕན་རྐྱེན་སྦྱར་མང་། །དཀྵི་སོགས་ལ་རྒྱང་རིང་དོན་ཅན་གྱི། །ཨ་ཧི་སྦྱར་བ་དང་ནི་དོན་གཞན་ཡང་། །ཀིམ྄་ལ་སྤྱི་དོན་རྣམ་དབྱེ་ཐམས་ཅད་ལ། །ཙིཏ྄་ཅན་བྱིན་སོགས་དེ་དང་དེ་འདྲ་གཞན། །མི་ཟད་པ་ཡི་གྲངས་སུ་གཏོགས་པའང་ཡོད། །གཞན་ཡང་ཀྲྀཏ྄་རྐྱེན་ཀྟཱ་ཏུམ྄་དང་ཎམ྄། །ཙཱིའི་མཐའ་སོགས་ཀྱང་ནི་མི་ཟད་པའོ། །མི་ཟད་པ་ལ་རྣམ་དབྱེ་ཐམས་ཅད་འཇིག །རིག་བྱེད་གཞན་ལས་ཚིག་ཕྲད་ཀྱིས་སྒྲུབ་སྐབས། །རྣམ་དབྱེ་འཇུག་པ་འགའ་ཡོད་གཞན་ལས་བཤད། །རྟགས་མེད་ཕྱིར་ན་རྟགས་གསུམ་མཉམ་པར་མཚུངས། །རྣམ་དབྱེ་ཐམས་ཅད་ལས་ཀྱང་དེ་མི་འགྱུར། །དེ་ཕྱིར་ཚིག་རྣམས་ཀུན་ལ་དེ་རང་འཇུག །དེ་ཕྱིར་དེ་རྣམས་མི་ཟད་པར་བཤད་དོ། །འདི་ལ་ནི་པཱ་ཏ་ཞེས་འབོད་པ་ཡང་། །ཚིག་ཕྲད་དོན་བྱས་འདི་ཡི་བྱེ་བྲག་དང་། །ངེས་ཚིག་དོན་བྱས་སྤྱི་ལའང་གོ་རུང་ངོ་། །མིང་གི་ལེའུ་ལས་མི་ཟད་པའི་ཚུལ་བཤད་པའི་སྐབས་ལྔ་


MR11_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་ཡང་ཞག་བརྒྱད་ཐུན་གསེང་ལ་གྲུབ་བོ། །དེ་ནས་ཀུན་བཤད་རྐྱེན་རྣམས་བཤད། །འདི་ལ་དུས་ཀྱིས་ཕྱེ་བ་ཡི། །སྡེ་ཚན་བཅུ་ཡོད་དེ་རེ་རེ། །རྐྱེན་ནི་བཅོ་བརྒྱད་རེ་ཡོད་པའི། །སྔ་མ་དགུ་ནི་གཞན་དོན་དང་། །ཕྱི་མ་དགུ་ནི་བདག་དོན་ཚིག །སྤྱིར་བསྡུས་བརྒྱ་དང་བརྒྱད་ཅུར་འགྱུར། །དང་པོ་ད་ལྟ་བའི་དོན་ཅན། །ཝ་རྟ་མཱ་ན་ཞེས་གྲགས་པར། ཏིཔ྄། ཏས྄། ཨནྟི། སིཔ྄། ཐས྄། ཐ། མིཔ྄། བས྄། མས྄། ༈ ཏེ། ཨཱ་ཏེ། ཨནྟེ། སེ། ཨཱ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེའོ། །སཱཔྟ་མི་ཞེས་ཆོ་ག་དང་། །སྲིད་པ་སོགས་ཀྱི་དོན་ཅན་ལ། ཡཱཏ྄། ཡཱ་ཏམ྄། ཡུས྄། ཡཱས྄། ཡཱ་ཏཱམ྄། ཡཱཏ། ཡཱམ྄། ཡཱབ྄། ཡཱམ། ༈ །ཨིཏ། ཨཱི་ཡཱ་ཏྭམ྄། ཨཱི་རན྄། ཨཱི་ཐཱས྄། ཨཱི་ཡཱ་ཐཱམ྄། ཨཱི་དྷྭམ྄། ཨཱི་ཡ། ཨཱི་བཱ་ཧི། ཨི་མཱ་ཧི། རྗེས་སུ་འདོད་ཅིང་སྨོན་པ་དང་། །ནུས་བྱེད་ཐོབ་བྱེད་བསྐུལ་བྱེད་ལ། །པཉྩ་མཱི་ཞེས་གྲགས་པའི་རྐྱེན། །ཏུཔ྄། ཏཱམ། ཨནྟུ། ཧི། ཏམ྄། ཏ། ཨཱ་ནིཔ྄། ཨཱ་བཔ྄། ཨཱ་མཔ྄། ཏཱམ། ཨཱ་ཏཱམ྄།ཨནྟཱ་མ྄། སྭ། ཨཱ་ཐཱམ྄། དྷྭམ྄། ཨཻཔ྄། ཨཱ་བ་ཧཻཔ྄། ཨཱ་མ་ཧཻཔ྄། འདི་ནང་པ་བདུན་འགྲོ། དེ་རིང་མ་ཡིན་འདས་པ་སྟེ། །ཁར་སང་དོན་ཅན་ཧྱསྟ་ནཱི། །དིཔ྄། ཏཱམ྄། ཨཱན྄། སིཔ྄། ཏམ྄། ཏ། ཨ་པ་༡༣ལས་མེད་མིཔ྄། བ། མ། ༈ །ཏན྄། ཨཱ་ཏཱམ྄།ཨནྟ། ཐཱས྄། ཨཱ་ཐཱམ྄། དྷྭཾ། ཨི། བ་ཧི། མ་ཧི། དེ་རིང་གི་ནི་འདས་དོན་ལ། །ཨཏྱ་ཏ་ནཱི་དེ་རིང་ཞེས། །དེ་ཡི་རྐྱེན་ནི་བཅོ་བརྒྱད་པོ། །དེ་རིང་བྱུང་བ་མིན་པ་ལ། །ཨ་ནདྱ་ཏ་ནཱི་ཞེས་བྱའོ། །ཧྱ་སྟ་ནི་དང་ཁྱད་པར་མེད། །སྔར་འདས་དོན་


MR11_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དབང་ཡུལ་མིན། །ལྐོག་འགྱུར་ཞེས་བྱ་བ་རོ་྅ཀྵ། ཎཔ྄། ཨ་ཏུས྄། ཨུས྄། ཐཱཔ྄། ཨ་ཐུས྄། ཨཎ྄། ཎཔ྄། བ། མ། ༈ ཨེ། ཨཱ་ཏེ། ཨི་རེ། སེ། ཨཱ་ཐི། དྷྭེ། ཨེ། བ་ཧེ། མ་ཧེ།འབྱུང་འགྱུར་གྱི་ནི་བྱེ་བྲག་དག །སང་ནང་པར། ཉིན་དོན་ཅན་ཤྭ་སྟ་ནཱི། ཏཱ། ཏཱ་རཽ། ཏཱ་རས྄། ཏཱ་སི། ཏཱསྡྱ། ཏཱསྡྱ། ཏཱསྨི། ཏཱ་སྭས྄། ཏཱ་སྨས྄། ༈ ཏཱ། ཏཱ་རཽ། ཏཱ་རས྄། ཏཱ་སེ། ཏཱ་སཱ་ཐེ། ཏཱ་དྷྭེ། ཏཱ་ཧེ། ཏཱ་ས་ཧེ། ཏཱསྨ་ཧེ། སྨོན་པའི་དོན་ཅན་ཨཱ་ཤཱི་ཥ།ཡཱཏ྄། ཡཱ་སཏྭམ྄། ཡཱ་སུས྄། ཡཱས྄། ཡཱ་སྟཱཾ། ཡཱ་སྟ། ༈ ཡཱ་སམ྄། ཡཱ་སྭ། ཡཱསྨ། ༈ །སཱིཥྚ། སཱི་ཡཱ་སཏྭཾ། སཱི་རན྄། སཱིཥྛས྄། སཱི་ཡཱ་སྡྱཱཾ། སཱི་དྷྲཱུཾ། ༈ །སཱི་ཡ། སཱི་བ་ཧི། སཱི་མ་ཧི། མ་འོངས་འབྱུང་བར་འགྱུར་བའི་དོན། །བྷ་བིཥྱནྟི་ཞེས་བརྗོད། །འདི་ནི་རྐྱེན་སྔོན་སྱཔ྄་སྟེར་བྱ། །རྐྱེན་དངོས་ཝ་རྟའི་ཏི་སོགས་ཡིན། སྱཏི། སྱཏས྄། སྱཱ་ནྟི། སྱསི། སྱ་ཐས྄། སྱ་ཐ། ༈ །སྱཱ་མི། སྱཱ་བས྄། སྱཱ་མས྄། ༈ །སྱ་ཏེ། སྱཱ་ཏེ། སྱནྟི། སྱ་སེ། སྱ་ཐེ། སྱ་ངྷཱེ། སྱཻ། སྱ་བ་ཧེ། སྱཱ་མ་ཧེ། བྱ་བ་བརྩམས་ནས་འཕྲོ་ལུས་སམ། །ཡོངས་སུ་གྲུབ་པར་མ་གྱུར་ལ། །ཀྲྀ་ཡཱ་ཏི་པ་ཏྟི་ཞེས་པ། །བྱ་བ་ཤོར་བ་ཉིད་ཅེས་བྱ། །འདིའི་རྐྱེན་ཧྱ་སྟ་ནཱིའི་དི་པ་སོགས། །སྱཱ་པ྄་སྔོན་དུ་སྦྱར་བ་སྟེ། །སྱ་ཏ། སྱ་ཏམ྄། སྱ་ན། སྱ་སི།སྱ་ཏམ྄། སྱ་ཏ། སྱ་མ། སྱཱ་བ། སྱཱ་མ། ༈ །སྱ་ཏ། སྱེ་ཏཱམ། སྱནྟ། སྱཱ་ཐཱས྄། སྱེ་ཐཱམ྄། སྱ་དྷྭམ྄། སྱེ། སྱཱ་བ་ཧི། སྱཱ་མ་ཧི། འདི་ལྟར་དགུ་ཚན་རེ་རེའི་མིང་། །དང་པོ་དབུས་དང་མཐའ་མ་ཡི། །གསུམ་ཚན་རེ་རེ་མིང་དང་ནི། །གཞན་


MR11_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདག་གི་ཆར་དབྱེ་བའི། །གཅིག་ཚིག་གཉིས་ཚིག་མང་ཚིག་གོ། འདི་རྣམས་བྱིངས་མཐའ་འཇུག་པ་ཡི། །རྣམ་དབྱེའི་མིང་ཅན་འདིས་ཚིག་སྒྲུབ། །འདི་རྣམས་གང་ལ་གང་འཇུག་ཁྱད། །བྱིངས་གང་ཨ་ནུ་དཱ་ཏྟ་ཞེས། །བྱིངས་ཀྱི་རྗེས་འབྲེལ་སྒྲ་གསང་མཐོ། །ཨ་ཡིག་དབྱེ་བར་དགོས་རྣམས་དང་། །ང྄་ཡིག་འགྲོ་བ་རྣམས་ལ་ནི། །བདག་དོན་རྐྱེན་རྣམས་འཇུག་པའོ། །སྭརི་ཏ྄་སྒྲ་གསང་བར་མ་ཅན། །ཉ་འགྲོ་ཅན་ལ་བདག་གཞན་གཉིས། །དེ་ལས་གཞན་རྣམས་པ་རསྨིའོ། །བརྗོད་བྱའི་དབང་བྱས་པ་ན། །ད་ལྟ་བྱེད་བཞིན་ཝརྟ་མཱ། །འདས་ལ་དེ་རིང་ངམ་ཁར་སང་ངམ། དེ་དེའི་དམིགས་བསལ་མེད་པ་ཡི། །འདས་དུས་ལྐོག་གྱུར་པ་རོ་྅ཀྵ། །པཉྩ་མཱི་དང་སཔྟ་མཱི། །རང་རང་བརྗོད་བྱའི་དོན་གྱིས་འཇུག །མ་འོངས་པ་ལ་སྨོན་པ་དང་། །དུས་ཀྱི་དབྱེ་ན་སང་ཉིན་ནམ། །དམིགས་བསལ་མེད་ན་འབྱུང་འགྱུར་སྦྱར། །བྱ་བ་མ་རྫོགས་ལུས་པ་ལ། །བྱ་བ་ཤོར་བའི་རྐྱེན་འཇུག་གོ། །དེ་ལྟར་དམིགས་བསལ་འཇུག་པ་ལས། །རང་གི་དུས་མིན་གཞན་ལ་ཡང་། །ཅི་རིགས་འཇུག་པ་ཡོད་ཅེས་སུ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཞེད། །གཞན་དང་བདག་དོན་གཙོར་སྨྲོས་ལས། །གཉིས་ཀ་ཅི་རིགས་འཇུག་པའང་ཡོད། །འདི་རྣམས་གཞུང་གི་གྲུབ་གཟུགས་ཀྱི། །དཔེ་བརྗོད་ལས་ནི་གསལ་བར་འགྱུར། །ཝར་སཔ྄་པ་ཉ་ཧྱས་བཞི་པོ་ལ། བྱིངས་ནི་ཐམས་ཅད་པ་ཞེས་བརྗོད། །ལྷག་མ་དྲུག་ནི་ཕྱེད་པར་བཤད། །ཀུན་བཤད་ལས་ཅན་རྣམས་དང་དེ་ཡི་འཇུག་ཚུལ་སྤྱིར་བསྟན་པའི་སྐབས་དང་པོའོ། །འདི་མན་མཇུག་ཅུང་ཟད་


MR11_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་རྩོམ་གནང་འཕྲོར་ལུས་པར་སྣང་ངོ་། །གཞུང་འདི་སློབ་དཔོན་ཞར་བྱུང་ཕྱག་ལེན་བཞིན། །དཔེར་བརྗོད་བྱས་ཏེ་རི་མོ་འབྲི་བ་ན། །འགྲེལ་བ་མེད་ཀྱང་རྩ་བ་གོ་ཆོད་ཕྱིར། །བློ་ལ་བཟུང་བས་དོན་ཀུན་ཡོངས་རྫོགས་འགྲུབ། །འཇུག་མེད་འཛིན་བདེ་ངེས་པ་བདེ་བླག་རྙེད། །རྒྱ་ཆེའི་དོན་འདུས་དོན་གསལ་དོན་རྟོགས་སླ། །ཚིག་ཉུང་ཚིག་གསལ་ཚིག་གི་རིམ་པ་ལེགས། །དེ་ཕྱིར་སྔོན་མེད་བརྡ་སྤྲོད་ལེགས་བཤད་ཡིན། །སྒྲ་གཞུང་རྒྱ་ཆེས་ཞུམ་རྣམས་སྤྲོ་བསྐྱེད་ཕྱིར། །སྒྲ་ཡི་མཇུག་མཚམས་འབྲི་ཚུལ་དང་བཅས་ལྷན་ཅིག་གསལ། །སྒྲ་ཡིག་ཤེས་རྣམས་སླར་ཡང་དགའ་བ་འཕེལ་བྱེད་འདིས། །སྒྲ་ཡི་གནད་རྣམས་ཚེགས་མེད་རྟོགས་ཤིང་མཁས་པར་འགྱུར། །དེ་ཕྱིར་སྒྲ་ཡི་ཡོན་ཏན་རྒྱ་མཚོ་ཡི། །སྙིང་པོའི་བཅུད་དྲིལ་ནོར་བུའི་གཏེར་འདི་ཡིས། །ས་གསུམ་སྙིང་གི་དབུལ་བ་ཀུན་བསལ་ནས། །ངག་གི་དབང་ཕྱུག་མྱུར་དུ་འགྲུབ་པར་ཤོག །ཅེས་པའང་ངེས་པ་དོན་གྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་མ་ཧཱ་པཎྜི་ཏ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ཞལ་སྔ་ནས་སྩལ་པ་རྗེ་དེ་ཉིད་ཀྱི་ཕྱག་བྲིས་ལས་དྲག་པོ་ལྕགས་སྦྲེལ་ལོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་བཅོས་སླད་མེད་པར་ཞལ་བཤུས་བགྱིས་པ་དགེ མངྒ་ལཾ།། ༈ །།སྒྲ་ཡི་ཟིན་བྲིས་ཐོར་བུའི་བསྐོར་བཞུགས་སོ། །ཀ་ལཱ་པ་ལྟར་ན། མཐར་གནས་ཡ་ར་ལ་ཝ་བཞི་དང་། རྗེས་སུ་སྣ་ལྡན། ང་ཉ་ཎ་ན་མ་ལྔ་སྟེ་དགུ་པོ་དེ་མིན་པའི། གསལ་བྱེད་ཀ་སོགས་ཉེར་བཞི་ལ་དྷུཊ་ཅེས་བཏགས། རྣམ་དབྱེ་དང་པོ་ལྔ་གྷུ་ཊ་ཞེས་བྱ།


MR11_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སི་སམ་བུདྡྷིའོ། །ཨི་ཨུ་ལ་ཨགྣི་ཞེས་དང་། ཨི་ཨཱུ་བུད་མེད་བརྗོད་པ་ལ་ན་དཱི་ཞེས་མིང་བཏགས། ཨཱ་ལ་ཤྲདྡྷཱ་ཞེས་བྱ། མཐའ་ལས་སྔོན་མ་ཨུ་པ་དྷཱའོ། །ཞེས་དང་། གསལ་བྱེད་ལས་ན་ཨ་ནུ་ཥངྒའོ་ཞེས་གསུངས། གསལ་བྱེད་ནང་ནས་ན་ཡིག་མཐར་གནས་པ་ཨུ་ཥངྒ་ཞེས་མིང་བཏགས་སོ། །ཀ་ལཱ་པའི་མདོར། ན་ད་སོགས། ཨཉྩ། བ་ཧ། ཨི་ཨུ། ཨ་ནས། ཨནྟ་རྀ། ས་ཁི། ན་མཐའ་རྣམས་ལ་ཨཱིའོ། །ནད་སོགས་འདི་རྣམས་བུད་མེད་ལ་འཇུག་ཚེ། ཨཱི་སྦྱར། མདོ་འོག་མས། དའི་ཨ་བྱིས་སྦྱར་བས། ན་དཱི་ཆུ་ཀླུང་བྲ་སྔོན་མའི་ཨཉྩ་ལ། ཨཱི་བྱིན། ན་གཉིས་པར་ཨཉྩའི་ཨ་དབྱི་བ་དང་སྔ་མ་རིང་པོ་ལྟར་བྱས། ཨ་ནུ་ཥངྒའང་ཀྲུཉྩ་དང་། ཞེས་པས་ན་ཡིག་དང་། མདོ་འོག་མས་ཙ་སྲོག་ཨ་ཕྱིས་སྦྱར། པྲཱ་ཙཱི། ཝཧ྄་ལ། པྲཥྚ་སྔོན་བྱས་ཝཧ། ཨཱི་ནཱ་གཉིས་པར་ཝ་ཧིའི་ཝ་ཨཽ་བྱས་སྦྱར་བས། པྲཥྚཽ་ཧཱི། ཨུ་མཐའ་ནི། བ་དུ་ལ། ཨཱི་བྱིན་མཚམས་སྦྱར། པ་དྭཱི། རྫུས་མ། ཨནྶ་ལ། བི་དྭནྶ། ལ་ཨཱི། ན་གཉིས་པར་ཝན་སའི་ཝ་ཨུ། ཨ་ནུ་ཥངྒའི་ན་དབྱི། ས་ཥར་བསྒྱུར། བི་དུ་ཥཱི། མཁས་མོ། ཨནྟ་ནི། གོ་མནྟ། ཨཱི། ཨ་ནུ་ཥད྄་ཕྱིས། གོ་མ་ཏཱི། རྀ་མཐའ། སཱ་ཀ་ར་ཏྲྀ་ལ། ཨཱི་སྦྱིན་མཚམས་སྦྱར། སཱ་ཀ་ཞེས་དང་། ས་ཁི་ལ། ཨཱི་བྱིན། ས་ཁཱི། ན་མཐལ་ལ། དནྜི་ན྄། ལ་ཨཱི། དནྜི་ནཱི། ཚིག་སྡུད་ལ། ནཱི་ལ། དང་ཨུཏྤ་ལའི་བར་གྱི་སི་ཕྱིས། ནཱི་ལོངྤ་ལཾ་འདི་མ་ནིང་གི་ཕྱིར་སི་བྱིན་ཡང་། མ་ནིང་ལས་སི་ཨཾ་དག་གི་ཞེས་པས་དབྱི། ཨ་ལས་སཾ་བུད་དྷི་མ་ཡིན། པ་ལ་མུ། ཨཱ་ག་མ་


MR11_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཨུ་ཕྱིས་མཚམས་སྦྱར་བའོ། །རཱ་ཛན྄། ཨཱ་མ་བྱིན། རཱ་ཛྙཾ། པུ་རུ་ཥཿ རཱ་ཛ་ན་གྱི་ཨཱ་མ་དེའི་སྐྱེས་བུའི་ཚིག་སྡུད་ཀྱིས་ཕྱིས་པ། རཱ་ཛ་ན། གསལ་བྱེད། གང་སུ་བྷ་དག་དང་། རྫོགས་པ་གསལ་བྱེད་དང་པོ་ལ་སོགས་པས་རྟགས་མཐའི་ན་དབྱི། རཱ་ཛ་པུ་རུ་ཥཿ ཥ་མཐར་སི་བྱིན། དབྱངས་མཐའི་རྣམ་དབྱེ་ཚིག་སྡུད་ཀྱི་ས་ཕྱིས་པ་ལ་བྱ་བ་ཐེབ་པ་དེའང་དེ་ལྟར་བྱ་བར་རང་གཟུགས་དེ་གར་གནས་པར་བྱ་སྟེ། མ་ཏྲྀ་ལ། ངི་བྱིན། མཱ་ཏ་རི་ཞེས་པའི་ཕ་རོལ།ནི་སུ་ན་གནས་ཚེ། ངི་ཚིག་སྡུད་ཀྱི་ས་ཕྱིས་པས་རྣམ་འགྱུར་མ་བྱས་པའི་སྔར་གྱི་རང་གཟུགས། མ་ཏྲྀ་ནི་སུ་ན། ཞེས་པ་ལྟ་བུའོ། །གསལ་བྱེད་མཐའི་གང་སུ་བྷ་དག་ལའོ། །ཞེས་པ། གསལ་བྱེད་མཐའ་ཅན་ལས་རྣམ་དབྱེ་གང་རུང་ཚིག་སྡུད་ཀྱི་ས་བསྡུས་ཏེ་ཕྱིས་པ་ན། སྔར་བཤད་རྣམ་དབྱེ་སུ་དང་བྷ་རྣམས་ཕ་རོལ་རྣམ་འགྱུར་བྱེད་པ་བཞིན། འདིར་ཡང་འགྱུར་ཏེ། དཔེར་ན། དི་བ་ལ་ཨཾ་བྱིན། དི་བཾ། ག་ཏ་ལྟ་བུ་ལ། ཨཾ་ཕྱིས་རུང་། དི་བའི་གསལ་བྱེད་ལ་ཨུ་ཏའོ་ཞེས་པས་རྣམ་འགྱུར་བྱས་མཚམས་སྦྱར་མཐར་སི་བྱིན་པས་དབྱུག་ཏཿ རྩེ་བ་ལ་སོང་། ཞེས་པ་ལྟ་བུའོ། ༈ །ཚིག་སྡུད་ཀྱི། ལས་འཛིན་དང་། བ་གཉིས་པའི་བསྡུ་བ་དེ་དག་དེའི་སྐྱེས་བུའི་བསྡུ་བའི་བྱེ་བྲག་ཏུ་བཤད་ནས་ཚིག་སྡུད་བཞིར་བཤད་དོ། །ངག་གཉིས་པ་རྣམ་དབྱེ་ཁོ་ནར་མ་ཟད་དེ་ཕན་གྱི་རྐྱེན་ཀྱང་བསྡུ་བ་ཡོད། རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་བསྡུས་པ་དེའི་སྐྱེས་བུའི་བསྡུ་བ་དངོས་སོ། །འདི་ལ་ནང་གསེས་གཉིས་པ་བསྡུས་པའི་དེའི་སྐྱེས་བུ་སོགས་དྲུག་


MR11_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་གསུངས་འབྲུ་མང་པོ་ནི། ཚིག་གཉིས་སམ་མང་པོའི་བར་གྱི་རྣམ་དབྱེ་ཕྱིས་རུང་། སྒྲའི་དངོས་བརྗོད་ཀྱི་ཚིག་དོན་དེ་ལས་གཞན་ཤུགས་ལ་སྟོན་པ་སྟེ། དེའི་ཞེས་པའི་ཏད་ཀྱིས་དང་པུ་ཏྲ་ཞེས་པའི་ཚིག་གཉིས་ཀྱི་བར་གྱི་སི་ཕྱིས། མཐར་སི་བྱིན།ས་པུཏྲཿ པུ་བཅས་ཞེས་པའི་ཤུགས་ལ་མའམ་ཕ་གོ་བ་ལྟ་བུ་ཚིག་གཉིས་པའི་འབྲུ་མང་པོའོ། །ཚིག་མང་པོའི་ནི། ས་དང་པ་རི་དང་ཝཱ་རིའི་བར་གྱི་སི་བསྡུས། མཐར་སི་བྱིན། ས་པ་རི་ཝཱ་རཿ འཁོར་དང་བཅས་ཞེས་པའི་ཤུགས་ཀྱིས་གཙོ་བོ་གོ་བ་ལྟ་བུ། ཕྱོགས་བྲལ་རྣམས་དེ་བཞིན་ཞེས་པས། ལྷོ་དང་ཤར་བར་གྱི་སི་ཕྱིས། ལྷོ་ཤར་ཞེས་པས་གོ་རྒྱུ་མེ་མཚམས་གོ་བ་ལྟ་བུ་ཟླས་དབྱེའི་བསྡུ་བ་ནི། མིང་མང་པོའི་བར་གྱི་དང་དང་རྣམ་དབྱེ་རྣམས་བསྡུས་ནས་སྟོན་པ་ཡིན་ལ། དེའང་གཉིས་ཏེ་གང་དུ་ཡན་ལག་གཙོ་བོར་བྱས་པ་གཞན་དང་གཞན་སྦྱར་བའི་ཟླས་དབྱེ་དང་། གང་དུ་ཚོགས་པ་གཙོ་བོར་བྱས་པ་ཀུན་སྡུད་པའི་ཟླས་དབྱེ་གཉིས། རེ་རེ་ལའང་། མིང་གཉིས་ཀྱི་བར་གྱི་ཙ་དང་རྣམ་དབྱེ་བསྡུས་ནས་མཐར་གཉིས་ཚིག་སྟེར་བ།ན་ར་དང་། ནཱ་རཱ་ཡ་ཎའི་བར་གྱི་སི་དང་ཙ་བསྡུས་ཏེ་མཐར་ཨཽ་སྦྱར། ན་ར་ནཱ་རཱ་ཡ་ཎཽ་ལྟ་བུ། མི་སྲིད་མེད་བུ་དག ལྟ་བུ་དང་། མིང་མང་པོའི་ནི། བྷཱི་མ། ཨརྫུ་ན་དང་། བ་སུ། དེ་བ་རྣམས་ཀྱི་བར་གྱི་སི་དང་ཙ་བསྡུས་ཏེ་མཐར་ཛས྄་བྱིན་པ། བྷཱི་མཱ་རྫུ་ན་བཱ་སུ་དེ་བཿ འཇིགས་སྡེ་སྲིད་སྒྲུབ་ནོར་ལྷ་རྣམས། ཞེས་པ་ལྟ་བུའོ། །དེ་གཞན་གཞན་སྦྱོར་བའི་ཟླས་དབྱེའོ། །ཀུན་སྡུད་པའི་དབྱེ་ལ། པཱ་ཎི་དང་། པཱ་དའི་བར་གྱི་སི་ཙ་བསྡུས། མཐར་སི། མུ་ཨཱ་ག་མ་བྱིན་ན། པཱ་ཎི་བཱ་དཾ།


MR11_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྐང་། མིང་མང་པོ། བུདྡྷཱ་དྷརྨ་སཾ་གྷའི་བར་གྱི་སི་ཙ་བསྡུས། མཐར་སི་མུ་བྱིན་ནས་ཙ་ཕྱི་མ་ཡོད་པ། བུདྡྷ་དྷརྨ་སཾ་གྷཾ་ཙ། སངས་རྒྱས་ཆོས་དགེ་འདུན་དང་ཞེས་པ་ལྟ་བུའོ། །མིང་དེ་དག་གི་སྔ་ཕྱིའི་བཀོད་ཚུལ།མིང་གང་དབྱངས་ཉུང་བ་གོང་དུ་བྱ་སྟེ། ཡ་བ་ནས། ཁ་དིར། སེང་ལྡེང་ལྟ་བུའི། ཡབ་དབྱངས་ཉུང་བ་སྔོན་དུ་བྱ་བ་དང་། མིང་གཉིས་ལས་གང་མཆོད་འོས་ཏེ་གཙོ་བོར་བྱ་དགོས་པ་སྔོན་དུ་བྱ་སྟེ། བུདྡྷ་ཤྲཱ་པ་ཀཿ སངས་རྒྱས་ཉན་ཐོས་ལྟ་བུའོ། །དེ་བཞིན་མ་དང་ཕ་དག་ཅེས་སོ། །མིང་གོང་གི་སྔ་མ་མི་ཟད་པ་ཡོད་པ་དེ་བརྗོད་བྱའི་གཙོ་བོར་གྱུར་པའི་ཚིག་སྡུད་དེ་མི་ཟད་པའི་བསྡུ་བའོ། །ཨུ་པ་ཀུམྦྷཾ། ཉེ་བའི་བུམ་པ། འདྲ་བའི་བུད་མེད་སོགས་མི་ཟད་པའི་ཚིག་སྡུད་དེ་རྟགས་གསུམ་ནང་ནས་མ་ནིང་གི་རྟགས་ཁོ་ནར་འགྱུར་རོ། །ཟླས་དབྱེའི་ཀུན་སྡུད་ཀྱི་མཐར་དང་པོའི་གཅིག་ཚིག་སྟེར་བ་དེའང་མ་ནིང་ངོ་། །ངག་གཉིས་ཀུན་སྡུད་པ་མ་ནིང་ཡིན་པ་དེ་བཞིན། བ་གཉིས་ཀྱང་མ་ནིང་གི་རྟགས་སུ་འགྱུར་རོ། །སྔར་སྐྱེས་རྟགས་སུ་བཤད་པ་ལ། ད་ལྟ་ཨཱུད྄་གི་རྐྱེན་མ་ཡིན་པས་བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་ལ་ནི། གཞི་མཐུན་པའི་ཚིག་ཕ་རོལ་ལ་རྫོགས་པའི་རྐྱེན་དང་། པྲི་ཡཱ། དགའ་མ། མ་ནོར་ཛྙཱ། ཡིད་ཤེས། ཀ་ལྱཱ་ཎི། དགེ་ལེགས། སུ་བྷ་གཱ །སྐལ་བཟང་། དུརྦ་གཱ། སྐལ་ངན། ས་མཱ། ཙ་བ་ལཱ། སྭཱ། ས་ཙི་ཝཱ། ཀནྟཱ། མཛེས་མ། བྷཀྟཱི། གུས་པ་མོ། དུ་ཧི་ཏཱ། འཇོ་བ་མོ་རྣམས་ཕ་རོལ་ཏུ་མེད་པ་ལ་སྐྱེས་རྟགས་སུ་བཤད་པ་བཞིན་དབྱངས་ཐུང་ངུར་འགྱུར་ཏེ། དཔེར་ན། ད་ཤོ་ནཱི་ཡ།


MR11_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ན་སྡུགབྷཱཪྻའི་བར་དུ། ཨཱི་བྱིན་མཚམས་སྦྱར་བས་ཡ་རིང་སི་བྱིན་པ་ཤྲདྡྷ་ལས་ཕྱིས་ཏེ་སྐྱེས་པ་བཞིན་ཞེས་པས་ཡ་ཐུང་ངུར་བྱས་པ། དརྴ་ནཱི་ཡ་བྷཱཪྻཿ ལྟ་ན་སྡུག་པའི་ཆུང་མ་ཞེས། བལྟ་བྱ་ཡིན་པ་དང་། བཙུན་མོ་ཡིན་པའི་གཞི་མཐུན་ལྟ་བུའོ། །བུད་མེད་སྒྲུབ་པའི་ཨཱུང་རྐྱེན་བྱིན་ན་སྐྱེས་པ་བཞིན་མི་འགྱུར་ཏེ་སོགས་བརྗོད་སོང་། ཕ་རོལ་ན་པྲི་ཡཱ་སོགས་ཡོད་ན་སྐྱེས་པ་བཞིན་མ་འགྱུར་ཏེ་སོགས་མང་། ལས་འཛིན་བྱེད་པ་ལ་ནི་བུད་མེད་དུ་སྒྲུབ་པའི་རྐྱེན་མིང་དང་རྫོགས་པ་དང་ཀ་རྣམས་སུ་ཨུ་པ་དྷཱ་ན་ཡོད་ཀྱང་སྐྱེས་པ་དང་འདྲ་བའི་དངོས་པོར་སྒྲུབ་པ་དབྱངས་ཐུང་ངུར་བྱའོ་དེ་སོགས་མང་། དེའི་རྐྱེན་དུ་ཡང་དགག་ཚིག་གི་ན་དབྱི་སྲོག་གི་ཨ་བཞག དཔེར་ན་དང་པྲཱཧྨ་ཎིའི་བར་གྱི་ཨམ་བསྡུས། ན་དབྱི་ཨ་བཞག །མཐར་སི། ཨ་བྲཱཧྨ་ཎཿ བྲམ་ཟེ་མིན་པ། དེའི་སྐྱེས་བུ་ལ་དབྱངས་ལ་ཡི་གེ་བཟློག་པར་བྱ་བ་ནི། ཨ་ཤྭ། རྟ་ལ་ཡ། དགག་ཚིག་ན་སྔོན་བྱས་ཚེ། དེའི་ཕ་རོལ་དགག་དབྱེའི་མིང་གི་ཐོག་མར་དབྱངས་ཡོད་ན། ན་དང་དབྱངས་བཟློག་སྟེ། ཨ་ན་ཤྭཿ རྟ་མེད་པའམ་མིན་པ་དེའི་སྐྱེས་བུའི་བསྡུ་བའི། ཀུའི་ཨ་ཏའོ་ཞེས་པས། ཀུ་དང་ཨ་ནའི་བར་གྱི་ཨཾ་བསྡུས། ཀུ་ཀ་ཏར་བསྒྱུར། ཏ་ཡིག་དབྱངས་ཕ་རོལ་གསུམ་པ་ད་བྱས། མཐར་སི་མུ་བྱིན་པ། ཀད་ནཾ། སྨད་པའི་ཟས་ལྟ་བུའོ། །ཀུ་སྒྲ་ཅུང་ཟད་དམ་ཉུང་དོན་འདུག་པ་དེ། དེའི་སྐྱེས་བུའི་བསྡུ་བ་བྱས་ཚེ། ཨཀྵ་ཕ་རོལ་ལ་ཀཱ་རུ་འགྱུར། ཀཱ་ཀྵཿ མིག་ངན། ཀཱ་མ་དྷུ་རཾ། ཅུང་ཟད་མངར་བ། ཀཱ་མླཾ། ཅུང་ཟད་སྐྱུར་བ། ཀུ་ཨམླ། མཚམས་སྦྱར། བུ་


MR11_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཥིའི་ཚུ་རོལ་གྱི་ཀུ་ཀཱའམ་ཀུར་བསྒྱུར་ན། ཀཱ་པུ་རུ་ཥཿ སྐྱེས་བུ་དམན་པ། ཀུ་པུ་རུ་ཥཿ ཨཱི་ཨཱུ་བུད་མེད་རྟགས་སུ་བྱས་པ་བསྡུ་བའི་སྐབས་ལ་ལར་ཐུང་། རེ་ཕ་ཏཱི་མཐར་སི་ཕྱིས། མི་ཏྲཿ ཨི་ཐུང་བྱས། རེ་ཕ་ཏི་མི་ཏྲ།ནམ་གྲུའི་བཤེས། མི་ཟད་པའི་མིང་ཚིག་རྣམས་ཀྱི་མཐའ་མིན་པའི་རྣམ་བཅད། ཀུ་པུ་ལ་སར་འགྱུར་རོ། །སྐབས་ལ་ལར་མི་ཟད་པའི་མཐའི་རྣམ་བཅད་ཀྱང་སར་འགྱུར་བ་ཡོད། ཨ་ཡཿཀ་ར། ལྕགས་བྱེད་པ། ཨ་ཡ་སྐ་ར།ཨ་ཡ་སྤཱ་ཏྲཾ། ལྷུང་བཟེད་ལྕགས་ལྟ་བུའོ། །མི་ཟད་པའི་མིང་ཅན་གྱི་ཚེག་དྲག་སར་མི་འགྱུར་དེ་གར་གནས། པུ་ནཿཀ་རོ་ཏི། སླར་བྱེད་པར་འགྱུར་རོ། །པུ་ནཿཔི་ཝ་ཏི། སླར་འཐུང་བར་བྱེད་དོ། །རེས་མི་ཟད་པའི་རྣམ་བཅད་ཀྱང་རེས་འགྱུར་བ་ཡོད་དེ། པུ་ན་སྐ་རོ་ཏི་ལྟ་བུའོ། །བསྡུ་བ་ཐམས་ཅད་བྲིས་སོ་དགེའོ། །ཙནྡྲ་ལྟར་ན། ཨཙ྄་དབྱངས། ཧལ྄་གསལ་བྱེད། ཨ་ཙ་ལ་བརྒྱ་སོ་གཉིས། ཧལ྄་རྐྱང་བ། ༣༧དབྱངས་བཅས་གསལ་བྱེད་བཞི་སྟོང་སུམ་བརྒྱ་ང་དྲུག །དང་པོ་དབྱངས་ནི། ཨ་ཨི་ཨུ་རི་བཞི་ལ་ཐུང་རིང་པཱུ་ཏ་བཅས་གསུམ་རེ། དེ་རེ་རེར་མཐོ་དམའ་བར་གསུམ་ཕྱེ་བས། ༣༦ དེ་རེ་རེ་ལ་རྗེས་སུ་སྣ་ལྡན་ཡིན་མིན་གཉིས་ཕྱེ། ༧༢ ཨེ་ཙ྄་རྣམས་ཐུང་ངུ་མེད།ལྀ་རིང་པོ་མེད་པས། ཨེ་ཨཻ་ཨོ་ཨཽ་ལྀ་ལྔ་ལ། གཞན་གོང་ལྟར་ཕྱེ་བས། ༦༠ བསྡོམས་པས་༡༣༢ ཧལ྄་རྐྱང་པ་སོ་གསུམ་སྟེང་། རྗེས་སུ་ང་རོ། རྣམ་བཅད། ལྕེ་རྩ་ཅན། མཆུ་ཅན་བཞི་བསྣན། ༣༧དེ་རེ་རེ་ལའང་ཨཙ྄་བརྒྱ་སོ། །གཉིས་


MR11_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས། དབྱངས་དང་བཅས་པའི་གསལ་བྱེད། ༤༣༥༦ དབྱངས་གསལ་བསྡོམས་པའི་ཡི་གེའི་གྲངས་ལ། ༤༥༢༥ ཨ་ཀུ་ཧ། རྣམ་བཅད་རྣམས་ཀྱི་སྐྱེ་གནས། མགྲིན་པ། ཨི་ཨེ་ཨཻ་མགྲིན་པ་དང་རྐན། ཨུ་ཨོ་ཨཽ་མགྲིན་པ་དང་མཆུ།རི་ཊུ་ར་ཥ་སྤྱི་བོ། ྈ ལྕེརྩ། ལི་ཏུ་ལ་ཊ་སོ། །ང་རོ་སྣ། ང་ཉ་ཎ་ན་མ། རང་རང་གི་མགྲིན་སོགས་ཀྱི་རྗེས་སུ་སྣ། ཨི་ཙུ་ཡ་ཤ་རྐན། ཨུ་བུ་མཆུ་ཅན། ཝ་སོ་མཆུའོ། །བྱེད་པ་ནི། ལྕེ་རྩ་ཅན་རྣམས་ལྕེའི་རྩབ། རྐན་བྱུང་ལྕེའི་དབུས། སྤྱི་བྱུང་རྣམས་ལྕེའི་རྩེ་ཉེ། སོ་བྱུང་ལྕེ་རྩེ། ལྷག་མ་རྣམས་རང་གནས་ཀྱི་བྱེད་པ་ཅན་ནོ། །རྩོལ་བ་ནི་ཕྱི་དང་ནང་སྟེ། ནང་དུ་བཙུམས་པ། ཕྱེ་བ། ཕྲད་པ། ཅུང་ཟད་ཕྲད་པ་བཞི། ཨ་བཙུམས། ཕྱེ་བ་དབྱངས་གཞན་དང་དྲོ་བ་རྣམས་སོ། །ཕྲད་པ་པའི་ཡི་གེ་རྣམས་སོ་རྩོལ་བ་ཆེན་པོ་བཙིར་ནས་མཐོན་པོར་བརྗོད་པའོ། །ཅུང་ཟད་ཕྲད་པ་མཐར་གནས་རྣམས་སོ། །ཕྱིའི་རྩོལ་བ་ལ། སྒྲ་མེད། སྲོག་ཆུང་། སྲོག་ཆེན། སྒྲ་ལྡན། དྲོ་བ་ལྔ།སྒྲ་མེད་ནི། ཀ་ཙ་ཊ་ཏ་པ༡། ཁ་ཚ་ཋ་ཐ་ཕ། ཤ་ཥ་ས། ལྕེ་རྩ། མཆུ་ཅན་བཅོ་ལྔའོ། སྲོག་ཆུང་བ། སྡེ་པའི་དང་པོ་ལྔ་དང་གསུམ་པ། ལྔ་པ་རྣམས་དང་། མཐར་གནས་རྣམས་སོ། །སྲོག་ཆེ་བ། སྡེ་པའི་གཉིས་པ། བཞི་པ། ཤ་ཥ་ས་རྣམས་སོ། །སྒྲ་ལྡན་ནི། སྡེ་པའི་གསུམ་པ། བཞི་པ། ལྔ་པ་རྣམས་དང་། རྗེས་སུ་ང་རོ། །མཐར་གནས་ཧ་ཡིག་བཅས་སོ། །དྲོ་བ་རྣམས་ནི། སྡེ་པའི་གཉིས་པ། བཞི་པ། ཤ་ཥ་ས་ཧ་རྣམས་སོ། །གཞུང་གཞན་ལས་ཤ་ཥ་ས་གསུམ་ཁོ་ན་ལ་དྲོ་


MR11_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད། འདི་སློབ་དཔོན་ཙནྡྲ་ཉིད་མཛད་ཡི་གེའི་མདོ་འབྲེལ་བཅས་ལས་རྟོགས་པར་བྱ། དེ་ལྟ་ན། ཡི་གེ་རྣམས་གནས་དང་བྱེད་པ་རྩོལ་བ་གསུམ་ལས་སྐྱེའོ། ༈ །རྐྱེན་བསྡུ། སན྄་གྱི་ས་ལ། མ་ཧིང྄་གིང྄་སྦྱར་སང྄་ཞེས་པའི། སན྄་སོགས་དང་། ཀྲྀཏྱ་དང་། ཀྲྀཏ྄་རྐྱེན་དང་། ཏིང྄་མཐའ་རྣམས་བསྡུས་ཏེ། དྷ་ལ་སང྄་ལའོ། །ཞེས་སོགས་སུ་དྲན་པར་བྱའོ། །ཏིབ྄་ཀྱི་ཏི་ལ་མ་ཧིང྄་གི་ང་སྦྱར་བས། །ཏིང྄་ཞེས་པས་ཏིབ་སོགས་རྣམ་དབྱེའི་རྐྱེན་བཅོ་བརྒྱད་པོ་བསྡུས་སོ། །ཏ་ལ་མ་ཧིང་གིང་སྦྱར་བས། ཏང྄་ཞེས་པས་བདག་དོན་གྱི་རྣམ་དབྱེ་དགུ་པོ་བསྡུས། རྣམ་དབྱེ་དང་པོའི་སུ་ལ། བདུན་པའི་སུཔ྄་ཀྱི་པ྄་སྦྱར་བས། སུཔ྄་ཞེས་རྣམ་དབྱེ་༢༡བསྡུས། སུ་ལ། ཨཽ་ཊ྄འི།ཊ྄་སྦྱར། སུཊ྄། སུ་ཨོ་ཛས྄་ཨཾ་ཨཽཊ྄། ལྔས་བསྡུས། ཇོ་ནང་རྗེ་བཙུན་གྱིས་སྒྲ་མདོ་སོ་སོ་ལ་བྱིངས་མདོ་སོ་སོར་མི་དགོས་པར་གསུངས་པའང་། བྷཱུ་ཡོད་པ་སོགས་བྱིངས་མདོའི་ངོ་བོ་སྟེ་སྒྲ་མདོ་གང་གི་སྐབས་སུའང་ཁྱད་མེད་པ་ལ་དགོངས་ཀྱི།སྒྲ་མདོ་ཐ་དད་རྣམས་བརྡའ་ཆད་དང་སྒྲ་སྒྲུབ་ཀྱི་ཆོ་ག་མི་མཚུངས་པས་སོ་སོ་དང་བསྟུན་པའི་བྱིངས་མདོའང་དགོས་ཏེ། པཱ་ཎི་ནིས་མཛད་པའི་བྱིངས་མདོ་རྒྱས་བསྡུས༢། བགྲོད་དཀའ་སེང་གེས་མཛད་པའི་ཀ་པ་ལཱ་པའི་བྱིངས་མདོ། ཙནྡྲ་གོ་མི་ཉིད་ཀྱིས་མཛད་པའི་ཙཱནྡྲའི་བྱིངས་མདོ་སོགས་ཐ་དད་དུ་ཡོད་པ་ལྟ་བུའོ། །ཞེས་དང་། བྱིངས་མདོ་གཞན་ལ་ཉི་རྗེས་འབྲེལ་ཅན་ཡོད། ཙནྡྲའི་བྱིངས་མདོར་དེ་མེད་པ་སོགས་ཁྱད་པར་བཤད་དོ། །སི་ཏུས་སོ། །གོ་རིམ་སྒྲག་ཚུལ་ཡང་མི་མཚུངས་


MR11_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་དུ་ཡོད་གསུངས། ༈ །ས་ན྄་སོགས་རྐྱེན་བཅུ་གཉིས་ཡོད། དེ་རྗེས། ལིཊ྄་སོགས་དང་འབྲེལ་བའི་རྐྱེན་ལ། ལིཊ྄། ལོཊ྄། ལ྄ྀཊ། ལུཊ྄། ལུང྄་གི་ཆ་ཤས། དངོས་པོ་ལས་དང་བྱེད་པོ་ལ་བརྟེན་པའི་རྐྱེན་གྱི་ཆ་ཤས་བཤད་པ་དྲུག །དེ་རྗེས་བྱེད་པ་པོའི་རྐྱེན། པཱ་ཎི་པར་བི་ཀ་ར་ཎ་ཞེས་གྲགས་པ་ལ། ཤཔ྄། ཤྱན྄་སོགས་བརྒྱད་དེ་དེ་དག་གིས་ལིཊ྄་སོགས་དང་འབྲེལ་བའི་རྐྱེན་བཅུ་བཞི་བཤད་དོ། །དེ་ནས་བྱ་བའི་རྐྱེན་འཆད་དེ། འདི་ནས་སྐབས་དང་པོའི་རྐང་པ་གསུམ་པ་རྫོགས་ཀྱི་བར་དུ་ཕལ་ཆེར་ཀྲྀཏ྄་རྐྱེན་སྟོན། དེ་རྣམས་བྱིངས་ལས་རྟགས་སམ་མིང་དུ་སྒྲུབ་པར་བྱེད་པ་འབའ་ཞིག་གོ། །ཀྲྀཏ྄་སྟེ་བྱེད་པའི་རྐྱེན་དུ་གྲགས་པ་སྤྱི་མིང་། མདོ། འོན་ཀྱང་ཀྲྀཏྱ་སྡེ་བྱ་བའི་རྐྱེན་དུ་གྲགས་པ། ཏ་བྱ་ལ་སོགས་པ་དྲུག་ཡོད་དོ། །བྱ་བའི་རྐྱེན་འདི་རྣམས་དངོས་པོ་དང་ལས་དག་ལ་འཇུག་པ་ཡིན་ནོ། །རྐྱེན་དྲུག་ནི། ཏ་བྱ། ཨ་ནཱི་ཡར྄། ཀེ་ལི་མར྄། ཛྙཱ་ཁོང་ཆུད། ཛྙཱ་ཏ་བྱ། ཤེས་པར་བྱ། ཌུ་ཀྲྀཉ྄་བྱེད་པ། ཀ་ར་ཎཱི་ཡཾ་བྱའོ། །བྷི་དིར྄་རྣམ་འཇོམས།བྷེ་དེ་ཡི་མཱ། དབྱེ་བར་བྱ། ཡཏ྄། ཀྱབ྄། ཎྱཏ྄། པྲ་ལ་སོགས་ལ། ཨུ་པ་སརྒྒ་སྟེ་ཉེར་སྒྱུར་ཞེས་བྱའོ། །བྷཱ་ཥཱ་ལས། པྲ་དང་པཱ་ར་ཨ་བ་སམ྄་དང་ཨ་ནུ་ཨ་བ་ནིར྄། དུར྄་བི་ཨ་བྷི་ཨ་དྷི་སུ་ཨུད྄་ཨ་ཏི་ནི་པྲ་ཏི། པ་རི་ཨ་པི་ཨུ་པ་ཨཱད྄་ཞེས་ཉི་ཤུ་པོ་འདི་རྣམས། གྲོགས་ལ་ཉེ་བར་སྒྱུར་བ་སྒྲུབ་བྱེད་མཁས་པ་རྣམས་ཀྱིས་བཤད། ཅེས་འབྱུང་ངོ་། །བྱེད་པ་པོ་ལ། བྱ་བ་བྱེད་མཁན་གྱི་བྱེད་པ་པོ་བརྗོད་པ་ལ་སྤྱིར། ཎུལ྄། ཏྲྀ་ཙ྄། ཨ་ཙ྄། བྱེ་བྲག་བྱིངས་སོ་སོ་ལ་


MR11_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་དུ། ལྱུ། ཎི་ནི་སོགས་རྐྱེན་དགུ་ཡང་བྱེད་པ་པོའི་དོན་ཅན་གྱི་རྐྱེན་ནོ། །དེ་ནས་སྐབས་དང་པོའི་རྐང་པ་གཉིས་པར། ཀྲྀཏ྄་རྐྱེན་༤༨ཏིང྄་དང་སྒྲུབ་པ་ཐུན་མོང་པའི་རྐྱེན་གསུམ་བཅས་རྐྱེན་རིགས་༥༡སྟོན་པའི་དང་པོ། ཉེ་ཚིག་དང་སྦྱར་བ་གཞིར་བཞག་པའི་རྐྱེན། ཨཎ྄། ཀ་སོགས་༢༣དུས་དང་སྦྱར་བའི་རྐྱེན་ལ་མ་འོངས་པར་འཇུག་པ་རྣམས་རྐང་པ་ཕྱི་མར་འཆད། འདིར་དུས་འདས་པ་ལ་འཇུག་པ། ཎི་ནི། ཌ། ཀྟ་བ་ཏུ། ཀྟ། ཨ་ཏྲྀ་ན་རྣམས་སོ། །ཏིང྄་དང་སྒྲུབ་པ་ཐུན་མོང་བ་འདས་དུས་ལ་འཇུག་པ། ལིཊ྄། ལང྄་། ལྀཊ྄། རྣམས་བཤད་པའོ། །ད་ལྟ་བར་འཇུག་པ། ཏིང྄་དང་སྒྲུབ་པ་ཐུན་མོང་པའི་རྐྱེན། ལཊ྄། དང་། བྱེད་རྐྱེན། ཤྭ་སུ། ཤ་ཏྲྀ། ཤཱ་ན་ཙ྄་རྣམས་སོ། །བི་དི་ལས་ལཊ྄། ཤཱ་སུ་རུ་བསྒྱུར་སོགས་སོ། །ཞར་བྱུང་ངང་ཚུལ་སོགས་ལེགས་པ་ཆོས་ལ་འཇུག་པའི་རྐྱེན་ནི། ཏྲྀ་ན྄། ཨིཥྞུ་ཙ྄། སོགས་ཉེར་གཉིས་སོ། །འདི་དག་བྱིངས་སོ་སོའི་མཐར་འཇུག་ཚུལ་ལས་ཏེ་དོན་ངང་ཚུལ་སོགས་བརྗོད་པར་འདྲའོ། །ཀྟ་ད་ལྟ་བ་ལའང་འཇུག་པ་པཱ་ཎི་པ་ལས་བཤད་ཅེས་དྲངས་འདུག །སྐབས་དང་པོའི་རྐང་པ་གསུམ་པ་འདིར། དུས་ཀྱི་དབྱེ་བ་མེད་པར་མིང་སོགས་ལ་འཇུག་པའི་ཨུ་ཎ་སོགས་དང་། མ་འོངས་པར་འཇུག་པའི་ལ྄ྀཊ྄་སོགས་དང་།དུས་གསུམ་གར་ཅི་རིགས་པར་འཇུག་པ་གྷཏ྄་སོགས་བཤད་པ་གསུམ། དང་པོ་ཨུ་ཎ྄་སོགས་རྐྱེན་མང་བས་མདོ་ལོགས་སུ་ཡོད་པ་བཞིན་ནོ། །གཉིས་པ་དུས་མ་འོངས་པར་འཇུག་པ་ལ། ཏིང྄་། ལ྄ི། ལུ་ཊ྄། ལུང྄་། ལང྄་བཞི། མ་འོངས་པར་


MR11_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི། ཀྲྀཏ྄་རྐྱེན། ཏུ་མུན྄། འདིར་དངོས་བསྟན་ཁོ་ན་སྟེ། ཞར་བྱུང་དུ་གཞན་ཡང་འཆད་དོ། །དུས་གསུམ་ཁྱད་མེད་འཇུག་པ་ལ་ཀྲྀཏ྄་རྐྱེན་གྷ྄་ཉ྄་སོགས་༣༡ཏིང྄་ཅན་ལིང྄་སོགས། ཀྲྀཏ྄་རྐྱེན་འཕྲོས་ཀྟྭ་སོགས་གསུམ་ལས། དང་པོའི་གྷ་ཉ། ཨཙ྄། ཀ་སོགས་སོ་གཅིག་གོ། བྱེད་པ་ཅན་ཞེས་དྲུག་སྒྲ་སྤངས་པའི་རྣམ་དབྱེ་དྲུག་པོའི་དོན་ཅན་ནི་བྱེད་པ་ཅན་དྲུག་ཅེས་བྱ་སྟེ། དེ་དག་ལ་བྱ་བྱེད་ལས་གསུམ་གྱི་རྣམ་དབྱེ་ཡོད། འབྲེལ་བ་ལ་ཆོས་དེ་དག་འབྲེལ་བ་ཙམ་ལས། ཡུལ་ཅན་དང་ཡུལ་བྱ་བྱེད་དབྱེར་མེད་མོད། བུད་མེད་ཀྱི་རྟགས་སུ་སྤྱིར་བཏང་བའི་གྷ་ཉ་སོགས་ཀྱི་ནང་ཚན། རྐྱེན་ཀྟིན྄་སོགས། ཏི་རྐྱེན་ལ྄ྀང྄་། ལིང྄་། ལ྄ྀཊ྄། ལོཊ྄་རྣམས་སོ། །རྐྱེན་འཕྲོས། ཀྟྭ། ཎ་མུལ྄། ཁ་མུཉ྄། གསུམ་མོ། །སྐབས་དང་པོའི་རྐང་པ་བཞི་པ་འདིས་བྱིངས་ལས་ཚིག་ཏུ་བསྒྲུབ་པའི་རྐྱེན་ཏིང྄་གི་བྱ་བ་རྣམས་སྟོན་ཏེ། དེ་ལ་རྐྱེན་གྱི་ངོ་བོ། དེ་དག་འབྲེལ་བའི་བྱ་བ། འཇུག་ཡུལ་བཤད་པ་གསུམ། དང་པོ། ལའི། ཏིཔ྄། ཏས྄། ཛྷི། སིཔ྄། ཐས྄། ཐ། མིཔ྄། བས྄།མས྄། ཏ། ཨཱ་ཏཱམ྄། ཛྷ། ཐཱས྄། ཨཱ་ཐཱམ྄། དྷྭམ྄། ཨིཊ྄། བ་ཧི། མ་ཧིང྄་ངོ་། །ལཊ྄་སོགས་ཏིང྄་རྐྱེན་རིགས་བཅུ། ལཊ྄། ལོཊ྄། ལིང྄་། ལང྄་། ལུང྄་། ལིཊ྄། ལུཊ྄། སྨོན། ལིང྄་། ལ྄ྀཊ྄། ལ྄ྀང྄་རྣམས་སོ། །འདི་རྣམས་ཀླུས་བཀོད་པའི་བརྡ་ཆད། ཀ་ལཱ་པ་སོགས་སུ་ལྷས་བཀོད་པའི་རྗེས་སུ་འབྲངས་ནས་འཇུག་ཡུལ་གྱི་དོན་དང་སྦྱར་བ། བརྟྟ་མཱ་ན། པཉྩ་མི་སོགས་སུ་བརྗོད་དེ། རིམ་བཞིན། ད་ལྟ་བ། ལྔ་པ། བདུན་པ། ཁར་སང་། དེ་རིང་། ལྐོག་འགྱུར། སང་།


MR11_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པ། འབྱུང་འགྱུར། བྱ་བ་ཤོར་བ་ཞེས་བརྗོད། དེ་རྣམས་ལ། ལཊ྄། ལོཊ། ལིང྄་། ལང྄་། བཞི་ལ་བྱིངས་ཐམས་ཅད་པ་ཟེར། གཞུང་འདིར། ཏིང྄་། ཤིཏ྄་ཅེས་བཤད། ཤཔ྄་སོགས་ཤ་འགྲོ་བ་ཅན་གྱི་བི་ཀ་ར་ཎ་རྣམས་འཇུག་པས་བཏགས་པའོ། །གཞན་ལུང྄་སོགས་ལ་བྱིངས་ཕྱེད་པ་ཞེས་བྱ། ཏིང྄་ཤི་ཏྲ་མ་ཡིན་པའང་ཟེར། བི་ཀ་ར་ཎ་རྣམས་མི་འཇུག་པས་སོ། །རྐྱེན་གྱི་ལ྄་གཅིག་པུ་ལ་དེ་ཏི་པ྄་སོགས་བཅོ་བརྒྱད་པ་ཕྲག་བཅུ་བསྒྱུར། དེ་ལ་སོ་སོའི་ཁྱད་པར་གྱི་བྱ་བ་རྣམས་བྱེད་པས། ཏིཔ྄་སོགས་བཅོ་བརྒྱད་པོ་འདི་དག་གི་རྣམ་འགྱུར་རྣམས་ཀྱི་རྩ་བ་ཡིན། ཀ་ལཱ་པར། རྣམ་འགྱུར་བྱས་ཟིན་རྐྱེན་གཟུགས་རྣམས་བཀོད་པས། ཏི་སོགས་༡༨༠འགྱུར་ཏེ། དེ་གཉིས་དོན་ལ་ཁྱད་མེད་ཀྱང་། ཆ་བསགས་ལུགས་དེ་བྱ་བ་ཉུང་བས་བློ་དམན་འཇུག་བདེའོ། །ཏིཔ྄་མ་ཧིང་གི་མཐའ་བསྡུས་ཏིང྄་ཞེས་རྐྱེན་བཅོ་བརྒྱད་ཀུན་གྱི་མིང་ཡིན་ལ། ཕྱི་མ་དགུའི་དང་པོ་ཏ་དང་། མཐའི་ང྄་བསྡུས་པས་ཏང྄་ཞེས་ཕྱི་མ་དགུའི་སྒེར་མིང་། དགག་ཚིག་ཨ་སྦྱར་ཨ་ཏང྄་ཞེས་ཏང྄་མ་ཡིན་པ་ཞེས་སྔ་མ་དགུའི་མིང་ཡིན་པས། ཏིང྄་། ཏང྄་། ཨ་ཏང྄་ཞེས་གང་བྱུང་ཡང་དེ་རྣམས་ཀྱི་འཇུག་ཡུལ་ལམ་བརྗོད་དོན་དྲན་པར་བྱའོ། །གཞུང་གཞན་དུ་ཏང྄་ལ་ཨཱཏྨ་ནེ་པ་ད་ཞེས་བདག་དོན་གྱི་ཚིག་དང་། ཨ་ཏང྄་ལ་པ་ར་སྨེ་པ་ད་ཞེས་གཞན་དོན་གྱི་ཚིག་ཅེས་བྱ། བདག་གཞན་དོན་ཞེས་མཐའ་གཅིག་ངེས་བཟུང་མེད་ཀྱང་། གཙོ་བོར་བྱེད་པོ་གཞན་ལ་མི་ལྟོས་པར་རང་ཉིད་ཀྱི་བྱ་བ་ལ་འཇུག་པ་ཤས་ཆེ་བས་


MR11_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དོན་ཞེས་དང་། བྱེད་པོ་གཞན་ལྟོས་པར་ཤས་ཆེར་འཇུག་པས་སོ། །ཏིང྄་སུཔ྄་རྣམས་ལ། བི་བྷ་ཀྟི་སྟེ་རྣམ་དབྱེ་ཞེས་བྱ་སྟེ། གཅིག་གཉིས་སོགས་གྲངས་ཀྱི་དབྱེ་བ་དུ་མ་དང་། བྱ་བྱེད་ལས་གསུམ་སོགས་དོན་གྱི་རྣམ་དབྱེ་དུ་མ་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །ཏིང྄་། ཨ་ཏད྄་ལ་སོ་སོར་རྐྱེན་དགུ་རེ་ཡོད་པ་ལ། སྐྱེས་བུ་དང་པོ། དབུས་མ། ཕྱི་མ་ཞེས་གསུམ་དང་། དེ་རེ་རེར། གཅིག་ཚིག །གཉིས་ཚིག །མང་ཚིག་གསུམ་དུ་ཡོད་དོ། །དེ་དང་འབྲེལ་བའི་བྱ་བ་བརྗོད་པ་ལ། ཨཱ་དང་ཛྷ་ལ་བརྟེན་པའི་བྱ་བ། ཊ྄་འགྲོའི་བྱ་བ། ང་འགྲོའི་བྱ་བ་གསུམ་འཇུག་ཡུལ་ནི་ཏང྄་ཨཱ་ན་འཇུག་མི་འཇུག་བཤད་པའོ། །སྐབས་གཉིས་པའི་རྐང་པ་དང་པོ་འདིས། སུ་སོགས་རྣམ་དབྱེའི་བྱ་བ་རྣམས་འཆད་དེ། དེ་ལ་རྐྱེན་གྱི་ངོ་བོ། རྣམ་འགྱུར། འཇུག་ཡུལ་བཤད་པ་གསུམ། དང་པོ། སུ་ལ་སོགས་༢༡པའོ། །དབྱངས་ཅན་ལས་སི་གསུངས ། ཨཽཊ྄། ཊ྄་བསྡུ་བའི་དོན་ལས་རྐྱེན་མིན་གསུངས། དབྱངས་ཅན་ཨཽ། དེ་མིན་རྐྱེན་གྱི་ངོ་བོ་འདྲ། སུཔ྄་མཐའ་འདི། བྱིངས་ཀྱི་མཐར་མི་འཇུག ཀྲྀཏ྄་རྐྱེན་གྱིས་ཆོད་པའི་ཕྱིར་རོ། །ཏིང྄་མཐར་མི་འཇུག་སྟེ་ངེས་ཚིག་ཏུ་གྲུབ་ཟིན་པའི་ཕྱིར་རོ། །དེས་ན་བྱིངས་ཏང྄་བོར་བའི་ལྷག་མ། ཏ་བྱ་སོགས་ཀྲྀ་ཏྱའི་རྐྱེན་དང་། ནུལ྄་སོགས་ཀྲྀཏ྄་རྐྱེན་དང་། མོ་རྟགས་ཀྱི་རྐྱེན་དང་། དེ་ཕན་གྱི་རྐྱེན་མཐར་སུཔ྄་འཇུག་སྟེ། དེ་རྣམས་མིང་ཙམ་དུ་ཡོད་པ་ལས། འདིས་ཚིག་ཏུ་སྒྲུབ་པར་བྱེད་དོ། །སུ་ཨུ་ཕྱི། གཉིས་པ་རྐྱེན་ལ་བརྟེན་པའི་རྣམ་འགྱུར་ཐུན་མོང་པ་རྣམས་སྐབས་


MR11_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་དང་དྲུག་པར་འཆད། རྣམ་དབྱེའི་རྐྱེན་གྱི་རྣམ་འགྱུར་ཐུན་མོང་ནི། བྷིས྄་ཨཻས྄་སུ་འགྱུར་བ་སོགས་བཤད་དོ། །མ་ནིང་གི་རྟགས་མཐའ་ལ་ཨཽ་ཤི་རུ་བསྒྱུར། ཛས྄་ཤས྄་ཤི་རུ་བསྒྱུར། མ་ནིང་ལས་སི་ཨམ྄་འཇིག ཨཏ྄་ལས་སུ་ཨཾ་ཨམ྄་དུ་སྒྱུར་སོགས་ཡོད། བྱིངས། ཡུ་ཥཱི། འཚེ། ཨ་སུ། འཕེན་ལས་བསྒྲུབ་པའི། ཡུཥྨད྄། ཁྱེད། ཨསྨད྄། ངེད་ཅེས་གྲུབ། དེ་ལ་རྣམ་དབྱེ་ངས྄་སྟེར་ན་ཨ་ཤ྄་རུ་བསྒྱུར། ད྄་ཕ་རོལ་བཞག་པ་དབྱི། ཏ་བ་ཁྱོད་ཀྱི། མ་མ་བདག་གི་གཅིག་ཚིག་ལ། ཏྭ། མ། ཏུ་བྷྱཾ། ཁྱོད་ལ། མཧྱཾ། བདག་ལ། ཏྭཾ། ཁྱོད། ཨ་ཧཾ། བདག ཡུ་བ། ཁྱེད་དག ཨཱ་བཱཾ། ངེད་དག ཡུ་ཡཾ། ཁྱེད་རྣམས། བ་ཡཾ། ངེད་རྣམས། ཏྭཱཾ། ཁྱོད་ལ། མཱཾ། ངེད་ལ། ཡུ་བཾ།ཨཱ་བཱཾ། ལྟ་བུའོ། །མང་ཚིག་ཤས྄་ན་རུ་བསྒྱུར། ཨ་ཕྱིས། ཡུཥྨཱ་ན྄། ཁྱེད་རྣམས་ལ། ཨསྨཱ་ན྄། བྷྱས྄་བྱིན་པས། ཡུཥྨ་བྷྱཾ། ཁྱེད་རྣམས་ལ། ཨསྨ་བྷྱཾ། ངེད་རྣམས་ལ། ཏྭཏ྄། ཁྱོད་ལས། མ་ཏ། ངེད་ལས། ཡང་ན། ཡུཥྨ་ཏ། ཁྱེད་རྣམས་ལས། ཨསྨ་ཏྲ། ངེད་རྣམས་ལས། ཡུཥྨཱ་ཀམ྄། ཁྱེད་རྣམས་ཀྱི། ཨསྨཱ་ཀམ྄། ངེད་རྣམས་ལ། གྲངས་མེད་པ་ལས་སུ་པ྄འི་འཇིག་གོ། དོན་གཅིག་ཉིད་ལའོ། །ཚིག་སྡུད་བྱས་པའི་དོན་གཅིག་ཉིད་དུ་གྱུར་པའི་ཡུལ་ལ་སུཔ྄་འཇིག །རྣམ་དབྱེའི་འཇུག་ཡུལ་ལ། །བྱེད་པོས་བྱ་བ་བྱེད་པའི་ཚེ་བྱ་ཡུལ་དངོས་པོ་དེ་ལ་བྱེད་པ་ཅན་གྱི་ལས་ཟེར་ཏེ་ཟས་དང་། རྩྭ་ལྷས་ཀྱི་སྐད་དོད། ཀ་ཊཾ། ཨོ་ད་ནཾ། ལྟ་བུའོ། །ཟས་ལ་འཚེད་ལྟ་བུ་ཐོབ་ཀྱང་དེ་མ་ཡིན་པར་འཚེད་བྱའི་ལས་ཡིན་


MR11_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གྱིས་སོ། །འགྲོ་བ་རྟོགས་ཟས་སྒྲའི་དོན་དང་། ལས་མེད་ཀྱི་རྣམ་དབྱེ་རྣམས་ཀྱི་སྦྱར་བྱ། སྦྱོར་བ་པོའི་ཎི་ཙ྄་དང་བཅས་བྱེད་ཚིག་སྦྱོར་ཚེ་རྣམ་དབྱེ་གཉིས་པ་འགྱུར་ཏེ། དེའི་བྱེད་པ་ཉིད་ཀྱང་སྦྱར་བྱའི་ལས་སུ་འགྱུར་བའི་ཕྱིར་རོ། །དེ་བ་དཏྟཾ། ལྟ་བུའོ། །དེ་སོགས་མདོར་ན་དྲུག་པའི་དམིགས་བསལ་དུ་གཉིས་པ་འཇུག་པ་སོགས་དམིགས་བསལ་ཅན་རྣམས་སོ། །ཨུ་པ། ཉེ་འཚོའི་དམན་པ་དང་། ལྷག་པའི་ཉེ་བར་ལྷག་པ། ལྷས་བྱིན་བྱེད་པོ་བྱ་བའི་ཐབས་སམ་སྒྲུབ་བྱེད་དུ་གྱུར་པ་ཟོར་བ་ལྟ་བུའང་བྱེད་པོའི་རྣམ་དབྱེ་འཇུག ལྷས་བྱིན་བྱེད་པོ། བྱ་བ་ལ་ཕན་འདོགས་པའི་སྒྲུབ་བྱེད་ནི་བྱེད་པ་ཞེས་འབྱུང་། ༈ །དེ་ནས་ཚིག་སྡུད་ལ། རྣམ་དབྱེ་བསྡུ་བ་ལ་དེའི་སྐྱེས་བུའི་བསྡུ་བ་ཞེས་བྱ། རྣམ་དབྱེ་དང་པོ་ནས་བདུན་པའི་བར་བསྡུས་པ་དང་། ན་ཉ྄འི་བསྡུ་བ་བཅས་བརྒྱད། ཁྱད་པར་གྱི་བསྡུ་བའམ་ལས་འཛིན་གྱི་བསྡུ་བ་ལ། ཁྱད་པར་གྱི་ཚིག་སྔ་མ་ཅན། དཔེའི་ཚིག་སྔ་མ་ཅན། །དཔེའི་ཚིག་ཕྱི་མ་ཅན། སྲིད་པའི་ཚིག་སྔ་མ་ཅན། ངེས་གཟུང་གི་ཚིག་སྔ་མ་ཅན་ཏེ་དྲུག ཚིག་གཞན་དོན་ཅན་ནམ་འབྲུ་མང་པོའི་བསྡུ་བ་ལ། ཚིག་གཉིས་པ། ཚིག་མང་པོ། གྲངས་ཀྱི་ཚིག་ཕྱི་མ་ཅན། གཉིས་ཀ་གྲངས་ཀྱི་ཚིག་ཅན། ལྷན་ཅིག་གི་ཚིག་སྔ་མ་ཅན། ཕན་ཚུན་བྱེད་པའི་མཚན་ཉིད་དང་། ཕྱོགས་གཞན་འཛིན་པའི་མཚན་ཉིད་དེ་བདུན། གྲངས་སྔ་མ་ཅན་ནམ་བ་གཉིས་པའི་བསྡུ་བ་ལ། གཅིག་དང་འདྲ་བའི་དངོས་པོ་དང་། དུ་མ་དང་འདྲ་བའི་དངོས་པོ་གཉིས། གྲངས་མེད་པའམ་མི་ཟད་པའི་བསྡུ་བར་དབྱེ་བ་


MR11_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ངང་གི་དོན་གྱི་བསྡུ་བའམ་ཟླས་དབྱེའི་བསྡུ་བ་ལ། ཀུན་ནས་བཏུས་པ་དང་། ཞར་བྱུང་དང་། ཀུན་སྡུད་པ་དང་། གཅིག་ཤོས་གཅིག་ཤོས་སྦྱོར་བ་ཞེས་པ་བཞི་སྟེ། དེ་ལྟར། བརྒྱད། དྲུགབདུན། གཉིས། གཅིག བཞི། བསྡོམས་པས་ཉེར་བརྒྱད་དོ། །དནྟྲ། དང་དོན་བསྡུ་བ་བྱས་པའི་གཟུགས་སོ། །ཚིག་སྡུད་རྣམས་མ་ནིང་གི་རྟགས་སུ་འཆད་པར་འགྱུར། སྐབས་འདིར་དོན་གཅིག་ཅེས་གོ་ཆོད་གཅིག་ཏུ་བསྡུ་བ་རྣམས་སོ། །ན་ཉ྄་དགག་པའི་དོན་དྲུག དེ་དང་མཚུངས་པ་དངོས་མེད་དང་། །དེ་ལས་གཞན་དང་དེ་ལས་ཆུང་། །མི་བསྔགས་པ་དང་འགལ་བ་སྟེ། །ན་ཉ྄འི་དོན་དྲུག་རབ་ཏུ་གྲགས། །ཨ་པྲཧྨ་ཎ། བྲམ་ཟེ་འདྲ། བྲམ་ཟེ་དངོས་མིན་ཀྱང་འདྲ་བའི་དོན་ཏོ། །ཨ་ལུཀ྄། དངོས་མེད་དེ་འཇིག་པའི་དངོས་པོ་མེད་ཅེས་པའི་དོན་ནོ། །ཨ་སཾ་ཡོ་གཏ྄། ཡང་དག་པར་སྦྱོར་བ་ལས་གཞན་པའི་དོན། ཨ་ལ་པཎ། ཚྭ་ཉུང་བའི་དོན། མི་བསྔགས་པ། ཨཔུ་ཏྲ།བུ་མི་ལེགས་པ་ལ་བུ་མེད་ཅེས། འགལ་བར། ཨ་ཤུ་ཀླཿ དཀར་མེད་དེ་ནག་པོའོ། ༈ །རྟགས་མཐའ་ལ། སྐྱེས་པའི་རྟགས་ཁོ་ན་ཡིན་ལ། བྲྀཀྵཿ ཤིང་། ཨགྣིཿ མེ་སོགས་སོ། །བུད་མེད་ཁོ་ན་ཡིན་པ། མཱ་ཏཱ། ཁ་ཊྭཱ། མལ།ཁྲི། ད་ནུཿ གཅོད་མ། བདྱུ་ཏ྄། གློག བཱཀྲ་ལ་སོགས་པའོ། །མ་ནིང་ཁོ་ན་ཡིན་པ། ཀུཎྚཾ། མེ་ཐབ་ལྷ་རྫིང་སོགས། ཀཱ་ན་ནཾ། ནགས། ཨུ་རཿ བྲང་ངམ་མཆོག སརྦྦིཿ མར་སོགས་སོ། །སྐྱེས་པ་མ་ནིང་གཉིས་ཀ་འཇུག་པ།


MR11_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པིཎྱ་ཀཾ་ཀཿ ཏིལ་གྱི་འབའ་ཆ་སོགས། དཎྚ་ཀཾ་ཀཿ རྒྱུན་ཆགས། བུད་མེད་མ་ནིང་གཉིས་ཡིན། མཻ་ཏྲཾ། མཻ་ཏྲཾ། རྟགས་གསུམ་པ་ཅན། བཱ་ཏྲཿ དཱ་ཌི་མཾ། ལ་སོགས་པའོ། །འདི་རྣམས་བརྗོད་བྱ་གང་ཡིན་དེ་དང་རྟགས་མཚུངས་པའི་བརྗོད་བྱའི་རྟགས་ཅན་ཞེས་སུའང་གྲགས་སོ། །རྟགས་མེད། ཨསྨད྄། ཡུཥྨད྄། དང་གྲངས་མེད་པ་རྣམས་སོ། །བུད་མེད་རྟགས་ཨི་ཡམ྄་ཞེས་པས་བརྗོད་པར་བྱ་བ་དང་། སྐྱེས་པ་ཨ་ཡ་མ། མ་ནིང་ཨི་དམ྄། དཔེར་ན། ཨི་ཡཾ་ཁ་ཊྭཱ། ཨ་ཡཾ་བྲྀཀྵཿ ཨི་དཾ་ཀུཎྚཾ། ཞེས་པ་ལྟ་བུའོ། །ཆུའི་མིང་རྣམས་མ་ནིང་གི་རྟགས་ཅན་ཡིན། ཨ་པྲ། མོ་རྟགས་དང་མང་ཚིག་མཐའ་ཅན། བུད་མེད་ཀྱི་མིང་རྣམས་དངོས་པོའི་མཚན་ཉིད་ཀྱི་མོ་རྟགས་ཡིན། དཱར་ཞེས་པ་སྐྱེས་རྟགས་དང་མང་ཚིག་མཐའ་རྐྱེན་དུ་རྟག་ཏུ་འགྱུར་རོ། །བདག་གཅིག་ལའང་། བ་ཡཾ། ངེད་རྣམས། ཞེས་མང་ཚིག་འཇུག་སོགས་དམིགས་བསལ་མང་པོ་ཡོད། ༈ །སྐབས་གཉིས་པའི་རྐང་པ་གསུམ་པ་འདིར། ཀྲྀཏ྄་དང་དེ་ཕན་གྱིས་བསྒྲུབས་པའི་མཐའ་རྣམས་མོ་རྟགས་སུ། དེ་ཡང་ཀྟིན྄་སོགས་ཀྲྀཏ྄་རྐྱེན་ཉིད་ཀྱིས་མོ་རྟགས་སུ་གྲུབ་པ་ཕལ་ཆེར་ལ་འདི་ནས་བཤད་པ་རྣམས་སྟེར་མི་དགོས་ཀྱང་། དེར་མ་ངེས་པ་རྣམས་ལ། ཀྱ་པ྄་སོགས་ཀྱིས་བསྒྲུབས་པ་མོ་རྟགས་སུ་ངེས་ཀྱང་། མོ་རྟགས་ཨཏ྄་མཐའ་ཅན་མི་སྲིད་པས། ཌཱཔ྄་སོགས་སྟེར་དགོས། བི་དྱུ་ཏ། མཱ་ཏྲྀ་སོགས་རང་བཞིན་གྱིས་མོ་རྟགས་སུ་གྱུར་པ་མང་པོ་ཞིག་རྐྱེན་ལ་ལྟོས་མི་དགོས་པའང་ཤེས་པར་བྱའོ། །མོ་རྟགས་ཀྱི་རྐྱེན་


MR11_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་བྱིངས་མིང་དུ་གྲུབ་པའི་མཐའ་དང་། མིང་ལས་མིང་གི་ཁྱད་པར་དུ་བསྒྲུབ་པ་དེ་ཕན་གྱི་རྐྱེན་མཐར་འཇུག་གོ། །དེས་ན་དེ་ཕན་རྐྱེན་དང་ཆ་འདྲ་བའི་དེ་ཕན་གྱི་རྐྱེན་དུ་མི་གཏོགས། དེ་ཕན་རྟགས་མཐར་སུ་པ་རྐྱེན་སྦྱར་བར་འཇུག་ལ། འདི་དག་སུཔ྄་མེད་པའི་རྟགས་མཐར་ཡང་འཇུག་པས་སོ། །མོ་རྟགས་ཀྱི་རྐྱེན། དཱི་པ྄། ཌཱཔ྄། དཱི་ཥ། ཨཱུད྄། ཙཱཔ྄། ཏི། རྣམས་སོ། །འདི་རྣམས་སྒྲའི་རྟགས་མཐའ་བུད་མེད་དུ་བྱེད་དོ། །ཥྤ། དང་། ཥྱང྄་། གཉིས་ནི། དཱི་ཥ། ཙཱཔ྄་དག་དང་འབྲེལ་བའི་བར་རྐྱེན་ལྟ་བུ་ཡིན་པས་དྲུག་པོ་ལས་ལོགས་སུ་མི་གཅིག་གོ། རྀ་དང་། ན྄་མཐའ་ཅན་དཱིཔ྄། དཔ྄་ཕྱིས། རྐྱེན་དངོས་ཨཱི། ཀ རྟཏྲྀ་ལ་དཱིཔ྄། ཀརྟྟྲྀ། བྱེད་པ་མོ། དཎྚིན།དཱིཔ྄། དཎ་ནཱི། དབྱུག་པ་ཅན་མ། ཡོ་གི་ནཱི། རྣལ་འབྱོར་མ། ཌཱ་ཀི་ནཱི་སོགས་སོ། །དེ་ལ་སུཔ྄་སྦྱར་མོ་རྟགས་ལྟར་བསྒྲུབ་དགོས་པས་སོ། །ན་འཇིག ཀརྟྟཱ། བྱེད་པོ། དཎྚཱི། དབྱུག་པ་ཅན། མཱ་ཏྲྀ། སྲ་སྲྀ་སོགས། བུད་མེད་བརྗོད་པ་ཉིད་ཡིན་པས་དཱིཔ྄་མི་འགྱུར་རོ། །ཨུ་རྀ་ལྀ། འགྲོ་བ་ཅན་སོགས་ལ་འཇུག མ་ན་མཐའ་ལ་མི་འཇུག་པ་སོགས་དམིགས་བསལ་ཡོད། མི་རིགས་བརྗོད་པའི་ཨུ་མཐར་ཨཱུད྄་བྱིན། བནྡྷུ་ལ། བནྡྷཱུ། རྩ་ལག་གམ་གཉེན་མ། ཀུ་རཱུཿ སྒྲ་ངན་མ། མི་རིགས་མིན་ན་མི་འགྱུར་རོ། །དྷེ་ནུཿ གྲུས་མ་ལྟ་བུའོ། ༈ །སྐབས་གཉིས་པའི་རྐང་པ་བཞི་པ་འདི་ནི། སྐས་ས་བཞི་པའི་རྐང་པ་བཞི་པ་མ་རྫོགས་བར་དུ། སུཔ྄་མཐའ་ཅན་ལ་དེ་དང་འབྲེལ་བའི་མིང་གཞན་


MR11_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་དེ་ཕན་རྐྱེན་རྣམས་འཇུག་པ་སྟོན་ཏེ། ཨ་དས྄་ལ་ངས་བྱིན་པའི་ཨ་མུཥྱ་སོགས་སུཔ྄་རྗེས་མི་འཇིག ལ་ལར་དོན་གཅིག་ལ་སཔ྄་འཇིག །ཏིང྄་མཐར་ཡང་སུ་པྲ་པའི་དོན་ཉིད་དུ་འཇུག་པ་ཡོད་པས། མིང་ངམ་རྟགས་མཐའ་ཁོ་ནར་འཇུག་པ་ངེས་སོ། །རྐང་པ་འདིར་རྐང་པ་གོང་འོག་ཏུ་སླར་བསྐྱར་བ་མ་གཏོགས་པའི་རྐྱེན་གྱི་ངོ་བོ་༣༢ཏེ། སྤྱིར་དོན་མང་པོར་འཇུག་པ་དང་། བུ་རྒྱུད་གཉིས། ཨ྄ཎ་ལ་སོགས་པའོ། །དེ་ཡང་ཨ྄ཎ་སོགས་འགའ་བུ་རྒྱུད་ཀྱི་དོན་དང་། དེའི་དམིགས་བསལ་དུ་རྐྱེན་གཞན་ལ་འཇུག་པ་སོགས་དང་། སྦྱར་ཡུལ་གྱི་ཁྱད་པར་ལ་རྐྱེན་སོ་སོར་ཡོད་དོ། །དྲང་སྲོང་གི་བུ་རྒྱུད་ལ་ཨ྅། རྐང་བཞི་ལ། ཌྷཉ྄། འགྱུར་བ་སོགས་སོ། །བུ་རྒྱུད་ཀྱི་རྐྱེན་འཇིག་མི་འཇིག་ཁྱད་བཤད་དོ། །སོ་གཉིས་པོ་བུ་རྒྱུད་ཀྱི་རྐྱེན་ཡིན་ནོ། །སྐབས་གསུམ་པའི་རྐང་པ་གཅིག་པ་འདིར། དེ་ཕན་རྐྱེན། ༤༢ ཨཎ྄། ཋ་ཀ྄་སོགས་སོ། །དེས་བཙོས་སྐར་མ་སྙན་ཚིག་མཐོང་། སོགས་དོན་ཐ་དད་ལའོ། །དེས་བཙོས་སོ་ཞེས་པའི་དོན། ཨན྄། རྒྱ་སྐྱེགས། ཆུའི་གུར་གུམ་དམར་པོས་བཅོས་པར། ཋཀ྄། དེས་ཞེས་པའི་དོན་གུར་གུམ་གྱིས་ཞེས་པའི་རྣམ་དབྱེ་གསུམ་པ་དེ་ཕན་རྐྱེན་འདི་དང་དོན་གཅིག་པས། སུ་པྲ་འཇིག་པ་སོགས་སོ། །དེ་བཞིན་རྣམ་དབྱེ་གཞན་པའི་རིགས་པའི་མཐའ་དང་ལྷན་ཅིག་དོན་གཅིག་རྣམ་དབྱེས་བསྟན་པའོ། །སྐབས་གསུམ་པའི་རྐང་པ་གཉིས་པ་ནས་དེ་ཕན་རྐྱེན། ཨ྄་ཎ་དང་གྷ་ལ་སོགས་པ་ཉེར་བརྒྱད་བསྟན་པ་རྣམས་དེར་སྐྱེས་པ་དང་དེར་བྱུང་བ་སོགས་དོན་དུ་མ་ལ་འཇུག་སྟེ་ལྷག་མ་ལའོ་ཞེས་རྐང་པ་འདི་ཉིད་མ་རྟོགས་བར་དུ་སྤྱིར་གཏང་བ་བཞིན་ནོ། །སྐབས་གསུམ་པའི་རྐང་པ་གསུམ་པ་འདི་ནས་དེ་ཕན་རྐྱེན། ༣༡ ཋཔ྄། ཀན྄་སོགས་སོ།


MR11_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བཏབ། བུ་ལོན་བྱུང་བའི་རྐྱེན། འོངས་པ། དབང་དུ་བྱས་པའི་གཞུང་དར་སོགས་ཀྱི་དོན་ཏོ། །དབང་དུ་བྱས་པ་ནི་གཞིར་བཞག་པའི་དོན་ཏེ་དེ་ལ་ཚ་རྐྱེན་བྱིན་པས་དབང་པོའི་གཞུང་གཞིར་བཞག་ཏུའོ། །དེར་བསྟེན་པ། ངེས་གདུངས་པ་སོགས། པཽ་རུ་ཥེ་ཡཾ། སྐྱེས་བུས་བྱས་པ། ཨེ་ཎ་ཡ། ལོ་ཙཱ་འགས་ཤ་བར་འདོད་ཀྱང་མིན་ཏེ། འདོད་འཇོ་ལས། ཨེ་ཎཿནི་མིག་མཛེས་ཤིང་བྱིན་པ་ཐུང་བ་བོང་ཚད་ཆུང་ངུ་སྟེ་ཞེས་བཤད།།སྐབས་གསུམ་པའི་རྐང་པ་བཞི་པར། དེ་ཕན་རྐྱེན་༢༠འབྱུང་སྟེ། ཋཀ྄ ཨཎ྄། ཋན྄། ཚ་སོགས་སོ། །འཇུག་ཡུལ་ནི། དེ་ཡིས་ཐུལ་དང་རྒྱལ་དང་རྩེ་སོགས་སོ། །རྣམ་དབྱེ་གསུམ་པ་སོགས་ཀྱི་མཐར་འཇུག་པའི་རྐྱེན་གཉིས་སོགས་སོ། །སྐབས་བཞི་པའི་རྐང་པ་དང་པོ་འདིར་དེ་ཕན་རྐྱེན། ཚ། ཡཏ྄། ཐྱན྄། ཁ། སོགས། ༣༥ འཇུག་ཡུལ་ནི། ཕན་པ། རང་བཞིན་བརྗོད། གྱུར། ཉོས་པ་སོགས་སོ། །སྐབས་བཞི་པའི་རྐང་པ་གཉིས་པ་འདིར་དེ་ཕན་རྐྱེན། ༩༠ ཁཉ྄། ཌྷཀ྄་སོགས། འཇུག་ཡུལ་ཞིང་བགྲོད་བྱུང་གྲོགས་སོགས་སོ། །སྣ་དམའ་བ་བརྗོད་པའི་རྐྱེན་ལྟ་བུ་དེ་འདྲ་དང་། དེ་འདིའི་འདི་ལ་ཡོད་དོ་ཞེས་པར་མ་ཏུཔ྄། མཏ྄། རྐྱེན། གོ་མཱན྄།གཅིག་ཚིག །གོ་མནྟཽ། གཉིས་ཚིག གོ་མནྟཿ མང་ཚིག པྲྀཀྵ་བཱན྄། གཉིས་ཡང་མ་ཏུ་པ྄འི་དོན་ལ་ལཙ྄་འགྱུར་བ་སོགས་ཡོད་དོ། །བཱ་ཏུ་ལཿ རླུང་ཚུབ་ཅན་སོགས་སོ། །ན་རྐྱེན་བྱིན། ལཀྵྨ་ཎཿ འབྱོར་བ་ཅན་


MR11_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཡང་། ཨཎ྄། ཨཱུ་ཥ་སོགས་ལ། ར་རྐྱེན། ཨཱུ་ཥ་རཿ ཚ་སྒོ་ཅན་སོགས་སོ། །ཁ་རཿ བོང་བུ། སྨད་བྱའི་དོན་ལའང་ར། ན་ག་རཾ། གྲོང་ཁྱེར་ཏེ། ནག ཁང་བཟང་ལ་འཇུག་པས་དེ་ལྡན་ནོ། །ཡང་མ་སྦྱར་བ།དྻུ་མཿ མཁའ་ལྡན་སོགས་སོ། །དྲུ་མཿ ཡལ་ག་ཅན་ཏེ་ཤིང་། ཀེ་ཤ་སོགས་ལ་བ། ཀེ་ཤ་བཿ སྐྲ་ཅན། མ་ཎི་བཿ ནོར་བུ་ཅན། པཱ་ཎི་བཿ ལག་ལྡན། བིམྤཱ་བཿ གཟུགས་བརྙན་ཅན་ནོ། །དེ་བཞིན། ཋན྄་སོགས་སོ་སོའི་ལྡན་རྐྱེན་ཡང་། ཧསྟ་དསྟ་ལ་རིགས་བརྗོད་པར་མ་ཏུ་པ྄འི་དོན་ལ་ཨི་ནི་སྦྱར། ཧསྟཱི། ལག་ལྡན། དནྟཱི། སོ་ལྡན། དེ་དག་གླང་པོ་ཆེའོ། །ཧསྟ་བཱན྄། དནྟ་བཱན྄། དེ་གླང་པོ་ལ་མི་འཇུག་གོ། ཏུཎྚི་སོགས་ལ་ལྡན་རྐྱེན་དུ།བྷ། ཏུཎྚི་བྷ། ལྟེ་བ་འབུར་བའི་ནད་ཅན། ཀམྦྷ། ཆུ་ལྡན། ལྡན་ཅན་གཙོ་བོ་མ་ཏུཔ྄་ལ། གཞན་ཤིན་ཏུ་མང་པོ་ཡོད་དོ། །མི་བཟོད་བཟོད་རྐྱེན་གཉིས་བཅས་སོ། །སྐབས་བཞི་པའི་རྐང་པ་གསུམ་པ་འདིར། པཱ་ཎི་པ་སོགས་ལས་རྣམ་དབྱེའི་མིང་ཅན་དུ་བཤད་པའི་རྐྱེན་རིགས་དྲུག་ཅུ་རྩ་བཞིའི་འཇུག་པ་སྟོན་ཏེ། དེའང་། ཏས྄། ཏྲ་ལ྄་སོགས་སོ། །འཇུག་ཡུལ་ནི་གཞན་རྟེན་ནད་སེལ་སོགས་སོ། །རྣམ་པ་ལ་ཐཱལ྄འོ། །ཞེས་པས། གསུམ་པའི་མཐའ་ཅན་རྣམ་པའི་དོན་ལ། སརྦ་ཐཱ། རྣམ་པ་ཐམས་ཅད་ཀྱིས་ཞེས་སོ། །གྲངས་ཀྱི་རྐྱེན། དྷཱ། དྭིདྷཱ། རྣམ་པ་གཉིས་སུ་བྱེད། ཡང་ན། དྭི་དྷམ྄། པ་ཊུ་ཛཱ་ཏཱི་ཡཱ། མཁས་པའི་རྣམ་པ་ཞེས། ཛཱ་ཏཱི་ཡར྄་རྐྱེན་ནོ། །ཕྱོགས་


MR11_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ལ། ཨསྟཱི་ཏི། ཏིའི་ཨི་ཕྱིས། པུ་རུ་སྟཱདྦ་ས་ཏི། ཤར་ཕྱོགས་སུ་གནས། འགར་རྐྱེན་འཇིག་ཀྱང་། དོན་དེ་བཞིན་གནས་སོ། །ཕྱོགས་དོན་ལ་རྐྱེན་གཞན་འཇུག་ཚུལ། ཐག་མི་རིང་བ་བརྗོད་པ་སོགས་ཀྱི་རྐྱེན། །སྔར་བྱུང་ལ་ཙར་ཊ྄་སོགས་སོ། །སྔར་བྱུང་ཁྱད་འཕགས་ལ་སྟེ། སུ་ཀུ་མཱ་ར་ཙ་རཿ ཤིན་ཏུ་གཞོན་པར་གྱུར་པ། སྔར་ཕྱུང་བའི་དོན་གྱི་རྐྱེན། ཤུ་བྷྲཱ་རཱུ་བྱཿ དཀར་མོའི་སྔར་བྱུང་བ། འདྲ་བ། ཚོགས་པ་བརྗོད་པའི་རྐྱེན།སྐབས་བཞི་པའི་རྐང་པ་བཞི་པ་འདིར། རྐྱེན་༣༥ཤས྄། བུན྄། སོགས་སོ། །བཀྲ་ཤིས་བྱ་འདོད་དཔྱད་པ་སྦྱིན་སོགས་སོ། །བསྡུ་བའི་མཐར་འཇུག་པའི་རྐྱེན་རྣམས་ཏེ་དེ་ལྟར་ལེའུ་དགུས་དེ་ཕན་གྱི་རྐྱེན་རྣམས་བཤད་ནས། ད་ནི།སྐབས་ལྔ་པ་དྲུག་པ་འདི་དག་གིས། སན྄། ཀྲྀཏ྄། ཏིང྄་། སུཔ྄། ཚིག་སྡུད། མོ་རྟགས་ཀྱི་རྐྱེན། དེ་ཕན་གྱི་རྐྱེན་རྣམས་དང་འབྲེལ་བའི་བྱ་བ་རྣམས་ཅི་རིགས་པར་སྟོན་པ་ལས། སྐབས་ལྔ་པའི་རྐང་པ་དང་པོ་འདིར། སན྄་སོགས་ཀྱི་བྱིངས་གཉིས་བརྗོད་པ་དང་། །སུཊ྄་ཨཱ་ག་མ་སྟེར་བར་བརྒྱད་སྟོན་ནོ། །འདིར་དབྱངས་ཀྱི་མཚམས་སྦྱོར། མཚམས་སྦྱོར་མི་ཐོབ་པ་སོགས་བཤད། །སྐབས་ལྔ་པའི་རྐང་པ་གཉིས་པ་འདིར། །ཚིག་སྡུད་ཀྱི་སྐབས་དོན་གཅིག་ཉིད་ལ་འོས་སྤྱིར་ཚིག་སྡུད་དོན་གཅིག་ལ་སུཔ྄་རྐྱེན་འཇིག་ཀྱང་། སྐབས་འགར་མི་འཇིག་པའི་དམིགས་བསལ། སྟོ་ཀ་ལ་སོགས་པ་རྣམས་ལ་ལྔ་པའི་འོ་ཞེས་སོགས་མདོ་བཅུ་བདུན་བཤད། ཚིག་སྔ་ཕྱི་ལ་ལྟོས་པའི་རྣམ་འགྱུར་འབྲེལ་


MR11_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཤད་པ་ལ། དང་དོན་གྱི་བསྡུ་བ་སོགས་བདུན་བཤད། སྐྱེས་པ་བཞིན་དུ་འགྱུར་མི་འགྱུར་དམིགས་བསལ། མཐའ་རིང་ཐུང་དུ་འགྱུར་ཚུལ་ཡི་གེ་བསྒྱུར་བ་དུ་མ། མུམ྄་ཨཱ་ག་མ་འཇུག་ཚུལ། ཡི་གེ་དབྱི་བ་དུ་མ། ཚིག་སྔ་ཕྱིའི་ཡི་གེ་བསྒྱུར་བ། པུ་ཏྲེ་ར་ས་ཧ། ཞེས་པ་བསྡུས། ས་ཧ་སྔོན། ས་ཧའི་ས་རུ་བསྒྱུར་རམ་མི་སྒྱུར། ས་པུ་ཏྲཿ ས་ཧ་པུ་ཏྲ། བུ་དང་བཅས་པའོ། །སྨིང་ཉུང་གི་ཀུ་ཀཱ་རུ་བསྒྱུར་བ་སོགས་མང་། པྲྀ་ཥོ་ད་ར་ལ་སོགས་པ་དང་།དང་པཱ་ཎི་པའི་འགྲེལ་པ་སོགས་སུ། ཧི་སི་འཚེ་བ་ལས། དབྱངས་དང་ཡི་གེ་གོ་བཟློག་པས། སི་ཧཿ ཧན་འཚེ་བ་ལས། དབྱངས་རྐྱེན། བྱིངས་རྐྱེན་བར་དུས་ཀ྄་ཨཱ་ག་མ་བཅུག་པས། ཧཾ་སཿ གྲུབ་པ་སོགས་ཀྱང་སྐབས་འདིའི་དཔེ་བརྗོད་དོ། །ཨུཧྣ། ཨ་ཧན྄་དུ་བསྒྱུར་བ། མཐའ་རིང་བ་སོགས་འགའ་འོ། །སྐབས་ལྔ་པའི་རྐང་པ་གསུམ་པ་འདིར། །ཏིང྄་སུཔ་ཀྱི་བྱ་བ་ཅི་རིགས་སྟོན། མཐའ་རིང་བ། རྐྱེན་གཞན་དུ་བསྒྱུར་བ། བྱིངས་གཞན་དུ་བསྒྱུར་བ། ཤཱ་སུ། ཤས྄་སུ་བསྒྱུར་བ་སོགས་མཐའ་དབྱི་བ་སོགས་བཤད། སྐབས་ལྔ་པའི་རྐང་པ་བཞི་པ་འདིར། རྐྱེན་གྱི་ཡི་གེ་བསྒྱུར་བ། བྱིངས་ཀྱི་རཱི་བསྒྱུར་བ་དང་ནུམ྄་ཨཱ་ག་མ་ལ་དཔྱད་པ། སུཔ྄་ལ་བརྟེན་པའི་རྣམ་འགྱུར། །ལཱིཊ་སོགས་བརྟེན་རྣམ་འགྱུར་བཞི་བཤད། སྐབས་དྲུག་པའི་རྐང་པ་༡འདིར། ཨཱ་ཏ་ཨཻ་ཙ྄འི་རྣམ་འགྱུར། ཉྙྲི་ཏ་ལ་བརྟེན་པའི་རྣམ་འགྱུར་སོགས་སོ། །སྐབས་དྲུག་པའི་རྐང་པ་༢འདིར། ཨཏ྄་ཨེཏ྄་དུ་འགྱུར་མི་འགྱུར་སྟོན་ནོ། །སྐབས་དྲུག་རྐང་༣འདིར། སུཔ྄་མཐའ་གཉིས་བརྗོད།


MR11_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་ཥྨད྄་ཨསྨད྄་ཀྱི་རྣམ་འགྱུར་འགའ། སྔ་མ་ལ་མ་གྲུབ་པ། མ་ཏུའི་རྣམ་འགྱུར་སོགས། ཨ་དས྄་རྣམ་འགྱུར། པཱུ་ཏ་ཐོབ་ཚུལ། ཁྱབ་འདོད་དང་ཡང་ཡང་ལ་ཚིག་གཉིས་བརྗོད། དེ་བཞིན་གཉིས་བརྗོད་དུ་མ་སོགས་དང་། པཱུ་ཏ་ཐོབ་ཚུལ་རྣམས་ཡོད། སྐབས་དྲུག་པའི་རྐང་པ་བཞི་པ་འདིར། གསལ་བྱེད་མཚམས་སྦྱོར་རྣམས་སྟོན་ཏེ། སུཊ྄་ཨཱ་ག་མ་ཕ་རོལ་ལ། སམ྄་གྱི་མ྄་ཤ྄རུ་འགྱུར། དེ་བཞིན་གཞན་འགྱུར་ཚུལ་འགའ།རྗེས་སུ་སྣ་ལྡན་དང་ང་རོ་འགྱུར་ཚུལ། འདི་ཡང་རྗེ་མ་ཧཱ་པཎྜི་ཏའི་ཕྱག་བྲིས་དངོས་ལས་བཤུས་པ་དགེའོ། །སརྦ་མངྒ་ལཾ།། །།


previousབརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་།next