Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
ནད་བརྒྱ་སྔགས་གཅིག་སྐོར།
   
   
   
   
   
   
   
   
   
   


 
previousནད་བརྒྱ་སྔགས་གཅིག་སྐོར།next

ནད་བརྒྱ་སྔགས་གཅིག་སྐོར།


MR11_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནད་བརྒྱ་སྔགས་གཅིག་སྐོར་བཞུགས་སོ། །


MR11_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ཆོག་རྡོ་རྗེའི་གོ་ཁྲབ་བཞུགས༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ རྒྱ་གར་མཁས་པ་པདྨ་འབྱུང་གནས་ཀྱིས༔ རྗེ་འབངས་དག་པའི་འཁོར་ལ་གདམས་ངག་གནང་༔ བཟླས་ཆོག་རྡོ་རྗེའི་གོ་ཁྲབ་ཟབ་མོ་འདི༔ གསང་བའི་གཏེར་གནས་རྣམས་སུ་རྒྱ་ཡིག་བཏབ༔ ལས་འཕྲོ་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཤོག༔ ལྔ་བརྒྱའི་དུས་ཀྱི་ཐ་མར་སླེབས་པའི་ཚེ༔ འགྲོ་བ་མི་རྣམས་སྡིག་སྤྱོད་བསོད་ནམས་ཟད༔ ཆར་ཆུ་མི་སྙོམས་འབྲས་བུ་དུས་མི་སྨིན༔དེ་དུས་སྤྱོད་ངན་མི་རུང་སྣ་ཚོགས་བྱེད༔ སྡེ་བརྒྱད་འབྱུང་པོ་འཁྲུག་ཅིང་གཟའ་ཀླུ་དར༔ སྔར་མེད་རིམས་ནད་མིང་མི་ཐོགས་པ་དང་༔ སྨན་པས་ངོ་མི་ཤེས་ཤིང་བཅོས་མི་ལེན༔ དེ་དུས་ནད་བརྒྱ་སྔགས་གཅིག་ཟབ་མོ་འདི༔ སྲིད་པ་གསུམ་ན་དཀོན་པའི་ཡིད་བཞིན་ནོར༔ གནོད་བྱེད་ཐམས་ཅད་ཐེམས་བུས་བཀག་དང་མཚུངས༔


MR11_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་རྫུན་ལག་ཏུ་ལོངས་ལ་ལྟོས་དང་གསལ༔ དཀོན་མོད་རྒྱལ་ཁམས་མི་ལ་དྲིས་དང་གསལ༔ རྒྱ་གར་རྒྱ་ནག་ཁ་ཆེ་ཨོ་རྒྱན་སོགས༔འཛམ་གླིང་ཉུལ་ཡང་འདི་འདྲ་རྙེད་མི་སྲིད༔ ཉི་ཟླའི་འོག་དང་ས་སྟེང་ཇི་སྙེད་དང༔ རྡོ་རྗེ་གདན་གྱི་དབུ་བྱས་འཛམ་གླིང་གི༔ མཁའ་འགྲོའི་གསང་མཛོད་ཐམས་ཅད་དཀྲུགས་བྱས་ཀྱང་༔ འདི་འདྲའི་གདམས་པ་གར་ཡང་ཡོད་མི་སྲིད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ཟབ་ཟབ༔ ཨཾ་ཐཾ༔ འདི་ལ་ལྷ་བསྒོམ་དམིགས་པའི་སྤྲོ་བསྡུ་མེད༔ བསྲུང་ཆ་གང་ཡང་མི་དགོས་འཇུག་པ་བདེ༔ སྟེང་འོག་བར་གདོན་ཀུན་གྱིས་མི་ཚུགས་པའི༔ རྡོ་རྗེའི་གོ་ཁྲབ་འདི་ལ་ཡི་དམ་བྱ༔ དང་པོར་ངག་བཅད་ཞག་བདུན་ཅི་ནུས་བགྲང་༔ ཐ་མ་ཞག་གསུམ་ཅི་ནུས་བཟླ་བ་གཅེས༔ བརྒྱ་རྩ་རེ་ལ་རྒྱུན་གྱི་ཡི་དམ་ཟུངས༔ གཞན་དོན་བྱེད་ན་ཁྲུས་དང་སྔགས་ཆུ་ཡིས༔ གསོས་


MR11_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་གང་ཡང་ཡོད་མ་ཡིན༔ དངོས་གཞི་མན་ངག་རྩ་བའི་སྔགས་འདིའོ༔ ཨོཾ་པདྨ་ཤ་བ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔སྔགས་ཐེམ་གྲངས་གྲོང་ཁྱེར་སུམ་ཅུ་ཐམ་པ་ལ༔ ན་རོ་ཀླད་ཀོར་གཅིག་དང་གི་གུ་བཞི༔ འགྲེང་བུ་གཅིག་དང་རིང་ཆ་བཞི་ཡིས་ཚང་༔ གཅེས་ཕྱིར་ལྷག་ཆད་བྱུང་དོགས་གྲངས་སུ་བཏབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔དམ་མེད་ལ་སྦས་རྒྱ༔ དེ་ལྟར་ཡོན་ཏན་བརྒྱ་ལྡན་གསང་བའི་སྔགས༔ འབྱུང་བ་ལྔ་སོགས་ཀྱང་ཡི་གཟའ་ནད་རིགས་གྱུར་དང་༔ འོག་གདོན་ས་བདག་ཀླུ་གཉན་ཐམས་ཅད་ལ༔ ཁྱད་པར་བསྔགས་ཤིང་དྲན་ཆོག་ཐེང་ཆོག་ཡིན༔ བཙན་དུག་སྦྱར་དུག་དུག་རིགས་ཡིན་ནོ་ཅོག༔ གག་པ་ལྷོག་པ་གཟེར་ཐུང་འགོ་བའི་ནད༔ ཕོ་ལྷོག་དམར་ཤལ་འབྲུམ་བུའི་རིགས་ཀུན་དང་༔ ཕོ་གླང་སྐྲན་དང་དམུ་ཆུ་མཛེ་ནད་དང་༔ ཤུ་བ་མེ་དབལ་བས་བལྡག་གཡེན་པ་དང་༔ རྨ་དང་འབྲས་དང་གཉན་དང་ཆུ་བུར་སྐྲངས༔ ལིང་ཐོག་ཤ་འཛེར་ཤུ་ཐོར་ལིང་རོ་སོགས༔ མིག་ནད་སྣ་ཚོགས་ནད་རིགས་སྣ་ཚོགས་ལ༔ སྔགས་ཆུ་བཏབ་པས་མི་སོས་གང་ཡང་མེད༔ ཀུན་ལ་བསྔགས་ཤིང་ཡོན་ཏན་བསམ་མི་ཁྱབ༔ ཕྱི་ཡི་ནད་རིམས་རིགས་སམ་གདུག་པ་ཐམས་ཅད་ལ༔ བསྔགས་འདི་བརྒྱབ་


MR11_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པས་མི་སོས་གང་ཡང་མེད༔ སོ་ཡི་ནད་སོགས་རུས་ནད་ཐམས་ཅད་ལ༔ ཚྭ་ཆུར་སྔགས་བཏབ་བྱིན་པས་མི་སོས་མེད༔ དེ་བཞིན་ཚད་པའི་ནད་རིགས་ཐམས་ཅད་ལ༔ གངས་ཀྱི་ཆུ་ལ་བཟླས་ནས་སྦྱིན་པར་བྱ༔ གྲང་བའི་ནད་རིགས་ཀུན་ལ་ཆང་ལ་བསྔགས༔ གློ་བུར་ནད་རིགས་ཐམས་ཅད་ཡུངས་ཀར་བསྔགས༔ སྔགས་བཟླས་ཟབ་པོ་རང་བཏབ་པས་མྱུར་དུ་གྲོལ་བར་ངེས༔ མི་གཙང་ནད་རིམས་རིགས་སམ་གྱུར་པ་ཐམས་ཅད་ལ༔ བུམ་ཆུར་བུལ་དོག་སྔགས་བཟླས་ནད་པ་བཀྲུ༔ དེ་དག་རྣམས་ཀྱིས་མི་སོས་གང་ཡང་མེད༔ འགོས་ནད་ཀུན་ལ་མི་ཕན་གང་ཡང་མེད༔ཡང་ནི་གཉན་འབུར་ཐམས་ཅད་འཇོམས་པ་ལ༔ བུར་རྒོད་གར་ཆང་བསྲེས་ལ་སྔགས་ཀྱིས་བརླབས༔ ལྟོ་སྟོངས་འཐུངས་པས་མཆོག་ཏུ་ཕན་པར་འགྱུར༔ དམུ་ཆུའི་ནད་ལ་ཚྭ་ཆུར་བསྔགས་པ་ཡིན༔ མི་རྟ་ཆུ་བསྡོམ་ཆུ་ནད་རིགས་རྣམས་ལ༔ སྦྲུལ་ཤ་དྲོད་སྨན་རྒྱ་ཚྭ་སྦྱར་བར་བསྔགས༔ ཆང་བསྐོལ་མར་ཁུ་བསྐོལ་བ་བཏབ་ལ་གཏོང་༔ ཆུ་ནད་འབམ་རིགས་གསུམ་ལ་ལ་ཁུར་བཟླས༔ མཁྲིས་ནད་ཀུན་ལ་འབྲས་ཐང་སྔགས་བཟླས་བརྟེན༔ སྨུག་པོ་ཁྲག་ནད་སྐྱུགས་ནད་བྱུང་བ་ལ༔ འབྲོང་གི་སྙིང་ཁྲག་སྲན་ཙམ་ཆུར་སྦྱངས་ནས༔ སྔགས་ཀྱི་


MR11_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་ལྡན་བཏུང་བས་མཆོག་ཏུ་ཕན༔ མཁན་པའི་རྩ་བ་ལོ་མར་སྔགས་བཟླས་ནས༔ སྣ་རུ་བརྫངས་པས་སྣ་ཁྲག་གཅོད་པར་བྱེད༔ མར་ཆང་ཆ་སྙོམས་གུར་གུམ་བཅས་ལ་བཟླས༔དངས་མ་དཀར་དམར་འཛག་པ་གཅོད་ལ་ཟབ༔ གཞན་ཡང་གཅིག་ཆོག་སྔགས་འདིའི་ནུས་པ་བསྟན༔ ལྷ་ཡི་བཀའ་ཆད་གཟའ་ཡི་གཟེར་བུ་ཐུབ༔ རྒྱལ་པོའི་ཆོ་འཕྲུལ་གཉན་གྱི་གདུག་རྩུབ་ཐུབ༔ ལྷོག་པ་དཀར་ནག་ས་བདག་གནོད་པ་ཐུབ༔ བཙན་གྱི་གདོན་དང་ལྷ་སྲིན་སྡེ་བརྒྱད་ཐུབ༔ མ་མོའི་དལ་ཡམས་དམུ་དང་མ་སང་ཐུབ༔ ཐེའུ་རང་སྲིས་རྐུན་བསྟན་མའི་གདོང་ཐུག་ཐུབ༔ སྔགས་པའི་རྦོད་ཟོར་སྤར་ཁ་དགྲ་གཤེད་ཐུབ༔ ལོ་འབྱུང་མི་མཐུན་སྨེ་བའི་བཞི་གཤེད་ཐུབ༔ ལྟས་ངན་བརྒྱད་ཅུ་གློ་བུར་བདུན་བརྒྱ་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་མ་ལུས་དང་༔ ནད་རིགས་བཞི་བརྒྱ་རྩ་བཞི་བགེགས་ཀྱི་རིགས༔ སྟོང་ཕྲག་བརྒྱད་ཅུའི་ཚོགས་བཅས་གནོད་པ་དངཿ མི་མཐུན་ཕྱོགས་ངན་གང་ཡང་འདི་ཡིས་ཐུབ༔ གཉན་སར་དཔང་བཙུགས་མནའ་ཡི་ཉེས་པ་དང་༔ ཕོ་འདྲེ་མོ་འདྲེ་མ་ལུས་ས་བདག་དང ༔ སྲོད་ཐོར་རྒྱུ་དུས་གཙུག་ལག་ངན་པ་སོགས༔ འདི་ཡིས་མི་ཐུབ་བྱ་བ་གང་ཡང་མེད༔ སྲ་མཁྲེགས་རྡོ་རྗེ་འབར་


MR11_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྲག་དང་མཚུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ མཐིང་ཤོག་དག་ལ་གསེར་གྱིས་དབུ་ཅན་བྲིས༔ རང་སྔགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔བསྲུང་བྱར་བཏགས་ན་ཁམས་གསུམ་སྔགས་པ་ཡིས༔ ཕུར་ཐོགས་ངན་སྔགས་མཐུ་ཡིས་ཚུགས་མི་སྲིད༔ འཆི་བ་མེད་པ་ཚངས་པའི་ཚེ་དང་ལྡན༔ གཞན་ཡང་ཡོན་ཏན་གོང་དང་འདྲ་བ་ཉིད༔སྲུང་བའི་མཆོག་གྱུར་རྡོ་རྗེའི་གོ་ཆ་ཡིན༔ ཟློག་པའི་མཐར་ཐུག་མཚོན་ཆའི་འཁོར་ལོ་ཡིན༔ སྔགས་བཟློག་ཡོངས་ཀྱི་མཐར་ཐུག་འདི་མེད་ན༔ གཞན་ལ་གདིང་འཆའ་སྙིང་མེད་བེམ་པོ་འདྲ༔ འདི་དང་ལྡན་ན་མི་དེ་རྡོ་རྗེའི་སྐུ༔ གནད་ཀྱི་མན་ངག་སྙིང་དང་མིག་འདྲ་བ༔ རང་ལ་ཅི་རི་གཅིག་ཆོག་འདི་ལ་རི༔ བསྒྲུབ་པའི་མཐུ་རྩལ་ནུས་པ་ཐོགས་མེད་འབྱུང་༔ ཤི་དུས་འཇའ་དང་རིང་བསྲེལ་གདུང་རྣམས་འབྱུང་༔ ཕྱི་མ་ཨོ་རྒྱན་མཁའ་སྤྱོད་ཞིང་དུ་སྐྱེ༔ བཀའ་བསྒྲུབ་དགྱེས་པའི་ཡོན་གྱིས་མི་བསླུ་བར༔ ཁ་གསག་སྟོང་ཞུས་ཅན་ལ་ཨ་ཐཾ་རྒྱ༔ སྡིག་ཅན་དམ་ཉམས་ལག་འགྲིམ་ཀུན་ལ་སྤེལ༔ ཚེ་འདིར་མཁའ་འགྲོ་ཆོས་སྐྱོང་བཀའ་ཆད་འོང་༔ ཤི་ནས་རྡོ་རྗེ་དམྱལ་བར་སྐྱེས་ཏ་རེ༔ འདི་སྤྱོད་འགྲོ་ལ་བྱམས་དང་སྙིང་རྗེར་ལྡན༔ བླ་མ་ལ་གུས་ཡང་དག་སྲི་ཞུ་བསྐྱེད༔


MR11_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པར་ཡིད་གཉིས་ཐེ་ཚོམ་སེལ་མི་གཞུག༔ བློ་གཏད་ཐུབ་པའི་བུ་ལ་བཀའ་རྒྱས་ཐོབ༔ ཕྲིན་ལས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ བཛྲ་ས་མ་ཡཱ༔ གུ་ཧྱ༔ མནྟྲ་ཨྀ་ཐི༔ བཛྲ་ས་མ་ཡཱ༔རྒྱ་རྒྱ་རྒྱ༔ སྔགས་སྨྱོན་དཔའ་བོ་ལས་རབ་རྩལ་གྱིས་དག་པར་བྲིས་པ་དགེའོ༔ ཞེས་པ་འདི་ནི་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གཏེར་ཁ་ནས་བྱུང་བ་ལགས་ཏེ།གཞན་རྡོ་རྗེ་གླིང་པ་སོགས་ཀྱི་གཏེར་ཁ་དུ་མ་ནས་བྱུང་བ་རྣམས་ཚིག་མང་ཉུང་ཅི་རིགས་འདུག་ཀྱང་དོན་གཅིག་པར་བྱོན་པ་ལས། འདིར་ལས་རབ་རྩལ་གྱི་གཏེར་མ་འདི་ཚིག་དོན་ལེགས་འདུས་སུ་བཞུགས་པས་དེ་ཉིད་གཙང་མར་བཀོད་པའོ། །གཏེར་སྟོན་དེའི་ཞལ་ཤེས་ལས། སྟེང་གདོན་ལ་ཕྱག་རྡོར། རྒྱལ་བསེན་ལ་གུར་དྲག དུག་ལ་རྨ་བྱ་ཆེན་མོ། ནད་གདོན་སྤྱིར་སྨན་བླར་རང་ཉིད་གསལ་བའི་སྐུ་ལས་བདུད་རྩི་བབ་སྔགས་ཆུ་ནུས་ལྡན་དུ་གྱུར་པར་དམིགས་ཞེས་གསུངས། གཞན་ཡང་རྡོར་གླིང་གི་གཏེར་ཁར་སྔགས་འདི་ཡི་ལས་ཚོགས་རྟོགས་པ་བསྐྱེད་པ་དང་། ནོར་སྒྲུབ་པ་སོགས་མང་པོ་ཡོད་པ་རིན་ཆེན་གཏེར་མཛོད་དུ་ཡང་བཞུགས་པ་ལགས་སོ། །མངྒ་ལཾ། ༈ །ནད་རིམས་ཀུན་ཐུབ་སྔགས་རྒོད་ཟབ་མོ་བཞུགས༔ གུ་རུ་རྡོ་རྗེ་


MR11_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྔགས་ཟབ་མོ་འདི་བལ་པོའི་གཏེར་སྟོན་བཛྲ་མ་ཏིས་ཐུགས་སྒྲུབ་ཀྱི་ལས་ཚོགས་ལས་བྱུང་བ་དང་། གཞན་ཡང་གཏེར་ཁ་གསར་རྙིང་དུ་མར་ནད་རིམས་སྲུང་བའི་སྔགས་ཟབ་ཤོས་སུ་ཡང་ཡང་བྱུང་བ་དང་། དུས་ཕྱིས་དཔའ་བོ་ལས་རབ་རྩལ་གྱི་གཏེར་ཁར་བྲམ་ཟེའི་སྔགས་རྒོད་གུ་ལང་མན་ངག་ཅེས་སྔགས་འདི་ཉིད་ཕན་ཡོན་བཅས་བྱུང་བ་རྣམས་དོན་གྱི་དགོངས་པ་གཅིག་དང་དབྱངས་གཅིག་ལྟ་བུར་གྱུར་པས་དེ་དག་གི་གནད་དྲིལ་ཏེ་བསྟན་ན། དུས་སྙིགས་མར་སྐྱེ་བོ་རྣམས་ཀྱི་ལོག་སྤྱོད་སྣ་ཚོགས་ལ་བརྟེན་ནས་སྡེ་བརྒྱད་མ་མོ་འཁྲུག་པའི་རྐྱེན་ལས་ནད་རིམས་གསོ་གླག་མེད་པ་སྣ་ཚོགས་འབྱུང་སྟེ་གཉན་པབ་ཏ་སོགས་བར་སྣང་ནས་འཇའ་ལྟ་བུར་སེམས་ཅན་གྱི་སྣ་སྒོ་སོགས་ནས་ལུས་ལ་ཞུགས་པས། མགོ་ལ་ཀླད་གཟེར་རྒྱུངས་པར་འཛུམ་བུ་ལྟག་དགྱེ། སྙིང་ལ་ནག་པོ་རྒྱུག་འགྱེལ་སོགས་མིང་གི་རྣམ་པ་དང་ན་ལུགས་ཐ་དད་པ་དུ་མ་འབྱུང་སྟེ། མཁྲིས་པ་རྩར་རྒྱུག་དང་། གཉན་པརྤ་ཏ་དང་། ནག་པོ་སུམ་སྒྲིལ་དང་། རིམས་སྨྱོན་ཏྲེ་ཏྲེ་ཧོ་དང་། རྒྱུག་འགྱེལ་ནག་པོ་སོགས་སུ་གྲགས་པ་དེས་མི་རྣམས་ཁ་བཏགས་པར་བྱེད་པའི་དུས་སུ་པདྨའི་བརྒྱུད་འཛིན་སྦས་པའི་ཚུལ་ཅན་


MR11_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ལ་ནད་ཡམས་ཀྱིས་མི་ཚུགས་ཤིང་སེམས་ཅན་གཞན་གྱི་སྲོག་སྐྱོབ་བར་བྱེད་དོ། །དེ་ལྟ་བུའི་དུས་སུ་ནད་རིམས་དྲག་པོ་མཐའ་དག་སྲུང་བ་དང་གསོ་བའི་སྔགས་ཀྱི་རྒྱལ་པོ་འདི་ལ་འབད་པར་བྱའོ། །སྔགས་དེ་གང་ཞེ་ན། ཨོཾ་བྷེ་ཧུ་ན་ཁེ༔ ཙ་ན་དུ་ཧེ་ཧུ༔ བྷི་ཤ་མ་ཧ་རི་ཧོཾ༔ ཏྲི་ན་དུ་ཁེ༔ བྷེ་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ འཇིག་རྟེན་ཁམས་སུ་འབྱུང་བར་དཀོན་པའི་སྔགས་ཀྱི་རྒྱལ་པོ་འདི་ཡི་ཐེམ་ཡིག་ལ། གྲོང་ཁྱེར་དྲུག་གི་དང་པོ་ལ་འབྲུ་ལྔ་ཡོད། དེ་ནས་ལྔ། དེ་རྗེས་ལ་དྲུག ཡང་བཞི། ཡང་བཞི། ཡང་ལྔའོ། །དང་པོའི་འབྲུ་ལྔ་ལ་སྟེང་དུ་ན་རོ་ཀླད་ཀོར་དང་བཅས་པ་གཅིག འགྲེང་བུ་གཉིས་ཞབས་ཀྱུ་གཅིག་ཡོད། གཉིས་པ་ལ་ཞབས་ཀྱུ་གཉིས་འགྲེང་བུ་གཅིག་ཡོད། གསུམ་པ་ལ་གི་གུ་གཉིས་ན་རོ་གཅིག་ཀླད་ཀོར་དང་བཅས་པ་ཡོད། བཞི་པ་ལ་གི་གུ་གཅིག་ར་རྟ་གཅིག་ཞབས་ཀྱུ་གཅིག་འགྲེང་བུ་གཅིག་ཡོད། ལྔ་པ་ལ་འགྲེང་བུ་གཉིས་ཡོད། དྲུག་པ་ལ་གི་གུ་གཅིག་ཡོད། སྔགས་འབྲུ་ཉེར་བདུན་གྱི་མཇུག་ན་སྭཱ་ཧཱ་དང་བཅས་པ་ཡོད་པ་སྔགས་ཀྱི་དག་ཡིག་གོ། སྔགས་བཟླ་དུས་ཀྱི་ཏིང་འཛིན་ནི། རང་ཉིད་སྐད་གཅིག་དྲན་རྫོགས་སུ། །གུ་རུ་དྲག་པོ་མཐིང་ནག་སྐུ། །གཡས་པས་རྡོ་རྗེ་གཡོན་ཐོད་ཁྲག །ཆིབས་སུ་ཕག་རྒོད་ཁམས་ནག་ཆིབས།


MR11_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནས་དྲག་སྔགས་མེ་སྟག་འཕྲོ། །རང་སྤྲུལ་ཕག་རྒོད་དཔག་མེད་འཕྲོས། །ནད་གདོན་ཧུར་ཐུམ་ཟོས་པར་བསམ། །དྲག་སྔགས་མེ་འོད་མགར་གྱི་ནི། །ཚ་ཚ་ལྟར་འཕྲོས་ནད་གདོན་བསྲེགས། །མ་ཡེངས་དམིགས་ལ་སྔགས་བཟླའོ། །གཞན་ཡང་ནད་གདོན་སྤྱི་ལ་གུར་དྲག་མེ་འབར་ཕག་ནག་ཞོན་པ། དུག་ལ་རྨ་བྱ་ཆེན་མོ། འགོ་ནད་ལ་དུག་རི་མེ་འབར། ཚད་ནད་ལ་སངས་རྒྱས་སྨན་པའི་རྒྱལ་པོར་བསྒོམ། བདག་སྲུང་ན་ལྷ་དེའི་འོད་ཟེར་གྱིས་ནད་བཅོམ་པར་དམིགས། གཞན་གསོ་ན་སྐུ་ལས་བདུད་རྩི་བབ་པས་ནད་སོས་པར་བསམ། རང་ལ་ནད་སྔ་ནས་ཞུགས་པ་གསོ་ན། མདུན་གྱི་ནམ་མཁར་སློབ་དཔོན་པདྨ་བསྒོམས་ལ་རང་གི་རྣམ་ཤེས་དེའི་ཐུགས་ཀར་འཕོས། པདྨའི་སྐུ་ལས་སྤྲུལ་པའི་ཕག་རྒོད་དཔག་མེད་ཀྱིས། རང་ལུས་དབང་པོའི་སྒོ་ནས་ཞུགས་ཏེ་ལུས་ཀྱི་ནད་གདོན་ཐམས་ཅད་ཟོས་པར་བསྒོམས་ལ་སྔགས་མཐར་གུར་དྲག་རང་ལུས་ལ་ཐིམ་པས་རང་ཉིད་གུ་རུ་དྲག་པོའི་སྐུར་གྱུར་པར་བསམ། དེ་ལྟར་སྨྲ་བཅད་གྲ་ཟུར་མ་ཉམས་པར་སྔགས་འདི་མང་དུ་བཟླས་ན་བྱིན་རླབས་ཁྱད་པར་ཆེ་བས་འབུམ་བཟླས་པས་གོང་བསྙེན་རྫོགས། བསྙེན་པ་མེད་ཀྱང་ཕྲལ་དུ་བཟླས་པའི་ཡོན་ཏན་གྱིས་ནད་གདོན་འཇོམས་པར་ཐེ་ཚོམ་


MR11_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མེད། སྔགས་འདི་བློ་ལ་ཡོད་ན་འགོས་རིམས་མི་བཟད་པས་ཉེན་པའི་ནད་གཡོག་བྱས་ཀྱང་རང་ལ་མི་ཚུགས་ཏེ་ངེས་པར་སྲུང་ཐུབ་བོ། །གཞན་ལ་སྔགས་ཆུ་ཁོང་དུ་བཏང་བས་ཆོག །སྔགས་འདི་བཟླས་པའི་ཕན་ཡོན་ནི། རིམས་ནད་སྟོད་གཟེར་ཀླད་རྒྱ་འཆོལ་བ། ཚད་པ་གཟེར་ཆེན་གཟེར་ཐུང་། རྒྱ་བལ་གྱི་ཚད་ནད། རྒྱས་ཚད་ཀླད་ཚད་སོགས་ཀྱི་རིགས་དང་། མགོ་མིག་སྟོད་ནད་ཐམས་ཅད་དང་། རྒྱུ་གཟེར་དམར་བཤལ་སོགས་བཤལ་སྐྱུག་གི་ནད་འབྲུམ་ནག་འབྲུམ་དཀར་སོགས་ཤུ་བ་ཅན་གྱི་ནད་རིགས། གག་ལྷོག་གཉན་གཟེར་སྐྲངས་རིགས། གཉན་ནད་ནག་པོ་རྒྱུག་འགྱེལ་ཏྲེ་ཏྲེ་ཧོ། སྲིན་པཪྦ་ཏ་ཁོང་ལྷོག །འཛུམ་བུ་ལྟག་དགྱེ། ཉ་ལོག་ཕོ་ལོག་ཚ་བ་སོགས་རིམས་ངན་གྱི་རིགས་ཐམས་ཅད་དང་། གཞན་ཡང་འབྲས་དང་སྐྲན་དང་། སྐྲངས་པ་དང་། མེས་ཚིག་པ་དང་། མེ་དབལ། ཁྲག་གི་ནད་སོགས་ཚ་བ་དང་བཅས་པ་དང་། སྲིན་བུ་ཡ་མ་དཀར་ནག སོ་ནད་གླང་ཐབས་མིག་གི་ལིང་ཐོག་སོགས་ཟུག་གཟེར་ཅན་གྱི་རིགས་དང་། རྟས་བརྡབས་པ། གཡང་ལ་ལྷུང་བ་སོགས་ཀྱིས་རུས་པ་ཆག་པ་ཚིག་འཁྲོལ་བ་སོགས་ལུས་ཞོམ་པ་དང་། རྨ་ཡི་རིགས་ཐམས་ཅད་དང་། ས་བདག་ཀླུ་གཉན་སོགས་གདོན་ཐམས་


MR11_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འཇོམས། ཕྱུགས་ནད་གློ་གོར་ཧོན་དང་གག་ལྷོག་སོགས། མདོར་ན་རྟ་ནད་ལུག་ནད་ར་ནད་ཁྱི་ནད་དང་། ཁྱད་པར་ཁྱི་ལ་གནམ་གཟེར་ཕོག་པ་དང་། ཁྱི་སྨྱོན་གྱི་དུག་སོགས་ཐམས་ཅད་འཇོམས། མདོར་ན་ནད་རིགས་མཐའ་དག་འཇོམས་ཏེ། ཁྱད་པར་དུ་ཚད་པའི་ནད་ཀྱི་རིགས་སུ་གཏོགས་པ་ཀུན་ལ་བསྔགས། སྔགས་ཆུ་བར་མ་ཆད་པར་བསྟེན་པས་ཚད་མགོ་ཆོག་ནས་བཟའ་བཏུང་འཛེམ་མི་དགོས་པས་བཅུད་ཟས་ཀྱིས་ལུས་ཟུངས་གསོ་བར་བྱ། སྦྲུམ་དང་། རླུང་དང་གྲང་ནད་ཤུགས་ཆེ་བར་སྔགས་འདི་མང་དུ་མི་བཏབ། སྔགས་འདི་ཉིད་ཁྱད་པར་དུག་ནད་ཀྱི་གཉེན་པོ་སླེབ་ཆོག་མཆོག་ཏུ་གྱུར་པ་ཡིན། སྔགས་འདི་ལ་བསྙེན་གྲངས་ཇི་ཙམ་འཐེམ་པ་བཞིན་ནུས་པ་ཇེ་ཆེར་འགྲོ། ཡུལ་དུ་ནད་ཡམས་ཆེན་པོ་བྱུང་དུས་འདི་ཉིད་ཟབ་པ་ཡིན། ནད་ཀྱི་དཔུང་གཞི་ལ་ཞིང་གདོན་གྱི་དཔུང་བཟློག་པའི་ཕྱིར་སྔགས་འདི་དར་ལྕོག་ལ་བྲིས་ཏེ་རི་རྩེར་ཕྱར། གྲོང་སོགས་སུ་ཐོ་བརྩིགས་ཏེ་དེར་སྔགས་བྲིས་ནས་གཟུགས་ན་ནད་རིམས་འཇོམས་ཤིང་ཚེ་དཔལ་སྐྱེད་པར་བྱེད་དོ། །སྔགས་འདི་བཟླས་ནས་སྔགས་ཆུ་བྱེད་པའི་ཚེ་སྔགས་བཏབ་པའི་ཆུ་ལ་ཆུ་གཞན་སྔགས་ཀྱིས་མ་བཏབ་པ་རྒོད་བླུགས་བྱས་ན་ནུས་པ་ཅུང་ཉམས་པས། དང་པོར་སྣོད་གཙང་མར་


MR11_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དེ་བླུགས་ལ་དེ་ནང་སྔགས་ཆུ་ཐིགས་གཅིག་བླུགས་པས་དེ་ཐམས་ཅད་སྔགས་ཆུར་འགྱུར་རོ། །ནད་ཚབས་ཆེ་ན་ཡང་སྔགས་མང་དུ་བཏབ་པ་ཁོ་ནས་འཚོ་ནུས་ཀྱི་སྨན་ལ་མི་ལྟོས་སོ། །དེས་ན་བདུད་རྩི་མར་ཁུ་དང་། གླ་རྩི་དང་སྔགས་ཆུ་གསུམ་ཙམ་ལས་སྨན་གཞན་མི་བཏང་ངོ་། །དེ་ལྟར་ཡིད་ཆེས་པ་དམ་ཚིག་ཡིན། ཡང་རིམས་སྲུང་འདིའི་རྫས། སྟེང་གི་བྱ་རྒོད། སའི་ཕག་རྒོད། རྟུག་ཏེལ་སྦྲེ་ཅན། གླ་ནག་རྩི་དང་{བྱ་རྒོད་ཕག་རྒོད་ཏེ་ལོ་གསུམ་གྱི་ཤ་དང་གླ་ནག་གི་རྩི་བཞི་ཞིབ་བཏགས་རྫས་སོ།}བཞི་པོ་ལ་སྔགས་འབུམ་བཏབ་པའི་རྫས་བུང་འཆང་ཞིང་བསྣུམ་པའམ་བདུག་པ་སོགས་ཀྱིས་རང་གཞན་ཀུན་བདུན་དྲུག་ཏྲེ་ཏྲེ་ཧོ་སོགས། མ་རུང་བའི་ནད་གདོན་ཀུན་ལས་སྐྱོབ་པར་ངེས་སོ། །སྔགས་ཆུར་བ ཏབ་པས་ལུས་རྔུ ལ་བ་དང་ཁོང་བ་འཁྲོག་པ་འཁྲུ་བ་བྱུང་ན་ཕན་རྟགས་སོ། །དེ་ལྟར་མ་བྱུང་ཡང་སྔགས་བུང་བསྐྱེད་དེ་བཏབ་པའི་སྔགས་ཆུ་བཏང་བས་གོང་སྨྲོས་ནད་ཀུན་འཚོ། མི་ཡིན་ན་གོས་དྲོ་བར་བྱས་ཏེ་ཉལ་བའམ་འདུག་པར་བྱ། ཞལ་གདམས་ལུགས་གཅིག་ལ་བདུད་རྩི་མར་ཁུ་དང་གླ་རྩི་ལ་བཏབ་ནས་བཏང་ན་ནད་ཀུན་སྲུང་། བདུད་རྩི་མར་ཁུ་དངོས་མ་འཛོམས་ན་བླ་མ་གྲུབ་ཐོབ་ཀྱི་དྲི་ཆེན་གྱིས་ཀྱང་རུང་ངོ་། །རིམས་རྒོད་ཏྲེ་ཏྲེ་ཧོ་ཞེས་པ་དེ་མི་ཕྱུགས་གང་ལ་ཕོག་ཀྱང་


MR11_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ནད་བབ་པའི་གནས་དོན་ལྔ་སྣོད་དྲུག་ཀླད་པ་རྒྱུངས་པ་ཉ་རྣམས་གང་ལ་བབ་ཀྱང་དེ་དག་ལ་ཕན་པའི་སྨན་སུམ་ཆ་གཅིག་དང་། མ་གི་ཏ་ཐུན་གཉིས་བཅས་ཕུར་མང་ནག་པོ་མེ་ཏོག་སེར་པོ་ཡོད་པའི་ཁུ་བ་ལ་རྟ་བྱས་ཏེ་བཏང་། ཕུར་མང་གསུམ་ཆ་གཉིས་བྱས་ནས་བཏང་ན་ཡང་ཤིན་ཏུ་ཕན་ནོ། །གར་བབ་གནས་ཀྱི་དབང་གིས་ཕན་པའི་སྨན་གོང་སྨྲོས་དེ་གང་ཞེ་ན།གློ་བར་ཕོག་ན་ཆུ་གང་། སྙིང་ལ་སྙིང་ཞོ་ཤ། །སྲོག་རྩར་ཕུར་མང་མེ་ཏོག་སེར་པོ། མཆིན་པར་ཁ་ཆེ་གུར་གུམ་མམ་བྲག་ཞུན། མཁྲིས་པར་གི་ཝཾ། ཕོ་བར་པི་ལིང་། རྒྱུ་དཀར་ལ་ལྒ་སྐྱ། རྒྱུ་ནག་ལ་མ་རུ་རྩེ། ཉྭ་ལོག་ལ་མིའི་དྲི་ཆུ་བར་བ། ཀླད་པ་ལ་གླ་བའི་རྐང་། རྒྱུངས་པ་ལ་བྱ་རྒོད་སྤོས། མཚེར་ཀ་ཀོ་ལ་པ་དང་མཁལ་མ་སུག་སྨེལ་རྣམས་ལ་ཡང་དེ་དེའི་སྨན་དང་བསྡེབས་པར་བཏང་བར་བྱའོ།ཤིན་ཏུ་ཟབ་པའི་གདམས་པ་སྐྱེ་འགྲོའི་སྲོག་གི་མཐུད་མ་མ་འོངས་ལས་ཅན་ལ་གཏད་རྒྱ་མཛད་པའི་གཏེར་གྱི་མན་ངག་གོ། དེ་ཡང་སྙིགས་དུས་སུ་ཡུལ་ཁམས་ལ་ནད་ཡམས་ཆེན་པོ་འབྱུང་བའི་ནད་བདག་གཟའ་ཀླུ་མ་མོ་གསུམ་གྱིས་རྩ་འབྱེད་པས་དྲག་པོས་བརྡུངས་ན་ཐུ་རུ་འགྲོ་བས། གཟའ་དང་མ་མོའི་མདོས། ཀླུ་ཡི་གདོན་གྲོལ་སླེབ་ཆོག་གྲིབ་མདོས་བྱ་


MR11_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དེའི་རྒྱབ་ཆོས་སུ་བཀའ་སྒྲོགས་པ་སོགས་དཀར་ཆོས་ཅི་འགྲུབ་དང་། གཞན་ཡང་བསང་མདོས་གླུད་སོགས་ཞི་བའི་ཆོ་གར་འབད་ན་ནད་རིམས་ཞི་བར་ཐེ་ཚོམ་མེད། དུས་ངན་ཐ་མར་མི་འདོད་སྣ་ཚོགས་དང་། ཁྱད་པར་དུ་རུ་ཀ་ལྔ་འབྱུང་སྟེ། དམག་གི་དུ་རུ་ཀ །དེ་བཞིན་མཚོན། མུ་གེ ནད། དུག་གི་དུ་རུ་ཀ་ལྔ་འབྱུང་ཞིང་། རྒྱལ་ཁམས་ནད་ཀྱིས་བཟུང་། ཆེ་བཙུན་དུག་གིས་གསོད་པའི་དུས་སུ་དེ་རྣམས་སྐྱབས་པའི་གདམས་པ་ལྔ་ཐུགས་སྒྲུབ་ཟབ་མོའི་ཆ་རྐྱེན་དུ་གདམས་པ་དེ་དག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བལ་ཡུལ་གྱི་བྲག་ཧོམ་ཁུང་འདྲ་བའི་ནང་དུ་གཏེར་དུ་སྦས་ནས། བདུད་ནག་པོ་བཀྲག་མེད་དང་མ་མོ་ཨེ་ཀ་ཛཱ་ཊི་དང་རེ་མ་ཏི་གསུམ་ལ་གཏེར་བདག་ཏུ་བཅོལ་བ། གཏེར་སྟོན་བཛྲ་མ་ཏིས་གཏེར་ནས་གདན་དྲངས་པའི་རིམས་སྔགས་འདི་ཉིད་གསེར་སྲང་བརྒྱ་ཡི་བཀའ་རྒྱ་དང་བཅས་ཏེ་གུང་ཐང་ཀུ་མཱ་ར་ལ་གཏད་ནས་རིམ་པར་བརྒྱུད་པ་ལགས་སོ། །ཡང་ཁྱི་ནག་སྤུ་དང་། ར་བལ། བུད་མེད་སྟག་ལོ་མའི་སྐྲ་གསུམ་གྱི་སྲུང་སྐུད་ལ་མདུད་པ་གཅིག་བྱས་ནས། ཨོཾ་ནིར་སེང་ཡེར་རྦད༔ ཐིམ་ཐར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་བྷེ་ཧུ་སོགས་གོང་ལྟར་དང་། ཨོཾ་རྩེའུ་ལྷང་ལྷང་༔ ཆུང་ཆུང་༔


MR11_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྔུབ་རྔུབ༔ རྩ་དུར་སྡོམ་སྭཱ་ཧཱ། ཞེས་བཟླས་ཏེ་བཏབ་པ་འཆང་བས་ཀྱང་རིམས་སྲུང་བ་བླ་མ་གོང་མའི་ཞལ་རྒྱུན་ནོ། །ཨེ་མ་འདི་ནི་རྡོ་རྗེ་སྲུང་བའི་རྫོངས། །མི་བཟད་ནད་སེལ་བདུད་རྩིའི་ཆུ་རྒྱུན་ཆེ། །སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་གིས། །བརྩེ་བས་གདམས་པ་འདི་འདྲ་ངོ་མཚར་ཆེ། སྙིགས་དུས་ནད་རིམས་དྲག་པོའི་མེ་འབར་ཚེ། །ཉམ་ང་མེད་པའི་རིགས་སྔགས་འདི་ལྟ་བུ། །རིན་ཆེན་གསེར་གྱི་བང་མཛོད་ཆེན་པོ་ལས། །ལྷག་པར་གཅེས་སྤྲས་བགྱིད་འོས་མ་ཡིན་ནམ། །འདི་ནི་གཏེར་ཁ་རྣམས་སུ་འབྱུང་བའི་དོན་ཕྱོགས་གཅིག་གསལ་པོར་མི་ཕམ་འཇམ་དཔལ་དགྱེས་པས་ཤིང་འབྲུག་དབོ་ཟླའི་རྒྱལ་བ་དང་པོར་བསྡེབས་པས་གཞན་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག མངྒ་ལཾ། །སྔགས་འདི་ལ་འདྲ་མིན་འདུག་ཀྱང་འདི་ཉིད་དག་པར་ཟུངས་ཤིག། དགེའོ། ༈ །རྡོར་གླིང་གཏེར་ཁ་ཆ་གཉིས། ཀཿཐོག་སི་ཏུའི་ཞབས་དང་། ནོར་གླིང་སྦྲུལ་མདུན་རིན་གཏེར་ལུང་ཐོབ། ༈ །བྲམ་ཟེའི་སྔགས་རྒོད་བདུད་རྩིའི་ཐིགས་པ་བཞུགས་སོ།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནད་བཞི་བརྒྱ་རྩ་བཞིའི་སྔགས་ཟབ་མོ་འཇིག་རྟེན་ཁམས་ན་དཀོན་པ་ནི། བྲམ་ཟེའི་སྔགས་རྒོད་ཐང་ཆུང་འདི། །ཡིག་འབྲུ་བཞི་བཅུ་ཞེ་གཅིག་གིས། །ནད་


MR11_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་ལུས་སེལ་བ་ཡིན། །ཞེས་གསུངས་པའི་སྔགས་ནི། ཨོཾ་ཐིབས་སོ་ཐིབས་སོ་བྷྲ་ཝ་ཐིབས་སོ། །རྒྱུད་ན་རྒྱུད་ན་ཤེལ་ལ་རྒྱུད་ན། གྲམ་ན་གྲམ་ན་ཤེལ་ལ་གྲམ་ན། ཤིགས་སོ་ཤིགས་སོ་ཚིལ་ལོ་ཚིལ་ལོ་ཐེད་ཐེད་ཞི་བར་གྱུར་ཅིག་སྭཱ་ཧཱ། ཞེས་པ་སྟེ། དང་པོར་གནས་གཙང་དབེན་པར་མཎྜལ་པད་འདབ་བཞི་ཡི་མདའ་ལ་དར་དམར་བཏག་པ་ནས་བྲེ་གང་གི་སྟེང་དུ་བཙུགས་པ་རྟེན་དུ་བཟུང་། བུམ་པ་གཅིག་བཅའ། དཀར་གཏོར་འབུལ། མཚམས་བཅད། སྐྱབས་སེམས་བྱ། མི་རྟོག་པ་བསྒོམ། སེམས་ཅན་སྤྱི་དང་ནད་པ་རྣམས་ལ་སྙིང་རྗེ་ཆེན་པོའི་ངང་ལས། ཡི་གེ་རཾ་དམར་པོ་མདུན་གྱི་བར་སྣང་ལ་བསམས་ཏེ་རྃ་ཞེས་ངག་ཏུ་བརྗོད་པས་རང་ལ་ཐིམ་པས་སྐད་ཅིག་གིས་རང་བྲམ་ཟེ་སྐུ་མདོག་ནག་པོ། སྣ་ཆེ་ལ་ཟོར་མཐོ་བ། མིག་གྲུ་གསུམ་དམར་ལ་ཟབ་པ་བསྒྲད་པ། སྨ་ར་དང་ཨག་ཚོམ་སེར་པོ་བྲང་གི་རྒྱ་མདོར་སླེབས་པ། གཅེར་བུ་དབུ་སྐྲ་དམར་སེར་མེ་ལྟར་འབར་བ་གྱེན་དུ་བརྫེས་པ། ཤ་སྐམ་ཞིང་ཁྲོ་གཉེར་ཅན། གཡས་མིའི་ཐོད། གཡོན་སྡིགས་མཛུབ་ཀྱིས་མེ་ཡི་ཞགས་པ་བསྣམས་པ། ཞལ་དང་སྐུ་ལས་མེ་ཡི་ཚ་ཚ་འཕྲོ་བ༑ མེ་དཔུང་འབར་བའི་ནང་ན་བཞུགས་པའི་ཞལ་ནས་མེ་འོད་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་


MR11_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པར་བསམས་ལ་སྔགས་འབུམ་ཕྲག་གཅིག་སོགས་ཇི་འགྲུབ་བཟླའོ། །སྔགས་བཟླ་དུས་ཁྲག་དང་མཚེར་པ་ལྒོག་པ་མི་བཟའ། སྨྲ་བཅད་བྱ་མོ་རིགས་ལ་འཛེམ། ནད་པ་གཙང་སྦྲ་བྱས་ནས་གདབ། ལས་སྦྱོར་དུས་སུའང་ནད་བབ་ཆེ་ན་མཚམས་བཅད་ནས་མང་དུ་བཟླ། སྔགས་འདེབས་ཁར་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བདག་གི་ངག་བྱིན་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ཡང་སྔགས་འདི་བཻ་རོ་ཙ་ནས་རྒྱ་ནག་ནས་བསྒྱུར་བ་དང་། བྲམ་ཟེ་མཆོག་སྲེད་ཀྱི་གདམས་པ་ཇོ་བོ་རྗེ་ཨ་ཏི་ཤའི་རྒྱ་དཔེ་ལས་བྱུང་བ་དང་།གཏེར་སྟོན་ཆེན་པོ་སངས་རྒྱས་གླིང་པའི་དགོངས་འདུས་ཐེམ་མེད་ཀྱི་སྔགས་ལས་ཀྱང་བྱུང་བ་ཡིན་ལ། བདུད་རྩི་སྙིང་པོའི་ཆ་ལག་ཕན་བྱའི་སྔགས་འབུམ་དཀར་པོ་ལས། ཨོཾ་ཨུ་ཤ་ནག་པོ་གྱིམ། སོད་སོད་ཆོད་ཆོད་དུལ་དུལ་ནན་ནན། ཞེས་པ་འདི་གོང་གི་སྔགས་ཀྱི་མགོ་ལ་བཏགས་ནས་སུམ་འབུམ་བཟླ། ཨོཾ་ཐིབས་སོ་མན་ཆད་ཀྱི་ཡིག་འབྲུ་ཞེ་གཅིག་པ་དྲུག་འབུམ་བཟླས་པས་གོང་བསྙེན་ལེགས་པར་ཐེམ་པར་གསུངས། དགོངས་འདུས་ཐེམ་མེད་སྐོར་ལས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཨོ་རྒྱན་པདྨ་འབྱུང་གནས་གནམ་ལྕགས་ཀྱི་བྲམ་ཟེ་ཆེན་པོ་དྲག་


MR11_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཐོག་ལྟར་འཕེན་པ་དགུ་འདུས་ཞེས་བྱ་བ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་{ལས་སྦྱོར་དུས་ཐེད་ཐེད་རྗེས་སུ་ནད་ཐམས་ཅད་ཅེས་སྦྱར་བ་ཡོད་འདུག།}གཉིས་ཁྲོས་ཤིང་མཆེ་བ་གཙིགས་པ་གཡས་སྤུ་གྲི་ངར་མ་ནད་ལ་ཕྱར་བ། གཡོན་ཀ་པཱ་ལ་བཟེད་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་ཅན། གཅེར་བུ་མུ་ཏིག་གི་ཕྲེང་བས་བརྒྱན་པར་བསྒོམ་པར་གསུངས། གཞན་དམིགས་པ་གོང་འདྲ། སྔགས། ཨོཾ་ཐིས་སོ་ཐིས་སོ་རྣི་ཝ་ཐིས་སོ། །རྒྱུད་ན་རྒྱུད་ན་ཤེལ་ལ་རྒྱུད་ན༔ གྲམ་ན་གྲམ་ན་ཤེལ་གྲམ་ན་ཤེལ་གྲམ་ན་ཤེལ་གྲམ་ན༔{ཟ་འདུས་མ་དབེར་འདུག་སྟེ་དཔྱད།}ཤིག་སོད་ཤིག་སོད༔ ཚིག་ལོ་ཚིག་ལོ༔ ཐེད་ཐེད༔ཉི་ཕུར་ཐིས་ཟླ་ཕུར་ཐིས༔ སྐར་ཕུར་ཐིས༔ ནད་གདོན་སྡིག་སྒྲིབ་ཞི་བར་གྱུར་ཅིག་རཀྵ་ཡེ་སྭཱ་ཧཱ༔ ཞེས་དང་། ཡང་སྔགས་འདྲ་མིན་ཁ་ཚར་བཏགས་པ་ནི། ཨོཾ་ཐི་སོ་ཐི་སོ་ལྕ་བ་ཐིས༔ རྒྱུག་ན་རྒྱུག་ན་ཤ་ལ་རྒྱུག་ན༔ གྲམ་ན་གྲམ་ན་ཤ་ལ་གྲམ་ན༔ ཤིགས་སོ་ཤིགས་སོ་ནད་ཤིགས་སོ༔ ཆིལ་ལོ་ཆིལ་ལོ་ནད་ཆིལ་ལོ༔ ཐེད་ཐེད་ནད་ཞི་བར་གྱུར་ཅིག༔ ཛྭ་ལ་རཾ་ཡེ་སྭཱ་ཧཱ༔ ཞེས་གསུངས་པ་རྣམས་འདྲ་འདྲ་ཡིག་ནོར་མིན་པར་སྔགས་ཀྱི་འདོན་ཐང་མི་འདྲ་བའི་མན་ངག་ཟབ་མོ་གང་ལྟར་བཟླས་ཀྱང་དོན་ཡོད་པ་ཞིག་ཡིན་པར་གདའ་སྟེ་སྔགས་


MR11_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འདྲ་མིན་འདི་འདྲ་འབྱུང་བར་མཐོང་། དེ་ཡང་ནད་སོ་སོ་ལ་མགོ་དང་ཀླད་པ་ན་ན་ཕོ་རོག་དང་སྒྲོ་གཡས་པར་བསྔགས་ནས་བྱབ་པར་བྱ། མིག་ན་ན་ཕུག་རོན་དང་སྒྲོས་བྱབ། རྣ་བར་འབྲུ་མར་རམ་མར་དཀར་བསྔགས་ལ་ན་སར་བྱུག ལྕེ་དང་ལྐོག་མ་ན་བར་ཐབ་ཁུང་གི་ས་ཚིག་དམར་པོ་ཆུ་ནང་བགྲུངས་པ་ལ་བཏབས་ཏེ་བླུད། སྣ་དང་མཚུར་ནད་ལ་ཆུ་བསྔགས་ལ་བླུད་ཅིང་གཏོར། སོ་ན་བར་འུག་སྒྲོས་བྱབ། གཉའ་ལྟག་དང་བུ་ག་ན་བར་མར་དཀར་བསྔགས་བསྐུ། སྣ་ཁྲག་མ་ཆོད་པ་ལ་ཀཪྴ་པ་ནིའི་ཕྱེ་མ་བསྔགས་ཤིང་གླན། འབྲས་དང་སྐྲངས་ལྷོག་དང་ལྦ་བ་ན་ན་མདའ་བསྔགས་ལ་བརྒྱབ་ཅིང་བྱབ། ལྷོག་པ་ལ་ཆུ་བསྔགས་ཤིང་བླུད་ལ་གཏོར། མདའ་བྱ་རྒོད་མ་ལ་བསྔགས་ཏེ་བརྒྱབ་ཅིང་བྱ་བ།སྐྲན་ལ་གོང་མོ་སྒྲོ་བསྔགས་ཏེ་བྱབ། ཕོ་བ་དང་རྒྱུ་མ་ན་བ་དང་སྦོས་པ་ལ་ཚ་ཆུར་བསྔགས་ལ་བླུད། ལྷོག་པར་སྔགས་ཆུ་བླུད་ཅིང་བཏབ། སྐྲངས་ནད་ལ་གོ་བོའི་དང་རུ་དང་བོང་ང་བསྔགས་ལ་བརྒྱབ། གཟེར་ཐབས་སུ་ན་བ་ལ་ཡུངས་ཀར་བསྔགས་ལ་གཏོར། གློ་བར་རྟའི་འོ་མའམ་གངས་ཆུ་བསྔགས་ལ་བླུད། ཙན་དན་དཀར་དམར་ལའང་བསྔགས་ནས་ཁོང་དུ་


MR11_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་། མཁྲིས་པ་ཤ་སེར་མིག་སེར་དང་གསུས་ནད་དང་མཆིན་ནད་དང་ཆུ་སེར་གྱི་ནད་རྣམས་ལ། རི་མཁྲིས་ཉ་ཤ་སྤྱང་ཤ །སུམ་ཅུ་ཏིག་ཤུ་དག་རྒྱ་ལྕམ་གི་ཝཾ་སིནྡྷུ་ར་རྣམས་སྔགས་ཆུར་བསྲེས་ལ་བླུད། ཡང་ན་མཁྲིས་པར་མཁྲིས་སྣ་དང་སྔགས་ཆུ་བླུད། མཆིན་པར་རའི་འོ་མ་ཕོ་བ་རྒྱུ་མ་མཁལ་སྐེད་ན་ཞིང་སྦོས་པར་ཚྭ་ཆུ། བད་ཀན་ལ་ལྒ་སྐྱའམ་ལྕུམ་ཁུ། འཁྲུ་བ་ལ་གངས་ཆུ། རིམས་ལ་ཆུ་མིག་སྣ་ཚོགས་ཀྱི་ཆུ། སྲིན་ལ་དྭ་བའི་རྩ་བ། གླང་ཐབས་ལ་ཚྭ་ཆུ། ཆུ་འགག་པ་ལ་རྒྱ་ཚྭ། མ་ཞུ་བའི་མཆིལ་བའི་ཤ བུ་ཆུང་བུ་མོ་ན་བ་ལ་མའི་ནུ་ཞོ་ལ་ཅུ་གང་བཏབ། བུ་དང་ཤམ་མ་ཐོན་པ་ལ་སྐག་ཆུའམ་ལྕུམ་རྩའི་ཁུ་བ། གྲུམ་བུ་སྣ་ཁྲག་མཚོན་ཁྲག་ལ་ཆུ་གཙང་སྟེ་དེ་རྣམས་བསྔགས་ལ་བླུད་ཅིང་ན་སར་བཏབ ། རྨ་ཡི་ཁྲག་མ་ཆོད་ན་ཆུ་ནང་གི་རྡོ་བརྡར་ལ་ཤ་རུ་བསྲེགས་པའི་ཐལ་བས་གླན་ཏེ་སྔགས་བཏབ་པས་ཆོད། ཤ་དུག་སྦྱར་དུག་ཁྱི་དུག་རྡོ་དང་ལྡུམ་བུའི་དུག་སོགས་མདོར་ན་དུག་ནད་ཡིན་ནོ་ཅོག་ལ། ཨ་རུ་ར་དང་། བྱ་རྒོད་གཤོག་པ། མི་རྒན་སེན་མོ། བྱེ་རུའི་ཤིང་རྣམས་བསྔགས་ལ་བཞར་ཞིང་། ཁྲོ་ཆུ་ལ་བསྔགས་ཏེ་བླུད། སྔགས་ཆུ་ལུས་ལ་བསྐུ་ཞིང་ཁོང་དུ་བཏང་། ཡང་ན་མཁར་གོང་མེར་བསྲེགས་ཆུ་གྲང་དུ་བསྐྱུར་བའི་


MR11_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ལ་བསྔགས་ཏེ་བླུད། ཁ་དུག་གྲང་དུག་མ་ཞུ་སོགས་དུག་རུ་ཐམས་ཅད་ལ་ཐེང་བས་ཆོག མི་ཕྱུགས་རུས་པ་ཆག་ན་རྨ་ལ་སྔགས་བཏབ་པས་འཚོ། དྲེག་དང་འབཾ་དང་འབུ་རུ་སྣ་ཚོགས་ཤུ་ཐོར་གཉན་འབྲུམ་ཁྱི་འབྲུམ་སྡེར་རེབ་ཀྱི་རིགས་ཐམས་ཅད་ལ་ཅུ་གང་གླ་རྩི་ཤུ་དག་ནག་པོ། བསེ་རུ་ནག་པོ། ཨ་རུ་ནག་པོ། གུ་གུལ་བོང་ང་ནག་པོ་རྣམས་ཞིབ་བཏགས་ཆང་སྦྱར་བསྔགས་ལ་བླུད་ཅིང་བྱུག་པས་ཕན། སྨྱོ་བ་དང་ཡེ་འདྲོག་གི་རིགས་དྲག་པོ་དང་། གློ་ལུ་རྟག་ཏུ་ན་བ་ལ་རལ་གྲི་བསྔགས་ལ་བརྒྱབ་ཚུལ་དང་བྱབ་ཅིང་དེད་པར་བསམ། མཁལ་མ་དང་རྐང་པ་ན་བར་སྐུད་པ་དཀར་པོ་ལ་རྒྱ་ཚྭ་སུག་རྨེལ་མཁལ་ཞོ་བཏབ་ཅིང་བསྔགས་ལ་དཀྲི། སྐེད་པ་ན་བར་སྐུད་པ་སྔོ་དམར་བསྔགས་ལ་དཀྲ། ཡང་རྐང་པ་ན་བར་ལ་ཕུག་བསྔགས་ཤིང་བྱུག དར་དཀར་པོ་བསྔགས་ལ་དཀྲི། པུས་མོ་ན་བར་མར་རྙིང་བུ་རམ་སྦྱར་བར་བསྔགས་ཤིང་སྦྱར་དར་བསྔགས་ལ་དཀྲི། མོའི་བང་ཁྲག་མ་ཆོད་ན། རྡོ་ནག་གི་ཕྱེ་མ་བསྔགས་ལ་བཏབ་ཅིང་རྒྱུ་ཞབས་སུ་དཀྲིས་པས་ཕན། མེས་ཚིག་པ་ལ་དལ་ཆུ་སེར་དཔྱད་ལ་ཆུ་སྔགས་ལ་ཕུ་བཏབ། ཐབ་ཀྱིས་ཟིན་པ་ལ་ར་སྤུ་དང་ཁྱི་བལ་བསྔགས་ལ་དཀྲིས། ཁྱི་རྨ་ལ་ཁྱིའི་སྤུ་བསྔགས་ལ་བཏབ།


MR11_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ནད་ལ་གང་ཕན་གྱི་སྨན་ལ་བཟླས་ཏེ་བཏང་། ནད་ངོས་མ་ཟིན་པའམ་སྤྱིར་ནད་ཀུན་ལའང་ཡུངས་ཀར་ལ་སྔགས་བཟླས་ཏེ་བུམ་པར་བསྟིམས་པའི་ཆུ་བླུད་ཅིང་ཁྲུས་བྱའོ། །གཞན་ཡང་དྲི་བཟང་གི་ཆུ་ལ་བསྔགས་པས་ནད་ཐམས་ཅད་ལ་ཕན། སྔགས་བརྒྱ་རྩ་རེ་བཟླས་ནས་སྔགས་མཆིལ་དང་ཕུ་བཏབ་པས། ནད་གང་ལ་ཡང་ཕན་ངེས་སོ། །སྔགས་ལ་ཡིད་ཆེས་པ་གལ་ཆེའོ། །ཞེས་སོ། །གུ་རུ་པདྨས་མཚོ་རྒྱལ་ལ་གདམས་པའི་མན་ངག་རྟ་བདུན་མ་ཞེས་ཀྱང་བྱ། ཇ་སིག་དགུ་མ་དང་། གསེར་སྲང་དགུ་མ་ཞེས་བྱ་བ་ཆིག་བརྒྱུད་བཀའ་རྒྱ་ཅན་ཟབ་མོའོ།།གཞུང་དོན་གསལ་པོར་མི་ཕམ་པས་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ། ༈ །རྗེ་བཙུན་དམ་པ་སངས་རྒྱས་ཀྱི་མན་ངག་རྦད་བཞི་མ་ཞེས་པའི་ནད་བརྒྱ་སྔགས་གཅིག་ཟབ་མོ་བཞུགས། ན་མོ་གུ་རུ་ས་ཏ་བུདྡྷཱ་ཡ། རྗེ་དམ་པ་རྒྱ་གར་གྱི་མན་ངག་འདི་ཉམས་སུ་ལེན་པར་འདོད་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ལ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་མ་ལས་ཐམས་ཅད་གྲུབ་པ་ལ་སྐྱབས་སུ་མཆིའོ། །


MR11_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་མཆོག་དམ་པ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་ཚར་བདུན་བརྗོད། དུས་རྒྱུན་ཚར་རེ་མ་ཆག་པར་བྱ། དེ་ནས་རང་ཉིད་ངོ་བོ་སྤྱན་རས་གཟིགས། རྣམ་པ་ལྷ་དབང་ཕྱུག་ཆེན་པོ། སྐུ་མདོག་དུད་ཁའམ་ཡང་ན་ཐལ་སྐྱ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པས་ས་གཞི་ཁྱབ་པ། གཡས་རྩེ་གསུམ་དང་གཡོན་ཐོད་ཁྲག་བསྣམས་པ།རུས་པའི་རྒྱན་དྲུག་དང་ལྡན་པ། ཡ་མཆུ་ལ་མེ། མ་མཆུ་ལ་རླུང་། ལྗགས་ལ་མེའི་ཚྭ་ཚྭ་འཕྲོ་ཞིང་། ལྟོ་བར་ངན་སྔགས་ཀྱི་རྒྱ་མཚོ་འཁྱིལ་བར་བསྒོམས་ལ་བསྔགས་བཟླ། སྔགས་ནི།ཨོཾ་ནག་པོ་རྦདཿ དུ་ན་ཡ་རྦད། མ་ཧཱ་པཉྩ་རྦད། ཐུམ་རིལ་ཛ་རྦད། དང་པོ་སྟོང་ཕྲག་དྲུག་བཟླས་བསྙེན་པའོ། །དེ་ནས་ཞག་རེ་ལ་ཉེར་གཅིག་རེ་མི་ཆག་པ་དམ་ཚིག་གོ། སྔགས་འདི་མར་རྙིང་པ་ལ་བཏབ་ནས་བྱུགས་པས་ཤུ་བ་དང་། རྨ་འབྲས་ཐོར་ཐམས་ཅད་ལ་ཕན། རང་གི་དྲི་ཆུར་བཏབ་ནས་ལྟོ་སྟོང་འཐུང་ན་འགོས་ནད་ཀུན་ཐུབ་ཡིན། གླ་རྩིའི་ཆུ་ལ་བཏབ་ནས་འཐུང་ན་དམར་ནད་རྒྱུ་གཟེར་ཐུབ། གངས་ཆུར་བཏབ་པ་ཐོ་རངས་སྐར་མ་མ་ཡལ་གོང་བཏུང་ན་ཆམ་པ་ཀུན་ལ་ཕན། ཕུག་རོན་སྒྲོ་ལ་བཏབ་སྟེ་མིག་ཆུ་ནང་དུ་བལྟ་བཅུག །སྒྲོ་དེས་མིག་ལ་བྱབས་ནས་


MR11_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ནང་བཏབ་ཚུལ་བྱས་པས་ལིང་ཐོག་རྩ་བ་ནས་འདོན། སྣུམ་རྙིང་ངམ་ཕག་ཚིལ་ལ་སྟོང་བསྔགས་པ་བྱུགས་པས། རྨ་འབྲས་རུས་འབྲས་རུས་པ་ཀོག་པ་དང་། རྣ་བ་དང་ལྕེ་དང་སྐེའི་ནད་ཀུན་ལ་ཕན། ཀླད་གཟེར་ལ་ཕྱི་ནང་གཉིས་ཀར་སྔགས་ཆུ་བཏབ། སྐྲངས་འབུར་ཐོར་ནག་གཉན་རིགས་ལ་སྔགས་ཆུ་བཏབ། གྲོ་ཕྱེ་ལ་བཏབ་སྟེ་ལུས་ལ་བཏགས་ན་སིབ་བུ་སྲུང་། སྲན་མར་བཏབ་སྟེ་སྐེ་ལ་བཏགས་ན་འབྲུམ་པ་ཐུབ། གུ་གུལ་ལ་བཏབ་སྟེ་བཏགས་ན་གག་པ་ལྷོག་པ་སྐྲངས་པའི་རིགས་ཀུན་ཐུབ། ཕོ་ལྷོག་ལ་སྔགས་ཆུ་བཏང་བས་ཁོང་པར་ཀྲོག་ཀྲོག་ཟེར་ན་ཕྲལ་དུ་བདེ་བ་སྟེར། ཚད་པའི་གཟེར་ནད་ལ་གངས་ཆུ་བསྔགས་ལ་བཏབ། ལག་པའི་མཐེབ་ཆེན་ལ་ཉེར་གཅིག་རེ་བསྔགས་པ་རྨ་ཁར་གླན་པས་ཁྲག་ཆོད་ཅིང་། སྔགས་འདིས་ཁྱིས་རྨུག་མེས་ཚིག་མཚོན་རྨ་སོགས་རྨ་ཡི་རིགས་སུ་གྱུར་པ་རིས་མེད་པ་ཐམས་ཅད་སོས། རྨ་གང་ལའང་ཉེར་གཅིག་རེ་བཏབ་ན་གཉན་མི་འཇུག གལ་ཆེ་ན་བརྒྱ་རེ་བཏབ་པས་ཐེ་ཚོམ་མི་དགོས་སོ།།ཚ་ཚའི་ས་དང་སྐྱེར་ཤུན་སྒོ་ལྕིབས་རང་གི་དྲི་ཆུ་བཅས་ལ་སྔགས་བརྒྱ་བཏབ་པས་མགོ་བོ་གང་ཆག་སྟེང་དུ་བྱུག་ལ་དབུས་སུ་བུག་པ་འབི་འབིའམ་གཅིག་བྱ། འབིའི་འབིའི་རྩེ་མོར་ཨོཾ་བྲིས་


MR11_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྔགས་བཏབ་ན་མགོ་ཡི་རྨ་རིས་མེད་འཚོ། དེ་འདྲ་སོགས་པའི་ཕྲུམ་ཞོར་སྟེང་དུ་གླན་ན་རུས་ཆག་ཅན་གྱི་རུས་འཛེར་ཕྱུང་བར་འགྱུར། རེ་བལ་སྣུམ་གང་རུང་དུ་བཙོས་ལ་སྔགས་བཏབ་སྟེ་རྨ་ལ་གླན་པས་ཁྱིས་རྨུག་པའི་རྨ་ཐམས་ཅད་འཚོ། གི་ཝཾ་ལ་བཏབ་ནས་ཁོང་སྐྲངས་གཉན་ཀུན་ལ་ཕན། གོ་སྙོད་སླ་ངར་བརྔོས་པ་དང་འོ་མ་ལ་བཏབ་སྟེ་ཁོང་བཏང་སྲིན་ནད་ཚ་གྲང་མེད་པར་ཕན། ཐལ་བ་དང་དུ་བ་ཕབ་ལ་སྔགས་བཏབ་པ་མར་དང་སྦྱར་ཏེ་བྱུག་ན་རྣ་བ་འུར་ལྡིར་ལ་ཕན། སྨན་ཆེན་ནས་ཙམ་ལ་བཏབ་སྟེ་སོ་བར་བཙིར་ན་སོ་ནད་ཀུན་ལ་ཕན། སྤང་སྤོས་དང་སྨྱག་རུལ་ལ་བཏབས་ཏེ་བྱུག་ན་ནུ་མའི་ནད་རིགས་ཀུན་ལ་ཕན། ཕག་ཤུན་དང་ཚིལ་ལ་སྔགས་བཏབ་བྱུག་ན་གྲང་བས་འཁྲུ་བར་ཕན། མུ་ཟི་སེར་པོ་དང་། ཝ་ཡིན་ནམ་བྲུན་ལ་བཏབ་སྟེ་བསྲེགས་ན་འབྱུང་པོ་ལྷ་སྲིན་སྡེ་བརྒྱད་འབྲོས། ཕྱུགས་སྲུང་ན་སྐུད་ནག་སུམ་སྒྲིལ་མདུད་པ་གསུམ་མམ་བདུན་བྱས་པར་སྔགས་ཉེར་གཅིག་བཏབ་ནས་བཏགས་པས་ཐུབ། ཞོ་ཉེས་ལ་རྡེའུ་ནག་པོ་བརྒྱད་ལ་སྔགས་བཅུ་གཅིག་བཏབ་པ་ཞོ་བསྙལ་བའི་དཀྱིལ་དུ་བླུགས་པས་ཐུབ། ཆང་ཉེས་ལ་ནས་ནག་འབྲུ་བདུན་ནམ་


MR11_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་ལ་སྔགས་བཏབ་སྟེ་བཙོ་དུས་དེའི་གསེབ་ཏུ་བསྐྱུར་བས་ཐུབ། གཏད་བཟློག་ན། རང་ཉིད་དབང་ཕྱུག་ཆེན་པོའི་སྤྲུལ་པ་དང་ཕོ་ཉ་དཔག་ཏུ་མེད་པས་ཕ་རོལ་གྱི་བསམ་ངན་སྦྱོར་རྩུབ་མཐུ་གཏད་ཐམས་ཅད་ཁོ་རང་གི་སྟེང་དུ་བཟློག་ནས་ཁོས་རང་ཤ་རང་གིས་ཟོས། རང་ཁྲག་རང་གིས་འཐུང་། ཁོ་རང་གི་ལྷ་སྲུང་རང་གཤེད་དུ་ཕབ། རང་གི་སྤྲུལ་པ་དང་ཕོ་ཉའི་ཚོགས་ཁོའི་ལྷ་སྲུང་དང་བཅས་པས་དགྲ་བགེགས་བྱད་མའི་ཤ་ཟོས་ཁྲག་འཐུངས་རུས་པ་འཆོས་ཏེ་རྡུལ་དུ་བརླགས་པར་བསམས་ལ་སྔགས་བཟླས་པས་གཏད་མནན་བྱད་ཁ་ཅི་ཡོད་པ་ཐམས་ཅད་ཕ་རོལ་ལ་ཟློག་པར་བྱེད་དོ། །དཀར་གོང་མེ་ལ་བསྲོས་པ་སྣུམ་དང་བཅས་པར་སྔགས་བཏབ་པས་ཡང་ཡང་གླན་ན་རྨ་ལོག་དང་འབྲས་ལ་ཕན། སོར་མོ་ལྔ་ལ་སྔགས་བཏབ་སྟེ་ཁུ་ཚུར་བཅིངས་ནས་ཕྱིན་ན་སུའི་རྗེས་ཀྱང་ཟིན། སེར་བ་བྱུང་ན་རང་དབང་ཕྱུག་ཆེན་པོ་ཐལ་མདོག་རལ་པས་སྟོང་གསུམ་གང་བའི་རལ་པའི་འོག་ཏུ་བསྲུང་བྱའི་ཡུལ་རྣམས་ཚུད་པར་དམིགས་ཏེ་སྔགས་བཟླ་ཞིང་སེར་བ་ལ་བསྡིག་མཛུབ་བྱ། སེར་སྲུང་ལ་འདི་ལས་ཟབ་པ་མེད། བསྙེན་པ་ཁྲི་བསྐྱལ་ལོ། །ལྷོག་རོ་བཤའ་ན་སྔགས་སུམ་བརྒྱ་བཟླས་ཏེ་རོ་དེའི་སྣ་ནས་རིམ་གྱིས་མར་བཏབ་ནས་མཇུག་མ་


MR11_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དེ་བསྐྱུར་སྔགས་བཟླས་ཀྱིན་བཤའོ། །མར་ཁུ་བཙག་བཅད་ལ་བཏབ་སྟེ་འཐུང་ན་གྲང་ནད་ཀུན་དང་དུག་ནད་ཀུན་ལ་ཕན། དུག་མ་བྱུང་བ་སྲུང་བའི་མཆོག་གོ །ར་ཁྲག་ལ་བཏབ་སྟེ་མེ་དབལ་ལ་བྱུགས་པས་ཞི། ལྷྭམ་མ་རྡོལ་བར་བུལ། སྔགས་བཟླས་མེ་ཐབ་{དབལ་ཀྱང་འདི་སླར་བརྟག}ཀུན་ལ་ཕན། མཚལ་དཀར་བསྐོལ་བ་ལ་བཏབ་ནས་ཁོང་དུ་བཏང་ན་ཁྲག་ནད་བཤལ་ཏེ་འབྱུང་།སྔགས་བརྒྱ་ལས་མང་མི དགོས་སོ། །ཉུངས་ཀར་དང་མར་རྙིང་ལ་བཟླས་ཏེ་ཁོང་དུ་བཏང་ན་བྱིས་པ་བཙའ་མ་ཐུབ་ན་མྱུར་དུ་འཐོན་སྔགས་སུམ་བརྒྱ་ཙམ་བཟླས་ན་མེས་མི་ཚིག་ཚིག་པ་ལ་བརྒྱ་ཙམ་ནད་བརྒྱད་པ་ཟེར་བརྟག བཟླས་པས་སེལ། སྔགས་བཅུ་བཟླས་ན་སྐོམ་དང་ཤོ་བ་དང་། དུག་ནད་ཀུན་ལས་གྲོལ། སྔགས་སུམ་ཅུ་བཟླས་ན་འགོས་ནད་ཀུན་ལ་ཕན།ནད་རིམས་བརྒྱ་ལ། ཤ་རྣ། སྲེ་མོང་བྱ་རྒོད་ཏེ་ལོ་སྡིག་པ་གཙང་ཕག སྦལ་སྦྲུལ་ཉ་ཕུག་རོན་རྣམས་ཀྱི་ཤ་སྦྱར་སྔགས་བཏབ་བཏང་། འཕྲེན། གཅོད་པའི་མཆོག ཡོན་དུ་གསེར་སྲང་རེ་ཕུལ། རྐང་པ་ཆག་ན་སྔགས་བཟླས་ཏེ་རང་གི་རྐང་པའི་རྟིང་པ་མ་ཆག་ངོས་སུ་ནན་ཏན་བྱ། དེ་ནས་ཆག་ཆིང་བྱ་ཕན་ངེས་སོ། །སྔགས་འདིས་མཛེ་རིགས་གཏད་མནན་


MR11_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐུབ། འདི་བཟླས་ན་གཉན་ས་དཀྲུགས་པ། མཚན་འགྲོས་བྱེད་པ། གདོན་དྲག་པོ་འདུལ་བ་སོགས་ཐུབ་ཆོད་ཀྱི་ལས་བྱས་ཀྱང་མི་གནོད། འདི་ཆིག་བརྒྱུད་མ་གཏོགས་མང་དུ་སྤེལ་ན་མཁའ་འགྲོའི་བཀའ་ཆད་འབྱུང་། དམ་པའི་མན་ངག་འདི་ལ་དོན་བདུན་རྦད་བཞི་ཡོད་གསུངས། མན་ངག་གང་ལའང་ཐོགས་མེད་འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་ཤོག །སྔགས་འདི་སླར་ཡང་གཏེར་ཁ་དུ་མ་ནས། རྨ་གཉན་སྐྲངས་པ་གག་ལྷོག་གཟེར་ནད་འཕྱི་ནད་གཉེན་པོའི་སྔགས་ཟབ་མོར་བསྔགས་པ་ཡང་ཡང་བྱུང་། པདྨའི་རྦད་བཞི་མ་ཡང་ཟེར།བཀའ་གཏེར་ཟུང་འབྲེལ་གྱི་ནད་བརྒྱ་སྔགས་གཅིག་ཟབ་མོ་ཡང་དག་པ་སྟེ། བྲམ་ཟེ་འོད་སྣང་གསལ་གྱིས་ཁ་རག་ཤིང་བལ་གྱི་ཐའམ་དཔྱད་ཅན་གྱི་མཆོད་ཁང་ནས་གཏེར་དུ་བཞེས་པ་ཆིག་བརྒྱུད་ཀྱང་ཡོད་དོ། །མངྒ་ལཾ།། ༈ །།དགོངས་འདུས་སྔགས་འབུམ་ལས་བྱུང་བའི་ནད་བརྒྱ་སྔགས་གཅིག་ནི། ཨོཾ་འུབ་འུབ༔ ཆུམ་ཆུམ༔ རིལ་རིལ༔ ཉོལ་ཉོལ༔ སོད་སོད༔ པྲ་མོ་ཧཱ༔ པྲ་མོ་ཐུན་བྷྱོ༔ དུན་སོད༔ པྲ་མོ་སྙིང་ལ་ཐིས༔ པྲ་མོ་ཤ་ལ་ཐིས༔ པྲ་མོ་ཁྲག་ལ་ཐིས༔ ཁས་པྲ་མོ་རུས་ཁས༔ ཆོམ་གཏིབས་ཁོས་ཕུད་སོད་ཅིག་སྭཱ་ཧཱཿ


MR11_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཁ་ཆུ་ལེ་ཁ་ཆུ་ལེ་ཆུ་ཁ་ཆུ་ལེ་སོད་ཅིག་སྭཱ་ཧཱ༔ ཞེས་པའི་སྔགས་རྒོད་འདི་ལ་དང་པོར་མི་ཚིག་གིས་བར་མ་ཆོད་པར་ཁྲི་ཕྲག་གཅིག་བཟླ༔ དེ་ནས་གག་པ་ལྷོག་པ་གཟེར་དྲག་སྐྲན་སྲིན། ཝ་བ་མེས་ཚིག་དང་ཐབ། ཆུ་བྱི་རྨ་ཁྲག་ཨོག་འབབ་འབམ་མམ་ཤུ་ཐོར་ལ་སོགས་པ་ཐམས་ཅད་ལ་སླེབས་པས་ཆོག་སྟེ། སྔགས་ལྟོ་སྟོངས་ལ་བཏང་ན་ཕན་སྟོབས་ཆེའོ། །ནད་བརྒྱ་སྔགས་གཅིག་མ་ཤིན་ཏུ་ཟབ་མོ་ཡིན་ནོ། །ཕྱིས་ཀྱི་གཏེར་ཁ་དག་ལས་ཀྱང་བྱུང་ཞིང་། སྔགས་འདི་ལག་བླང་བྱེད་མཁན་ཕན་སྟོབས་ཆེ་བ་དག་ཀྱང་བྱུང་ངོ་། །མངྒ་ལཾ།། ༈ །།རྒྱ་གར་དྲག་སྔགས་ཚན་བརྒྱད་པ་འདི། ཁམས་ཀྱི་བྲམ་ཟེ་ཡེ་ཤེས་སྤྱན་ལྡན་ཞེས་བྱ་བ་རྒྱ་གར་དུ་བྱོན་ནས་གྲུབ་ཐོབ་དུ་མ་ལས་གདམས་ངག་མང་པོ་གསན། ཁྱད་པར་རྒྱ་གར་ཁྲག་འཐུང་ནག་པོ་ལ་གསེར་བྲེ་གཅིག་ཕུལ་ཏེ་ཁྱེད་ཀྱི་དྲག་པོའི་ནད་སྔགས་དེ་ཞུའོ་བྱས་པས། དེའི་ཞལ་ནས་གསེར་བྲེ་མི་འདོད་ཁྱོད་ལ་རྣོ་མཐོང་མངོན་ཤེས་ཀྱི་གདམས་ངག་ཡོད་པ་དེ་འདོད་གསུངས་པ། དེའི་གདམས་ངག་ཕུལ་ནས་ཞུས་པས་ཁྲག་འཐུང་ནག་པོའི་ཞལ་ནས། ང་ཡི་ལུགས་ཀྱི་ནད་བརྒྱ་སྔགས་གཅིག་འདི། སྔགས་རྒོད་


MR11_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་འདུལ་མཆིལ་མ་བཏབ་ཆོག་ཡིན། གཞན་ལ་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་དོ། །དྲན་ཆོག་སྔགས་འདི་འབད་པས་ཆོག་པ་ཡིན། ཁྱོད་ལ་སྦྱིན་ནོ་སྙིང་ལ་འཆོངས་ཅིག་གསུངས།འདིས་ནད་རིགས་ཀུན་དང་རྨ་སྐྲང་ཤུ་འབྲུམ་མིག་ནད་སྲིན་བུའི་རིགས། རིམས་སྨྱོན་ཏྲེ་ཏྲེ་ཧོས་དང་འགོ་བའི་ཡམས་ནད་ཀྱི་རིགས་ཐམས་ཅད་ལ་རྡོ་རྗེ་ཕ་ལམ་ལྟ་བུ་ཡིན། ཁྱད་པར་གཉན་རིགས་ལྷོག་པ་སྤུན་དགུའི་གཉེན་པོ་ཡིན་ཏེ། སྤུ་གྲི་ལྟ་བུའི་སྔགས་ཚན་བརྒྱད་པོ་འདི། །སོད་གཅིག་རྦད་བདུན་སྔགས་ཀྱི་དག་ཡིག་ཡིན། །འདི་ནི་སྔགས་རྒོད་ཡིན་ཕྱིར་བསྒོམ་བྱ་མེད། །སྨྲ་བཅད་སེམས་གཏད་ཐེ་ཚོམ་སྤངས་ལ་བཟླ། །སྔགས་ནི། ཨོཾ་ཁ་ཡ་འཇིགས་འཇིགས་སྲོག་ལ་སོད། ནག་པོ་འཇིགས་འཇིགས་སྲོག་ལ་རྦད། ཤ་ནད་སྲོག་ལ་རྦད། རུས་ནད་སྲོག་ལ་རྦད། ཐབ་ནད་སྲོག་ལ་རྦད། གག་ལྷོག་གཟེར་གསུམ་སྲོག་ལ་རྦད། གཉན་ལྷོག་སྤུན་དགུའི་སྲོག་ལ་རྦད། གཉན་དང་ལྷོག་པ་སྲིན་བུའི་སྲོག་ལ་རྦད། ལྷོག་རིགས་དང་གཉན་རིགས་ལ་ཕག་སྣ་གུ་གུལ་ནག་པོ་དང་། བཙན་དུག་ཡུངས་ཀར་བསྔགས་པ་ཤིས། རིམས་དང་ཡམས་ནད་འགོས་ནད་ལ། ལྒོག་སྐྱ་གུ་གུལ་ཕུར་ནག་བསྔགས་པ་ཤིས། མགོ་སྲིན་ལ་སོགས་


MR11_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་བུའི་རིགས་རྣམས་ལ། ཐང་ཕྲོམ་སྤུན་གསུམ་བསྔགས་པ་གཅེས། ཤུ་བ་སྐྲང་འབུར་ཨོག་ནད་ལ། གྲུམ་པའི་སྙིང་དང་གླ་རྩི་དང་། ཕུག་རོན་བྲ་བའི་རིལ་མ་དང་། བཙན་དུག་ནག་པོ་བསྔགས་པ་ཤིས། །རྫས་མ་འཛོམས་ན་སྔགས་ཆུས་ཆོག ཁོང་དུ་བཏང་དང་རྒྱབ་ཏུ་བྱུག གང་དགོས་རིགས་པས་ཞིབ་པར་དཔྱོད། །ནག་པོ་དགུ་སྦྱོར་ལ་བསྔགས་ན་གཉན་ལྷོག་ལ་སྤུ་གྲི་དང་འདྲ། ཞེས་སོ། །འདི་མེ་ཉག་རབ་སྒང་གི་བླ་མ་བཀྲ་ཤིས་དཔལ་ལྡན་གྱི་ཕྱག་ལེན་མའོ།། ༈ །།ཨ་ཙ་ར་ལྷ་ལེགས་བདུད་རྒྱལ་གྱི་མན་ངག་ལས་ཚོགས་བདུན་པ་གསེར་རིན་མ་བཞུགས། སྒྲ་བསྒྱུར་བཻ་རོ་ཙ་ན་རྒྱ་གར་དུ་བྱོན་སྐབས་ཨ་ཙར་ལྷ་ལེགས་བདུད་རྒྱལ་དེ་རྒྱ་གར་བཀའ་སྐྱོངས་བྲག་ཕུག་ན་བཞུགས་འདུག་པ་ལ།ལི་ཡི་མཎྜལ་གསེར་ཕྱེ་བྲེ་གང་སྤུངས་པ་ཕུལ་ནས། བདག་ལ་མན་ངག་ཁྱད་པར་དུ་འཕགས་པ་སེམས་ཅན་ཡོངས་ལ་གནད་གཅོད་ཀྱི་དུཿ ཁ་ལས་ཐར་བར་བྱེད་པའི་ཕན་བྱེད་ཀྱི་སྐོར་ཞིག་ཞུ་བྱས་པས། ཉོན་ཅིག་བོད་ཀྱི་བན་དེ་ཆོས་ཚོལ་བ། །ཀུན་ལ་ཕན་བྱེད་མན་ངག་ཞུ་བ་ལེགས། །བོད་འཕུང་ངན་སྔགས་འཚོལ་བ་མ་བྱེད་ཅིག །སློབ་བུ་དམ་ལོག་རང་ལ་ལྡོག་ཀྱང་སྲིད། །


MR11_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བྱེད་མན་ངག་ཙིཏྟ་དམར་འབྱིན་ཞེས། །མན་ངག་ལས་ཚོགས་བདུན་པ་ཞེས་བྱ་འདི། །ང་མིན་ཡུལ་འདིར་ཤེས་མཁན་རེ་རེ་ཉུང་། །དེ་ལ་སྔགས་སྒྲ་དག་ལ་ཟུར་མ་ཉམས། །མི་ཚིག་བར་མ་ཆོད་པར་བཟླ་བ་དང་། །ཤ་ཆང་སྒོག་ཙོང་ཟས་ཀྱི་ལྟུང་བ་སྤང་། །འབུམ་ཕྲག་གཅིག་གིས་གྲངས་ཀྱི་གོང་བསྙེན་ཐེམ། །དེ་ལ་སྔགས་ནི་འདི་ལྟ་སྟེ། ཨོཾ་ཤྲཱི་ཀུ་རུ་རྦད།མྱོག་ཚལ་པ་རྦད། ཧུར་ཐུམ་སྲོག་ལ་རྦད། སྙིང་ཁྲག་ཚལ་པ་རྦད། ལུས་གདོན་ཙཀྲ་རྦད། ཁྱུང་རཀྴ་རྦད། ནག་པོ་ཀཱ་ལ་རཀྴ་རྦད་རྦད། སྤུ་གྲིས་ཟོས་ཟོས། ལྕགས་ཀྱི་སྡེར་མོས་སྙིང་ཕྱུང་། གནོད་བྱེད་ཆེ་གེ་མོའི་སྙིང་ལ་མཱ་ར་ཡ་ནན་སོད་སོད་རྦད་རྦད། ཐོག་མར་མིག་ནད་ཐམས་ཅད་ལ་ཤམ་བུ། མིག་ནད་གྲ་ལིང་སྐྱེར་གསུམ་གྱི། མགྲོན་བུ་ལ་སྔགས་བཏབ་པས་ཕྱིའོ།། ༈ །།གཉིས་པ་མར་སྔགས་མགོ་སྲིན་སོ་སྐྱེར་ཤུན་བསྔགས་སྲིན་རུས་སྲིན་ཐར་ཁ་ཎ་བསྔགས་ལོང་སྲིན་ཐམས་ཅད་ལ། ཡ་མ་སྤུན་དགུའི་སྙིང་སོགས། ༈ གསུམ་པ་མི་དང་སེམས་ཅན་སྐེ་ནད་མགུལ་བའི་ནད་ལ་སྔགས་ཆུ་བྱ། སྐེ་ནད་འབྲས་གཉན་གག་ལྷོག་གཟེར་གསུམ་གྱི་སྙིང་ལ། བཞི་པ་ལྷོག་པ་ལ་གླ་རྩིའི་ཆུར་བཏབ་སྔགས་འདེབས་བསྐུ་འཐུང་བྱ། མི་རྟ་ནོར་གསུམ་གང་ལ་ཐེང་བས་ཆོག །སྲུང་སྐུད་ནག་པོའི་རྣ་ཕོ་གཡས་མོ་གཡོན་མཆན་


MR11_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་གདངས་གང་བསྲུང་། ལྷོག་པ་སྤུན་དགུའི་སྙིང་ལ། ༈ །ལྔ་པ་དུག་རིགས་ལ། ཤ་དུག་འོམ་བུ་ཐང་། སྦྱར་དུག་ཨ་རུ་ར་ཁྱི་དུག་བུལ་དོག མ་ཞུ་དུག་ཐབས་མར་ཞུན་ལ། དུག་སྦྱར་མ་ལ་སོགས་པ་དུག་རིགས་ཐམས་ཅད་ཀྱི་སྙིང་། དེ་ལྟར་སོ་སོར་སྔགས་བཏབ་བྱིན། ༈ །དྲུག་པ་རྨ་གཉན་སྐྲངས་སོགས་དང་ཐབ་སྔགས། རྨ་འདྲེ་སྐྲངས་འདྲེ་ཐབ་རེབ་གཞོམ་གསུམ་གྱི། སྔགས་ཆུ་ཁོང་ན་བཏང་པས་འཐུས། ༈ །བདུན་པ་འགོ་བའི་ནད་རིགས་ལ། འགོ་བའི་ནད་རིགས་ཐམས་ཅད་ཀྱི་སྙིང་། ནང་པར་སྔ་མོར་སྣ་ཁུང་ཕུ་ཡིས་བཏབ། གཞན་ལ་སྔགས་ཆུ་བསྲུང་བར་བོང་ང་བསྔགས། འབྲུམ་པ་དམར་བཤལ་སྐེ་འགགས་རིམས་ངན་དང་། འབྲུམ་ཆུང་ཉ་གས་ལ་སོགས་ཀུན་ལ་ཕན། །དེ་ཡིས་ལས་ཚོགས་བདུན་པ་ཐོབ་པ་ཡིན། །འདི་ཡི་སྲུང་བ་ཕྲིན་ལས་ཀུན་འགྲུབ་བསྟན། །གཞི་ནི་གྲོ་ག་ཤོག་བུ་གང་རུང་ལ། རལ་གྲི་མེ་འབར་དཔེའུ་རིས་ལྟར་ལ། གོང་གི་སྔགས་ཁ་ཤས་ལས་གང་འདོད་ཤམ་བུ་སྦྱར། ཆེ་གེ་མོའི་སྙིང་ལ་ཟེར་བའི་ཟི་འདི་ཚབ་བཏགས། གནོད་པ་


MR11_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རཀྵ་རཀྵ། ཁྱུང་ལྔའི་རྫས་བྱུགས་ཤོག་བུ་ལིང་ལྟེབ་བྱ། ཁྱུང་ནག་གོང་བསྙེན་གྲངས་མང་ཤམ་བུ་དང་། ཡེ་དྷརྨཱ་ཡིས་རབ་ཏུ་གནས་པར་འདི་ནི་བྱ། །མན་ངག་སྙན་བརྒྱུད་ཟབ་མོ་སྟེ། །བཻ་རོ་བདག་གིས་མངའ་བདག་ཁྱོད་ལ་གདམས། །རྒྱལ་བརྒྱུད་རིམ་པར་སྙན་བརྒྱུད་མན་ངག་ཡིན། །བདེན་རྫུན་ལག་ལོང་དཀོན་མོད་རྒྱལ་ཁམས་བྲིས། ཨི་ཐི། མངྒ་ལཾ།། །།ནད་བརྒྱ་སྔགས་གཅིག་ཁྱུང་སྔགས་ཟབ་མོ་ནི། ཨོཾ་ཨཱཿཧཱུྃ། ཨོཾ་ཁྲོཾ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཁྱུང་གི་རྩ་སྔགས་འདི་ལ་ལས་སྔགས་སྦྱར་ཏེ་བཟླ་བར་བྱ། ལས་སྔགས་ནི། ཨོཾ་པྲཛྙཱ་ཧསྟ་ས་བདག་དང་ཀླུ་ཡི་གཉེན་པོ། ཨོཾ་ཁྲོཾ་ག་རུ་ཎ་ཧཱུྃ༔ འབྱུང་པོའི་གཉེན་པོ། མ་ཡཱུར་འང་རྒྱ་སྐད་རྨ་བྱ་ཁྱུང་ཁྱུང་དུག་གི་གཉེན་པོ་ཧ་ལ་ཧ་ལ༔ འབྲུམ་བུ་ཐུབ་ཕྱུངས་ཕྱུངས༔ མཛེ་ཤིག་འབྲས་ཤིགས༔ སརྦ་སྟྭ་མྦྷ་སྲིན་དང་གྲུམ་བུ་དང་གཉན་རིགས། ཡ་ནན༔ ཨོཾ་སི་ལི་སི་ལི་ནན༔ གག་པ་ཕོལ་མིག བཛྲ་ཏི་ཤི་ནན༔ པ་ར་ཞུམ་ཝ་བ་ཧ་རི་ནན༔ ཙི་སྐྱ་བཤལ་ལི་ཙི་ལི༔ ཡཾ་ཡཾ་དམུ་ཆུ་ནན༔ ལཾ་སྐྲན་ལཾ༔ སད་བས་བལྡག་སད༔ སོད་སྲིན་སོད༔ ཧབ་གློ་ཕྱུངས༔ ཧུབ་ཧོན་ཕྱུངས༔ ནན་ནན་རྒྱ་འདྲེ་ཆང་འདྲེ་སོད༔ ཕུག་ཆུ་བྱི་ཤ་ཐུམ་ཕུག་སོད༔ཕཊ་སྦྲུལ་ཕཊ་སོད༔ ཕོལ་མིག ཕཊ་དུག་ཕཊ་སྭཱ་ཧཱ༔ ཁྲོལ་ཁྲོལ་ཐབ་སྭཱ་ཧཱ༔ བྱ་ཁྱུང་དང་


MR11_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱའི་མཐུན་སྔགས་སམ་ཁྱུང་སྔགས་འདི་ནི་རྒྱ་གར་ཡུལ་དུ་ནད་བརྒྱ་སྔགས་གཅིག །ཨོ་རྒྱན་ཡུལ་དུ་གོད་གཅོད་སྔགས་གཅིག །ཁ་ཆེའི་ཡུལ་དུ་སྲིན་བུ་བརྡལ་ཐབ་འཇོམས། སུམ་བྷའི་ཡུལ་དུ་མཛེ་འུར་འདོན། པུ་རང་ཡུལ་དུ་སེར་བ་ལུག་དེད། བལ་པོའི་ཡུལ་དུ་སྐྲང་སྔགས་རྡོ་བཞུ། བོད་ཡུལ་མཆིལ་མ་རྟ་བདུན་ཟེར། འདིས་དུག་རིགས་འབྲས་དང་ཝ་བ་དམུ་ཆུ་དང་། དྲེག་གྲུམ་མཛེ་དང་ཕོལ་མིག་གག་ལྷོག་ཤུ་བ་མེ་དབལ་སོགས་ས་བདག་ཀླུ་གཉན་གྱི་ནད་དོ་ཅོག་དང་། སྲིན་བུ་དང་ཡ་མ་རྨ་སྐྲངས་སོགས་ནད་རིགས་མཐའ་དག་ཐུབ།སེར་བ་དང་འབྱུང་དགྲ་བཟློག །འབྲུམ་བུ་དཀར་ནག་བདུན་དྲུག་སོགས་རིམས་ནད་ཐམས་ཅད་ཐུབ། ཐབ་འདྲེ་ཆང་ལད་ཞོ་ལད་དཀར་འགོང་སོགས་འཚེ་བ་ཀུན་ཀྱང་ཐུབ། གློ་ཧོན་གཏལ་བ་སོགས་ཕྱུགས་ནད་ཐམས་ཅད་ཐུབ། མདོར་ན་ནད་གདོན་གང་ཡང་ཐུབ་པ་བྱ་ཁྱུང་གི་སྔགས་ཟབ་མོ། བཀའ་དང་གཏེར་སྟོན་མ་ཏི་རཏྣ་སོགས་ཀྱི་ཟབ་གཏེར་དག་ལས་བྱུང་བའོ། །འདི་ལ་ཁྲོཾ་ལས་རང་ཉིད་རྡོ་རྗེའི་ཁྱུང་ཆེན་དམར་ནག་ཁྲོ་ཆུའི་ལུས་པོ། རྡོ་རྗེའི་མཆུ་སྡེར་གནམ་ལྕགས་མེ་འབར་གྱི་གཤོག་པ་ཅན། ཕྱག་གཉིས་ཀླུ་རིགས་ལྔའི་ཆུན་པོ་ཞལ་དུ་གསོལ་བའི་གནས་ལྔར་ཡེ་ཤེས་ཀྱི་


MR11_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཁྱུང་རིགས་ལྔའི་ཐུགས་ཀར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པར་བསྒོམ། ཞལ་དང་སྐུ་ལས་ཡེ་ཤེས་རྡོ་རྗེའི་མེ་འོད་ཁྲོ་ཆུ་ངར་མའི་ཚ་ཚ་འཕྲོས་པས་གདོན་བགེགས་དང་ནད་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་ཐུལ་ཐུལ་བསྲེགས་པར་བསམ་ལ་སྔགས་བཟླའོ། །སྔགས་རིང་འབུམ་གཅིག་གིས་བསྙེན་པ་བྱས་ནས་ནམ་འདོད་ལས་ལ་སྦྱར་བས་འགྲུབ་བོ། །ཤིན་ཏུ་ཟབ་བོ། །མངྒ་ལཾ།། །།༈ །ཁྱུང་ནག་དྲག་པོ་གནམ་ལྕགས་ཀྱི་སྤུ་གྲི་ནད་གདོན་ཀུན་འཇོམས་སྒྲུབ་ཐབས་བཞུགས་སོ། ༈ །སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ ཚེ་སྟོད་ཆོས་མཐོང་བསྙེན་པ་ཅན༔ ཚེ་སྨད་བདུད་རྒན་ལས་རབ་ངས༔ སྡུག་བསྔལ་ཅན་ལ་ཕན་འདོགས་ཕྱིར༔ ཁྱུང་ནག་དྲག་པོའི་སྒྲུབ་ཐབས་བཤད༔ སྒྲུབ་པའི་གནས་ནི་པད་འབྱུང་གིས༔ ཀླུ་འདུལ་མཛད་པའི་གནས་མཆོག་གམ༔ ཡང་ན་རི་ཡི་རྩེ་མོར་སྒྲུབས༔ ཐོག་མར་དེ་ལྟར་བྱ་བ་ལས༔ རྒྱུན་གྱི་གནས་ནི་ངེས་མེད་ཆོག༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནས༔ རང་ཉིད་ཁྲོ་ཆུ་ལས་གྲུབ་པའི༔ ཁྱུང་ནག་མེ་ཡི་རལ་པ་ཅན༔ སྤུ་གྲིས་གཏམས་པའི་སྒྲོ་གཤོག་ལ༔ རྭ་དང་མཆུ་སྡེར་གནམ་ལྕགས་ལས༔ ཡོངས་གྲུབ་རྣོ་ངར་རབ་ཏུ་འབར༔ སྤྱན་བསྒྲད་


MR11_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་གཙིགས་ཁྱུང་སྐད་སྒྲོགས༔ སྡེ་བརྒྱད་ཀླུ་གདོན་སྙིང་འདར་འགས༔ ཐུགས་ཀར་ཉི་སྟེང་ཁྲོཾ་ཡིག་ནག༔ སངས་རྒྱས་ཁྲོ་ཚོགས་ནུས་སྟོབས་རྫོགས༔ དེ་ལས་མེ་འབར་འཚུབས་ཅི་འཁྲུགས༔ ནད་གདོན་ན་བུན་སྔོ་དམར་གྱི༔ རྣམ་པར་ཕྱིར་དེད་ལུས་ཀྱི་ནི༔ བ་སྤུའི་བུ་ག་རྣམས་ནས་ཐོན༔ གཞན་ཡང་ལྷ་སྔགས་མེ་དཔུང་འབར༔ དྲག་ཅིང་རྩུབ་པའི་ནད་དང་གདོན༔ ཐལ་བ་བུན་བུན་བསྲེགས་པར་བསྒོམ༔ བྱ་ཁྱུང་རྒྱལ་པོའི་ང་རྒྱལ་གྱིས༔ དྲག་སྔགས་གཅིག་ཆོག་འདི་བཟླས་སོ༔ ཨོཾ་ལྷང་ལྷང་ཙེར་ཙེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ༔ ཐུཾ་ཐུཾ་གས་པུར་ནན་སོད་སོད༔ ཁྱུང་ནག་སྔགས་རྒོད་སྤུ་གྲི་འདི༔ ལུས་སེམས་སྔགས་ཆུ་ཟས་སྨན་ལ༔ བཏབ་ཅིང་ཁོང་དུ་ཡང་ཡང་བརྟེན༔ དེ་ཡི་ཕན་ཡོན་འདི་ལྟ་སྟེ༔ གག་ལྷོག་དང་ནི་གཟེར་ཐུང་དང་༔ ཆམ་པ་ཡོན་པོ་བྱིན་ལྷོག་དང ༔ རྒྱུ་གཟེར་ནག་པོ་སུམ་སྒྲིལ་དང༔ མགོ་ཡོར་འགོ་བའི་འམ་རིམས་ནད་ཡིན་ནོ་ཅོག༔ མཛེ་དང་དམུ་ཆུ་འབྲས་སྐྲང་འབྲུམ༔ ཀླུ་དང་ས་བདག་གནོད་པའི་རིགས༔ ལྷན་སྐྱེས་རྨ་བརྒྱད་མ་ལུས་པ༔ བསྲུང་དང་གསོ་གསད་ཐམས་ཅད་འགྲུབ༔ ཁྱད་པར་འབྲུམ་བུའི་རིགས་གཉན་ཆེན༔ ནད་རིམས་མཐའ་དག་བྱ་བརྒྱ་ནི༔ འུར་གཅིག་


MR11_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་དེད་པ་བཞིན༔ དྲག་སྔགས་གཅིག་པུ་འདི་ཡིས་འཇོམས༔ སྤྱིར་ནི་སྔགས་རྣམས་གང་ལ་ཡང༔ གོང་བསྙེན་ཚད་དུ་འཁྱོལ་བ་གཅེས༔ ཉ་སྟོང་དུས་ཆེན་རྣམས་དང་ནི༔ ཉི་ཟླ་གཟའ་ཡིས་ཟིན་པའི་དུས༔ ནན་གྱིས་བཟླས་པས་བཟླས་གྲངས་འཕེལ༔ སྔགས་ཀྱི་གྲངས་ཚད་རྫོགས་པར་འགྱུར༔ ནུས་བསྐྱེད་ཟ་ཡིག་དབྱངས་གསལ་འབུངས༔ ནུས་པ་འཕྲལ་འཕྲལ་རྩལ་བསྐྱེད་འགྱུར༔ ཐོ་རངས་ལྟོ་སྟོང་བཟླས་པ་དང་༔ མི་ཚིག་བར་མ་ཆད་པ་ལ༔ ནུས་པ་རྣོ་ཞིང་བྱིན་རླབས་ཆེ༔ ཐེ་ཚོམ་ཡིད་གཉིས་སྤངས་པ་དང་༔ སྒྲ་དག་གྲྭ་ཟུར་མ་ཉམས་དང་༔ བརྒྱ་སྟོང་ཁྲི་འབུམ་ནད་ཚབས་སྦྱར༔ མ་འགྲུབ་བར་དུ་ཡང་ཡང་བསྐྱར༔ འདི་དག་མན་ངག་ཀུན་གྱི་ཆིངས༔ ཁྱུང་ནག་དྲག་པོའི་སྤུ་གྲི་འདི༔ བསྲུང་དང་གསོ་དང་གསད་པ་གསུམ༔ ཅིག་ཆར་གྲུབ་པས་ཁྱད་པར་ཟབ༔ དུས་ངན་ཆུ་བྱི་ཆུ་གླང་ལོར༔ ནད་རིམས་མིང་མི་ཐོགས་པས་གང་༔ དེ་ཚེ་ཉམ་ཐག་སེམས་ཅན་དོན༔ བདུད་རྒན་ལས་རབ་རྩལ་གྱིས་སྤེལ༔ འགྲོ་བའི་སྡུག་བསྔལ་སེལ་བར་ཤོག༔ མངྒ་ལཾ།། །། ༈ ཡང་ནི་སྔགས་ཆེན་འདི་ཡང་ཁོང་དུ་བརྡེག༔ ཨོཾ་ནཱ་ག་ཤ་ར་སྟག་ཤ་སྐམ༔ མ་མ་ཀོ་ཤན་རྩ་རོ་ཁོད་ནི་བཛྲ་ཧཱུཾ་ཕཊ༔ སྔགས་ཆེན་འདིས་ནི་


MR11_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་གྱི་རིགས༔ མཐའ་དག་སྲུང་གསོ་གསང་བྱེད་མ་ཎི་བྷིརྨ་ཀ་ལས་ཐོབ་མཆོག༔ སྐྲངས་དང་ཆུ་སེར་ཐམས་ཅད་ཐུབ༔ ཉི་མ་བདུན་པས་ཚ་བ་ཡི༔ སྔགས་འདིས་རྒྱ་མཚོ་སྐེམ་ནུས་ན༔ ཆུ་སེར་ནད་ལ་སྨོས་ཅི་དགོས༔ ཞེས་སོ། །མངྒ་ལཾ།། །། ༈ རྟ་མགྲིན་ལས་ཚོགས་ཙཀྲའི་སྔགས་རྒོད་ནི༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛ་ཛ་ཧྲཱིཾ་ཧྲཱིཾ་རྦད་རྦད་རྦུད་རྦུད་ཉལ་ཉལ་ཉོབ་ཉོབ་ཙིར་ཙིར་སོད་སོད་ཧབ་ཧབ་ཧུབ་ཧུབ་ཆེམ་ཆེམ་མྱོག་མྱོག་མྱོས་མྱོས་རྨུགས་རྨུགས་ཤགས་ཤགས་ཀེ་ཀེ་ཚལ་ཚལ་ཐལ་ཐལ་དལ་བྷྱོ༔ ཡམས་བྷྱོ༔ འབྲས་གཟེར་བྷྱོ༔ འབྲུམ་གཟེར་བྷྱོ༔ ཀློག་གཟེར་བྷྱོ༔ རྒྱུ་གཟེར་བྷྱོ༔ སྙིང་གཟེར་བྷྱོ༔ ནཱ་ག་རཾ་རཾ་ཏྲི་ཙ་རྦད་རྦད་རཱ་ཛ་སོད་སོད་གཉན་ལ་ཆོམས་ཆོམས་ནཱ་ག་དུ་ཙནྡྷ་ཙནྡྷ་མི་ལི་མི་ལི་བནྡྷ་བནྡྷ་ནཱ་ག་ནི་མཱ་ར་ཡཱ་ཧཱུྃ་ཕཊ༔ ཅེས་མཛེ་དང་ལྷོག་པ་འབྲས་དང་འབྲུམ་ནད་གྲེ་ཐོག་སོགས་གཉན་ཤས་ཆེ་བའི་ནད་རིགས་དང་། མི་ཕྱུགས་ནད་རིགས་གང་ཡིན་ཀྱང་རིལ་བུ་དང་སྔགས་ཆུ་ཁོང་དུ་བཏང་བ་དང་བྱུགས་པ་སོགས་གང་རིགས་དང་། སྔགས་འབྲུ་བྲིས་པ་ལ་རྫས་རྒོད་བྱུགས་པ་ཟ་བ་དང་འདོགས་པ་གཉིས་བྱས་པས་ཕན་ནོ། །ཞེས་


MR11_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིག་འཛིན་ཆོས་རྒྱལ་གླིང་པའི་གཏེར་མ་རྟ་མགྲིན་པདྨ་དབང་ཆེན་གྱི་ལས་ཚོགས་ལས་ཕྱུངས་བལ་ཛ་ཡི་མདུན་ལུང་ཐོབ་པའོ། །རྫས་ནི། བོང་ང་། ཤིང་ཀུན། གུ་གུལ། གཅིག་སྒོག །མུ་ཟི་ནག་པོ། མཁན་དམར་རྩ། སྤྲུ་ནག །གླ་རྩི། ཤུ་དག་བཅས་དགུ་པོའོ། །མངྒ་ལཾ། །རྡོ་རྗེ་ཕྱེད་པའི་ལྟེ་བ་ནས་ཐོན་པའི་རལ་གྲི་བྲིས་པའི་དཀྱིལ་དུ། འདི་བྲིས་ཤིང་རྩེ་མོར་དང་། རྩེ་ནས་ཡིག་མགོ་ཕྱིར་བསྟན་ཙཀྲའི་སྔགས་རྒོད་མཐར་སྤེལ་ཚིག་བཅས་བྲི། ཡུ་བའི་ལྟེ་བར་ཧྲཱིཿཡིག་གི་མཐར་རྩ་སྔགས་བྲིས། ཨོཾ་སུ་པྲ་ཏིཥྛ་སོགས་བྲིས་ཏེ་རྫས་རྒོད་བྱུགས་རང་སྔགས་ཀྱིས་རབ་གནས་བྱས་པ་འཁོར་ལོ་བྲི་ཚུལ་ལོ། ༈ །ནད་བརྒྱ་སྔགས་གཅིག་བཞུགས། ན་མོ་གུ་རུ་བཛྲ་ཀཱི་ལ་ཡཱ་ཡ། ཕུར་པ་གབ་པ་འཁོར་ལོའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་རིགས་སྔགས་ནི། ཨོཾ་བྷུ་ཪྐུཾ་མ་ཧཱ་པྲཱ་ཎཱ་ཡ་བྷུ་ཪྩི་བྷུ་ཪྐི་བི་མ་ནཱ་སེ་ཨུ་ཙུཥྨ་{མེད་པའང་འདུག }མ་ཧཱ་བྷི་དྷ་ཀྲོ་དྷ་དྷཱི་ཀ་ཧཱུྃ་ཕཊ༔ ཨོཾ་ཤི་མ་ཤིང་གྷོ་ཁུང་ལིང་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ ཨོཾ་ར་ཁུང་ཧོར་ཏེ་ནི་


MR11_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཧོལ་ཡ་བྷྱོ༔ རཏྣ་ཁཱ་ཧི། བྷི་བྷི་མོ་ན་འཇིགས་གླིང་བི་མེ་ན་སེ་མོ་བྱས་པར་སྣང་། ཡ་མོ། ཤིང་མོ་ཀུ་ལུ་ཀུ་ལུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་རྐུཾ་མ་ཧཱ་པྲཱ་ཎཱ་ཡ་རྩི་རྑ་བི་མ་ན་སེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ རྐྱེན་ངན་ཐམས་ཅད་ཟློག་པའི་སྔགས་འདིས་གསོ་བར་འདོད་ན་གུ་གུལ་ལ་བརྒྱ་རྩ་བརྒྱད་བསྔགས་ཏེ་བསྲེགས་པའི་དུ་བས་བདུག་ན་ལུས་ན་བ་ཐམས་ཅད་སོས་པར་འགྱུར།སེར་བ་ལ་བསྡིག་མཛུབ་ཀྱིས་གཏད་པས་གློག་དང་འབྲུག་འབྲོས་པར་འགྱུར། རིམས་ལ་བྱ་ནག་མོའི་སྒོང་ཆུར་བཏབ་པ་འཐུངས་པས་སེལ། ཀླུ་རྟེན་ལ་ཐལ་བ་སྦལ་འདྲ་དཔྱད་གཙང་མར་སྔགས་བཏབ་དེའི་གཏོར་བའམ་སེམས་ལ་མྱ་ངན་མི་འབྱུང་། མཆེ་བ་ཅན་ལ་ཁམ་ཟན་ལ་བསྔགས་ནས་བྱིན་ནོ། །མིག་ལོང་པའི་ནད་ལ་ནད་པའི་མིང་ཤོག་བུར་བྲིས་ལ་ནད་པའི་མལ་འོག་བཅུག་ལ་སྔགས་བཏབ། ཀླད་གཟེར་ན་བར། གང་ན་སར་ཕུར་པ་ལ་སྔགས་བཏབ་སྟེ་བརྡེག་པའམ། སྨན་གུར་གུམ་མམ། ཙནྡན་ལ་བཏབ་པ་འཐུང་བྱུག་བརྡེག་བལ་གྱི་ནང་ཕབ་ཟན་ལ་བསྔགས་ཏེ་ཁུ་བ་བཙིར་ནས་བླུད། སྐྲང་པ་ལ་ཉིན་དང་མཚན་དུ་སྔགས་བཏབ་པས་ཐུབ། སྔགས་འདི་བྲིས་ནས་ར་ལུག་གི་སྐེར་བཏགས་ན་སྤྱང་ཀི་སོགས་སྲུང་། འབྲས་དང་ལྷོག་པར་གུ་གུལ་བསྔགས་པས་བདུག །ལིང་ཐོག་དང་


MR11_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྲིན་ལ་ཕུས་བཏབ་པ་སེལ། སོ་སྲིན་ལ་བཅར་ཏེ་ཐད་ཀར་སྔགས་བཏབ། ཆུ་འགག་ལ་གླ་རྩི་བ་ཡི་མར་སྦྱར་བར་བསྔགས་ཏེ་ལྟོར་བཏང་། སྦོས་པར་ཆང་དང་ཁྱིའུའི་དྲི་ཆུ་བསྲེས་པར་སྔགས་བཏབ་བརྟེན། འདྲེ་གདོན་ཆེ་ན་ཆུ་དང་ཡུངས་ཀར་ལ་བསྔགས་ཏེ་བླུད། ནད་གདོན་སྲུང་ན་སྔགས་བར་མེད་བཟླས་པའི་སྔགས་ཆུ་བླུད། སོས་ཀའི་སོ་གཟེར་དཔྱད་བྱ་དུས་སུ་ཉུངས་དཀར་ལ་སྔགས་བཏབ་པས་ཞོ་ཆང་སྲུང་། བ་ལང་ཁོང་ལོག་བྱུང་ན་ཉུངས་འཐུང་བྱུག ཀར་ལ་སྔགས་བཏབ་པ་ཐུབ། ཞིང་ལ་འབུ་སྲིན་གྱིས་ཟ་ན། ཡུངས་ཀར་ཆན་བསྲེས་ལ་བཏབ་སྟེ་ཞིང་གི་མཐའ་བསྐོར་བྱ། བང་མཛོད་ལ་གནོད་བྱེད་སྲུང་ན་ཙནྡན་ནམ་ཤུག་བྱང་སོར་བཅུ་གཉིས་པ་སྔགས་བྲིས་ལ། སྔགས་ལ་ཟེར། ཐོད་པ་མཚན་ལྡན་ནང་འབྲུ་ནག་གིས་བཀང་བར་གཞུགདར་ནག་གི་ཅོད་པཎ་བཏགས་ཏེ་ཁྲོ་བོ་ཧཱུྃ་ཀར་རམ་རྣམ་རྒྱལ་དུ་མངའ་གསོལ་ལ་བཞག་པས་སྲུང་། སྔགས་འདིས་སྤོས་ལ་བསྔགས་ནས་བསྲེག་པས་ལྷ་ཉེ་ཞིང་མཉེས་པར་བྱེད། ཕ་རོལ་སྨྲ་མི་ཤེས་པར་བྱ་ན། ཁོའི་མིང་རུས་ཁར་བཅུག་སྟེ་སྔགས་བཟླས་པས་འགྲུབ་བོ། །ཞེས་གསུངས། གཞན་ཡང་གཏེར་མ་སོགས་སུ་སྔགས་འདི་ལ་མང་ཉུང་དང་འདྲ་མིན་ཅི་རིགས་


MR11_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་བྱུང་བར་འདུག་ལ། རྡོ་རྗེ་གཞོན་ནུ་དང་ངོ་བོ་གཅིག་པ་སྲས་མཆོག་སྨེ་བ་བརྩེགས་པའི་སྔགས་འདི་གྲིབ་དང་མི་གཙང་བ་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པ་ལྷ་ཀླུ་སྡེ་བརྒྱད་འཁྲུགས་པ་ཞི་བར་བྱེད་པ་གདོན་ཐམས་ཅད་དང་བྱད་སྟེམས་དང་འཇིགས་པ་མཐའ་དག་བཟློག་པ་ནད་བརྒྱ་སྔགས་གཅིག་ལས་སྣ་ཚོགས་ཤིན་ཏུ་མང་པོ་བྱེད་པའི་རིགས་སྔགས་ཁྱད་པར་ཅན་ཡིན་ནོ། །རྒྱུད་དང་རིག་འཛིན་འཇིགས་མེད་གླིང་པའི་ཕུར་པ་རྒྱུད་ལུགས་ཀྱི་ལས་ཚོགས་སུ་བཀོལ་བ་དང་། གཏེར་མ་འགའ་སོགས་དཔེ་བསྡུར་ནས་མི་ཕམ་པས་བཀོད་པ་དགེའོ། །མངྒ་ལཾ།། །།དེ་ལྟར་ནད་གདོན་སྤྱི་སྔགས་ཟབ་མོ་འདི་རྣམས་ཡོངས་གྲགས་མྱོང་གྲུབ་ཅན་ཡིན་པས་སྐབས་འདིར་ཚན་པ་བཅུ་གཅིག་པོ་འདི་ཙམ་ཞིག་བཀོད་པ་ཡིན་ལ། སྔགས་འདི་རྣམས་ལས་རང་གང་ལ་མོས་པ་གཅིག་གཙོ་བོར་བཟུང་ནས་བཟླས་གྲངས་སོགས་རིམ་བཞིན་ནུས་པ་ཆེ་བར་མཐོང་ལ། གཅིག་བས་གཅིག་བསྡམ་གྱི་བློ་སྣ་མང་ན་དེ་ཙམ་ནུས་པ་མི་ཐོན་པ་ནི་སྔགས་ལ་ཁྱད་པར་མེད་ཀྱང་རང་སྔགས་གཅིག་ལ་གཅིག་ཆོག་ཏུ་ཡིད་ཆེས་བཀལ་མ་ཐུབ་པའི་སྐྱོན་ཡིན། དེ་ནི་འདི་ཙམ་དུ་མ་ཟད་ལྷ་དང་སྔགས་བསྒྲུབ་པ་ཐམས་


MR11_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཡང་འདྲ་སྟེ། རང་གི་ལྷ་སྔགས་ལ་ཡིད་ཆེས་ཤིང་། ལྷ་སྔགས་གཞན་མི་འཚོལ་བའི་བློ་དང་ལྡན་ན་སྔགས་འགྲུབ་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་བཞིན་ནོ། །འོན་ཀྱང་ནད་སྣ་ཚོགས་ཀྱི་སྔགས་དང་། ལྷ་སྔགས་སྣ་ཚོགས་ལ་བསྙེན་བཟླས་སོང་ན་ཡང་ལེགས་པ་ལས་འགལ་བ་མེད་པ་ནི་སྨྲོས་མ་དགོས་ཀྱང་། ལྷ་དང་སྔགས་ཀྱི་རྣམ་གྲངས་ཐམས་ཅད་བཟླ་ཚོད་མེད་ལ། བཟླ་ཡང་མི་དགོས་ཏེ། རང་གི་ལྷ་སྔགས་གང་ཡིན་ལྷ་སྔགས་ཀུན་གྱི་ངོ་བོར་མོས་པ་ཡོད་ན་དེ་གཅིག་པུས་ཆོག་པ་ནི་སྔགས་ཀྱི་ལམ་ཞུགས་ལ་མན་ངག་གི་གདམས་པ་ཟབ་མོ་ཡིན་ནོ། །དེ་ལྟར་ཡང་དཔུང་བཟང་གིས་ཞུས་པ་ལས། རྡོ་རྗེ་མཚོན་མེ་གནམ་ལྕགས་མཐུ་འདྲ་བའི། །གསང་སྔགས་མེ་ཡི་འཇིག་རྟེན་མཆོག་སྦྱིན་མཛད། །འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང་། །སྡུག་བསྔལ་སེལ་ཞིང་སྡིག་འཇོམས་གཞན་མེད་དོ། །ཞེས་དང་། གསང་སྔགས་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། །གང་ཞིག་སྡུག་བསྔལ་གང་ཞིག་འཇིགས་སྐྲག་པའམ། །རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི། །འགྲོ་བའི་ཚོགས་ཆེན་མཐའ་དག་སྐྱོབས་པར་མཛད། །ཅེས་གསུངས་པ་ལྟར། རྒྱལ་བ་དང་རྒྱལ་སྲས་རིག་པ་


MR11_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གྲུབ་པའི་གསང་སྔགས་ཟབ་མོ་འདི་ལྟ་བུ་རྣམས་དུས་སྙིགས་མ་ནད་གདོན་གྱི་ཡོ་ལང་འཁྲུགས་པའི་སྐབས་སུ། སྐྱབས་དང་དཔུང་གཉེན་དམ་པ་ཡིན་པས། གཞན་ལ་ཕན་འདོད་ཀྱི་བསམ་པས་སྤྱི་སྔགས་དང་ནད་སྔགས་སོགས་རྣམ་པ་དུ་མ་ནན་ཏན་ཆེན་པོས་དཔེ་བསྡུད་པ་དེའི་བསྡུར་སོགས་ཀྱི་རྩོམ་པ་བགྱིད་པ་པོ་ནི་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་སྟེ། འདིས་ཀྱང་མཐའ་ཡས་པའི་སྐྱེ་དགུ་རྣམས་ལ་ཕན་པ་རྒྱ་ཆེན་པོ་བྱེད་པར་ཤོག་ཅིག །མངྒ་ལཾ། །


previousནད་བརྒྱ་སྔགས་གཅིག་སྐོར།next