Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། ཀེག་རྩིས་འཆི་མེད་བཅུད་ལེན།
   


 
previousནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། ཀེག་རྩིས་འཆི་མེད་བཅུད་ལེན།next

ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། ཀེག་རྩིས་འཆི་མེད་བཅུད་ལེན།


MR12_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། ཀེག་རྩིས་འཆི་མེད་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །


MR12_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་སྙིང་རྗེ་ཟུང་དུ་འཇུག་པའི་གཟུགས། །འཆི་མེད་དངོས་གྲུབ་སྩོལ་བ་ལྷག་པའི་ལྷ། །མངོན་ཤར་བླ་མ་མཆོག་དང་དབྱེར་མེད་པས། །ཚེ་དཔལ་བསོད་ནམས་ཕུན་ཚོགས་དགེ་ལེགས་སྩོལ། །དེང་འདིར་འགྲོ་ཀུན་འབྱུང་ལྔ་ལ། །ཕན་གནོད་འབྱུང་ལྔའི་བྱེད་ལས་ཀྱིས། །ལོ་གཅིག་བདེ་སྡུག་བྱེད་ཚུལ་ཀུན། །གསལ་བྱེད་ཀེག་རྩིས་ཉུང་ངུར་སྤེལ། །དེ་ཡང་ཞེ་བདུན་སྙིང་པོ་ནི། །གནམ་ལོ་ལོག་མིན་སྤར་སྨེ་དང་། །དར་རྒུད་དུས་ཚོད་རྩ་རྡིལ་དྲུག །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །འཐབ་པའི་གཅོད་འབྲལ་ཉི་ཤུ་བཞི། །མ་འཕྲད་དཀར་གསུམ་གྲོགས་འཕྲད་ལ། །དཀར་གཉིས་བུ་འཕྲད་དཀར་ནག་ཟུང་། །དགྲ་དང་འཕྲད་ན་ནག་པོ་གཉིས། །ས་ཆུ་ནང་འཕྲད་དཀར་པོ་རེ། །མེ་ལྕགས་ཤིང་གསུམ་ནག་རེ་བོར། །དར་གུད་བཟང་དྲུག་གོ་རིམ་བཞིན། །རྡེའུ་དཀར་པོ་གསུམ་གཉིས་གཅིག །ངན་དྲུག་རབ་འབྲིང་ཐ་མ་གསུམ། ཕྱེད་མ་དཀར་ནག་གཉིས་ནག་གཅིག་ནག་


MR12_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ། །ཁ་དམར་རྡེའུ་བཞག་པའི་ཚུལ། །གནས་སམ་སྐོ་མགོའི་གྲངས་བགྲང་བའི། །གང་མང་དཀར་པོ་དཀར་གཅིག་ཁ་དམར་རྡིལ་བོར་བྱ། །སྲོག་རྡིལ་སྲོག་དགྲ་ཡོད་མེད་གཙོ། །ལུས་རྡིལ་ན་ཚ་ཡོད་མིན་དང་། །དབང་རྡིལ་ཟ་ཐང་ཆེ་ཆུང་དང་། །ཀླུང་རྡིལ་མི་ཁ་ཆོག་མིན་གཙོ། །གཞན་ཡང་སྐྱེས་བ་སྲོག་ཉིད་གཙོ། །བྱིས་པ་ལུས་དང་བུད་མེད་དབང་། །ཡ་རབས་ཡོན་ཏན་ཅན་ཀླུང་རྟ། །སྲོག་རྡིལ་དཀར་པོ་གསུམ་བབས་ན། །ཚེ་ཡི་གཡུང་དྲུང་མི་ཤིག་བརྟན། །དཀར་པོ་གཉིས་བབས་དེ་ཡང་བཟང་། །དཀར་གཅིག་བར་ཆད་མི་འོང་ཙམ། །སྲོག་རྡིལ་ནག་པོ་གཉིས་བབས་ན། །ཚེ་ཆོག་བླ་བསླུ་ཚེ་གཟུངས་འདོན། །སྲོག་བསླུ་དང་ནི་དུར་སྲི་མནན། །ནག་གཅིག་བླ་བསླུ་བརྒྱ་བཞི་དང་། །ཚེ་ཆོག་སྲི་མནན་མལ་ས་སྤོ། །སྲོག་རྡིལ་དཀར་ནག་གཉིས་བབས་ན། །གོད་ཟློག་མཆོད་རྟེན་སྐུ་དཀར་གསོལ། །ལུས་རྡིལ་དཀར་པོ་གསུམ་བབས་ན། །ལུས་ལ་


MR12_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ནད་མེད་སྡུག་བསྔལ་མེད། །དཀར་གཉིས་བབས་ན་དེ་ཡང་བཟང་། །དཀར་གཅིག་བབས་ན་སྐྱོན་མེད་ཙམ། །ལུས་རྡིལ་ནག་པོ་གཉིས་བབས་ན། །གཏར་བསྲེགས་མ་བྱེད་ལུས་བསྒྱུར་བྱ། །སྐྱབས་འགྲོ་དབང་ཞུ་ལམ་འཕྲང་བཅོས། །རྟེན་ལ་མར་མེ་ན་བཟའ་འབུལ། །མཆོད་རྟེན་ཞིག་གསོས་སཱཙྪ་འདེབས། །ནག་གཅིག་ལུས་བསྒྱུར་འཁོར་ལོ་གདགས། །སྡོམ་པ་བསྲུང་ཞིང་ལུས་བསྐྱེད་བྱ། །དཀར་ནག་གཉིས་བབས་མཆོད་སྦྱིན་བརྩོན། །དབང་རྡིལ་དཀར་གསུམ་ལོ་ཕྱུག་ལེགས། །བསམ་དགུ་འགྲུབ་ལ་དཀར་པོ་གཉིས། །དགོས་དགུ་ངང་གིས་རྙེད་པས་བཟང་། །དབང་རྡིལ་དཀར་པོ་གཅིག་བབས་ན། །ཁ་རྗེ་ཟ་ཐང་འབྲིང་པོ་ཡིན། །དབང་རྡིལ་ནག་པོ་གཉིས་བབས་ན། །ནོར་འཆོར་གོད་ཁ་སྟོར་བརླག་ཡོང་། །དབུགས་ཅན་ཚོངས་མ་དབུགས་མེད་བསྲེལ། །དཀོན་མཆོག་མཆོད་ཅིང་ཆབ་གཏོར་བཏང་། །གཡང་ལེན་བྱིས་སྟོན་སཱཙྪ་གདབ། །ནག་གཅིག་གཡང་ལེན་གུད་པ་གསོ། །དབང་བསྐྱེད་ཕྱེད་མར་དཀར་ནག་གཉིས་མར་དེ་མཚུངས་སྦྱར། །ཀླུང་རྡིལ་དཀར་པོ་གསུམ་བྱུང་ན། །སྙན་པའི་དར་ཕྱར་ཁ་སྨྲས་མེད། །བྱ་བ་གང་བརྩམ་འགྲུབ་པ་ཡིན། །གཉིས་བབས་འགྲན་ན་གཞན་ལས་རྒྱལ། །གཅིག་བབས་དགྲ་ངོ་བརྩོད་ངོ་མེད། །ནག་གཉིས་དགྲ་རྐུན་གྱོད་ཀྱི་ངོ་། །དགྲ་སྲི་མནན་ཅིང་དགྲ་བཟློག་བྱ། །ཀླུང་བསྐྱེད་ལམ་བཅོས་དགྲ་མདོས་བཏང་། །ནག་གཅིག་སཱཙྪ་ཆུ་གཏོར་བཏང་། །མི་ཁ་བཟློག་ཅིང་ཀླུང་རྟ་བསྐྱེད། །དཀར་ནག་གཉིས་བབས་ཉེ་འབྲེལ་སྡང་། །མི་ཆེན་བྱམས་ཀྱང་ངན་པས་འཚེ། །དགྲ་ལ་བྱོལ་ཞིང་གཙུག་ཏོར་འདོན། །སྲོག་


MR12_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དབང་ཀླུང་རྡེའུ་ནི། །བཞི་ཆར་དཀར་ན་ཉེས་མེད་ཀྱང་། །འཁོན་གྲིབ་ལྷ་ཁྲོས་ངོ་ཆེ་བས། །གྲིབ་དང་མི་གཙང་བ་ལ་འཛེམ། །ཁྲུས་དང་སྐོང་བཤགས་ལྷ་གསོལ་གྱིས། །བཞི་ཀ་ནག་ན་ན་ཤིའི་ངོ་། །འབུམ་འདོན་སཱཙྪ་རིགས་ལྔ་གདབ། །བྱེས་སུ་འབྲོས་ན་ཕན་པར་བཤད། །ལོག་མིན་ཁྱད་པར་ཕོ་གནམ་སྒོ་བྱེ། །མོ་གནམ་སྒོ་འབྲུག་ལ་བབས་པའི་དུས། །ཁང་ཐོག་བཤུ་འབུབ་ལ་སོགས་འཛེམ། །གནམ་སྒོ་སྡོམ་གཏོ་བརྒྱ་བཞི་དང་། །གཙུག་ཏོར་ནམ་མཁའི་སྙིང་པོ་འདོན། །ཕོ་ཕག་མོ་སྦྲུལ་ས་སྒོ་སྟེ། །ས་ལས་སོགས་འཛེམ་ས་སྒོ་སྡོམ། །རྨ་བྱའི་གཟུངས་ཚར་བཅུ་བདུན་དང་། །ཏོག་གཟུངས་ས་ཡི་སྙིང་པོ་བཀླག །སྟག་ཡོས་ལ་བབ་བཟང་བའོ། །བྱ་སྤྲེལ་བཟའ་ཚང་བྱེ་འཐབ་ངོ་། །རང་འཐག་ཁ་ཕྱེ་ཞག་གསུམ་བཞག །ཚེ་དབང་ཞུ་ཞིང་ཟོར་མདོས་བཏང་། །གླང་ལུག་གྱོད་དང་སྟོར་གོད་འོང་། །སཱཙྪ་དགྲ་བཟློག་འབུམ་ནོར་རྒྱུན། །གཡང་སྐྱབས་བསང་མཆོད་གོད་མནན་སྒྲུབ་བྲུབ་ཡིན་ནམ་དཔྱད། །བྱི་རྟ་ཁ་སྨྲས་འཐབ་རྩོད་ངོ་། །རྡོ་རྗེ་སྡེར་མོ་གཙུག་ཏོར་དང་། །དགྲ་མནན་དགྲ་བྲུབ་བརྒྱ་བཞི་བྱ། །དེ་ནས་རྩུབ་བདུན་བཤད་པར་བྱ། །༡རང་ལོ་ཤར་ན་རང་ཀེག་རྩུབ། །ཚེ་དབང་ཚེ་སྙིང་གཡང་སྐྱབས་དང་། །འབུམ་དང་ཉི་ཁྲི་གཙུག་ཏོར་འདོན། །བརྒྱ་བཞི་དགེ་སློང་བཞི་སྡེ་མཆོད། །རང་ལོའི་བདུན་ཟུར་༢༥༦༧ ༥༦༧ གནམ་ཤར་འཛེམ། །མཆུ་གསུམ་སྟོབས་ཆེན་དཔུང་རྒྱན་དང་། །ཏོག་གཟུངས་བཀླགས་ཤིང་དགྲ་ལྷ་དང་། །དགྲ་བཟློག་བཙན་མཆོད་ལམ་འཕྲང་


MR12_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས། ལོ་གྲངས་སཱཙྪ་བདུད་གཅོད་མར་མེ་ནི། །ལོ་གྲངས་འདྲེ་ལྔའི་ཕྱོགས་སུ་བསྐྱལ། །ཁྱིམ་མཚེས་ཀྱིས་རྩུབ་ཤིང་བྱི་ཕོ་ལོ་ལ་གཉིས་དང་རེ་གཉིས། མོ་ལོ་ལ་དྲུག་ཅུའི་དུས་ལ། ཤིང་གླང་ལྟ་བུ་གནམ་ཤར་དུས། །འགྲོས་སྤང་གཡང་ལེན་ཚེ་ཆོག་བྱ། །༤མཐུན་གསུམ་སྟག་རྟ་ཁྱི་བཞིན་ཁང་ལས་རོ་བག་བསྲུང་། །བརྒྱ་བཞི་དགྲ་ལྷ་གཡང་སྐྱབས་བྱ། །༥གཟའ་མི་སྦར་སྤུངས་གཟའ་ཤུག་སྟེ། །གང་སྤུངས་རིམ་༧ ༣༢༡༡ ༥གྲོ་སྤར་སྨེ་བཞིན། །བྱེས་སུ་འབྲོས་དང་གཟའ་མི་བྲལ། །ཕ་མེས་ཤི་བའི་ལོ་གྲངས་དང་། །ལོག་མེན་སྤར་སྨེ་བབས་པའི་དུས། །༦སྲི་ངན་དུར་ཁ་རྒྱས་འདེབས་བྱ། །ས་ལས་སྤང་ལ་དུར་མཚུན་གསོལ། །དུར་ས་སྤོ་ཞིང་ཕལ་ཆེན་བཀླག །༧གསང་ཀེག་རྐུན་བུས་རྩུབ་པ་ནི། །རང་སྐྱེས་མ་ལོར་གཅིག་བསྣན། བུ་ལོ་ལ་ཕྲི་སྦར་སྟེང་སླེབ་དུས་ཡིན། །འདི་ནི་མ་ཚོར་ཤིན་ཏུ་གནོད། །ནད་པའི་སྔས་སུ་འགྲུལ་འགྲིམ་དང་། །མྱ་ངན་མི་བྱ་མནའ་སྐར་སྤང་། །ཚེ་མདོ་འབུམ་བཀླག་བདུད་མདོས་བྱ། །ཡང་བཞི་ཕག་ལ་སྤྲེལ་ལྟ་བུ། གནམ་ཤར་ན་རེས་ཏེ། །ཉི་ཁྲི་འདོན་ཅིང་མར་བཞི་ཕག་ལ་སྟག་ལྟ་བུ་ལ། །འཆི་རེས་ཡིན་ནོ་ཚེ་ཆོག་འབད། །ལི་བབས་སྤང་ཁ་སེར་དུས་གཉན། །བག་མ་སྦྱིན་སྲེག་རོ་སྲེག་དང་། །དམར་ལས་རྫས་དམར་ཞྭ་ཕྱིང་འཛེམ། །ཕྱོགས་ངན་ནུབ་དང་ནུབ་བྱང་བསྲུང་། །གཙུག་ཏོར་རྣམ་འཇོམས་ཚེ་དཔག་མེད། །གཟའ་ཡུམ་བརྒྱད་སྟོང་འབུམ་ཉི་ཁྲི། །སྡུད་པ་འདོན་ལ་བཙན་མདོས་དང་། །དབང་ཕྱུག་མ་ཡི་ཟོར་མདོས་བརྫང་། །རྣམ་འཇོམས་དབང་ཁྲུས་ཚེ་དབང་ཞུ། བསྐང་བཤགས་བྱ། ཁྱད་པར་བྱ་སྤྲེལ་རྟ་སྦྲུལ་དང་། །བྱི་ཕག་ཁྱི་ལོར་བབས་ན་རྩུབ། །ཁོན་


MR12_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རོལ་སོལ་ཁ་ནག་གཉན། །ས་ལས་ཁང་ལས་རོ་བག་འཛེམ། །ཕྱོགས་ངན་བྱང་དང་ཤར་ལྷོ་བསྲུང་། །བསྐལ་བཟང་གྲ་ཏོག་ས་སྙིང་པོ། །ཕལ་ཆེན་བཟང་སྤྱོད་བརྒྱད་སྟོང་འདོན། །བདུད་མདོས་བརྒྱ་བཞི་ས་སྒོ་བསྡམ། །སྦྱིན་སྲེག་གསུམ་པའི་བཅུ་དགུ། རྟེན་ལ་མར་མེ་འབུལ། །ཀུན་རིག་དང་ནི་ཚེ་དབང་ཞུ། །ཁྱད་པར་བྱི་ཕག་སྟག་ཡོས་དང་། །རྟ་སྦྲུལ་གཤེད་བཞི་ལོ་པར་གནད། །དྭ་ནི་འཁྱགས་པ་བཅུ་པའི་ནང་ཁྲལ་ཁྲོལ་གཉན། །སྦྱིན་སྲེག་རོ་སྲེག་མགར་ཚངས་འགྲིམ། །དམག་དང་གཉན་བསྡེབ་འཐབ་རྩོད་སྤང་། །མདའ་གྲི་ལྕགས་དཔྱད་མི་ཉོ་དང་། །ཤར་དང་ལྷོ་ཡི་ཕྱོགས་བསྲུང་ཞིང་། །དཀོན་བརྩེགས་ལྕགས་མཆུ་ཚེ་གཟུངས་ཏོག །རྡོ་རྗེ་མཆུ་དང་མཚན་བརྗོད་འདོན། །དགྲ་ལྷའི་གྲལ་མདོས་པེ་ཧར་མདོས། །ས་བདག་སྙིང་བཅོས་ཐེའུ་རང་མདོས། །འཇམ་དབྱངས་དབང་ཞུས་སཱཙྪ་འདེབས། །སྟག་ཡོས་རྟ་སྦྲུལ་བྱ་སྤྲེལ་ཁྱི། །འབྲུག་ལུག་ལོ་ཕྱིན་ལྷག་པར་རྩུབ། །ཁེན་ལ་གནམ་སྔོ་ས་སྔོ་གཉན། །ཁང་ཐོག་བཤུ་འབུབས་ལ་བཙས་སྒྲོན། །ཁྱི་ཁང་དཀོར་རྫས་བོན་ནོར་འཛེམ། །ལྷོ་ཤར་ཕྱོགས་བསྲུང་ཉི་ཁྲི་དང་། །གསེར་འོད་སྣང་བརྒྱད་རྒྱལ་མདོ་ལྔ། །ལྕགས་མཆུ་ཤེར་སྙིང་ནམ་སྙིང་འདོན། །དུར་སྲི་མནན་ཅིང་རྒྱལ་ཐིལ་མདོས། །ལྷ་གསོལ་སཱཙྪ་ས་སྒོ་གནམ་བསྡམ། །གཟའ་ཡུམ་ཀུན་རིག་དབང་ཞུ་བྱ། །ཁྱད་པར་འབྲུག་སྦྲུལ་རྟ་ལུག་ཁྱི། །བྱ་སྤྲེལ་བྱི་ཕག་གླང་ལོར་འཛེམ། །ཁམ་ནི་ཆུ་བོ་གཞུང་རྒྱས་རྩུབ། །ཆུ་གཉེན་འབྲུ་ལས་ཆུ་ཆེན་བརྒལ། །སྨད་གོས་གཤམ་ནག་


MR12_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲ་ཕྱར་འཛེམ། །ཕྱོགས་ངན་ལྷོ་ནུབ་བྱང་ཤར་བསྲུང་། །སྤྲིན་ཆེན་གསེར་འོད་རྣམ་འཇོམས་དང་། །སྐོང་བཤགས་ཀླུ་འབུམ་ལྕགས་མཆུ་འདོན། །ཀླུ་བཅོས་མཚོ་སྨན་གུར་མདོས་བྱ། །ཕྱག་རྡོར་དབང་ཞུ་རྟ་ལུག་སྦྲུལ། །བྱ་སྤྲེལ་གླང་ལུག་ལོ་བབ་ངན། །གིན་ནི་ཆུ་བོ་དར་ཆགས་གཉན། །མཁར་ལས་འཁོན་བར་བན་བོན་སྤང་། །ཤར་ལྷོ་ཕྱོགས་བསྲུང་རི་རབ་ཟོམ། །གླང་རུ་ལུང་བསྟན་བརྒྱད་སྟོང་འབུམ། །མཆུ་གསུམ་གཙུག་ཏོར་གཏོར་མ་བཏང་། །སྤྱི་གླིང་བཞི་མདོས་ཚེ་ཆོག་སཱཙྪ་གདབ། །གུར་དྲག་དབང་ཞུ་གཤེད་བཞི་དང་། །སྟག་ཡོས་རྟ་སྦྲུལ་ཕག་ལོ་བ། །བྱ་སྤྲེལ་བབ་ན་ཤིན་ཏུ་རྩུབ། །ཟིན་བབས་ཤིང་རྩི་ཁ་འབུར་གཉན། །ཤིང་གཉན་གཅོད་དང་རྡོ་གཉན་གཤོག །ཤིང་འདྲེན་ཤིང་བཟོའི་ལག་ཆ་འཛེམ། །ཕྱོགས་ངན་ནུབ་དང་ནུབ་བྱང་བསྲུང་། །སྡོང་རྒྱན་ཉི་ཁྲི་ལྟུང་བཤགས་དང་། །གཟུངས་འདུས་སྟག་ཞུས་མཚན་བརྗོད་འདོན། །བརྟན་མདོས་མ་ཀླུ་མདོས་ཆབ་གཏོར་བཏང་། །མི་གཡོ་ལོ་གྱོན་མའི་དབང་ཞུ། །བྱ་སྤྲེལ་བྱི་ཕག་གཤེད་བཞི་དང་། །སྟག་ཡོས་ལོ་བ་ཁྱད་པར་རྩུབ། །ཟོན་ནི་རི་འཁྱགས་བདུན་པའི་བཅོ་བརྒྱད་ཀླུང་འཁྱགས་གཉན། །རྩ་སྤྱིལ་འཇིག་དང་བག་མ་མནའ། །ཡུ་གཟའ་གསེར་དངུལ་སྐྱོན་ཅན་འཛེམ། །ཕྱོགས་ནི་བྱང་ཤར་ལྷོ་ནུབ་བསྲུང་། །བརྒྱད་སྟོང་གཙུག་ཏོར་རིམས་བཟློག་གཟུངས། །ཤེས་རབ་ཁྲི་བ་ཁྲག་མདོས་བཏང་། །ཆུ་གཏོར་བྱིས་སྟོན་རྒྱལ་བསེན་བཅོས། །ཡུམ་ཆེན་ཀུན་རིག་དབང་ཡང་ཞུ། །སྟག་ཡོས་བྱ་སྤྲེལ་གཤེད་བཞི་དང་། །བྱི་ཕག་རྟ་སྦྲུལ་ལི་ལོ་ཡིན་ནམ་དཔྱད་


MR12_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བབ་གཟན། །སྤར་ཁ་སྲོག་མ་བབས་པ་ན། །གནམ་སྒོ་སྲོག་བུ་ས་སྒོ་ཡིན། །ཀུན་གྱི་གནམ་སྒོ་ཁེན་ཡིན་ལ། །ས་སྒོ་ཁོན་ཡིན་རང་གཏོ་བསྐྱེད། །སྤར་ཁའི་བཟང་བཞིའི་ཕྱོགས་བཟང་ཞིང་། །ངན་བཞི་ངན་པའི་འཛེམ་བྱ་གནད། །སྤྱིར་ནི་གཟའ་ཚང་སྤར་ཁ་དག །ལི་སོགས་སོ་སོར་མང་སྤུངས་བ། །ཕྱོགས་བཞིར་སྤུངས་པ་མདེལ་བར་དང་། །མཚམས་བཞིར་སྤུངས་པ་མདེལ་རྩེ་ཡིན། །ཤར་གསུམ་ནུབ་གསུམ་གདགས་སྲིབ་བྱེ། །ལྷོ་བྱང་སྤུངས་པ་བྱེ་བྲལ་དང་། །སྟོད་གསུམ་བབས་པ་འདོམ་འཇལ་ཏེ། །སྨད་གསུམ་གྱང་ལག་ལྷུང་ཞེས་དང་། །གཡས་གསུམ་ཁ་ཡོལ་གཡོན་གསུམ་བབས། །ངོ་མ་སྙོམ་ཞིང་དེ་དག་ངན། །བརྒྱད་པོ་ཀུན་བབས་རྒྱ་སྒོ་འགག །གཅིག་བྱེ་བདུད་ཀྱི་སྒོ་མོ་བྱེ། །གཞན་ཡང་ལི་ཁམ་དྭ་ཁེན་གཉིས། །ཁེན་ཟིན་གིང་ཁོན་ཁེན་ཁོན་གཉིས། །ལི་ཁེན་ཁོན་ཁམ་ལི་དྭ་གཉིས། །གིང་ཟོན་ཁེན་ཁམ་ཁོན་ཟོན་གཉིས། །གིང་ཁེན་རྣམས་ཏེ་གཉིས་རེག་དག །གཟའ་མི་སོ་སོར་སྤུངས་པ་ངན། །དེ་ལྟར་སྤུངས་ཆར་དེ་རྣམས་ལ། །སྤར་ཁ་རང་རང་རིམ་གྲོ་འབད། །སྲོག་དགྲའི་སྤར་བབས་གནམ་གྱི་ལོ། །དགྲ་གཤེད་ཤར་པ་འཛོལ་རྡིབ་ཡིན། །ཚེ་ཆོག་བླ་བསླུ་དགྲ་བཟློག་བྱ། །སྨེ་བ་གཅིག་དཀར་མ་བབས་ན། །མི་གཙང་རོ་བག་འཁོན་རིགས་འཛེམ། །གསེར་འོད་ལང་གཤེགས་ཁྲུས་བསྐང་བཤགས། །རྒྱལ་པོ་གནམ་ཐིལ་བཙན་མདོས་རྒྱལ་བསྲུང་འདོགས། །གཉིས་ནག་སྐྱས་ནག་ཁང་ལས་འཛེམ། །ཏོག་གཟུངས་གཙུག་ཏོར་དཀར་ནག་འབུམ། །བཀླག་ཅིང་མ་


MR12_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་གླུད་མདོས་ཐོང་། །མལ་ས་སྤོ་ཞིང་བརྒྱ་བཞི་བྱ། །གསུམ་མཐིང་མཁར་ལས་སྐྱས་ནག་བསྲུང་། །ཤེར་ཕྱོགས་གཙུག་ཏོར་སཱཙྪ་འདེབས། །མཚོ་སྨན་མདོས་དང་བརྒྱ་བཞི་བྱ། །བཞི་ལྗང་མནའ་བཀར་ས་སྒོ་དང་། །ཤིང་གཉན་གཅོད་སྤངས་ཆུ་གཏོར་བཏང་། །ཀླུ་འབུམ་མཚོ་སྨན་མདོས་ཀྱང་བྱ། །ལྔ་སེར་དཀོར་རྫས་བཙུན་ཧྲུལ་འཛེམ། །གཙུག་ཏོར་མཚན་བརྗོད་གྲྭ་ལྔ་འདོན། །མ་རྒྱལ་མདོས་རྫོང་སཱཙྪ་འདེབས། །དྲུག་དཀར་རོ་བག་མི་གཙང་གཟབ། །ཁྲུས་དང་གྲིབ་སེལ་སྐོང་བཤགས་དང་། །ཉི་ཁྲི་སྤང་སྐོང་བྱིས་སྟོན་བྱེད། །བདུན་དམར་གཏར་བསྲེག་མནའ་སར་འཛེམ། །ཤེར་ཕྱོགས་འདོན་ལ་བཙན་མདོས་རྫོང་། །བརྒྱད་དཀར་འཁོན་གྲིབ་རོ་བག་འཛེམ། །ལྷས་ཞུས་མདོ་འདོན་སྐོང་བཤགས་དང་། །ལྷ་མཚུན་གསོལ་ལ་ཁྲུས་ཀྱང་བྱ། །དགུ་དམར་ནད་དང་དམར་ལས་གཟབ། །གཡང་སྐྱབས་རྒྱལ་མདོས་མ་བཙན་མདོས། །དེ་ནས་སྨེ་བའི་ཀེག་ཕྲན་བཞི། །བབས་སྨེ་གནམ་སྨེར་སོང་ཁང་ཀེག །ནད་ངོ་ཡོད་པས་གསེར་འོད་འདོན། །སྐྱེས་སྨེ་བབས་ནམ་ལ་ཀེག་སྟེ། །མལ་ས་དང་ནི་སྒྱེད་པུ་སྤོ། །སྤྱི་དགོས་གཉིས་འདེ་གནམ་སྨེ་དང་བབས་སྨེ་གཉིས་ཀར་བརྩི་ནག་ལ་བབས་ན། །ཡུལ་ཀེག་སྨེ་བཅོས་སོ་སོར་སྦྱར། །སྐྱེས་སྨེའི་དགྲ་རུ་བབས་སྨེ་སོང་། །རྒྱ་འགགས་ངར་གླུད་ཕྱོགས་དེར་བཏང་། །སྨེ་ཀེག་སོ་སོར་རང་གཏོ་སྦྱོར། །སྨེ་བའི་གནམ་སྒོ་དྲུག་དཀར་དང་། །གཉིས་ནག་ས་སྒོ་སྤྱི་དང་ནི། །ཁྱད་པར་ཕོ་ཡིའོ་མོ་གནམ་ནི། །གཅིག་དཀར་ས་སྒོ་བཞི་ལྗང་ཡིན། །གསང་བ་དར་གུད་སྲོག་ལུས་དང་། །དབང་ཀླུང་བཞི་ཀ་གནམ་ལོར་གཏུག །


MR12_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དྲུག་བཟང་ལ་ངན་དྲུག་ངན། །ཁྱད་པར་ན་ཤི་དུར་གསུམ་ངན། །སྲོག་གུད་ཆོ་ཕྱོགས་ཆོག་བླ་བསླུ་དང་། །ལུས་གུད་མཆོད་རྟེན་ན་བཟའ་གསོལ། །དབང་གུད་ནོར་སྒྲུབ་གཡང་སྐྱབས་དང་། །ཀླུང་གུད་དགྲ་མནན་སཱཙྪ་གདབ། །དེ་ནས་དགུ་མིག་དུར་མིག་བཤད། །དགུ་མིག་ལ་ཡང་རྣམ་པ་དྲུག །དང་པོ་རྐྱང་པའི་དགུ་མིག་ནི། །དགུ་དང་བཅོ་བརྒྱད་ལ་སོགས་ཡིན། །ཁྱད་པར་སྐྱེས་པ་ལོ་དགུ་དང་། །སོ་དྲུག་རེ་གསུམ་བུད་མེད་ནི། །བཅོ་བརྒྱད་ང་བཞི་ཞེ་ལྔ་གསུམ། །མི་གྲངས་མཚང་ཆེན་དགུ་མིག་ཡིན། །ཕོ་མོའི་མཚང་ཆེན་གསུམ་པ་ནི། །ཁྱིམ་གཅིག་ཚོང་ན་རོ་ཡོང་ངེས། །གཉིས་པ་ཁུག་པའི་དགུ་མིག་ནི། །ཤིང་ཕོ་བྱི་ནས་བྱི་ཕག་དང་། །གཤེད་བཞི་དེ་རྣམས་གྱེན་དུ་བགྲང་། །མེ་མོ་ཡོས་ནས་སྟག་ཡོས་བསྐོར། །ལྕགས་ཕོ་རྟ་ནས་རྟ་སྦྲུལ་དང་། །ཆུ་མོ་བྱ་ནས་བྱ་སྤྲེལ་བསྐོར། །དགུ་དང་ཉེར་གཅིག་སོ་གསུམ་དང་། །ཞེ་ལྔ་ང་བདུན་རེ་དགུ་དང་། །གྱ་གཅིག་དེ་རྣམས་སྦྲག་མ་ཡིན། །རང་རང་དུར་དུ་ཞུགས་པས་སོ། །གསུམ་པ་སྤར་ཁའི་དགུ་མིག་ནི། །སྐྱེས་པ་ཡི་དང་བུད་མེད་ནི། །ཁམ་ལ་སླེབ་པའི་དུས་སུ་ཡིན། །བཞི་པ་སྨེ་བའི་དགུ་མིག་ནི། །སྐྱེས་སྨེའི་སྟེང་དུ་བབས་དུས་ཡིན། །ལྔ་པ་རུས་ཁམས་ཇི་བཞིན་མ་ཤེས་ན་སྐྱེས་སྨེའི་ཚབ་རུང་ཙམ། ཁམས་དགུ་མིག་ནི། །ས་ཆུ་ཁམས་པ་ཤིང་བྱི་ནས། །ཁུག་པའི་དགུ་མིག་བཞིན་དུ་བརྩི། །དྲུག་པ་དུར་འདོམ་དགྲ་འདོམ་ནི། །སྐྱེས་པ་སྟག་༢༤༣༦༤༥༥༤༦༣༨༧༩༠ཡོས་བཅོ་བརྒྱད་ཁོན། །གཤེད་བཞི་བྱི་ཕག་དོན་གཉིས་ཟོན། །བྱ་སྤྲེལ་ང་བཞི་གིན་དང་ནི། །རྟ་སྦྲུལ་སོ་དྲུག་ཁེན་ལ་བབས། །


MR12_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་རྟ་སྦྲུལ་བཅོ་བརྒྱད་ཁེན། །སྟག་ཡོས་སོ་དྲུག་ཁོན་ལ་བབས། །གཤེད་བཞི་བྱི་ཕག་ང་བཞི་ཟོན། །བྱ་སྤྲེལ་དོན་གཉིས་གིན་ལ་བབས། །སྤར་ཁའི་དུར་དང་རྐྱང་པ་ཡི། །དགུ་མིག་འཛོམ་ན་ཤིན་ཏུ་གཉན། །སྐྱེས་པ་སྟག་ཡོས་ཉེར་བདུན་དྭ། །དགྲ་འདོམ་ཡིན་ཅིང་ཁྱད་པར་དུ། །ཤིང་གི་སྟག་ཡོས་གཉིས་ལ་རྩུབ། །དེ་བཞིན་རྟ་སྦྲུལ་ཞེ་ལྔ་ཁམ། །བྱ་སྤྲེལ་གྱ་གཅིག་ལི་དང་ནི། །བྱི་ཕག་བཅོ་བརྒྱད་ཁོན་ལ་རྩུབ། །གཤེད་བཞི་རེ་གསུམ་ཟིན་ལའོ། །ཁྱད་པར་འབྱུང་དགྲ་ཅན་ལ་རྩུབ། །བུད་མེད་བྱ་སྤྲེལ་ཞེ་ལྔ་ཡི། །ཁྱད་པར་ལྕགས་ཀྱི་བྱ་སྤྲེལ་རྩུབ། །བྱི་ཕག་སོ་དྲུག་ཁོན་དང་ནི། །སྟག་ཡོས་ཉེར་བདུན་དྭ་དང་ཡང་། །རྟ་སྦྲུལ་གྱ་གཅིག་ཁམ་ལ་བབས། །གཤེད་བཞི་རེ་གསུམ་ཟིན་ལའོ། །དགྲ་གཤེད་ཁྱད་པར་རྩུབས་ཤེས་བྱ། །དུར་མིག་ལ་ནི་རྣམ་པ་གཉིས། །ཕྱི་དུར་ཁུག་པའི་དགུ་མིག་བཞིན། །བརྩིས་པས་ཤིང་དུར་ལུག་དང་ནི། །མེ་དུར་ཁྱི་ལ་ལྕགས་དུར་གླང་། །ས་ཆུ་འབྲུག་ལ་དུར་དུ་ཞུགས། །དེ་ལའང་རང་དུར་ཆེ་ཆུང་གཉིས། །གཤེད་དུར་གཉིས་དང་བཞི་རེ་ཡོད། །རང་དུར་རང་དང་གཤེད་དུར་ནི། །དཔེར་ན་ཤིང་བྱི་ལོ་རང་དུར་ཆེ་བ་ཤིང་འབྲུག་དང་ཆུང་བ་ཤིང་ཁྱི། གཤེད་དུར་ཆེ་བ་ལྕགས་འབྲུག་ཆུང་བ་ལྕགས་ཁྱི་ལྟ་བུའོ། །འདི་ཁུག་པའི་དགུ་མིག་དང་གནམ་ལོ་གཉིས་ཀར་བརྩི་དགྲ་ལ་བཙལ་བས་ཤེས་པར་འགྱུར། །ནང་དུར་སྤར་ཁ་དག་ལ་བརྩི། །སྟག་ཡོས་ཁོ ན་དང་རྟ་སྦྲུལ་ཁེན། །བྱ་སྤྲེལ་གིང་ལ་བྱི་ཕག་དང་། །གཤེད་བཞི་ཟོན་ལ་དུར་དུ་ཞུགས། །ད་ནི་དགུ་མིག་བཅོས་ཐབས་བསྟན། །མར་མེ་ལྷ་བཤོས་སཱཙྪ་དང་། །གཙུག་ཏོར་ཆུ་གཏོར་དགུ་གྲངས་སམ། །ཕོ་ལ་མདའ་དང་མོ་ལ་འཕང་། །ལོ་གྲངས་


MR12_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲམ་བཏབ་ལ་བཙས་འཛུགས། །རྡོ་དགུ་བརྩེགས་ལ་ཕྱག་དགུ་བཙལ། །ན་ཤི་དགུ་མིག་ཐར་རོ་བརྗོད། །ཡང་ན་སྐས་མིག་དགུ་ལ་འཛེགས། །ཐར་རོ་ཞེས་བྱ་མི་ཁ་དགུ། །ནུབ་བསྐྱལ་ཐུབ་ཅེས་དུར་མིག་ལ། །དུར་ཁ་རྒྱས་འདེབས་དུར་མཚུན་གསོལ། །འཆི་བསླུའི་ཆོ་ག་ཆེ་ཆུང་སོགས། །ཟབ་བཅོས་ཕན་གཏོ་དང་དུ་ལོང་། །ལས་ཉོན་དབང་གིས་བསྐྱེད་པའི་སྒྱུ་ལུས་འདི། །གྲུབ་ཙམ་སྡུག་བསྔལ་གསུམ་གྱི་གཞི་རྟེན་ཕྱིར། །ནད་གདོན་བགེགས་ཚོགས་སྐྱེ་རུང་གནས་པ་ཉིད། །གནོད་དང་མི་གནོད་རྒྱུ་རྐྱེན་འཛོམས་ལ་རག །འདི་ལྟའི་མན་ངག་ལ་བརྟེན་ལྐོག་གྱུར་རྣམས། །མཐོང་བཞིན་བླང་དོར་འབད་པས་གནས་སྐབས་ཀྱི། །སྡུག་བསྔལ་ཞི་ནས་བདེ་བ་བསྒྲུབ་ནུས་པ། །རྩིས་ཀྱི་ལེགས་བཤད་འདི་ཡི་དགོས་འབྲས་ཡིན། །ཞེས་ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། ཀེག་རྩིས་འཆི་མེད་བཅུད་ལེན་ཞེས་པ་འདིའང་། དྲུང་མཁས་པ་རཏྣའི་ཟིན་བྲིས་ལ་གཞུང་གཞན་ནས་ཅུང་ཟད་བསྣན་ཏེ་ཤིན་ཏུ་གསལ་བ་དྷཱིཿམིང་པས་བྲིས་པ་དགེ་ལེགས་འཕེལ། །


previousནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། ཀེག་རྩིས་འཆི་མེད་བཅུད་ལེན།next