Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས།
   
   
   
   
   
   
   
   


 
previousཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས།next

ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས།


MR19_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས་ནི། ཧཱུྃ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས། །རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག །སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ན། །བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས་རྣམས་ཀྱིས། །བརྐུས་དང་འཕྲོགས་དང་བཅོམ་པའི་ཚེ་ཁུག་ཅིག །འབྱུང་བའི་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས། །ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག །ཧད་ཀྱིས་བསྔངས་དང་ཡུད་ཀྱིས་བརྒྱལ་བ་དང་། །འུད་ཀྱིས་འདྲོགས་པའི་ཚེ་དང་གཡང་གསོས་ཤིག །ཚེ་ཁུག་གཡང་སྐྱོབས་དངོས་གྲུབ་སྩལ་དུ་གསོལ། །འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་སྟིམས། །འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །ཞེས་སོ། །


MR19_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚེ་རིལ་ཆང་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཕོག་པས། ཐུགས་ཀའི་ཧྲཱིཿདང་སྦྱོར་མཚམས་ནས་འོད་ཟེར་སྣ་ཚོགས་ཕྱོགས་ཐམས་ཅད་དུ་འཕྲོས་པས། འཁོར་འདས་ཀྱི་ཚེ་དང་བསོད་ནམས། ཁྱད་པར་དུ་འབྱུང་བ་ལྔ་ཡི་བཅུད་ཐམས་ཅད་འུབ་འུབ་ཧྲིལ་ཧྲིལ་བསྡུས་ནས། ཚེ་ཆང་དང་ཚེ་ནས་ཚེ་རིལ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུ་རྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་བཟླའོ། །


previousཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས།next