Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
བསང་ཆུ་བྱིན་རླབས།
   
   
   
   
   
   
   
   
   
   
   
   
   
   
   


 
previousབསང་ཆུ་བྱིན་རླབས།next

བསང་ཆུ་བྱིན་རླབས།


MR19_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་བཀྲ་ཤིས་བསོད་ནམས་བཀྲ་ཤིས་ལ། གསོལ་བ༴ པདྨ་དབང་ཕྱུག་བཀྲ་ཤིས་དབང་ཕྱུག་དང་། །པདྨ་དབང་གྲགས་ཀརྨ་ཆགས་མེད་ཞབས། །པདྨ་ཀུན་དགའ་ཕྲིན་ལས་དབང་ཕྱུག་ལ། །གསོལ་བ༴ ཤེས་རབ་གྲགས་པ་ཀརྨ་ཚངས་དབྱངས་དང་། །བསྟན་འཛིན་ཕྲིན་ལས་བློ་གྲོས་མཐའ་ཡས་དང་། །བདེ་ཆེན་རྒྱལ་པོ་འཇམ་དཔལ་དགྱེས་པ་ལ། །གསོལ་བ༴ པདྨ་བི་ཛ་འོད་གསལ་རྡོ་རྗེ་དང་། །བསྟན་འཛིན་ཆོས་རྒྱལ་ལས་གླིང་མ་ཏིའི་མཚན། །བརྒྱུད་ལྡན་རིག་འཛིན་སོགས་སྦྲེལ། ཞེས་ཤཱཀྱ་བཀྲ་ཤིས་ནས་བློ་གྲོས་མཐའ་ཡས་བར་རྒྱལ་ཚབ་རིན་པོ་ཆེའི་རྡོ་རྗེའི་གསུང་ལ་ཕྱིན་ཆད་བཀའ་དྲིན་ཐོབ་རིམ་བཞིན་མངྒ་ལ་ནས་བྲིས་པའོ།།༈ བསང་ཆུ་བྱིན་རླབས་ནི། བསང་ཆུའི་སྟེང་དུ་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སེར་རྒྱ་གྲམ་དང་སྡིག་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་གསལ་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཞེས་བཟླའོ།།


previousབསང་ཆུ་བྱིན་རླབས།next