Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


MR26_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བའོ། ༈ །རྒྱ་མཚོར་ནོར་གྱི་ཕྱིར་འཇུག་པ་ལ། སཱརྠ་བཱ་ཧཿ དེད་དཔོན། ཀོ་ལ་དང་། ཏྲཱ་ར་ཎི། གཟིངས། ཏཱ་རི། སྒྲོལ་བྱེད་ཀྱང་དེའོ། །ནཱ་བྱཾ། བསྒྲལ་བྱའམ་གྲུ་ཁ། ནཽཿ དང་། ནཱ་བཿ གྲུ། སྦ་རི་ཏྲཾ། གྲུ་སྐྱ། ནཱ་བི་ཀཿ གྲུ་པའམ་མཉན་པ། དེའི་ཀརྑ་དྷཱ་རཿ སྐྱ་བ་འཛིན་པའང་། ཨུ་ཌུ་པཿ རྐྱལ། ཀཽ་བརྟྟཿ རྐྱལ་ཆེན་ནམ་ཉ་པ། པླ་བཿ ཆུ་རྩལ། ཀོ་ལཿ འཕྱན་འཛིན། ཨཱ་ཏ་ར། གྲུ་བཙས། ཏ་ར་པ་ཎྱཾ། མཉན་པའི་གླ ཨཱ་ཧཱ་ར་ཀཿ སྙོད་ཅིང་སྟོབ་པ། ནི་ཡ་མ་ཀཱཿ བྱ་ར་བ། ནིརྷཱ་ར་ཀཿ སེལ་བ། གྲུའི་རྒྱབ་ཀྱི་ཆར་ཡོད་པའི་སྐྱ་བ་ཆེན་པོ་ལ་གདོས་པ་སོགས་ཟེར། ཀརྞྞདྷཱ་ར་ཀཿ གདོས་པ་འཛིན་པའམ་རླུང་གཡོར་ཐོགས་པ། ར་ཎ་དྷཱ་ར་ཀཿ རུ་སྐྱ་འཛིན་པ། ཞེས་སོ། །སཱ་མུདྡྲི་ཀ་ནཱ་བཿ རྒྱ་མཚོའི་གྲུ་བོཆེ། རྒྱ་མཚོའི་གྲུ་བོ་ཆེར་ཞུགས་པའི་མིང་། སཱཾ་ཡཱ་ཏྲི་ཀཿ གླིང་གཞན་རྒྱུ། པོ་ཏ་བ་ཎིཛ྄་ཀ྄ གྲུའི་ཚོང་པ། སོགས་ཀྱི་མིང་སྣ་ཚོགས་ཡོད་དོ། །ས་མཱ་གྲཿ ཚོགས་པའམ་མཐུན་པ། བྱ་གྲཿ མི་མཐུན་པའམ་རད་རོད་དུ་གྱུར་པའམ་ཕན་ཕུན་དུ་གྱུར་པ། པཱ་རཱ་ཡ་ཎཾ། ཕ་རོལ་དུ་འགྲོ་བ། སིདྡྷཱརྠ། དོན་གྲུབ་པ། པྲ་ཏྱུ་དཱ་བྲྀཏྟཿ ཕྱིར་ལོག་པ། པྲ་ཏྱཱ་ག་མ་ནཾ། ཕྱིར་འོང་བ། སམྦིཏྟཿ འབྱོར་ལྡན། སམྦ་ད྄། ཕུན་སུམ་ཚོགས་པ་ཞེས་སོ། །དེ་རྣམས་ཀྱི་བཟོ་གནས་སྐོར་གྱི་མིང་ཅི་རིགས་བཤད་ནས། ༈ །གསོ་རིག་གི་མིང་ལ། ཙི་ཀིཏྶཱ། གསོ་དཔྱད། རུཀྤྲ་ཏི་ཀྲི་ཡཱ། ནད་འཆོས་པ། བཻདྱཿ འཚོ་བའི་རིག་པ། ཛཱི་བཾ་བིདྱཱ། ཚེ་ཡི་རིག་བྱེད་ཀྱང་ཟེར་རོ། །གསོ་རིག་དེ་ལ། ཡན་ལག་བརྒྱད་དེ། ཀཱ་ཡ་ཙི་ཀིཏྶཱཿ ལུས་གསོ་བའི་དཔྱད། དེ་བཞིན་སྦྱར་ཏེ། བཱ་ལ། བྱིས་པ། སྟྲཱི་བྱཱདྷ། མོ་ནད། གྲ་ཧཿ


MR26_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གདོན། ཤསྟྲི་པྲ་ཎཿ མཚོན་རྨ། བི་ཥཿ དུག ཛཱིརྞྞ། རྒས་པ། རོ་ཙཿ ཞེས་པ་འདོད པ་དང་སྲེད་པ་འཕེལ་བའི་དོན་ཏོ། །རོ་ཙ་ནཿ ཟེར་ན་བཅུད་ལའང་འཇུག་གོ། ཡན་ལག་བརྒྱད་པོ་དེར་གསོ་རིག་གི་གནད་རྣམས་འདུས་སོ། །འདི་སྐབས་གསོ་རིག་རྒྱུད་བཞི་ལས་གསུངས་པའི་ཁོག་དོན་བསྡེབས་ཏེ་སྐད་དོད་བཙལ་ནས་བསྒྲིག་ན་ལེགས་མོད་ཀྱི། ཤིན་ཏུ་མང་བར་འགྱུར་ཕྱིར་མང་དུ་མ་སྤྲོས་པར། བྱེ་རྟོགས་དང་འཆི་མེད་མཛོད་ལས་བཤད་པ་ཅི་རིགས་ཙམ་འདིར་བཀོད་པ་ལ། གསོ་བ་པོ་སྨན་པའི་མིང་། བྷཻ་ཥཛ྄་དང་། བྷཻ་ཥཀ྄ །སྨན་པ། བཻདྱ། འཚོ་བྱེད་དམ་གསོ་རིག་པ། ཙི་ཀིཏྶ་ཀཿ གསོ་དཔྱད་མཁན། རོ་ག་ཧཱ་རི་ན྄་དང་རོ་ག་ཧཱ་རཱི། ནད་འཇོམས། ཨ་ག་དཾ་ཀཱ་ར། ནད་སེལ་ཞེས་སོ། །གསོ་བྱ་ནད་ཀྱི་མིང་། བྱཱ་དྷི། ནད་དམ་ཟུག་རྔུ། རོ་གཿ ནད། རུ་ཛ྄། དང་རུཀ྄ ནད། རུ་ཛཱ། ནད་རྐྱེན། ག་དཿ ན་བ། ཨཱ་ཏུ་རཿ ནད་པའམ་ན་བ། ཨཱ་མ་ཡཿ མནར་བ། ཨུ་པ་ཏཱ་པཿ ཉེ་བར་གདུང་བ། པ་རི་དཱ་ཧ། ཡོངས་སུ་གདུང་བའམ་ཚ་བའམ་བསྲེག་པ་སྟེ་ནད་ཀྱི་མིང་ངོ་། །ནད་པའི་མིང་ལ། ཨཱ་མ་ཡཱ་བི་ན྄་ན་མ་བཱི། བྱས་ཀྱང་འདྲ་སྟེ་ནད་པའོ། །བི་ཀྲི་ཏཿ རྣམ་པར་འགྱུར བ། བྱཱ་དྷི་ཏཿ ཟུག་རྔུ་ཅན། ཨ་པ་ཊུ༔ མི་གསལ་བའམ་བྲོ་འཚལ་བ། ཨ་ཏུ་རཿ མི་བདེ་བ། ཨ་བྷྱ་མི་ཏཿ ནད་བུ་ཅན། ཨ་བྷྱཱནྟཿ བྲོ་ནད་ཅན་ཞེས་སོ། །ནད་ཀྱི་བྱེ་བྲག་གིས་ན་བའི་ནད་པ་ལ། བཱ་ཏ་ཀིན྄། རླུང་ཅན། བ་ཏ་རོ་གི་ན་ནམ་གཱི རླུང་ནད་ཅན། ཤྩེཥྨ་ལཿབད་ཀན་ཅན། ཤྩེཥྨ་ཎཿ བད་ནད་ཅན། ཀ་ཕིན྄་དང་ཀ་ཕཱི། བད་ཀན་གྱིས་ན་བ། ཏུནྡི་ལཿ འམ་བྷཿ ཏུནྟི་བྷཿ ལྟེ་མཐོན་ནམ་ལྟེ་འབུར། གླཱ་ནཿ ནད་ཀྱིས་རྒས་པ། གླཱསྣུཿ ནད་ཀྱིས་རིད་པ། ཞེས་སོགས་སོ། །ནད་ཀྱི་བྱེ་བྲག་


MR26_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིང་ཅི་རིགས་བརྗོད་པ། བཱ་ཏ། རླུང་། པིཏྟཾ། མཁྲིས་པ། དེའི་མིང་། མཱ་ཡུཿ འཚེ་བྱེད་ཀྱང་ངོ་། །ཀ་ཕཿ བད་ཀན་ནམ་ཆུས་འཕེལ། དེའི་མིང་གཞན། ཤིཥྨན྄་དང་ཤེཥྨཱ། འབྱར་བྱེད་དེ་བད་ཀན་ནོ། །སེནྣ་པཱ་ཏཿ འདུས་པ།མ་ཞུ་བ། བི་སཱུ་ཙི་ཀཱ གསུད་པ། ཨཾ་བཱ་ནཿ སྤོས་པ། གུལྨཿ སྐྲན། པཎྚུ་རོ་གཿ སྐྱ་རྦབ། དུ་ཀོ་ད་ར། དང་། ཛ་ལོ་ད་རཿ དམུ་རྫིང་ཅན་ནམ་དམུ་ཆུ། རཱ་ཛ་པཀྵྨཱཾ། གཅོང་ཆེན། ཀྵ་ཡ་བྱཱ་དྷི། ནད་ཁོང་སྐེམ་མམ་ཟད་བྱེད་དེ། །གཅོང་ཆེན་པོ་ཤ་སྐེམ་པ་དང་མཁྲིས་པཀྵ་ཡ་ལའང་འཇུག ཛཱུརྟྟིཿ ཚད་ནད། ཨ་ཏི་སཱ་རཿ ཚད་པ། ཛྭ་རཿ རིམས་སམ་རིམས་ནད་འདེབས་པ། སཉྩ་ར་བྱཱ་དྷིཿ དང་། ཨུ་པ་སརྒཿ འགོ་བའི་ནད། པྲ་ཛྲ་རཿ རིམས་དྲག་པོ། ཨེ་ཀ་དི་ཀཿ ཉིན་གཅིག་པ། དྭཻ་ཏཱི་ཀ་ཡཿ ཉིན་གཉིས་པ། ཏྲི་ཏཱི་ཀ་ཡཿ ཉིན་གསུམ་པ། ཙཱ་ཏུརྠ་ཀཿ ཉིན་བཞི་པ། ནིཏྱ་ཛྭ་རཿ རྟག་པའི་རིམས། པི་པ་མ་ཛྭཱ་རཿ རིམས་མི་བཟད་པ། ཨི་ཏི། ཡམས་ནད་དམ་ཆམ་པའམ་རིམས་ཕྲ་མོ། པཱི་ན་སཿ སྣ་ཆམས། གཞན། ཤི་ར་བྱཱ་དྷིཿ མགོའི་ནད་དམ་ཟུག་གཟེར་སོགས་གནས་ཀྱི་དབང་གིས་ནད་སྣ་ཚོགས་ཀྱི་མིང་དུ་འགྱུར་རོ། །ཀཱ་མ་ལཿ མིག་སེར། རུ་དྷི་རཾ། ཁྲག་ནད། ཀཱ་ཙ་པ་ཊ་ལཾ། ལིང་ཏོག་སེར་པོ། ཙུལླཿ མིག་ཚག་པ། ཨནྡྷཿ མིག་ལོང་བ། ཨངྒ་དཱ་ཧཿ ལུས་སམ་ཡན་ལག་ཚ་བ། པཱཪྴྭ་དཱ་ཧཿ རྩིབས་ལོགས་ཚ་བ། ཨསྡྱི་བྷེ་དཿ རུས་པ་ལ་ཟུགས་པའམ་རུས་པ་འབྱེད་པ། ཨངྒ་བྷེ་དཿ ཡན་ལག་ཏུ་ཟུགས་པ། ཤ་ལྱམ྄། ཟུག་རྔུ། བྷྲ་མཿ མགོ་འཁོར་བ། ཀླ་མཿ ངལ་བ། ཤྭཱ་སཿ དབུགས་མི་བདེ་བ། པྲ་བཱ་ཧི་ཀཱ དྭང་ག་མི་བདེ་བ། ཀཱ་ས། ལུད་པ། ཀྵ་བ་ཐུཿ ལུད་ནད། ཤོ་ཥ། སྐེམ་པ།


MR26_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལིངྐཾ། ལྡོག་པ། པ་ཧི་རཱ་ཡཱ་མཿ དང་། ཀཱསྴ། གློ་ལངས་པ། ཀྵ་ཏཿ གློ་འགྲམས་པ། སམྦྷིནྣ་བྱཉྫ་ནཾ། གླེ་འདོམས་པ། ཨ་ཊཀྐ་རཿ བཀྲེས་ངབ། ཙྪརྡིཿ སྐྱུག་བྲོ་བ། བ་མ་ཐུཿ སྐྱུག་པ། མེ་ཧཿ གཅིན་སྙི། འདི་ལ། རཀྟ་མེ་ཧཿ ཁྲག་འཛག ཤུ་ཀྲ་མེ་ཧཿ ཁུ་འཛག མ་དྷུ་མེ་ཧཿ སྦྲང་འཛག་སོགས་ཀྱི་དབྱེ་བ་ཡོད་དེ་ཟ་ཁུའི་ནད་དོ། །པྲ་མེ་ཧཿ གཅིན་ནད། ཀྵ་བཿ སྦྲིད་ནད་དེ་སྣ་སྦྲིད། ཧིཀྐཱཿ སྐྱིག་བུ། སཾ་ནྱཱ་ས། རྨྱ་བ། དུརྦྷུཀྟཾ། བཟའ་ཉེས། དུཤྩིརྡི་ཏཾ། སྐྱུག་ཉེས། མ་ནྱཱ་སྟམྦ། གཉའ་རེངས་པ།ཀམྤཿ འདར་བུ། བཱ་ད་པྲ་ཏོ་དཿ གཟེར་ཐབས། ཨཱ་ནཱ་ཧ། དྲི་མ་འགགས་པ། བི་བནྡྷཿ བཤང་གཅི་སྡོམ་པ། མཱུ་ཏྲ་རོ་དྷཿ ཆུ་འགགས་པ། ཨ་ཤྨ་རཱི། རྡེའུ་ནད། མཱུ་ཏྲ་ཀྲྀཙྪཾ། གཅིན་སྲི་བ། གཎྚ། དང་། ཤྲཱ་བི་ཀཱ། འབྲས། བི་དྲ་དྷི། ཁོང་འབྲས། ཨ་ཤཱངྒིཿ དང་། ཨརྴ། གཞང་འབྲུམ། བཻ་སརྦ། མེ་དབལ། བི་ཊ་ཀཿ ཕོལ་མིག སཱུཪྻཿ རང་སོར་བཞག་སྟེ་ནད་ལྕི་བ། ཨ་ཏུ་པྲ། རྨེན་བུ། བཱ་ཏཱནྡཿ རླིག་ག ཤྩཱི་པཱ་ད། རྐང་འབམ། བྷ་གནྡ་རཿ དང་། བྷསྣཾ་ཀཿ མཚན་པར་རྡོལ་བ། བི་སྥོ་ཊཿ འབྲུམ་བུ། ཀི་ཊི་བྷཿ འབྲུམ་བུ་ཕྲ་མོ། དརྫྫུཿ ཤུ་བ། ཁརྫཱུཿ ཟ་འཕྲུག ཀི་ལཱ་སཾཿ ཤུ་བའམ་ངལ་སྐྱེན་པའམ་ཤ་ཁྲ། སིདྷྨཾ། ཤུ་ཐོར་དང་ཤ་བཀྲ། ཏྭ་ཀྤུཥྤཱི། པགས་པའི་མེ་ཏོག་སྟེ་ཤུ་བའོ། །སི་ཏ་པུཥྤི་ཀཾ། པགས་པའི་མེ་ཏོག་གམ་མེ་ཏོག་དཀར་པོ་ཞེས་ཤ་བཀྲ ཤྭི་ཏྲཾ། ཤ་མཚན། བི་ཙརྩི་ཀཱ རྐང་བུ། པཱ་ད་སྤོ་ཊཿ རྐང་འབྲས། བི་པཱ་དི་ཀཱ རྐང་ཕེལ། བཱ་མ། དང་། ཀཎྡུཿ གཡའ་བའམ་གཡན་པ། ཀཙྪཱུཿ ཁྱི་རྔོའམ་གཡན་པ། ཨུཏྤི་ཀཱ དང་། ཨུ་པྱདྷཿ མགོའི་གློག་པ། ཤོ་ཐཿ སྐྲངས་པ། ཤོ་ཥཿ


MR26_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤོ་བ། སྐྲངས་འབུར། ཤྭ་ཡ་ཐུཿ རྣག་འབུར། ནཱ་ག་གྲ་ཧཿ ཀླུ་གདོན། ཀུཥྛཾ། དང་ཀོ་ཋ། མཛེ། ཤྭི་ཏྲཾ། མཛེ་སྐྱ། ཨུབྡཏྟཿ སྨྱོན་པ། ཨ་པ་སྨཱ་རཿ རྗེད་བྱེད། བིཥྞུཿ ཁྱབ་འཇུག་གཟའ་ཡི་ནད་ལའོ། །བྷཱུ་ཏ་གྲ་ཧཿ འབྱུང་གདོན། མཱུརྩྪཿ བརྒྱལ་བའམ་བོག་པ། རྨ་ཡི་མིང་ལ། པྲ་ཎཿ རྨ། ཨཱིརྨྨཾ། རྨས་པ། ཏ་རུ་ཎ་པྲ་ཎཿ རྨ་སར་པ། ཨ་རུས྄། རྨེན་པ། ནཱ་ཌཱི་པྲ་ཎཿ རྩའི་རྨ་ཞེས་དྲག་ཏུ་འདྲུལ་བའི་རྨའི་མིང་ངོ་། །ནད་རྣམས་གསོ་བར་བྱེད་པའི་གཉེན་པོ་ལ། ཟས་སྤྱོད་སྨན་དཔྱད་བཞི་ལས། གཞན་ཅི་རིགས་གཞན་དུ་ཤེས། ༈ འདིར་རྩི་སྨན་རགས་རིམ་བརྗོད་པ་ལ་སྨན་སྤྱི་ཡི་མིང་། བྷེ་ཥ་ཛཾ། རྩི། ཨཽ་ཥ་དྷཾ་མམ་དྷི། སྨན། བྷཻ་ཥ་ཛྱཾ། གསོས་སྨན། ཨ་ག་དཿ ནད་སེལ། ཛཱི་བཱ་ཏུ། འཚོ་སྨན། ཛཱ་ཡུཿ འཚོ་བྱེད་དམ་རྒྱལ་བྱེད་ཅེས་སོ། །གཞན་ཡང་། ཨ་མྲྀ་ཏ། འཆི་མེད་དམ་བདུད་རྩི། སུ་དྷཱ། བདུད་རྩི། ར་སཱ་ཡཱ་ནཾ། བཅུད་ཀྱིས་ལེན་པ་ཞེས་ཀྱང་བྱའོ། །རྩི་སྨན་དེ་དག་ལ་རིན་པོ་ཆེ་དང་ཤིང་དང་ས་རྡོ་སྲོག་ཆགས་སོགས་ལས་བྱུང་བ་དང་། ལོ་མ་དང་མེ་འབྲས་རྩ་བ་སོགས་ཀྱི་སྡེ་ཚན་དུ་བསྡེབས་པ་ཤིན་ཏུ་མང་ཡང་འདིར་བྱེ་བྲག་རྟོགས་བྱེད་དང་འཆི་མེད་མཛོད་རྩ་འགྲེལ་ལས་གསུངས་པ་ཙམ་བཀོད་པ་ལས། ཧ་རཱི་ཏ་ཀཱི། གསེར་མདོག་གམ་ཨ་རུ་ར་སྟེ། འདི་སྐྱེ་བའི་ཤིང་། ཨ་བྷ་ཡཱ། འཇིགས་མེད་ཅེས་པའི་ཤིང་ལས་སྐྱེས་ཏེ། ཤིང་དེའི་མིང་། ཀཱ་ཡསྡྱཱ། ལུས་བརྟན། བ་ཡསྡྱཱ། ན་ཚོད་གནས་ཞེས་དང་གཞན་ཡང་། ནད་སེལ་དང་། བདུད་རྩི་ཅན་དང་། དགེ་ལེགས་ཅན་དང་། ཕན་པ་ཅན་སོགས་མིང་དུ་མ་ཡོད་དོ། །བི་བྷཱི་ཏ་ཀཿ དང་། བ་ཧེ་ཌཾ། བ་རུ་ར། དེའི་ཤིང་གི་མིང་ལ། བྷཱུ་ཏ་བཱ་སཿ འབྱུང་པོའི་གནས། ཀ་ལི་དྲུ་མཿ


MR26_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པའི་ཤིང་ཁྱབ་བྱེད་འཇིགས་བྲལ་ཤིང་སོགས་ཟེར། བ་རུའི་མིང་ལ། ཀརྵ་ཕ་ལ། ཞོ་གང་འབྲས་བུའང་ཟེར། ཨཱ་མ་ལ་ཀཾ སྐྱུ་རུ་ར། ཏིཥྱ་ཕ་ལཱ། རྒྱལ་འབྲས་ཀྱང་ཟེར། དེའི་ཤིང་གི་མིང་ལ་བདུད་རྩི་ཅན། ན་ཚོད་གནས་སོགས་ཟེར། ཨ་བར་སྐྱུར་གསུམ་ལ། ཏྲྀ་ཕ་ལཱ་དང་། ཏྲི་ཕ་ལཱ། དང་། ཕ་ལཱ་ཏྲི་ཀཾ འབྲས་བུ་གསུམ་ཟེར། གོ་རོ་ཙ་ནཱ། གླང་བཅུད་དེ་གི་ཝཾ། གི་ཧང་ཡང་ཟེར། འདི་བ་ལང་དང་གླང་པོ་སོགས་སྲོག་ཆགས་ལས་བྱུང་བ་སྨན་དང་གྲུབ་པའི་རྫས་སུ་འགྲོ་བའོ། །ག་བུར་གྱི་མིང་ལ། ཀརྦཱུ་རཾ། ག་བུར།དེའི་མིང་གཞན། གྷ་ན་སཱ་རཿ སྙིང་པོ་མཁྲེགས་པ། ཙནྡྲ་སཾ་ཛྙཱཿ ཟླ་བའི་མིང་ཅན་ཏེ། ཟླ་བའི་མིང་གི་རྣམ་གྲངས་གཞན་ཡང་འདིར་འཇུག་པ་ཡོད། སི་ཏཱ་བྷྲཿ སྤྲིན་དཀར། ཀློག་ཚུལ་གཞན། སི་ཏཱ་བྷཿ འོད་དཀར། ཧི་མ་བཱ་ལུ་ཀཱ། ཁ་བའི་བྱེ་མ། སྐབས་གསུམ་གྱི་ལྷག་མ་ལས། ཙནྡྲ་བྷསྨཾ། ཟླ་བའི་ཐལ་བ། ཧི་མཱ་ཧྭ་ལཾ། ཁ་བའི་མིང་ཅན་ཞེས་སོ། །གླ་རྩིའི་མིང་ལ། ཀསྟཱུ་རཱི། དང་། ཀཎྜཾ། གླ་རྩི། མྲྀ་ག་ནཱ་བྷི། རི་དྭགས་ལྟེ་བ། མྲྀ་ག་མ་དཿ རི་དྭགས་ཆད། གཞན་ཡང་། ནཱ་བྷིཿ ལྟེ་བ། མ་དཿ མྱོས་བྱེད།མྲྀ་གཿ རི་དྭགས་སྐྱེས། ཀསྟཱུ་རི་ཀཱ རྒྱལ་བྱེད་ཅེས་སོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས་གླ་རྩི་དང་ག་བུར་ནི་རུ་དྲ་བཏུལ་བའི་ཚེ། དེ་དག་ཡབ་ཡུམ་ཀྱི་སྦྲེ་དྲི་ལས་བྱུང་བས་དྲི་ཡི་དབང་སྡུད་ཀྱི་རྫས་སུ་གསུངས་སོ། །ཛ་ཏིའི་མིང་ལ། ཛཱ་ཏི། འམ། ཛ་ཏཱི། སོར་བཞགས་སྒྲ་དོན་སྐྱེ་ལྡན་ཞེས་བྱ། འདི་སྲི་ཤིང་སྣ་མ་ཞེས་པའི་མེ་ཏོག་དཀར་ཆུང་དྲི་བཟང་ཅན་ལས་སྐྱེས་པ་སྟེ། དེ་ལ། སུ་མ་ནཱ། ཡིད་དགའ། མཱ་ལ་ཏཱི། སྣ་མའམ་དཔལ་དཀྲིས་སོགས་སུ་འབོད། ཛཱ་ཏཱི་ཀོ་ཥཿ ཛཱ་ཏའི་སྦུབས། ཏི་ཐུང་ངུར་བྱས་ཀྱང་


MR26_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། ཛཱ་ཏི་ཕ་ལཿ ཛཱ་ཏིའི་འབྲས་བུ་སྟེ། དེ་སྐྱེ་བའི་ཤིང་ལའང་ཛཱ་ཏིའི་ཞེས་འབོད་པས་དེའི་འབྲས་བུ་ཞེས་བརྗོད་པའོ། །གཞན་ཡང་། ཀཽ་ཥཿ སྦུབས་ཅན། ཕ་ལཾ། འབྲས་བུ་ཞེས་པའང་ཛཱ་ཏིའི་མིང་དུ་འགྱུར་བ་ཡོད་དོ། །ཛཱ་ཏི་ལ་སྤོས་ཀྱི་རྒྱལ་པོ་ལིག་ཤི་བེར་ཡང་ཟེར་རོ། །སུག་སྨེལ་གྱི་མིང་ལ། སཱུཀྵྨཻ་ལཱ། ཟུར་ཆག་ཏུ་སུག་སྨེལ་ཞེས་པ་སྟེ། ཨེ་ལ་ཕྲ་མོ་ཞེས་སོ། །དེའི་མིང་གཞན། ཏུཏྠཿ གཟིར་བྱེད། ཨུ་པ་ཀུཉྩི་ཀཱ ཉེར་འཁུམ། ཀོ་རངྒཱི། དམར་འགྲོ ཏྲི་པུ་ཊཱ། གསུམ་སྦྱར། ཏྲུ་ཊིཿ གཅོད་བྱེད་ཅེས་སོ། །ཀ་ཀོ་ལའི་མིང་། ཨེ་ལཱ། ཀ་ཀོ་ལའམ་འདེད་བྱེད། པྲྀ་ཐྭཱི་ཀཱ སློང་བྱེད་དམ་གྲགས་ལྡན། ཙནྡྲ་བཱ་ལཱ། ག་བུར་བུ་མོ། ནིཥྐུ་ཊིཿ མཛོད་བྱུང་ངམ་ངེས་འཁྱོགས། བ་ཧུ་ལཱ། མིང་འཛིན་ཞེས་སོ། །ཛ་སུག་ཀོ་གསུམ་འདི་བཟང་དྲུག་གི་ནང་ནས་དྲོད་གསུམ་ཞེས་ཟེར། བཾ་ཤ་རོ་ཙཱ་ནཱ། འམ། བཾ་ས་རོ་ཙ་ནཱ། སྨྱུག་རྐང་མ་སྟེ་སྙུག་ཅུ་གང་གི་མིང་། ཅུ་གང་གི་མཆོག་སྨྱུག་མ་ལས་བྱུང་བ་ཡིན་པས་སོ། །གཞན་ཡང་དེ་ལ། ཏྭ་ཀཀྵཱི་རཱ། སྨྱི་གའོ། །བཱཾ་སིའམ་བཱཾ་ཤཱི། སྨྱུག་བྱུང་། བཾ་ཤ་ཛཱ། སྨྱུག་སྐྱེས། ཏུ་གཱ་ཀྵཱི་རཱི་དང་ཏུ་ཀཱ་ཀྵཱི་རཱི། སྨྱུ་གའོ། །ཨབྦི་ཙཱི་ཏུ་ཀཱ། ཆུ་རླབས་ཤུན་པ། ཤུ་བྷཱ། དཀར་པོ་སོགས་བཤད་པ་སྨྱུག་ཅུ་གང་གི་མིང་ཡིན་ཡང་དེའི་རིགས་ཅན་གཞན་ལ་བྱེ་བྲག་སྤྱི་ཡི་མིང་དུ་བརྗོད་པ་ཡོད། ཁ་ཆེ་གུར་གུམ་གྱི་མིང་། ཀུངྐུ་མཾ། གུར་གུམ། ཀསྨཱི་ར་ཛཾ། ཁ་ཆེ་རཱ་ཛཾ་མཾ་ཁ་ཆེ་སྐྱེས་ཏེ་ཡུལ་དེ་ལས་སྐྱེས་པའི་ཕྱིར་རོ། །ཨགྣི་ཤི་ཁཾ། མེའི་རྩེ་མོ། པ་རཾ། མཆོག་ལྡན། བཱ་ཧླཱི་ཀཾ གཙོ་སྐྱེས་ཏེ། བ་ཧླི་ཀ་ཞེས་པ་ཀཱ་མ་རུ་པའི་ཡུལ་དེ་ནས་བྱུང་བའི་ཕྱིར་རོ། །པཱི་ཏ་ནཾ། སེར་བྱེད། རཀྟཾ། དམར་ལྡན། སཾ་ཀོ་ཙི།


MR26_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འཁུམ། པི་ཤུ་ནཾ། ཕྲ་མ་ཅན། དྷཱི་རཾ། བརྟན་པ། ལོ་ཧི་ཏ་ཙནྡ་ནཾ། ཙན་དན་དམར་མཚུངས། མིང་གཞན། སཱུ་ཙ་ཀཾ དབྱེན་བྱེད། སྡྱིར་རཱ་གཾ དམར་བརྟན། ཙཱ་རུ། མཛེས་མདངས་ཞེས་སོ། །གུར་གུམ་ཕལ་པ་བལ་གུར་སོགས་ལའང་མིང་དེ་དག་ཅི་རིགས་འཇུག་གོ། ལི་ཤིའི་མིང་། ལ་བངྒཾ། ལི་ཤི། དེ་བ་ཀུ་སུ་མཾ། ལྷ་ཡི་མེ་ཏོག ཤྲཱི་སཾ་ཛྙཱཾ། དཔལ་མིང་ཅན། ལཀྵྨཱི། ཕུན་ཚོགས། འདིས་མཚོན་པས་དཔལ་གྱི་མིང་གི་རྣམ་གྲངས་ཀུན་འདི་ཡི་མིང་དུ་འཇུག་གོ། ཅུ་གུར་ལི་གསུམ་བསིལ་གསུམ་ཟེར། བསིལ་གསུམ་དྲོད་གསུམ་བསྡོམ་པར། ཥབྦྷ་དྲཿ བཟང་པོ་དྲུག་ཅེས་བྱའོ། །ཙནྡན་དཀར་པོའི་མིང་ལ། ཙནྡན། ཟུར་ཚག་ཙནྡན་ཞེས་སམ་ཚིམ་བྱེད། གནྡྷ་སཱ་རཿ དྲིའི་སྙིང་པོ། བྷ་དྲ་ཤྲཱིཿ དཔལ་མཆོག །མ་ལ་ཡ་ཛཿ མ་ལ་ཡ་སྐྱེས། གཞན་ཡང་། མཱ་ལ་ཡཿམ་ལ་ཡ་བྱུང་། བྷེ་དྷ་ཀཿ སྒྲུབ་བྱེད། ཤྲཱི་ཁཎྚཿ དཔལ་གྱི་དུམ་བུ། རཽ་ཧི་ཎཿ སྐྱེ་ལྡན་ཞེས་སོ། །ཙནྡན་གྱི་བྱེ་བྲག་གི་མིང་། ཏཻ་ལ་པརྞྞི་ཀཾ ཏིལ་འདབ་ཅན། གོ་ཤཱིརྵཾ། ས་མཆོག ཧ་རི་ཙནྡནཾ། འཕྲོག་བྱེད་ཙནྡན་ཞེས་སོ། །དེ་ལ་རབ་འབྱོར་ཟླ་བས་བ་ལང་གི་མགོ་ལྟ་བུའི་མ་ལ་ཡའི་ཡུལ་གྱི་ཕྱོགས་གཅིག་ཏུ་སྐྱེ་བ་ནི་གོ་ཤཱི་ར་ཥའོ་ཞེས་བཤད། ཙཱ་ན་གྱའི་འགྲེལ་པར། ཤིན་ཏུ་བསིལ་ཞིང་དཀར་བའི་ཙན་དན་ནི་ཏིལ་འདབ་ཅན་ནོ། །མ་ལ་ཡ་ལ་སོགས་པར་སྐྱེས་པ་ནག་པོ་དང་སྨུག་པོ་འདྲེས་པའི་མདོག་ཅན་ཨུཏྤལའི་དྲི་བྲོ་བ་ནི་ས་མཆོག་གོ་ཞེས་བཤད། ཡང་སུ་བྷཱུ་ཏི་སོགས་ཀྱིས། ཤིན་ཏུ་བསིལ་ཞིང་དྲི་ཞིམ་པ་ཉིད་ཀྱིས་སྦྲུལ་གྱིས་དཀྲིས་ནས་འདུག་པ་ནི། སརྦེཥྚ། ཞེས་པ་སྦྲུལ་གྱི་སྙིང་པོ་སྟེ། མིང་གཞན། སུ་ར་བྷི། ཞེས་བྱའོ། །སྦལ་པ་ལྟ་བུའི་རི་ལས་སྐྱེས་པས་སམ། མདོག་


MR26_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་ཡིན་པས་སམ། ལྷའི་དབང་པོའི་ཙན་དན་ཡིན་པས་ཧ་རི་ཙན་དན་ནོ། །གང་ཞིག་ཙན་དན་དམར་པོ་ལྟ་བུའི་དབྱིབས་ཅན། པ་ཏྲཱངྒ། ཞེས་པ་རྗེའུ་རིགས་ཀྱི་སྡེ་ཚན་དུ་འཆད་པར་འགྱུར་རོ་ཞེས་བཤད་དོ། །ཙནྡན་དམར་པོའི་མིང་ལ། ཏི་ལ་བརྞྞི། ཏིལ་འདབ། པ་ཏྲཱངྒཾ། འདབ་མའི་ཡན་ལག །པ་ཏངྒཾ། ཞེས་ཀློག་པའང་ཡོད། རཉྫ་ནཾ། ཚོས་བྱེད། རཀྟ་ཙནྡ་ནཾ། ཙན་དན་དམར་པོ། ཀུ་ཙནྡནཾ། ཙན་དན་དམན་པ། ཞེས་སོ། །ཨ་ག་རུའི་མིང་ལ། ཨ་གུ་རུཿ ལྕི་མེད་དེ་ཨ་ག་རུ། འདིའི་ཤིང་ལ། པི་ཙི་ལཱ། ཐང་ཆུ་ཅན། ཤིམྴ་པཱ། མགོ་སྲུང་ངམ་ཨ་ག་རུ། ཀ་པི་ལཱ། མེ་ཏོག་སེར་སྐྱ། བྷསྨ་གརྦྷཱ། ཐལ་སྙིང་ཟེར། ཐལ་སྙིང་མེ་ཏོག་སེར་པོ་ཅན་དང་། ཀ་པི་ལ། མིང་འཆད་བྱེད་ཡིན་གྱི་མིང་དངོས་མིན་པར་བཞེད་པའང་ཡོད། བཾ་ཤི་ཀའམ་ཀཾ སྨྱུག་འདྲ། རཱ་ཛཱརྷཾ། རྒྱལ་པོར་འོས། ལོ་ཧི། གཅད་བྱ། ཀྲྀ་མི་ཛཾ། སྲིན་བུ་སྐྱེས། ཛོངྒ་ཀཾ འདོར་བྱེད། གཞན་ཡང་། ན་བྷཾ། འོད་མེད། བན་དྲུ་མཿ ནགས་ལྗོན། པ་ར་མ་དཿ མཆོག་སྦྱིན། ཨ་ནཱ་མ་ཀཾ ཨ་མིང་ཅན། གཞན་ཡང་། པྲ་བ་རཾ། རབ་མཆོག་དང་། ཨ་ནཱཪྻྻ་ཀཾ འཕགས་མིན་དང་། ཀྲྀ་མི་ཛ་གྔྷཾ། སྲིན་ཟས་དང་། ལ་གྷུ་ནཱ་མ་ཡང་མིང་ཞེས་སུ་བཤད། ཨ་ག་རུ་ནག་པོའི་མིང་། ཀྲྀཥྞཱ་གུ་རུཿ དང་། ཀཱ་ལཱ་གུ་རུ། ཨ་གར་ནག་པོ། ཨ་གུ་རུཿ ཡང་ལྡན། མེ་ཏོག་སར་པའི་དྲི་ཅན་གྱི་ཨ་ག་རུའི་མིང་། མངྒ་ལྱཱ། ཤིད་བྱེད་ཅེས་སོ། །སྤོས་དཀར་གྱི་མིང་། ཡཀྵ་དྷཱུ་པ། གནོད་སྦྱིན་སྤོས། སརྫྫ་ར་ས། པྲ་རྩི་སྤོས། རཱ་ལ། སྤོས་དཀར། ཡང་ན། ཨ་རཱ་ལཿ དགའ་མེད། པརྦྦ་ར་ས། ཁུ་བ་ཀུན་ལྡན། བ་ཧུ་རཱུ་བ། གཟུགས་མང་། གཞན། དྷཱུ་པ་ཀཿ སྤོས་བྱེད། བིཧྣི་བལླ་བྷཿ མེ་


MR26_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཞེས་ཀྱང་བཤད། སྤོས་དཀར་གྱི་ཤིང་ནི་ཤིང་སཱ་ལ་ཞེས་པ་ཡིན་ཞིང་། དེ་ལ་རྟ་སྣ་དང་། པྲ་རྩིའི་ཤིང་ཡང་ཟེར། དེའི་ཐང་ཆུ་སྤོས་དཀར་རང་ཡིན་ནོ། །གུ་གུལ་གྱི་མིང་། གུགྒུ་ལུཿ གུ་གུལ་ཏེ་འདིའི་ཤིང་ལ་མིང་འདི་ལྟར་གྲགས་པ། བོད་དུ་ཐང་ཆུ་ལ་ཡང་མིང་དེ་འདྲ་བར་འཇུག་པ་འདི་འདྲ་ཀུན་ཏུ་ཤེས་པར་བྱ། ཤིང་དེའི་མིང་གཞན། ཀུམྦྷཾ། ཆུ་རྫོགས། ཨུ་ལུ་ཁ་ལཾ། སྟེང་ལེན། ཀཽ་ཤི་ཀཿ མཛོད་བྱུང་། པུ་རཿ གང་བ་དང་། གཞན་འདྲེ་འཇིགས་ཤིང་སོགས་སུའང་འབོད་པ་ཡོད། སོ་མ་རཱ་ཛའི་མིང་། སོ་མ་རཱ་ཛིན྄། ཟླ་གསལ། སུ་བལླིཿ ལྕུག་བཟང་། སོ་མ་བལླི་ཀཱ ཟླ་བའི་སྡོང་བུ་དང་གཞན། ནགས་འགྲན། མི་སྡུག་སྐྱེས། ངག་སྒྲོགས། རླུང་འཁུམ། འབྲས་ནག དྲི་ངན་འབྲས་སོགས་ཟེར། སྤོས་ཐ་སོ་གསུམ་ཆུ་སེར་སྨན་གསུམ་མོ། །ན་ག་ཀེ་སརཿ ན་ག་གེ་སར་ཏེ། ཤིང་དེའི་འབྲས་བུའོ། །བསེ་ཡབ་ཀྱི་མིང་། ཏིནྟི་ཌཱི་ཀཾ བསེ་ཡབ། ཙུཀྲཾ ཚིམ་བྱེད། བྲྀཀྵཱ་མླཾ། ཤིང་སྐྱུར། མ་ཧཱ་མླཾ། སྐྱུར་ཆེན་ཞེས་སོ། །ཕ་ལཾ། སྙིང་ཞོ་ཤ པེ་ཕ་ལཾ། གླ་གོར་ཞོ་ཤ པཱུ་ག་ཕ་ལཾ། ཡང་དེའོ། །སྒའི་མིང་། ཨརྡྭ་ཀཾ སྒེའུ་གཤེར་ཏེ། སྒ་རློན་པ་ཚོད་མ་བྱེད་པའི་མིང་དུ་བཤད། དེའི་མིང་། ཤྲྀངྒ་བེ་རཾ། རའི་ལུས་ཀྱང་ཟེར། ཁ་ཅིག་གིས་སྨན་སྐམ་རློན་ནི་ཐམས་ཅད་ལ་འོང་བས་རློན་པ་བཤད་མི་དགོས་པས་སྒ་སྐྱའི་བྱེ་བྲག་ལ་འདོད་ཀྱང་འཆི་མེད་མཛོད་འགྲེལ་ལས་འདི་ལྟར་བཤད་པ་ལྟར་ཡིན་ནོ། །སྒ་སྐམ་པོའི་མིང་། ཤུཎྛཱི། བཅའ་སྒ། ནཱ་ག་རཾ། གྲོང་སྐྱེས་ཏེ་ལི་དོང་གྲ མ་ཧཽ་ཥ་དྷཾ། སྨན་ཆེན་ཏེ། སྨན་ཆེན་ཞེས་པ་བཙན་དུག་དང་སྒོག་སྐྱ་སོགས་ལ་འཇུག་པའང་སོ་སོའི་སྐབས་ཀྱི་ཡོན་ཏན་ལས་བཏགས་ཏེ་སྐབས་འདིར་ཞུ་


MR26_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཡིན་པའི་ཆ་ནས་བཏགས་པའོ། །བི་ཤྭཾ། ཀུན་འཇུག བི་ཤྭ་བྷཻ་ཥ་ཛྱཾ། ཀུན་འཇུག་སྨན་ཞེས་སོ། །པི་པི་ལིང་གི་མིང་ལ། པི་པྤ་ལཱི། པི་པི་ལིང་སྟེ་སྲུང་བྱེད་དམ་གྲོག་སྐེད་ཀྱང་ཟེར། མིང་གཞན། ཀྲྀཥྞཱ། ནག་པོ། ཨཱུ་ཥ་ཎ། ཚན་དེ། མཱ་གྷ་དྷཱི། དབུས་སྤྱོད། ཀོ་ལཱ། ཕག་འདྲ། ཨུ་པ་ཀུ་ལྱཱ། ཉེར་ཚོགས། བཻ་དི་ཧཱི། ལུས་འཕགས་སྐྱེས། ཤཽཎྜཱི། ཚང་ཚང་སྤྱོད། ཅེས་དང་། གཞན་ཡང་། མྱུར་སྨིན་སོགས་ཟེར། པི་ལིང་སྦོམ་པོའི། ཀ་རི་བིཔྤ་ལཱི། གླང་པོའི་པི་ལིང་། ཀ་པི་པལླི། སྤྲེའུ་ཡུའི་ལྕུག་མ། ཀོ་ལ་བལླཱི། ཀོ་ལའི་ལྕུག་མ་དང་དགེ་ལེགས་སོགས་ཟེར། ཕོ་བ་རིས་ཀྱི་མིང་། མ་རི་ཙཾ། དྲོད་སྨན་ནམ་ན་ལེ་ཤམ། མཱ་རཱི་ཙམ་ཞེས་ཀློག་པའང་ཡོད། བེལླ་ཛཾ། ཕོ་བ་རིས། ཀོ་ལ་ཀཾ དྲོད་སྨན་རིལ་མོ་ཟེར། འདི་ལའང་ནག་པོ་དང་།ཚན་དེ་ཞེས་ཀྱང་ཟེར། དྷརྨ་བཏྟ་ནཾ། ཆོས་སྨན། འདི་ཤིང་ཤི་གྲུ་ཞེས་པ་ལས་སྐྱེས་པས་ཤིང་དེའི་མིང་། ཤི་གྲུཿ ན་ལེ་ཤམ་དཀར་པོ། སཽ་བྷཱཉྫ་ན། མཛེས་པའི་མིག་སྨན། ཏཱིཀྵྞ་གནྡྷ་ཀཿ དྲི་རྣོ། ཨཀྵཱི་བཿ མིག་འདྲ། མོ་ཙ་ཀཿ གྲོལ་བ་ཅན་ཡང་ཟེར། ཤི་ཀྲུ་དམར་པོའི་མིང་། མ་དྷུ་ཤི་གྲུ། ཤི་གྲུ་མངར་པོ་ཞེས་ཟེར། སྒ་པི་ཕོ་གསུམ་ལ། ཀྲི་ཀ་ཊུ། ཚ་བ་གསུམ་ཞེས་དང་། ཏྲྱུ་ཥ་ནཾ། དྲོད་གསུམ་ཞེས་དང་། བྱོ་ཥཾ། ཁྱད་པར་བསྲེག་ཀྱང་ཟེར། ཤིང་ཚའི་མིང་ལ། ཏྭ་ཀྤཏྟྲཾ། ཤུན་འདབ། ཏྭཀྲ་དང་ཏྭཙ྄། ཤིན་ཤུན་ནམ་ཤིང་ཚ། བྷྲྀངྒཾ། འཛིན་བྱེད། སཱུཏྐ་ཊཾ། རབ་མཆོག ཏྭ་ཙ། པགས་པ་ཅན། ཅོ་ཙི། ལོ་མ་ལེགས། བ་རཱངྒ་ཀཾ། ཡན་ལག་མཆོག ཅེས་སོ། །བྱི་མོའི་མིང་ལ། ཙ་བྱཾ། དབྱི་མོ། ཙ་བི་ཀཾ ཟ་བྱེད་ཅེས་སོ། །ལྕེ་ཚ། དབྱི་མོ་སྲུབ་ཀ་གསུམ་ལ་


MR26_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་ཡི་ཚ་བ་གསུམ་ཞེས་ཟེར། སརྫྫི་ཀཿ སྙེ་ནག་གམ་སྙེ་ལོ་ཡང་ཟེར། དེའི་མིང་ཕུག་རོན་མདོག་དང་ཚ་ནག་སོགས་ཟེར། འདི་ཡང་དྲོད་སྨན་དུ་གཏོགས་སོ། །ནཱ་ག་རཾ་ག སྐྱུར་རྩི། ཛམྦྷི་རཿ སྐྱུར་རྩི་ཆེན་པོ་སྟེ་འདི་དག་སྐྱུར་རྩི་ཆེན་པོའི་ཤིང་གི་མིང་ཡིན་ལ།དེའི་འབྲས་བུ་རྩ་བ་ཟེར་བ་སོགས་ལའང་འཇུག འདི་ལ་སོ་བ་ཅི་བཞིན་སྡུད་སོགས་ཟེར། དེ་དག་སྐྱུར་ཅན་གཞན་ལའང་བརྗོད་འདོད་ཀྱིས་བཏགས་པ་ཡོད་འདྲ། ཤིང་མངར་གྱི་མིང་། ཡཥྚཱི་མ་དྷུ། ཤིང་མངར། མ་དྷུ་ཀཾ སྦྲང་འདྲ། ཀླཱི་ཏ་ཀཾ སྤོབས་དམན་འདོར་བྱེད་སོགས་ཟེར། རྒུན་འབྲུམ་གྱི་མིང་། མྲྀ་དྭཱི་ཀཱ རྒུན་འབྲུའམ་ཞིབ་ཤིང་། གོསྟ་ནཱི། བའི་ནུ་མ། དྲཱཀྵཱ། སྲེད་འབྲུ། གཞན་རོ་ལྡན་རོ་མངར་ཟེར། འུ་སུའི་མིང་ལ། ཚ་ཏྲཱཿ གདུགས་དཀར་ཅན། བི་ཏུནྣ་ཀཾ འུ་སུ། ཀུསྟུ་མྦུར། སློང་སྨོད། དྷ་ནྱཱ་ག སོ་བ་ཅན། གཞན་དྷཱ་ནྱཾ་སོགས་སུའང་འབོད། ཤིང་ཀུན་གྱི་མིང་། ཛ་ཏུ་ཀཾ ཤིང་ཀུན། ཧིངྐུ། ཁ་བ་འཛག ར་མ་ཐཾ། རྩེ་བྱེད། ས་ཧ་སྲ་བེ་དྷཱི་ན། སྟོང་འབིགས་ཀྱང་ཟེར། ཤིང་དེའི་ལོ་མའི་མིང་། ཀ་བ་རཱི། ཤིང་ཀུན་འདབ། ཀཱ་ར་བཱི། རླུང་སྒྲོགས། པྲྀ་ཐྭཱི། གྲང་ལྡན། བཱཤྫི་ཀཱ དྲོད་ཅན། ཏྭཀྤ་ཏྲཱི། པགས་འདབ་ཟེར། ཡུང་བའི་མིང་ལ། ཧ་རི་དྲཱ། ཡུང་བ། ནི་ཤཱ། མཚན་མོ། འདིར་མཚན་མོའི་མིང་ཅན་ཞེས་པ་ལྟར་ན་མཚན་མོའི་མིང་གི་རྣམ་གྲངས་གཞན་ཡང་འདིར་འཇུག ཀཱཉྩ་ནཱི། སྣང་ལྡན། པཱི་ཏཱ། མདོག་སེར། བ་ར་བརྞྞི་ནཱི། མདོག་བཟང་ཅན་ཞེས་སོ། །རྒྱ་སྐྱེགས་ཀྱི་མིང་ལ། ལཱཀྵཱ་དང་ལཱཀྵྨཾ། རྒྱ་སྐྱེགས། རཱཀྵཱ། མཚོན་བྱེད། ཛ་ཏུ། སྐག ཡ་བཿདང་། ཡཱ་བཿ འདྲེས་འབྱུང་། ཨ་ལཀྟཿ རྒྱ་ཚོས། དྲུ་མཱ་མ་ཡཿ ཤིང་ནད་ཅེས་སོ། །ཞུ་མཁན་གྱི་མིང་།


MR26_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲ་མུ་ཀཿ ཞུ་མཁན། པཊྚི་ཀཱ་ཁྱཿ གོས་ལྡན་མིང་ཅན། པཊྚཱི། སེང་ཕྲོམ། ལཱཀྵཱ་པྲ་སཱ་ད་ནཿ རྒྱ་སྐྱེགས་དང་བྱེད་ཅེས་སོ། །ཟི་ར་དཀར་པོའི་མིང་། ཛཱེ་ར་ཀཿ དང་། ཛཱི་ར་ཎཿ ཟི་རའམ་འཛིར་ཞེས་སུའང་འབོད། དེ་ལ་ཐ་བེ་རང་ཟེར། ཨ་ཛཱ་ཛཱི། ར་མི་ཟ། ཀ་ཎཱ། ཀ་ན་སྒྲ་ཅན་ཞེས་སོ། །ཟི་ར་ནག་པོའི་མིང་། ཀཱ་ལཱ། ནག་པོ། སུ་ཥ་བཱི། ལེགས་སྐུལ། ཀཱ་ར་བཱི། རླུང་སྒྲོགས། པྲྀ་ཐཱི། གྲགས་ལྡན། པྲྀ་ཐུཿ གྲགས་པ། ཨུ་པ་ཀུཉྩི་ཀཱ ཉེར་འཁུམ་མམ་ཟིར་ནག་པོ་ཞེས་སོ། །ཚྭ་སྣའི་སྐོར་ལས། ཀ་ཌ་ཀ་ཙ་ཞེས་གྲགས་པ་རྒྱ་མཚོའི་ཚྭའི་མིང་ལ། བ་ཤི་རཾ། རྒྱམ་ཚྭ། བ་སི་རཾ། རེངས་པ། ཨཀྵཱི་བཾ། ཁྱབ་བྱེད་ཅེས་སོ། །སིནྡྷུའི་ཡུལ་གྱི་ལན་ཚྭའི་མིང་། སཻནྡྷ་བཿ སིནྡྷུའི་ཚྭ། ཤཱི་ཏ་ཤི་བཾ། བསིལ་ཞི། སི་ཏ་ཤི་བཾ། དཀར་ཞི། མཱ་ཎི་མནྠཾ། ནོར་བུ་བསྲུབ་སྐྱེས་ཏེ། སིནྡྷུའི་ཡུལ་གྱི་མ་ཎི་མནྠའི་རི་ལས་བྱུང་བའི་དེ་སྐད་བཏགས་པའོ། །སིནྡྷུ་ཛཾ། སིན་དྷུ་སྐྱེས། མཱ་ཎི་བྷནྡྷཾ། ནོར་བུ་འཆིང་སྐྱེས། ཞེས་སོ། །རཽ་མ་ཀཾ རུ་མཱ་སྐྱེས་སམ་རྒྱ་ཚྭ། དེ་ལ། བ་སུ་ཀཾ ནོར་ཅན་ཡང་ཟེར། བི་ཌཾ། ཁ་རུ་ཚྭ། དེ་ལ། པཱ་ཀྱཾ། བསྐོལ་ཚྭ། ཀྲྀ་ཏ་ཀཾ བཟོས་ཚྭའང་ཟེར། སཽ་བརྩྩ་ལཾ། ལེགས་སྣང་ངམ་ཚྭ་ལ། དེའི་མིང་དུ། ཨ་ཀྵཾ། ཁྱབ་བྱེད། རུ་ཙ་ཀཾ དཀར་འོད་ཀྱང་ཟེར། དེ་ནག་པོའི་མིང་ལ། ཏི་ལ་ཀཾ ཏིལ་འདྲ་ཟེར། པུཥྤ་ཀཱ་སཱི། དང་། སཾ་ཀཱ་ཡུ་ཤཾ། ནག་མཚུར། དུག་མོ་ཉུང་གི་ཤིང་གི་མིང་ལ། ཀུ་ཊ་ཛཿ འཁྱོགས་སྐྱེས་སོགས་ཟེར། དེའི་འབྲས་བུ་ལ། ཨིནྡྲ་ཡ་བཾ། དབང་པོའི་ནས། བྷ་དྲ་ཡ་བཾ། བཟང་པོའི་ནས། ཀ་ལིཾ་གཱ སུམ་ཚན་ནམ་དུག་ཉུང་འབྲས་བུ་ཞེས་སོ། །ས་རྡོའི་སྨན་གྱི་བྱེ་བྲག གཻ་རེ་ཡ། བྲག་ཞུན་དེའི་མིང། ཤི་


MR26_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལཱ་ཛ་ཏུ། བྲག་གི་རྒྱ་སྐྱེགས། ཨརྠྱཾ། དན་ཅན། གི་རི་ཛཾ། རི་སྐྱེས། ཨཤྨ་ཛཾ། བྲག་སྐྱེས་ཀྱང་ཟེར། སྲཽ་ཏཱཉྫ་ནཾ། རྡོ་ལིག་བུ་མིག ཨ་ཡསྐཱནྟ། ཁབ་ལོང་། མན་ཤི་ལཱ། ལྡོང་རོས། དེ་ལ་མ་ནོ་ཧྭཱ། ཡིད་མིང་ཅན། ནཱ་ག་ཛི་ཧཱི་ཀཱ། ཀླུ་ལྕེ་པ། ཀུན་ཊཱི། ས་ལ་གར། མ་ནོ་གུཔྟཿ ཡིད་སྦས། བལ་ཡུལ་དུ་བྱུང་བའི་ལྡོང་རོས་ལ། ནཻ་པཱ་ལཱི། བལ་ཡུལ་སྐྱེས། གོ་ལཱ། རྡོག་ཅན་ནམ་འོད་ཅན་ཞེས་སོ། །ས་མུ་དྲ་ཕེ་ཎ། རྒྱ་མཚོའི་ལྦུ་བ། དེ་ལ། ཧིཎྚི་རཿ འགྲོ་བྱེད། ཧིཎྜཱི་རཿ འགྲོ་བྱེད། པིཎྜཱི་རཿ དང་། དིཎྜཱི་རཿ ཞེས་འབོད་པའང་ཡོད།ཨཔྡྷི་ཀ་ཕཿ རྒྱ་མཚོའི་བེ་སྣབས། ཕེ་ནཿ ལྦུ་བ་ཞེས་ཀྱང་ངོ་། །མ་ནུའི་མིང་ལ། བཱ་ཋཱཿ མ་ནུ། ཨ་མྦཥྛཱ། མལ་གནས། ཨ་བིདྡྷཱ་ཀརྞྞི། རྣམ་ཕུག་པ། སྡྱཱ་པ་ནཱི། གནས་བྱེད། ཤྲེ་མ་སཱི། དགེ་ལེགས། ར་སཱ། རོ་ལྡན། ཨེ་ཀཥྛཱི་ལ། སྡོང་བུ་གཅིག་པ། པཱ་པ་ཙ་ལཱི། སྡིག་འགྲོའམ་སྨིན་འགྲོ། པྲཱ་ཙཱེ་ནཱ། ཤར་ཕྱོགས་སྐྱེས། བ་ན་ཏིཀྟི་ཀཱཿ ནགས་ཀྱི་ཏིགྟཿ ཞེས་སོ། །རུ་རྟའི་མིང་། ཀུཥྛཾ། མཛེ་ཅན་ནམ་རུ་དྲ། བྱཱ་དྷི། ནད་སེལ་ལམ་ནད་མིང་། པ་རི་བྷཱ་བྱཾ། ཟིལ་གནོན་ལེགས། བྱཱ་པྱཾ། རྣམ་ཁྱབ། བཱ་བྱཾ། འདེབས་བྱེད། ཨ་བྱཾ། ཁྱབ་བྱེད། པཱ་ཀ་ལཾ། སྨིན་འཛིན། ཨུཏྤ་ལཾ། རབ་སྐྱོད། ཀཽ་བེ་རཾ། ལུས་ངན། བྷ་སྭ་རཾ། འོད་གསལ། ག་དཱ་ཙྭ་ཡཾ། ནད་མིང་ཅན་ཞེས་སོ། །ཧོང་ལེན་གྱི་མིང་ལ། བནྡཿ ཧོང་ལེན། པྲྀ་ཀྵཱ་ད་ནཱི། ཤིང་ཟ། བྲྀཀྵ་རུ་ཧཱ། ཤིང་སྐྱེས། ཛཱི་བནྟི་ཀཱ། འཚོ་བྱེད་ཅེས་སོ། །བ་ཤ་ཀའི་མིང་ལ། བཱ་ས་ཀཿ བ་ཤ་ཀའམ་གནས་བྱེད། བཱ་ཤི་ཀཱ བ་ཤ་ཀའམ་མཛེས་པའམ་སྒྲོགས་བྱེད། བཻདྱ་མཱ་ཏྲྀ། སྨན་པའི་མ། སི་དྷཱིཿ ནད་འཇོམས། བཱ་སི་ཀཱཿ གནས་ཅན། པྲྀ་ཥཿ གཤེར་བྱེད། ཨ་ཊ་རུ་ཥཿ ཁྱབ་འགྲོ ཡང་ན། ཨ་ཊ་རཱུ་ཥཿ


MR26_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་འགྲོ སིཾ་ཧཱ་སྱཿ སེང་གདོང་ཅན། བཱ་ཛི་དནྟ་ཀཿ རྟ་སོའི་མེ་ཏོག ཅེས་སོ། །བཙོད་ཀྱི་མིང་ལ། མཉྩིཥྛ། བཙོད་དམ་ལེགས་གནས། བི་ཀ་སཱཿ རྣམ་འབྱེད། ཛིངྒཱི། འགྲོ་བྱེད། ས་མཾ་གཱ ཀུན་འགྲོ ཀཱ་ལ་མེ་ཥཱི། ནག་འགྲན། མཎྜཱུ་ཀ་བརྞྞི། ལ་བའི་ལོ་མ། བྷཎྜཱི་རཱི། རྒྱན་བྱེད། བྷིཎྜཱི། རྒྱན་ཅན། ཡོ་ཛ་ན་བལྨི། དཔག་ཚད་ལྕུག་མ། ཞེས་སོ། །གཟེ་མའི་མིང་ལ། ཀོཀྵཱུ་ར་ཀཿ གཟེ་མ། ཡཱ་སཿ གཟེ་མའམ་རབ་མཆེད། ཡ་བཱ་སཿ གཟེ་མ་ར་མགོའམ་འདྲེས་ཅན། དུཿསྤརྴཿ རེག་དཀའ། དྷ་ནཱ་ཡཱ་སཿ དགུན་དུང་གཟེ་མ། ཀུ་ནཱ་ཤ་ཀཿ ས་གཞི་ཉམས་བྱེད། རོ་ད་ནཱི། དུ་བྱེད། ཀ་ཙྪུ་རཱཿ འཛུགས་བྱེད། ཨ་ནནྟཱ། མཐའ་མེད། ས་མུ་དྲཱནྟཱ། རྒྱ་མཚོའི་མཐའ་ཅན། དུ་རཱ་ལ་བྷཱཿ རེག་སྡུག་ཅེས་སོ། །ཤུ་དག་གི་མིང་ལ། བ་ཙཱ། ཤུ་དག ཨུ་གྲ་གནྡྷཱ། དྲག་ཤུལ་དྲི། ཥ་ཌགྲ ནྠཱ། ཚིག་དྲུག་པ། གོ་ལོ་མཱི། བའི་སྤུ། ཤ་ཏ་བརྟྟི་ཀཱ ཚིགས་བརྒྱ་བ་ཞེས་སོ། །ཤུ་དག་དཀར་པོའི་མིང་། ཧི་མ་བ་ཏཱི། གངས་ཅན་སྐྱེས་ཞེས་སོ། །བོང་ང་དཀར་པོའི་མིང་། བི་ཤྭཱ བོང་དཀར་རམ་འཇུག་བྱེད། བི་ཥཱ། བོང་ནག་གམ་ཁྱབ་བྱེད། པྲ་ཏི་བི་ཥཱ། སླར་དུག་གམ་ཧང་ཤང་ཚེའུ། ཨ་ཏི་བི་ཥཱ། དུག་ལས་བརྒལ་ཏེ་དུག་མེད་བོང་དཀར། ཨུ་པ་བི་ཥཱ། ཉེ་བའི་དུག །ཨ་རུ་ནཱཿ དམར་སྐྱ། ཤྲྀ་རངྒཱཾ། འཚེ་ལྡན་ནམ་དམར་ཅན། མ་ཧཽ་ཥ་དྷཾ། སྨན་ཆེན་ཞེས་སོ། །ནིརྦི་ཤཱི། བོང་ང་ནག་པོ། བི་ཥཾ། མདའ་དུག ཉེ་ཤིང་གི་མིང་ལ། ཤ་ཏཱ་བ་རཱི། ཉེ་ཤིང་ངམ་བརྒྱ་སྒྲིབ། ཤ་ཏ་མཱུ་ལཱི། རྩ་བ་བརྒྱ་པ། བ་ཧུ་པུ་ཏཱ། བུ་མང་། ཨ་བྷི་རུཿ འཇིགས་མེད། ཨིནྡྲཱི་བ་རཱི། ཨུཏྤལ་མེ་ཏོག་ཅན། བ་རཱི། ས་སྒྲིབ། རྀ་ཥྱོ་པྲཽཀྟཱ། མིག་མཛེས། ཨ་བྷི་རུ་པརྞྞི། འཇིགས་མེད་ལོ་མ།


MR26_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རཱ་ཡ་ཎཱ། ཁྱབ་འཇུག་སྐྱེས། ཨ་ཧེ་རུཿ འགྲོ་མེད་ཅེས་སོ། །མོན་ལུག་གླ་སྒང་གི་མིང་། མུསྟ་ཀཾ གླ་སྒང་། ཀུ་ཊནྣ་ཊཾ། འཁྱོགས་གར། ད་ཤ་བུ་རཾ། བཅུད་གང་། དཱ་ཤ་བུ་རཾ། ཉ་བ་སྐྱོང་། བ་ནེ་ཡཾ། ཆུ་སྐྱེས། བ་རི་བེ་ལ་བཾ། ཡོངས་འཐོར། པླ་པཾ།རྐྱལ་འགྲོ གོ་པུ་རཾ། ཆུར་གནས། གོ་ནརྡྡཾ། ཆུ་སྒྲ་ཅན། ཀཻ་བརྟྟཱི་མུསྟ་ཀཾ སའི་གླ་སྒང་ངམ་ཉ་བའི་གླ་སྒང་། གཞན་ཡང་། པཱ་ནྱ྄ཾ། ཆུ་བྱུང་། པླ་བ་ནཾ། རྐྱལ་བྱེད། ཛཱི་བི་ཏཱ་ཧྭ་ཡཾ། འཚོ་མིན་ཅིན་ཞེས་སོ། །མོན་ལུག་གི་མིང་། ཀུ་རུ་བིནྡཿ སྒྲ་ངན་རྙེད། མེ་གྷ་ནཱ་མ། སྤྲིན་མིང་ཅན། མུསྟཱ། གཏུབ་བྱེད། མུསྟ་ཀཿ མོན་ལུག་གམ་ཚོགས་བྱེད། ནཱ་ག་མུ་ཐཱ། མོན་ལུག་གླ་སྒང་། བྷ་དྲ་མུསྟ་ཀཿ འབྲས་གང་ངམ་མོན་ལུག་བཟང་པོ། གུནྡྲཱ། ཆུར་འགྲོ བྷ་དྲཾ། བཟང་པོའང་ངོ་། །སླེ་ཏྲེས་ཀྱི་མིང་། གུ་ཌཱུ་ཙཱི། སླེ་ཏྲེས་སམ་སྲུང་བྱེད། བཏྶཱ་ད་ནཱི། བེའུའི་ཟས། ཙིནྣ་རུ་ཧཱ། བཅད་སྐྱེས། ཏནྟྲི་ཀཱ བུ་སྨད་གསོ་བྱེད། ཨ་མྲྀ་ཏཱ། འཆི་མེད། ཛཱི་བནྟི་ཀཱ འཚོ་བྱེད། སོ་མ་བལླཱི། ཟླ་བའི་འཁྲི་ཤིང་། བི་ཤ་ལྱཱ། ཟུག་རྔུ་མེད། མ་དྷུ་པརྞྞི། སྦྲང་གི་ལོ་མ་ཞེས་སོ། །ཨ་ཛ་ཛཱི། གོ་སྙོད། ཞེས་སོ། །གོ་སྙོད་ལྟ་བུའི་འབྲུ་ཅན་ལ་ལ་ཕུད་ཀྱི་མིང་། ཨ་ཛེ་མོ་དཱ། ཨ་ཟ་མོའམ་ར་དགའ། ཨུ་གྲ་གནྡྷ། དྲག་པོའི་དྲི། བྲཧྨ་དརྦྷཱ། ཚངས་མདུད། ཡ་མ་ནི་ཀཱ གཤིན་རྗེས་སྲོག་བྱེད་ཅེས་ཟེར། །པུཥྐ་ར་མཱུ་ལཿ རྒྱས་བྱེད་རྩ་བ་སྟེ་དྲི་བཟང་ཅན། དེ་ལ། པཽ་ཥྐ་རཾ། རྒྱས་བྱེད། ཀཱཤྨཱི་རཾ། ཁ་ཆེ་སྐྱེས། པདྨ་པཏྟྲཾ། པདྨའི་འདབ་མ་ཞེས་ཟེར། རྩ་དུརྦའི་མིང་། དཱུརྦྦཱ། འཚོ་ཅན་ནམ་དུར་བ། ཤ་ཏ་པརྦྦཱི་ཀཱ། ཚིགས་བརྒྱ་པ། ས་ཧ་སྲ་བཱིཪྻྻཱཐ། ནུས་པ་སྟོང་ལྡན། བྷཱརྒྣ་བི། བྷྲྀ་གུའི་བུ་མོ།


MR26_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཧཱ། སྐྱེ་ལྡན། ཨ་ནནྟཱ། མཐའ་ཡས། མིང་གཞན། དུརྨཱ་རཱ། འཆི་དཀའ། ཧཱ་རི་ཏཱ་ལཱི། ལྗང་འཕྲེང་། ཤི་ཏ་བཱིཪྻྻཱ། བསིལ་ནུས། ས་ཧ་སྲ་བརྦཱི་ཀཱ། ཚིགས་སྟོང་པ་སོགས་སུ་བཤད་དོ། །དཱརྦ་དཀར་པོའི་མིང་། གོ་ལོ་མཱི། སའི་སྤུ།ཤཏ་བཱིཪྻ། ནུས་པ་བརྒྱ་ལྡན། གཎྜཱ་ལཱི། རྨན་འཛིན། ཤ་ལུ་ལཱ་ཀྵཿ ཉ་མིག་ཅན་དེ་ལས་སྔ་མ་གཉིས་དཱུརྦ་དཀར་པོའི་མིང་དང་། ཕྱི་མ་གཉིས་དཱུར་བའི་བྱེ་བྲག་སོ་སོ་ཞེས་སུའང་གཞན་ལས་བཤད། བིལ་བའི་ཤིང་དང་འབྲས་བུ་གཉིས་ཀའི་ཐུན་མོང་གི་མིང་། བིལྦ། བིལ་བ། ཤཱཎྚི་ལྱཿ ཀ་པེད། ཤཻ་ལཱུ་ཥ། ཤེ་ལུ་ཥ་སྐྱེས། མཱ་ལཱུ་ར། དཔལ་གཅོད། ཤྲཱི་ཕ་ལ། དཔལ་འབྲས་ཞེས་སོ། །རྩ་ཀུ་ཤའི་མིང་། ཀུ་ཤ སར་ཉལ། ཀུ་ཐཿ རུལ་ཅན། དརྦདྷཿ རྩ་ཀུ་ཤའམ་མཆོད་བྱེད། པ་བི་ཏྲཾ། གཙང་བྱེད་ཅེས་སོ། །བ་ད་རཿ དང་། བ་ད་ར་ཕ་ལཾ། རྒྱ་ཤུག་གི་འབྲུ། མཱ་ཏུ་ལུངྒཾ། བ་ལུང་ཁ་ལུང་། ཏཱ་ལཱི་སཿ བལ་བུ། ཏ་ག་རཾ། རྒྱ་སྤོས། སྤང་སྤོས་ཀྱི་མིང་ལ། མི་སཱི། འཇལ་བྱེད་དམ་སྤང་སྤོས། གནྡྷ་མཱ་སཱི། སྤང་སྤོས། མཾ་སཱི། ཤ་ཅན་ནཾ། ཤེད་བྱེད། ཏ་པ་སྭི་ནཱི། དཀའ་ཐུབ་ཅན། ཛ་ཊི་ལཱ། རལ་ཅན། ལོ་མ་ཤཱཿ སྤུ་ཅན་ཞེས་སོ། །ན་ཁའི་མིང་། ན་ཁཾ། སེན་འདྲ། ཤུཀྟིཿ ཉ་ཕྱིས་འདྲ་བ། ཤཾ་ཁཿ དུང་འདྲ་བ། ཁུ་རཿ གཅོད་བྱེད། ཀོ་ལ་ང་ལཾ། རྒྱ་ཤུག་འདབ་ཅེས་སོ། །ཡུང་བ་དང་འདྲ་བའི་ཀ་ཙོ་བཱ་ཞེས་པ་ག་བུར་སེར་པོའི་མིང་། ཀརྤྤཱུ་ར་ཀཿ སྐྱོད་བྱེད། དྲཱ་བི་ཌ་ཀཿ དྲ་བི་ཌ་སྐྱེས། ཀལྱ་ཀཿ དུས་ལེགས། ཀལྤ་ཀཿ ཚོགས་སྐྱེས། བེ་དྷ་མུ་ཁྱ་ཀཿདྲིའི་གཙོ་བོ་ཞེས་སོ། །གཞན་དྲི་བཟང་བོད་སོགས་སུ་ཡོངས་ལ་མ་གྲགས་པའི་མིང་རྣམས་འཆི་མེད་


MR26_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་རྩ་འགྲེལ་ལས་ཤེས་པར་བྱའོ། །སྒོག་སྐྱའི་མིང་། ལ་ཤུ་ཎཾ། ཟ་བྱེད་དམ་ཁྱབ་བྱེད་དམ་སྒོག་སྐྱ། མ་ཧཽ་ཥ་དྷཾ། སྨན་ཆེན། གྲྀཉྫ་ནཾ། གཏམ་བྱེད་དམ་སྒོག་པ། ཨ་རིཥྚཿ མི་དགེ་མེད་དམ་བྱི་ཀུ། མ་ཧཱ་ཀནྡཿ རྩ་བ་ཆེན་པོ། ར་སོ་ན་ཀཿ རོ་མ་ཚང་པ་ཞེས་འདི་ལ་རོ་དྲུག་ལས་ལན་ཚྭའི་རོ་ཁོ་ན་མ་ཚང་བའི་ཕྱིར་རོ། །ཙོང་དམར་པོའི་མིང་། པ་ལཱཎྚུ། བཙོང་ངམ་སྐྱོང་བྱེད། སུ་ཀནྡ་ཀཿ ཀུན་དོང་དམ་རྩ་བཟང་ཞེས་སོ། །དུར་བྱིད་དཀར་པོའི་མིང་ལ། སརྦཱ་ནུ་བྷ་ཏིཿ ཀུན་ཕན་མྱོང་བྱེད། ས་ར་ཎཱ་འམ་ལཱ། ཀུན་འགྲོ ཏྲི་པུ་ཊཱ། གསུམ་སྦྱར། ཏྲི་པྲྀ་ཏཱ། གསུམ་བཅིངས། ཏྲི་བྷཎྜཱི། གསུམ་སྨོད། རེ་ཙ་ནཱི། འབྱེད་བྱེད། རོ་ཙཱ་ནཱི། དགའ་བྱེད་ཅེས་སོ། །དུར་བྱིད་ནག་པོའི་མིང་། ཤྱཱ་མཱ། སྔོ་བསངས། པཱ་ལིནྡཱི། སྲུང་བྱེད། སུ་ཥེ་ཎཱ། དང་། སུ་ཥེ་ཎི་ཀཱ སྡེ་བཟང་། འགྲོ ཀཱ་ལཱ། ནག་པོ། མ་སཱུར་བིད་ལཱ། སྲན་ཆུང་འདབ་ལྷག ཨརྡྷ་ཙནྡྲ། ཟླ་ཕྱེད་ལོ་མ། ཀཱ་ལཱ་མེ་ཥི་ཀཱ ནག་འགྲན། ཞེས་སོ། །ཨ་ར་ཀྤདྷ། དང་། ཀརྑི་ཀཱ་རཿ དང་། རཱ་ཛ་པྲྀཀྵྱཿ འདི་གསུམ་དོང་གའི་མིང་སྟེ་ཤིང་གི་སྡེ་ཚན་དུ་ཡང་སྨོས་ཟིན་ཏོ། །བཱ་ཏ་ཀཱཿ རླུང་བྱེད་དེ་བ་ཏཱ་ག་ཞེས་གྲགས་པ། དེའི་མིང་། གི་རི་ཀརྑ་ཀཱ རིའི་རྣ་བ་དང་གཞན་གྱིས་མི་ཐུབ་པ། བསིལ་འཛིན། ཨ་ཤ་ནའི་འདབ་མ། གསོ་བའི་ལོ་མ། ཞེས་བཤད། འོད་ལྡན་གྱི་མིང་། ཛྱོ་ཏིསྨ་ཏཱི། འོད་ལྡན། དེའི་མིང་གཞན། པཱ་རཱ་པ་ཏཱདྒྷཱི། ཕུག་རོན་གྱི་རྐང་། ཀ་ཊ་བྷཱི། སྒྲིབ་རྟེན། པ་ཎྱཱ། དང་། པིཎྱ། བསྟོད་བྱེད། ལ་ཏཱ། འཁྲི་ཤིང་། ཛཱི་བནྟཱི། འཚོ་བྱེད། པཱི་ཏ་ཏཻ་ལ། སྣུམ་སེར། ཙནྡྲ་ལེ་ཁཿ ཟླ་བའི་རི་མོ་ཞེས་བྱའོ། །སྐྲ་ཚོས་སུ་གྲགས་པའི་མིང་། བྷྲྀངྒ་རཱ་ཛ།


MR26_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བུང་བའི་ཚོས། སྭ་ཛཱ་ག་རཿ རང་སད། ཀེ་ཤ་རཉྫ་ན། སྐྲ་ཚོས་ཞེས་ཏེ། འདི་ཁུ་བ་བྱུག་པས་སྐྲ་ནག་པོར་བྱེད་པ་དང་བཅུད་ལེན་གྱི་སྨན་ཡང་ཡིན་ནོ། །འདི་རྒྱ་བལ་ཕྱོགས་སུ་ཡོད་ཅིང་ར་མཉེ་དང་ཕྱོགས་འདྲ་ཞིག་ཡོད་ཅེས་བོད་ཀྱི་སྨན་པ་དག་ཟེར། རིགས་དཀར་ནག་གཉིས་ལས་བཅུད་ལེན་ལ་ནག་པོ་བཟང་། བལ་པོའི་ཡུལ་སྐད་བྷངྒ་ར་ཟེར་ཞེས་བཤད། ཨིནྡྲ་ཧསྟི། དབང་པོ་ལག་པ། མེ་ཏོག་བརྒྱ་པའི་མིང་། གདུགས་དཀར་ཅན། མི་སི། འཇལ་བྱེད་ཅེས་ཟེར། ཀརྐ་ཊི།དཀར་ཐོབ་སྟེ་དེའི་མིང་སོར་བཞག །མིང་གཞན། ཨིརྦྦཱ་རུ། ས་བོན་གང་བྱེད་དམ་ག་གོན་ཞེས་སོ། །དེའི་བྱེ་བྲག གོ་རཀྴ་ཀཱ་ཀ་ཌཱི། ཞེས་པ་དང་། བི་ཤཱ་ལཱ། ཡངས་ལྡན་ཟེར་བ་སོགས་སོ། །དངུལ་ཆུའི་མིང་ལ། ཙ་པ་ལཿ རྒྱུག་བྱེད། ར་སཿ དངུལ་ཆུ། སཱུ་ཏཿ འདེད་བྱེད། བཱ་ར་དཿ མཆོག་སྦྱིན་དང་། པཱ་ར་ཏཿ ཕ་རོལ་རྒྱས། ར་སེནྡྲཿ ཁུ་བའི་དབང་པོ། དཱ་ར་ཏཿ འཇོམས་བྱེད་ཟེར། ཨམྦླ་བེ་ཏ་སཿ སྟར་བུ། ཙི་རཱ་ཏིཀྟཾ། རྩ་མཁྲིས། ཏིཀྟ། ཁ་བ་སྟེ་རོ་ཁ་བའི་ཏིག་ཏའི་རིགས་ཀྱི་སྤྱི་མིང་། བ་ལོ་མོཊཿ མྱང་རྩི་སྤྲས། ཨ་ག་སྟི་དང་། ཧ་རཱི་ཏ་ཀཱི ཨ་ག་ས། ཛ་དུ་བཱ་རཿ ཟུར་བ། རོ་ཧི་ཎཱི། སྤོར་པུ་རྩེ་ཤེལ། མོ་ར་ཊཾ། བུར་ཤིང་རྩ་བ། སུ་བི་ར་སོགས་ཀྱི་ཡུལ་སྐྱེས་ཤིང་ཐོག་སྐྱུར་མོ་ཆུ་ཅན་མིང་། སཽ་བཱི་རཾ། སུ་བིར་སྐྱེས། ཨཱ་ར་ནཱ་ལ་ཀཾ། ཀུན་འགྲོའི་དྲི་ཅན། ཀུལྨཱ་ཥཾ། རིགས་འཇལ། ཨ་བྷི་ཥུ་ཏཾ། མངོན་འཁྲུད། ཨ་བནྟི་སོ་མཾ། ཨ་བིནྟི་སྐྱེས། དྷྭ་ནྱཱམྦུ། སོ་བའི་ཆུ། དྷཱ་ནྱཱམླཾ། སོ་སྐྱུར། ཀཉྫ་ལཾ། ཆུ་ངན། ཀཱཉྫི་ལཾ། ཆུ་གསལ་སོགས་ཟེར། འདི་ཚོད་མ་བྱེད་པ་ཞིག་


MR26_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ལྷང་ཚེར་གྱི་མིང་། ཨ་བྷྲ་ཀཾ སྤྲིན་གཟུགས། གི་རི་ཛཾ། རི་སྐྱེས། ཨ་མ་ལཾ། ལྷང་ཚེར་རམ་དྲི་མེད། ག་བ་ལ་དྷྭ་ཛཾ། རའི་རྒྱལ་མཚན། གཽ་རཱི་བཱི་ཛཾ། དཀར་པོའི་ས་བོན། གཞན་ནམ་མཁའ་དང་སྤྲིན་གྱི་མིང་རྣམས་ཀྱང་འདི་ལ་འཇུག་པར་བཤད། ཆུ་བོ་ཡ་མུ་ནའི་རྒྱུན་ལམ་ལས་བྱུང་བའི་མིག་སྨན་གྱི་མིང་། སྲོ་ཏོ྅ཉྫ་ནཾ། ཆུ་སྲིན་མིག་སྨན། སཽ་བཱི་རཾ། སུ་བཱི་ར་སྐྱེས། རི་བྲག་དེ་ལས་སྐྱེས་པ། ཀཱ་བོ་ཏཱཉྫ་ནཾ། ཕུག་རོན་མིག་སྨན། ཡཱ་མུ་ནཾ། ཡཱ་མུ་ན་སྐྱེས་ཞེས་སོ། །མིག་སྨན་སྤང་མའམ། ས་ག་ར་མ་རྩིའི་མིང་། ཏུཏྠཱ་ཉྫ་ནཾ། སྤང་མའི་མིག་སྨན། ཏུཏྠཾ། ཞེས་པའང་དེ་ལ་འཇུག ཤི་ཁི་གྲཱི་བཾ། རྨ་བྱའི་མགྲིན་པ། བི་ཏུནྣཾ། སྤང་མ། མ་ཡཱུ་ར་ཀཾ རྨ་བྱའི་མདངས་ཅན། པུ་ཥཱ་ཏུཏྠཾ། སག་རམ་རྩི། ཀཱཾ་ས་ནཱི་ལཾ། འཁར་མཐིང་། ཤི་ཁི་ཀཎྛ་བཏ྄། རྨ་བྱའི་མགྲིན་འདྲ་ཞེས་སོ། །སྐྱེར་ཤུན་དང་སྤང་མ་བསྐོལ་བ་ལས་བྱུང་ཁུ་བའི་མིག་སྨན་གྱི་བྱེ་བྲག་ཞིག་གི་མིང་། ཀརྦ་རཱི། སྒྲུབ་བྱེད། དཱརྦི་ཀཱ སྐྱེར་ཁན་ཅན། ཏུཏྠཾ། སྤང་སྐྱེས། ཨ་མྲྀ་ཏཱ་སངྒཾ། བདུད་རྩི་འགྲོགས། ཏུནྣཾ། ཚོན་བྱེད་ཀྱང་ངོ་། །མིག་སྨན་མཐིང་གི་མིང་། ར་སཱཉྫ་ནཾ། ཁུ་བའི་མིག་སྨན། ཏཱརྐྵྱ་ཤཻ་ལཾ། ཏར་ཀྵྱའི་རི་སྐྱེས། ར་ས་གརྦྷཾ། ཁུ་བའི་མངལ་ཞེས་སོ། །མུ་ཟིའི་མིང་། གནྡྷ་ཤྨ་མན྄་ཤྨཱ། དྲི་ཅན་རྡོ། གནྡྷ་ཀཿ མུ་ཟི། སཽ་གནྡྷི་ཀཿ དྲི་ངད་ཅན། བཱ་མ་གྷྣཿ རྔོ་འཇོམས་ཞེས་སོ། །ཀུ་ལཏྠ་སྟེ་མོན་སྲན་ན་གུའི་དབྱིབས་ཅན་རྡོའི་མིག་སྨན་གྱི་བྱེ་བྲག་ཞིག་གི་མིང་། ཙཀྵུ་ཥྱཱ། མིག་སྨན། ཀུ་ལཱ་ལཱི། རིགས་རྒྱན། ཀུ་ལཏྠི་ཀཱ། སྲན་ནག་འདྲ་བ། ཀུམྦྷ་ཀཱ་རཱི། བུམ་པ་བྱེད་ཀྱང་ངོ་། །ར་གན་གྱི་གཡའི་མིག་སྨན་གྱི་མིང་།


MR26_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་ཏི་པུཥྤཾ། ར་གན་མེ་ཏོག པུཥྤ་ཀཾ། མེ་ཏོག་ཅན། འདི་ལ། པུཥྤ་ཀེ་ཏུཿ མེ་ཏོག་ཏོག་ཅེས་ཟེར་བའང་ཡོད། པཽཥྤ་ཀཾ མེ་ཏོག་ལྟ་བུ། གཞན་ཡང་། མ་ལཱ་ས་ཧཱཾ། དྲི་མ་སེལ། ཤ་ཏ་པུཥྤཾ། མེ་ཏོག་བརྒྱ་པ། པུཥྤ་རཱི་ཏི་ཀཾ མེ་ཏོག་རག་གཡའ་ཞེས་སོ། །བ་བླའི་མིང་། པིཉྫ་རཾ། བ་བླ། ཏཱ་ལཾ། གནས་བྱེད། པཱི་ཏ་ནཾ། མདོག་སེར། ཨ་ལཾ། ཨཱ་ལཾ། རྒྱན་བྱེད། ཧ་རི་ཏཱ་ལ་ཀཾ སེར་གནས། ཏཱ་བརྞྞ་ཀཾ ཏཱ་ཡིག་ཅན། ན་ཊ་བྷཱུ་ཥ་ཎཾ། གར་རྒྱན། གོ་དནྟཿ བ་ལང་སོ། ན་ཊ་སཾ་ཛྙ་ཀཾ གར་མིང་ཅན། ཀཙྩཱུ་རཾ། ཡང་ངོ་། །གནྡྷ་ར་སའི་མིང་། བོ་ལཿ འབྱར་རྩི། གནྡྷ་རསཿ དྲི་སྦྱིན། པྲཱ་ཎཿ སྲོག་ཅན། པིཎྚཿ གོར་བུ། གོ་སཿ ཆུ་སྦྱོར། ཤ་ཤཿ ཕྱུགས་ཅན་ཞེས་སོ། །ལི་ཁྲིའི་མིང་། སིནྡཱུ་རཾ། ལི་ཁྲི། ནཱ་ག་སཾ་བྷ་བཾ། ཞ་ཉེ་སྐྱེས། བ་སནྟོཏྶ་བཿ དཔྱིད་ཀྱི་དགའ་སྟོན། རཀྟ་ཙཱུརྑཾ། ཕྱེ་མ་དམར་པོ། རཀྟ་བཱ་ལུ་ཀཾ བྱེ་མ་དམར་པོ། །ཞེས་སོ། །གོས་སོགས་ཀྱི་ཚོས་བྱེད་པའི་གུར་གུམ་གྱི་མིང་། ཀ་མ་ལོཏྟ་རཾ། མེ་ཏོག་མཆོག ཀུ་སུམྦྷཾ། ལེབ་རྒན་རྩི། བཧྞི་ཤི་ཁཾ། མེའི་རྩེ་མོ། མ་ཧཱ་ར་ཛ་ནཾ། ཚོས་ཆེན། སྦྲང་རྩིའི་མིང་། མ་དྷུ། སྦྲང་རྩི། དེ་ལ་དབྱེ་ན། ཀྵཽ་དྲཾ། སྦྲང་ཆུང་གི་སྦྲང་རྩི། མཱཀྵི་ཀཾ ནང་སྦྲང་གི་སྦྲང་རྩི། བྷྲཱ་མ་རཾ། བུང་བའི་སྦྲང་རྩི། བཱ་ར་ཊཾ། བ་ར་ལིའི་སྦྲང་རྩི། བཽཏྟི་ཀཾ སྦྲང་བུ་བུད་སྒྲ་ཅན་གྱི་སྦྲང་རྩི་རྣམས་སོ། །ཡུལ་འགར་ནས་ཀྱི་མྱུ་གུ་བསྲེགས་ནས་བཅོས་པའི་འགྱུར་སྐྱེད་ཀྱི་མིང་། ཡ་བཀྵཱ་རཿ སོ་བའི་འགྱུར་བྱེད། ཡ་བཱ་གྲ་ཛཿ ནས་རྩེ་སྐྱེས། པཱ་ཀྱཿ བསྲེགས་བྱུང་། གཞན། ཡ་བ་ཛཿ ནས་སྐྱེས། ཡ་བ་ནཱ་ལཿ ནས་སོགས་ཅན་ཀྱང་འདིར་བཤད། སརྫྫི་ཀཱའི་འགྱུར་བྱེད་ཀྱི་མིང་། སརྫྫིཀཱཀྵཱརཿ སྙེ་ནག་འགྱུར་བྱེད།


MR26_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་པོ་ཏཿ ཕུག་རོན་མདོག སུ་ཁ་བརྩྩ་ཀཿ བདེ་གསལ་ཅན། སཽ་བརྩྩ་ལཾ། རབ་གསལ། རུ་ཙ་ཀཿ འབར་བྱེད། གཞན། སྭརྫིཿ དང་། སྭརྫི་ཀཱ ལེགས་གྲུབ། སུ་བརྩྩི་ཀཱ ལེགས་སྣང་། ཤྲུགྷྣི་ཀཿ ཐོས་འཇོམས་ཅན། ཀྲྀཥྞ་ལ་བ་ཎཾ། ཚྭ་ནག ཨཀྵཾ། ཁྱབ་བྱེད་ཅེས་སོ། །མཛེས་པའི་མིག་སྨན་གྱི་ས་བོན་གྱི་མིང་། ཤི་གྲུ་ཛཾ། ཤི་གྲུ་སྐྱེས། ཤྭེ་ཏ་མ་རི་ཙཾ། ཕོ་བ་རིས་དཀར་པོ། ཞེས་སོ། །བུར་ཤིང་གི་རྩ་བའི་མིང་། མོ་ར་ཊཾ། བུར་རྩ། པི་པི་ལིང་གི་རྩ་བ། པིཔྤ་ལཱི་མཱུ་ལཾ། པི་པི་ལིང་རྩ། ཙ་ཊི་ཀཱ ཙཀྲ་ཅན། ཤི་རས྄་དང་ཤི་རཱཿ མགོ་གཟུགས། ཙ་ཊ་ཀཱ་ཤི་རཿ མཆིལ་བའི་མགོ་ཅན། གྲནྠི་ཀཾ མདུད་པ་ཅན་ཞེས་སོ། །འབྱུང་སྐྲ་ཞེས་གྲགས་པའི་མིང་། གོ་ལོ་མཱི། གླང་སྤུ་ཅན། བྷཱུ་ཏ་ཀེ་ཤཿ འབྱུང་པོའི་སྐྲ་ཞེས་སོ། །ཙན་དམར་ལྟ་བུའི་སྙིང་པོ་དམར་པོ་ཅན་གྱི་ཤིང་གི་མིང་། པཏྟྲཱངྒཾ། འདབ་ལུས། རཀྟ་ཙནྡན། ཙན་དམར་ལྟ་བུ་ཞེས་སོ། །བུར་ཤིང་གི་ཁྱད་པར་གྱི་ཤེལ་ཀ་རའི་མིང་། མཏྶཱཎྜཱི། ཉ་སྒོང་མ། པཱ་ཎི་ཏཾ། འབྱོར་བྱེད། བྱེ་མ་ཀ་ར་མདོག་དཀར་མི་དཀར་གཉིས་ཀའི་མིང་། ཤརྐྐ་རཱཿ རྒྱལ་མོ་ཀ་རའམ་ལི་ཁ་ར། སི་ཏཱ་ངོམས་བྱེད་ཅེས་སོ། །ཀ་རའི་མིང་དུ། ཕཱ་ཎི་ཏཾ། བུ་རམ་གྱི་དབུ་བ། ཁཎྚཾ། ཧྭགས། ཞེས་ཀྱང་ངོ་། །མ་ངྷུ། སྦྲང་རྩི། མ་དྷུ་ཙྪིཥྚ། སྦྲང་རྩིའི་ལྷག་མའམ་རྩིགས་མ་སྟེ་སྤྲ་ཚིལ། སིཀྠཾ། དང་། སིཀྠ་ཀཾ སྤྲ་ཚིལ། ཏཻ་ལཾ། འབྲུ་མར། ཀ་ཊུ་ཀ་ཏཻ་ལཾ། ཡུངས་མར། སརྦིཿ མར་སར། ཤཻ་ལོང་ཀཾ གཅོང་ཞིའི་ཆུ། ཀྭ་ཐི་ཏམ྄། ཆུ་བསྐོལ་བའམ་བསྡུས་པ། ཀྭ་ཐ་ཡི་ཏྭཱ། བསྐོལ་ཏེ་ཞེས་སོ། །གཞན་རིན་པོ་ཆེའི་རིགས་དང་། སྲོག་ཆགས་ཀྱི་ཤ་སོགས་དང་། འབྲུ་དང་། ཤིང་གི་རིགས་རྣམས་ཀྱང་སྨན་དུ་འགྲོ་


MR26_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་དག་གི་མིང་སོ་སོའི་སྡེར་བཀོད་ལ། འདིར་སྨན་ཡོངས་གྲགས་ཅི་རིགས་སྨྲས་པའོ། །གཞན་ཟས་སོགས་སྨན་དུ་འགྲོ་བ་ན། ཆུ་ཤིང་སོགས་འབྲས་བུ་སྨིན་ནས། འཇིག་པའི་རིགས་ཙམ་བརྗོད་ཚེ། ཨོ་ཥ་དྷིའམ་དྷྱཿ སྟེ་སྨིན་འཛིན་རྣམས་ཞེས་རིགས་མང་པོ་བརྗོད་པས་མང་ཚིག་ཏུ་བྱས་པའོ། །གཞན་སྨིན་འཛིན་གྱི་བྱེ་བྲག་དང་། གཞན་དེའི་བྱེ་བྲག་མིན་པ་འབྲས་གསུམ་སོགས་སྨན་གྱི་བྱེ་བྲག་ཐམས་ཅད་དང་། སྨན་གྱི་བྱ་བ་བྱེད་པའི་ཟས་སོགས་ལའང་ཐམས་ཅད་དུ། ཨོཾ་ཥ་དྷཾ། སྨན་ཞེས་སུ་ར་རོ། །སྨན་གྱི་སྐབས་སུ་ལོ་མ་མེ་ཏོག་སོགས་ཀྱི་སྤྱི་མིང་དུ། ཤཱ་ཀཾ ཞེས་པའོ། །དེ་ལ་དབྱེ་ན། རྩ་བ་ནི་ལ་ཕུག་སོགས་རྩ་བ་སྦོམ་པ་དང་། ནིམྤ་སོགས་ཀྱི་ལོ་མ་དང་། སྨྱུག་མ་སོགས་ཀྱི་མྱུ་གུ་གསར་པ་དང་། སཱ་ལ་སོགས་པའི་རྩེ་མོ། ཨ་མྲ་སོགས་ཀྱི་འབྲས་བུ། ཨུཏྤལ་སོགས་ཀྱི་སྡོང་པོ་སྟེ་དེ་ལྔ་དང་། ཨ་དྷི་རཱུ་ཌྷ། ལྷག་སྐྱེས་ཞེས་པ། རྐང་བ་ས་བོན་རུས་པ་མྱུ་གུ་རྐང་མར་ལ་སོགས་པ་ཡན་ལག་ཕྲ་མོ་རྣམས་ལ་བརྗོད་དེ། །འདི་སྐབས་ཀྱི་རྐང་པ་ནི་རྩ་བ་ཡིན་པ་ཙམ་དང་། མྱུ་གུ་ནི་རྩྭ་ཤིང་སོགས་ཀྱི་ཡལ་ག་ཕྲ་མོ་གསར་སྐྱེས་སོ། །མ་ཏུང་ལུང་ག་སོགས་ཀྱི་ཤུན་པ། ཀོ་བི་ད་ར་སོགས་ཀྱི་མེ་ཏོག །ཙྪ་བ་ཀཾ ཞེས་པ་གདུགས་ཅན་ནོ་ཞེས་བཤད་དེ། །ཇི་སྐད་དུ། རྩ་བ་ལོ་མ་མྱུ་གུ་རྩེ། འབྲས་བུ་སྡོང་པོ་ལྷག་སྐྱེས་དང་། ཤུན་པ་མེ་ཏོག་ཙྪ་བ་ཀཾ ཤ་ཀཾ་རྣམ་པ་བཅུ་རུ་བཤད། ཅེས་འབྱུང་ངོ་། །དེ་དག་གི་རྩ་བ་མཱུ་ལཾ་སོགས་ཀྱི་སྐད་དོད་གཞན་དུ་བཤད་ཟིན། ཀ་རཱི་ར། མྱུ་གུ་ཞེས་སོ། །མཱུ་ལཾ་ཨཽ་ཥ་དྷཾ། རྩ་བའི་སྨན། གཎྚ་བྷཻ་ཥ་ཛྱཾ། སྡོང་བུའི་སྨན་ཞེས་སོགས་སུ་ཤེས་པར་བྱའོ། །སྨན་ལེགས་པར་སྦྱར་བས་ནད་སོས་པའི་མིང་ལ།


MR26_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལྱཿ སོས་པ། ནི་རཱ་མ་ཡཿ ནད་བྲལ་བ། བཱརྟྟཿ འཚོ་བ་ཞེས་སོ། །ནད་ལས་གྲོལ་ནས་ཡུན་མི་རིང་བའི་མིང་། ཨུལླཱ་གྙཿ ནད་ལས་གྲོལ་མ་ཐག་པ། ནད་མེད་པའི་མིང་། ཨ་ནཱ་མ་ཡཾ། ནད་མེད་པ། ཨ་རོ་གྱཾ། ནད་གཅོང་མེད་པ། ཨ་རོ་གཿ ནད་མེད་པ།ནིརྫ྄་རཿ རིམས་ནད་མེད་པའམ་ནད་མེད་པ། པ་ར་མ་སུ་ཁཿ མཆོག་ཏུ་བདེ་བའོ། །དེ་དག་གིས་གསོ་རིག་ལ་ཉེར་མཁོའི་མིང་ཅི་རིགས་བརྗོད་ཟིན་ཏོ། ༈ །ད་ནི་སྒྲ་རིག་པའི་མིང་གི་སྐོར་ལ་ཆེ་ལོང་ཙམ་བརྗོད་པ། ཤཱབྡི་ཀཿ སྒྲ་མཁན། བྱཱ་ཀ་ར་ཎི་ཀཿ བརྡ་སྤྲོད་མཁན། བྱཱ་ཀ་ར་ཎ། བརྡའ་སྤྲོད་པའམ་ལུང་སྟོན་པ་སྟེ་སྒྲ་རིག་པའི་མིང་། བཻ་ཡཱ་ཀ་ར་ཎཿ བརྡ་སྤྲོད་པའམ་བརྡ་སྤྲོད་ཤེས་པའམ་རིག་པ། ཤཱབྡི་ཀཿ སྒྲ་ལ་མཁས་པ། དེ་ལ། དྷཱ་ཏུཿ བྱིངས། ནཱ་མཿ མིང་། པྲ་ཏྱ་ཡཿ རྐྱེན། པྲ་ཀྲྀ་ཏཿ རང་བཞིན། པྲ་ཏི་སནྡྷིཿ མཚམས་སྦྱོར་བ། བི་ཀྲཱྀཏ྄། རྣམ་འགྱུར། ནཱ་མན྄། མིང་། བཱ་ཀྱཾ། ཚིག་སྟེ་མིང་ལ་རྣམ་དབྱེ་སྦྱར་བའི་མཐའ་ཅན་དུ་བྱས་པའོ། །པི་བྷཀྟིཿ རྣམ་དབྱེ། བཱཙ྄། དང་། བཱཀ྄་དང་། པཱ་ད། ངག་གོ། བྷཱ་ཥ། སྐད། གིར྄་དང་གཱིཿ སྒྲ། པཱ་ཎཱི། བརྗོད་པ་གཞན་ཡང་ཚངས་བྱུང་རྒྱས་བྱུང་མཚོ་བྱུང་ཡང་ཟེར། བྱཱ་ཧཱ་རཿ རྣམ་བརྗོད་དམ་ཐ་སྙད། ཨུཀྟིཿ གླེང་བ། ལ་བི་ཏཾ། སྨྲ་བ། བྷཱ་ཥི་ཏཾ། བཤད་པ། བ་ཙ་ནཾ། འཆད་པ། བ་ཙ་ས྄། བ་ཙཿ ལབ་པའམ་ཚིག་གོ སྭ་ར། དབྱངས་སམ་ང་རོ། དབྱངས་ཀྱི་བྱེ་བྲག ཨུ་དཱཏྟཿ མཐོ་བར་འདོན་པ། ཨ་ནུ་དཱཏྟཿ དམའ་བ། སྭ་རི་ཏཿ བར་མ། པཱརྟྟཱ། གཏམ། ཀ་ཐཱ། གཏམ་སྟེ་བདེན་གཏམ་ཉུང་ངུ་། །པྲ་བྲྀཏྟིཿ ལོ་རྒྱུས། བྲྀཏྟཱནྟཿ ཁ་སྐད། ཨུ་དནྟཿ བཀའ་མཆིད་དམ་མཆིད་དེ་འདི་ཀུན་སྤྱིར་གཏམ་གྱི་མིང་དུ་འཇུག །


MR26_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་མིང་གཞན། ཨཱ་ཧྭ་ཡཿ བོད་པ། ཨཱ་ཁྱཱ། བླ་དྭགས། ཨཱ་ཧྭཱ། མཚན། ཨ་བྷིདྷཱ་ནཾ། མངོན་བརྗོད། ནཱ་མ་དྷེ་ཡཾ། མིང་དུ་བརྗོད་པའམ་གདགས་པའོ། །ཧཱུ་ཏིཿ མིང་ནས་འབོད་པ། བི་བཱ་དཿ རྩོད་པ། བྱ་བ་ཧཱ་རཿ ཐ་སྙད།དཔེར་བརྗོད་ཀྱི་མིང་། ཨུ་པོངྒྷཱ་ཏཿ ཉེར་འཇལ། ཨུ་དཱ་ཧཱ་རཿ དཔེར་བརྗོད་དོ། །ངག་གི་རྒྱུན་མང་བ་ཅན་ལ། སརྒྒཿ ལེའུ། སཱུ་ཏྲཾ། མདོར་བྱས་པ། དྷཱ་ཏུཿ སྐད་ཀྱི་དབྱིངས་སམ་བྱིངས། ནཱི་པཱ་ཏཿ ཚིག་གི་ཕྲད། ཨ་ནྭཱ་ཁྱཱ་ནཾ། རྗེས་སུ་བཤད་པ། ཨཱ་ཁྱཱ་ཏ། ཀུན་བཤད། ཨུ་པ་སརྒཿ ཉེ་བར་བསྒྱུར་བ། བྲ་སོགས་ཉི་ཤུ་པོའི་མིང་ངོ་། །བཱ་ཀྱོ་པནྱཱུ་སཿ ཚིག་གི་ལྷད། ཨུ་པ་སཾ་ཁྱ་ནཾ། ཚིག་ཁ་སྐོང་བ། ས་མཱ་སཿ ཚིག་སྡུད་པ། ས་མསྟཿ ཚིག་བསྡུས་པ། ཀརྨཿ ལས། བྷཱ་བ། དངོས། སྐད་རིགས་ཆེན་མོ་བཞི་ནི། སཾ་སྐྲྀ་ཏཾ། ལེགས་པར་སྦྱར་བ། ཨ་པ་བྷྲཾ་ཤཿ ཟུར་ཆག་པ། པྲཱ་ཀྲྀ་ཏཾ། ཐ་མལ་པའམ་རང་བཞིན། པི་ཤཱ་ཙི་ཀཿ ཤ་ཟའི་སྐད་དོ། །ཨ་པ་ཤབྡཿ སྒྲ་ཉམས་པ། ཀྲི་ཡཱ་པ་དཾ། བྱེད་པའི་ཚིག་གམ་བྱ་ཚིག ཀརྨ་པ་དཾ། ལས་སུ་བྱ་བའི་ཚིག ཨ་ན་བསྡྱཱ་པྲ་སཾ་གཿ ཐུག་པ་མེད་པར་འགྱུར། ཨ་ཏི་པྲ་སཾ་སངྒཿ ཐལ་ཆེས་པར་འགྱུར། པྲ་སཾ་གཿ པྲ་སཛྱ་ཏཻ། ཐལ་བར་འགྱུར། བི་གྲ་ཧཿ ཚིག་རྣམ་པར་སྦྱར་བ། རྣམ་དབྱེའི་ཚིག་སྡུད་ཀྱི་བྱེ་བྲག་ལ་དྲུག་སྟེ། དྭནྡྭ། ཟླས་དབྱེ་བ། དྦི་གུཿ བ་གཉིས་པ། ཏཡྻུ་རུ་ཁཿ དེའི་སྐྱེས་བུ། བ་ཧུ་བྲཱྀ་ཧིཿ འབྲུ་མང་པོ། ཨ་བྱཱ་ཡཱི་བྷཱ་བཿ མི་ཟད་པའམ་ཟད་པར་མི་འགྱུར་བ་སྟེ་གྲངས་མེད་པའི་བསྡུ་བའང་ཟེར། ཀརྨ་དྷཱ་ར་ཡཿ ལས་འཛིན་པ་སྟེ་དྲུག་གོ། མིང་བར་སྒྲའི་བསྡུ་བ། ས་མཱ་ནཱ་དྷི་ཀ་ར་ཎཿ གཞི་


MR26_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ། ཀཱ་ར་ཀཿ བྱེད་པ། པྲ་ཐ་མ་པུ་རུ་ཥཿ སྐྱེས་བུ་དང་པོ། མ་དྷྱ་མ་པུ་རུ་ཥཿ སྐྱེས་བུ་བར་མ། ཨུཏྟ་མ་པུ་རུ་ཥཿ སྐྱེས་བུ་མཆོག རྣམ་པར་དབྱེ་བ་བདུན་གྱི་དཔེ་བརྗོད་པ་ཤིང་ལ་མཚོན་ན། པྲྀཀྵཿཤིང་། བྲྀཀྵཽ། ཤིང་དག བྲྀཀྵཱཿ ཤིང་རྣམས་ཏེ། ཤིང་གི་མིང་ལ་རྣམ་དབྱེ་དང་པོའི་སི་ཨོ་ཛས྄་བྱིན་པའི་དངོས་པོ་རང་གི་ངོ་བོ་ཙམ་བརྗོད་པ་གཅིག་ཚིག་གཉིས་ཚིག་མང་ཚིག་གི་རྣམ་འགྱུར་འབྱུང་ཚུལ་ལོ། །དེ་བཞིན་རྣམ་དབྱེ་གཉིས་པ་ལས་ཀྱི་རྐྱེན་ཚན་གསུམ་བྱིན་པའི་དཔེ་ལ་སོགས་པ་རིམ་བཞིན་དུ། བྲྀཀྵཾ། ཤིང་ལ། བྲྀཀྵཽ། ཤིང་དག་ལ། བྲྀཀྵཱན྄། ཤིང་རྣམས་ལ། གསུམ་པ་བྱེད་པའི་སྒྲ། བྲྀཀྵེ་ནཿ ཤིང་གིས། བྲྀཀྵཱ་བྷྱཱཾ། ཤིང་དག་གིས། བྲྀཀྵཻཿ ཤིང་རྣམས་ཀྱིས། བཞི་པ་ཆེད་དོན་གྱི་རྐྱེན་སྦྱར་བ། བྲྀཀྵཱ་ཡ། ཤིང་གི་ཕྱིར་རམ་ཆེད་དུ། བྲྀཀྵཱ་བྷྱཱཾ། ཤིང་དག་གི་ཕྱིར། བྲྀཀྵེ་བྷྱཿ ཤིང་རྣམས་ཀྱི་ཕྱིར། ལྔ་པ་འབྱུང་ཁུངས་ནི། བྲྀཀྵཱཏ྄། ཤིང་ལས། བྲྀཀྵཱ་བྷྱཱཾ། ཤིང་དག་ལས། བྲྀཀྵེབྷྱཿ ཤིང་རྣམས་ལས། དྲུག་པ་འབྲེལ་སྒྲ་ནི། བྲྀཀྵ་སྱ། ཤིང་གི བྲྀཀྵ་ཡོཿ ཤིང་དག གི བྲྀཀྵཱ་ཎཱཾ། ཤིང་རྣམས་ཀྱི། བདུན་པ་རྟེན་གནས་ཀྱི་རྣམ་དབྱེ་སྦྱར་ན། བྲྀཀྵེ། ཤིང་ལ། བྲྀཀྵ་ཡོཿ ཤིང་དག་ལ། བྲྀཀྵེ་ཥུ། ཤིང་རྣམས་ལ་ཞེས་པ་ལྟ་བུའོ། །མིང་མཐའི་རྟགས་ཀྱི་ཁྱད་པར་ལས་ཀ་ཞེས་པའི་སྒྲ་གཅིག་བུ་སྐྱེས་བུའི་རྟགས་སུ་བྱས་ཚེ་ཚངས་པ་དང་ང་དང་ཉི་མ་སོགས་ལ་འཇུག་ཅིང་། མ་ནིང་གི་རྟགས་སུ་བྱས་ཚེ་སྤྱི་བོ་དང་ཆུ་དང་བདེ་བ་སོགས་ལ་འཇུག་པ་བཞིན། རྟགས་ཀྱིས་བསྒྱུར་བས་འཇུག་ཚུལ་ཐ་དད་པ་ཡོད་པར་ཤེས་པར་བྱའོ། །སྐབས་སྐབས་སུ་ཚིག་གི་ཕྲད་དུ་གྱུར་པ་སྣ་ཚོགས་ཅི་རིགས་བརྗོད་པ་ལ། ཀ་ར་ཎ།


MR26_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། ཨེ་བཾ་རཱུ་པཾ། དེ་ལྟ་བུ། ཨ་ཏ་ཨེ་ཏ་སྨཱཏྐཱ་ར་ཎཱཏ྄། དེས་ན་དེའི་ཕྱིར། ཨཱ་དི། ལ་སོགས་པ་སྟེ། དེ་བཱ་དི། ལྷ་ལ་སོགས་པ་ཞེས་པ་ལྟ་བུའོ། །ཚིག་ཕྲད་ནི་པཱ་ཏ་མི་ཟད་པའི་སྡེ་ཚན་དུ་གཏོགས་པ། ཨ་ཏྲ། འདིར། ཏཏ྄། དེ་ལ། དང་དེས། ཨི་ཧ། འདི་ལ། ཨསྨིཾ། འདིར། ཏ་ཐཱ། དེ་བཞིན། ཡ་ཐཱ། ཇི་ལྟ་བའམ་ཇི་ལྟར་རམ་ཇི་ནས་སམ་འདི་ལྟར། བཱ། འམ་མམ་རུང་། ཙ། དང་ངམ་ཡང་སོགས་སྡུད་སྒྲ། ཨེ་བ། ཉིད། ཡསྨཱཏ྄། གང་གི་ཕྱིར་རམ་འདི་ལྟར། ཀིནྟརྷི། དེ་ལྟ་མོད་ཀྱི། ཏཏ྄། དེ། ཡ་ཏ། གང་ཡིན་པའམ་གང་། ཀིཾ ཅི། ན་ནུ། འམ་སྟེ་འདྲི་བའི་ཚིག ཀཉྩ། འདི་ལྟར་ཡང་། ཨ་ནྱ་ཙ། གཞན་ཡང་། ཨུ་བི་ཏུ། ཡང་ངམ་མོད་ཀྱི། ཀིནྟུ། འོན་ཀྱང་ངམ་མོད་ཀྱི། ན་ཁ་ལུ། མ་ཡིན་མོད་ཀྱི། ཏདྱ་ཐཱ། འདི་ལྟ་སྟེའམ་དཔེར་ན། ཡདྣ ཏཱ་ཨ་ཐ། དེ་ནས་སམ་ཅི་སྟེ། ཨེ་མེ། འདི་དག ཨ་མཱི། འདི་རྣམས། ཨེ་བཾ། འདི་སྐད་དམ་འདི་ལྟར་རམ་དེ་བཞིན། བྷཱུ་ཡོ་྅་པི། ཡང་ངམ་གཞན་ཡང་། བྷཱུ་ཡཿ ཡང་ངམ་ཕྱིར་ཞིང་། ཀ་དཱ་ཏུ་ཀ་དཱ་ཡ་དཱ། ནམ་ཞིག་གམ་གང་གི་ཚེ། ཏ་དཱ། དེའི་ཚེའི་མཾ་དེའི་དུས། ཀ་ཐཾ། ཇི་ལྟར། ཨེ་བཾ་ཧི། དེ་ལྟར་ན། ཏ་ཏོ་པི། དེ་བས་ཀྱང་། ཏ་ཐཱ་ཧི། འདི་ལྟར། ཨེ་བ་མེ་བ། དེ་བཞིན་དུ། ས་ཙེད། དང་། ཡ་དི། གལ་ཏེ། བེ་ཡཱ་ལཾ། དེ་བཞིན་དུ་སྦྱར་བའམ། གོང་མ་བཞིན་དུ་སྦྱར་བ། པཱུརྦ་བཏ྄། གོང་མ་བཞིན་ནམ་སྔ་མ་བཞིན། ཨུ་ཏཱ་ཧོ། ཨ་ཐ་བཱ། ཨ་ཧོ་སྭི་ཏ། ཡང་ན། དེ་ན་ནི། འོན་ཏེའམ། དེ་སྟེ། ནཱ་མ། གྱུར་དུ་ཟིན་ཀྱང་ངམ་ཆུག་ཀྱང་། བ་ཏ། ཀྱེ་མའམ་ཀྱི་ཧུད་དམ་མ་ལའམ་ཇི་ཡང་རུང་། ཨ་ཧོ། ཨེ་མའམ་


MR26_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་ལ། ཧཱ། ཀྱེ་ཧུད་དམ་ཀྱེ་མ། ཞེས་སམ་སྐྱོ་བ་དང་ངོ་མཚར་བ་ལའང་འཇུག དྷྲུ་བཾ་ཨ་པ་ཤྱཾ། ལོས་ཀྱང་ངམ་ལོས་ཏེའམ་ངེས་པ། ནཱུ་ནཾ། ངེས་པར་རམ་གོར་མ་ཆག་པའམ་སྙམ། ཨ་པི་ས་ཧ་ས། ཀྱང་ངམ་ཡང་ངམ་ལྷན་ཅིག་གམ་བཅས་སམ་དང་། སཱ་ཀམ྄། སཱརྡྷཾ། ལྷན་ཅིག་གམ་ཐབས་ཅིག ཧནྟ། འོན་ཏང་ངམ་འོན། ཨ་ནྱཏ྄། གཞན་དུའམ་མ་གཏོགས། ཏ་ཐཱ་པི། དེ་ལྟ་མོད་ཀྱི། ཡ་དི་དཾ། འདི་ལྟ་སྟེའམ་གང་འདི། ཨ་ཐ་བཱ། ཡང་ན། ཨ་ཐ་ཙ། འོན་ཀྱང་ངམ་དེ་ལྟ་ཡང་དེ་ལྟ་ལ། ཀི་ལ། ལོ་གྲག་ཅེའོ། །སྡྱཱ་པ་ཡི་ཏྭཱ། མ་གཏོགས་པའམ་བཞག་སྟེ། ཧི་ཏྭཱ། བོར་ཏེའམ་མ་གཏོགས་པ། ཀིཉྩཱི་ཏ། དེ་ལས་ཅི་འགྱུར་ཞེའམ། འོ་ན་ཅི་འགྱུར། ཡེ་ཥཱཾ་ཀྲྀཏ་ཤཿ གང་དག་གི་ཕྱིར། ཏཱ་བཏ྄། དེ་སྙེད་དམ་རེ་ཞིག་གམ་དེ་སྲིད། ཡཱ་བཏ྄། ཇི་སྲིད་དམ་ཇི་སྙེད། ཨ་པི་ཙ། གཞན་ཡང་ཞེའམ་འོན་ཀྱང་། ཀཱ་ཙིཏ྄། གང་ཡང་། ཡ་ཐཱ་པི་ནཱ་མཿ དཔེར་ན་ཞེའམ་ཇི་ལྟར་ཡང་། ཀེ་ཙིཏ྄། ཁ་ཅིག །ཡེ་ཀེ་ཙིཏ྄། གང་སུ་དག ཡཿཀཤྩི་ཏ྄། གང་ལ་ལ། ཀྭ་ཙ་ན། གང་ན། ཀེ་ཙ་ན། གང་དག ཨ་ཡཾ། ཕོ། འདི། ཨི་དཾ། མ་ནིང་། འདི། ཨི་ཡཾ། མོ། འདི། ཀ་སྱ། སུའི། ཀེ་ན་ཙིཏ྄། གང་གིས་ཀྱང་། ཀེ་ན་ཡེ་ན། གང་གིས་སམ། གང་གི་ཕྱིར། ཏ་ཡཱ། དེས། ཨ་ནེན། དང་། ཨ་ན་ཡཱ། འདིས། ཀ་ཏི། དུ། ཡེ་ཥཱཾ། གང་རྣམས་ཀྱི། ཏེ་ཥཱཾ། དེ་རྣམས་ཀྱི། ཡསྱ། གང་གིའམ་གང་ལ། ཏསྱ། དེའི་འམ་དེ་ལ། ཨ་སྱ། འདིའི་འམ་འདི་ལ། ཀ་སྱ་ཙིཏ྄། གང་ལ་ལའི། ཀྭ་ཙིཏ྄། ལ་ལར། ཀུཏ྄། གང་དུ། ཀུ་ཏཿ གང་ལས་སམ་གང་ལས་ཤིག ཀ་ཐཾ་ཙིཏ྄། ཇི་ལྟར་ཡང་། ཀ་དཱ་ཙིཏ྄། ནམ་ཞིག་གི་ཚེ། ཞེས་དང་། གཞན་ཡང་དོན་མང་ཅན་མི་ཟད་པའི་སྡེ་


MR26_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ལས་ཅི་རིགས་བརྗོད་པ། ཅུང་ཟད་དང་། མངོན་ཁྱབ་དང་། མཚམས་འཛིན་པ་དང་། བྱིངས་སམ་ཁམས་ཀྱི་སྦྱོར་བ་ལས་སྐྱེས་པ་རྣམས་ལ། ཨཱད྄། ང་ཡིག་རྗེས་འབྲེལ་ཏེ་ཕྱི། དེ་རྣམས་དཔེར་ན། ཨཱ་པིངྒ་ལ། ཅུང་ཟད་དམར་སེར། ཨཱ་ཛབྡ། སྐྱེ་བ་ཀུན་ཏུ། ཨཱ་ཨུ་ད་ཀ་ཆུ་ལ་ཐུག་གི་བར། ཨཱ་ཧ་ར་ཏི། ཟ་བར་བྱེད་ལྟ་བུའོ། །དྲན་པ་དང་ཚིག་གི་ཁ་སྐོང་དག་ལ། མིང་གི་སྔོན་དུ། ཨཱ་འདི་རིགས་ཕ་རོལ་ཨ་ཙ྄་ལ་མཚམས་མི་སྦྱོར་རོ། །ཨཱ་ཛྙཱ་ཏཾ་ཛ་ཊཱ་པཱུ་རེ་ཥ། ཨི་ཡི་རལ་བ་རྒྱས་པ་ཅན་འདི་ཤེས་སོ། །ཨཱ་ཨེ་བཾ་མ་ནྱ་སེ། འདི་ལྟར་སེམས་སོ། །ཁྲོ་བ་དང་ཟུག་རྔུ་དག་ལ། ཨཱཿདེ་དཔེར་ན། ཁྲོ་བ་ལ། ཨཱཿབཱ་པ་དུ་རྨུ་ཁཿ ཨེ་སྡིག་ཅན་བཞིན་ངན། ཟུག་རྔུ་ལ། ཨཱཿ ཤཱི་ཏཿ ཨེ་གྲང་མོ། ལྟ་བུའོ། །སྡིག་ཅན་དང་ངན་པའམ་སྨད་པ་དང་ཆུང་བ་དང་ཟློག་པའི་དོན་རྣམས་ལ། ཀུ། དཔེར་ན། ཀུ་པྲཱཧྨ་ཎཿ བྲམ་ཟེ་སྡིག་ཅན། ཀུ་དཱ་ནཾ། སྦྱིན་བདག་ངན་པ། ཀུ་མ་དྷུ་རཾ། ཅུང་ཟད་མངར་ལྟ་བུའོ། །བརྒྱད་བཀག་པ་སྟེ་སྐྱོན་བགྲང་ནས་འཇིགས་པར་བྱེད་པ་དང་། སྨོད་པ་ལ། དྷི་ཀ྄ ཞར་བྱུང་། ཀུན་སྡུད། རེ་རེ། རྐང་པ་ཁ་སྐོང་། ཕྱོགས་ཕྱི་མའི་དོན་དང་། རྒྱུ་མཚན་དང་། ངེས་བཟུང་གི་དོན་ལ། ཙ། ཤིས་བརྗོད། བདེ་བ། འཚེ་མེད། བསོད་ནམས། བཀྲ་ཤིས་རྣམས་ལ། སྭ་སྟི། དཔེར་ན། སྭ་སྟི་ག་ཏ། བདེ་བར་སོང་བ་ལ་སོགས་པ་ལྟ་བུའོ། །སྨོད་པ། མྱ་ངན། སྙིང་རྗེ། སྐྱོ་བ་རྣམས་ལ། ཨ་ཧཱ། ངེས་སྦྱོར་དང་བྱ་བའི་དོན་ལ། ཨཱ་ཧ། དྲི་བའི་དོན་དང་། ཡིན་ནམ་མིན། རྣམ་པར་བརྟག་པ་དང་། རྐང་པ་ཁ་སྐོང་རྣམས་ལ། སྭིཏ྄། དཔེར་ན། སྭིདྦྷོ་ཀྵྱ་སེ། ཟ་བར་བྱེད་དམ། པདྨ་མ་ཏབྡུ་ཁ་སྭིདྦྷཱ་ཏི། མཛེས་པའི་གདོང་ངམ་པདྨ་ཅི། ལྟ་བུའོ། །བྱེ་བྲག་ཏུ་དབྱེ་བའི་དོན་དང་།


MR26_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་འཛིན་པ་དང་། ཀུན་བསྡུ། ཕྱོགས་ཕྱི་མ་ངེས་སྦྱོར། བསྔགས་པ། མཐུན་པ། རྐང་པ་ཁ་སྐོང་རྣམས་ཀྱི་དོན་ལ། ཏུ། ལྷན་ཅིག་གམ། ལན་གཅིག་གམ་ཐང་གཅིག །རྟག་ཏུ་རྣམས་ལ། ས་ཀྲྀཏ྄། བར་ཐག་རིང་བ་དང་། བར་ཐག་ཉེ་བ་ལ། ཨཱ་རཱཏ྄། ནུབ་ཕྱོགས་དང་ཐ་མའམ་ཕྱི་མ་དག་ལ། པཤྩཱ་ཏ྄། འགའ་ཞིག་སྒྲ་དེ་མཚུངས་པ་དང་། དེ་མ་ཐག་པ་ལའང་འཇུག་པར་བཞེད། འདྲི་བ་དང་། ཀུན་བཏུ་བ་དང་། བརྟན་པའམ་ངེས་པ་དང་། བརྟག་དཔྱད་དང་། ཐེ་ཚོམ་གྱི་དོན་ལ། ཨུ་ཏ། དཔེར་ན་ཀུན་བཏུ་བ་ལ། ཨུ་ཏ་བྷཱི་མ་ཨུ་ཏཱརྫུ་ནཿ འཇིགས་སྡེ་དང་སྲིད་སྒྲུབ་ཀྱང་། ཞེས་པ་ལ་སོགས་པ་ལྟ་བུའོ། །ཡང་ཡང་དང་། རྟག་ཏུའི་དོན་ལ། ཤ་ཤྭཏ྄། མངོན་སུམ་དང་། མཚུངས་པ་དག་ལ། སཱ་ཀྵཱཏ྄། སེམས་སྐྱོ། རྗེས་བརྩེ། མགུ་ཚིམ། ངོ་མཚར། འབོད་པའི་དོན་ལ། བ་ཏ། འདྲི་བ་དང་ངོ་མཚར་བ་སོགས་ལ། ཨ་ཧོ། མང་པོའི་དོན་ལ། བ་ཧུ་ལ། མང་པོའམ་ཕལ་ཆེ་བ་ལ། བྷཱུ་ཡས྄། དགའ་བ། སྙིང་བརྩེ་བ། ངག་རྩོམ་པ། ཡིད་སྐྱོ་རྣམས་ལ། ཧནྟ། སྦྱིན་པ། ངེས་པ། འཚབ་པ། རྩོད་པ་རྣམས་ལའང་། ཧནྟ། སོ་སོར་བཟློག་པ་སྟེ་གཙོ་བོ་དང་མཚུངས་པ་དང་། ཁྱབ་པར་འདོད་པ་དང་། མཚན་ཉིད་མཚོན་པ་དང་། འདི་ལྟར་གྱུར་པ་འཆད་པ་དང་། སླར་སྦྱིན་པ་དང་། ཉུང་ངུ་དང་། མངོན་པར་ཕྱོགས་པ་དང་། སྐལ་བ་བརྗོད་པ་རྣམས་ལ། པྲ་ཏི། རྒྱུ་མཚན་དང་། རབ་བྱེད་དེ་རྩོམ་པ་དང་། རྣམ་པ་དང་། རབ་ཏུ་གསལ་བ་སྟེ་གྲགས་པ་དང་། བརྗོད་འདོད་ངེས་པ་དང་། དོན་ངེས་པ་དང་། ལ་སོགས་པ་དང་། འདི་ལྟར་དང་། རྫོགས་པ་དང་། རིགས་མཐུན་པ་དང་། རྗེས་སུ་མཐུན་པ་རྣམས་ཀྱི་དོན་ལ། ཨི་ཏི། ཤར་ཕྱོགས་དང་། དང་པོ་དང་། སྔོན་དང་།


MR26_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་རྣམས་ལ། པུ་རསྟཱཏ྄། དང་། པུ་རཿ ས་མཐའ་ཅན་མི་ཟད་པའི་སྒྲའོ། །མཐའ་དག་གམ་མ་ལུས་པ་བརྗོད་པ། གཞིར་བཞག་པའམ་དབང་དུ་བྱེད་པ་དང་། འདི་ཙམ་ཞེས་ཡོངས་སུ་གཅོད་པ་དང་། མཚམས་དང་། ཚད་དང་། ངེས་གཟུང་རྣམས་ལ། ཡཱ་བཏ྄། དང་། ཏཱ་བ་ཏ྄། མེ་དི་ནཱི་ལས་བསྔགས་པ་དང་། འཚབ་པ་དང་། ཕྱོགས་ཕྱི་མ་རྣམས་ལའང་། ཡཱ་བ་ཏ྄། འཇུག་པ་བཤད་དོ། །བཀྲ་ཤིས་པ་དང་། བར་མེད་དམ་དེ་མ་ཐག་པ་དང་། དེ་ནས་ཞེས་དང་། རྩོམ་པ་དང་། འདྲི་བ་དང་། མ་ལུས་པ་དང་། ཐེ་ཚོམ་དང་། གཞིར་བཞག་པ་དང་། འདམ་ག་དང་། ཀུན་བཏུ་བ་རྣམས་ཀྱི་དོན་ལ། ཨ་ཐོ། དང་། ཨ་ཐ། རྒྱུ་མཚན་མེད་པ་དང་། སྒྲུབ་བྱེད་མེད་པའམ། འབྲས་མེད་དང་། ནད་ཀྱི་བོར་བ་རྣམས་ལ། བྲྀ་ཐཱ། རྣམ་པ་མང་པོའི་དོན་དང་། གཉིས་ཀྱི་དོན་དང་། བྲལ་བའི་དོན་རྣམས་ལ། ནཱ་ནཱ། འདྲི་བ་དང་། ཐེ་ཚོམ་དང་འདས་པ་དང་། སྙིང་ཉེ་བ་རྣམས་ཀྱི་དོན་ལ། ནུ། འདྲི་བ་དང་། དམིགས་སུ་འཛིན་པ་དང་། ཁས་ལེན་པ་དང་། ཡིད་གཅུག་པ་དང་། འགོག་པ་དང་། རྣམ་པར་བརྟག་པ་དང་། ཀུན་ཏུ་འབོད་པ་རྣམས་ཀྱི་དོན་ལ། ན་ནུ། སྨོད་པ་དང་། ཀུན་བཏུབ་དང་། འདྲི་བ་དང་། དོགས་པ་དང་། ལུགས་སྲོལ་ལ་སོགས་འོས་པའི་ཚིག་དོན་དང་། སྲིད་པ་དང་། འདོད་བཞིན་སྤྱོད་པ་ཞེས་རྗེས་སུ་གནང་བ་དང་། བདེ་བ་དང་། ཐེ་ཚོམ་དང་། བྱ་བ་རྣམས་ཀྱི་དོན་ལ། ཨ་བི།ཡང་ན་ཞེས་པ་ལྟ་བུ་འདམ་ག་ཅན་དང་། ཐེ་ཚོམ་དང་། དཔེ་དང་། ཕན་ཚུན་དུ་ལྟོས་པ་དང་། ཨེ་བཱརྠ། ཞེས་ཁོ་ནའི་དོན་དང་རྐང་པ་ཁ་སྐོང་། ཀུན་ནས་བཏུ་བ་རྣམས་ལ་བཱ། ཕྱེད་པ་དང་། སྨོད་པ་ལ། སཱ་མི། ལྷན་ཅིག་གམ་མཚུངས་པ་དང་། དྲུང་ངམ་ཉེ་


MR26_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་དག་ལ། ཨ་མཱ། ཆུ་དང་། སྤྱི་བོ་དང་། ཚིག་གི་ཁ་སྐོང་། བདེ་བ་རྣམས་ལ། ཀཾ འདྲ་བ་དང་། འདི་སྐད་དམ་འདི་ལྟར་དང་། ཁས་ལེན་པ་དང་། དམིགས་འཛིན་ནམ་ངེས་བཟུང་གི་དོན་ལ། ཨེ་བཾ། རྟོགས་པ་དང་། དོན་ངེས་པ་སྟེ་གདོན་མི་ཟ་བ་དག་ལ། ནཱུ་ནཾ། ཁ་རོག་གམ་མི་སྨྲ་བ་དང་། བདེ་བ་དང་བསྔགས་པ་འགོང་བ་རྣམས་ཀྱི་དོན་ལ། ཛོ་ཥཾ། འདི་ལ་ཡོ་ཁཾ་ཞེས་བཀླགས་པ་ཡོད། འདྲི་སྨེད་ཐེ་ཚོམ་དགག་པ་རྣམས་ལ། ཀིཾ གསལ་བར་གྲགས་པ་དང་། འབྱུང་བ་དང་། ཁྲོ་བ་དང་། ཁས་ལེན་པ་དང་། ངོ་མཚར་བ་དང་། དྲན་པ་དང་། སྨོད་པ་དང་། བརྟག་དཔྱད་ཀྱི་དོན་རྣམས་ལ། ནཱ་མ། རྒྱན་དང་ཆོག་ཚིག་དང་། ནུས་པ་དང་། ཀློག་པའམ་དགག་པ་དང་། དོན་མེད་པ་བརྗོད་པ་ལ། ཨ་ལཾ། ཁས་ལེན། རྣམ་རྟོག །ཡོངས་འདྲི་རྣམས་ལ། ཧུཾ། ཉེ་བ་དང་།དབུས་དག་ལ། ས་མ་ཡཱ། དང་པོ་མིན་པ་སྟེ་སླར་དང་། དབྱེ་བའམ་ཁྱད་པར་དང་། གཞིར་བཞག་པའམ་དབང་དུ་བྱེད་པ་དང་། ཕྱོགས་ཕྱི་མ་རྣམས་ལ། པུ་ནཿ བཟང་བ་དང་། མཛེས་པ་དང་། བདེ་བ་དང་། རབ་དང་ལེགས་པ་སོགས་ལ། སུཌ྄། གནས་དང་བྱ་བ་ལ། ཨཱ་སྦ་དི། སྔོན་རབས་ཀྱི་ངག་སྦྱར་བ་དང་། སྔོན་མའམ་རྙིང་པ་དང་། བྱུང་བའམ་འདས་པ་དང་། ཉེ་བ་དང་མ་འོངས་པའི་དུས་རྣམས་ལ། པུ་རཱ། རྒྱ་ཆེ་བ་དང་། ཁས་ལེན་པ་དག་ལ། ཨཱུ་ར་རཱི། དང་། ཨཱུ་རཱི། མཐོ་རིས་དང་། འཇིག་རྟེན་ཕ་རོལ་དང་། ནམ་མཁའ་རྣམས་ལ། སྭཿ པུ་ན་ནས་འདིའི་བར་རྣམས་ར་མཐའ་ཅན་ནོ། །ལོ་རྒྱུས་སོགས་ཀྱི་གཏམ་གྲགས་པ་དང་། འབྱུང་སྲིད་པ་དང་། སྙིང་དུ་སྡུག་པ་དང་། མི་འདོད་པའམ་མ་རངས་པའི་དོན་ལོ་གྲག་ཟེར་གསུམ་ལྟ་བུའི་དོན་ལ། ཀི་ལ། དགག་


MR26_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཚིག་གི་རྒྱན་དང་། ཤེས་འདོད་དང་། ཡིད་གཅུགས་པ་དང་། ཁྱབ་འདོད་དང་། ཚིག་རྐང་དང་ངག་གི་ཁ་སྐོང་དང་། སེམས་ཁེངས་པ་རྣམས་ཀྱི་དོན་ལ། ཁ་ལུ། ཉེ་བ་དང་གཉིས་ཀ་དང་། མྱུར་བ་དང་། མཐའ་དག་དང་། མངོན་ཕྱོགས་རྣམས་ཀྱི་དོན་ལ། ཨ་བྷི་ཏཿ ནཱ་མའི་དོན་ཏེ་འབྱུང་བའམ་སྲིད་པ་དང་། རབ་ཏུ་གསལ་བ་དག་ལ། པྲ་དུཿ དབེན་པའི་དོན་ལ། མི་ཐཿ དབེན་པ་དང་གསང་བའི་དོན་ལ། ར་ཧས྄། མི་སྣང་བའམ་བསྒྲིབ་པ་དང་། དུད་འགྲོ་དང་ཐད་ཀའམ་ཐུར་གསེག་ཏུ་འགྲོ་བ་དག་གི་དོན་ལ། ཏི་རཿ ཨ་བྷི་ཏཿ ནས་འདིའི་བར་ས་མཐའ་ཅན་ནོ། །སྐྱོ་བ་སྐྱེས་པ། མྱ་ངན། ཀུན་གདུང་ངམ་ཟུག་རྔུའམ་མནར་བ་དང་སྨོད་པ་རྣམས་ཀྱི་དོན་ལ། ཧཱ། ངོ་མཚར་བ་དང་སྐྱོ་བ་དང་། ཡོངས་སུ་ཉོན་མོངས་པ་དང་། རབ་ཏུ་དགའ་བ་རྣམས་ཀྱི་དོན་ལ། ཨ་ཧ་ཧ།རྒྱུ་མཚན་དང་ངེས་བཟུང་དང་རྐང་པ་ཁ་སྐོང་དང་། དྲི་བ་དང་། རྒྱུ་མཚན་གྱི་ཟོལ་དང་། འཚབ་པ་དང་། སྐྱོན་འདོགས་པ་དང་། ཁྱད་པར་རྣམས་ཀྱི་དོན་ལ། ཧི། སྡུག་བསྔལ་གྱི་རྒྱུ་མཚན་དང་། སྐྱོ་བ་དང་། ངོ་མཚར་བ་རྣམས་ཀྱི་དོན་ལ། ཧཱི། ཞེས་སོ། །དགའ་བའམ་སྡུག་བསྔལ་བའམ་ངོ་མཚར་བ་རྣམས་ལ་ཧ་དང་ཧི་འཇུག་སྟེ་བོད་སྐད་དུའང་། ཧ་ཧ་ཞེས་སོགས་ཡ་མཚན་པའམ། ཧ་ལས་པའི་དོན་དུ་བརྗོད་པ་ཡོད་པ་དང་འདྲའོ། །གཞན་ཡང་མི་ཟད་པའི་སྡེར་གཏོགས་པའི། འབོད་པའི་དོན་ལ། པྱཱཊ྄། པཱཊ྄། ཨཾ་ག ཧེ། ཧཻ། བྷོཿ ཞེས་དང་གཞན་ཡང་། ཧཾ་ཧོ། ཨ་རེ། ཨ་ཡི། སོགས་བཤད་དོ། །ཨ་རེ་དམན་པ་ལ་འབོད་པ་རེའང་དེ་དང་འདྲའོ། །མཚུངས་པའམ་འདྲ་བའི་དོན་ལ། བཏ྄། ལྟར། བཱ། ལྟ། ཡ་ཐཱ། ཇི་ལྟ། ཏ་ཐཱ། དེ་ལྟ། ཨི་བ། བཞིན། ཨེ་བཾ།


MR26_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན། ཙེཏ྄། དེ་ལྟར། ཞེས་པ་འདི་གང་ཡང་རུང་སྟེ་མཚུངས་པ་གསལ་བྱེད་ཀྱི་སྒྲར་འགྱུར་རོ། །ངོ་མཚར་བའི་དོན་ལ། ཨ་ཧོ། ཨེ་མ། ཧི། ཀྱེ་ཧོ། ཤིན་ཏུ་དགའ་བ་ལ། ཧཱི། ཟློག་པའི་དོན་ལ། མཱསྨ། མཱ། ཨ་ལཾ། མ་མཐའོ། །ཕྱོགས་ཕྱི་མའི་དོན་ཅན་གལ་ཏེ་ཞེས་པའི་དོན་ལ། ཙེཏ྄། དང་། ཡ་དི། བདེན་པའམ་དེ་ཁོ་ནའི་དོན་ལ། ཨདྡྷཱ། དང་། སཏྱཾ། དང་། ཨཉྫ་སཱ། མི་བདེན་པའི་དོན་ལ། མྲྀ་ཥཱ། དང་། མི་ཐྱཱ། ངག་གསལ་བའི་དོན་ལ། པྲཱ་དུཿ དང་། ཨཱ་བིཿ དེ་དག་ས་མཐའོ། །འདོད་པ་སྟེ་ཁས་ལེན་པའི་དོན་ལ། ཨོཾ། དང་། ཨེ་བཾ། དང་། པ་ར་མཾ། དེ་རྣམས་མ་མཐའོ། །གོ་རིམ་དང་། རབ་བསྔགས་དང་། མཆོག་ལའང་། ཨོཾ། ཀུན་ནས་སམ་ཐམས་ཅད་དུ་ཞེས་པའི་དོན་ལ། ས་མནྟཿ ཀུན་ནས། པ་རི་ཏཿ ཀུན་ཏུའམ་ཡོངས་སུ། སརྦྦ་ཏཿ ཐམས་ཅད་དུ། དེ་རྣམས་ས་མཐའོ། །བིཥྭ་ཀ྄ སྣ་ཚོགས་པ། ས་མནྟཱཏ྄། ཐམས་ཅད་ཅེས་པའང་འདི་ལའོ། །དམིགས་ཀྱིས་བཟུང་བའམ་ངེས་བཟུང་གི་དོན་ལ། ཨེ་བཾ། དང་། ཏུ། པུ་ནཿ བཱ། ཨི་བ། ཞེས་དང་གཞན་དག བཻ་དང་། ཙའང་ངོ་། །ཤེས་པས་ངེས་པར་འཛིན་པའི་དོན་ལ། ཨཱཾ། དང་། ཨེ་བཾ། མེད་པའམ་མི་འབྱུང་བའི་དོན་ཅན་དགག་པའི་ཚིག ནཉ྄། དང་། ན་ཧི། དང་། མཱད྄། དང་། ཨ། དང་། མཱ། དང་ནོ། དང་། ན། རྣམས་སོ། །འགྲེལ་བ་ལས། ཨ་ན། ཞེས་སོ། །ཐེ་ཚོམ་མམ་བརྟག་དཔྱད་ཀྱི་དོན་ལ། ཨཱ་ཧོ་དང་། ཨ་ཧོ་དང་། ཨུཏཱ་ཧོ། ཀི་མུ། ཨུ་ཏ། ཀིཾ ཀི་མུ་ཏ། རྣམས་སོ། །ཚིགས་བཅད་ཀྱི་རྐང་པ་ཁ་སྐོང་བ་ལ། ཏུ་ཧི་ཙསྨ་ཧ་བཻ། ལ་སོགས་པ་རྣམས་སོ། །ཚིག་རྐང་ཁ་སྐོང་འདི་འདྲ་བོད་སྐད་


MR26_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། ལྟ་ཞིག་དང་། དེས་ཀོ་ཞེས་པའི་ཀོ་ཡིག་ལ་སོགས་པ་ལྟ་བུ་སྟེ། སྔ་མའི་མིང་གི་ཆ་ཤས་སུ་གྱུར་པ་ལས་གོ་རྒྱུ་ལྷག་པོ་མེད་ཀྱང་། ཚིག་ཁ་སྐོང་བར་འགྱུར་ལ། ཚིག་ལྷག་པོ་དོན་མེད་དུ་ཡང་མི་འགྱུར་ཞིང་ལེགས་པ་ཡིན་ན། །རྒྱུ་མཚན་གྱི་དོན་ལ། ཡཏ྄། གང་། ཏཏ྄། དེ། ཡ་ཏཿ གང་ཕྱིར། ཏ་ཏཿ མིང་ཕྱི་མ་གཉིས་ས་མཐའོ། །དེ་ཕྱིར། ཞེས་སོ། །ཐམས་ཅད་མིན་པའི་དོན་ལ། ཙིཏ྄། འགའ་ཞིག ཙ་ན། ཁ་ཅིག དུས་རེས་འགའ་བ་བརྗོད་པར། ཀ་དཱ་ཙིཏ྄། ནམ་ཞིག ཛཱ་ཏུ། ནམ་གྱི་ཚེ། ལྷན་ཅིག་པའི་མིང་། སཱརྡྡཾ། ཐབས་གཅིག སཱ་ཀཾ ལྷན་དུ། ས་ཏྲཾ། ལྷན་ཅིག ས་མཾ། མཉམ་པོར། ས་ཧ། བཅས་པའམ་མཚུངས་ལྡན། ས་ཛུཥ྄། དང་། ས་ཛཱུཿ འགྲོགས་པ་ཞེས་པའང་ངོ་། །ཨ་མཱ། ལྷན་ཅིག་དང་ཉེ་བ། མིང་གི་སྔོན་དུ་ས་ཡིག་སྦྱར་བ་བཅས་པའི་དོན་ཏོ། །ཨ་ནུ་ཀཱུ་ལ་སྟེ་མཐུན་ཕྱོགས་ཀྱི་དོན་ལ། པྲཱ་དྷྭི། མཆོག་ལམ། འདི་རབ་ཏུ་དུད་པ་ལའང་ངོ་། །དོན་འབྲས་བྲལ་བ་ལ། བྲྀ་ཐཱ། དོན་མེད། མུ་ངྷཱ། འབྲས་མེད་ཅེས་སོ། །དུས་རིང་པོ་ལ། ཙི་རཱ་ཡ། རྒྱུན་རིང་། ཙིར་རཱ་ཏྲཱ་ཡ། ཡུན་རིང་། ཙིར་སྱ། རིང་པོ་སྟེ། ཙི་རཾ། ཙི་རེ་ཎ། ཙི་རཱ་ཏ། ཙི་རེ་རྣམས་ཀྱང་ངོ་། །ཡང་ཡང་གི་མིང་། མུ་ཧུཿ ར་མཐའ་འམ་སའང་། ཡང་ཡང་པུ་ནཿ པུ་ནཿར་མཐའ། ཡང་ཡང་། ཤ་ཤྭཏ྄། ཡང་ཡང་ངམ་རྟག་པར། ཨ་བྷཱིཀྵྞཾ། ཡང་ནས་ཡང་། ཨ་ས་ཀྲྀཏ྄། ལན་གཅིག་མིན་པ། གཞན་ཡང་། པཱ་རཾ་པཱ་རཾ། དང་། བཱ་རཾ་བཱ་རེ་ཎ། དང་། པྲ་ཏཱིཀྵ་ཎཾ། ཀྱང་ངོ་། །མྱུར་བའམ་སྐད་ཅིག་དེ་མ་ཐག་གི་མིང་། སྲཱཀ྄ མགྱོགས། ཛྷ་ཊི་ཏི། མྱུར། ཨཱ་ཤུ། མྱུར་བ། ཨཉྫ་སཱ། རྐྱེན། ཨ་ཧྣཱེ་ཡ། ཡུད་ཙམ། ཨ་པ་དི། དེ་མ་ཐག །དྲཱཀ྄། སྐད་ཅིག་ཙམ། མཾ་ཀྵུ། ལ་འུར་ཞེས་སོ། །


MR26_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བ་ཕུལ་བྱུང་གི་དོན་ལ། བ་ལ་བཏ྄། ཤིན་ཏུ། སུཥྚུ། རབ་ཏུ། ཀི་མུ་ཏ། ནན་ཏར། སུ། རབ། ཨ་ཏི། རབ་ཏུ། ཨ་ཏཱི་བ། ཕུལ་དུ། ཞེས་སོ། །ཅུང་ཟད་ཀྱི་དོན་ལ། ཀིཉྩི་ཏཱ། ཅུང་ཟད། ཨཱི་ཥཏ྄། བག་ཙམ། མ་ནཱཀ྄ ཉུང་ཤས། ཕྱི་མ་འདི་ལན་གཅིག་གི་དོན་ལའང་འཇུག་བོར་བའི་དོན་བརྗོད་པར། པྲྀ་ཐཀ྄། ཐ་དད་དམ་སོ་སོ། བི་ནཱ། བྲལ་བའམ་བོར་བ། ཨནྟ་རེ་ཎ། ཁྱད་པར་དུ་བཀར་ཏེ་མ་གཏོགས་པ། རྀ་ཏེ། སྤངས་པའམ་བོར་བ། ཧི་རུ་ཀ྄ དེ་མིན། ནཱ་ནཱ། གཞན་དང་མ་གཏོགས་པ་དང་གཉིས་དང་དུ་མ་སོགས་ཀྱི་དོན་ཏོ། །མཆོད་པའམ་བསྔགས་པའི་དོན་ལ། སུ། ཨ་ཏི། འཁྱོག་པོར་འགྲོ་བ་ལ། སཱ་ཙི། ཀྱོག་པོ། ཏི་རཿ འཁྱོགས་པོ། དབུས་སུ་ཉེ་བའི་དོན་ལ། ས་མ་ཡཱ། དཔུང་ངམ་ཉེ་བ། ནི་ཀ་ཥཱ། དཀྱིལ་ལམ་ཉེ་འཁོར། ཧི་རུཀ྄ ཉེ་ཕྱོགས་སམ་དབུས། འདི་ཉེ་བ་ལ་མི་འཇུག་པར་འདོད་པའང་ཡོད། བར་རམ་དབུས་ཀྱི་དོན་ལ། ཨནྟ་རེ། ནང་། ཨནྟ་རཱ། བར། ཨནྟ་རེ་ཎ། དབུས་ཞེས་སོ། །སྔོན་ནམ་མདུན་གྱི་དོན་ལ། པུ་རཿ སྔོན་དུ། པུ་ར་ཏཿ མདུན་དུ། ཨ་གྲ་ཏཿ མདུན། དེ་གསུམ་ས་མཐའ་ཅན་ནོ། །ལྷ་ལ་བསྲེག་རྫས་སྦྱིན་པའི་དོན་ལ། སྭཱ་ཧཱ། དང་། ཤྲཽཥཊ྄། བོ་ཥཊ྄། བ་ཥཊ྄། སྭ་དྷཱ། ཕྱི་མ་འདི་ཕན་ཚུན་གྱི་སྦྱིན་པ་ལའང་འཇུག །བྲཱུ་ཧི། ཞེས་པའི་སྒྲའང་དོན་སྔ་མ་དེར་འཇུག་གོ། སྲིད་པ་བར་མ་ལ། པྲེ་ཏྱ། ཡི་དྭགས། ཨ་མུ་ཏྲ། བར་དོ་ཞེས་སོ། །མ་བརྟགས་པའི་དོན་ལ། ས་ཧ་སཱ། མ་དཔྱད་པ། ཨ་ཀསྨཱ་ར྄། མ་བརྟག་པ། ཀུན་ཏུ་དགའ་བའམ་ཤིས་པའམ་སྐྱིད་པའམ་བདེ་བའམ་དགྱེས་པ་སོགས་ཀྱི་དོན་ལ། དིཥྚྱཱ། དགྱེས། ཤཾ། བདེ། ཨུ་པ་ཛོ་ཥཾ། མཉེས། མུ་དྷཱ། དགའ། ཤུ་བྷཾ། དང་། ཛོ་ཥཾ། ཞེས།


MR26_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐའ་ཅན་དག་ཀྱང་འདི་ལའོ། །ནུས་སྟོབས་ཀྱིས་བྱེད་པའི་དོན་ལ། པྲ་ས་ཧྱ། སྟོབས་བྱེད་དེ་ནུས་སྟོབས་ཀྱིས་བྱེད་པའི་དོན་ཏོ། །འོས་པའམ་རིགས་པ་ལ། སཱཾ་པྲ་ཏཾ། འོས་པ། སྠཱ་ནེ། རིགས་པ། རྒྱུ་མཚན་དང་འདྲ་བའི་དོན་ལའང་སྠཱ་ནེ་འཇུག་གོ །རྟག་པའི་དོན་ལ། ཨ་བྷཱི་ཀྵྞཾ། བརྟན་པ། ཤ་ཤྭཏ྄། རྟག་པ། ཆུང་ངུའི་དང་དམའ་བའི་དོན་ལ། ནཱི་ཙཻཿ མཐོ་བ་དང་ཆེན་པོའི་དོན་ལ། ཨུ་ཙྩཻཿ ཕལ་ཆེན་ནམ་མང་པོའི་དོན་ལ། པྲཱ་ཡཿ མི་འགྱུར་བའམ་དལ་བའི་དོན་ལ། ཤ་ནཻཿ དེ་བཞི་ཀ་ས་མཐའ་ཅན་ནོ། །རྟག་ཏུའི་དོན་ལ། ས་དཱ། འདོད་འཇོ་ལས། ས་མཱའང་རྟག་ཏུའི་དོན་ལ་བཤད་དོ། །ཕྱི་རོལ་གྱི་དོན་ལ། བ་ཧིཿ ས་མཐའ། མི་སྨྲ་བ་ལ། ཏཱུཥྞཱིཾ། དང་། ཏཱུཥྞཱི་ཀཾ། འདི་དག་མ་མཐའ་ཅན་ནོ། །འདོད་པ་དང་། མི་འདོད་པ་དང་། ཁས་ལེན་པའི་དོན་ལ། ཀཱ་མཾ། མ་མཐའོ། །འདི་བརྟིང་ཚིག་བཅས་ཡིན་དུ་ཆུག་ལྟ་བུའི་ཁས་ལེན་པ་ལ་འཇུག་ཅེས་དྲག་པོས་བཤད། སྐྱོན་འདོགས་སམ་བརྟིང་ཚིག་སྔོན་འགྲོའི་ཁས་ལེན་པ་ལ། ཨསྟུ། ནཱ་མའང་དེ་དང་འདྲ་བར་བཤད། མི་མཐུན་པའམ་འགལ་བར་སྨྲ་བ་ལ། ན་ནུ་ཙ། འདོད་པ་རབ་ཏུ་རིག་པར་བྱེད་པའི་དོན་ལ། ཀཙྪི་ཏ། སྨད་པར་བྱ་བར། ནིཿཥ་མཾ། དབྱུང་མཉམ། དུཿཥ་མཾ། ངན་མཚུངས། རང་ཇི་ལྟ་བ་ཞེས་པའི་དོན་ལ། ཡ་ཐཱ་སྭཾ། ཡ་ཐཱ་ཡ་ཐཾ། བདག་གིས་ཞེས་པའི་དོན་ལ། སྭ་ཡཾ། རང་གིས། དེ་ཐམས་ཅད་མ་མཐའོ། །མཱཾ་དང་། མ་ན་ས྄། ང་རྒྱལ། སྔར་རམ་འདས་པའི་དོན་ལ། པྲཱཀ྄ འདས་པའི་དོན་ལ། སྨ། དེ་མ་ཐག་པའི་དོན་ལ། སདྱཿ འཕྲལ་དུ། ས་པ་དི། དེ་མ་ཐག་མི་དམིགས་པའམ་མི་མཐོང་བའི་དོན་ལ། ཨསྟཾ། མ་མཐའ། ཡོད་པའི་དོན་ལ། ཨསྟི། མེད་པའི་དོན་ལ། ནཱསྟི། ངེས་པའི་དོན་ལ། ནཱུ་ནཾ། ངེས་པ།


MR26_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བ་ཤྱཾ། གདོན་མི་ཟ་བ། ཁྲོས་ཚིག་གི་དོན་ལ། ཨུཾ་དང་། ཨུཾ། འདྲི་བ་ལ། ཨུཾ། འདི་ཁས་ལེན་པ་ལ་འཇུག འདྲི་བ་དང་མཉེས་གཤིན་པའི་ཚིག་ལ། ཨ་ཡི། རྣམ་རྟོག་གི་དོན་ལ། ཧུཾ། མ྄་མཐའོ། །ཡང་བསྐྱར་གྱི་དོན་ལ། ཨངྒ། སྨོད་པ་ལ། དུཥྛུ། ལེགས་པའམ་བསྔགས་པར། སུཥྛུ། ཉེ་བའམ་དྲུང་ལ། ནི་ཀ་ཥཱ། འདུད་པ་ལ། ན་མཿ ས་མཐའོ། །གཞན་ཡང་ཉིན་མོའི་ཚེ་ཞེས་སོགས་ཀྱི་དོན་ལ། དི་པཱ། ཉིན་མོ། དོ་ཥཱ། མཚན་མོ། ནཀྟཾ། ནམ་མམ་མཚན་མོ། །སམྤཏ྄། ལོ། ཨརྦྦཱཀ྄ ཙ་མཐའ། དུས་ཕྱི་མ། ཨུ་ཥཱ། ཐོ་རངས་སམ་ནམ་ལངས། སྒྲ་འདི་མཚན་མོ་ལའང་འཇུག་པར་བཤད། སཱ་ཡཾ། མ་མཐའ་སྟེ་ཉིན་མོའི་མཐའ་དགུང་མོ། པྲ་གེ་དང་། པྲཱ་ཏཿ ར྄་མཐའ། ནམ་ལངས་སམ་ཞོག་པ། པ་རུ་ཏ྄། ན་ནིང་། པ་རཱ་རི། གཞེ་ནིང་། ཨེ་ཥ་མཿ ས་མཐའ།ད་ལོ། དེ་རིང་གི་ཉི་མ་ལ། ཨ་དྱ། དེ་རིང་། ཁར་སང་ལ། པཱུརྦིངྱུཿ ཁར་སང་། འདི་དེ་ཙམ་དུ་མ་ཟད་ཞོག་པའམ་སྔ་དྲོ་ལ་ཡང་འཇུག་གོ། ཨུཏྟ་རེངྱུཿ སང་ཉིན་ནམ་ཕྱི་དྲོ། ཨ་པ་རེངྱུཿ དང་། ཨ་དྷ་རེངྱུཿ འང་དེའོ། །ཉི་མ་གཞན་སྟེ་སང་ཉིན་ལྟ་བུ་ལ། ཨ་ནྱེ་དྱུཿ ཉི་མ་གཞན་ཤོས་གནང་ཉིན་ལྟ་བུ་ལ། ཨནྱཏ་རེངྱུཿ ཉི་མ་གཉིས་པ་ལ། ཨུ་བྷ་ཡེངྱུཿ དང་། ཨ་བྷ་ཡངྱུཿ དྱུཿའི་སྒྲ་དེ་རྣམས། ས྄་མཐའ་ཅན་ནོ། །ཕ་རོལ་གྱི་ཉི་མ་ལ། པ་རེ་དྱ་བི། འདས་པའི་ཉི་མ་ལ། ཧྱཿ ཁར་སང་། མ་འོངས་པའི་ཉི་མ་ལ། ཤྭཿ སང་ཉིན། པར་ཤྭཿ གནང་ཉིན། དེ་གསུམ་ས྄་མཐའ་ཅན་ནོ། །དེ་དུས་ཀྱི་དོན་ལ། ཏ་དཱ། དེ་ཚེ། ཏརྷི་འང་དེ་ཚེ། ཏ་དཱ་ནཱིཾ། དེ་དུས། དུས་མཚུངས་པ་ལ། ཡུ་ག་བཏ྄། གཅིག་ཅར། ཨེ་ཀ་དཱ། དུས་གཅིག་ན། དུས་ཀུན་གྱི་དོན་ལ། སརྦྦ་དཱ། དུས་རྒྱུན། ས་དཱ།


MR26_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ། དུས་འདི་ལ་ཞེས་པའི་དོན་ལ། ཨེ་ཏརྷི། ད་ལྟར། སཾ་པྲ་ཏི། ད་ལྟ། ཨ་སཾ་པྲ་ཏི། ད་ལྟ་མིན་པ། ཨི་དཱ་ནཱིཾ། དེང་། ཨདྷུ་ནཱ། དེང་དུས། སཱཾ་པྲ་ཏཾ། དེང་སྐབས་ཞེས་སོ། །ཕྱོགས་དང་ཡུལ་དང་དུས་རྣམས་ཀྱི་ཤར་སོགས་དང་མདུན་སོགས་དང་སྔར་སོགས་བརྗོད་པ་ལ། པྲཱཙ྄། ཨུད་ཙ྄། པྲ་ཏྱ་ཙ྄། སོགས་འཇུག་སྟེ། དཔེར་ན། པྲཱཀ྄ ཤར་ཕྱོགས། པྲཱ་གྡེ་ཤཿ མདུན་གྱི་ཡུལ། པྲཱཀྐཱ་ལཿ སྔོན་དུས། ཨུ་དགྡི་ཤི བྱང་ཕྱོགས་ལ། ཨུ་དགྡི་ཤེ རྒྱབ་ཀྱི་ཡུལ་ལ། ཨུ་དཀྐཱ་ལེ། སླད་ཀྱི་དུས་སུ། པྲ་ཏྱགྡི་ཤི ནུབ་ཕྱོགས་སུ། པྲཏྱགྡེ་ཤཱཏ྄། ནུབ་ཀྱི་ཡུལ་ལས། པྲ་ཏྱཀྐཱ་ལཱཏ྄། ཕྱི་མའི་དུས་ལས། ཞེས་སོགས་ཤེས་པར་བྱའོ། །འགྲེལ་པ་ཚིག་ཟླ་དང་རྣམ་བཤད་བདུད་རྩི་སོགས་ལས། དཔེ་བརྗོད་དེ་རྣམས་ཀྱི་ཚིག་སྔ་མ་པྲཱཙ྄་སོགས་ལ་རྣམ་དབྱེ་སྦྱར་བ་ཉིད་དཔེར་བརྗོད་དེ། བུད་མེད་ཀྱི་རྟགས་ལ། པྲཱ་ཙཱི་དིཀ྄ སོགས་དང་། སྐྱེས་རྟགས་ལ། པྲཱད྄་དེ་ཤཿ སོགས་སོ། །དེས་ན་མི་ཟད་པ་ལ་སྤྱིར་བཏང་རྣམ་དབྱེ་རྣམས་འཇིག་ཀྱང་། ཨཉྩའི་མཐའ་ཅན་འདི་རྣམས་རྣམ་དབྱེ་མི་འཇིག་པའང་རུང་བ་ཡིན་ནམ་སྙམ་ཞེས་འགྲེལ་བ་ལེགས་བཤད་ལྡེའུ་མིག་ཏུ་གསུངས། འོ་ན་འདི་རྣམས་མངོན་བརྗོད་བི་ཤྭ་པྲ་ཀཱ་ཤ་སོགས་ལས། མི་ཟད་པ་དང་མི་ཟད་པ་མིན་པ་གཉིས་ཀའི་སྐབས་སུ་བཀླག་པའི་ཕྱིར་གཉིས་ཀ་ཡོད་དོ་ཞེས་གསུངས། གཞན་ཡང་། ཨ་པ་ཙ྄ཀ྄ ཕྱི་མ། ཨ་བཱ་ཙ྄ཀ྄ འོག་གམ་ཁ་སྦུབས། ཨུཏྟ་རཱ་ཏ྄། བྱང་ངམ་རྒྱབ། ཨདྷ་རཱཏ྄། འོག དཀྵ་ཎཱཏ྄། ལྷོའམ་གཡས། ཨུཏྟ་རེ་ཎ། ཕྱི་མའམ་བྱང་། ཨདྷ་རེ་ཎ། འོག དཀྵི་ཎེ་ན། ལྷོ། དཀྵི་ཎཱ། ལྷོའམ་གཡས། དཀྵི་ཎཱ་ཧི། ལྷོ་ཕྱོགས་ཐག་རིང་བ། དཀྵི་ཎ་ཏཿ ལྷོ། ཨུ་ཏ་ར་ཏཿ དང་། ཨུ་


MR26_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་རི། སྟེང་། ཨུ་པ་རིཥྚཱ་ཏ྄། སྟེང་དུ་ཞེས་པ་ལ་སོགས་པ་རྣམས་ཀྱང་སྟེ། ཨུཏྟ་རཏ་ལ་སོགས་པ་དེ་རྣམས་ཀྱི་མཐའ་ལས་རྣམ་དབྱེ་རྣམས་འཇིག་པ་ཉིད་དོ། །དེ་རྣམས་ཀྱིས་མི་ཟད་པའི་སྡེ་ཚན་ཅི་རིགས་བཤད་ནས། དེ་ལས་བྱེ་བྲག་ཏུ་ཉེ་བསྒྱུར་སོགས་ཉེར་མཁོ་ཅི་རིགས་བཤད་པ་ལ། ཉེ་བསྒྱུར་ཉི་ཤུ་ནི། པྲ། པྲ་ཏི། པ་རཱ། པ་རི། ནི། ནི་ར྄། དུས྄། ར་རྗེས་འབྲེལ་དུ་བྲིས་པ་མང་ཡང་རྗེས་སུ་གཟུགས་འགྱུར་བའོ། །སུ། སམ྄། བི། ཨཱད྄། ཨ་ཏི། ཨ་བྷི། ཨ་དྷི། ཨ་བ། ཨ་ནུ། ཨ་པ། ཨ་བི། ཨུ་པ། ཨུད྄། འདིར་ཏ་བྱས་པ་རྗེས་སུ་གཟུགས་འགྱུར་ཡིན་ནོ། །ཉེ་བསྒྱུར་རྣམས་སྤྱིར་བྱིངས་ཀྱི་སྔོན་དུ་སྦྱར་བར་བྱ། དེའི་བྱིངས་དོན་གཞན་དུ་བསྒྱུར་བར་བྱེད། ཙ་སོགས་དང་པྲ་སོགས་ཐམས་ཅད་ཀྱང་མི་ཟད་པའོ། །དེར་མ་ཟད་ཀྲྀཏ་རྐྱེན། ཀྟྭ་དང་། ཏུ་མ། དང་། ཎ་མ། དང་། ཙིའི་རྐྱེན་ཀྱི་མཐའ་ཅན་རྣམས་ཀྱང་མི་ཟད་པའོ། །མི་ཟད་པའི་ཕ་རོལ་རྣམ་དབྱེ་ཉེར་གཅིག་འཇིག་པས་རྣམ་དབྱེའི་རྐྱེན་བྱིན་ཡང་རྣམ་འགྱུར་མེད་པས་མི་ཟད་པ་ཞེས་བྱ། རིག་བྱེད་གཞུང་དུ་ཚིག་ཕྲད་ཀྱི་སྒྲུབ་པ་འགར་རྣམ་དབྱེ་མི་འཇིག་པར་བཤད་པའང་ཡོད་པ་རེས་འགའ་ཙམ་སྟེ་སྤྱིར་འཇིག་གོ། དེ་ལྟར་རྣམ་དབྱེས་མི་འགྱུར་བས་དང་དེར་མ་ཟད། སྒྲ་གཅིག་སྐབས་ཐོབ་ཀྱིས་དོན་མང་པོར་འཇུག་པས་དོན་མི་ཟད་པའང་ཡིན་ཏེ། དེ་ལྟ་བུས་ན། ཨ་བྱ་ཡཿ མི་ཟད་པ་ཞེས་བྱའོ། །ཇི་སྐད་དུ། རྟགས་གསུམ་ལ་ནི་མཉམ་པར་མཚུངས། རྣམ་དབྱེ་ཐམས་ཅད་ལ་ཡང་ངོ་། །ཚིག་རྣམས་ཐམས་ཅད་ལ་ཡང་སྟེ། །དབྱེར་མེད་གང་དེ་མི་ཟད་པའོ། །རྟགས་མེད་མི་ཟད་པ་རྣམས་བཤད། །ཅེས་འབྱུང་ངོ་། །འདི་དག་ལ་ནི་པཱ་ཏ་ཡང་ཟེར་ཏེ། སྔོན་གྱི་ལོ་ཙཱ་ཆེན་པོ་རྣམས་ཀྱིས་ཚིག་ཕྲད་དུ་བསྒྱུར་ཏེ་འདི་རྣམས་མིང་གཞན་དང་སྦྱར་བའི་ཚིག་གི་ཕྲད་ཡིན་པས་སོ། །ནི་ངེས་པ་


MR26_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་པཱ་ཏ་ཚིག་ལ་འཇུག་པས་ངེས་ཚིག་གི་དོན་དུའང་འགྱུར་ཞེས་བཤད་དོ། །འདིར་ཉེ་བསྒྱུར་གྱི་འཇུག་པ་བཤད་ན། པྲ་ནི་རབ་ཀྱི་དོན ཡིན་ལ། དེར་མ་ཟད་དང་པོ་དང་། ཡང་སློབ་དང་ཡང་མེས་ལྟ་བུའི་ཡང་གི་དོན་དང་། སྐྱེ་དགུ་དང་བཟང་དགུ་ལྟ་བུའི་མང་ཚིག་དགུ་རྣམས་ལའང་འཇུག་གོ། དེ་བཞིན་དུ་སོ་སོར་དང་། ཐ་དད་དང་། མཚོན་པ་རྣམས་ལ། པྲ་ཏི། སྟེ་སོ་སོར་བཟློག་པ་སོགས་ལ་འཇུག་པ་གོང་དུ་ཡོད་པ་བཞིན་ནོ། །མཆོག་དང་། གཙོ་བོ་དང་། གཞན་རྣམས་ལ། པ་རཱ། ཡོངས་སུ་དང་། ཀུན་ནས་དང་། ས་སྐྱོང་རྣམས་ལ། པ་རི། ངེས་པ་དང་། བྲལ་བ་དག་ལ། ནི། ངེས་པ་དང་། མ་ལུས་པ། མཐའ་གཅིག མེད་པར་དགག་པ་རྣམས་ལ། ནིར྄། ངན་པ་དང་། དཀའ་བ་དང་། ཉེས་པ་རྣམས་ལ། དུར྄། འདི་དུས྄་ཞེས་ས྄་མཐའ་ཡིན་ཡང་ར་རྗེས་འབྲེལ་དུ་བྲིས་པ་མང་ཡང་རྗེས་སུ་གཟུགས་འགྱུར་བའོ། །ལེགས་པ་དང་། བཟང་བ་དང་། བདེ་བ་དང་། མཛེས་པ་དང་། རབ་དང་། ཤིན་ཏུ་རྣམས་ལ། སུ། ཡང་དག་པ་དང་། རྫོགས་པ་དང་། ཀུན་ཏུ་ཞེས་པའི་དོན་རྣམས་ལ། སམྲ། རྣམ་པར་དང་། བྲལ་བ་དང་། ལོག་པ་རྣམས་ལ། བི། ཀུན་ཏུ་དང་། མཚམས་འཛིན་པ། ཅུང་ཟད་རྣམས་ལ། ཨཱ་ད྄། སྟེ་གོང་དུ་དཔེ་བརྗོད་བཅས་ཏེ་བཤད་པ་བཞིན་ནོ། །ཤིན་ཏུ་དང་། ཕུལ་དུ་བྱུང་བ་དང་། ཚད་ལས་འདས་པའམ། འགོང་བ་དང་། བསྔགས་པ་རྣམས་ལ། ཨ་ཏི། མངོན་པར་ལ། ཨ་བྷི། ལྷག་པར་ལ། ཨ་དྷི། ངེས་པར་དང་། ཀུན་ཏུ་དང་། བྲལ་བ་དང་། དཔེ་དང་། ཅུང་ཟད་རྣམས་ལ། ཨ་པ། རྗེས་སུ་དང་། དམན་པ་དང་། ལྷན་ཅིག་དང་། ཕྱི་མའམ་རྗེས་མ་དང་། དེ་འདྲ་བ་རྣམས་ཀྱི་དོན་ལ། ཨ་ནུ། འགོག་པ་དང་། སྨོད་པ་དང་། བྲལ་བ་དང་། བཟློག་པ་དང་། གནོད་པ་


MR26_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། ཨ་པ། ཀྱང་འང་ཡང་གི་དོན་དང་། ཡིན་སྲིད་ལྟ་བུའི་སྲིད་དང་། མང་པོའི་ནང་ནས་དམིགས་བསལ་བཏུ་བ་དང་། རྔ་བརྡུང་ཞིང་རྐང་གླིང་ཡང་འབུད་ལྟ་བུའི་ཡང་དང་། ཡིན་ནམ་ཤེས་སམ་སོགས་དྲི་ཚིག་གི་དོན་དང་། རྐུ་ལ་ཤོར་དགོས་ལྟ་བུའི་དགོས་པ་རྣམས་ཀྱི་དོན་ལ། ཨ་པི། སྟེ་གོང་དུའང་ཡོད། ཉེ་བར་དང་། ཕན་པ་དག་ལ། ཨུ་པ། ཤིན་ཏུ་དང་། ཕུལ་དང་མཆོག་མཐོ་བ་སོགས་ལ། ཨུཏ྄། འདི་ར་མཐའ་ཡིན་ཡང་ཕལ་ཆེར་ཏ་ཉིད་དུ་གྱུར་པའོ། །ཉེ་བསྒྱུར་འདི་རྣམས་མིང་གི་མགོར་སྦྱར་བ་ཡིན་ནོ། །དབྱངས་གཅིག་པའི་མིང་ནི་དཔལ་མགྲིན་ཏེ་དབང་ཕྱུག་ལ། ཨ། ཚངས་པ་དང་དྲན་པའི་དོན་དག་ལ། ཨཱ། ཨེ་འདི་འདྲ་བ་ཞེས་པའི་དོན་ལ། ཨཱཿ སྲུང་བ་དང་སྲུང་བྱེད་དང་གཙང་བ་དང་བྱ་བ་དང་། རྩོམ་པ་དང་། གྲངས་མེད་པ་རྣམས་ལ། ཨཱུ། ལྷའི་མ་དང་། སྨད་པའི་དོན། རྀ་དང་། ལྀ། ལྷ་མིན་གྱི་མ་དང་སྨད་པའི་དོན་ལ་རཱྀ། ཁྱབ་འཇུག་དང་། དྲན་པ་དང་། གླུ་ལེན་པ་རྣམས་ལ། ཨི། ཞི་བ་དང་དྲན་པ་དང་འགྲན་པ་རྣམས་ལ། ཨཻ། ལྷ་ཚངས་པ་དང་འགྲན་པ་དག་ལ། ཨོ། ནམ་མཁའ་དང་ཚངས་པ་དང་མཆོག་དང་རྗེས་སུ་འདོད་པ་དང་། འགྲན་པ་རྣམས་ལ། ཨཽ། ཕྱག་དར་ལ། ཨཿ སྟེ་དབྱངས་གཅིག་པའི་མིང་འདི་རྣམས་མི་ཟད་པ་མིན་ཡང་འདི་རྣམས་ཕ་རོལ་གྱི་དབྱངས་བྱུང་བ་དང་མཚམས་སྦྱོར་མི་ཐོབ་པས་རང་སར་བཞག་དགོས་སོ། །ཁྱོད་དང་སྦྱིན་བྱ་དག་ལ། ཏེ། བདག་དང་བདག་གི་བ་ལ། མེ། ཡོད་ཡིན་འདུག་རྣམས་ལ་ཧོ། ཡོད་པ་ལ། ཨསྟི། ཙེཏ྄། སྨཱ། སྨི། བདག་ལ། ཨཱ་བཱམ྄། ངའམ་རང་ལ། སཱ། ང་ཡིས་སམ་རང་གིས་ལ། སྭ་ཡམ྄། གཞན་ལ། ཨནྱཏ྄། གཉེན་ལ། ཧེ་ཏཽ། དེའི་དུས་སུའམ་དེ་ལའམ་དེ་ན་ཞེས་པའི་དོན་ལ། ཏ་དི། ཏེ་རྟི། ཅི་ན་ཞེས་བདུན་པའི་དོན་ལ།


MR26_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཏ྄། ཀུཧ། ཀྭ ཅི་ལས་ཞེས་ལྔ་པའི་དོན་ལ། ཀུ་ཏ་ས྄། ཡང་རྣམ་དབྱེ་བདུན་པའི་དོན་ལ་དེ་ཕན་གྱི་རྐྱེན་དཱ་བྱིན་པ། སརྦ་དཱ། ཐམས་ཅད་ནའམ་དུས་ཐམས་ཅད་ཀྱི་ཚེ། ཏ་དཱ། དེ་ནའམ་དེ་ཚེ། ཡ་དཱ། གང་ནའམ་གང་ཚེ། ཨེ་ཀ་དཱ། གཅིག་ནའམ་གཅིག་གི་ཚེ། ཨ་ནྱ་དཱ། གཞན་ནའམ་དུས་གཞན་གྱི་ཚེ། ཀ་དཱ། ཅི་ནའམ་ནམ་གྱི་ཚེའམ་ནམ་ཞིག་ན། ཞེས་པར་འགྱུར་ཞིང་། ཡང་བདུན་པའི་དོན་དུ་ཏྲ་ལ྄་བྱིན་པས། སརྦ་ཏྲ། ཐམས་ཅད་དུ། ཨ་ཏྲ། འདིར། ཡ་ཏྲ། གང་དུ། ཏ་ཏྲ། དེ་ལ། བ་ཧུ་ཏྲ། མདོ་རྣམས་ལ། ཀུ་ཏྲ། ཅི་ལ། ཀུ་ཧ། ཅི་ལ་སོགས་དང་། ཡང་རྣམ་དབྱེ་གསུམ་པའི་ཊཱ་བྱིན་པའི་ཚབ་དེ་ཕན་གྱི་ཐལ྄་བྱིན་པ། སརྦ་ཐཱ། ཐམས་ཅད་ཀྱིས་སམ་རྣམ་པ་ཐམས་ཅད་ཀྱིས་ཞེས་ཏེ་རྣམ་པ་ལ་ཐལ་ལོ་ཞེས་སོ། །ཏ་ཐཱ། དེ་ལྟར་རམ་རྣམ་པ་དེས། ཡ་ཐཱ། གང་ལྟར་རམ་གང་གིས་སམ་རྣམ་པ་གང་གིས། བ་ཧུ་ཐཱ། རྣམ་པ་མང་པོས། ཀ་ཐཱ། ཅི་ལྟ་བུའམ་ཅིའི་རྣམ་པས་ཞེས་ཏེ་ཐལ་མཐར་སཔ྄་འཇིག་གོ། ཐ་མ྄་སྦྱར་ན། ཀ་ཐམ྄། ཇི་ལྟར་རམ་རྣམ་པ་ཅི་ཡིས་སམ་ཅིའི་ཕྱིར། ཨིཏྠམ྄། འདི་ལྟར་རམ་རྣམ་པ་འདིས་ཞེས་པའི་དོན་དུ་འགྱུར་བ་དང་། ཡང་རྣམ་དབྱེ་སིའི་དོན་ལ་འབྱུང་ཁུངས་ཀྱི་དོན་ཅན་དེ་ཕན་གྱི་རྐྱེན་ཏས྄་སྦྱར་བས། ཏ་ཏས྄། དེ་ལས་དང་། དེ་ཕྱིར་དང་། དང་པོ་དང་། དྲི་བའི་དོན་དུ་འགྱུར་ཞིང་། ཡ་ཏས྄། ཞེས་པ་གང་ལས་དང་གང་གི་ཕྱིར་དང་། ངེས་པ་དང་། རྣམ་པར་འབྱེད་པའི་དོན་དང་། ཀུ་ཏས྄། ཅི་ལས་དང་ཅི་ཕྱིར་དང་འདྲི་བའི་དོན། ཨ་ཏས྄། ཨི་ཏས྄། འདི་ལས་སམ་འདིའི་ཕྱིར་དང་། ཨཱ་དི་ཏ། ཐོག་མ་ནས། མ་དྷྱ་ཏ། བར་ནས། ཨནྟཏ། མཐའ་ནས་སམ་ཐ་མ་ནས། པཱཪྵྭ་ཏ། ལོགས་ནས། པྲྀཥྛ་ཏ། རྒྱབ་ནས། མུ་ཁ་ཏ། གདོང་ནས་སོགས་ཀྱི་དོན་དུ་འགྱུར་བ་རྐྱེན་


MR26_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྒྲུབ་ཚུལ་སྣ་ཚོགས་ཀྱི་དབང་གིས་དོན་དུ་མར་འགྱུར་བ་ཤེས་པར་བྱའོ། །སྤྱིར་མི་ཟད་པ་ལ་སྭ་ར་སོགས་མིང་གི་སྡེ་ཚན་དང་། ཙ་སོགས་ནི་པ་ཏའམ་ཚིག་ཕྲད་ཀྱི་སྡེ་ཚན་གཉིས་སུ་གཟུགས་ཀྱི་འཇུག་པ་ལས་གསུངས་པ་ལྟར་དང་པོ། སྭ་ར། མཐོ་རིས། སཱི་མི། མཚམས།མི་ཐས྄། ཕན་ཚུན་དང་གསང་བ། གཞན་གོང་དུ་བསྟན་པ་ཐམས་ཅད་དང་། དེར་མ་ཟད། ཀརྟྟུཾ། བྱ་བའི་ཆེད་དུ། དྷརྟྟུཾ། འཛིན་པའི་ཕྱིར། ཧརྟྟུཾ། འཕྲོག་པའི་ཕྱིར་སོགས་དང་། བ་ཏིའི་རྐྱེན་མཐའ། བྲཱ་ཧྨཎ་བཏ྄། བྲམ་ཟེ་བཞིན་དུ། ཀྵ་ཏྲི་ཡ་བཏ྄། རྒྱལ་རིགས་བཞིན། རཱ་ཛ་བཏ྄། རྒྱལ་པོ་བཞིན་ཞེས་སོགས་དང་། ཀྟྭའི་རྐྱེན་མཐའ་རྣམས་ཀྱང་སྟེ། ཀྲྀཏྭཱ། བྱས་ནས། ཧྲྀཏྭཱ། ཕྲོག་ནས། སྨྲྀཏྭཱ། དྲན་ནས་སོགས་དང་། ཀྟྭཱའི་གནས་ཀྱི་ལྱ་པྲ་མཐའ་ཅན་རྣམས་ཀྱང་། པྲ་ཀྲྀཏྱ། དང་པོར་བྱས་ནས། པྲ་ཧྲྀ་ཏྱ། དང་པོར་ཕྲོགས་ནས་སོགས་དེ་ལྟ་བུ་རྣམས་ཀྱང་མི་ཟད་པ་སྭ་ར་ལ་སོགས་པའི་སྡེར་བཟུང་བར་བྱའོ། །དེ་རྣམས་ལ་ཨ་པ྄་དང་སུ་པ྄་འཇིག་གོ། མི་ཟད་པའི་སྐབས་སུ་རྣམ་བཅད་ཡོད་པ་རྣམས་རྣམ་དབྱེ་སི་བྱིན་པ་ལྟ་བུ་མ་ཡིན་གྱི་དེ་ཉིད་རང་གི་ས་མཐའ་སོགས་རྣམ་བཅད་དུ་བྱས་པ་ཡིན་ནོ། །གཉིས་པ་ནི་པཱ་ཏའི་མིང་ཅན་ནི། དང་དང་ཡང་སོགས་ཀྱི་དོན་ཅན། ཙ། ཡང་ནའི་དོན་ཅན་བཱ་སོགས་སྐབས་འདིར་བསྟན་པ་ཐམས་ཅད་དོ། །སྐབས་འདིར་འཕྲོས་དོན་དུ་རྣམ་དབྱེ་སོགས་རྐྱེན་བྱིན་པས་མིང་མཐའ་མི་འདྲ་བར་འགྱུར་བ་དང་དེར་མ་ཟད་ཡི་གེ་ཐམས་ཅད་ཀྱི་གཟུགས་འགྱུར་བའི་དམིགས་བསལ་འགའ་ཞིག་བཤད་པ་ལ། མིང་རང་རང་གི་རང་བཞིན་གྱིས་སྐྱེས་པའི་རྟགས་འབའ་ཞིག་ཏུ་ངེས། ཤིང་གི་མིང་པྲྀཀྵ་དང་། མེའི་མིང་ཨགྣི་ལ་སོགས་པའོ། །བུད་མེད་ཁོ་ནར་ངེས་པ། མཱ་ཏཱ། མ། ཁཊྭཱ། མལ་ཁྲི། ད་ནུཿ གཅོད་མ། བིདྱུ་ཏ྄། གློག བཱཀ ངག །


MR26_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བློ་ཡི་མིང་དང་ཆུ་བོའི་མིང་དང་ས་གཞིའི་མིང་དུ་གྱུར་པ་ཐམས་ཅད་ལ་སོགས་པའོ། །མ་ནིང་ཁོ་ན་ཡིན་པ། ཀུཎྚཾ། མེ་ཐབ་ལྷ་རྫིང་སོགས་ལ་འཇུག་པ་དང་། ཀཱ་ན་ནཾ། ནགས། ཨུ་རཿ བྲང་། སརྦྦི། མར་ལ་སོགས་པའོ། །སྐྱེས་པ་དང་མ་ནིང་གཉིས་ཀའི་རྟགས་མཐའ་ཡིན་པ། པིཎྜྱ་ཀཾ་མམ་ཀཿ ཏིལ་གྱི་འབའ་ཆ་སོགས་ལ་འཇུག་པ་འདི་དང་། དཎྚ་ཀཿ འམ་ཀཾ རྒྱུན་ཆགས། བུད་མེད་དང་མ་ནིང་གཉིས་ཀར་གཏོགས་པ། མེ་ཏྲཾ། དང་། མེ་ཏྲི། རྟགས་གསུམ་པ་ཅན། པ་ཏྲ། དང་། ཌ་ཌི་མ་ལ་སོགས་པའོ། །འདི་རྣམས་བརྗོད་བྱའི་དོན་གང་ཡིན་དེ་དང་མཚུངས་ཕྱིར་བརྗོད་བྱའི་རྟགས་ལྡན་ཞེས་སུའང་གྲགས་སོ། །རྟགས་མེད་པ། ཡུཥྨ་ད྄། ཨཥྨད྄་དང་གྲངས་མེད་པའམ་མི་ཟད་པའི་སྡེ་ཚན་དུ་གྱུར་པ་རྣམས་སོ། །བུད་མེད་རྟགས་ཨི་ཡཾ་ཞེས་པ་བརྗོད་པར་བྱ་བ་དང་སྦྱོར་ཚེ།སྐྱེས་པ་ལ་ཨ་ཡམ྄། མ་ནིང་ལ་ཨི་དམ྄། ཞེས་སུ་འགྱུར་ཏེ། དཔེར་ན། ཨི་ཡཾ་ཁ་ཊྭཱ། ཨ་ཡཾ་བྲྀཀྵ། ཨི་དཾ་ཀུཎྚཾ། ཞེས་སོ་སོར་སྦྱར་བ་ལྟ་བུའོ། །ཆུའི་མིང་རྣམས་མ་ནིང་རྟགས་ལྡན་ལ། ཨཔ྄་མོ་རྟགས་དང་མང་ཚིག་མཐའ་ཅན་དུ་བྱ་བ་དང་། བུད་མེད་ཀྱི་མིང་རྣམས་དངོས་པོའི་མཚན་ཉིད་ཀྱིས་མོ་རྟགས་ཁོ་ན་ཡིན་ཞིང་། ད་ར་ཞེས་པ་སྐྱེས་པའི་རྟགས་མང་ཚིག་མཐའ་ཅན་དུ་འགྱུར་བ་དང་། གཉིས་ཀྱི་མིང་། ཨུ་བྷ་དང་། ཨུ་བྷ་ཡ། རྟག་ཏུ་གཉིས་ཚིག་གི་མཐའ་ཅན། གསུམ་ལ་སོགས་པ་མང་ཚིག་གི་མཐའ་ཅན་དུ་འགྱུར་བ་སོགས་དམིགས་བསལ་དུ་མ་ཡོད་པའང་ཤེས་དགོས་ལ། རྟགས་མཐའ་གསུམ་པོ་གང་ཡིན་ཡང་སུ་པ྄་མཐའ་མ་རྣམ་དབྱེའི་རྐྱེན་ནི་འདི་ལྟ་སྟེ། སི་ཨཽ་ཛས྄། རྣམ་དབྱེ་དང་པོའོ། །དེ་བཞིན་དུ། ཨམ྄་ཨཽ་ཤས྄་གཉིས་པའོ། །ཊཱ་བྷྱ་མ྄་བྷི་ས྄་གསུམ་པའོ། །


MR26_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བྷྱཱམྲ་བྷྱས྄་བཞི་པའོ། །ང་སིབྷྱཱམྲ་བྷྱས྄་ལྔ་པའོ། །ངས྄་ཨོས྄་ཨཱ་མ྄་དྲུག་པའོ། །ངི་ཨོས྄་སུཔ྄་བདུན་པའོ། །ཙནྡྲ་པའི་མདོ་ལྟར་ན་རྣམ་དབྱེ་དང་པོའི་གཅིག་ཚིག་སུ་ཡིན་པས་དེ་དང་བདུན་པའི་མང་ཚིག་གི་མཐའ་སྦྱར་ཏེ་བསྡུས་པས་སུཔ྄་ཅེས་པ་རྣམ་དབྱེའི་རྐྱེན་འདི་ཀུན་བསྡུས་པའི་མིང་ཡིན་པས་སུཔ྄་མཐའ་ཞེས་སྒྲ་ཟོར་ཡང་བར་མཛད་དོ། །འདི་རྣམས་མིང་གང་ལ་སྦྱར་བའི་མིང་མཐའ་རྟགས་གསུམ་པོ་གང་ཡིན་ཡང་སོ་སོར་དབྱངས་དང་གསལ་བྱེད་ཀྱི་མཐའ་ཅན་གྱི་བྱ་བ་ཅི་རིགས་སུ་ཡོད་པ་ལས། སྐྱེས་པའི་རྟགས་ཨ་ཐུང་གི་མཐའ་ཅན་ཤིང་གི་མིང་བྲྀ་ཀྵ་ལ་རྣམ་དབྱེ་འདི་རྣམས་སྦྱར་བའི་དཔེར་བརྗོད་བྱེ་བྲག་རྟོགས་བྱེད་དུ་ཡོད་པ་སྔར་བཀོད་པ་ལྟར་ལ། འདིར་དང་པོར་སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན་དེའི་ཆོ་ག་བརྗོད་ན། མདོ་རྣམས་ཀྱི་དོན་བཞིན། སིའི་ཨི་ཕྱིས་ནས་སར་རྣམ་བཅད་དུ་བྱས། དེ་བཞིན་ཛས྄་ཀྱི་ཛ་ཡིག་དང་ཤས྄་ཀྱི་ཤ་དང་ངེ་ངི་དག་གི་ང་འགྲོ་བའི་དོན་ཏེ་ཕྱིས། ཨ་མ་ཤས་དག་གི་ཨ་ནི་རྟགས་མཐའ་འདྲ་བར་གྱུར་པ་ལ་དབྱི། སྐྱེས་པའི་རྟགས་འདྲ་བའི་ཡི་གེ་ལས་ཤས྄་ཀྱི་ས྄ན྄་སྲོག་མེད་དུ་བསྒྱུར་ཞིང་དབྱངས་སྔ་མ་རིང་པོར་བསྒྱུར། ཊཱ་ཨིན་རུ་བསྒྱུར། བྷ་ཡིག་ཕ་རོལ་དུ་བྱུང་བའི་རྟགས་མཐའི་ཨ་ཐུང་རིང་པོར་འགྱུར། ཨ་ལས་ཕ་རོལ་གྱི་བྷིས྄་ཀྱིབྷ་ཨ་རུ་བསྒྱུར། ཨིས྄་བཞག སྡེབ་སྦྱོར་ལས་རྟགས་མཐའི་ཨ་ཨེ་རུ་བསྒྱུར་ནས་བྷིས྄་སྦྱར་བའང་ཡོད། དེ་ཡི་མཐའ་ཨཀ྄་ཨ་ག་མ་བྱིན། ཀ྄་རྗེས་འབྲེལ་ཕྱིས། ཨེ་ཨ་ཡར྄་བསྒྱུར་ནས་ཕ་རོལ་གྱི་དབྱངས་ལ་དྲངས། མང་ཚིག་ས་ཡིག་ཕ་རོལ་དུ་བྱུང་བའི་རྟགས་མཐའི་ཨ་ཨེ་རུ་འགྱུར། ང་སི་ཨཱཏ྄་དུ་བསྒྱུར། ངས྄་སྱ་སུ་བསྒྱུར། ཨོས་ཕ་རོལ་ལ་རྟགས་མཐའི་ཨ་ཨེ་རུ་བསྒྱུར། ཨཱ་མ྄་ཕ་རོལ་ལ་ནུཊ྄་ཨ་ག་མ་སྟེར། ཊ྄་འགྲོ་བ་སྟེ་


MR26_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དབྱི་བའི་ཕྱིར་རྣམ་དབྱེའི་སྔོན་དུ་བཞག ཨུ་བརྗོད་དོན་ཡིན་པས་ཕྱིས། ནཱམ྄་ཕ་རོལ་དུ་བྱུང་བས་རྟགས་མཐའ་རིང་། སུཔ྄་ཀྱི་པ་རྗེས་འབྲེལ་ཏེ་ཕྱིས། རྟགས་མཐའི་ཨ་ཨེ། ཀུ་ཨི་ལ་ལས་སའི་ཥའོ་ཞེས། ཀ་སྡེ་དང་ཨི་ལ་ཞེས་པས་ཨི་ཨཱུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་ཧ་ཡ་བ་ར་ལ་སྟེ་ཡི་གེ་བཅུ་གསུམ་པོ་བསྡུས་པ་སྟེ་དེ་ལྟར་ཡི་གེ་བཅོ་བརྒྱད་པོ་འདིའི་རྗེས་སུ་བྱུང་བའི་ས་ཡིག་ཥ་རུ་འགྱུར་རོ། །དེ་ལྟར་བྱས་ནས་མཚམས་སྦྱར་བས་གོང་ལྟར་གྲུབ་པ་ཡིན་ནོ། །མིང་ནས་འབོད་པའི་དོན་ཅན་ལ་ཡང་རྣམ་དབྱེ་དང་པོ་གསུམ་འཇུག དེའི་ཚེ་བྱིངས་མཐའ་མིན་པའི་ཚུ་རོལ་མིང་མཐའ་མཚུངས་པའི་ཡི་གེ་བཅུ་བཞི་པོའི་ཕ་རོལ་གྱི་སི་དབྱི། བོད་ཚིག་གསལ་ཕྱིར་སྔོན་དུ་ཧེ་བཞག་པས་གྲུབ་བོ། །པྲྀཀྵ་ལ་ཇི་ལྟ་བ་བཞིན་དུ་སྐྱེས་པའི་རྟགས་ཨ་ཐུང་ཅན། དེ་བ་ལ་སོགས་པ་ཐམས་ཅད་ལ་དེ་ལྟར་སྦྱར་བར་བྱའོ། །སྐྱེས་པའི་རྟགས་ཨཱ་རིང་མཐའ་ཅན་ལ། སིའི་དབྱངས་ཕྱི་ནས་རྣམ་བཅད་བྱ། གཉིས་ཚིག་སོགས་དབྱངས་རྣམས་ལ་མཚམས་སྦྱར། ཤས་ཕན་ཆད་ཀྱི་གསལ་བྱེད་འགྲོ་བ་རྣམས་ཀྱི་རྗེས་འབྲེལ་ཕྱིས་ནས་དབྱངས་རྣམས་མཚམས་སྦྱར། དེར་བྱིངས་དང་འབྲེལ་བའི་མིང་མཐའ་ལ་ཨཱ་ཡོད་པ་ཕྱི་ནས་དྲངས། བྷྱཱ་མ྄་སོགས་གསལ་བྱེད་རང་སར་བཞག་པས་གྲུབ་བོ། །སྐྱེས་རྟགས་ཨི་ཨུའི་མཐའ་ཅན་གྱི་སྒེར་ཁྱད། ཨི་ཨུའི་མཐའི་ཕ་རོལ་གྱི་ཨཽ་ནི་རིམ་བཞིན་ཨི་དང་ཨུར་འགྱུར། ཛས྄་ལ་རྟགས་མཐའ་ཨེ་དང་ཨོར་འགྱུར། བོད་སིའང་ཨེ་ཨོར་འགྱུར། བུད་མེད་མིན་པའི་ཨི་ཨུའི་མཐའི་ཊཱ་ནཱ་རུ་འགྱུར། ངི་ཌཽ་རུ་བསྒྱུར། ཌ་འགྲོ ཌ་འགྲོ་བརྟགས་མཐའི་ཨི་ཨུ་དབྱི། ངེ་དང་ང་སིངས་ཕ་རོལ་ལ་རྟགས་མཐའ་ཨེ་དང་ཨོར་འགྱུར་ཞིང་ང་སིངས་དག་གི་ཨ་དབྱིའོ། །གཞན་ཨམ྄་


MR26_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཤས྄་དག་གི་སོགས་ཨ་ཐུང་དང་ཐུན་མོང་གི་ཆོས་དགུ་སྦྱར་ཏེ་བསྒྲུབ་པའོ། །དེའི་དམིགས་བསལ་སྐྱེས་པའི་རྟགས་ས་ཁིའི་སྒྲ་ལ། བོད་སི་མིན་པའི་སི་ཌཱ་རུ་བསྒྱུར་བ་སོགས་སྒེར་ཆོས་ལྔ་ཡོད་པ་སོགས་འདི་འདྲའི་དམིགས་བསལ་དུ་མ་ཡོད་དོ། །གཞན་ཨཱི་ཨཱུ་སོགས་དབྱངས་མཐའ་རྣམས་ལ་སོ་སོའི་ཁྱད་པར་ཅུང་ཟད་ཡོད་པ་རྣམས་སྒྲ་གཞུང་རྣམས་སུ་ཤེས་པར་བྱ་སྟེ། འདིར་ནི་སྤྱིར་རྣམ་དབྱེ་སྦྱར་ཚུལ་མཚོན་བྱེད་ཙམ་བརྗོད་ཀྱི་མཐའ་དག་བརྡ་སྤྲོད་པའི་གཞུང་ཚུལ་བཞིན་མ་བསླབ་པར་ངག་ཉུང་དུས་འདོམས་པར་མི་ནུས་སོ། །བུད་མེད་ཀྱི་རྟགས་དབྱངས་མཐའ་ཅན་ཨ་ཐུང་མཐའ་ཅན་གངྒ་ལ་མཚོན་ན། དེ་བུད་མེད་ཀྱི་རྟགས་སུ་མཚོན་པ་ལ་ཐོག་མར་ཨཱ་པ྄་སྦྱིན་དགོས་པས་ཨ་ཐུང་གི་མཐའ་ཅན་ནི་མི་འབྱུང་ངོ་། །གངྒཱ། ཆུ་ཡི་མིང་དེའི་མཐར་རྣམ་དབྱེ་བྱིན་པའི་ཛ་ཤ་ཊཱ་རྣམས་ང་རྣམས་དབྱི་ཞིང་ང་སིའི་ཨི་དབྱི། སྒེར་གྱི་མདོ་ལྔ་སྟེ། སི་དབྱི། ཨཽ་ཨི་རུ་བསྒྱུར། བོད་སི་ཨི་རུ་བསྒྱུར། ཊ་ཨོ་ས་ཕ་རོལ་ལ་རྟགས་མཐའ་ཨེ། ང་འགྲོ་བ་བཞི་ལ་ཡཊ྄་ཨ་ག་མ་སྟེར། ཊ་གནས་དོན་ཏེ་ཕྱིས། ཐུན་མོང་གི་མདོ་ཨཱམ྄་ལ་ནུཊ྄། ནཱམ྄་ལ་རྟགས་མཐའ་ཨེ། ཨས྄་དང་ཨིས྄་དང་ནཱི་ཡི་མཐའི་རྣམ་དབྱེ་བདུན་པའི་རི་ཨཱ་མ྄་དུ་འགྱུར་བ་དང་གསུམ་སྟེ་མདོ་བརྒྱད་ཀྱིས་བསྒྲུབ་པས། གངྒཱ། ཆུ་བོ། གངྒེ། གངྒཱཿ གངྒཱཾ། གངྒེ། གངྒཱཿ གངྒཡཱ། གངྒཱ་བྷྱཾ། གངྒཱ་བྷིཿ གངྒཱ་ཡཻ། གངྒཱ་བྷྱཾ། གངྒཱ་བྷྱཿ གངྒཱ་ཡཱཿ གངྒཱ་བྷྱཱཾ། གངྒཱ་བྷྱཿ གངྒཱ་ཡཱཿ གངྒཱ་ཡོཿ གངྒཱ་ནཱཾ། གངྒཱ་ཡཾ། གངྒཱ་ཡོཿ གངྒཱ་སུཿ ཧེ་གངྒཱེ། ཧེ་གངྒེ། ཧེ་གངྒཱཿ ཞེས་གྲུབ་བོ། །གཞན་ཨི་ཨུའི་མཐའ་ཅན་ལ། ང་འགྲོ་བ་བཞི་ལ་ཨ་ཊ་སྟེར། ངི་ཨཱམ་དུ་ཡང་ན་བསྒྱུར་བ་ཙམ་མ་གཏོགས་གཞན་སྐྱེས་པའི་རྟགས་ཨི་ཨུ་དང་འདྲ་བ་སོགས་སྒྲ་


MR26_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས་ཤེས་པར་བྱའོ། །མ་ནིང་ཨ་ཐུང་གི་མཐའ་ཅན་ལ་སྒེར་ཆོས། སི་ཨམ྄་དག་ཏུ་འགྱུར་ཏེ་བོད་སི་ལ་མིན་ནོ། །ཨ་མ་ཤས྄་དག་གི་ཨ་དབྱི། ཨཽ་ཨཱི། ཛས྄་ཤས྄་དག་ཤི་རུ་བསྒྱུར། ཤི་ཕ་རོལ་ལ་རྟགས་མཐའ་མཐར་གནས་བཞི་དང་ང་སོགས་ལྔ་པ་རྣམས་མིན་པར་དབྱངས་མཐར་ནུམ྄་སྟེར། ཨུ་མ་རྗེས་འབྲེལ་དབྱི། ཤ་ཕྱིས་པའི་ཨི་ལ་དྲངས། ཤི་ཕ་རོལ་གྱི་ན་མཐའི་སྔ་མ་རིང་། ཊཱ་ཕན་ཆད་སྐྱེས་པའི་ཨ་ཐུང་དང་འདྲ་བས། ཀུ་ལཾ། རིགས། ཀུ་ལེ། ཀུ་ལཱ་ནི། ཀུ་ལཾ། ཀུ་ལེ། ཀུ་ལཱ་ནི།ཀུ་ལེན། ཀུ་ལཱ་བྷྱཱཾ། ཀུ་ལཻཿ ཀུ་ལཱ་ཡཿ ཀུ་ལ་བྷྱཱཾ། ཀུ་ལེ་བྷྱཿ ཀུ་ལཱཏ྄། ཀུ་ལ་སྱ། ཀུ་ལ་ཡོ། ཀུ་ལཱ་ནཱཾ། ཀུ་ལེ། ཀུ་ལེ་ཥུ། ཧེ་ཀུ་ལ། ཞེས་སོ། །གཞན་ཨི་སྠི་སོགས་ཀྱི་དམིགས་བསལ་རྣམས་མ་གཏོགས་ཅི་རིགས་འདྲ་བ་དང་། གྲཱ་མ་ཎཱི། ལྟ་བུའི་ཨཱི་མཐའ་སོགས་མ་ནིང་འཇུག་ཚེ་ཐུང་ངུར་བསྒྱུར་བ་དང་ནུམ྄་སྟེར་བ་སོགས་སོ། །རྟགས་གསུམ་པོ་གསལ་བྱེད་ཀྱི་མཐའ་ཅན་ལ་མིང་གི་ངོ་བོས་སྒེར་ཆོས་རྣམས་དང་། དེ་མིན་རྣམས་དབྱངས་ཐོག་ཏུ་དྲངས་པ་སོགས་གཞུང་ལྟར་བྱའོ། །རྟགས་གསུམ་ག་འཇུག་པ་ནི་སརྦ་སོགས་ཀྱི་སྡེ་ཚན་དུ་གྲགས་པ་སྟེ། གང་ཞེ་ན། སརྦ། ཐམས་ཅད། བི་ཤྭ། སྣ་ཚོགས། ཨུ་བྷ་དང་། ཨུ་བྷ་ཡ། གཉིས་ཀ །ཨ་ནྱ། གཞན། ཨ་ནྱ་ཏ་ར་དང་། ཨ་ནྱ་ཏ་མ། གཞན་ཤོས། ཨི་ཏ་ར་དང་། ཨི་ཏ་མ་དང་། ཌ་ཏ་ར་དང་། ཌ་ཏ་མ། དང་། ཀ་ཏ་ར་དང་། ཀ་ཏ་མ། རྣམས་ཅིག་ཤོས། ཏྭ། གཅིག་ཤོས། ས་མ། ཐམས་ཅད། སཱི་མ། མཚམས། ནེ་མ། ཕྱེད། པཱུརྦ། སྔོན་ནམ་ཤར། པ་ར། ཕ་རོལ། ཨ་བ་ར། ཕྱི་མ། དཀྵི་ན། ལྷོའམ་གཞན། ཨུཏྟ་ར། དང་། ཨ་པ་ར། ཚུ་


MR26_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ལམ་གཞན། ཨ་དྷ་ར། དམའ་བ། སྭ། ནོར་དང་གཉེན་བརྗོད་པ་མ་ཡིན་པའི་འཇུག་པ་གཞན་བརྗོད་པ་དང་། ཨནྟ་ར། ཕྱི་རོལ་དང་། མ་འབྱོར་བ་དང་། སྨད་འོས་ལ་འཇུག་པ་དང་། ཨེ་ཀ གཅིག དྭི། གཉིས། ཏྭ་ད྄། གཞན་ནམ་དེ། ཏྱད། ཏྭ་ད྄། གཉིས་དེ་ཞེས་པའི་དོན། ཡད྄། གང་ཞེས་པའི་དོན། ཨེ་ཏད྄། ཨ་དམ྄། ཨ་དས྄། རྣམས་འདི། ཀིམ྄། ཅི། ཡུ་སྨད྄། ཁྱོད། ཨ་སྨད྄། བདག། བྷ་བཏ྄། ཁྱོད་ཅེས་པ་རྣམས་སོ། །འདི་རྣམས་ལས་སརྦ་སོགས་ཨ་ཐུང་མཐའ་ཅན་རྣམས་སྐྱེས་པའི་རྟགས་སུ་བསྒྲུབ་ཚེ། སརྦཿ ཐམས་ཅད། སརྦཽ། ཐམས་ཅད་དག སྒེར་མདོ། ཛས྄་ཨཱི་རུ་བསྒྱུར་བས། སརྦེ། ཐམས་ཅད་རྣམས། ཨམ྄་ཤས་དག་གི་ཨ་དབྱི། སརྦཾ། ཐམས་ཅད་ལ། སརྦཽ། ཐམས་ཅད་དག་ལ། སརྦཱ་ན྄། ཐམས་ཅད་རྣམས་ལ། སརྦེ་ཎ། ཐམས་ཅད་ཀྱིས། འདིར་ཥ་ར་རྀ་ཡི་ཕ་རོལ་གྱི་ན་ནི་ཎ་རུ་འགྱུར་ཏེ་ཚིག་མཐའི་ན་སྲོག་མེད་ནི་དེར་མི་འགྱུར་རོ། །དེར་མ་ཟད། ཨ་བ་ཀུ་པུ་བར་ན་ཡོད་ཀྱང་ངོ་ཞེས་པས། ཨ་བ་ཞེས་བསྡུ་བས་དབྱངས་ཐམས་ཅད་དང་། ཧ་བ། ཀ་སྡེ་པ་སྡེ་རྣམས་ཀྱིས་བར་ཆོད་ཀྱང་ཎར་འགྱུར་བ་ནི་སྐབས་འདིར་མ་ཟད་སྤྱིར་ཤེས་པར་བྱའོ། །སརྦཱ་བྷྱཱ་མ྄། ཐམས་ཅད་དག་གིས། བྷ་ལ་རྟགས་མཐའ་རིང་ངོ་། །བྷི་ས྄་ཨིས་སུ་བསྒྱུར་བ་ཨ་ཐུང་བཞིན་ཏེ། སརྦཻཿ ཐམས་ཅད་རྣམས་ཀྱིས། འདིར་ངེ་དང་ང་སིའི་སྒེར་ཆོས་རྣམ་དབྱེའི་གོང་དུ། སྨཊ྄། སྟེར། ཊ་འགྲོ། དེ་ཡི་ང་འགྲོ སརྦ་སྨཻ། ཐམས་ཅད་ཀྱི་ཆེད་དུ། སརྦཱ་བྷྱཱཾ། ཐམས་ཅད་དག་གི་ཆེད་དུ། སརྦེ་བྷྱཿ ཐམས་ཅད་རྣམས་ཀྱི་ཆེད་དུ། ང་སིའི་ང་དང་ཨེ་ཕྱིས། དེ་ཨ་རུ་བསྒྱུར་བས། སརྦ་སྨཱཏ྄། ཐམས་ཅད་ལས། སརྦཱ་བྷྱཾ། ཐམས་


MR26_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དག་ལས། སརྦེ་བྷྱཿ ཐམས་ཅད་རྣམས་ལས། ངས྄་སྱར་བསྒྱུར་བས། སརྦ་སྱ། ཐམས་ཅད་ཀྱི། སརྦ་ཡོཿ ཐམས་ཅད་དག་གི དྲུག་པའི་མང་ཚིག་ཨཱམ྄་ལ་སུཊ྄་སྟེར། ཨུཊ྄། ཕྱིས། ས་ཥར་འགྱུར་བས་རྟགས་མཐའ་ཨེ། སརྦེ་ཥཱཾ། ཐམས་ཅད་རྣམས་ཀྱི། ངི་སྨིན྄་དུ་བསྒྱུར། སརྦ་སྨིན྄། ཐམས་ཅད་ན། སརྦ་ཡོཿ ཐམས་ཅད་དག་ན། སརྦེ་ཥུ། ཐམས་ཅད་རྣམས་ན། ཧེ་སརྦཿ ཧེ་སརྦཽ། ཧེ་སརྦེ། ལྟ་བུའོ། །དེ་བཞིན་བི་ཤྭ་སོགས་སརྦ་ནཱ་མའི་སྒྲ་ཨ་ཡིག་གི་མཐའ་ཅན་ཀུན་དེ་དང་འདྲའོ། །དེའི་ནང་གི་ཌ་ཏ་ར་དང་། ཌ་ཏ་མ་རྐྱེན་ཡིན་གྱི་མིང་དངོས་མིན་ཡང་མིང་གཞན་གྱི་མཐར་སྦྱར་ནས་བྱུང་ཚེ་སརྦ་དང་འདྲ། པཱུརྦ་ནས་ཨནྟ་རའི་བར་གྱི་དགུ་པོ་རྣམས་ལ་ཛས྄་ཨིར་བསྒྱུར་བའམ་ཡང་ན་ཨ་ཐུང་ལྟར་བསྒྲུབ། ང་སི་ངི་དག་གི་སྨཱཏ྄་དང་།སྨིན྄་དག་ཏུ་ཡང་ན་འགྱུར། ཡང་ན་མི་འགྱུར་བ་འདམ་ངའོ། །ཨུ་བྷ་ལ་རྟག་ཏུ་གཉིས་ཚིག་རྣམས་ལས་གཞན་མི་འཇུག སརྦ་སོགས་མོ་རྟགས་སུ་བསྒྲུབ་ཚེ་ཨཱ་པ྄་བྱིན་པས་སརྦྦཱ་སོགས་སུ་གྲུབ་པ་ལ། ང་འགྲོ་བ་བཞི་ལ་ཉེར་ཁྱད་ཡཊ྄་བྱིན། རྟགས་མཐའ་ཐུང་། དེའི་གོང་དུའང་སུཊ྄། ཨུཊ྄་ཕྱིས། ང་རྣམས་འགྲོ བུད་མེད་ཀྱི་མདོ་ལྔ་སྦྱར། སརྦཱ། ཐམས་ཅད་སོགས་དང་། སརྦ་སྱཻ། དེ་བྱིན་པའོ། །ང་སི་ལངས་ལ། སརྦ་སྱཱཿ ངི་ལ། སརྦ་སྱཾ། སོགས་ཏེ་དེ་བཞིན་བི་ཤྭ་སོགས་ལའོ། །སརྦ་སོགས་མ་ནིང་དུ་བསྒྲུབ་ཚེ་མ་ནིང་ཨ་ཐུང་མཐའ་ལྟར་དང་། ཨ་ནྱ་ལ་སོགས་པ་བདུན་པོ་ལ། སི་ཨམ྄་དག་ཤྟུ་རུ་བསྒྱུར། ཤ་དང་ཨུ་ཕྱིས་པས། ཨ་ནྱཏ། གཞན། ཨཽ་སོགས་ལྔ་པོ་མ་ནིང་གི་མདོ་སྔ་མ་བཞི་སྦྱར། ཊཱ་ཕན་ཆད་ལ་ཨ་ཐུང་ལྟར་བྱའོ། །འདི་རྣམས་མཚོན་


MR26_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་དུ་བཤད་ཀྱིས་ཞིབ་པར་སྒྲ་གཞུང་རྣམས་ལས་ཤེས་དགོས་སོ། །སརྦ་སོགས་ཀྱི་ནང་ཚན། ཏྱད྄། ལ་སོགས་པ་གསལ་བྱེད་མཐའ་ཅན་སྐྱེས་པའི་རྟགས་སུ་བསྒྲུབ་ཚེ། ཨི་དམ྄། ལ་སི་སྦྱར་བ་ན་མིང་རྐྱེན་དང་བཅས་པ་ཨ་ཡཾ་དུ་འགྱུར། ས་དག་ལ་ཨ་ན་རུ་འགྱུར། ས་བྷ་ཕ་རོལ་ལ་ཨ་ཡིག་ཏུ་འགྱུར། ཨི་དམ྄་དང་ཨ་དས་ཀྱི་ཕ་རོལ་བྷིས་ཨིས་སུ་མི་འགྱུར་བ་དང་། ད་མང་འགྱུར་བ་སོགས་ཏེ། ཨི་ཡཾ། འདི། ཨི་མོ། ཨི་མེ། སོགས། ཨ་ནེ་ན། འདི་ཡིས་སོགས་སོ། །ཀིམ྄་ལ་སི་སོགས་སྦྱར་ཚེ་སྲོག་གི་ཨི་ཨ་རུ་འགྱུར། ཀཿ སུ། ཀཽ། སུ་དག ཀེ་སུ་རྣམས་སོགས་དང་། ཀེ་ན། སུས། ཀསྨཱ་ཏ། སོགས་སོ། །ད་མཐའ་ཅན་ཏྱད྄་ལ་སོགས་པ་སི་ཕ་རོལ་ལ་ས་ཉིད་དུ་འགྱུར། གཞན་ཨ་ཐུང་མཐའ་ཅན་དང་སརྦ་ནཱ་མའི་མདོ་ཨི་དམ྄་སྐབས་ལྟར་སྦྱར་བས་ཏྱད྄་ལ། སྱཿ དེ། ཏྱཽ། ཏྱེ། སོགས་སོ། །ཏད྄་ལ། སཿ ཏཽ། ཏེ། སོགས་དང་། ཡད྄་ལ། ཡཿ ཡཽ། ཡེ། སོགས། ཨེ་ཏད྄་ལ། ཨེ་ཥཿ ཨེ་ཏཽ། ཨེ་ཏེ། སོགས་སོ། །སརྦ་སོགས་ཀྱི་ནང་ཚན། ཨ་དས྄། སྐྱེས་རྟགས་སུ་བྱེད་ཚེ། སི་ཕ་རོལ་ལ་དས྄་ས་ཡིག་ཏུ་འགྱུར་ཞིང་སི་ཨཽ་རུ་འགྱུར་བས། ཨ་སཽ། འདི་ཨཽ་ཕན་ཆད་ཀྱི་རྣམ་དབྱེ་ལ་དས྄་མ་རུ་འགྱུར་ཞིང་སྲོག་གི་དབྱངས་འགྱུར་ཚུལ་དང་སྐྱེས་པ་དང་སརྦའི་མདོ། དའི་མ་སོགས་ཀྱིས་བསྒྲུབ་པས། ཨ་མཱུ། འདི་དག ཨ་མཱི། འདི་རྣམས་སོགས་སོ། །ཡང་ཨ་དས྄་ཀྱི་རྣམ་འགྱུར་གཞན་དས྄་མ། མའི་ཨུ། དེ་ལ་ཀ་རྐྱེན་དུ་བྱིན་པས། ཨ་མུ་ཀ དེ་ལ་རྣམ་དབྱེ་སྦྱོར་ཚུལ་ཨ་ཐུང་དང་སརྦའི་ཆོ་ག་གང་རུང་དུ་འགྱུར་ཏེ། ཨ་མུ་ཀཿ ཆེ་གེ་མོའམ་འདི་ཀ ཨ་མུ་ཀཽ འདི་དག་གམ་ཆེ་གེ་མོ་དག ཨ་ནུ་ཀེ ཆེ་གེ་མོ་རྣམས་སོགས་སོ། །སརྦ་སོགས་བུད་


MR26_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་རྟགས་སུ་བསྒྲུབ་ཚེ་ཨ་མཐའ་ཅན་རྣམས་ལ་ཨཱཔ྄་བྱིན། ངེ་སོགས་བཞི་ལ་ཡཊ་སྟེར། རྟགས་མཐའ་ཐུང་། བུད་མེད་ཀྱི་ཨཱཔ྄་ལས་སོགས་མདོ་ལྔ་སྦྱར་བས། སརྦཱ། སརྦེ། སརྦཿ སོགས་སོ། །གསལ་བྱེད་ད་མཐའ་ཅན་ཏྱད྄་སོགས་ལ་ཊིའི་ཨ་ཡིག་བྱས། ཨཱ་པ྄་བྱིན་པས་ཏྱཱ། དེ་ལ་བུད་མེད་དང་སརྦའི་མདོ་བརྒྱད། ཏའི་སའོ་སོགས་སྦྱར་བས། སྱཱཿ དེ། ཏྱེ། དེ་དག ཏྱཱཿ དེ་རྣམས་སོགས་སོ། །ཀིམ྄་ལ། ཀཱཿ ཅི། ཀེ་ཅི་དག ཀཱཿ ཅི་རྣམས་སོགས་སོ། །ཨི་དམ་ནི་སེ་དང་ལྷན་ཅིག་ཨི་ཡམ་དུ་འགྱུར་ཞིང་། ཨཽ་སོགས་ལ་ཊི་ཨ་དམར། ས་བྷ་ལ་ཨ་སོགས་དང་། ཨ་ལས་ཨཱ་ས྄་སོགས་སྔ་མ་ལྟར་བསྒྲུབ་པས། ཨི་ཡཾ། འདི། ཨི་མེ། འདི་དག །ཨི་མཱཿ འདི་རྣམས་སོགས་སོ། །ཡང་སརྦ་སོགས་ཀྱི་སྡེ་ཚན་མ་ནིང་དུ་བྱེད་ན་དེའི་ཨ་ཐུང་དང་ཐུན་མོང་དུ་བསྒྲུབ་ཅིང་། ཨ་ནྱ་ལ་སོགས་པ་བདུན་ལ། སི་ཨ་མ྄་དག་ཤྟུ་རུ་བསྒྱུར། ཤ་དང་ཨུ་ཕྱི། ཨནྱ་ཏ། གཞན། ཨཽ་སོགས་ལྔ་པོ་མ་ནིང་གི་མདོ་སྔ་མ་བཞི་སྦྱར། ཊཱ་ཕན་ཆད་ཨ་ཐུང་ལྟར་ཏེ། ཨ་ནྱེ། གཞན་དག ཨནྱཱ་ནི། གཞན་རྣམས་སོགས་སོ། །རྐྱེན་ཌ་ཏར། ཊ་ཏ་མ་སོགས་ཀྱང་ངོ་། ཏྱད་སོགས་མ་ནིང་ལ་འཇུག་ཚེ་སི་ཨམ་དག་འཇིག་པས་ཊིའི་ཨར་མི་འགྱུར། ཨཽ་སོགས་ལ་འགྱུར། ཨཽ་ཨིའོ། །ཛས྄་ཤས྄་ཤི ཡ་མ་མིན་པ་སོགས། ན྄འི་ཨུ་པ་དྷ྄་སོགས་མདོ་དང་། གསུམ་པ་ཕན་ཆད་སརྦའི་བཞིན་ནོ། །ཏྱད྄། ཏྱཏ྄། དེ། ཧྱེ། ཏྱཱ་ནི་སོགས་སོ། །དེ་བཞིན། ཡད྄། སོགས་མཐར་སྦྱར་རོ། །ཀིམ྄། ཅི། ཀེ ཀཱ་ནི། སོགས་སོ། །ཨི་དམ྄། འདི། ཨི་མེ། འདི་དག ཨི་མཱ་ནི། འདི་རྣམས། ཨ་མ་སོགས་ཕན་ཆད་འདྲའོ། །ཨི་དཾ། འདི། ཨི་མེ། འདི་དག ཨི་མཱ་ནི། འདི་རྣམས་སོགས།


MR26_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱ་ཕན་ཆད་སརྦའི་མདོ་ལྟར་རོ། །ཨ་དས྄་ལ། མ་ནིང་ལ་སི་ཨཾ་དག་གི སར་དག་གི་གཉིས་ཚིག་སོགས་ལ་ཊིའི་ཨེ། དའི་མ། མའི་ཨུ་བྱས་པས། ཨ་དཿ འདི། ཨ་མཱུ། འདི་དག ཨ་མཱུ་ནི། འདི་རྣམས། ཨ་མ་སོགས་འདྲའོ། །དེ་ནས་སརྦ་སོགས་ཀྱི་ནང་ཚན་ཡུཥྨད྄་ཨུཥྨད྄་གཉིས་ཀྱི་རྣམ་འགྱུར་ནི་རྣམ་དབྱེ་དང་ལྷན་ཅིག་ཚིག་ཕྲད་ཀྱིས་བསྒྲུབ་པ་སྟེ་འདི་ལ་རྟགས་གསུམ་དུ་དབྱེར་མེད་པས་ཀུན་ཏུ་མཚུངས་པར་འགྱུར་རོ། །དེ་ཡང་ཡུ་ཥཱི་འཚེ་བའི་བྱིངས་དང་། ཨ་སུ་འཕེན་པའི་བྱིངས་ལས་བསྒྲུབ་པའི་ཡུཥྨད྄། ཁྱེད།ཨཥྨད྄། ངེད་ཅེས་གྲུབ། དེ་ལ་རྣམ་དབྱེ་སྟེར་བས་འདི་ལྟར་འགྱུར་ཏེ། སི་བྱིན་ན་མིང་རྣམ་དབྱེ་བཅས་པ། ཏྭཾ། ཨ་ཧཾ། ཞེས་པར་འགྱུར་ཏེ། ཏྭཾ། ཁྱོད། ཨ་ཧཾ། ང་། དེ་བཞིན། ཨཽ་སོགས་གཉིས་ཚིག་ཕ་རོལ་དུ་བྱུང་ན། ཡུ་བ། དང་། ཨཱ་བ། ཞེས་པར་འགྱུར་ཞིང་ཕ་རོལ་གྱི་ཨཽ་ཨཱ་མ་དུ་འགྱུར་རོ། །དེ་བཞིན་ཛས྄་ཀྱིས་ཡཱུ་ཡཾ། བ་ཡཾ། ཨ་མ་ཕན་ཆད་ཀྱི་གཅིག་ཚིག་ཐམས་ཅད་ལ། ཏྭད྄། མད྄། ཅེས་པར་འགྱུར་རོ། །དེའི་ཕ་རོལ་དུ་རྣམ་དབྱེ་ཨ་མ་དང་ས་ཡིག་བྷིས་ལ་ཊིའི་ཨཱ་ཉིད་དུ་འགྱུར་བ་སོགས་ཀྱི་སྒོ་ནས་འདི་ལྟར། ཏྭཾ། ཁྱོད། ཨ་ཧཾ།ང་། ཡུ་བཱཾ། ཁྱོད་དག ཨཱ་བཱཾ། ངེད་དག ཡཱུ་ཡཾ། ཁྱེད་རྣམས། བ་ཡཾ། ངེད་རྣམས། ཏྭཱཾ། ཁྱོད་ལ། མཱཾ། ངེད་ལ། ཡུ་བཱཾ། ཁྱོད་དག་ལ། ཨཱ་བཱཾ། ངེད་དག་ལ། ཡུཥྨཱན྄། ཁྱོད་རྣམས་ལ། ཨུཥྨཱན྄། ངེད་རྣམས་ལ། ཏྭ་ཡཱ། ཁྱོད་ཀྱིས། མ་ཡཱ། བདག་གིས། ཡུ་བཱ་བྷྱཱཾ། ཁྱེད་ཅག་གིས། ཨཱ་བཱ་བྷྱཱཾ། ངེད་དག་གིས། ཡུཥྨཱ་བྷིཿ ཁྱེད་རྣམས་ཀྱིས། ཨཥྨཱ་བྷིཿ ངེད་རྣམས་ཀྱིས། ཏུ་བྷྱཾ། ཁྱོད་ཀྱི་ཆེད། མ་ཧྱཾ། བདག་ལའམ་བདག་གི་ཆེད་དུ། ཡུ་བཱ་བྷྱཱཾ། ཁྱེད་དག་གི་ཆེད་དམ་ཁྱེད་དག་ལ། ཨཱ་བཱ་བྷྱཱཾ། ངེད་དག་ལའམ་ངེད་དག་གི་


MR26_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད། ཡུཥྨ་བྷྱཾ། ཁྱེད་རྣམས་ཀྱི་ཆེད། ཨཥྨ་བྷྱཾ། ངེད་རྣམས་ཀྱི་ཆེད། ཏྭཏ྄། ཁྱོད་ལས། མཏ྄། ངེད་ལས། ཡུ་བཱ་བྷྱཱཾ། ཁྱེད་དག་ལས། ཨཱ་བཱ་བྷྱཱཾ། ངེད་དག་ལས། ཡུཥྨཱཏ྄། ཁྱེད་རྣམས་ལས། ཨཥྨཏ྄། ངེད་རྣམས་ལས། ཏ་བ། ཁྱོད་ཀྱི། མ་མ། ངེད་ཀྱི། ཡུ་བ་ཡོཿ ཁྱེད་དག་གི ཨཱ་བ་ཡོཿ ངེད་དག་གི ཡུཥྨཱ་ཀཾ ཁྱེད་རྣམས་ཀྱི། ཨཥྨཱ་ཀཾ ངེད་རྣམས་ཀྱི། ཏྭ་ཡི། ཁྱེད་ལ། མ་ཡི། ངེད་ལ། ཡུ་བ་ཡོཿ ཁྱེད་དག་ལ། ཨཱ་བ་ཡོཿ ངེད་དག་ལ། ཡུཥྨ་སུ། ཁྱེད་རྣམས་ལ། ཨམྨཱ་སུ། ངེད་རྣམས་ལ་ཞེས་སོ། །ཡང་དེ་དག་གི་ཁྱད་པར་གཞན་དུ་འགྱུར་ཚུལ་ཡང་། རྣམ་དབྱེ་གཉིས་པ་བཞི་པ་དྲུག་པ་རྣམས་ཀྱི་རྐྱེན་གསུམ་པོ་དང་སྦྱར་བས་རྣམ་འགྱུར་དེ་དག་སླར་ཡང་འདི་ལྟར་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ྄་དང་བཅས་པའི་ཡུཥྨད྄་ཨཥྨད྄་དག་ནི། ཏྭཱ། དང་། མཱ། ཞེས་པར་འགྱུར་རོ། །ཏྭཱ། ཁྱེད་ལ། མཱ། ངེད་ལ། གཉིས་ཚིག་ཡུ་བཱཾ་དང་ཨཱ་བས་དག་རིམ་བཞིན་བཱན། ཁྱེད་དག་ལ། ནཽ། ངེད་དག་ལ། ཞེས་སུ་འགྱུར་རོ། །དེ་བཞིན་བཞི་པའི། ཏུ་བྷྱཾ། མ་ཧྱཾ། གཉིས། ཏེ། དང་། མེ། ཞེས་པར་འགྱུར། གཉིས་ཚིག བཱན྄། དང་། ནཽ། མང་ཚིག བས྄། དང་། ནས྄་སུ་འགྱུར་རོ། །དྲུག་པའི་གཅིག་ཚིག ཏེ། དང་། མེ། གཉིས་ཚིག །བཱན྄། དང་། ནཽ། མང་ཚིག་པས྄། དང་། ནས྄་ཞེས་སུ་འགྱུར་བ་ནི། སྔ་མ་དང་རྣམ་འགྱུར་མི་འདྲ་བའི་ལུགས་གཅིག་གོ། དེ་དག་གིས་མིང་མཐར་སྦྱར་བའི་རྣམ་དབྱེའི་འཇུག་པ་དོན་ཆེ་བ་ཅི་རིགས་བཤད་པའོ། །མི་ཟད་པའི་སྡེ་ཚན་ནི་གོང་དུ་བཤད་ཟིན་ཏོ། །དེ་ནས་བུད་མེད་ཀྱི་རྟགས་སུ་བསྒྲུབ་པའི་རྐྱེན་ནི་ཨ་ཐུང་ལ་ཨཱཔ྄་འཇུག་སྟེ་པ་རྗེས་འབྲེལ་ཕྱིས་མཚམས་སྦྱར། བྷཊྚ་རཀཱ རྗེ་བཙུན་མ། ཏཱ་རཱ། སྒྲོལ་མ། ཨ་ཛ་སོགས་ལའང་ཨཱ པ྄་འཇུག་


MR26_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཨ་ཛཱ། ར་མ། ཀོ་ཀི་ལཱ། ཁུ་བྱུག་མོ། པ་ཙི་ཀཱ འཚེད་པ་མོ། ཤྲཱུ་དྲཱ། དམངས་མོ་སོགས་སོ། །ན་མཐའ་རྀ་མཐའ་ཨ་ཎ་མཐའ་རྣམས་ལ། ཨཱིཔ྄་འཇུག་སྟེ། དཎྚིན྄་ལ། དཎྚི་ནཱི། དབྱུག་པ་ཅན་མ། དནྟི་ནཱི། སོ་ཅན་མ། རཱ་ཛན྄་ལ། རཛྙཱི། ཨ་ཏ་དབྱིའོ། །ཤུ་ནཱི། ཁྱི་མོ་སོགས་སོ། །ཀརྟྲྀ་ལ། ཀརྟྲཱྀ། བྱེད་པ་མོ་སོགས་སོ། །ཨན་མཐའ། བུ་རྒྱུད་ཀྱི་རྐྱེན་ཏེ། ཨཽ་པ་ག་པ་ལ། ཨཽ་པ་ག་བཱི། ཉེ་བའི་བ་ཡང་མ། ཡུ་བན྄་ལ། ཡཱུ་ནཱི། ལང་ཚོ་མ། བྷ་ག་བ་ཏཱི། བཅོམ་ལྡན་འདས་མ་སོགས་སོ། །གཞན་ཡང་།ན་དཱི། གཙང་པོ། གཽ་རཱི། དཀར་མོ། ཨིནྡྲ་སོགས་ལ་ཨཱ་ནཱིཔ྄་འཇུག་སྟེ། པ་ཕྱིས། ཨིནྡྲ་ཎི། དབང་མོ། རུ་དྲཱ་ཎི། དྲག་མོ། པཏྣཱི་ལ་སོགས་པའི་སྒྲ་ཚིག་ཕྲད་དུ་བྱས་པ་སྟེ། པཏྣཱི། བྲམ་ཟེའི་ཆོ་ག་བྱས་པའི་བུད་མེད་དོ། །ས་ཁཱི། གྲོགས་མོ། ཡུ་བ་ན྄་ལ་བུད་མེད་ཀྱི་རྐྱེན་དུ་ཏི་འཇུག་སྟེ། ཡུ་བ་ཏིཿ ལང་ཚོ་ཅན་མ་ལྟ་བུའོ། །མི་ཡི་རིགས་བརྗོད་པའི་ཨུ་མཐར་ཨཱུ་བྱིན་པས། བནྡྷཱུ། རྩ་ལག་མའམ་གཉེན་མ། ཀུ་རཱུ། སྒྲ་ངན་མ་ལྟ་བུའོ། །མི་རིགས་ཡིན་ན་མི་འགྱུར་རོ། །བུད་མེད་ཀྱི་ཨཱཔ྄་དང་ཨཱིཔ྄་མཐའ་ལས་རྟག་ཏུ་སི་དབྱིའོ། །བུད་མེད་ཀྱི་རྟགས་སུ་བསྒྲུབས་པའི་རྐྱེན་རྣམས་བྱིངས་ལས་མིང་དུ་བསྒྲུབ་པ་ཀྲྀཏ྄་རྐྱེན་དང་། མིང་ལས་མིང་གི་ཁྱད་པར་བསྒྲུབ་པའི་དེ་ཕན་གྱིས་བསྒྲུབ་པའི་མཐའ་རྣམས་མོ་རྟགས་སུ་བྱེད་པ་ཡིན་ལ། ཀྟི་ན་སོགས་ཀྲྀ་ཏ་རྐྱེན་ལས་མོ་རྟགས་སུ་གྲུབ་ཟིན་པ་ཕལ་ཆེར་དང་། བིདྱུ་ཏ྄། གློགས་སོགས་དང་། མཱ་ཏྲི་མ་ཡི་མིང་སོགས་རང་བཞིན་གྱི་རྟགས་སུ་གནས་པ་མང་པོ་ཞིག་ལ་མོ་རྟགས་ཀྱི་རྐྱེན་གསར་དུ་མི་དགོས་སོ། །དེས་ན་མོ་རྟགས་ཀྱི་རྐྱེན་འདི་རྣམས་དེ་ཕན་གྱི་རྐྱེན་དང་ཆ་འདྲ་ཡང་དེར་མི་གཏོགས་ཏེ། དེ་ཕན་རྐྱེན་རྟགས་མཐར་སུཔ྄་རྐྱེན་སྦྱར་བར་འཇུག་ལ། འདི་དག་


MR26_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སུཔ྄་མེད་པའི་རྟགས་མཐར་ཡང་འཇུག་པས་སོ། །མོ་རྟགས་ཀྱི་རྐྱེན་ཙནྡྲཱ་པ་ལྟར་ན། དཱི་པྲ། ཌཱཔྲ། དཱིཥ྄། ཨཱུད྄། ཙཱཔྲ། ཏིང྄་། དྲུག་གོ། ཥཕ དང་། ཥྱང྄་། གཉིས་དཱིཔ྄་དང་ཙས྄་དག་དང་འབྲེལ་བའི་བར་རྐྱེན་ཡིན་པས་སོགས་སུ་མི་བརྩིའོ། །ཞེས་གསུངས་སོ། །རྣམ་དབྱེ་འདི་དག་འཇུག་ཡུལ་ལམ་དོན་ནི། ཆོས་དངོས་ལས་དང་བྱེད་པ་དང་། །ཆེད་དོན་འབྱུང་ཁུངས་འབྲེལ་བ་དང་། །གནས་གཞི་དང་ནི་བདུན་པོ་ལ། །དེ་དག་སོ་སོར་འཇུག་པ་ཡིན། །ཞེས་པ་ལྟར་ལ་དམིགས་བསལ་དུ། ཀ་ཊཾ་ཀ་རོ་ཏི། རྩྭ་ལྷས་བྱེད་དོ་ལྟ་བུ་རྩྭ་ལྷས་སྔོན་མེད་གསར་དུ་བྱེད་པ་ལས་སུ་བྱ་བའི་དོན་ཡིན་པས་གཉིས་པ་ཨམ྄་སྦྱར་བས་རྩྭ་ལྷས་ལ་བྱེད་དོ་ལྟ་བུར་འབྱུང་ཡང་དང་པོའི་དོན་དུ་གོ་དགོས་པ་སོགས་དེ་འདྲ་དུ་མ་དང་། གྲོང་ལ་ཆུ་འབབ། ལྷས་བྱིན་ལ་སྐྱོན་ཡོད། གྲོང་ལ་འཁྲིས་ནས་འཁྲིས་སུ་ནོར་ཡོད་ལྟ་བུ། ཟླ་བ་གཅིག་ལ་ཀློག རྒྱང་གྲགས་ལ་རི་ཡོད་ལྟ་བུ་རྟེན་གནས་ཀྱི་དོན་ལ་གཉིས་པ་སྦྱར་བ་དང་། སྟོང་ཉིད་བསྒོམ་པ་བྱ་བ་ཀུན་གྱི་མཆོག ཚངས་པ་ནི་ལྷ་ཀུན་གྱི་མཆོག་ལྟ་བུ་དགར་བའི་དོན་ལ་ཀུན་ལས་མཆོག་ཅེས་ལྔ་པ་འཇུག་ཀྱང་དྲུག་པ་སྦྱར་ནའང་དོན་འདྲ་བ་དང་། བྱེད་པོ་དང་བྱས་པའི་དོན་ལ་གསུམ་པ་འཇུག་ཀྱང་། བྱཱས་སྱ་ཀྲྀ་ཏིཿ རྒྱས་པས་བྱས་པ། ནཱ་ག་རྫུན་སྱ་ཀྲྀ་ཏི། ཀླུ་སྒྲུབ་ཀྱིས་མཛད་པ་ཞེས་འབྲེལ་སྒྲ་སྦྱོར་ཏེ་གཞུང་དེ་བྱེད་པ་པོ་དེའི་ཡིན་པའི་ཕྱིར་རོ། །བྷ་ར་ཏ་ལ་ས་ཐོས་ཞེས་པ་ལ། བྷ་ར་ཏ་ཡིས་ཐོས་ཞེས་པ་དང་། ཕ་མ་དྲན་པ་ལ་ཕ་མ་ཡི་དྲན་ནོ་ཞེས་དང་པོའི་དོན་ལ་དྲུག་པ་སྦྱར་བ་འདི་ཡང་རྣམ་དབྱེ་དང་པོ་དང་འདྲ་བར་གོ་དགོས་ཏེ། དེ་དང་འབྲེལ་བ་ཙམ་ལས་གཞན་མེད་པར་གོ་དགོས་ཏེ་མདོ་རྣམས་སུའང་དེ་འདྲ་དུ་མ་ཡོད་དོ། །རྒྱུ་མཚན་གྱི་དོན་ལ་རྣམ་དབྱེ་གསུམ་པ་འཇུག་པ་ནི། བྱས་པས་མི་རྟག་གོ་ཞེས་སམ། བྱས་པ་ལས་མི་རྟག་གོ་ཞེས་པ་ལྟ་བུ་སྟེ་ཕྱིར་ཞེས་པའི་སྒྲ་མེད་ཀྱང་འདིས་གོ་ཆོད་དོ། །འཇིགས་པའི་ཡུལ་ལའང་སྟག་ལས་སྐྲག་གོ་ལྟ་བུ་སོགས་དང་། སློབ་མ་བུ་དང་འདྲ་


MR26_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པར་བུས་དང་འདྲ། འཁོར་བ་སྙིང་པོ་མེད་ལ། སྙིང་པོས་མེད། མིག་གིས་ཞར་བ། རྐང་པས་འཐིང་བ། ལུས་ཀྱིས་ལག་པ་བཞི་པ་ལྟ་བུ་སོགས་དང་པོའི་དོན་ལ་གསུམ་པ་ཐོབ་པ་ཡོད་པ་དང་། གང་གིས་སྐྱེ་དགུ་བསྐྱེད་པ་ལ། གང་ལས་ཞེས་ལྔ་པ་སྦྱར་བ་དང་། ཉེ་བསྒྱུར་ཨཱད྄་མཚམས་འཛིན་པའི་དོན་ཅན་དུ་གྱུར་པ། འདི་ཚུན་ཆད་དུ་ཞེས་པ་ལ། འདི་ཚུན་ཆད་ལས་ཞེས་དང་། བྱང་ཆུབ་བར་དུ་ཞེས་པ་ལ། བྱང་ཆུབ་བར་ལས་ཞེས་ལྔ་པ་སྦྱར་བ་དང་། ཁྲོ་བ་ལ། གྲོགས་ལས་འཁུ་བ། ཡོན་ཏན་ཅན་ལས་སྐྱོན་འདོགས་པ་ལྟ་བུ་གཉིས་པའི་དོན་ལ་ལྔ་པ་སྦྱར་བ་དང་། ཁང་བཟང་ལས་བལྟ། གདན་ལས་བལྟ་ཞེས། ཁང་བཟང་གི་སྟེང་ནས་བལྟ་བ་དང་། གདན་ལ་འདུག་བཞིན་ལྟ་བའི་དོན་དུ་ལྔ་པ་སྦྱར་བ་དང་། པགས་པ་ལ་གཟིག་གསོད། ལྟ་བུ་པགས་པའི་ཆེད་དུ་གསོད་པའི་བཞི་པ་ལ་བདུན་པ་སྦྱར་བ་དང་། ཡུལ་གྱི་དོན། རྟོག་གེ་ལ་སྤྱང་པོའམ་ཅི།ལྟ་བུ་བདུན་པ་སྦྱར་བ་དང་། ངག་མི་ཉན་པའམ་མ་གུས་པའི་དོན་ལ་དྲུག་པའམ་བདུན་པ་འཇུག་པ། མང་པོའི་ཅ་ཅོ་ཡི་རྐུན་མ་བྲོས། ཅ་ཅོ་ལ་རྐུན་མ་བྲོས། ཞེས་དང་། གསུམ་པའམ་ལྔ་པ་རྒྱུ་མཚན་གྱི་དོན་ལ་དེ་ལྟར་དྲུག་པ་བདུན་པ་དང་དྲུག་པ་འཇུག་པ་དང་། ཕ་མ་ངུ་བ་ལ་བུ་གཞན་དུ་སོང་ཞེས། ཕ་མ་ངུ་ཡང་མ་ཉན་པར་སོང་བ་ལྟ་བུར་སོགས་དམིགས་བསལ་གྱིས་འཇུག་པ་དུ་མ་ཡོད་ལ། གལ་ཏེ་དོན་དེ་ལ་རྣམ་གཉིས་གཉིས་ཐོབ་པ་ལྟ་བུ་ལ་ཕྱི་མ་བཙན་པར་བྱས་ནས་སྦྱར་བར་བཤད་དོ། །སྒྲ་ཡི་སྡེབ་སྦྱོར་གྱི་ཚུལ་ལུགས་གཞན་ཞིག་ལས་ནི་རྣམ་དབྱེ་རྣམས་ངེས་མེད་སྣ་ཚོགས་སུ་སྦྱར་བའང་ཡོད་དོ། །དེ་ཡང་དྲུག་སྒྲ་མ་གཏོགས་རྣམ་དབྱེ་གཞན་དྲུག་ལ་བྱེད་ཅན་དྲུག་ཅེས་བྱ་སྟེ། དེ་དག་སོ་སོ་ལ་བྱ་བྱེད་ལས་གསུམ་གྱི་རྣམ་བཞག་ཀྱང་སྦྱར་དུ་ཡོད་ལ། འབྲེལ་པ་སྟོན་པ་རྣམ་དབྱེ་དྲུག་པའི་སྒྲ་ནི་དངོས་པོ་དེ་གཉིས་འབྲེལ་བ་ཙམ་ལས་བྱེད་པོ་དང་ལས་


MR26_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱ་བའི་ཐ་སྙད་མེད་དོ། །མདོ་སྡེ་རྣམས་ལས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས་ཞེས་པ་ལྟ་བུ་ལ། རྒྱལ་བས་ཞེས་བྱེད་ཚིག་མ་སྦྱར་བ་ནི་བརྡ་སྤྲོད་པའི་ལུགས་ལས་རྒྱལ་པོ་སོགས་གཙོ་བོ་སོགས་ལ་བྱེད་ཚིག་དངོས་སུ་མི་སྦྱར་ཞིང་འཁོར་རྣམས་ལ་སྦྱར་བའི་སྲོལ་ཡོད་པ་ལྟར་མདོ་རྣམས་སུ་ཡང་སངས་རྒྱས་ལ་མ་སྦྱར། ཉན་ཐོས་སོགས་འཁོར་ལ་སྦྱར་བ་ཡོད་པས་སྔོན་གྱི་སྒྲ་བསྒྱུར་ཆེན་པོ་རྣམས་ཀྱིས་ཀྱང་དེ་ཡི་ཚུལ་དང་མཐུན་པར་བསྒྱུར་བ་ཡིན་ཞེས་བརྡ་སྤྲོད་སྨྲ་བའི་དབང་ཕྱུག་ཆེན་པོ་དག་གསུངས་སོ། །རྣམ་དབྱེ་དེ་དག་བསྡུས་ནས་སྒྲ་ཟོར་ཡང་བར་བྱས་པའི་ཚིག་སྡུད་ལ་རྣམ་གྲངས་དྲུག་ཡོད་པའི་དང་པོ་རྣམ་དབྱེ་རྣམས་བསྡུས་པ་ལ་དེའི་སྐྱེས་བུ་ཞེས་བྱ་སྟེ། ཏཏྤུ་རུ་ཥ་ཞེས་པའི་མིང་དེས་དེའི་དཔེར་བརྗོད་ཀྱང་མཚོན་པར་བྱས་པའོ། །འདི་ལ་རྣམ་དབྱེ་དང་པོ་ནས་བདུན་པའི་བར་བསྡུས་པས་བདུན་དང་ན་ཉ྄འི་བསྡུ་བ་དང་བརྒྱད་བཤད་དོ། །ནཉ྄། དགག་པའི་དོན་ཏེ་ཉ་ཕྱིས། འདིར། དེ་དང་མཚུངས་པ་དངོས་མེད་དང་། །དེ་ལས་གཞན་དང་དེ་ལས་ཆུང་། །མི་བསྔགས་པ་དང་འགལ་བ་སྟེ། །ན་ཉ྄འི་དོན་དྲུག་རབ་ཏུ་གྲགས། །ཞེས་པ་ལྟར། ཨ་བྲཱཧྨ་ཎ། བྲམ་ཟེ་འདྲ་ཞེས་ཏེ། བྲམ་ཟེ་དངོས་མིན་པའི་དོན་ནོ། །ཨ་ལུཀ྄ དངོས་མེད་དེ་འཇིག་པར་བྱ་རྒྱུའི་དངོས་པོ་མེད་པའི་དོན། ཨ་སཾ་ཡོ་གཱ་ཏ྄། ཡང་དག་པར་སྦྱོར་བ་ལས་གཞན་པའི་དོན་ཏོ། །ཨ་ལ་བ་ཎ། ཚ་ཉུང་བའི་དོན་ཏོ། །ཨ་པུཏྲ། བུ་མི་ལེགས་པའམ་བུ་མེད་ཅེས། ཨ་ཤུཀླ། དཀར་མེད་དེ་དཀར་པོ་དང་འགལ་བ་ནག་པོའི་དོན་ཏོ། །སྤྱིར་དགག་སྒྲ་འདི་དག་མིང་གང་ལ་སྦྱར་བ་དེ་དགག་པར་བྱེད་དོ། །ཡོད་པའི་དོན་ཅན་ལ་སྦྱར་ན་མེད་པ་དང་། ཡིན་པའི་དོན་ཅན་ལ་སྦྱར་ན་མ་ཡིན་པ་སོགས་གང་སྦྱར་བ་དེ་ལས་བཟློག་སྟེ་


MR26_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པར་བྱེད་དོ། །འོན་ཀྱང་སྨད་པ་ལ་དགག་སྒྲ་སྦྱར་བ་ནི་བུ་ངན་པ་མེད་པ་དང་འདྲ་བས་བུ་མེད་ཅེས་སྦྱར་བ་དང་། ཚ་མེད་དང་བྲམ་ཟེ་འདྲ། ཡང་དག་པར་སྦྱོར་བ་མེད་པ་ལྟ་བུའོ། །ནག་པོ་ལ་དཀར་མེད་སྦྱར་བ་ནི་དགག་པ་དངོས་ཡིན་ཡང་དགག་པ་ཙམ་མིན་པར་འགལ་ཟླ་སྒྲུབ་པའི་ཕྱིར་རྣམ་གྲངས་དྲུག་ཏུ་བཤད་དོ། །སྐབས་ཕལ་ཆེར་དུ་ན་ཉ྄འི་ན་ཕྱིས་ཏེ་ཨ་ཐུང་ཉིད་དགག་སྒྲར་བྱས་པ་མང་སྟེ། གོང་བསྟན་དེ་རྣམས་དང་། ཨ་སུ་ར། ལྷ་མིན། ལ་སོགས་པ་བཞིན་ནོ། །ལ་ལར་ན་མི་དབྱི་བར་དགག་སྒྲར་སྦྱར་བ་ནི། འདི་ལ་དབང་པོ་མེད་པའི་དོན་དུ། ན་ཁཿ སྟེ་སེན་མོ། ན་ཀུ་ལ། རིགས་མེད་དེ་སྲེ་མོང་། ནཀྵ་ཏྲཾ། འགྱུར་མེད་དེ་རྒྱུ་སྐར། ན་ཀྲ ཆུ་སྲིན་ཀུམྦྷི་རའི་མིང་སོགས་སོ། །ལ་ལར་ཨ་ན་གཉིས་ཀ་དགག་སྒྲར་བཞག་པ་ཡང་ཡོད་དོ། །ཁྱད་པར་ཅན་གྱི་བསྡུ་བ་ལ་ལས་འཛིན་ཞེས་བྱ་སྟེ། ཚིག་སྡུད་དེའི་དཔེ་ཡང་མིང་དེས་མཚོན་པའོ། །འདི་ལ། ཁྱད་པར་གྱི་ཚིག་སྔ་མ་ཅན། ཁྱད་པར་གྱི་ཚིག་ཕྱི་མ་ཅན། དཔེའི་ཚིག་སྔ་མ་ཅན། དཔེའི་ཚིག་ཕྱི་མ་ཅན། སྲིད་པའི་ཚིག་སྔ་མ་ཅན། ངེས་བཟུང་གི་ཚིག་སྔ་མ་ཅན། ཏེ་དབྱེ་བ་དྲུག་གོ། ཚིག་གཞན་དོན་ཅན་ནམ་འབྲུ་མང་པོའི་བསྡུ་བ་ལ། མིང་དེ་ཉིད་བསྡུ་བ་དེའི་དཔེར་ཡང་འགྱུར་རོ། །འདི་ལ་ཚིག་གཉིས་པ། ཚིག་མང་པོ། གྲངས་ཀྱི་ཚིག་ཕྱི་མ་ཅན། གཉིས་ཀ་གྲངས་ཀྱི་ཚིག་ཅན། ལྷན་ཅིག་གི་ཚིག་སྔ་མ་ཅན། ཕན་ཚུན་བྱེད་པའི་མཚན་ཉིད་དང་། ཕྱོགས་གཞན་འཛིན་པའི་མཚན་ཉིད་དེ་བདུན་ནོ། །གྲངས་སྔ་མ་ཅན་ནམ་དེའི་དཔེ་དང་མིང་གོ་འདུས་སུ་བྱས་པ་བ་གཉིས་པའི་བསྡུ་བ་ལ། གཅིག་དང་འདྲ་བའི་དངོས་པོ་དང་། དུ་མ་དང་འདྲ་བའི་དངོས་པོ་གཉིས་སོ། །གྲངས་མེད་པའམ་མི་ཟད་པའི་བསྡུ་བར་དབྱེ་བ་མེད་པས་གཅིག་ཁོ་ནའོ། །དང་གི་དོན་ཅན་གྱི་བསྡུ་བའམ་ཟླས་དབྱེའི་


MR26_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བལ། ཀུན་ནས་བཏུས་པ་དང་། ཞར་བྱུང་དང་། ཀུན་སྡུད་པ་དང་། ཅིག་ཤོས་དང་ཅིག་ཤོས་སྦྱོར་བ་ཞེས་པ་དང་། རྣམ་གྲངས་བཞིའོ། །ཟླས་དབྱེའི་མིང་། དནྡྭ། ནི་དང་དོན་གྱི་བསྡུ་བ་བྱས་པའི་གཟུགས་སོ། །དེ་ལྟར་བརྒྱད་དང་དྲུག་དང་བདུན་དང་གཉིས་དང་གཅིག་དང་བཞི་སྟེ་བསྡོམ་པས་ཚིག་སྡུད་ཀྱི་དབྱེ་བའམ་རྣམ་གྲངས་ཉི་ཤུ་རྩ་བརྒྱད་ཡོད་པའི་དཔེ་བརྗོད་མང་བས་འདིར་མ་བཀོད་དེ་ཙནྡྲཱ་པ་སོགས་ལས་རྟོགས་པར་བྱའོ། །ཚིག་སྡུད་རྣམས་མ་ནིང་གི་རྟགས་ལ་དམིགས་བསལ་ཡོད། ཚིག་སྡུད་ཀྱི་མཐར་འཇུག་པའི་རྐྱེན་དེ་ཡི་སྐྱེས་བུ་ལ་ཊཱ། ཟླས་དབྱེ་ལ་ཨ། འབྲུ་མང་པོ་ལ་ཌ། དེ་ཀུན་ལ་ཀ་སོགས་སོ་སོའི་རྐྱེན་འཇུག་པ་ཡོད་ཅིང་། སྤྱིར་སུཔ྄་བསྡུས་ཀྱང་རེ་ཟུང་མི་འཇིགས་པའི་དམིགས་བསལ་སོགས་ཡོད་དོ། །དེ་ཕན་གྱི་རྐྱེན་གྱིས་བསྒྲུབ་ཚུལ་ཙནྡྲཱ་པ་ཡི་སྐབས་གཉིས་པའི་རྐང་པ་བཞི་པ་ནས་སྐབས་བཞི་པའི་རྐང་པ་བཞི་པའི་བར་གྱི་ལེའུ་དགུས་རྒྱ་ཆེར་བཤད་པའི་རྐྱེན་གྱི་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་པ་ལྟར་ཡིན་ཡང་འདིར་དབྱངས་ཅན་སྒྲ་མདོ་ལས་གསུངས་པ་སོགས་མཚོན་ཙམ་བཤད་ན། དེ་ཕན་གྱི་རྐྱེན་རྣམས་མིང་གི་མཐར་སྦྱར་བ་ཡིན་ལ། བུ་རྒྱུད་ལ་ཨ་ཎའོ་ཞེས་པས། དཔེར་ན། གོ་ཏ་མ། བིཤྲ་བ་ཎ། ལ་ཨཎ྄་བྱིན། ཉྞི་ཏ྄་དང་པོའི་དབྱངས་ཀྱིས་འཕེལ་བའོ་ཞེས་པས་རྐྱེན་མཐར་ཎ་ཡོད་པས་མིང་གི་དང་པོའི་དབྱངས་འཕེལ། ཎ་དེའི་དོན་ཡིན་པས་ཕྱིས། ཨི་ཨའི་དབྱི། སི་བྱིན་པས། གཽ་ཏ་མཿགོ་ཏ་མའི་བུ་བུའམ་རྒྱུད་པ། བཻ་ཤྲ་བ་ཎཿ རྣམ་ཐོས་བུ་སྟེ་དྲང་སྲོང་རྣམ་པ་མང་པོ་ཐོས་པ་ཞེས་པའི་སྲས་ཡིན་པས་སོ། །རྀ་མཐར་ཨ་ཎ་བྱིན་ན་རྀ་ཨུར་འགྱུར་བ་སོགས་དེའི་རྣམ་གྲངས་ཡོད་ལ། བུ་རྒྱུད་ཀྱི་དོན་དུ་གརྒ་སོགས་ལ། ཎྱ་སོགས་འཇུག །དེ་བཞིན་རྐྱེན་གཞན་སོ་སོར་བྱིན་


MR26_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཀཽངྐུ་མཾ། གུར་གུམ་གྱིས་བཙོས་པ། བྱུང་བ་སོགས་ཀྱི་དོན་ལ་ཀ་དང་། ཨཱི་ན་སོགས་བྱིན་ཅིང་རྣམ་དབྱེ་སྦྱར་བས། ཀརྑཱ་ཊ་ཀཿ ཡུལ་ཀརྑཱ་ཊ་ར་སྐྱེས་པ། ཀརྨ་ཀཿ ཡུལ་ཀརྨ་ར་སྐྱེས་པ་སོགས་དང་། དེ་ལས་བྱུང་བའི་དོན་ལ་ཨི་ཡ་བྱིན་པས། ཤཱུ་ཏྲི་ཡཾ། དམངས་རིགས་ལས་བྱུང་བ། ཨིནྡྲི་ཡཾ། དབང་པོ་ལས་བྱུང་བ་སོགས་དང་། ཡུཥྨད྄་དང་། ཨཥྨད྄་དག་ལ་ཨཎ྄་བྱིན་པས། ཏཱ་བ་ཀ ཁྱེད་དག །མཱ་མ་ཀཾ། ངེད་དག ཅེས་སམ། ཡང་ན། ཡཽཥྨ་ཀཿ ཨཱསྨཱ་ཀཿ ཨཱིན་བྱིན་པས། ཏཱ་བ་ཀཱི་ནཿ ཁྱེད་དག མཱ་མ་ཀཱི་ནཿ ངེད་དག ཡང་ཨཱི་ན་བྱིན་པའི་སྒྲུབ་ཚུལ་གཅིག་ལ། ཡཽཥྨ་ཀཱི་ནཿ ཨཱསྨཱ་ཀཱི་ནཿ ཞེས་བྱ་སྟེ་འདི་དག་རྐྱེན་དབང་གི་མིང་གི་གཟུགས་འདི་ལྟར་བསྒྱུར་བ་དང་། དང་པོ་འཕེལ་བར་བྱས་པ་ལ། སི་ཨམ྄་དུ་བསྒྱུར་བ་བྱིན་པའམ་ས་ར་རྣམ་བཅད་བྱས་པའོ། །མཚུངས་པ་ལ་བཏ྄་བྱིན་པས་ཏ྄་ནར་བསྒྱུར་བས། ཙནྡྲ་བབྡུ་ཁ། སི་ཨམ་བསྒྱུར་དྲངས་པའོ། །ཟླ་བ་འདྲ་བའི་ཞལ། སྭཱ་མེ་རུ་བཏྐཱ་ཡཿ གསེར་རི་ལྟ་བུའི་སྐུ། གྷ་ཊ་བ་དུ་ད་ར། བུམ་པ་འདྲ་བའི་ལྟོ་བ་སོགས་སོ། །དངོས་པའི་དོན་ལ་ཏ་དང་། ཏྭ་དང་ཡ་ཎ྄་རྣམས་ཏེ། བྲཱཧྨ་ཎ་ལ་ཏ་བྱིན། ཏ་རྐྱེན་གྱི་མཐའ་རྟག་ཏུ་བུད་མེད་ཡིན་པས་ཨཱཔ྄་བྱིན། བྲཱཧྨ་ཎ་ཏཱ། བྲམ་ཟེ་ཉིད་དམ་བྲམ་ཟེའི་དངོས་པོ། ཛ་ན་ཏཱ། སྐྱེས་བུ་ཉིད། བྲཱཧྨ་ཎ་ཏྭ། སི་ཨམ྄་བྱས་པའོ། །དེ་བཞིན་སུམ་ནས་ལ་ཡ་ཎ྄་བྱིན། དང་པོ་འཕེལ། ཎ་ཕྱིས། སི་ཨ་མ་བྱིན་པས། སཽ་མ་ན་སྱ྄ཾ། ཡིད་བཟང་ཉིད།སཽ་བྷ་གྱཾ། སྐལ་བཟང་ཉིད་སོགས་སོ། །ལས་ལའང་ཡ་ཎ་འཇུག་སྟེ། བྲཱཧྨ་ཎྱཾ། བྲམ་ཟེའི་ལས། ར་ཛྱཾ། རྒྱལ་པོའི་ལས། ཀཱ་བྱ། སྙན་ངག་གི་ལས། འདི་ལ་འདི་ཡོད་དོ་ཞེས་ཡོད་པའི་དོན་ནམ་ལྡན་རྐྱེན་ལམ་ཏུ་འགྱུར་ཏེ། ཨུ་ནུམ་འཇུག་པའི་དོན་ཏེ་ཕྱིས། ནུམ་


MR26_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར། ཨུམ྄་ཕྱིས། གོ་མནྟ། སི་བྱིན་པས་སྔ་མ་རིང་བརྩེགས་མཐའ་དབྱི། གོ་མཱན྄། ཞེས་དང་། ཡང་ན་གོ་མཏ྄་ལ་ཨཱིཀ྄་སྟེར་ཀ་ཕྱིས་པས། གཽ་མ་ཏཱི། གླང་ལྡན། ཤྲཱི་མ་ཏཱི། དཔལ་ལྡན། ཨཱ་ཡུཥྨཱན྄། ཚེ་དང་ལྡན་པ་སོགས་སོ། །མ་ཏུའི་དོན་ལ་ལཙ྄་འཇུག་པ། བ་ཏུ་ལཿ རླུང་ཚུབ་ཅན་སོགས་དང་། ཎ་ཞུགས་པ་ལཀྵྨ་ཎ། འབྱོར་བ་ཅན་སོགས་དང་། ཨཱུ་ཥ་སོགས་ལ་ར་འཇུག་སྟེ། ཨུ་ཥ་རཿ ཚ་སྒོ་ཅན། ཁ་རཿ བོང་བུ་སྟེ་གང་གི་མགྲིན་པའི་བུ་ག་ཡངས་པ་ཅན་ནོ། །སྨད་པའི་དོན་ལའང་ར་འཇུག་པ་ཡོད་དོ། །ན་ག་ར། གྲོང་ཁྱེར་ཏེ། ནག་ཁང་བཟང་ལ་འཇུག་པས་དེ་ལྡན་ནོ། །ཡང་མ་འཇུག་པ། དྱུ་མ། མཁའ་ལྡན། དྲུ་མ། ཡལ་ག་ཅན་ཏེ་ཤིང་ངོ་། །ཀེ་ཤ་སོགས་ལ་བཞུགས་པ། ཀེ་ཤ་བ། སྒྲ་ཅན། མ་ཎི་བཿ ནོར་བུ་ཅན། པཱ་ཎི་བཿ ལག་ལྡན། དེ་བཞིན་ར་ཋ་ན་སོགས་མང་པོ་འཇུག ཧསྟ་དང་། དནྟ་ལ་རིགས་བརྗོད་པར་མ་ཏུའི་དོན་ལ་ཨི་ནི་སྦྱར་བས། ཧསྟཱི། ལག་ལྡན། དནྟཱི། སོ་ལྡན་ཏེ་དེ་དག་གླང་པོ་ཆེའི་མིང་ངོ་། ཧསྟ་བཱ་ན། དནྟ་བཱ་ན། ལག་ལྡན་དང་སོ་ལྡན་ཞེས་སུ་འགྱུར་ཀྱང་སྒྲ་དེ་དག་གླང་པོ་ལ་མི་འཇུག་གོ། ཏུནྜི་སོགས་ལ་བྷ་སྟེ། ཏུཎྚི་བྷ། ལྟེ་འབུར། ཀུམྦྷ། ཆུ་ལྡན་ནོ། །ལྡན་རྐྱེན་གཙོ་བོ་མ་ཏུས྄་ལ་གཞན་མང་པོ་ཡོད་དོ། །མ་ཏུའི་དོན་ལ་ཨ་དང་ཨི་ཀའང་འགྱུར་ཏེ། བཻ་ཛ་ཡནྟི། ལ་ཨ་བྱིན། ཨ་ཨིའི་མིང་མཐའི་ཨི་དབྱི་དྲངས། བཻ་ཛ་ཡནྟཿ དོ་ཤལ་ཅན། མཱ་ཡཱ་ལ་ཨི་ཀ་བྱིན། ཨཱ་ཕྱིས་དྲངས། མཱ་ཡི་ཀཿ སྒྱུ་མ་ཅན། མ་ཡིག་དང་ཨ་ཡིག་གི་མཐའ་ཅན་ནོ། །དེ་གཉིས་ཨུ་པ་དྷ་སྟེ་མཐའ་ལས་སྔ་མར་གྱུར་པ་ལ་བཏུ་དང་ཨིན྄་དག་རྐྱེན་དུ་འགྱུར་ཏེ། བྷ་ག་ལ་བཏུ། ནུ་མ་སྟེར་བ་སི་དང་བརྩེགས་པ་དག་དབྱི་བ་སོགས་ཀྱིས། བྷ་ག་ཝཱན྄། བཅོམ་ལྡན། དྷ་ན་ལ་ཨིན྄་


MR26_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དུ་བྱིན། སི་ཕྱིས། དྷ་ནཱི། ནོར་ཅན། དཎྜཱི། དབྱུག་པ་ཅན། ཀ་མཱི། འདོད་ཅན། ཤ་མཱི། ཞིབ་ཅན། ད་མཱི་འདུལ་བ་ཅན། སོགས་སོ། །ཀི་མ་ལ་བ་ཏུ་བྱིན་ཚེ་ཀི་མ྄་ཀི་རུ་བསྒྱུར། བ་ཡར་བསྒྱུར། ནུམ་སྦྱར་བ་སོགས་ཀྱིས། ཀི་ཡཱན྄། ཅི་ལྡན། ཨེ་ཏད྄་ལ་བ་ཏུ་སྦྱར་ཚེ། ཨེ་ཏཱ་བཱན྄། ནམ། ཨི་ཡཱན྄། འདི་ལྡན། ཡང་ཏུནྡ་སོགས་ལ་བ་ཏུའི་ཚབ་ཏུ་ཨི་ལ་སྦྱིན་ཏེ་སི་དང་བཅས་པར། ཏུནྡི་ལཿ ལྟེ་བ་ཡོད་པ། ཨུ་ད་རི་ལཿ ལྟོ་བ་ཅན། པིཙྪི་ལཿ ཕེ་ནི་ལཿ སྦུ་བ་ཅན། སོ་མཐོ་བ་ལ། དནྟ་ལ་ཨུ་ར་བྱིན་པས་ཨ་དབྱི་དྲངས། སི་བྱིན། དནྟུ་རཿ སོ་མཐོ་བ། ཤྲདྡྷ་སོགས་ལ་ལུ་སྟེ། ཤྲདྡྷཱ་ལུཿ དད་པ་ཅན། ནི་དྲཱ་ལུཿ གཉིད་ཅན། ཀྲྀ་པཱ་ལུཿ སྙིང་རྗེ་ཅན། ད་ཡཱ་ལུ། བརྩེ་བ་ཅན། གཞན་ཡང་ཨ་པ྄། མཱ་ཡཱ། མེ་དྷཱ། སྲཀ྄ རྣམས་ལ་བིན྄་བྱིན་པས། ཏེ་ཛས྄་ལ། ཏེ་ཛ་སྭཱི། གཟི་བརྗིད་ཅན། ཏ་པ་སྭཱི། དཀའ་ཐུབ་ཅན། མཱ་ཡཱ་བཱི། སྒྱུ་མ་ཅན། མེ་དྷཱ་བཱི། བློ་གྲོས་ཅན། ན་མ་སྭཱི། ཕྱག་བྱ་བ་ཅན་ནམ་འདུད་པ་ཅན། ཤི་ར་སྭཱི། གཙུག་ཕུད་ཅན། བ་ཙ་སྭཱི། སྨྲ་བ་ཅན། ར་ཛ་སྭཱི། རྡུལ་ཅན། ཙེ་ཏ་སྭཱི། སེམས་ཅན། སྲཀ྄་ལ་བིན་བྱིན། ཀ་གར་བསྒྱུར། སི་བྱིན་པས། སྲ་གྦཱིཿ ཕྲེང་བ་ཅན། དེ་བཞིན། མཱ་ལཱ་བཱི། ཕྲེང་བ་ཅན། ཞེས་སོ། །བཱ་ཙ་ལ་གྨི་ནི་བྱིན། གི་དང་ན་ཕྱིས། ཙ་ཀ་དང་སླར་གར་བསྒྱུར། སི་བྱིན། རིང་། བཱགྨཱི། སྨྲ་བརྗོད་ཅན་ཏེ་འདི་རྣམས་ལྡན་རྐྱེན་གྱི་བྱེ་བྲག་གོ། སྨད་པ་བརྗོད་པར་ཨཱ་ལ་དང་ཨཱ་ཊ་བྱིན། བཱ་ཙཱ་ལཿ ངག་ངན་པ། བཱ་ཙ་ཊཿ ངག་སྨད་པ། ཡ་ཤས་ལ་ཨཱ་ལ་བྱིན་པས། ཡ་ཤ་སྭ་ལ། གྲགས་པ་ངན་པ། མུ་ཁཱ་ལཿ དང་། མུ་ཁཱ་ཊཿ བཞིན་ངན། སོགས་སོ། །ཅུང་ཟད་མ་རྫོགས་པ་ལ། ཀལྤ། དང་། དེ་ཤྱ། དང་། དི་ཤཱི་ཡ་རྣམས་རྐྱེན་དུ་སྦྱར་བ། སརྦ་ཛྙ་ཀལྤཿ ཅུང་ཟད་མ་རྫོགས་པའི་ཐམས་


MR26_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པའམ་ཕལ་ཆེར་ཀུན་ཤེས། པ་ཊུ་ཀལྤཿ ཅུང་དམན་པའི་གྲུང་པོའམ་གསལ་བའམ་ཤས་ཆེར་གྲུང་པོའོ། །འདི་ལ་གྲུང་པོའི་རྟོགས་པ་ལྟ་བུར་གོ་བར་མི་བྱ་སྟེ་འདི་རྟོགས་པའི་མིང་གི་ཀལྤ་མིན་ཏེ་ཅུང་ཟད་དམན་པའི་རྐྱེན་ཡིན་པ་དེ་བཞིན་འོག་མར་འགྲེ། ཁ་ཅིག་གིས་གསལ་བའམ་གྲུང་པོ་ཙམ་ཟེར་ཀྱང་དེ་འདྲའི་ཙམ་སྒྲ་ནི་གྲུང་པོར་གཏོགས་པའམ་དེའི་གྲངས་སུ་ཚུད་ཙམ་ལས་གྲུང་པོའི་ཡོན་ཏན་ཆེར་མ་རྫོགས་པར་གོ་ལ་འདི་ནི་ཅུང་མ་རྫོགས་པའི་དམན་པའི་དོན་དུ་བཤད་པས་སོ། །པ་ཊ་དེ་ཤྱཿ འང་། པ་ཊུ་དེ་ཤཱི་ཡཿ གཉིས་ཀྱང་གོང་གི་ཀལྤ་སྦྱར་བ་དང་དོན་འདྲའོ། །ཀ་པི་དེ་ཤཱི་ཡཿ ཤས་ཆེར་སྙན་ངག་མཁན། པཱ་ཎི་པ་ལས་སུཔ྄་མཐའ་ཅན་གྱི་ཐོག་མར་བ་ཧུ་ཙ྄་སྦྱར་ཙ་ཨུཏྟའི་དོན་ཏེ་དབྱེ། བ་ཧུ་པ་ཊུཿ ཤས་ཆེར་ཕལ་ཆེར་གྲུང་བ། ཞེས་སོ། །སྔར་བྱུང་བ་ལ་ཙར་སོགས་འཇུག་སྟེ། སུ་ཀུ་མཱ་ར་ཙ་རཿ ཤིན་ཏུ་གཞོན་པར་གྱུར་པ་སོགས་སོ། །བསྔགས་པ་ལ་རྐྱེན་རཱུ་པ་བྱིན་པ། བཻ་ཡཱ་ཀ་ར་ཎ་རཱུ་བཿ ཆེས་བརྡ་སྤྲོད་པ། བྷ་བ་ན་རཱུ་པཿ ཆེས་བསྒོམ་པ། ཙཽ་ར་རཱུ་པཿ ཆེས་རྐུན་མའམ་རྐུན་ཆེན་པའམ་རྐུན་མ་མཆོག་གོ། སྨད་པ་ལ་པཱ་ཤ་སྦྱར་བ། བཻ་ཡཱ་ཀ་ར་ཎ་པཱ་ཤཿ བརྡ་སྤྲོད་ཞན་པའམ་བརྡ་སྤྲོད་ཤེས་ཁུལ་ཅན་ནམ་བརྡ་སྤྲོད་པའི་རྣམ་པ་ཙམ། ཀ་བི་པཱ་ཤཿ སྙན་ངག་པ་དམན་པའམ་སྙན་ངག་ཤེས་ཁུལ་ཅན། བྷ་བ་པཱ་ཤཿ སྒོམ་ཤེས་ཁུལ་ཅན་ནམ་སྒོམ་ལོ་ཟེར་བ་ལྟ་བུ། རཱ་ཛ་པཱ་ཤཿ རྒྱལ་པོ་ཡིན་ཁུལ་ཅན་ནམ་རྒྱལ་པོ་འདྲ་མོ། ཤཱུ་ར་པཱ་ཤཿ དཔའ་བོ་ཡིན་ཁུལ་ཅན་ནམ་དཔའ་མདོག་པ་སོགས་སོ། །སྔར་བྱུང་བ་ལ་ཙ་ར་ཊ྄་རྐྱེན་ཏེ་ཊ་རྗེས་འབྲེལ་ཡིན་པས་ཕྱིས། དྲྀཥྚ་ཙ་རཿ སྔར་མཐོང་བ། པཱུ་རྦ་ཙ་རཿ སྔར་བྱུང་བ་སོགས་སོ། །རྣམ་འགྱུར་གཙོ་བོ་སོགས་ཀྱི་དོན་ལ་མ་ཡཊ྄་རྐྱེན་དུ་བྱིན་ནས། ཊ་ཕྱིས། སི་བྱིན། ཚིག་


MR26_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཡཛྙ་བཞག་པ། ཨནྣ་མ་ཡོ་ཡཛྙ། ཟས་ཀྱི་རྣམ་འགྱུར་གྱི་མཆོད་སྦྱིན། དེ་བཞིན་མྲྀཏ྄་ལ་མ་ཡཊ྄། ཉ་མ་སོགས་ཀྱིས་ཏ་ན་ར་བསྒྱུར། སི། མབྡ་ཡོ། སའི་རྣམ་འགྱུར། སཏྲི་མ་ཡོ། བུད་མེད་ཀྱི་རྣམ་འགྱུར་རམ་གཙོ་བོ་སོགས་སོ། །སོགས་ཁོང་ནས་རང་བཞིན་ལ་ཡང་འཇུག་སྟེ། ཨ་མྲྀ་ཏ་མ་ཡོ། བདུད་རྩིའི་རང་བཞིན། དེ་ཀློག་པ་དང་དེ་རིག་པའི་དོན་ལ་ཨཎ྄་བྱིན་པ་དཔེར་ན། བྱཱ་ཀ་ར་ཎ། ལ་ཨཎ྄་བྱིན་ཚེ། ཎ྄་འགྲོ་བ་ཡིན་ཡང་མཚམས་སྦྱོར་བ་ལ་བྱུང་བའི་ཡ་དང་བདག་གི་དབྱངས་འཕེལ་བར་མི་འགྱུར་བས། འདིའི་བ་དང་ཡ་ཕྲལ་ཏེ། བ་གོང་དུ་བཞག ཡཱ་རྗེས་སུ་བཀོད། དེའི་བར་དུ་ཨིཊ྄་ཨཱ་ག་མ་བྱིན། ཊ་ཕྱིས་ཏེ་དྲངས་པས། བི་ཡཱ། ཉྞི་ཏ྄་འགྲོ་བས་འཕེལ། བཻ་ཡཱ་ཀ་ར་ཎཿ སི་བྱིན་པའོ། །བརྡ་སྤྲོད་རིག་པའམ་བརྡ་སྤྲོད་ཤེས་པ་ཞེས་སོ། །དེ་བཞིན། སུ་ཨ་ཤྭ། མཚམས་སྦྱོར་བའི། སྭ་ཤྭ་ལ་ཨཎ་བྱིན་ནས་སྔ་མ་ལྟར་ལ་ཨུཊ྄་བྱིན། དྲངས་རྣམ་བཅད་བྱིན་པས། སཽ་བ་ཤྭ་ཡཿ རྟ་མཆོག་ལེགས་པར་ཤེས། སྐྱེས་པའི་དོན་ལ་ཨི་ཏ་རྐྱེན་དུ་བྱིན་པས། ལཛྫི་ཏཿ ངོ་ཚ་སྐྱེས། ཏྲྀ་པི་ཏཿ ཚིམ་པ་སྐྱེས། ཀྵུ་དྷི་ཏཿ བཀྲེས་པ་སྐྱེས། ད་མི་ཏཿ དགའ་བ་སྐྱེས། གཉིས་དང་མང་པོ་ལས་ཕུལ་བྱུང་དང་། ཤིན་ཏུའི་དོན་ལ། ཏ་ར་དང་ཏམ་དང་། ཨཱི་ཡ་སུ་དང་། ཨིཥྛ་རྣམས་རྐྱེན་དུ་འགྱུར་ཏེ། ཀྲྀཥྞ་ཏ་རཿ ཤིན་ཏུ་ནག་པ། ཤུ་ཀླ་ཏ་མཿ ཤིན་ཏུ་དཀར་བ། པ་ཊུ་ལ་དེ་གཉིས་སྦྱར་བས། ཆེས་གྲུང་བའམ་སྒྲིན་པའམ་སྤྱང་བ། པ་ཙ་ཀ་ཏ་རཿ དང་། པ་ཙ་ཀ་ཏ་མ། ཚོས་པའམ་སྨིན་པའི་ཕུལ་བྱུང་། ཞེས་སོགས་སོ། །ལ་གྷུ་ལ་ཨི་ཡ་སུ་བྱིན། སུའི་ཨུ་ནུམ྄་དོན་ཏེ་ཕྱེས། ཨི་ཡ་སུ་དང་། ཨིཥྛ་དག་ཌྀ་ཏ྄་དུ་བརྗོད་པས་ཊི་སྟེ་སྔོན་མའི་དབྱངས་དབྱི་བ་སོགས་ཀྱི་བྱ་བ་སྦྱར་བས། ལ་གྷཱི་ཡཱན྄།


MR26_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཡང་བ། པཱ་པཱི་ཡཱ་ན྄། ཆེས་སྡིག་པ། པ་ཊཱི་ཡཱ་ན྄། ཆེས་གྲུང་པོ། མོ་རྟགས་ཀྱི་ཚེ་ནུམ་མེད་པར་ཨཱིཔྲ་སྦྱར་བས། ལ་གྷཱི་ཡ་སཱི། ཆེས་ཡང་བ་མོ། པ་པཱི་ཡ་སཱི། ཆེས་སྡིག་པ་མོ། ཨིཥྛ་སྦྱར་ན། ལ་གྷིཥྛཿ ཆེས་ཡང་བ། པ་པིཥྛཿ ཆེས་སྡིག་པ་སོགས་སོ། །འདིར་གུ་རུ་སོགས་ལ་གར་སོགས་སུ་བསྒྱུར། ཊི་མི་དབྱི་བས། ག་རཱ་ཡཱ་ན། ག་རིཥྛཿ ཤིན་ཏུ་ལྕི་བ། སོགས་རྐྱེན་དེ་གཉིས་པྲི་ཡ་དང་། སྠུ། སོགས་ལ་འཕྲད་ཚེ་རྣམ་འགྱུར་མི་འདྲ་བ་གཞན་ཡོད་དོ། །ཚད་ཀྱི་དོན་ལ་དགྷྣ་དང་མ་ཏྲ་དང་དྭ་ཡ་ས་རྣམས་རྐྱེན་དུ་འགྱུར་ཏེ། སིའི་ཨམ་བྱིན་པས། ཛཱ་ནུ་དགྷྣི་ཛ་ལཾ། ཆུ་པུས་མོ་ནུབ་ཙམ། པུ་རུ་ཥ་མ་ཏྲཾ་བྲྀཀྵ། སྐྱེས་བུ་དང་མཉམ་པའི་ཤིང་། ཤི་རོ་ད་ཡ་སཾ་དཎྚ། མགོ་བོའི་ཚད་མཉམ་དབྱུག་པ། ཀི་མ་ལ་ཌ་ཏ་ར་དང་། ཌ་ཏ་མ་སྦྱར་ན། ཊ་འགྲོ་བས་ཊི་ཕྱིས། ཀ་ཏ་ར། སུ་ཞིག །ཀ་ཏ་མ། སུ་ཞིག་སྟེ་འདི་གཉིས་སམ་མང་པོ་ལས་གཅིག་དགར་བའི་དོན་དུ་བཤད་དེ། ཀ་ཏ་རོ་བྷ་བ་ཏོཿ ཀ་ཎཿ ཁྱེད་དག་ལས་ཀ་ཎ་སུ་ཞིག ཀ་ཏ་མོ་བྷ་བ་ཏཾ་ཏཱནྟྲི་ཀཿ ཁྱོད་རྣམས་ལས་སྔགས་མཁན་སུ་ཡིན་ལྟ་བུ་ཞེས་བཤད། བགྲང་བྱའི་ཁྱད་པར་ལ་ཏཱི་ཡཿ སོགས་རྐྱེན་སོ་སོ་འཇུག་སྟེ། གཉིས་དང་གསུམ་ལ། དྭི་ཏཱི་ཡཿ གཉིས་པ། ཏྲྀ་ཏཱི་ཡཿ གསུམ་པ་སྟེ་ཨི་རི་བྱས་པའོ། །དེ་དག་བུད་མེད་ལ་འཇུག་ན་ཨཔ྄་སྦྱར་བས། དྭི་ཏཱི་ཡཱ། གཉིས་མ་སོགས་སོ། །བཞི་དྲུག་ལ་ཐ་སྟེ། ཥཥྛཿ ཙ་དུརྠ། ཞེས་དྲུག་པ་བཞི་པ་ཞེས་ཐམས་ཅད་དུ་དེ་བཞིན་ནོ། །ལྔ་བདུན་བརྒྱད་དགུ་བཅུ་ལམ་སྟེ། མིང་མཐའི་ན་ཕྱིས་མ་སྦྱར་བས། པཉྩ་མཿ སོགས་སོ། །བཅུ་གཅིག་ལ་སོགས་པའི་དོན་ལ་ཊ་སྟེ་ཊ་འགྲོ་བས་ཊི་དབྱི་དྲངས། ཨེ་ཀ་ད་ཤཿ བཅུ་གཅིག་པ་སོགས་བཅུ་དགུའི་བར་དུ་འདྲའོ། །ཉི་ཤུ་སོགས་ལ་ཡང་ན་ཌ་ཏི་དང་ཏ་མཊ྄་འོ། ཌ་ཕྱེས། ཊི་དབྱི། བིཾ་ཤ་ཏིཿ ཉི་ཤུ་ཐམ་


MR26_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡང་ན་དེ་ལ་ཏ་མ་སྦྱར་བས། བིཾ་ཤ་ཏི་ཏ་མཿ ཉི་ཤུ་ཁོ་ནའམ་ཐམ་པ། ཡང་ན་ཌ་བྱིན། ཊི་དབྱི། བིཾ་ཤཿ སུམ་ཅུའང་ཉི་ཤུ་བཞིན་ཏེ། བརྒྱ་སྟོང་སོགས་ལ་རྟག་ཏུ་ཏ་མའོ། །ཤ་ཏ་ཏ་མཿ བརྒྱ་ཐམ་པ་སོགས། གྲངས་ཀྱི་རྣམ་པ་ལ་དྷཱ་སྟེ། དྭི་དྷཱ། གཉིས་ཀྱི་རྣམ་པ། ཏྲི་དྷཱ། གསུམ་གྱི་རྣམ་པ། ཙ་ཏུཪྡྷཱ། བཞི་ཡི་རྣམ་པ་སོགས་སོ། །བྱ་བའི་ལས་ཡང་བསྐྱར་ལ། ཀྲྀ་ཏས྄། པཉྩ་ཀྲྀ་ཏྭཿ ལན་ལྔ་རྣམས། ཥཏྐྲྀ་ཏྭཿ ལན་དྲུག་སོགས། དེ་བཞིན་གཞན་ཡང་། དྭི་དང་ཏྲི་ལ་སུ་བྱིན་ཨུ་ཕྱིས་སར་རྣམ་བཅད་ཨུཀྟ་དང་སྦྱར་བས། དྭི་རུཀྟཾ། ལན་གཉིས་བརྗོད། ཏྲི་རུཀྟཾ། ལན་གསུམ་བརྗོད། དྭིཿབ་ཐི་ཏཾ། ལན་གཉིས་ཀློག ཏྲིཀྤ་ཐི་ཏཾ། ལན་གསུམ་ཀློག ལན་མང་པོ་ཞེས་པར་བ་ཧུ་ལ་ཤས྄་བྱིན་པས། བ་ཧུ་ཤཿ རང་བཞིན་གྱི་དོན་ལམ་ཡ་ཊ྄་རྐྱེན་ཏེ་ཊ་ཕྱིས་མ་ནིང་ལྟར་བསྒྲུབ་པས། ཨནྣ་མ་ཡཾ། ཟན་གྱི་རང་བཞིན་སོགས་སོ། །རྐྱེན་ཐ་བྱིན་པས། ཀ་ཏི་ཐཿ དང་། ཀ་ཏི་པ་ཡ་ཐཿ ཇི་ཙམ་བྱུང་། དེ་ཕན་གྱི་རྐྱེན་ཀ་ཊ་ཙ྄་བྱིན་ཙ་དབྱི་བ། ཨུཏྐ་ཊ། གཙིགས་པ། སཾ་ཀ་ཊ། ཁང་པ་སོགས་དོག་པོ། པྲ་ཀ་ཊ། གསལ་བའམ་རབ་གསལ། ནི་ཀ་ཊ། ཉེ་བ་སོགས། བི་ཀ་ཊ། མཛེས་པ་རྒྱ་ཆེ་འཇིགས་རུང་རྣམས་ལ་འཇུག ཨ་བ་ཀུ་ཊཱ་ར། དང་། ཨ་བ་ཀ་ཊ། དམའ་བའམ་དམན་པའོ། །གཞན་ཡང་རྐྱེན་གྱི་དབང་གིས་ཀ་བདག་སྒྲའི་དོན་དུ་སོང་བ། ས་དྷ་ཀཿ སྒྲུབ་པ་པོ། ཏཱ་ར་ཀཿ སྒྲོལ་བ་སོགས་དང་། བཻ་བྷཱ་ཥི་ཀཿ བྱེ་རུ་སྨྲ་བ། སཽ་ཏྲཱནྟི་ཀཿ མདོ་སྡེ་པ། མཱ་དྷྱཱ་མི་ཀཿ དབུ་མ་པ་ལ་སོགས་པ་བཞིན་ནོ། །ཌཱ་དྲ་ཉ྄་སྦྱིན་པའི་བྱིངས་ལ་ཌ་རྐྱེན་བྱིན་པས། ད་ཞེས་པ་དང་སྦྱར་ན། གོ་དཿ བ་ལང་སྦྱིན། དྷ་ན་དཿ ནོར་སྦྱིན། བ་ར་དཿ མཆོག་སྦྱིན་ཏེ་ད་ཡིག་སྦྱིན་པའི་དོན་དུ་སོང་བ་དང་། དེ་བཞིན། དྭི་པཿ གཉིས་འཐུང་། པཱ་ད་པཿ རྐང་འཐུང་ལ་སོགས་


MR26_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ན་ག་དང་། ཨ་ག འགྲོ་མེད། སརྦ་གཿ ཀུན་འགྲོ། ལ་སོགས་པ་འདི་འདྲའི་རིགས་ཅན་གྱི་སྒྲ་དུ་མ་ཡོད་པ་ཤེས་པར་བྱའོ། །སྨད་པའི་སྒྲ་ཀུ་འདི་ཀཱ་ར་བསྒྱུར་བ་དམན་པའམ་ཆུང་བའི་དོན་ཏེ། ཀཱ་པུ་རུ་ཥཿ སྐྱེས་བུ་ཆུང་ངུ་སོགས་དང་། ལྷན་ཅིག་པའི་སྒྲས་ཧ་སར་བསྒྱུར་བ་དཔེར་ན། ས་ཧ་པུ་ཏྲ་དང་། ས་པུ་ཏྲ། བུ་དང་བཅས་པ་ཞེས་སོགས་བསྒྱུར་བའི་རྣམ་འགྱུར་སྣ་ཚོགས་ཡོད་པ་དེ་དག་ལ་སྤྱིར་སུཔ྄་འཇུག་ཀྱང་རྣམ་དབྱེའི་དོན་རྐྱེན་དེ་དག་གིས་གྲུབ་པ་ལ་དེའི་སུཔ྄་འཇིག་པ་སོགས་གཞུང་བཞིན་ཤེས་པར་བྱའོ། །དེར་མ་ཟད་ཚིག་ཕྲད་ཀྱིས་བསྒྲུབ་པ། ཡི་གེ་བསྒྱུར་བའི་བྱེ་བྲག་པྲྀ་ཥོ་ད་ར་ལ་སོགས་པ་རྣམས་སོ་ཞེས་གྲགས་པ་དེ་དག་གི་སྡེ་ཚན་ནི། པྲྀ་ཥ་དུ་ད་ར་མ་སྱ། འདིའི་ལྟོ་བ་བཀྲ་པ་ཞེས་པ་བསྡུས། ཚིག་ཕྲད་ལས་པྲྀ་ཥད྄་ཀྱི་ཏ་ཕྱིས། ཨུ་ད་ར་དང་མཚམས་སྦྱར། རྣམ་དབྱེ་དང་པོ་བྱིན་པས། པྲྀ་ཥོ་ད་རཾ། ལྟོ་བ་བཀྲ་བ། པྲི་ཥཏ྄་ཀྱི་སྒྲ་འདི་རི་དྭགས་ཀྱི་བྱེ་བྲག་ཐིག་ལེ་བཀྲ་བ་ལའང་འཇུག །པྲྀ་ཥ་དུ་དྭཱ་ན་མ་སྱ། འདིའི་བཞོན་པ་རི་དྭགས་ཁྲ་བོ་ཞེས་པ་བསྡུས་པས། པྲྀ་ཥོ་དྭཱ་ནཾ། རི་དྭགས་བཞོན་པ། བཱ་རི་བཱ་ཧ་ཀཿ ཆུའི་བཞོན་པ་སྟེ་སྤྲིན། འདིའི་བཱ་རིའི་རི་ལ་རུ་བསྒྱུར། བཱ་ཧ་ཀའི་བ་ཕྱིས་ནས་མཚམས་སྦྱར་བས། བ་ལཱ་ཧ་ཀཿ ཞེས་རྟའི་མིང་ལ་འཇུག་སྟེ་སྤྲིན་དང་འདྲ་བའི་དོན་ཡིན་ལ་སྤྲིན་ཤུགས་ཅན་དུའང་བསྒྱུར། ཛཱི་བ་ན་སྱ་མཱུ་ཏོ་྅་ནེ་ན། འདི་ས་ཆུ་བཅིངས་པ་ཞེས་པའི་སྒྲ་གཞན་བསྡུས་ནས་ཛཱི་བ་ནའི་ན་ཕྱིས། ཛཱི་མཱུ་ཏཿ ཞེས་གྲུབ་པ་སྤྲིན་གྱི་མིང་ངོ་། །ཤ་བཱ་ནཾ་ཤ་ཡ་ན། རོ་རྣམས་ཀྱི་གནས་ཞེས་པ་བསྡུས། ཤཱ་བ་ནཾ་ཤྨ་རུ་བསྒྱུར། ཤ་ཡ་ན་ནཱ་ན་རུ་བསྒྱུར་བས། ཤྨ་ཤཱ་ནཾ། དུར་ཁྲོད་དོ། །བི་ཤི་ཏ་མཱ་ཤཿ ཞེས་པའི་བི་ཤི་ཏ་པི་རུ་བསྒྱུར། ཨ་ཤ་ཤ་ཙ་རུ་བསྒྱུར་བས། པི་ཤཱ་ཙཿ ཤ་ཟའོ། །ཨུརྡྡཾ་ཁ་སྱ། འདིའི་བུ་ག་སྟེང་


MR26_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞེས་པའི་སྒྲ་བསྡུས། ཨུརྡྡ་ཨུ་དཱུའམ། ཨུ་ལཱུ་ཞེས་སུ་བསྒྱུར། ཁ་ཁ་ལ་རུ་བསྒྱུར་བས། ཨུ་དཱུ་ཁ་ལཾ། དང་། ཨུ་ལཱུ་ཁ་ལཾ། གཏུན་ནོ། །བྲུ་བནྟོ་྅་སྱཱཾ་སཱི་དནྟི། སྙན་པར་སྨྲ་བ་རྣམས་འདི་ལ་གནས་པར་བྱེད་དོ། །ཞེས་པ་བསྡུས། བྲུ་བ་ཏ་བྲྀ་རུ་བསྒྱུར། སི། དནྟི་དབྱངས་རྐྱེན་ལས་ས་རུ་བསྒྱུར། གཽ་ར་སོགས་ལས་དཱིཥ྄་སྦྱར་ཏེ་བསྒྲུབ་པས། བྲྀ་སཱི། གདན་ཏེ་གྲུབ་དང་བྲམ་ཟེ་བརྟུལ་ཞུགས་ཅན་གྱི་གདན་གྱི་མིང་ངོ་། །མ་ཧྱཱཾ་ཨ་ཏི་ཤ་ཡེ་ན་རཽ་ཏི། ས་ལ་ཕུལ་དུ་བྱུང་བ་སྒྲོགས་པར་བྱེད་དོ། །ཞེས་པ་བསྡུས། མ་ཧི་མ་ཡཱུ་རུ་བསྒྱུར། ར་བར་ར་རུ་བསྒྱུར་བས། མ་ཡཱུ་རཿ སར་སྒྲོགས་ཏེ་རྨ་བྱའོ། །མ་ཧྱཱཾ་ཤེ་ཏེ། ས་ལ་ཉལ་བར་བྱེད་དོ་ཞེས་པའི་མ་ཧཱི་མ་ཧི་དང་། ཤ་ཡ་ན་ཥ་རུ་བསྒྱུར་བས། མ་ཧི་ཥཿ སར་ཉལ་ཏེ་མ་ཧེའི་མིང་ངོ་། །ཨ་མྶུ་ལུ་ལ་ཏི། ཆུ་འགྲེ་བར་བྱེད་དོ་ཞེས་པའི་ལུ་ལ་དང་ཨ་པ྄་ཏུ་བསྡུས། ལའི་སྲོག་གི་ཨ་པ྄་ལ་བཅུག་ཅིང་། ལ་སྲོག་མེད་ཨཔ྄་ཀྱི་ཨ་ལ་དྲངས་པའི་ཚུལ་གྱིས་ཡི་གེ་གོ་བཟློག །གཞན་རྣམས་ཀྱིའང་ངོས་རིང་པོ་བྱས་པས། ལུ་ལཱ་པཿ ཆུར་འགྲེ་སྟེ་མ་ཧེའི་མིང་ངོ་། །ཥཊྩད་ཤ་ཙ། དྲུག་རྣམས་དང་བཅུ་རྣམས་དང་ཞེས་པ་བསྡུས། ཥཥ་གི་ཥ་ཨུ་མཚམས་སྦྱར།ད་ཌ་ཛས་འཇིག་སུ་པ྄འི་རང་བཞིན་གྱིས་ཕྱིས། ཥོད་ཤཿ བཅུ་དྲུག །ཀྲྀཙྪེ་ཎ་དཱ་སྱ་ཏེ། ཚེགས་ཀྱིས་སྦྱིན་པར་བྱེད་དོ་ཞེས་པའི་དོན་ལ། དུར྄་དང་དཱ་ས་ཞེས་པར་བསྡུས། དུར་དཱུ་ཞེས་པར་བསྒྱུར་བས། དཱུ་དཱ་སཿ དཀའ་སྦྱིན་ནོ། །ཀྲྀཙྪེ་ན་ནཱ་ཤྱ་ཏེ། ཚེགས་ཀྱིས་ཉམས་པར་བྱེད་དོ། །ཞེས་པ་དུར་དང་ནཱ་ཤར་བསྡུས་པས། དཱུ་ནཱ་ཤཿ ཉམས་དཀའོ། །ཀྲྀཙྪེ་ཎ་ད་བྷྱ་ཏེ། ཚེགས་ཀྱིས་ཚུལ་འཆོས་པར་བྱེད་དོ། །ཞེས་པ་དུར་དང་ད་བྷ་རུ་བསྡུས་པས། དཱུ་ད་བྷཿ དཀའ་བའི་ཚུལ་འཆོས་སམ་ཚུལ་འཆོས་དཀའ་བའོ། །བཱ་ཀྭ་ད་སྱ་པ་


MR26_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཏྱཾ། ངག་སྨྲའི་བུ་རྒྱུད་ཅེས་པ། བངྒུ་ལིཿ ཞེས་པར་བསྡུས། དེ་བཞིན་འདི་རྣམས་ཀྱི་གནས་མཐོ་རིས་ཡིན་པ་ཞེས་པའི་སྒྲ། དིཔ྄་དང་ཨཽ་ཀས་སུ་བསྡུས། ཚིག་སྔ་མའི་མཐར་ཨཀ྄་ཨཱ་ག་མ་སྦྱར། ཛས྄་བྱིན་པས། དི་བཽ་ཀ་སཿ ལྷའི་མིང་གི་རྣམ་གྲངས་སོ། །འདིར་དི་པ་ཨ་ཏ་མཐའ་ཅན་དང་ཨཽ་ཀས་མཚམས་སྦྱོར་བར་འདོད་པའང་ཡོད་དོ། །དེ་བཞིན་ཀ་པི་དང་། ད་དྷི་དང་། ཨ་ཤྭ་རྣམས་སྔོན་མའི སྠཱ་ལས་ཀ་རྐྱེན་དང་། ས་ཏ་རུ་བསྒྱུར་བས། ཀ་པིཏྠཿ ད་དྷིཏྠཿ ཞེས་པ་སྤྲེའུ་གནས་དང་ཞོ་གནས་ཞེས་ཤིང་དེ་ལ་དེ་གནས་པའི་དོན་ཏོ། །ཨ་ཤྭཏྠཿ བྱང་ཆུབ་ཤིང་གི་མིང་སྟེ་རྟ་གནས་སམ། ཁྱད་པར་གནས་ཟེར་ཏེ་སངས་རྒྱས་ཉིད་དེའི་དྲུང་དུ་གནས་བཅས་ཏེ་སངས་རྒྱས་པས་སོ། །དེ་ལྟ་བུའི་སྡེ་ཚན་དུ་བགྲང་བར་བྱ་བ་དུ་མ་ཡོད་པ་མཆོག་རྣམས་ཀྱི་རྗེས་སུ་འབྲངས་ནས་རྒྱ་ཆེར་ཤེས་པར་བྱའོ་ཞེས་གསུངས་སོ། །གཞན་ཡང་། ཧི་སི། འཚེ་བའི་བྱིངས་དབྱངས་དང་ཡི་གེ་གོ་བཟློག་པས། སིཾ་ཧ། སེང་གེ་དང་། ཧ་ན། འཚེ་བ་ལས་དབྱངས་རྐྱེན་དང་བྱིངས་རྐྱེན་བར་དུ་སཀ྄་བྱིན་པས། ཧཾ་ས། ངང་བ་དང་། མིང་ཐོག་དབྱངས་ཡིག་ཡོད་པ་ཨཤྭ་ལ་དགག་པའི་ནཉ྄་སྦྱར་ཚེ་གོང་འོག་བརྗེས་པ།ཨན་ཤྭོ། རྟ་མིན་ཞེས་དང་། གོང་མའི་སྐད་དོད་ཨུཏྟ་རའི་སྔོན་དུ་དགག་སྒྲ་སྦྱར་ཚེ་གོང་འོག་བརྗེས་པ། ཨ་ནུཏྟ་ར། གོང་ན་མེད་པའམ་བླ་ན་མེད་པ་ཞེས་པ་ལྟ་བུ་སོགས། སྒྲ་གཟུགས་རྣམ་པ་གཞན་དུ་ཆེས་མི་འདྲ་བར་བསྒྱུར་བ་དང་། གོང་འོག་བརྗེ་བ། ཡི་གེ་དབྱེ་བ་དང་། བསྣན་པ་སོགས་ཀྱིས་རྣམ་འགྱུར་དུ་མ་འོང་བ་རྣམས་འདི་ལས་མཚོན་ཏེ་སྒྲ་གཞུང་རྣམས་སུ་ཤེས་པར་བྱའོ། །དེ་ལྟར་འཕྲོས་དོན་ཅུང་ཟད་བཤད་པ་འདི་བརྡ་སྤྲོད་ཀྱི་གཞུང་ལུགས་རྒྱ་ཆེན་པོ་ལ་སྦྱངས་གོམས་མཐར་ཕྱིན་པ་རྣམས་ལ་ཆེད་དུ་བརྗོད་མི་དགོས་


MR26_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། སྐད་དོད་ཀྱི་དཔེ་ཆ་ཙམ་ལས་བཏུས་ཏེ་སྡེབ་སྦྱོར་དང་སུམ་འབིད་རྡོ་ཆག་ལྷུ་བསྒྲིག་ལྟ་བུ་བྱེད་པ་དེང་སང་མང་བས་དེ་དག་རྣམས་ལ་རིག་པའི་སྒོ་འབྱེད་ཀྱི་ས་བོན་ཉིད་དུ་སྒྲའི་འཇུག་པ་མཚོན་བྱེད་ཙམ་དུ་བཤད་པ་ཡིན་ལ། སྒྲ་རིག་པའི་གཞུང་རྒྱ་མཚོ་ཆེན་པོའི་མཛིངས་སུ་ཞུགས་པས་ཕྱོགས་བསླད་དེ་མགོ་རྨོངས་ཤིང་སེམས་བླང་བློང་པོར་གྱུར་པ་རྣམས་ལའང་ཚིག་ཉུང་ངུ་འདི་ཙམ་གྱིས་སྒྲའི་འཇུག་ཡུལ་གྱི་ལམ་བསྟན་པ་ལྟར་འགྱུར་བས་ན་དེ་ལྟར་མདོར་བསྡུས་སུ་བརྗོད་པའོ། །ད་ནི་སྒྲ་གཅིག་དོན་དུ་མ་ལ་འཇུག་ཚུལ་ནི། ཇི་སྐད་དུ། ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་ཟུངས། །ཞེས་པ་ལྟར། མཐོ་རིས་དང་། ཕྱུགས་དང་། གླང་དང་། རྡོ་རྗེ་དང་། འོད་དང་། ཟླ་བ་རྣམས་ལ། གོ དང་། གཽཿ སྟེ་སྐྱེས་རྟགས། ཆུ་དང་། མདའ་དང་། ངག་དང་། བློ་གྲོས་དང་། ས་གཞི་དང་། མིག་དང་། བ་མོ། གཽཿ སྟེ་མོ་རྟགས། རླུང་དང་། ཚངས་པ་དང་། ཉི་མ་དང་། བ་གམ། སྐྱེས་བུ་དང་། གཤིན་རྗེ་དང་། གྲུང་པོ་དང་། རྨ་བྱ་དང་། མེ་རྣམས་ལ། ཀཿ སྤྱི་བོ་ཆུ་དང་བདེ་བ་རྣམས་ལ། ཀཾ སངས་རྒྱས་དང་། ལོག་འདྲེན་ཚོགས་བདག དང་། མཁའ་ལྡིང་སྟེ་ཁྱུང་དང་། བླ་མ་རྣམས་ལ། བི་ནཱ་ཡ་ཀཿ འཇུག་སྟེ། རྣམ་འདྲེན་ནམ། ལོག་འདྲེན་ནམ། འདུལ་བྱེད་སྐྱེས་སོགས་སྐབས་དང་སྦྱར། ཟླ་བ་དང་། ཚེ་རིང་པོ་དང་། རྩ་ཀུ་ཤ་རྣམས་ལ། ཛཻ་བཱ་ཏྲྀ་ཀཿ སྟེ་འཚོ་བྱེད་ཅེས་དང་། ཚིགས་བཅད་དང་། གར་མཁན་གྱི་བུད་མེད་དང་། འབྲེག་མཁན་སོགས་བཟོ་བོ་དང་། བྱེད་པ་རྣམས་ལ། ཀཱ་རི་ཀཱ གླང་པོ་དང་། གདོལ་པ་ལ། མཱ་ཏངྒཿ བདེ་བ་དང་། བུད་མེད་དང་། རྟ་གླང་སོགས་ཀྱི་གླ་བརྔན་དང་། སྦྲུལ་གྱི་གདེངས་ཀ་དང་།


MR26_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་ལུས་དང་། སྐྱོང་བར་བྱེད་པ་དང་། ནོར་དང་། ཐ་སྙད་དང་། ལོངས་སྤྱོད་རྣམས་ལ། བྷོགཿ རྟགས་སམ་མཚན་མ་དང་། ཕོ་མཚན་དང་། རྗེས་སུ་དཔག་པ་དང་། གྲངས་བརྗོད་པའི་རང་བཞིན་ཏེ་སྐྱེས་པ་སོགས་ཀྱི་རྟགས་དང་། དབང་ཕྱུག་གི་སྐུ་རྟེན་གྱི་བྱེ་བྲག་རྣམས་ལ། ལིངྒཾ། ཤིན་ཏུ་ཞེན་ཅིང་ཆགས་པ་དང་། འདོད་པ་དང་། འོད་ཟེར་དང་། མཛེས་པ་རྣམས་ལ། རུ་ཙིཿ སོ་དང་། བྲམ་ཟེ་དང་། འདབ་ཆགས་དང་། རྒྱལ་རིགས་དང་། རྗེའུ་རིགས་རྣམས་ལ། དྭི་ཛཿ གཉིས་སྐྱེས། གཤིན་རྗེའི་རྒྱལ་པོ་དང་། རྒྱལ་བ་སངས་རྒྱས་དང་། གཡུལ་ངོར་བརྟག་པ་རྣམས་ལ། དྷརྨ་རཱ་ཛཿ ཆོས་ཀྱི་རྒྱལ་པོ། རོ་ཚ་བ་ལ། ཀ་ཊུཿ ཕོ། བྱ་བར་མ་འོས་པ་ལ། ཀ་ཊུ། མ་ནིང་། སྨན་ཚ་སྤོར་ལ། ཀ་ཊུཿ མོ་རོ་ཚ་བ་ཅན་དང་། དྲི་བཟང་དང་རྣོ་བའམ་རྩུབ་པ་དང་། གཞན་གྱི་དཔལ་ལ་སྡང་བའམ་སེར་སྣ་བྱེད་པ་རྣམས་ལ། ཀ་ཊུ། རྟགས་གསུམ་ཀ་འཇུག་གོ། དགེ་ལེགས་དང་མི་དགེ་བ་དང་། སྡིག་པ་དང་། དངོས་མེད་རྣམས་ལ། རིཥྚཾ། རལ་གྲི་དང་ལྦུ་བ་དག་ལ། རྀཥྚཿ དགེ་བ་དང་། མི་དགེ་བ་དང་། བུ་བཙས་པའི་ཁྱིམ་དང་། འཆི་ལྟས་དང་། དར་བའི་བྱེ་བྲག་ཏ་ཀྲ་རྣམས་ལ། ཨ་རིཥྚཾ། ལྦུ་བ་དང་། ཤིང་ནིམྦ་དང་། སྒོག་པ་དང་། བྱ་རོག་དང་། བྱ་ཀངྐ་རྣམས་ལ། ཨ་རིཥྚཿ སྒྱུ་མ་དང་། མཁའ་སོགས་རྣམ་འགྱུར་མེད་པ་སྟེ། མི་གཡོ་བ་དང་། བརྩེགས་པ་དང་། རི་དྭགས་འཆིང་བའི་འཁྲུལ་འཁོར་གྱི་བྱེ་བྲག་དང་། ཚུལ་འཆོས་དང་། མི་བདེན་པ་དང་། འབྲུ་སོགས་ཀྱི་ཕུང་པོ་དང་། ལྕགས་ཀྱི་ཐོ་བ་དང་། རིའི་རྩེ་མོ་དང་། ཐང་གཤོལ་གྱི་ཡན་ལག་དང་། སྤུན་སྟོང་ངམ་ཕུབ་མ་རྣམས་ལ། ཀཱུ་ཊཿ དང་། ཀཱུ་ཊཾ། མིག་དང་བློ་དང་། ལྟ་བ་རྣམས་ལ། དྲིཥྚྀཿ མཆོད་སྦྱིན་དང་། འདོད་པ་དང་། བསྡུས་པ་དང་། ཚིགས་བཅད་རྣམས་ལ། ཨིཥྚིཿ


MR26_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་མེད་པར་བྱ་བ་ལ་མྱུར་དུ་འཇུག་པ་དང་། མི་རྡུལ་བ་སྟེ་བློ་རྣོ་བ་དང་། ནད་མེད་པ་དང་། སྨྲ་མཁས་སམ་ངག་གསལ་བ་ལ། པ་ཊུ། ཕོ་མོ། པ་ཊུ། མ་ནིང་། ལྡུམ་སྨན་པ་ཊོ་ལ་ལ། པ་ཊུཿ ཕོ། གདུགས་དང་ལན་ཚ་དག་ལ། པ་ཊུ། དབྱུག་པ་དང་པི་ཝཾ་སོགས་སྒྲོགས་པའི་དབྱུག་གུ་དང་། ཞོ་ཡི་ཕྲུ་མ་དང་དམག་དཔུང་དང་དུས་ཀྱི་ཚད་ཀྱི་བྱེ་བྲག་དང་། ཉི་མའི་འཁོར་གཏུམ་པོའི་འོད་དང་། ཆད་པའམ་འདུལ་བ་དང་། གཤིན་རྗེ་དང་། མངོན་པའི་ང་རྒྱལ་དང་གཟའ་གདོན་རྣམས་ལ། དཎྚ། སངས་རྒྱས་དང་། མཁས་པ་དང་། གཟའ་ལྷག་པ་དང་། རྟོགས་པ་རྣམས་ལ། བུདྡྷཿ གླང་རྫི་དང་། གླང་བདག གྲང་ཚོགས་དབང་དུ་བྱས་པ་དང་། རྒྱལ་པོ་རྣམས་ལ། གོ་བཿ དབྱངས་ཅན་མའི་པི་ཝཾ་དང་། ནད་ཕྲ་མོའི་བྱེ་བྲག་དང་། རུས་སྦལ་མོ་རྣམས་ལ། ཀཙྪ་བཱི། ར་ཡིག་ལ། རེ་ཕཿ སྨད་པ་ལ། རེ་ཕཿ འམ། ཕཾ། པཱའང་། སྨད་པའོ། །དཔྱ་ཁྲལ་དང་། ལག་པ་དང་། འོད་ཟེར་དང་། སེར་བ་དང་། ཆང་ངམ་ཆང་ཚོང་རྣམས་ལ། ཀ་རཿ གཤིན་རྗེ་དང་། རླུང་དང་། དབང་པོ་བརྒྱ་བྱིན་དང་། ཟླ་བ་དང་། ཉི་མ་དང་། ཁྱབ་འཇུག་དང་། སེང་གེ་དང་། འོད་དང་། རྟ་དང་། ནེ་ཙོ་དང་། སྦྲུལ་དང་། སྤྲེའུ་དང་། སྦལ་པ་དང་། ཉེ་དབང་དང་། འཇིག་རྟེན་གྱི་བྱེ་བྲག་རྣམས་ལ། ཧ་རིཿ ཕོ། ལྗང་གུ་དང་། དམར་སེར་ལའང་། ཧ་རིཿ དང་རིའང་། ཕོ་མོ། ཞིང་ཤེས་དང་གཉུག་མ་དང་། རང་རྣམས་ལ། སྭཾ། གཉེན་འདུན་ལ། སྭཿ བདག་གིས་བའམ་བདག་དང་འབྲེལ་བ་ལ། སྭཿ སྭཾ། སྭཱ། ནོར་ལ། སྭཿ སྭཾ། འཐབ་མོ་དང་། འཁྲིག་པ། ཟུང་དང་། གཉིས་ལས་གཞན་པས་གསང་བའམ་དབེན་པ་ལ། དྭཾ་དྭཾ། གཉིས་གཉིས། ནམ་མཁའ་དང་། སྐབས་གསུམ། མཐོ་རིས་རྣམས་ལ། ནཱ་གཿ སྟེ་མི་བདེ་མེད་པའོ། །སེམས་པ་དང་། མིང་དང་། ལུས་སམ་ཡི་གེ་སོགས་ཀྱི་དོན་དང་། མཚོན་པའི་བརྡ་དང་།


MR26_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་ཆུང་མ་དང་། སྡེབ་སྦྱོར་དབྱངས་སྒྲོགས་རྣམས་ལ། སཾ་ཛྙཱ། ཁ་དོག་དང་། གྲགས་པ་དང་། གཏམ་དང་། ཡོན་ཏན་དང་། སྙིང་རྗེ་དང་། བསྟོད་བསྔགས་དང་། བྲམ་ཟེ་སོགས་བཞི་པོའི་རིགས་ལ། བརྞྞ། ཡི་གེ་དང་། དབྱེ་བ་དང་། གཟུགས་དང་། བྱུག་པ་རྣམས་ལ། བརྞྞཾ་དང་། བརྞྞཿ ཁྱིམ་དང་། སྐྱབས་དང་། སྲུང་བྱེད་དང་། གསོད་པ་ལ། ཤ་ར་ཎཾ། བཅོས་པ་དང་། བཟོས་པ་དང་། དགེ་ལེགས་དང་། བརྒྱན་པ་རྣམས་ལ། སཾསྐྲྀཏཿ འམ། ཏཾ་ཏཱའང་། མཚན་ཉིད་ལྡན་པའི་སྒྲ་ལ། སཾ་སྐྲྀ་ཏཾ། ཞེས་སོ། །ལེགས་པ་དང་། ཡོད་པ་དང་། ཤིས་པ་དང་། དགེ་བ་དང་། དམ་པ་དང་། མཆོད་པ་དང་། ཕན་བྱེད་དང་། བདེན་པ་དང་། མཁས་པ་རྣམས་ལ། སཏ྄། གཙོ་བོ་རྒྱལ་རིགས་འཁོར་ལོའི་ལྟེ་བ་རྣམས་ལ། ནཱ་བྷིཿ རྨོངས་པ་དང་། ཉུང་བ་དང་། མི་གསལ་བ་དང་། དལ་བ་དང་། རྟུལ་བ་དང་། སྐལ་ངན་རྣམས་ལ། མནྡཿ ཏཱིརྠ། གླེང་གཞི་དང་ལུང་དང་། དྲང་སྲོང་མུ་སྟེགས་ལྕི་བ་རྣམས་ལའོ། །ཨཱདྱ། གཉུག་མའམ། གདོད་མའམ། ཐོག་མ་དང་པོའོ། །ཡོད་པ་དང་། སྐྱེ་བ་དང་། སྲིད་པ་དང་། འཁོར་བ་དང་། བདེ་ལེགས་དང་། ལྷ་དབང་ཕྱུག་དང་། ཐོབ་པ་རྣམས་ལ། བྷ་བ། ཞིང་ཤེས་དང་། གཉུག་མ་དང་། རང་རྣམས་ལ། སྭཾ། ངང་པ། ཉི་མ། ཁྱབ་འཇུག གཙོ་བོ་སོགས་ལ། ཧཾ་སཿ བེའུ་དང་། ལོ་དང་། བུ་སོགས་སྙིང་སྡུག་རྣམས་ལ། བཏྶཿ བྲང་ལ། བཏྶཾ། སྒེག་པ་སོགས་ཀྱི་རོ་ཉམས་དང་། ལུས་ཀྱི་ཁམས་སམ་ཐིག་ལེ་དང་། དངུལ་ཆུ་དང་། གཟི་བརྗིད་དང་། དུག་དང་། ཆུ་དང་། རོ་བདའ་བ་རྣམས་ལ། ར་སཿ ནོར་དག་མངར་བ་སོགས་ལ། བ་སུཿ གཟུགས་དང་། བཤང་བ། གཟི་བརྗིད་རྣམས་ལ། བརྩྩས྄། བརྩྩཿ ནུས་སྟོབས་དང་། མདངས་སམ་འོད་དང་། གཟི་བརྗིད། ཁམས་རྣམས་འཆིང་བ་ལ། ཨོ་ཛཿ ས་མཐའོ། །སྒྲོན་མེ་དང་། འོད་དང་། སྟོབས་དང་། ཁུ་བ་དང་། མེ་


MR26_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཟི་བརྗིད། ལུས་ཀྱི་ཁུ་བ། སྲོག་འདོར་བ་ལ་ཡང་བསྲན་ཚུགས་པ་རྣམས་ལ། ཏེ་ཛཿ ས་མཐའ། ཤིང་དང་། རི་དང་། ཉི་མ་ལ། ཨ་དྲི། དེ་བཞིན་ཨ་མཱ་ར་ཀོ་ཥ་ར། ས་མ་ཡ་ནི་མནའ་དང་སྤྱོད། དུས་དང་གྲུབ་མཐའ་ཡང་དག་རིག ཅེས་དང་། སཏྱཾ། དག་ཚང་བདེན་པའོ། །ཞེས་དང་། བཱིཪྻཾ། དཔའ་སྟོབས་ནུས་མཐུའོ། །ཞེས་དང་། ཚ་ཡང་ཉི་མའི་ཆུང་མ་མཛེས། གཟུགས་བརྙན་ཚ་བ་མེད་རྣམས་སོ། །ཀཀྵྱཱ། རེ་མིག་བསིལ་ཁང་སོགས། སྐེད་རྒྱན་གླང་ཆེན་དབུས་སུ་འཆིང་། ཞེས་དང་། གྷ་ན། སྤྲིན་དང་ལུས་ཡོན་ཏན། མཁྲིགས་དང་བར་མེད་ལའོ་གསུམ། ཞེས་དང་། རཱུ་བྱ་དགའ་དང་གཟུགས་ལའོ། །མ་དྷྱ་བར་མ་རིགས་པ་ལ། སོ་མྱཾ་གདུ་བུ་ཟླ་བ་ལྷ། བཻདྱཱ་ཀུན་མཁྱེན་སྨན་པ་ལ། །ཞེས་དང་། བྷ་བྱ་དགེ་དང་འབྲས་བུ་ལ། །ཡོ་གྱ་ཤིན་ཏུ་རིགས་པ་ལ། །ཚོང་དང་རེ་མོས་བཱ་རའོ། །ཨབྡོ་ཆར་སྤྲིན་བྱེའུ་ལའོ། །པྲ་ཀཱ་ར་ནི་དབྱེ་བ་དཔེ། །ནི་བཱ་ཏ་ནི་རླུང་མེད་གནས། མཚོན་གྱིས་མི་ཆོད་གོ་ཆ་ལའང་། །ཞེས་དང་། འཆི་དང་རོ་བསྲེག་འགྲོ་བ་དང་། །རྫས་དང་སྦྱིན་པ་སླར་འོང་དང་། །ཕན་བྱེད་རྗེས་འགྲོ་ས་དྷ་ནཾ། །ཞེས་དང་། མ་རུ་མྱ་ངམ་ཐང་དང་རི། །ཞེས་དང་། ཀྵུ་དྲཱ་ཡོན་པོ་གར་མཁན་མ། །སྨན་འཚོང་དང་ནི་སྦྲང་རྩི་ལ། །ཀཎྚ་ཀ་རི་ཀ་འོ་གསུམ། །གསུམ་ཞེས་པ་རྟགས་གསུམ་མོ། །ཨརྠ་བརྗོད་བྱ་དང་ནི་ནོར། །དངོས་པོ་དགོས་པ་ལྟོགས་པ་ལ། །ཞེས་སོགས་དང་། ཐ་ངན་སྨོད་ཉུང་ཀྵུ་དྲའོ། །ཀྵེ་ཏྲཾ་ཆུང་མ་ལུས་དག་གོ། ཞེས་སོགས་དང་། ཏནྟྲཾ་གཙོ་བོ་གྲུབ་མཐའ་དང་། ཐགས་འཐགས་དང་ནི་ཡོངས་འགེགས་ལའོ། །པུསྐ་རཾ་ནི་གླང་ཆེན་སྣ། །རྔ་དང་སྣོད་ཁ་ཆུ་དང་ནི། །ནམ་མཁའ་རལ་གྲི་རྩེད་མོའི་ཆས། །པདྨ་ཆུ་འགྲམ་སྨན་བྱེ་བྲག གཽ་ར་དམར་དང་དཀར་དང་སེར། །ཞེས་དང་། དེ་བཞིན། ཀྲཱུ་ར། བརྩེ་མེད་དང་། མེ་ཁྲེགས་པ། ཨི་ཏ་ར་གཞན་དང་དམན་པ། མཐར་བྱེད་དང་དུས་ཀཱ་ལ།


MR26_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཞིའི་ཐ་མ་ཀ་ལི། སྟོབས་དང་ནུས་པ་དམག་དཔུང་རྣམས་ལ། བ་ལཾ། གཡོ་སྒྱུ་རྟགས་སྐྱེས་བུ་གཟིག་སྦྲུལ་རྣམས་ལ། བྱཱ་ལ། མ་ལ། སྡིག་པ་དྲི་ཆེན་དྲི་མའོ། །ཀཱི་ལ་ཕུར་བུ་དང་མེ་ལྕེ། ཨཱ་ལི། དབང་པོ་ཕྲེང་བ་གྲལ། མཱུ་ལ་དང་པོ་དང་རྩ་བ་དང་དྲུངས། ཛ་ལམ྄། ཚོགས་པ་ཉ་དོ་ལ་དྲ་སྒོ་དང་དྲྭ་བའོ། །ཕ་ལཾ་འབྲུ་དང་རྒྱུ་བྱས་སོ། །ཀུ་ཀུ་ལཾ་ནི་ཕུར་བུ་དང་རྩང་། བཀྲམ་པ་དང་པོ་དང་ཕུབ་མའི་མེ་སོགས་དང་། ཀུ་ཤ་ལཾ། ཡོངས་ཐོབ་བདེ་དང་བསོད་ནམས་བསླབ་པའོ། །བྲྀ་ཥ། རླིག་པ་དང་བྱེ་བ་དང་མཆོག་དང་། ལེགས་བྱས་དང་ཁྱུ་མཆོག་གོ །གཞན་ཡང་། ཁཾ་ནི་དབང་པོ་གྲོང་དང་ཞིང་། སྟོང་པའི་ཐིག་ལེ་ས་རིས་ཀྱི་ཨངྐུའི་ཐིག་ལེའོ། །ནམ་མཁའ་དང་། ཚོར་བ་མྱང་དང་ལྷའི་འཇིག་རྟེན། བདེ་སྐྱིད་ལ་ཡང་མ་ནིང་ངོ་། །སྟེ་རྟགས་མཐའ། ཞེས་བཤད་པས་མཚོན་མིང་གཅིག་དོན་དུ་མ་འཇུག་པས། དོན་ཕན་ཚུན་མིང་ཐུན་མོང་དུ་གྱུར་བ་ཆེས་མང་པོ་ཡོད་པ་ཕལ་ཆེར་གཞུང་དུ་བསྟན་པ་ལས་ཀྱང་ཤེས་ནུས་ལ། བྱེ་བྲག་དོན་མང་པོ་ཅན་གྱི་སྡེ་རྣམས་ལོགས་སུ་བཤད་པ་འཆི་མེད་མཛོད་རྩ་འགྲེལ་སོགས་ལས་ཤེས་པར་བྱ་སྟེ། དཔེར་ན་བོད་སྐད་དུ་རོ་ཞེས་པ། ལྕེས་མྱང་བྱ་མངར་བ་སོགས་ཀྱི་རོ་དང་། ཤི་བའི་རོ་གཉིས་ཀའི་མིང་དུ་འཇུག་ཀྱང་། སྐབས་སུ་གང་བབ་ལ་མི་ནོར་བར་གོ་བ་དང་། དུ་མ་རོ་མཉམ་ཞེས་པའང་རྣལ་འབྱོར་པས་མཉམ་པར་ཉམས་སུ་མྱོང་བའི་ཆ་ནས་བཏགས་པ་ལྟ་བུའོ། །ཤཱུ་ནྱཏ་ཁྱིས་སྟོང་པ་ཞེས་པའི་དོན་ཡིན་ཡང་། སྟོང་པ་ཉིད་ཀྱི་མིང་དུ་ཤཱུནྱ་ཏ་ཞེས་བརྗོད་པའི་ཚེ། ཁྱི་བཤད་མི་དགོས་ལ་རང་བཞིན་གྱིས་གྲུབ་པའམ་ངོ་བོས་སྟོང་པ་དེ་གོ་རྒྱུ་ཡིན་པ་དང་། རྒྱ་མཚོའི་སྐད་དོད་སཱ་གར་དུག་ཅན་པ་ཡིན་ཡང་། མང་བའམ་རྒྱ་ཆེ་བའི་ཕྱིར་ན་རྒྱ་མཚོ་བཏགས་ཚད་ལ་དུག་ཅན་པ་སྦྱོར་མི་དགོས་པ་ལྟ་བུས་མཚོན་ནས། སྒྲ་ཡི་འཇུག་ཚུལ་ཚད་མེད་པ་ཡོད་པ་


MR26_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་། གཞན་ཡང་། ཇི་སྐད་དུ། སྒྲའི་བསྟན་བཅོས་ལས། ཉེ་བར་བསྒྱུར་བའི་དབང་གིས་ན། །སྐད་བྱིངས་དོན་ནི་རབ་འགྱུར་ཏེ། །གང་གཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་འགྱུར་བ་བཞིན། །ཞེས་པ་ལྟར། མཱ་ན་ཞེས་པའི་ཁམས་གཅིག་ལ། ཉེ་བསྒྱུར་པྲ་དང་འཕྲད་ན།པྲ་མཱ་ན། ཚད་མར་འགྱུར། ཨ་ནུ་མཱ་ན། རྗེས་དཔག ཨུ་པ་མཱ་ན། དཔེ། ཨ་བྷི་མཱ་ན། མངོན་པའི་ང་རྒྱལ་སོགས་སུ་འགྱུར་བ་དང་། བྷཱུའི་སྔོན་དུ་བི་བཞག་པས། བི་བྷཱུ། ནོར་རྫས། ཨཱ་ལ་བྷ་གསོད་པ། བ་ས་ངེས་པར་གནས་པའི་སྔོན་དུ་པྲ་དང་ནི་ར་དང་ཨུད་བཞག་ན་འཚེ་བའི་དོན་དུ་འགྱུར་བ་ལ་སོགས་པ་དང་། དོན་གྱི་ཁྱད་པར་སྟོན་པ། པྲ་བྷ་བཿ རབ་བྱུང་། ཨུ་པ་སི་ཀཿ ཉེ་བར་བསྙེན་པ། སུ་བ་ཙཿ ལེགས་གསུང་ལ་སོགས་པ་བཞིན་ནོ། །དེར་མ་ཟད་སྐད་དོད་གཅིག་ལའང་ཕོ་མོ་མ་ནིང་གི་རྟགས་མཐའི་དབང་གིས་རྣམ་དབྱེ་སྦྱར་བས་མི་འདྲ་བར་འགྱུར་བ་དང་། མཚམས་སྦྱར་བའི་དབང་གིས་སྔ་མ་ལ་གཟུགས་གཞན་དུ་འགྱུར་བ་དང་། མི་ཟད་པ་སོགས་ལ་རྣམ་དབྱེ་འཇིག་པ་དང་། མཚམས་སྦྱོར་མི་ཐོབ་པར་ཚིག་རང་སར་བསྒྲིག་པ་སོགས་ཀྱི་རྣམ་བཞག་དང་། དེ་ཕན་གྱི་བུ་རྒྱུད་ཀྱི་རྐྱེན་སོགས་བྱིན་པས་ཚེགས་ཆུང་ངུས་བརྗོད་པ་དང་། བྱེད་པོ་དང་བྱ་བ་བརྗོད་པ་ཚོགས་པ་བརྗོད་པ་སོགས་ཀྱི་ཁྱད་པར་ལ་སོགས་པ་བརྡ་སྤྲོད་པའི་གཞུང་ལ་མ་སྦྱང་བ་དག་གིས་སྐད་དོད་ཐད་ཀར་བསྒྲིགས་པ་ཙམ་གྱིས་གོ་ཆོད་པ་མི་འོང་བས་སྒྲའི་གཞུང་སྤྱི་དང་། ཁྱད་པར་མིང་ལེ་དང་མཚམས་སྦྱོར། དེ་ཕན་གྱི་རྐྱེན་རྣམས་ལ་བྱང་ཆ་འགྲོ་དགོས་ཤིང་། དེ་ལྟར་མ་བྱུང་བའི་སྐྱོན་གྱིས་མཁས་ཀྱང་ལེགས་སྦྱར་སོགས་ཀྱི་སྒྲ་དོན་འཆད་ཚེ་ནོར་བ་འབྱུང་སྲིད་དེ། དཔེར་ན་བོད་སྐད་དུའང་འམ་སོགས་སྡུད་སྒྲ་འདིའང་། དཔེར་ན་མིག་སྟོང་ཅན་ནམ་རྡོ་རྗེ་ཅན་ནི་བརྒྱ་བྱིན་ནོ། །ཞེས་པ་ལྟ་བུ་བརྗོད་བྱའི་དོན་གཅིག་པའི་མིང་གི་རྣམ་གྲངས་སུ་བསྡུ་བ་ནི།


MR26_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དེ་གཉིས་དོན་གཅིག་ལ་འཇུག་པར་འཆད་རུང་སྟེ། སའམ་འཛིན་མ་ཞེས་པ་ལྟ་བུའོ། །བུདྡྷ་ནི་སངས་རྒྱས་སམ་གཟའ་ལྷག་པའོ། །ཞེས་པ་ལྟ་བུ་མིང་དེས་བརྗོད་བྱ་མཚུངས་པས་སྡུད་སྒྲ་སྦྱར་བའམ་ངའི་དོན་ཡིན་གྱི་དོན་གཅིག་གི་མིང་གི་རྣམ་གྲངས་སུ་འཆད་མི་རུང་བ་ལྟ་བུའོ། །གཞན་ཡང་བརྡ་སྤྲོད་པའི་གཞུང་ལས། ཡི་གེ་ལ་ཀཱ་རའོ་ཞེས་པས། ཨ་ཀཱ་ར་ཞེས་སྦྱར་ན་ཨ་ཡིག་གོ་དགོས་ཤིང་། ར་ལས་ཨི་ཕ་ཡང་ནའོ་ཞེས་པས་ར་ལ་ཀཱ་རའམ་ཡང་ན་ཨི་ཕ་སྦྱར་བས། རེ་ཕ་ཞེས་པ་ར་ཡིག་སྟེ་རེ་ཕ་ལས་བྱུང་ཉི་མའི་གདན། ཞེས་སོགས་བརྗོད་པ་བཞིན་ནོ། །འདི་ལ་བོད་སྐད་དུ་དོགས་པ་ཞིག་ཡོད་པས་སྨྲོས་པ་ཡིན་ཏེ་དེས་མཚོན་གཞན་ཡང་སྒྲ་གཞུང་མ་ཤེས་ན་སྒྲ་བཤད་ནོར་བར་སྲིད་པས་བརྡ་སྤྲོད་པའི་གཞུང་འདི་དག་གསུང་རབ་རྣམས་ཀྱི་ངེས་པའི་ཚིག་ཚུལ་བཞིན་འཆད་པ་ལ་ངེས་པར་དགོས་པ་ཡིན་ནོ། །སརྦྦཱ་རྠ་ཞེས་པ་དོན་ཐམས་ཅད་པ་ཞེས་པ་ཡིན་ཀྱང་། བོད་སྐད་དུ། སྐབས་ལ་ལར། སརྦ་ཨརྠ་ཞེས་མཚམས་མ་སྦྱར་བ་དག་ཀྱང་། བོད་སྐད་ལ་རིང་ཆའི་འབོད་ཐང་འདི་ཇི་བཞིན་ཐོན་པ་དཀོན་པས་མཚམས་མ་སྦྱར་བ་ལྟར་བཀླག་ན་མཚམས་སྦྱར་བ་ལྟར་འབོད་ཐང་མཚུངས་པས་སྒྲ་དག་པར་འགྱུར་བའི་ཕྱིར་དང་། མོའུ་གལ་ལྟ་བུའང་བོད་སྐད་ཀྱི་འབོད་ཐང་ལ་དགོངས་ཀྱི་རྒྱ་སྐད་ལ་ན་རོ་མཽ་ཞེས་ཡོད་པ་ལྟ་བུ་དང་། སུག་སྨེལ། ག་བུར་སོགས་ཟུར་ཆག་ལྟར་བཀླག་ན་བདེ་ཞིང་དོན་གོ་བ་ལ་ཁྱད་མེད་པ་ཡིན་ནོ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་ཅེས་པ་ལྟ་བུ་དང་།བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། ཞེས་སོགས་གསུངས་པ་ལྟ་བུ་འབོད་ཚིག་ཏུ་མ་གོ་ན་དོན་གཞན་དུ་ནོར་བ་དང་། བརྡ་རྙིང་གི་འབོད་ཐང་གི་དངོས་དོན་རྗེན་པར་མ་གོ་ན་ཕྱོགས་འགྲོ་ཙམ་གྱིས་རེས་དོན་དང་འགྲིགས་ཀྱང་རེས་མི་འགྲིག་པར་འགྱུར་བས་གོ་བ་


MR26_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་ཚུགས་པ་མི་སྐྱེ་བ་དང་། དོན་མི་གོ་བས་ཕལ་ཆེར་མིང་ཚིག་གི་འཇུག་པ་མ་ཤེས་པའི་སྐྱོན་ལས་བྱུང་བ་མང་བས། གཞུང་འདིར་ལྟ་བུ་དང་། བོད་ཀྱི་དག་ཡིག་ཚད་ལྡན་རྣམས་སློབ་གཉེར་བ་ལ་མི་ཤེས་སུ་མི་རུང་བའི་བསླབ་བྱ་ཡིན་ནོ། །རྒྱས་པར་བརྡ་སྤྲོད་པའི་གཞུང་ལུགས་ཆེན་པོ་རྣམས་སུ་ཤེས་པར་བྱའོ། །དེ་རྣམས་ནི་སྒྲ་རིག་པའི་སྐབས་སུ་མཁོ་བའི་མིང་གི་རིམ་པ་ཅུང་ཟད་བརྗོད་པའོ། ༈ །སྒྲ་རིག་པའི་ཡན་ལག་ཏུ་གྱུར་པ་སྡེབ་སྦྱོར་དང་མངོན་བརྗོད་དང་། སྙན་ངག་གསུམ་ཡིན་པས་དེ་དག་གི་སྐབས་སུ་མཁོ་བའི་མིང་ལས་དང་པོ་སྙན་ངག་གི་སྐབས་སུ་མཁོ་བའི་མིང་། ཀཱ་བྱ། སྙན་ངག བཱ་ཙཱ་ལཾ་ཀ་ར། ཚིག་གི་རྒྱན། དེ་སྙན་ངག་གི་ལུས་ནི། པདྱཾ། ཚིགས་བཅད། གདྱཾ། ལྷུག་པ། མིཤྲཱ་ཀཾམ་མ་ཎི། སྤེལ་མ་སྟེ་ཚིགས་བཅད་ནི་རྐང་པ་བཞི་པའོ། །ལྷུག་པ་ཚིགས་སུ་མ་བཅད་པའོ། །དཎྜི་ཀཿ རྒྱུན་ཆགས་པ་ཞེས་སོ། །སྙན་ངག་གི་རྒྱན་ལ་ཡོན་ཏན་བཅུ་སྟེ། ཤྩེ་ཥཿ དང་། ཤྩིཥྚ། སྦྱར་བ། པྲ་སཱ་ད། རབ་དང་། ས་མ་ཏཱ། མཉམ་ཉིད། མ་དྷུ་ར། སྙན་པ། སུ་ཀུ་མཱ་ར་ཏཱ། ཤིན་ཏུ་གཞོན་པ། ཨརྠ་བྱཀྟི། དོན་གསལ། དུ་དཱ་ར། རྒྱ་ཆེ། ཨོ་ཛཿ བརྗིད་པ། ཀཱནྟི། མཛེས་པ། ས་མཱ་དྷི། ཏིང་ངེ་འཛིན། ཞེས་སོ། །སྦྱར་བའི་ཡོན་ཏན་ཡི་གེ ཤི་ཐི་ལམ་དང་། ཤྩ་ཐཾ། ལྷོད་པ་སྟེ་དེས་མ་རེག་པའོ། །ལྷོད་པའི་མིང་། ཀོ་མ་ལཾ། མཉེན་པའང་ཟེར། རབ་དངས་ཀྱི་ཡོན་ཏན་ནི་ཡོངས་སུ་གྲགས་པའི་དོན་ཅན་རྟོགས་སླ་བའོ། །མཉམ་པའི་ཡོན་ཏན་ནི་ཡི་གེ་འཇམ་རྩུབ་མི་མཉམ་པར་གང་རུང་ཤས་ཆེ་བ་མིན་པའི་བར་མའོ། །དེ་ལ་ཡི་གེ། མྲྀ་དུ། འཇམ། སྥུ་ཊ་དང་། པ་རུ་ཥྱཾ་དང་། ནིཥྛུ། རྣམས་རྩུབ་པ་ཞེས་སོ། །སྙན་པའི་ཡོན་ཏན་ནི་ཡིད་དུ་འོང་བའི་ཉམས་དང་ལྡན་པའོ། །ར་ས། ཉམས་ཞེས་སོ། །དེ་དང་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱ་དངོས་པོའི་དོན་ལའང་ཡིད་འོང་གི་ཉམས་ཡོད་པའོ། །ཚིག་ལ། གྲ་མ་བཱ་ཙ།


MR26_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཚིག་སྟེ། དེ་དང་མ་འདྲེས་པ་དང་། ཨ་ནུ་པྲཱ་ས། རྗེས་ཁྲིད་དང་ལྡན་པ་རྣམས་མཛེས་སོ། །ཤིན་ཏུ་གཞོན་པའི་ཡོན་ཏན་ནི་རྩུབ་པོའི་སྐྱེ་གནས་ཅན་གྱི་ཡི་གེ་མིན་པ་མང་བའོ། །ཡི་གེ་ཐམས་ཅད་མཉན་པ་ཡིན་ན་ཝཀྤནྡྷ་ངག་གི་སྦྱོར་བ་ལྷོད་པའི་སྐྱོན་དུ་འགྱུར་རོ། །དོན་གསལ་བའི་ཡོན་ཏན་ནི། དོན་བརྟག་མི་དགོས་པར་གསལ་ཞིང་ནག་ནོག་མེད་པ་མེ་ལོང་དང་པ་ལྟ་བུའོ། །རྒྱ་ཆེ་བའི་ཡོན་ཏན་ནི། ཨུཏྐརྵ། ཁྱད་འཕགས་ཏེ་དེ་ལྟ་བུའི་ཡོན་ཏན་བརྗོད་པའོ། །བརྗིད་པ་ནི་ཚིག་གི་ཕྲད་སོགས་ཅི་རིགས་སུ་བསྡུས་པས་ཚིག་ཉོ བ་བྲལ་ཏེ་དངོས་གཙང་བ་འདི་ཚིག་ལྷུག་ལ་གསོས་ལྟ་བུ་ཡིན་ཞིང་ཚིགས་བཅད་ལ་ཡང་རྒྱ་གར་ཤར་ཕྱོགས་པས་གཙོ་བོར་བཞེད། མཛེས་པའི་ཡོན་ཏན་འཇིག་རྟེན་པའི་དོན་ལས་མ་བརྒལ་བར་རྣ་བར་འབབ་པ་ལྟ་བུར་བརྗོད་པ་ནི་མཁས་རྨོངས་ཀུན་ལ་འཐད་ཅིང་། འཇིག་རྟེན་གྱི་ཚུལ་ལུགས་ལས་བརྒལ་བ་ལྟ་བུ་ཧ་ཅང་བརྗོད་འདོད་ཀྱིས་ཕུལ་བྱུང་གི་རྒྱན་ལྟ་བུར་བརྗོད་པའང་མཁས་པ་མཛེས་པའི་སྐབས་ཀྱང་ཡོད་དེ་མདོར་ན་གཞན་པའི་རྣ་བར་འབབ་པའི་ཚིག་གོ། ཏིང་འཛིན་གྱི་ཡོན་ཏན་ནི། ཆོས་གཞན་པའི་བྱ་བ་སོགས་ཆོས་གཞན་ལ་སྦྱར་ཏེ་བརྗོད་ཀྱང་འཇིག་རྟེན་གྲགས་པ་དང་མཐུན་པར་དོན་གོ་བ་སྟེ། དཔེར་ན་ཀུ་མུ་དའི་མིག་འཛུམ། པདྨ་དག་མིག་འབྱེད་ལྟ་བུ་སྟེ། འདི་ལ་ཚིག་སྦྱོར་ཚུལ་གྱི་མི་མཛེས་པ་སྤང་སྟེ་མཛེས་པ་བརྗོད་དགོས་སོ། །དེ་ལྟར་ཡོན་ཏན་བཅུ་པོ་འདི་རྒྱ་གར་ལྷོ་ཕྱོགས་བཻ་དརྦྷའི་སྙན་ངག་གི་ལམ་གྱི་སྲོག་ཏུ་བཤད་པ། འདི་དག་ཕལ་ཆེར་བཟློག་པས་ཤར་ཕྱོགས་གཽ་ཌ་བའི་ལམ་མཚོན་པར་བྱེད་པ་སྙན་དངགས་མེ་ལོང་མའི་གཞུང་གི་དཔེ་བརྗོད་ཀྱིས་ཤེས་པར་བྱའོ། །སྙན་པའི་ཡོན་ཏན་གྱི་བྱེ་བྲག་རྒྱས་བཤད་འཕྲོས་དོན་བཅས་ལེའུ་བར་ཐ་གཉིས་ཡིན་ལ། བར་མ་དོན་རྒྱན་སོ་ལྔ་སྟེ། སྭ་བྷཱ་བཱ་ཁྱ་ནཾ། རང་བཞིན་བརྗོད་པ། ཨུ་པ་མཱ། དཔེ། རཱུ་པ་ཀཾ གཟུགས་


MR26_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། དྭི་པ་ཀཱ། གསལ་བྱེད། བྲྀ་ཏཱི། བསྐོར་བ། ཨ་ཀྵེ་པཱ། འགོག་པ། ཨརྠཱནྟ་ར་ནྱཱ་ས། དོན་གཞན་བཀོད་པ། བྱ་ཏི་རེ་ཀཱ ལྡོག་པ་ཅན། བི་བྷཱ་བ་ནཱ། སྲིད་པ་ཅན། ས་མཱཿ བསྡུས་པ། ཨ་ཏི་ཤ་ཡ། ཕུལ་བྱུང་། ཨུཏྤྲེཀྵོ། རབ་བརྟགས། ཧེ་ཏུཿ རྒྱུ། སཱུཀྵྨ། ཕྲ་མོ། ཨུ་ལ་བཿ ཆ། ཀྲ་མཿ རིམ་པ། པྲེ་ཡོ་དང་། པྲི་ཡཿ དགའ་བ། ར་ས་བཏ྄། ཉམས་ལྡན། ཨཱུརྫྫ་སི། གཟི་བརྗིད་ཅན། པཪྻཱ་ཡོཀྟཾ། རྣམ་གྲངས་བརྗོད། ས་མཱ་ཧི་ཏཾ། ཀུན་ཕན། ཨུ་དཱཏྟཱ། རྒྱ་ཆེ། ཨ་པ་ཧྣུ་ཏི། བསྙོན་དོར། ཤྩིཥྚཿ སྦྱར་བ། བི་ཤེ་ཥ། ཁྱད་པར། ཏུ་ལྱ་ཡོ་གི་ཏཱ། མཚུངས་པར་སྦྱོར་བ། བི་རོ་དྷཱ། འགལ་བ། པྲ་སྟུ་ཏ་སྟོ་ཏྲེ། སྐབས་མིན་བསྟོད་པ། བྱ་ཛ་སྟུ་ཏི། ཟོལ་བསྟོད། ནི་དརྴ་ནེ། ངེས་པར་བསྟན་པ། ས་ཧོཀྟིཿ ལྷན་ཅིག་བརྗོད། པ་རི་པྲྀཏྟྱ། ཡོངས་བརྗེས། ཨཱ་ཤཱིཿ ཤིས་བརྗོད། སཾ་སྲྀཥྚིཿ རབ་སྤེལ། བྷཱ་བི་ཀཾ དགོངས་པ་ཅན། ཞེས་སོ། །དཔེ་རྒྱན་གྱི་མཚུངས་པ་གསལ་བྱེད་ཀྱི་སྒྲ་ནི། ཨི་བ། བཞིན། བཏ྄། ལྟར། བཱ། ལྟ་བུ། ཡ་ཐཱ། ཇི་ལྟར། ས་མཱ་ན། མཐུན། ནི་བྷ། ངེས་པར་གསལ་ཏེ་མཚུངས་པར་ཡང་བསྒྱུར། སནྣིབྷཱ། ཡང་དག་མཚུངས། ཏུ་ལྱཿ མཉམ། སཾ་ཀཱ་ཤཿ ཡང་དག་གསལ། ནི་ཀཱ་ཤཿ ངེས་པར་གསལ། པྲ་ཀཱ་ཤཿ རབ་གསལ། པྲ་ཏི་རཱུ་པ་ཀཱཿ གཟུགས་ཀྱི་ཟླ་བོ། པྲ་ཏི་བཀྵཿ གཉེན་པོ། པྲ་ཏི་དྭནྡྭི། དགྲ་ཟླའམ་འགྲན་ཟླ། པྲ་ཏྱ་ནཱི་ཀཿ སོ་སོར་རྟོག ནི་རོ་དྷི་ནཿ འགལ། དྲྀ་ཤ འདྲ། ས་དྲྀ་ཀྶཾའམ་སདྲྀཀྴ། བལྟ་བཅས་སུ་ཡང་བསྒྱུར། ས་ཌ྄ྀ་ཤ྄འང་དེ་འདྲའོ། །སམྤཱ་དི། བསླུ་བ། ཛཱ་ཏཱི་ཡ། རིགས་མཐུན། ཨ་ནུ་བཱ་དི་ནཿ རྗེས་སུ་སྨྲ་བ། པྲ་ཏི་བིམྦ། གཟུགས་བརྙན། པྲ་ཏི་ཙྪནྡ། སོ་སོར་སྡེབ། ས་མ། མཉམ། སམྨིཏཱཿ ཡང་དག་འཇལ། ས་ལ་ཀྵ་ཎ། མཚན་ཉིད་མཐུན། ས་དྲྀཀྵཱ། མཚུངས་བཅས་སམ་འདྲ་མཚུངས། འདིར་མཚན་ཉིད་མཐུན་མཚན་ཉིད་འདྲ། མཚན་


MR26_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཚུངས་ཞེས་སྦྱར་བ་ཡོད། ས་པཀྵཿ མཐུན་ཕྱོགས། ཨུ་པ་མི་ཏཱ། དཔེར་བྱས། ཨུ་པ་མཱཿ དཔེ། ཀལྤ། རྟོག དེ་ཤཱི་ཡ། དམན། དེ་ཤི་ཅུང་ཟད་དམན། འདི་གཉིས་རྐྱེན་ཞིག་ཡིན་ཏེ་བོད་སྐད་དུ་བཤད་མ་ཐག་པ་ལྟར་བསྒྱུར། སོགས་ཁོངས་ནས་དེ་དང་ཆ་འདྲ་རྣམས་འཕང་། དཔེར་ན་གཞུང་གཞན་ལས། སཱ་དྷཱ་ར་ཎཿ ཆ་མཐུན་ཞེས་བཤད་པ་ལྟ་བུ་སོགས་སོ། །པྲཱ་ཁྱཱ། རབ་ཏུ་སྨྲ། པྲ་ཏི་ནི་དྷི་ཨ་བི། སོ་སོར་བཟློག །ས་བརྑ། རིགས་མཐུན། ཏུ་ལི་ཏ། མཉམ་པར་བྱས། གང་ཡང་དཔེ་ལས་དཔེ་ཅན་མི་དམན་པར་སྟོན་པའི་དོན་ཅན་གྱི་ཚིག །བ་ཧུ་བྲཱྀ་ཧིཿ འབྲུ་མང་པོ་ལྟ་བུའི་ཚིག་སྡུད་ཀྱི་ནང་ཚན་ཟླ་བའི་གདོང་ཅན་ཞེས་བརྗོད་པ་སོགས་ཀྱིས་ཀྱང་མཚུངས་པར་སྟོན་ཏོ། །སྤརྡྷ་ཏི། འགྲན། ཛ་ཡ་ཏི། རྒྱལ། དྭེཥྚིཿ སྡང་བ། དྲུ་ཧྱ་ཏི། འཁུ། པྲ་ཏི་གརྫ་ཏི། མི་མཐུན་སྒྲོགས། ཨཱ་ཀྲོ་ཤ་ཏི། འཐབ་པ། ཨ་པ་ཛཱ་ནཱ་ཏི། འཕྱ་བ། ཀ་དརྠ་ཡ་ཏི། སྨ་འབེབས་བྱེད། ནིནྡ་ཏི། སྨོད་པ། བི་ཌམྦ་ཡ་ཏི། ཅོ་འདྲི་བ། སཾ་རུནྡྷེ། འགོག་པ། ཧ་ས་ཏི། དགོད་པ། ཨིརྵྱ་ཏི། ཕྲག་དོག་པ། ཨ་སཱུ་ཡ་ཏི། མི་བཟོད་པ། ཏ་སྱ་མུཥྞཱ་ཏི་སཽ་བྷཱ་གྱཾ། དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། ཏ་སྱ་ཀཱནྟིཾ་བི་ལུམྦ་ཏི། དེ་ཡི་མཛེས་པ་ཟུམ་བྱེད་དང་། །ཏེ་ན་སཱརྡྷམྦི་གྲྀ་ཧྞཱ་ཏི། །དེ་དང་འགྲན་ལས་ཚར་གཅོད་པ། །ཏུ་ལཱནྟེ་ནཱ་དྷི་རོ་ཧ་ཏི། །དེ་དང་མཚུངས་ལས་ལྷག་པར་མཛེས། །ཏཏྤ་ད་བྱཱཾ་པ་དཾ་དྷ་ཏྟེ། །དེ་ཡི་རྗེས་སུ་རྐང་འཇོག་དང་། །ཏ་སྱ་ཀཱ་ཀྵཱ་མྦི་གཱ་ཧ་ཏེ། །དེ་ཡི་ནུས་པ་ལ་འཇུག་དང་། །ཏ་མ་ནྭེ་ཏྱ་ནུ་བདྷྣཱ་ཏི། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་། །ཏཙྪཱི་ལནྟནྣི་ཥེ་དྷ་ཏེ། །དེ་ཡི་ངང་ཚུལ་དེ་འགོག་དང་། །ཏ་སྱ་ཙཱ་ནུ་ཀ་རོ་ཏཱི་ཏི། །དེ་ཡི་རྗེས་སུ་བྱེད་ཅེས་པའི། །ཤབྡཱཿསཱ་དྲི་ཤྱ་སཱུ་ཙི་ནཿ སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཅེས་སྙན་ངག་མེ་ལོང་ལས་གསུངས་སོ། །མཚུངས་པ་གསལ་བྱེད་ཀྱི་སྒྲ་


MR26_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་རྩ་ལྔ་ཞེས་བོད་འགྲེལ་རྣམས་སུ་འབྱུང་། བཞིན་ལྟར་སོགས་མཚུངས་སྒྲ་དངོས། གཞན་ཁྱོད་གདོང་ཟླ་བའི་མདངས་ལས་རྒྱལ། ཞེས་དང་། ཟླ་བར་འགྲན་ཞེས། ཟླ་བའི་མདངས་ལ་འཁུ་ཞེས་སོགས་ཚིག་སྦྱར་བས་དོན་གྱིས་འདྲ་བར་རྟོགས་པར་བྱེད་དོ། །སྙན་ངག་གི་གཞུང་ལས་འདི་ཙམ་ལས་མ་གསུངས་ཀྱང་། འདིས་མཚོན་ནས་ཚིག་གི་རྣམ་འགྱུར་ལ་འདྲ་དོན་གསལ་བྱེད་དུ་མ་ཡོད་དེ། བྷཱུ་ཏཿ གྱུར་པ། པྲ་ཏི་ཀཱ་ཤ སོ་སོར་གསལ། སོགས་ཆེས་མང་པོ་ཡོད་པར་ཤེས་སོ། །དེ་ལ་གྱུར་པ་ནི། ཁྱོད་གདོང་ཟླ་བའི་བཞིན་དུ་གྱུར་པ་ཡིས། ཞེས་པ་ལྟ་བུ་དང་།གཞན། པི་ཏྲི་ནི་བྷཿཔུ་ཏྲ། ཕ་དང་འདྲ་བའི་བུ། ཞེས་དང་། དེ་བཞིན་ནི་བྷཿ ལ་འདྲ་བའི་སྒྲར་བཟུང་ནས། མ་དང་འདྲ་བའི་བུ་མོ། ལྷ་དང་མཚུངས་པའི་བུ་ཚ། ཞེས་དང་། པི་ཏྲྀ་ཀལྤཿ ཕ་འདྲ་བ། མཱ་ཏྲྀ་ཀལྤཿ མ་འདྲ་བ་སོགས་ཀྱིས་མཚོན་ནས་གཞན་རྣམས་ལའང་ཤེས་པར་བྱ་བ་འཆི་མེད་མཛོད་འགྲེལ་ལས་གསུངས་སོ། །དཔེ་རྒྱན་སོགས་ཀྱི་ནང་གི་བྱེ་བྲག་གི་རྒྱན་སོ་སོའི་མིང་རྣམས་མེ་ལོང་མའི་སྐད་གཉིས་ཤན་སྦྱར་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་བཀའ་འབུམ་དུ་བཞུགས་པ་སོགས་རྒྱ་དཔེ་ལས་རྟོགས་པར་བྱའོ། །སྤྱིར་འཇམ་སྡུད་བཟང་གསུམ།སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་བོད་དུ་རྒྱ་དཔེའི་སྐད་དོད་ཡོད་པ་རྣམས་ལ་དཔྱད་ན། མིང་ཕལ་མོ་ཆེ་དང་། ཚིགས་བཅད་ཀྱི་འགྲོ་ལུགས། སྡེབ་སྦྱོར་བསྒྲིག་པ་སོགས་ལ་ཉམས་ལོན་པས་ཤིན་ཏུ་གལ་ཆེའོ། །ཨརྠཱ་ལཾ་ཀ་རཿ དོན་རྒྱན་ཞེས་སོ། །མེ་ལོང་མའི་ལེའུ་ཐ་མར། ཤཔྡཱ་ལཾ་ཀ་རཿ སྒྲ་རྒྱན་དང་། སུ་ཀ་རཿ མརྒཿ དུཥྐ་རཿ བྱ་སླ་བ་དང་། དཀའ་བའི་ལམ་དང་། པྲ་ཧེ་ལི་ཀཱཿ གབ་ཚིག་གི་དཔེ་བཅུ་དྲུག་དང་། དོན་ཉམས་དོན་གསལ་སོགས་སྐྱོན་བཅུ་སྤང་བ་རྣམས་བསྟན་པ་ལས། དང་པོ་སྒྲ་རྒྱན། ཡ་མ་ཀ ཟུང་ལྡན། ཞེས་པ་


MR26_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེའི་ཚོགས་པ་སླར་ཡང་བཟླས་ཏེ་བསྐོར་བ། སངས་རྒྱས་སངས་རྒྱས་སྲས་རྣམས་ལ། བདག་ཅག་ཡང་དང་ཡང་དུ་ནི། །རྡུལ་སྙེད་བསྐལ་པར་རྡུལ་སྙེད་ལུས། །བཏུད་དེ་ཕྱག་འཚལ་རབ་ཕྱག་འཚལ། །ལྟ་བུ་ལ་བར་ཆོད་པ་དང་། མ་ཆོད་པ། དེ་ཡང་ཚིགས་བཅད་རྣམས་ཀྱི་ཐོག་མ་དང་བར་དང་ཐ་མའི་དབྱེ་བས་རྣམ་པ་དུ་མའི་དཔེ་བརྗོད་མཛད་དེ། ཐོག་མའི་ཟུང་ལྡན། ཐ་ཐོག་སྦྱར་བའི་ཟུང་ལྡན་ཞེས་སོགས་སོ། །ཚིགས་བཅད་ཀྱི་རྐང་པ་སླར་ཡང་བཟླས་ཀྱང་དོན་གཞན་སྟོན་པ་སོགས་ཟུང་ལྡན་ཆེན་པོ་དང་། ཚིགས་བཅད། ཨརྡྷ་བྷྲ་མཾ། ཕྱེད་དུ་འཁོར་བ། སརྦ་བྷྲ་མ་ཎཾ། ཀུན་ཏུ་འཁོར་བའམ། སརྦ་བྷ་དྲཾ། ཀུན་ཏུ་བཟང་པོ། གོ་མུ་ཏྲ། བ་ལང་གཅིན། སྭ་ར་ནི་ཡ་མ། དབྱངས་ངེས་པ། སྡྱཱ་ན་ནི་ཡ་མ། གནས་ངེས་པ། བརྑཱ་ནཱི་ནི་ཡ་མ། ཡི་གེ་རྣམས་ངེས་པ། དེ་ལ་གཅིག་དང་གཉིས་སུ་ངེས་པ་སོགས་ཀྱི་རྣམ་དབྱེ་མང་ངོ་། །གབ་ཚིག་གི་མིང་ཀུན་ཏུ་ཚོགས་པ་སོགས་སོ། །སྒྲ་དང་དོན་གྱི་སྐྱོན་སྤངས་ནས་སྒྲ་དོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་ལྡན་པའི་སྙན་ངག་གི་འཇིག་རྟེན་འདིར་བློ་ལྡན་དགའ་བ་བསྐྱེད་པའི་རྒྱུ་རྨད་དུ་བྱུང་བ་ཡིན་ནོ། །སྡེབ་སྦྱོར་ལ་ཉེར་མཁོའི་མིང་ནི། ཙྪནྡ་ས྄། ས་མ་ཙ་ཚནྡཿ སྡེབ་སྦྱོར། དེ་ཡང་ཡི་གེ་དྲུག་པའི་མིང་ལ། གཱ་ཡ་ཏྲཱི། དབྱངས་སྒྲོགས། བདུན་པ། ཨུསྣིཏ྄། ཏ་མ་ཨུསྣིཀ྄ རབ་དགའ། བརྒྱད་པའི་མིང་། ཨ་ནུཥྚུ་བྷ྄། དང་། ཡང་ན་བ་མཐའ་བྱས་པ་རྗེས་བསྔགས། དགུ་པ་བྲྀ་ཧསྟི། ཡངས་མ། བཅུ་པ། བངྐྟིཿ ཕྲེང་ལྡན། བཅུ་གཅིག་པ། ཏྲྀཥྚུ་པ྄། གསུམ་བསྔགས། བཅུ་གཉིས་པ། ཛ་ག་ཏཱི། སྐྱེ་འགྲོ། བཅུ་གསུམ། ཨ་ཏི་ཛ་ག་ཏཱི། ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ། ཤརྐཿ ནུས་ལྡན། བཅོ་ལྔ་པ། ཨ་ཏི་ཤརྐཿ ཤིན་ཏུ་ནུས་ལྡན། བཅུ་དྲུག་པ། ཡཥྞི། ལེགས་སྤྱོད། བཅུ་བདུན་པ། ཨ་ཏི་ཡཥྞི། ཤིན་ཏུ་ལེགས་སྤྱོད།


MR26_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་པ། དྷྲྀ་ཏ། བརྟན་འཛིན། བཅུ་དགུ་པ། ཨ་ཏིདྷྲྀ་ཏ། ཤིན་ཏུ་བརྟན་འཛིན། ཉི་ཤུ་པ། ཀྲྀ་ཏི། བྱེད་ལྡན། ཉེར་གཅིག་པ། པྲ་ཀྲྀ་ཏི། རབ་བྱེད་ལྡན། ཉེར་གཉིས་པ། ཨཱ་ཀྲྀ་ཏི། ཀུན་བྱེད་ལྡན། ཉེར་གསུམ་པ། བི་ཀྲྀ་ཏིཿ རྣམ་བྱེད་ལྡན། ཉེར་བཞི་པ། སཾ་ཀྲྀ་ཏི། ལེགས་བྱེད་ལྡན།ཉེར་ལྔ་པ། ཨ་ཏི་ཀྲྀ་ཏི། ཤིན་ཏུ་བྱེད་ལྡན། ཉེར་དྲུག་པ། ཨ་དྷི་ཀྲྀ་ཏི། ལྷག་པར་བྱེད་ལྡན། ཉེར་བདུན་པ་ཕན་ཆད། དཎྚ་ཀཾ རྒྱུན་ཆགས་སོ། །དེ་དག་གི་ནང་གསེས་སྡེབ་སྦྱོར་གྱི་མིང་ལ་བྲྀཏྟ་དང་། ཛཱ་ཏི་གཉིས་ལས། དང་པོ་ལ། གཞུང་དུ་དངོས་བསྟན། མཉམ་པའི་བྲྀཏྟ་ལ་བརྒྱད་དང་བཅུ། ཕྱེད་མཉམ་ལ་ཉེར་བཀྲ་སོགས་བཅུ་གསུམ། མི་མཉམ་པའི་བྲྀཏྟ་ལ་ཁ་སྒོ་སོགས་ཉེར་གཉིས་བཤད་པ་ནི། དཔེར་ན་ཡི་གེ་དྲུག་པ་ལྕི་ཡང་བསྒྲིག་ཚུལ་མི་འདྲ་བའི་རྣམ་གྲངས་དྲུག་ཅུ་རྩ་བཞི་ཡོད་པ་ལས། གལ་ཏེ་ཏ་ཡ་དག་བསྒྲིག་པ་ལ། མིང་། ཏ་ནུ་མདྷྱཱ། དབུས་ཕྲ་ཞེས་པ་དང་། ཡི་གེ་བདུན་པ་རབ་དགའི་རྫས་ག་འགྲིག་པའི་མིང་། ཀུ་མཱ་ར་ལ་ལི་ཏཱ། གཞོན་ནུ་རོལ་པ་ཞེས་པས་མཚོན་ནས་སྡེབ་སྦྱོར་ལྕི་ཡང་འགྲིག་ཚུལ་གྱི་དབང་ལས་སོ་སོའི་མིང་རྣམས། སྡེབ་སྦྱོར་རིན་འབྱུང་གི་གཞུང་གི་དཔེར་བརྗོད་ལས་གསལ་ཏེ། ཡོན་ཏན་བརྒྱད་ཀྱི་ནང་ཚན་མདོ་ཡིས་དཔེ་བརྗོད་ཀྱང་སྟབས་གཅིག་མཛད་པ་ཡིན་པས་དེ་ལས་ཤེས་པར་བྱ་སྟེ་འདིར་མང་བས་མ་བཀོད་ལ། ཛཱ་ཏིའི་བྱེ་བྲག་ཏུ་གྱུར་པའི་མིང་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཨ་བྷི་དྷཱ་རཾ། མངོན་བརྗོད། མངོན་བརྗོད་འདིར་སྤྱི་མིང་ལ། ཡཱ་དྲྀཙྪི་ཀཿ འདོད་རྒྱལ། ཨ་ནུ་སདྡྷཿ རྗེས་གྲུབ། བྷཱ་བ་ནཱ་མཿ དངོས་མིང་། གཽ་ཎ་ནཱ་མ། བཏགས་མིང་། བཏགས་མིང་ལ། ཀཱ་རེ་ཎེ་ཀཱ་ཪྻོ་པ་ཙཱ་རཿ རྒྱུ་ལ་འབྲས་བུ་བཏགས་པ། ཀཱ་ཪྻེ་ཀཱ་ར་ཎོ་པ་ཙཱ་རཿ འབྲས་བུ་ལ་རྒྱུ་བཏགས་པ་སོགས་ཀྱིས་མཚོན་ནས་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་དང་། འབྲེལ་པ་རྒྱུ་


MR26_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་བྱས་པའི་མིང་ལ་སོགས་པའི་རྣམ་གྲངས་རྣམས་ཀྱང་གཞུང་ལས་བཏུས་ཏེ་ཤེས་པར་བྱ་ཞིང་། དོན་སོ་སོའི་མངོན་བརྗོད་རྣམས་ཀྱང་སྐད་གཉིས་ཤན་སྦྱར་གྱི་གཞུང་འདིར་བསྟན་བྱའི་གཙོ་བོ་ཡིན་པས་གཞུང་འདིར་མངོན་བརྗོད་ཀྱི་བསྟན་བཅོས་སུ་གཏོགས་པ་ཡིན་ནོ། ༈ །བཞི་པ་ཚད་མའི་སྐོར་གྱི་མིང་ལ་སྤྱིར། ཏརྐ་བིདྱཱཿ སྟེ་རྟོག་གེའི་རིག་པ་ཡང་ཟེར་ཏེ་ཕལ་ཆེར་ཚུ་རོལ་མཐོང་བའི་གནས་ལ་སྒྲོ་འདོགས་གཅོད་པའི་ཕྱིར། དེ་སྐད་བརྗོད་ཀྱང་གཏན་ཚིགས་ཀྱི་རིག་པ་ཁྱད་པར་འཕགས་པ་མདོ་དང་སྡེ་བདུན་རྣམས་ཀྱིས་ཚུར་མཐོང་གི་ཡུལ་ལ་འཁྲུལ་བ་བསལ་ནས་ཡང་དག་པའི་དོན་ལ་འཇུག་པའི་སྒོ་ནས་ཡིན་པས་རྟོག་གེ་ཕལ་པ་དང་མི་འདྲ་བ་བྱང་ཆུབ་ལམ་གྱི་སྣང་བ་གསལ་བར་བྱེད་པ་ཡིན་ནོ། །པྲ་མཱ་ཎཾ། ཚད་མ་སྟེ་མི་བསླུ་བའོ། །ཧེ་ཏུ་བིདྱཱཿ གཏན་ཚིགས་རིག་པ་ཡང་ཟེར་ཏེ་དོན་དགག་སྒྲུབ་དུ་བྱ་བ་རྣམས་གཏན་ཚིགས་ཀྱི་སྒོ་ནས་ལེགས་པར་གཞལ་བར་བྱེད་པའི་ཕྱིར་རོ། །དེ་ལ། ཏརྐཿ རྟོག་གེ ཏཱརྐི་ཀཿ རྟོག་གེ་པ། པྲ་མཱ་ཎ་བཱ་དཿ ཚད་མ་སྨྲ་བ། ཚད་མས་དོན་ལ་དཔྱོད་མཁན་གྱི་མིང་། བ་རཱི་ཀྵ་ཀཿ ཡོངས་སུ་རྟོག་བྱེད། ཀཱ་ར་ཎི་ཀཿ རྒྱུ་མཚན་ཅན་ཞེས་སོ། །པྲ་ཏྱ་ཀྵམ྄། མངོན་སུམ། ཨ་ནུ་མཱ་ནམ྄། རྗེས་སུ་དཔག་པ། མངོན་སུམ་ལ། ཨིནྡྲི་ཡ་པྲཏྱ་ཀྵཾ། དབང་པོའི་མངོན་སུམ། དེ་བཞིན། མན་པྲ་ཏྱ་ཀྵམ྄། ཡིད་ཀྱི་མངོན་སུམ། སྭ་སམྦེད་ནམྤྲ་ཏྱ་ཀྵམ྄། རང་རིག་མངོན་སུམ། ཡོ་ག་པྲ་ཏྱ་ཀྵམ྄། རྣལ་འབྱོར་མངོན་སུམ་བཞི། མངོན་སུམ་ལ་སོགས་པའི་རྗེས་སུ། པྲ་མཱ་ཎཾ། སྦྱར་བས་མངོན་སུམ་ཚད་མ་ལ་སོགས་པར་ཤེས་པར་བྱའོ། །རྗེས་སུ་དཔག་པ་ལ། ནྱཱ་ཡཿ རིགས་པ། ཨཱ་ག་མཿ ལུང་གཉིས། དང་པོ་ལ། ཏྲི་རཱུ་པ་ལིངྒཿ ཚུལ་གསུམ་པའི་རྟགས། དེ་ལ། པཀྵ་དྷརྨྨ་ཏྭཾ། ཕྱོགས་ཀྱི་ཆོས། ཨ་ནྭ་ཡཿ རྗེས་སུ་


MR26_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ། བྱ་ཏི་རེ་ཀཿ ལྡོག་པ། དེ་གསུམ་ཚང་བ། སཾ་ལིངྒཿ རྟགས་ཡང་དག་ཅེས་བྱའོ། །མ་ཚང་བ་ལ། ལིངྒཱ་བྷཱ་སཿ རྟགས་ལྟར་སྣང་བ། ཧེ་ཏྭཱ་བྷཱ་ས། རྒྱུའམ་གཏན་ཚིགས་ལྟར་སྣང་བ། དྲྀཥྚཱནྟཱ་བྷཱས། དཔེ་ལྟར་སྣང་བ། རྟགས་ཀྱི་དབྱེ་བ་ལ། རྟག་ལྟར་སྣང་བ་ལ་ཕྱོགས་ཆོས། ཨ་སིདྡྷཿ མ་གྲུབ་པ། ཁྱབ་པ། བི་རུདྡྷཿ འགལ་བ། ཨ་ནཻ་ཀཱནྟི་ཀཿ མ་ངེས་པའོ། །དེ་ཡི་ནང་གི་དབྱེ་བས་མང་པོར་འགྱུར་ཏེ། ཕྱོགས་ཆོས་ལ། ཨ་ནྱ་ཏ་རཱ་སིདྡྷཿ གཅིག་ལ་མ་གྲུབ་པ། སྭ་ཏོ྅་སིདྡྷཿ རང་ལ་མ་གྲུབ་པ། པར་ཏོ྅་སིདྡྷཿ ཕ་རོལ་ལ་མ་གྲུབ་པ། ཨུ་བྷ་ཡཱ་སིདྡྷཿ གཉིས་ཀ་ལ་མ་གྲུབ་པ། ཨཱ་ཤྲ་ཡཱ་སིདྡྷཿ གཞི་མ་གྲུབ་པ་དང་ཁྱབ་པ་ལ་ཡང་། སྭ་ཡཾ་བཱདྱ་སིདྡྷཿ རྒོལ་བ་བདག་ཉིད་ལ་མ་གྲུབ་པ། པྲ་ཏི་བཱདྱ་སིདྡྷཿ ཕྱིར་རྒོལ་བ་ལ་མ་གྲུབ་པ་ལ་སོགས་པ་མང་ངོ་། །ཚུལ་གསུམ་པའི་རྟགས་བཀོད་པའི་དཔེ་ལ། དྲྀཥྚཱནྟཿ དཔེ། དེ་ལ། སཱ་དྷརྨྱ་བཏ྄།ཆོས་མཐུན་པ་ཅན། བཻ་དྷརྨྱ་བཏ྄། ཆོས་མི་མཐུན་པ་ཅན་ནོ། །རྟགས་དེ་ཉིད། ཨ་ནུ་མེ་ཡེ་སྭ་ཏམ྄། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཞེས། དེ་ནི་ཕྱོགས་ཆོས་གྲུབ་པའོ། །ས་བཀྵེ་པ་ཏམ྄། མཐུན་པའི་ཕྱོགས་ལ་ཡོད་པ། དེ་ནི་རྗེས་འགྲོ་གྲུབ་པའོ། །ཨ་ས་བཀྵེ་ཙཱས་ཏམ྄། མི་མཐུན་པའི་ཕྱོགས་ལ་མེད་པ། དེ་ནི་ལྡོག་ཁྱབ་གྲུབ་པའོ། །དོན་སྔ་མ་ཐམས་ཅད་མདོ་ལས་གསུང་ཚུལ་དང་སྦྱར་ན། ཏཏྤྲ་ཏྱཀྵོ་པ་ལབྡྷི་ལཀྵ་ཎ། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཅེས་མངོན་སུམ་བསྟན་ཏོ། །ཏ་དཱ་ཤྲི་ཏ་དྲ་ཏྱ་ཀྵོ་པ་ལབྡྷི་ལཀྵ་ཎཾ། དེ་ལ་གནས་པ་མངོན་སུམ་ཏུ་དམིགས་པའི་མཚན་ཉིད་ཅེས་རྗེས་དཔག །ཛཱ་ཏཱི་ཡ་དྲྀཥྚནྟོ་པ་སཾ་ཧཱ་ར་ལཀྵ་ཎཾ། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད། པ་རི་ནིཥྤནྣ་ལཀྵ་ཎཾ། ཡོངས་སུ་གྲུབ་པའི་མཚན་ཉིད། སུ་བི་ཤུདྡྷཱ་ག་མོ་པ་དེ་ཤ་ལཀྵ་ཎཾ། ལུང་ཤིན་ཏུ་རྣམ་པར་དག་པས་གཏན་ལ་དབབ་པའི་མཚན་ཉིད་དེ། དེ་


MR26_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྒྲུབ་བྱེད་ཡང་དག་པའོ། །དེ་ལྟར་མིན་ན་སྒྲུབ་བྱེད་ལྟར་སྣང་བའི་མཚན་ཉིད་ནི། ཏ་ད་ནྱ་སཱ་རཱུ་པྱོ་པ་ལབྡྷི་ལཀྵ་ཎཾ། དེ་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད། ཏ་ད་ནྱ་བཻ་རཱུ་པྱོ་པ་ལབྡྷི་ལཀྵ་ཎཾ། དེ་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད། སརྦ་སཱ་རཱུ་པྱོ་པ་ལ་ལབྡྷི་ལཀྵ་ཎཾ། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད། སརྦ་བཻ་རཱུ་པྱོ་པ་ལབྡྷི་ལཀྵ་ཎཾ། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད། ཨ་ནྱ་ཛཱ་ཏཱི་ཡ་དྲྀཥྚཱནྟོ་པ་སཾ་ཧཱ་ར་ལཀྵ་ཎཾ། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད། ཨ་པ་རི་ནིཥྤནྣ་ལཀྵ་ཎཾ།ཡོངས་སུ་མ་གྲུབ་པའི་མཚན་ཉིད། ཨ་བི་ཤུདྡྷཱ་ག་མོ་པ་དེ་ཤ་ལཀྵ་ཎཾ། ལུང་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད། ཅེས་སོ། །རྟགས་ཡང་དག་གི་དབྱེ་བ་ལ། སྭ་བྷཱ་བ་ཧེ་ཏུཿ རང་བཞིན་གྱི་གཏན་ཚིགས། ཀཱཪྻ་ཧེ་ཏུཿ འབྲས་བུའི་གཏན་ཚིགས། ཛྙཱ་པ་ཀ་ཧེ་ཏུཿ ཨ་ནུ་པ་ལཾ་བྡྷིཿ ཤེས་པར་བྱེད་པའི་གཏན་ཚིགས་མ་དམིགས་པ་ཞེས། བསྡུས་ན་མ་དམིགས་པའི་གཏན་ཚིགས་ཞེས་བྱ། དེ་ལ། བི་པྲ་ཀརྵཿ བསྐལ་པ་སྟེ་གཞལ་བྱའི་དོན་དེ་བསྐལ་དོན་དུ་སོང་བའི་གང་ཟག་ལ་སྣང་མི་རུང་ཡང་། མ་བསྐལ་པ་སྣང་རུང་གི་དོན་དེ་ཉིད་མ་དམིགས་པའམ། འགལ་བ་དམིགས་པས་ཁེགས་པ་ཡིན་ནོ། །འབྲས་རང་མ་དམིགས་པའི་རྟགས་གསུམ་ལ་ནང་གི་དབྱེ་བ་དུ་མར་འགྱུར་རོ། །བསྒྲུབ་པར་བྱ་བའམ་ཤེས་པར་བྱ་བའི་རྣམ་བཞག་སྤྱི་ལ། པྲ་མེ་ཡཾ། གཞལ་བྱ། ཛྙེ་ཡཾ། ཤེས་བྱ། བྷཱ་བཿ དངོས་པོ། ཨ་བྷཱ་བཿ དངོས་མེད། སཏྟཱ། ཡོད་པ། བྷ་བི་ཏཱ། ཡོད་པ། དེ་བཞིན། བྷ་བ་ཏི། དང་། ཨསྟ་རྣམས་ཡོད་པའོ། །ནཱསྟ། མེད་པ། དེ་བཞིན། ན་བྷ་བ་ཏི། སོགས་ཡོད་པའི་མིང་ལ་དགག་ཚིག་སྦྱར་ན་མེད་པའི་མིང་དུ་འགྱུར་རོ། །སྱཱན྄། དང་། སྱཱཏ། ཡིན་པའམ་འགྱུར་བའམ་ཡོད་པར་ཡང་འགྱུར་རོ། །དེ་ལ་དགག་ཚིག་སྦྱར་བས་མ་ཡིན་པར་ཤེས་


MR26_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སཱ་མཱ་ནྱམ྄། སྤྱི་དེ་ལ། ཛཱ་ཏཱི་ཡ། རིགས་ཀྱང་ཟེར། ཛཱ་ཏཱི་ཡཿ རིགས་མཐུན་པ། བི་ཛཱ་ཏཱི་ཡ། རིགས་མི་མཐུན་པ། བི་ཤེ་ཥཿ བྱེ་བྲག སྭ་ལཀྵ་ཎཾ། རང་གི་མཚན་ཉིད། སཱ་མཱ་ནྱ་མླཀྵ་ཎཾ། སྤྱི་ཡི་མཚན་ཉིད། ཨརྠ་སཱ་མཱ་ནྱཾ། དོན་གྱི་སྤྱི། ཤབྡཱརྠཿ སྒྲའི་དོན། ཨ་བྷི་ལཱ་པ་སཱ་མཱ་ནྱམ྄། བརྗོད་པའི་སྤྱི། བཱ་ཙྱམ྄། བརྗོད་པར་བྱ་བ། བཱ་ཙ་ཀཿ རྗོད་པར་བྱེད་པ། ས་ཀལྤཿ རྟོག་བཅས། བི་ཀལྤཿ རྟོག་མེད། དྲ་བྱཾ་སཏྟཱ། རྫས་ཡོད། གཽ་ཎ་སཏྟཱ། བཏགས་ཡོད། བྷཱ་ས། སྣང་བ། ཨ་པོ་ཧཿ སེལ་བ། བྱཱ་པྲྀཏྟི། ལྡོག་པ། ཨ་ནྱཱ་པོ་ཧཿ གཞན་སེལ། པ་རིཙྪེ་དེ། ཡོངས་གཅོད། བིཙྪེ་དེ། རྣམ་གཅོད། ལཀྵ་ཎཾ། མཚན་ཉིད། ལཀྵ་ཎྱཾ། མཚོན་བྱ། མཚན་གཞི། མཚོན་བྱ་གཉིས་ཀར། ལཀྵྱཾ་བྱས་ཏེ་སྐད་དོད་གཅིག་ཡིན་ཟེར་བའང་སྣང་། ལཀྵྱཾ་མཚན་གཞི་སཾ་བནྡྷ་འབྲེལ་བ། དེ་ལ། ཏ་དཱཏྨྱ་ལཀྵ་ཎཿ སམྦནྡྷཿ དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པ། སྒྲ་བསྡུས་ན། ཨེ་ཀཱཏྨ་སཾ་བནྡྷཿ བདག་གཅིག་འབྲེལ་ཟེར། ཏ་དུཏྤཏྟི་ལཀྵ་ཎཿ སམྦནྡྷཿ དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ། སྒྲ་བསྡུས་ན། ཏ་དུཏྤཏྟི་སཾ་བྷནྡྷཿ དེ་བྱུང་འབྲེལ། དྭི་ཥྛོ་སམྦནྡྷཿ འབྲེལ་བ་ནི་གཉིས་ལ་གནས་པ་ཞེས་ཆོས་གཉིས་སུ་བཞག་པ་ལ་རྒྱུ་མཚན་གང་གི་སྒོ་ནས་འབྲེལ་བར་བརྗོད་པ་ཞེས་པའི་དོན་ཏོ། །བི་རོ་དྷཿ འགལ་བ། དེ་ལ་དབྱེ་བ། ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤང་འགལ་གཉིས། དང་པོ་ལ་དངོས་འགལ་བརྒྱུད་འགལ་གཉིས་ཡོད་དོ། །ཧེ་ཏུཿ རྒྱུ། ཀ་ར་ཎ་མ྄། བྱེད་པའམ་རྒྱུ། དེ་ལ། ཨུ་པཱ་དཱ་ན་ཀ་ར་ཎཾ། ཉེ་བར་ལེན་པའི་རྒྱུ། ས་ཧ་ཀཱ་རི་པྲ་ཏྱ་ཡཿ ལྷན་ཅིག་བྱེད་པའི་རྐྱེན། ཡང་། ཀཱ་ར་ཀ་ཧེ་ཏུཿ བྱེད་པའི་རྒྱུ། བྱཉྫ་ཀ་ཧེ་ཏུཿ གསལ་བར་བྱེད་པའི་རྒྱུ། ཕ་ལཾ། འབྲས་བུ། ཀཱཪྻ་མ྄། འབྲས་བུའམ་བྱ་བ། དེ་ལ། པྲ་ཡཏྣཱ་ནནྟ་རཱི་ཡ་ཀཿ བརྩལ་མ་ཐག་ཏུ་བྱུང་བ་སོགས་དང་། ཨ་བི་ནཱ་བྷཱ་བཿསམྦནྡྷཿ མེད་ན་མི་འབྱུང་བའི་


MR26_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ། ལ་སོགས་པའི་སྒོ་ནས་འབྲས་བུ་ཡིན་པར་བསྟན་པའོ། །རྒྱུ་དང་འབྲས་བུ་རྣམས་མི་རྟག་པའི་རང་བཞིན་ཡིན་ཏེ་རྟག་པ་ལ། ཀྲ་མ་ཡཽ་ག་པ་དྱམ྄། རིམ་དང་ཅིག་ཅར་ཏེ། དེ་ལྟ་བུའི་ཚུལ་དུ་རྒྱུས་བསྐྱེད་ཅིང་དོན་བྱེད་པ་དང་། འབྲས་བུ་སྐྱེ་བ་མི་དམིགས་སོ། །ཡུལ་ཅན་བློ་ལ། ཏྲི་ཥཱ་ནིཥྩཿ སྣང་ལ་མ་ངེས་པ། ཙརྩྪ། ཡིད་དཔྱོད། ཐེ་ཚོམ། པྲ་མཱ་ཎ། ཚད་མ། ཙྪེད་ཛྙཱ། བཅད་ཤེས་སམ། ནིཥྩ་ཡཛྙཱ། ངེས་ཤེས་སོ། །བློ་ཐམས་ཅད་བཞིར་འདུ་སྟེ། ཨ་བུདྡྷཿ མ་རྟོགས་པ། མི་ཐྱཱ་ཀལྤ། ལོག་པར་རྟོག་པ། བི་ཙི་ཀིཏྶཿ ཐེ་ཚོམ། སཾ་བུདྡྷིཿ ཡང་དག་པར་རྟོགས་པའོ། །མངོན་སུམ་ཐམས་ཅད། ཀལྤ་ནཱ་པོ་ཊ་ལཀྵ་ཎཾ། རྟོག་པ་དང་བྲལ་བའི་མཚན་ཉིད། ཡང་དག་པའི་ཤེས་པ་དང་། ཚད་མ་ཐམས་ཅད་ནི། ཨ་བྷྲཱནྟ་ལཀྵ་ཎཾ། མ་ནོར་བའི་མཚན་ཉིད་དེ་མ་འཁྲུལ་བའོ། །ཤེས་པའི་དབྱེ་བ་ལ། ས་མྱགྫྷཱ་ནམ྄། ཡང་དག་པའི་ཤེས་པ། མི་ཐྱཱཛྙཱ་ནཾ། ལོག་པའི་ཤེས་པ། ས་བི་ཀལྤ་ཀམ྄། རྣམ་པར་རྟོག་པ་དང་བཅས་པ། ནིརྦི་ཀལྤ་ཀམ྄། རྣམ་པར་རྟོག་པ་མེད་པ། སཱ་ཀཱ་ར་མ྄། རྣམ་པ་དང་བཅས་པ། ནི་རཱ་ཀཱ་རམ྄། རྣམ་པ་མེད་པ། ཨ་ནྱཱ་ཀཱ་རམ྄། གཞན་གྱི་རྣམ་པ་སོགས་ཀྱིས་བརྗོད་པའོ། །ཡུལ་ཡུལ་ཅན་གྱི་མིང་། བི་ཥ་ཡིན྄། ནམ་ཡི། ཡུལ་ཅན། བི་ཥ་ཡའམ་ཡཱ། ཡུལ། གོ་ཙ་རའམ་རཱ། སྤྱོད་ཡུལ་ཞེས་སོ། །ཡུལ་དེ་ལ་དབྱེ་ན་སྣང་ཡུལ་ཞེན་ཡུལ་འཇུག་ཡུལ་བཟུང་ཡུལ་ཞེས་བཞིར་གནས་སོ། །ཐ་སྙད་ཀྱི་རྣམ་བཞག་ལ། བྱཱ་བ་ཧཱ་ར། ཐ་སྙད། སཱཾ་ཀེ་ཏཿ དང་སཱཾ་ཀེ་ཏི་ཀཾ བརྡ་སྟེ་བརྡར་བཏགས་པའོ། །བརྡ་དེ་ལ་ཤེས་པའི་ཐ་སྙད་དང་བརྗོད་པའི་ཐ་སྙད་འཇུག་པའི་ཐ་སྙད་གསུམ་དང་། ཡང་མཐོང་བའི་ཐ་སྙད། ཐོས་པའི་ཐ་སྙད། བྱེ་བྲག་ཕྱེད་པའི་ཐ་སྙད་ཉམས་སུ་མྱོང་བའི་ཐ་སྙད་བཞིའོ། །ཡང་དགག་སྒྲུབ་ཀྱི་ཡན་ལག་བཞི་སྟེ། སཱ་དྷ་ནམ྄། སྒྲུབ་པ། པྲ་ཏི་ཥེ་


MR26_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དྷཿ དགག་པ། སཏྟཱ་སཱ་དྷ་ནཾ། ཡོད་པར་སྒྲུབ་པ། སྱཱ་ཏ་སཱ་དྷ་ནཾ། ཡིན་པར་སྒྲུབ་པ། དེ་གཉིས་སྒྲུབ་པའི་ཐ་སྙད་དོ། །ཕྲ་ས ཛྫ་པྲ་ཏི་ཥེ་དྷཿ མེད་པར་དགག་པ། པྲཪྻུ་དཱ་ས་པྲ་ཏི་ཥེ་ཏཿ མ་ཡིན་པ་དགག་པ་བཞིའོ། །ཚད་མ་ལ་བརྗོད་རིགས་ཀྱི་དབྱེ་བ། ཨུ་པ་པཏྟི། འཐད་པ། ཧེ་ཏུཿ རྒྱུ་མཚན་ནམ་རྒྱུ་སྟེ་གོ་བར་བྱེད་རྒྱུའོ། །དེ་གཉིས་ཀའང་གཏན་ཚིགས་ཀྱི་མིང་དུ་འགྱུར། སྭ་ཏཿཔྲ་མཱ་ཎམ྄། རང་གི་ཚད་མ། པ་ར་ཏཿཔྲ་མཱ་ནམ྄། ཕ་རོལ་ལམ་གཞན་གྱི་ཚད་མ། སམྦྷ་བཏྤྲ་མཱ་ཎ་མ྄། སྲིད་པའི་ཚད་མ། ཨཱ་དྷེ་ཡཱ་ཏི་ཤ་ཡཿ བསྒྱུར་དུ་རུང་བ། ཨ་ནཱ་དྷེ་ཡཱ་ཏི་ཤ་ཡཿ བསྒྱུར་དུ་མི་རུང་བ།ཨ་ནྱཱ རྠཱ་ནུ་མཱ་ན མ྄། གཞན་དོན་རྗེས་དཔག དེའི་སྐབས་སུ་འདི་ལྟར་ཡིན་ཅེས། པྲ་ཏི་ཛྙཱ། དམ་བཅའ་བ་སྟེ་ཁས་ལེན་པ། པཀྵཿ ཕྱོགས། སཱ་དྷྱཿ བསྒྲུབ་བྱ། སཱ་པཀྵཿ རང་གི་ཕྱོགས། པ་ར་པཀྵཿ གཞན་གྱི་ཕྱོགས། དེ་ལ། བཱ་དཱི། རྒོལ་བ་སྟེ་སྒྲུབ་བྱེད་སྨྲ་བ་ལ་ཟེར། པྲ་ཏི་བཱ་དཱི། ཕྱིར་རྒོལ་བ་སྟེ་སྔ་མའི་དམ་བཅའ་ལ་སུན་དབྱུང་སོགས་སོ་སོར་སྨྲ་ལའོ། །དེ་ལ། པཱུརྦ་པཀྵཿཕྱོགས་སྔ་མ། ཨུཏྟ་ར་པཀྵཿ ཕྱོགས་ཕྱི་མའང་ཟེར་བརྗོད་ངག་ལ། སཱ་དྷ་ནམ྄། སྒྲུབ་པ། དུ་ཥ་ཎཾ། སུན་དབྱུང་བ། པྲ་སཾ་ག ཐལ་འགྱུར། དེ་དག་སོ་སོར་ནང་གི་དབྱེ་བ་དུ་མར་འགྱུར། མངོན་སུམ་དང་རྗེས་དཔག་དང་། ལུང་གིས་བསལ་བ། གྲགས་པས་བསལ་བ་བཞིའོ། །གྲགས་པས་བསལ་བ་ཞུགས་པ་སོགས། ཨ་ལོ་ཀི་ཀཱརྠོཏྭཏྟིཿ འཇིག་རྟེན་པའི་དོན་མ་ཡིན་པ་བྱུང་བ། ཨ་ས་མཉྫཱ་སཿ འཆལ་བའམ་འཁྲུགས་པའམ་ཅལ་ཅོལ་དུ་གྱུར་པ། དེ་སོགས་སྤང་བྱའོ། །སུན་འབྱིན་ཡང་དག་དང་། ལྟར་སྣང་གཉིས། ལྟར་སྣང་ལ། ཛཱ་ཏིཿ སྟེ་ལྟག་ཆོད་ཟེར། བཱ་དཿ སྨྲ་བའམ་རྩོད་པ། བི་བཱ་ད། རྩོད་པ་སྨྲ་བ། ཙེ་དྱམ྄། བརྒལ་བ། པ་རི་ཧཱ་རཿ ལན། ས་མཱ་དྷཱ་ན྄ཾ། ལན་གདབ་པ། ཨ་ནུ་ཡུཀྟཿ བརྒལ་བ། པྲ་ཏྱ་ནུ་ཡུཀྟཿ ཕྱིར་བརྒལ་བ། ངག་སྦྱོར་བ་ལ་


MR26_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དམ་བཅའ་བ་དོན་གང་ཡིན་དེར་ཁས་བླངས་པ། དེ་བསྒྲུབ་པ་ལ་ཕྱོགས་ཆོས་དང་ཁྱབ་པ་བསྒྲུབ་ནས། དཔེ། ཨུ་པ་ན་ཡཿ ཉེ་བར་སྦྱར་བ། ཨུ་པ་སཾ་ཧཱ་རཿ ཉེ་བར་སྦྱོར་བ། བྱས་ནས་མཐར་བརྗོད་པ་དེ་ཐམས་ཅད་ཀྱིས་དམ་བཅའ་བའི་དོན་གང་ཡིན་པ་དེ་ཉིད་གྲུབ་པའི་ཕྱིར། ནི་ག་མ་ནམ྄། མཇུག་སྡུད་ཅེས་བྱ་སྟེ་དངོས་སུ་དེ་ལྟར་ཡིན་ནོ་ཞེས་བརྗོད་ཀྱང་དོན་དེ་ལྟར་ཡིན་པར་སོང་ལ། དམ་བཅའ་ཡང་དང་པོར་སྒྲས་དངོས་སུ་བརྗོད་པ་མེད་ཀྱང་དོན་གྱི་ཡན་ལག་ཏུ་འགྱུར་པས་སྤྱིར་ལྔར་བྱས་ཀྱང་འགལ་བ་མེད་དོ། །བཱ་དཿ སྨྲ་བ། བཱ་དཱ་དྷི་ཀ་ར་ཎཾ། སྨྲ་བའི་ཞལ་ཆེ་བ། རཱ་ཛཱ་ཀུ་ལཾ། རྒྱལ་པོ་བཞུགས་པ། ཡུཀྟ་ཀུ་ལཾ། བསྐོས་པ་འདུ་བའི་ས། ས་བྷཱ། འདུས་པ་སྟེ་དེ་ལྟ་བུའི་གནས་སུ། བཱ་དཱ་དྷིཥྛཱ་ནཾ། སྨྲ་བའི་གཞི། བཱ་དཱ་ལཾ་ཀཱ་ར། སྨྲ་བའི་རྒྱན། བཱ་དཱ་ནི་གྲ་ཧཿ སྨྲ་བ་ཆད་པས་བཅད་པ། བཱ་ད་ནིཿ ས་ར་ཎཾ། སྨྲ་བ་ལས་བྱུང་བ། བཱ་དེ་བ་ཧུ་ཀ་རཱ་དྷརྨྨཿ སྨྲ་བ་ལ་གཅེས་སྤྲས་དགོས་པའི་ཆོས། ཨ་པ་བཱ་དཿ ཚིག་ངན་སྨྲ་བ། ཨ་ནུ་བཱ་དཿ མཐུན་པར་སྨྲ་བ། ཨ་པ་བཱ་དཿ གདམས་པ་སྨྲ་བ། ཤཱིསྟྲཱི་ཡཱ་བཱ་དཿ བསྟན་བཅོས་ལས་བྱུང་བ་རྣམས་སྨྲ་བ། ཞེས་སོགས་དང་། བཱ་མཱ་ཎི་ཀཱ་ས་ཧཱ་ཡ་ཀཱ།ཚད་མར་རུང་བའི་ཟླ་གྲོགས། བཱ་དཱ་བི་དྷི་ཛྙཱ་ན་བྷ་བི་ཏ་བྱཾ། སྨྲ་བའི་ཚུལ་ཤེས་པར་བྱ་བ། ཨཱཏྨ་ཀཱ་མ། བདག་ལེགས་སུ་འདོད་པ། ནོ་ཏུ་བི་གྲྀ་ཧྱ་བཱ་དཿ བརྩད་ཅིང་སྨྲ་བར་མི་བྱ། པྲཱ་བཱ་དཿ རྨང་ཁྱེར་བ་སྨྲ་བ། ཨཱ་ཛྙཱ་མཱ་རཱ་ག་ཡ་ཏི། ཀུན་ཤེས་པ་ཐོབ་པར་བྱེད། ཛི་ཛྙཱ་སཱ། སད་པའམ་བགམ་པ། བི་ཌམྦ་ནཱ། ཅོ་འདྲི་བ། ཨཱ་དེ་ཡ་བཱ་ཀྱཾ། ཚིག་གཟུང་བའམ་བཙུན་པ། ཆགས་སྡང་མེད་པར་ཆོས་བཞིན། སཱཏྐ་ཐྱཾ། འབེལ་བའི་གཏམ་བགྱིས་ན། དེའི་གྲགས་པའི། པྲ་བཱ་དཿ སྨྲེང་ཕྱོགས་སུ་བསྒྲགས་ཤིང་། ཡ་ཤཿ གྲགས་པར་འགྱུར་རོ། །ཚད་མའི་སྐབས་


MR26_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དཔེ་སོགས་སུ་བརྗོད་པའི་སྐད་དོད་འགའ་ཞིག་བྱེ་བྲག་རྟོགས་བྱེད་དུ་གསུངས་པ་བཀོད་པ། ཤབྡ་བྲཧྨཱཿ སྒྲའི་ཚངས་པ་ཞེས་སོ། །ཡི་གེ་ཨོཾ་ལ་སྒྲའི་ཚངས་པ་ཞེས་སྐབས་འགའ་ཞིག་ཏུ་བཤད། སྭ་པྣཱནྟི་ཀ་རཱུཔ྄྄ཾ། རྨི་ལམ་དུ་རྨིས་པའི་རྫས། པི་པཱི་ལི་ཀོཏྶ་ར་ཎཿ གྲོག་མ་གྱེན་དུ་འཛེགས་པ། མ་སྱ ཏ་བི་ཀཱ་རཿ ཉ་འཕར་བ། མ་ཧཱ་ན་སཾ། ཚང་མང་། ནཱི་ཧཱ་རཿ ཁུག་རྣ། བཱཥྤཿ རླངས་པ། ཏུཥཱ་རཿབ་མོ། མཱ་ཏུ་ལུཾ་གམ྄། མ་དུ་ལུང་ག ཀ་ད་ལཱི། ཆུ་ཤིང་། ཀནྡཿ རྩ་བ། ཙིཏྲ་བ་ཏངྒཱ། ཕྱེ་མ་ལེབ་ཁྲ་བོ། ཤཱ་ལུ་ཀཿ ཨུཏྤལའི་རྩ་བའོ། །དེ་ལྟར་ཉམས་མཚར་ཚུལ་དུ་བྱེ་བྲག་རྟོགས་བྱེད་ལས་གསུངས་པའི་གཏན་ཚིགས་རིག་པའི་སྐད་དོད་རྣམས་གོ་བའི་འགྲོས་དང་སྦྱར་བའི་གོ་རིམ་བསྡེབས་ཤིང་། མིང་འགའ་ཞིག་གི་སྐད་དོད་ཀྱིས་ཁ་བསྐང་སྟེ་བཀོད་པའོ། ༈ །ད་ནི་གཏན་བདེ་ཐར་ལམ་གཙོ་བོར་སྟོན་པ་ནང་དོན་རིག་པ་ལ། སྤང་བྱ་ཕྱི་རོལ་མུ་སྟེགས་པ་དང་། བླང་བྱ་ནང་པ་སངས་རྒྱས་པ་གཉིས། དང་པོ་ལ་ལྟ་བ་དྲུག་ཅུ་རྩ་གཉིས་དང་། རིགས་ཀྱི་དབྱེ་བ་སུམ་བརྒྱ་དྲུག་ཅུ་སོགས་ཡོད་པ་ལས། རྩ་བ་བསྡུས་པ་ཏརྐ་སྡེ་ལྔ་སྟེ། སྤྱི་མིང་དུ། ཏརྐཿ རྟོག་གེ ཏཱིརྠི་ཀཿ མུ་སྟེགས་པའམ་མུ་སྟེགས་ཅན། ཏཱིརྠྱ་ཀ་རཿ མུ་སྟེགས་བྱེད། ཀིརྠི་ཀོ་ར། མུ་སྟེགས་བྱེད། པ་རི་པྲ་ཛ་ཀཿ ཀུན་དུ་རྒྱུ། པཱ་ཥཎྚི་ཀཱཿ ཡ་མཚན་ཅན་ཞེས་སོགས། བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པས་ཕྱི་རོལ་པ་ཡང་ཟེར། དེའི་བྱེ་བྲག སཾ་ཁྱཿ གྲངས་ཅན་པ། བཻ་ཤེ་ཥེ་ཀཿ བྱེ་བྲག་པ། མཱི་མཱྀནྶ་ཀཿསྤྱོད་པ་བ། ནིརྒྲནྠཿ གཅེར་བུ་བ། ལོ་ཀཱ་ཡ་ཏཿ འཇིག་རྟེན་རྒྱང་ཕན་པ་སྟེ། པཉྩ་ཏརྐ་སརྒྒཱ། རྟོག་གེ་སྡེ་ལྔ་ཞེས་པ་དེར་རྣམ་གྲངས་མང་པོ་ཀུན་འདུས། གཞན་ཡང་ལྷ་སོ་སོའི་མིང་གི་གྲངས་ཅན་པ་ལ། ཨཱི་ཤྭ་ར། དབང་ཕྱུག་པ། ཤཻ་པཿ ཞི་བ་པ། པཱ་ཤུ་པ་ཏིཿ ཕྱུག་བདག་


MR26_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་དང་། སྟོན་པ་པོའི་མིང་གིས། ཀ་པི་ལཿ སེར་སྐྱ་པ་སོགས་འདི་དེ་ཉིད་ཉེར་ལྔ་འདོད་མཁན་དེ་ཡིན། བྱེ་བྲག་པ་ལ། རིག་པ་ཅན་པ་སོགས་དང་། ཀཱ་ཎཱ་དཱ། གཟེག་ཟན་པ་སོགས་ཟེར། འདི་ཚིག་གི་དོན་དྲུག་འདོད་མཁན་དེ་ཡིན། ལ་ལས་གཟེག་ཟན་པའི་རྗེས་འབྲང་བྱེ་བྲག་པ་དང་། བྲམ་ཟེ་རྐང་མིག་གི་རྗེས་འབྲངས་རིག་པ་ཅན་པ་ཞེས་ཐ་དད་དུ་ཕྱེ་བ་ཡོད་ཀྱང་གྲུབ་མཐའི་ཁོག་གཅིག་པས་དོན་གཅིག་མིང་གི་རྣམ་གྲངས་སུ་འགྱུར་རོ། །དེར་མ་ཟད་རྟོག་གེ་སྡེ་ལྔ་སོ་སོར་ཡང་ནང་གསེས་ཀྱི་འདོད་ཚུལ་ཕྲ་མོ་མི་འདྲ་བ་དུ་མ་ཡོད་ཀྱང་སྤྱི་རིགས་ནས་ལྔ་པོ་དེར་འདུའོ། །སྤྱོད་པ་ལ། བཻདྱཿ རིག་བྱེད་པའམ་སྨན་པ། བྲཧྨཱ། ཚངས་པའམ་བྲམ་ཟེ་བ། བིཥྞུ་ཁྱབ་འཇུག་པ་སོགས་དང་། ཁ་ཅིག་ཏུ་དཔྱོད་པ་པར་ཡང་འབོད། རྒྱལ་དཔོགས་པ་སོགས་ཟེར། འདི་དག་ནང་ཚན་གྱི་དབྱེ་བ་བརྗོད་པར་འདོད་པའང་ཡོད་མོད་ཀྱི་སྤྱིར་སྤྱོད་པའི་མིང་དུ་འགྱུར། འདི་དག་ནི་འཇུག་པ་བཅུ་ལྡན་གྱི་ཁྱབ་འཇུག རིག་བྱེད་སྐྱེས་བུས་མ་བྱས་པ། ཁྲུས་དང་ཡུལ་སོགས་ཀྱི་དག་པ་ཁས་ལེན་པ་དེ་ཡིན། འདི་པས་རིག་བྱེད་ནི་སྐྱེས་བུས་མ་བྱས་པའི་རང་བྱུང་ཡིན་པས་བདེན་པའི་དོན་ཅན་ཡིན་ལ། སྐྱེས་བུས་བྱས་པའི་ངག་ནི་འཁྲུལ་བར་སྲིད་པའི་ཕྱིར་བདེན་པའི་དོན་ཅན་ཡིན་པའི་ངེས་པ་མེད་ལ། རྨོངས་སོགས་སེམས་ཀྱི་ཉེས་པ་ཐམས་ཅད་ཟད་པའི་སྐྱེས་བུ་མི་སྲིད་དེ། དྲི་མ་སེམས་ཀྱི་གཤིས་ཡིན་པའི་ཕྱིར་དང་། ཐམས་ཅད་ཤེས་པའང་མི་སྲིད་དེ། ཤེས་བྱ་མཐའ་མེད་པའི་ཕྱིར་རོ། །ཞེས་སྨྲ་བ་ཡིན་ནོ། །དེ་དག་གི་ནང་ཚན། ཨུ་པ་ནི་ཥད྄། རིག་བྱེད་མཐའ། བཻ་དྱཱནྟ་གུ་ཧྱཿ རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ཞེས་ཐམས་ཅད་བདག་ཆེན་པོ་གཅིག་གི་རང་བཞིན་དུ་འདོད་པའང་ཡོད་དོ། །གཅེར་བུ་པ་ལ། ཨ་ཙེ་ལ་ཀཿ གོས་མེད་པ། དེའི་དབང་གིས་འཛེམ་མེད་པ་དང་ནམ་མཁའི་གོས་


MR26_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སོགས་སུའང་བཏགས། གཅེར་བུར་བྱ་བ་སོགས་ཀྱི་དཀའ་ཐུབ་དང་དགེ་བཅུའི་སྡོམ་པས་དུག་གསུམ་ལས་སྐྱེས་པའི་ལས་ཀྱིས་བཅིང་པ་ཐམས་ཅད་ཟད་པར་འདོད་པས། ཀྵ་པ་ཎཿ ཟད་བྱེད་པ་ཞེས་ཟེར། སྲོག་ཡོད་པ་ནི་སེམས་ལྡན་ཏེ། ས་སོགས་འབྱུང་བ་བཞི་ལ་སེམས་ཡོད་པ་དང་། དེའང་འབྱུང་བ་དང་ཤིང་དང་སེམས་ཅན་ལ་དབང་པོ་གཅིག་ནས་ལྔ་བར་ལྡན་པ་ཡོད་པར་འདོད་ཅིང་། སྒྲ་དྲི་རོ་འོད་ནམ་མཁའ་གྲིབ་མ་འཇའ་གཟུགས་བརྙན་སོགས་སྲོག་མེད་དེ་སེམས་མེད་དུ་འདོད་དོ། །གྲོལ་བའི་ཚེ་སྲིད་པའི་རྩེ་མོར་གདུགས་དཀར་པོ་བཀན་པ་ལྟ་བུའི་དཀར་པོ་ཞིག་ཏུ་འགྱུར་བས་ཐར་པ་གཟུགས་ཅན་དུ་འདོད་ཅིང་ཤེས་བྱ་ཐམས་ཅད་ཡུལ་དུས་གྲངས་ཀྱི་སྒོ་ནས་དུ་མ་ཡིན་ཀྱང་རང་བཞིན་གཅིག་ཡིན་པས་རྔ་མོ་ནི་ཞོར་འགྱུར་ལ་ཡང་མི་འགྱུར་རོ། །ཞེས་སོགས་སྨྲ་བ་ཡིན་ནོ། །སྤྱི་མིང་བྱེ་བྲག་ལ་ཞུགས་པས། འདི་པ་ལ་ཀུན་ཏུ་རྒྱུ་དང་ཡ་མཚན་ཅན་ཡང་ཟེར། ཚངས་པ་ལྷར་འཛིན་པའི་ཚངས་པ་པ་དང་། བྲམ་ཟེ་རྒྱལ་བ་སྟོན་པར་འཛིན་པས་རྒྱལ་བ་པ་དང་། ཨཱ་ཧ་རྟཿ མཆོད་འོས་པ་ཡང་ཟེར། བརྟུལ་ཞུགས་ཀྱི་བྱེ་བྲག་ལས། ཀེ་ཤོཏྒུཉྩ་ནཾ། སྐྲ་འབལ་བ། ཀ་པཱ་ལཱི། ཐོད་པ་ཅན། མེ་ལྔ་བསྟེན་པ་དང་། སྨྱུང་བ་དང་། མི་སྨྲ་བ་སོགས་ཀྱི་བརྟུལ་ཞུགས་ལ་གནས་པས། མ་ཧཱ་པྲ་ཏཱི། བརྟུལ་ཞུགས་ཆེན་པོ་པ། རཱམ་པྲ་ཏཱི། རངས་བྱེད་ཀྱི་བུའི་བརྟུལ་ཞུགས་ཅན། མྲྀ་ག་ཤྲཱྀཾག་པྲ་ཏཱི། ཤ་རུའི་བརྟུལ་ཞུགས་ཅན། ཀྲྀཥྞ་མུ་ཁཿ ངོ་གནག མ་ཡཱུ་ར་པྲ་ཏཱི། རྨ་བྱའི་བརྟུལ་ཞུགས་ཅན།པཱཎྚ་ར་བྷི་ཀྵུཿ སློང་བ་དཀར་པོ། ཏྲི་དཎྜཱི། དབྱིག་གུ་གསུམ་པ། ཨེ་ཀ་དཎྜཱི། དབྱིག་གུ་གཅིག་པ། དྭི་དཎྜཱི། དབྱིག་གུ་གཉིས་པ། གོ་ཤྲཱི ག་པྲ་ཏཱི། གླང་རུའི་བརྟུལ་ཞུགས་ཅན་ཞེས་སོ། །དེ་ལ་སོགས་པ་མུ་སྟེགས་ཀྱི་མིང་རྣམས་ཕལ་ཆེར་སྤྱོད་པ་དང་ཆ་ལུགས་ལས་


MR26_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་མང་ངོ་། །རྒྱང་ཕན་པ་ལ་ལོ་ཀཱ་ཡ་ཏཿ ཞེས་པ་འཇིག་རྟེན་འཇིག་རྟེན་ཅི་ཙམ་ཞེས་པའི་དོན་ཏེ་ཚེ་འདི་གང་གི་འཇིག་རྟེན་འབའ་ཤིག་ཙམ་ལ་ཕན་པ་བསྒྲུབ་པས་འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། ཚེ་འདི་རྒྱང་རྒྱང་པོའི་དོན་བྱེད་པའི་སྒོ་ནས་བཏགས་པ་ཡིན་པར་གསུངས། དེའི་དོན་ལ་བསམ་ནས་ཚེ་ཕྱི་མའི་དོན་རྒྱང་རིང་དུ་འཕེན་པའམ་དོར་བས་རྒྱང་འཕེན་ཞེས་བརྗོད་པའང་སྣང་མོད། གཙོ་བོར་སྔ་མ་ལྟར་དེའི་མིང་གདགས་པར་མཛད་པ་ཡིན་ནོ། །འདི་པའི་ལུགས་ནི་སྔོན་ལྷ་དང་ལྷ་མིན་འཐབ་ཚེ་ལྷ་རྣམས་རྒྱུ་འབྲས་ཚད་མར་འཛིན་པས་འཐབ་མ་འདོད་པ་ན། ལྷ་ཕུར་བུས་འཇིག་རྟེན་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པའི་བསྟན་བཅོས་བྱས། ཕྱིས་འགྱོད་ཀྱང་གྲོག་མཁར་བས་མི་ཡུལ་དུ་དར་བར་བྱས་པ་ལ་བརྟེན་ནས། འདི་པའི་ལུགས་ཀྱིས། ལུས་སེམས་རྫས་གཅིག་སྟེ་མར་མེ་དང་མར་མེའི་འོད་དང་འདྲ། ཤི་ནས་སྐྱེ་བ་ལེན་པ་དང་། སྔ་མ་ནས་འདིར་འཕོས་པའི་ཚེ་སྔ་ཕྱི་མེད། དེ་བཞིན་ལས་རྒྱུ་འབྲས། མ་མཐོང་བའི་འགྲོ་བ། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པར་སྐུར་བ་འདེབས་ཅིང་། འབྱུང་བ་བཞི་ཡོད་པ་དང་། དེ་ལས་དངོས་པོ་དང་འགྲོ་བ་རྣམས་བྱུང་བ་དང་། རྗེས་དཔག་ཚད་མ་མིན་ཞིང་མངོན་སུམ་གཅིག་པུ་ཚད་མར་འདོད་དོ། །ཚེ་འདི་གང་ལ་ཕན་ཐབས་བརྒྱ་བྱིན་དང་ཉི་ཟླ་ལྷར་མཆོད་པས་བརྒྱ་བྱིན་སོགས་ཟེར། ལྷ་ཕུར་བུའི་གཞུང་གི་རྗེས་སུ་འབྲང་བས་ཕུར་བུ་པ་དང་། ལས་རྒྱུ་འབྲས་ལ་སྐུར་པ་བཏབ་པས་ཆད་པ་བ་དང་། ཚེ་འདི་གང་རྐྱང་བར་འདོད་པས་རྐྱང་བ་པ་དང་། ཚེ་འདི་ལ་གང་ཕན་གང་མཛེས་བསྒྲུབ་པས་ཚུ་རོལ་མཛེས་པ་ཞེས་ཟེར་རོ། །འདིའི་ལུགས་འཛིན་པའི་སྟོན་པ་དྲུག་ནི། པཱུ་ར་ཎཿཀཱ་ཤྱ་པཿ འོད་སྲུང་རྫོགས་བྱེད། མསྐ་རཱི་གོ་ཤཱ་ལཱི་པུ་ཏྲཿ ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ། སཉྫ་ཡཱི་བཻ་


MR26_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རཊྚཱཾ་པུ་ཏྲཿ སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན། ཨ་ཛིཏ྄ཿཀཻ་ཤ་ཀམྤ་ལཿ མི་ཕམ་སྐྲ་ཡི་ལྭ་བ་ཅན། ཨ་ཀུ་དཿ ཀཱ་ཏྱཱ་ཡ་ནཿ ཀ་ཏྱའི་བུ་ནོག་ཅན། ནི་གྲནྠོ་ཛྙཱ་ཏི་པུ་ཏྲཿ གཅེར་བུ་པ་གཉེན་གྱི་བུ་སྟེ་འདི་དག་སྟོན་པ་ཞལ་བཞུགས་དུས་སུ་བྱུང་བའོ། །གཞན་ཡང་སངས་རྒྱས་ཉིད་མ་བྱོན་པའི་གོང་དུ་རིགས་བྱེད་ཀྱི་གཞུང་འཛིན་པའི་མུ་སྟེགས་ཅན་མང་དུ་བྱུང་སྟེ། ཨ་རཱ་ཌཿཀཱ་ལ མཿ སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར། ཨུ་དྲ་ཀོ་རཱ་མ་པུ་ཏྲཿ རངས་བྱེད་ཀྱི་བུ་ལྷག་སྤྱོད་ཅེས་གྲགས་པ་ལ་སོགས་པའོ། །རྒྱང་ཕན་སོགས་མུ་སྟེགས་པ་བྱེ་བྲག་གི་མིང་དག་ཀྱང་མུ་སྟེགས་པ་སྤྱི་བརྗོད་པའི་སྐབས་སུ་སྦྱར་བའང་ཡོད། མུ་སྟེགས་པ་ཐམས་ཅད་ལ་རྟོག་གེ་པ་ཞེས་བརྗོད་པ་ནི། རྟོག་གེ་ཞེས་པ་ཚུ་རོལ་མཐོང་བ་འཇིག་རྟེན་པའི་དབང་པོ་དང་ཤེས་པའི་སྤྱོད་ཡུལ་ལས་མ་འདས་པའི་དོན་ཏེ། འདི་དག་གི་ལུགས་ལ་ཡོད་མེད་ལས་འདས་པ་སྐད་དུ་སྨྲ་ཞིང་བློ་ཅི་ཟབ་ཀྱང་འཇིག་རྟེན་ལས་འདས་པའི་དོན་ཟབ་མོ་མཐོང་བ་མེད་པས་ཚུར་མཐོང་རྟོག་གེ་པ་ཞེས་བྱའོ། །དེའི་ཕྱིར་རིན་ཆེན་ཕྲེང་བ་ལས། ཡོད་མེད་འདས་པར་སྨྲ་ན་དྲིས་ཞེས་དང་། ཆོས་ཀྱི་ཁུད་པ་ཡིན་ཞེས་གདའ། ཞེས་གསུངས་པ། ཁུད་པ་ནི་སྒེར་དུའམ་ཐུན་མིན་ཞེས་པ་སྟེ། གཞན་གྱི་ལུགས་ལས་གུད་དུ་གྱུར་ཅིང་མ་འདྲེས་པ་ཐུན་མོང་མིན་པ་ཡིན་ཞེས་པའི་དོན་ཏོ། །སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱི་མིང་། སུ་ཤྲུ་ཏཿ ལེགས་ཐོས། ཧཱ་རི་ཏཿ ལྗང་སྔོའི་བུ། ཧ་རིཤྩནྡྲཿ སེང་གེ་ཟླ་བ། བྷྲྀ་གུཿ ངན་སྤོང་། དྷནྡནྟ་རིཿ ཐང་ལ་བར། ཛཱ་དྲྀ་ཀརྞཿ རྒྱ་སྐྱེགས་རྣ། བྷེ་ཌཿ གཟེངས་ཅན། ཀཱ་ཤྱ་པཿ འདྲོ་བ་སྐྱོང་བུ། ཨ་གསྟིཿ རི་བྱི། ཨཱ་གསྟྱཿ རི་བྱི་བའམ་རི་འདོར་བ་སྟེ། ཨཱ་ག་རི། ཏྱཛ྄་འདོར་བའི་བྱིངས་ལ་ཌ་རྐྱེན་སུ་ཊ་ཨཱ་ག་མ་སྦྱར་བས་སཏྱ་ཞེས་གྲུབ་སྟེ་དྲང་སྲོང་འདིས་རི་འབིགས་བྱེད་བསྒྱེལ་བས་དེ་སྐད་གྲགས་


MR26_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སན་ཏ་ནཿ གཡུང་དྲུང་། ས་ནཏ྄་ཀུ་མཱ་ར། ཀུན་འགྱེད་གཞོན་ནུ། ཁཱ་ར་ནཱ་དཱི། སྒྲ་དྲག་གི་བུ། ཨཱ་ཏྲེ་ཡཿ རྒྱུན་ཤེས་ཀྱི་བུ། པྲ་ཛཱ་པ་ཏི། སྐྱེ་དགུའི་བདག པཱ་ར་ཤ་ར། རྩིབ་ལོགས་སྐྱེས། ཀ་པི་ལ་མ་ཧཱརྵིཿ དྲང་སྲོང་ཆེན་པོ་སེར་སྐྱ། ཀ་ཎཱ་ད་མ་ཧཱརྵིཿ དྲང་སྲོང་ཆེན་པོ་གཟེག་ཟན། ཨ་ཀྵ་པཱ་དཿ རྐང་མིག་ཅན། བྱཱ་སཿ རྒྱས་པ། བྷཱ་ར་དྷྭ་ཛ། བྷ་ར་རྒྱལ་མཚན། བ་སིཥྛཿ གནས་འཇོག ན་ར་དཿ མིས་བྱིན་གྱི་བུ། ཨགྣི་བེ་ཤཿ མེ་བཞིན་འཇུག ཨ་ར་ནི་མིཿ རྩིབས་ཀྱི་མུ་ཁྱུད་ཞེས་སོ། །སྔོན་གྱི་དྲང་སྲོང་འདི་རྣམས་དཀའ་ཐུབ་དང་བསམ་གཏན་གྲུབ་པ། མངོན་ཤེས་དང་རྫུ་འཕྲུལ་དང་བདེན་པ་གྲུབ་པ་སོགས་ཅི་རིགས་པས་འཇིག་རྟེན་ལ་ཕན་འདོགས་པ་དང་། རིག་བྱེད་སྣ་ཚོགས་ཀྱི་ཚུལ་སྟོན་པར་བྱེད་པའོ། །ཕྱི་རོལ་མུ་སྟེགས་པའི་ལུགས་དེ་དག་གི་སོ་སོའི་གཞུང་ལས་བྱུང་བའི་རྣམ་བཞག་གི་མིང་གི་དབྱེ་བ་ཤིན་ཏུ་མང་ན་ཡང་། གཙོ་བོ་ཆེ་ལོང་བརྗོད་པ་ལ་མུ་སྟེགས་རིག་པ་ཅན་གྱི་གཞུང་ལས་བྱུང་བ། རྟོག་གེའི། ཥོ་ཌ་ཤ་པ་དཱརྠཱ། ཚིག་གི་དོན་བཅུ་དྲུག་ནི། པྲ་མཱ་ཎམ྄། ཚད་མ། པྲ་མེ་ཡམ྄། གཞལ་བྱ། སཾ་ཤ་ཡཿ ཐེ་ཚོམ། པྲ་ཡོ་ཛེ་ནམ྄། དགོས་པ། དྲྀཥྚཱནྟཿ དཔེ། སིདྡྷཱནྟཿ གྲུབ་པའི་མཐའ། ཨ་པ་ཡ་བཿ ཆ་ཤས། ཏརྐཿ རྟོག་གེ ནིརྑ་ཡཿ གཏན་ལ་དབབ་པ། བཱ དཿ རྩོད་པ། ཛལྤཿ བརྗོད་པ། བི་ཏཎྚཿ སུན་ཅི་ཕྱིན་དུ་རྒོལ་བ། ཧེ་ཏྭཱ་བྷཱསཿ རྒྱུའམ་གཏན་ཚིགས་ལྟར་སྣང་བ། ཙྪ་ལཿ ཚིག་དོར་ཞེས་ཚིག་གི་བརྗོད་ཚུལ་འདྲ་བ་སོགས་ཀྱི་སྒོ་ནས་ཚིག་དོར་དུ་བསྡེབས་ཏེ་བརྩད་པའི་མིང་བོད་དུ་ཚིག་འཁྲི་ཟེར་བའང་འདི་ལ་གཏོགས། ཛཱ་ཏིཿ དང་། ཛཱ་ཏྱུཏྟ་རཿ ལྟག་ཆོད། ནི་གྲ་ཧསྡྱཱ་ནམ྄། ཆད་པའི་གནས་ཏེ་རྒོལ་བ་གང་ཕམ་པ་ལ་སྨྲ་བའི་དབང་པོས་ཆད་པ་བྱ་བའོ། །དེ་དག་གི་གཞུང་ན། ཨིནྡྲི་ཡཱརྠ་སིནྣི་ཀརྵོཏྤནྣ་ཛྙཱ་ནཾ། དབང་པོ་དོན་


MR26_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕྲད་པ་ལས་བྱུང་བའི་ཤེས་པ། པྲ་ཏྱ་ཀྵཾ། མངོན་སུམ། ཨ་བྱ་པ་དེ་ཤྱམ྄། བསྟན་དུ་མེད་པ། ཨ་བྱ་བྷེ་ཙཱ་རཱི། འཁྲུལ་པ་མེད་པ། བྱ་བ་སཱ་ཡཱཏྨ་ཀམ྄། རྟོགས་པའི་བདག་ཉིད་ཅེས་བྱ་བ་སོགས་ཀྱི་ཐ་སྙད་སྣ་ཚོགས་དང་། རྣམ་བཞག་སྣ་ཚོགས་ཡོད་དོ། །གྲངས་ཅན་པའི་གཞུང་ལས་བྱུང་བ་ནི། ཙཻ་ཏྱ་ནྱམ྄། ཤེས་པ་ཡོད་པ་ནི་བདག་ཤེས་རིག་གི་སྐྱེས་བུའོ། །པྲ་དྷཱ་ནམ྄། གཙོ་བོ། དེའི་མིང་། པྲ་ཀྲྀ་ཏིཿ རང་བཞིན་ཡང་ཟེར། དེ་ལ་ཡོད་པའི་ཡོན་ཏན། ས་ཏྭམ྄། སྙིང་སྟོབས། ར་ཛཿ རྡུལ། ཏ་མཿ མུན་པ་སྟེ་གསུམ། དེ་གསུམ་ཆ་མཉམ་པ་ལ། མ་ཧཱན྄། ཆེན་པོ་ཞེས་བྱ། དེ་ལས། ཨ་ཧཾ་ཀཱ་ར། ངར་འཛིན། དེ་ལས། པཉྩ་བུདྡྷཱིནྡྲི་ཡ་ཎི། བློའི་དབང་པོ་ལྔ། དང་། པཉྩ་ཏབྡཱ་ཏྲཱ་ཎ། དེ་ཙམ་ལྔ་སྟེ། བཅུ་འབྱུང་། བློའི་དབང་པོ་ལྔ་ནི། རྣ་བ་སོགས་ལྔ་སྟེ་མིང་སྤྱི་དང་འདྲ། ཡིད་ཀྱང་བློའི་དབང་པོའོ། །དེ་ཙམ་ལྔ་ནི་སྒྲ་རེག་བྱ་གཟུགས་དྲི་རོ་ལྔ་སྟེ་མིང་གཞན་དང་འདྲ། དེ་ལྔ་ལས་རིམ་བཞིན་མཁའ་ང་མེ་ཆུ་ས་སྟེ་འབྱུང་བ་ལ་བྱུང་བའི་མིང་གཞན་དུ་གསལ། ལུས་ཀྱི་དབང་པོ་ལས། ལས་བྱེད་པའི་དབང་པོ་ལྔ་བྱུང་སྟེ། བཱཀ྄ ངག་གམ་ཚིག པཱ་ཎིཿ ལག་པ། པཱ་དཿ རྐང་པ། པཱ་ཡུཿ རྐུབ། ཨུ་པ་སྡྱམ྄། མདོམས་ཏེ་ལྔའོ། །དེ་ལྔ་ལ། ཀརྨེ་ནྡྲི་ཡཾ། ལས་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔས་བསྡུས་པར་འདོད། དབང་ཕྱུག་ཆེན་པོ་ལྷར་འཛིན་ཞིང་དེ་མཉེས་པའི་ཐབས་ལ་བརྩོན་པར་བྱེད། དབང་ཕྱུག་དེའི་ཡོན་ཏན་བརྒྱད་ནི། ཨ་ཎི་མཱ་དང་ཨ་ཎུ་ཏྭཾ། ཕྲ་བ། ལ་གྷི་མཱ། ཡང་བ། མ་ཧི་མཱ། མཆོད་པར་བྱ་བ། ཨི་ཤི་ཏྭཾ། དབང་པོའམ་བདག་པོར་གྱུར་པ། བ་ཤི་ཏཱཾ། དབང་དུ་གྱུར་པའམ། དབང་བྱེད། པྲཱཔྟཱི། གར་ཡང་ཕྱིན་པའམ་ཐོབ་པ། པྲཱ་ཀཱ་མྱམ྄། འདོད་དགུར་ལྡན་པའམ་རབ་འདོད། མཏྲ་ཀཱ་མཱ་བསཱ་ཡི་ཏྭཾ།


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next