Nitartha Digital Library
Tibetan
 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


MR26_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་བྷཱ་ཏྨིཀཱ། དགེ་བའི་ཚིག ཚིག་སྙན་པའི་མིང་། ཨ་ཏྱརྠ་མ་དྷུ་རཾ། ཤིན་ཏུ་སྙན་པ། སཱནྟྲཾ། ཚིག་སྙན་པ། འཐད་ཚིག་གི་མིང་། སཾ་ག་ཏཾ། འཐད་ཚིག ཧྲྀ་ད་ཡཾ་གམཿ ཡིད་ལ་འབབ་པ། དགའ་བའི་ཚིག་བདེན་གཏམ་ཅན་གྱི་མིང་། སཱུ་ནྲྀ་ཏཾ། ལེགས་བདེན་ཞེས་སོ། །གསུམ་སོགས་ཀྱི་སྤྱོད་ཡུལ་མིན་པ་སྟེ་མིང་གཉིས་ཁོ་ནའི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་གྲོས་ཀྱི་མིང་། ཨ་ཥ་ཌ་ཀྵཱི་ནཿ མིག་དྲུག་མིན་པ་ཞེས་ཀུན་གྱི་ཐུན་མོང་མིན་པའི་གསང་ཚིག་གི་དོན་ཏོ་ཞེས་བཤད། བྱ་བ་གསང་བ་ལའང་དེ་འཇུག་རུང་སྙམ་མོ། །དབྱངས་འཆར་རྒྱུད་ལས་རྣ་བཞི་པ་ཞེས་གསུངས་པ་མི་གཉིས་ཁོ་ན་ལས་སྨྲ་བ་དེ་གཞན་གྱིས་མི་ཐོས་པར་བྱེད་པའི་གསང་ཚིག་གི་དོན་ཡང་འདི་དང་འདྲའོ། །ལེགས་པར་སྨྲ་བ་ཅན་གྱི་མིང་། བཱ་ཙོ་ཡུཀྟོ་པ་ཊུཿ རིགས་གསལ་སྨྲ་བ། བཱགྨི་ན྄། དང་། བཱགྨཱི། གསལ་བའི་ངག་ཅན། བཱ་བ་དཱུ་ཀཿ ལེགས་གསུངས། པཀྟྲྀ། བཀྟཱ། ལེགས་སྨྲ། ཁྱད་པར་མང་པོ་སྨྲ་མཁན་ལ། བ་དཿ ཁྱད་པར་སྨྲ་བ། བ་དཱ་བ་དཿ མང་སྨྲ། བཀྟྲྀ། དང་། བགྟཱ། སྨྲ་མཁན་ཞེས་སོ། །དགའ་བའི་སྒྲ་སྒྲོགས་པའི་མིང་། ནཱ་ན་དི་བཱ་དཱིཿ དགའ་བར་བརྗོད་པའི་ཚུལ་ཅན། ནཱནྡཱི་ཀ་རཿ དགའ་བྱེད་དམ་བསྟོད་པ་བྱེད་པ། ཤཀླཿ སྙན་སྒྲ། ཨུཀྠ། སྙན་ཚིག པྲི་ཡམྦ་དཿ དགའ་བའི་ངག་ཅན། སྤྱོས་པའམ་ནན་ཏུར་བྱེད་པ་ལ། པྲཱཔྟཾ། སྤྱོས་པ། པྲ་ཎི་ཧི་ཏཾ། བརྒྱད་བཀག་པ། མིང་འདི་གཉིས་བཞག་པ་དང་ཐོབ་པའི་དོན་དུ་འཆད་པ་ཡོད་པ་མི་འགལ་ཏེ། ཨཱཔྟཾ། ཞེས་པ་ཐོབ་པ་བཞག་པ་བརྒྱད་བཀག་གསུམ་ཀ་ལ་འཇུག་པའི་ཕྱིར་རོ། །ཞེས་བཤད། བསྟོད་པའི་མིང་། ཨཱི་ལི་ཏཾ། བསྟོད་པ། ཤསྟཾ། བསྔགས་པ། བ་ཎཱ་ཡི་ཏཾ། ལེགས་བརྗོད། བནཱ་ཡི་ཏཾ། ལེགས་བསྔགས། པྲ་ཎུ་ཏཾ། གྲགས་བརྗོད། པ་ཎི་ཏཾ།


MR26_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་བྱས། བ་ནི་ཏཾ། བསྟོད་བྱས། གཱིརྑཾ། སྙན་པར་བརྗོད། བརྞྞི་ཏཾ། ཡོན་ཏན་བརྗོད། ཨ་བྷིཥྚུ་ཏཾ། མངོན་པར་བསྟོད། སྟུ་ཏཾ། རབ་བསྔགས། ཨཱི་ཌི་ཏཾ། རབ་བསྟོད་ཅེས་སོ། །འབོད་པར་བྱེད་པའི་མིང་། ཧ་བཿ འབོད་པ། ཧཱུ་ཏིཿ སྦྲོན་པའམ་འབོད་པ། དེ་དག་འགྲན་པ་ལའང་འཇུག མང་པོས་འབོད་པ་ལ། སཾ་ཧཱུ་ཏིཿ ཀུན་འབོད། གཞན་ཡང་། ཨཱ་ཀཱ་ར་ཎཿ སྐད་གཏོང་བ། ཨཱ་ཧྭཱ་ནཾ། མིང་འབོད། བྲན་གཡོག་སོགས་མིང་ནས་བོས་ཏེ་ལས་སོགས་ལ་མངགས་པའི་མིང་། པྲ་ཏི་ཤཱ་ས་ནཿ སླར་བསྒོ་བ། འཐབ་མོའི་འབོད་པའི་མིང་། ཨ་བྷི་ཡོ་གཿ མངོན་སྦྱོར། ཨ་བྷི་གྲ་ཧཿ མངོན་འཛིན། འདི་དག་སྟོབས་ཀྱིས་གནོན་པ་ལའང་འཇུག སཻ་ནཱ་ཀ་ཐཱ། དམག་གི་གཏམ། ཨ་ཤཱི་ལཾ། ཚིག་དོར་བའམ་མི་གཤེ་བ། ནཱ་ད་ཏིཿ གྲག་པའམ་སྒྲ་འབྱིན་པ། ནི་ཀུ་ཛ་ཡ་ཏིཿ སྐད་འབྱིན། སྱཱཛྙ་དཿ གལ་གཉིས་སུ་སྨྲ་བ། ཨ་ལམ་ནེ་ན་བི་བཱ་དེ་ན། བརྩད་པ་འདི་ཅི་ཞིག་བྱ་ཞེའམ། བརྩད་པ་འདི་ཐོང་། བི་ཥ་སོ྅་ཡ་སུ་བནྱཱ་སཿ བཞག་པའམ་སྨྲས་པ་འདི་ནི་མི་མཐུན་པའོ། །ཧཱ་ཧཱ་ཀཱ་ར་ཀི་ལི་ཀི་ལཱ་པྲ་ཀྵེ་ཌི་ཏ་ཤབྡཿ ཨ་ལ་ལ་ཞེས་ཅ་ཅོ་དང་། ག་ཞའི་སྒྲ། པྲཀྵཱི་ཊི་ཁ་ཅིག་ཏུ་འུར་སྒྲར་ཡང་གདགས། པཽ་རཱི། ཕོ་བྲང་འཁོར་གྱི་སྐད་དམ་འཁོར་དུ་གྲགས་པ། ཞེས་སོ། །ཧ་སཿ དགོད་པ། ཧཱ་སཿ བཞད་པའམ་གད་མོ། ཧཱ་སྱཾ། བཞད་གད། དཀོད་པའམ་ཅུང་ཟད་དགོད་པ་ལ། སྨི་ཏཾ། འཛུམ་བུ། བར་མར་དགོད་པ། བི་ཧ་སི་ཏཾ། གད་མོ། ཨཱཙྪུ་རི་ཏ་ཀཿ དྲག་ཏུ་དགོད་པ་སྟེ་ག་ཆད་དུ་དགོད་པའོ། །ཛ་ཀྵཱ་ཏི། དགོད་པ། གཞན་ཡང་བསྟོད་ཚིག་དང་། སྙན་གྲགས་ཆོས་འཆད་པ་སོགས་ཀྱི་ངག་སྣ་ཚོགས་གོང་དུ་འང་སོང་། སཾ་པིད྄། ཁས་ལེན་པ། པྲ་ཏི་ཛྙཱ་ནཾ། དམ་བཅའ། སཾ་ཤྲ་བཿ ཁས་འཆེ་བ། ཨུ་རཱི་ཀྲྀ་ཏཾ། ཁས་བླངས། ཨུར་རཱི་ཀྲྀ་ཏཾ། ཁས་འཆེས། ཨཱ་ཤྲུ་ཏཾ།


MR26_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བྱས། པྲ་ཏིཛྙ་ཏཾ་། དམ་བཅའ(སཾ་ཤྲ་པཿ ཁས་འཆེ་བ། ཨུ་རཱི་ཀྲི་ཏཾ་ཁས་བྲངས། སུར་རི་ཀྲི་ཏཾ། ཁས་འཆེས་སཱཤྲུ་ཏཾ། ཆད་བྱས། པྲ་ཏི་ཛྙཏཾ། དམ་བཅས)སཾ་གཱིརྞྞཾ། གཙིགས་བཟུང་། བི་དི་ཏ། གལ་བཟུང་། སཾ་ཤྲུ་ཏཾ། གལ་བསྡམས། ཨཱ་གཱུཿ ཕྱོགས་ཟུང་། ནི་ཡ་མཿ དེས་བྱས། ཨཱ་ཤྲ་བ། གཉན་བྱས། ཨཾ་གཱི་ཀཱ་རཿ བདག་གིར་བྱས་པ། པྲ་ཏི་ཤྲ་པཿ སོ་སོར་མཉན་པ། ཨ་ནུ་ཡུཀྟཿ བརྒལ་བ། པྲ་ཏྱུ་ནུ་ཡུཀྟཿ ཕྱར་བརྒལ། བི་བཱ་དཿ ཤགས་སམ་རྩོད་པ། ས་མཱ་ཧི་ཏཾ། ཁ་ཆད་བྱས། ཨུ་པ་ཤྲུ་ཏཾ། གཙིགས་བྱས། ཨུ་པ་ཏ་ཏཾ། ཞལ་གྱིས་བཞེས། ཨངྒཱི་གྲྀ་ཏཾ། ཞལ་འཆམས། ཨ་བྷྱུ་པ་གམ། ཁས་བླངས་པ། ས་མཱ་དྷི། ལེགས་བཟུང་ངོ་། །དབྱངས་མཐོ་བར་འདོན་པ་སོགས་གོང་དུ་སོང་། དེ་སོགས་སྐད་དང་ཚིག་གི་བྱེ་བྲག་ཤིན་ཏུ་རྣམ་པ་མང་པོར་འགྱུར་བ་ཤེས་པར་བྱའོ། ༈ །སེམས་ཀྱི་མིང་། ཙིཏྟཾ། སེམས། ཙེ་ཏསྭ། དང་། ཙེ་ཏཿ སེམས་པ། ཧྲྀ་ད་ཡཾ། སྙིང་། སྭཱནྟཾ། སྒྲོགས་བྱེད། ཧྲྀད྄། འཕྲོག་བྱེད། མཱ་ན་སཾ། ཡིད་བྱེད། མ་ནས྄། དང་། མ་ནཿ ཡིད། སེམས་བྱུང་ཤེས་རབ་བམ་བློའི་མིང་། བུདྡྷིཿ བློ་གྲོས། པྲཛྙཱ། ཤེས་རབ། མ་ནཱིཥཱཿ ཡིད་རྟོག དྷི་ཥ་ཎཱ། སྤོབས་བྱེད། དྷྲྀཥྚ། སྤོབས་པ། དྷཱིཿ བློའམ་སེམས་བྱེད། ཤེ་མུ་ཥཱི། རྨོངས་འཇོམས། མ་ཏིཿ བློ། པྲེཀྵཱ། རབ་མཐོང་། ཨུ་པ་ལབྡྷིཿ ཉེ་བར་དམིགས་པ། ཙི་ཏ། ཤེས་པའམ་རིག་པ། བི་དྲ། རིག་པ། བིནྣཿ དང་། བིཏྟཿ རིག་པ། ཀྟའི་མཐའོ། །སཾ་བིཏྟཾཿ ཡང་དག་པར་རིག་པ། སཾ་བིད། ལེགས་རྟོགས། པྲ་ཏི་བདྲ། གོ་བ། ཛྙ་པྟིཿ ཤེས་པ། ཙེ་ཏ་ནཱ། སེམས་པ། བློའི་ཁྱད་པར་འཛིན་པའི་ནུས་པ་དང་ལྡན་པའི་མིང་། མེ་དྷཱ། ཡིད་གཞུང་། དེ་ལྟར་བློའི་མིང་ཐམས་ཅད་མོ་རྟགས་སོ། །འདི་བྱའོ་སྙམ་པ་སོགས་ཡིད་ཀྱི་ལས་ཀྱི་མིང་། སཾ་ཀལྤཿ ཀུན་རྟོག །སྒྲ་སྙན་པ་ལྟ་བུ་སོགས་ཡུལ་ལ་ཡིད་ལྷག་པར་འཇུག་པའི་མིང་། ཙིཏྟཱ་བྷོ་གཿ སེམས་ཀྱི་འབད་རྩོལ།


MR26_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མ་ན་སྐཱ་རཿ ཡིད་བྱེད། མ་ན་སི་ཀཱ་རཿ ཡིད་ལ་བྱེད་པ། ཚད་མས་དོན་དཔྱོད་པའི་མིང་། ཙརྩྩ། དཔྱོད་པ། སཾ་ཁྱཱ། བགྲང་བ། བི་ཙཱ་ར་ཎཿ རྣམ་དཔྱོད་དོ། །ལྷག་པར་དཔྱོད་པའི་མིང་། ཨ་དྷྱཱ་ཧཱ་རཿ ལྷག་པར་དཔྱོད་པ། ཏརྐྐཿ རྟོག་གེ ཨཱུ་ཧཿ མནོ་བསམ། མི་ནོ་ཛལྤཿ ཡིད་རྟོག །ཨ་བ་དྷཱ་ར་ཎཾ། ངེས་པར་འཛིན་པའམ་དབྱེ་བ། ཐེ་ཚོམ་གྱི་མིང་། བི་ཙི་ཀིཏྶཱ། ཐེ་ཚོམ། སཾ་ཤ་ཡཿ སོམ་ཉི། སཾ་དེ་ཧཿ ནེམ་ནུར། དྭཱ་པ་རཿ ཡིད་གཉིས། ངེས་པའི་མིང་། ནིཎྞ་ཡཿ གཏན་ཕེབས། ནིཤྩ་ཡཿ ངེས་པ། ཀྵི་ཎཾ། ངེས་པ་རྙེད་པ། ལོག་ལྟའི་མིང་། མི་ཐྱཱ་དྲིཥྚིཿ ལོག་ལྟ། ནཱསྟི་ཀ་ཏཱ། མེད་པ་པ། བརྗེད་པའི་མིང་། ཨནྟརྒྒ་ཏཾ། བརྗེད་པ། བི་སྨྀ་ཏཾ། མ་དྲན་པ། གནོད་སེམས་ཀྱི་མིང་། བྱཱ་པཱ་དཿ གནོད་སེམས། དྲོ་ཧ་ཙིནྟ་ནཾ། འཚེ་སེམས་སམ་འཁུ་སེམས་སོགས་གཞན་གོང་འོག་ཏུ་ཤེས་སོ། །ཡིད་ཀྱི་སེམས་པའི་བྱེ་བྲག་ཤིན་ཏུ་མང་བ་ལས། ཅི་རིགས་སེམས་བྱུང་དུ་བསྟན་པ་དང་། འདོད་ཁྲོ་སོགས་ཡིད་ཀྱི་རྣམ་འགྱུར་གྱི་མིང་། བྷཱ་བཿ ཡིད་ཉམས་སམ་ཤེས་བྱེད། ཡིད་ཀྱི་རྣམ་འགྱུར་གང་དེ་རིགས་པ་ནི། ཨ་ནུ་བྷཱ་བཿ རྗེས་སུ་ཤེས་པའམ་ཉམས་སུ་མྱོང་བ། བློའི་ནུས་པའི་མིང་། དྷཱི་ཤཀྟིཿ བློ་ནུས། ནིཥྐྲ་མཿབློ་རྩལ་ཏེ།ཇི་སྐད་དུ། བསྟེན་དང་ཉན་པ་ཉིད་དང་ནི། །རང་གིར་བྱེད་དང་འཛིན་དེ་བཞིན། །དཔྱོད་དང་སེལ་བ་དོན་ཤེས་དང་། །དེ་ཉིད་ཤེས་རྣམས་བློའི་ཡོན་ཏན། །ཞེས་བརྒྱད་དུ་བཤད་པ་ལྟ་བུའོ། །དེ་ལ་སེལ་བའི་སྐད་དོད། ཨ་བོ་ཧ། ཞེས་དཔྱད་པ་འདོད་པའི་དོན་ཏོ། །དོན་ལ་སེམས་པའི་མིང་།ཨུ་པཱ་དྷིཿ ཉེར་འཛིན། དྷརྨ་ཙི ། ཆོས་ལ་སེམས། དྲན་པའི་མིང་། ཙི ། སེམས་པ། ཨདྷྱ་ནཾ། བསམ་མནོ། སྨ་ར་ཎཾ། སེམས་བྱེད་ཅེས་སོ། །སྔར་མེད་དངོས་མཐོང་ཡ་མཚན་པའི་མིང་། ཀཽ་ཏུ་ཧ་ལཾ། ལྟད་མོར་ཆེ་བ། ཀཽ་ཏུ་ཀཾ མཚར་ཆེ་བ། ཀུ་ཏུ་ཀཾ ངོ་མཚར་བ། ཀཱུ་ཏུ་ཧ་ལཾ།


MR26_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མཚན་པ་འདི་དག་རྩེད་མོའི་སྐབས་སུའང་སོང་མོད། སྤྱིར་འཇུག་པའི་དབང་གིས་འདིར་ཡང་བཤད་དོ། །ཡིད་ཀྱི་བསམ་དཔྱོད་སོགས་ཅི་རིགས་སྔར་བརྗོད་ཟིན། འདོད་སྲེད་ཅན་གྱི་མིང་། གྲྀདྷྣུ། འདོད་སྲེད་ཅན། གརྡྡ་ནཿ རྔ་ཅན། ཨ་བྷི་ལཱ་ཥུ་ཀཿ མངོན་པར་སྲེད་པ། ཀཱ་མུ་ཀཿ ཆགས་ལྡན། ཨ་ནུ་ཀཿ རྗེས་སུ་ཆགས་པ། ཀམ྄ཿ འདོད་ཆགས་ཅན། ཀ་མ་ནཿ འདོད་བྱེད། ཀཱ་མ་ནཿ ཆགས་བྱེད། ཨ་བྷི་ཀཿ མངོན་ཆགས། བྷཱི་རིང་པོར་བྱས་ན་མངོན་འདོད་དུའང་བསྒྱུར། ཀ་མི་ཏྲྀ། ཏྲ། ཆགས་ཚུལ། སཱུབྡཱ་དཿ མྱོས་པའི་ཚུལ་ཅན། ཨུབྡ་དིཥྞུཿ སྨྱོ་ཚུལ་ཅན། ཨ་བི་ནི་ཏཿ མ་དུལ་བ། ས་མུདྡྷ་ཏཿ རྒོད་བག་ཅན། ངོ་ཚ་མེད་པའི་སྤྱི་བརྟོལ་ལ་སོགས་ཀྱི་མིང་། དྷྲྀཥྚཿ སྤྱི་བརྟོལ་ཅན། དྷྲྀཥྞ་ཛ྄གྲ ཕོད་པ་ཅན། དྷྲྀཥྞུཿ དང་། བི་ཡཱ་ཏཿ འཚེར་མེད། པྲ་གལྦྷཿ དཔྲལ་སྒོ་ཅན་ཏེ་ཕོ་ཤེད་མ་སྤོབས་པའི་མིང་། པྲ་ཏི་བྷ་ནཱི་ཏྭཿ སྤོབས་ཅན་ཞེས་དང་། སྤོབས་པ་ཕོ་ཤེད་ཀྱི་མིང་དུ་སྤ་ལོའང་ཟེར། ཨ་ཏི་ཀཿ དཀྱིལ་ཆེ་བ་ཞེས་སོ། །སཱ་ཧ་སཿ ཐུབ་ཆོད། སྤྱི་བརྟོལ་མེད་པའི་མིང་། ཨ་དྷྲྀཥྚཿ སྤྱི་བརྟོལ་མེད་པ། ཤཱ་ལཱི་ནཿ འཛེམ་བག་ཅན་ནམ། སྤྱི་བརྟོལ་མི་ནུས་པས། ཁང་བར་བཞག་འོས་པའི་ཕྱིར་ཁང་འོས་ཞེས་བྱའོ། །ནད་དང་བཀྲེས་སྐོམ་སོགས་ཀྱིས་སེམས་འཁྲུགས་པར་གྱུར་པའི་མིང་། ཨ་དྷཱིརཿ མི་བརྟན་པ། ཀཱ་ཏ་རཿ བག་ཚ་ཅན། འཇིགས་པའི་ངང་ཚུལ་ཅན་གྱི་མིང་། བྷཱི་རུཿ འཇིགས་རུང་། ཏྲསྣུཿ འཇིགས་ཚུལ། བྷཱི་རུཀཿ འཇིགས་ཅན། བྷཱི་ལུ་ཀཿ འཇིགས་ཚུལ་ཅན། འདོད་དོན་ཐོབ་འདོད་མིང་། ཨཱ་ཤཾ་སུཿ ཐོབ་འདོད། ཨཱ་ཤཾ་སི་ཏྲིའམ་ཏཱ། འདོད་འདུན། འཛིན་པར་བྱེད་པའི་ངང་ཚུལ་ཅན་ལ། གྲྀ་ཧ་ཡཱ་ལུཿ འཛིན་བྱེད། གྲྀ་ཧཱི་ཏྲྀ། འམ། ཏཱ། འཛིན་པའི་ཚུལ་ཅན། ཤྲདྡྷཱ་ཡུཿ དད་


MR26_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ལཛྫཱ་ཤཱི་ལཿ ངོ་ཚ་བའི་ཚུལ་ཅན། ཨ་པ་ཏྲ་པིཥྞུཿ སྐྱེངས་པའི་ཚུལ་ཅན། འདུད་ཚུལ་ཅན་ལ། བནྡཱ་རུཿ འདུད་བྱེད། ཨ་བྷི་བཱ་ད་ཀཿ གསོང་པོར་སྨྲ་བའམ་མངོན་ཕྱོགས་སྨྲ་བ། འཁུ་ཞིང་འཚེ་བའི་ཚུལ་ཅན་ལ། ཤ་རཱ་དུཿ གསོད་འདོད། གྷཱ་ཏུ་ཀཿ འཇོམས་འདོད་དམ་འཇོམས་བྱེད། ཧིཾ་སྲཿ འཚེ་བྱེད། ཛྙཱ་ཏྲྀ། དང་། ཛྙཱ་ཏཱ། ཤེས་པ་ཅན། བི་དུརཿ ཤེས་ལྡན། བིནྡུཿ མཁྱེན་ཚུལ་ཅན། བཟོད་ཐུབ་པའི་ཚུལ་ཅན་མིང་། ས་ཧིཥྞུཿ བརྣག་ནུས། ས་ཧ་ནཿ སྲན་ནུས། ཀྵནྟྲྀ། དང་། ཀྵནྟཱ། བཟོད་པ། ཏི་ཏིཀྵུཿ བཟོད་ཐུབ།ཀྵ་མི་དྲྀ། འམ། ཏཱ། བཟོད་ལྡན། ཀྵ་མིན། དང་། ཀྵ་མཱི། རྐྱེན་ཐུབ། ཁྲོ་བའི་ངང་ཚུལ་ཅན་གྱི་མིང་། ཀྲོ་དྷ་ནཿ ཁྲོ་བ། ཨ་མཪྵ་ཎཿ མི་བཟོད་པ། ཀོ་པིན྄། ཀོ་པཱི། དཔུང་བ། ཤིན་ཏུ་ཁྲོས་པའི་མིང་། ཙཎྚཿ གཏུམ་པོ། ཁྲོ་ཆགས་སོགས་ཞི་བའི་སེམས་ཀྱི་མིང་། ཤམ་ཐཿ ཞི་བ། ཤ་མཿ དུལ་བ། ཤཱནྟིཿ ཞི་བྱེད་དམ་ངེས་པ། ཡི་ཆད་དམ་ཡིད་ཕམ་པའི་མིང་། མ་ནོ་ཧ་ཏཿ ཡིད་ཕམ་པ། པྲ་ཏི་ཧ་ཏཿ ཡི་ཆད་པ། པྲ་ཏི་བདྡྷཿ གེགས་བྱས་པ། ཧ་ཏཿ བཅོམ་པ། འཇིགས་ནས་འབྲོས་མཁན་གྱི་མིང་། ཀནྡི་ཤཱི་ཀཿ བྲོས་པོའམ་ཕྱོགས་ག་ན་བ། ཀ་ཐོག་མ་རིང་བའང་ཡོད། བྷ་ཡ་དྲུཏཿ འཇིགས་བྲོས། ལོག་གཡེམ་ཅན་ལ། ཨཱཀྵཱ་རི་ཏཿ བྱི་བཤོར་བ། ཀྵཱ་རི་ཏཿ ལོག་གཡེམ་བྱས་པ། ཨ་བྷི་ཤསྟཿ སུན་ཕྱུངས་པ། མྱ་ངན་སོགས་ཀྱིས་འདི་བྱེད་མེད་པར་ཧོང་འཐོར་བའི་མིང་། བི་ཧསྟཿ བྱ་བ་ཤོར་བ། བྱཱ་ཀུ་ལཿ ཧོར་སྟོར་བ། འཆི་ལྟས་ཕོག་པའི་སེམས་ཀྱི་མིང་། བི་བ་ཤཿ ལོག་དབང་ཅན། ཨ་རིཥྚ་དུཥྚ་དྷཱིཿ འཆི་ལྟས་ཀྱིས་བསྒོས་པའི་སེམས། བསམ་པ་ཁྱོགས་པོའི་མིང་། ནི་ཀྲྀ་ཏཿ ཡོན་པོ། ཨ་ནྲི་ཛུཿ མི་དྲང་པ། ཤ་ཋཿ གྱ་ཀྱུ་ཅན་ནམ་གཡོ་སྒྱུ་ཅན། སེམས་


MR26_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་སྟེ་དགའ་བའི་མིང་། ཨ་བྷཱིཥྟཾ། ཡང་ཡང་འདོད། ཨ་བྷཱིམྶི་ཏཾ། མངོན་འདོད། ཧྲྀ་དྱཾ། སྙིང་དགའ་བ། ད་ཡི་ཏཾ། མོས་པ། པལླ་བྷཾ། ཡིད་གཅུགས། པྲི་ཡཾ། དགའ་བ། བ་ཤཿ འདོད་པ། ཀཱནྟྀཿ ཡིད་དུ་འོང་བ་ཞེས་སོ། །ཞེན་པས་འཐམ་པའི་མིང་། སཾ་སཀྟཾ། ཀུན་ནས་ཞེན་པ། ཨ་བྱ་བ་ཧི་ཏཾ། བསྒྲུབ་ཏུ་མེད་པ། ཨ་བ་དཱནྟ་རཾ། ཚིག་གི་སྐབས་མེད་པ། བདུད་རྩིར། ཨ་པ་ཊཱནྟ་རཾ། གོས་ཀྱིས་མཆོད་པ་ཞེས་བཀླག ཚོར་བ་མྱོང་བའི་མིང་། སཾ་དེ་དཿ ཚོར་བ། བེ་ད་ནཱཿ མྱོང་བ། ཉམས་སུ་མྱོང་བའི་མིང་། ཨུ་པ་ལམྦྷཿ ཉེ་བར་དམིགས་པ། ཨ་ནུ་བྷ་བཿ ཉམས་སུ་མྱོང་བ། ཐེ་ཚོམ་སྐྱེ་བའི་ཡུལ་ལམ་གནས་ཀྱི་མིང་། སཱཾ་ཤ་ཡི་ཀཿ ཐེ་ཚོམ་གནས། སཾ་ཤ་ཡཱ་པནྣ་མཱ་ན་སཿ ཡིད་ལ་ཐེ་ཚོམ་སྐྱེད་པ། ཨུདྡྷི་གྣ་མཱ་ན་སཿ ཡིད་འབྱུང་བའམ་ཡིད་སྐྱོ་བ། སཾ་བེ་གཿ ཀུན་ཏུ་སྐྱོ་བའམ་རྟབ་རྟོབ། ནིར་བིད྄། ཡིད་འབྱུང་བ། ཨུདྦེ་གཿ སྐྱོ་བ། ཨུདྦྷ་སཿ ཡིད་འབྱུང་བ། པ་རི་ཁེདཿ ཡོངས་སུ་སྐྱོ་བའམ་མི་དགའ་བ། ན་པ་རི་ཏ་སྱ་ཏི། ཡོངས་སུ་ཡི་མི་འཆད་པ། སཾ་བྷྲ་མཿ སེམས་འཚབ་པ། ཏྭ་རཱ། རྟབ་བག ཀྵི་བྷ་ཙིཏྟོཿ སེམས་ཁྲལ་ཁྲུལ་དུ་གྱུར་པ། པྲལ་ཡཿ སེམས་སྟོར། ནཥྚ་མོཥྚ་ཏཱ། ཧོང་སྟོར་ཏེ་འདི་དག་དྲན་པ་སྟོར་བའི་མིང་ངོ་། །ཨུབྡུ་ཁ་ཛཱ་ཏཱཿ ཧན་ཏང་གིས་བཏབ་པའམ་བློང་བར་གྱུར་པ། ཨུབྡཱ་ད། མྱོས་པ། བི་ཧཱ་ལཱི་བྷཱུ་ཏཿ རྨུགས་ཤེས་སོང་པའམ་བློང་བ། བཱ་ཧཱི་ཀཿ མི་རྨུན་པོ། ཨ་བྷི་པྲ་ཏཾ། བསམ་པའམ་འདོད་པ། ཨཱ་ཤཱ། རེ་བ། ཨཱ་ཤཱ་ཡ་ཏཿ བསམ་པ་ཐག་པ་ནས། ཨ་ནུ་་ཏི། ཉམས་སུ་མྱོང་བ། ཨ་ནུ་བྷ་བ་ཏི། མྱོང་བར་བྱེད་པ། ཤམྤྲ་ཁྱཱ་ནི། དང་། ཨཱ་སམྤྲ་ཁྱཱ་ནཾ། ཤིན་ཏུ་གསལ་བའམ་ཤིན་ཏུ་དྲན་པ་ཞེས་སོ། ༈ །ས་འོག་གི་མིང་། ཨ་དྷོ་་བ་ནཾ། ས་འོག་


MR26_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཏཱ་ལཾ། ལྟུང་གནས། བ་ལི་སདྨནྲ། ནམ། མཱ། སྟོབས་ལྡན་གནས། ར་སཱ་ཏ་ལཾ། བཅུད་འོག ནཱ་ག་ལོ་ཀཿ ཀླུའི་འཇིག་རྟེན། ཨ་དྷོ་ལོ་ཀཿ འོག་གི་འཇིག་རྟེན། ཕ་ཎི་བྷ་བ་ནཿཀླུའི་སྲིད་པ་ཟེར། བུ་ག་སྤྱིའི་མིང་། ཀུ་ཧ་རཾ། དང་། ཤུ་ཥི་རཾ། བུག་པ། རནྡྷཾ། ཁུང་།བི་ལཾ། ཁུང་བུ། ཙྪི་དྲཾ། བུ་གུ། ནི་རྒྱ་ཐ་ནཾ། ཕུ་གུ། བི་བ་རཾ། སྒྲིབ་མེད། རོ་ཀཾ གསལ་མིག ཤྭ་བྷྲཾ། དང་། སྭ་བྷྲཾ། དང་། སྭབྷྲཾ། གསལ་ཁུང་། པ་པཱ། འདེབས་ཁུང་། སུ་ཥིཿ དང་། ཤུ་ཥིཿ མིག་བུ། སའི་བུག་པའི་མིང་། གརྟྟཿ དོང་། ཨ་པ་ཌྷཿ ས་ཁུང་ཞེས་སོ། །མུན་པའི་མིང་། དྷྭཱ ནྟཾ། མུན་པ། ཏི་མི་རཾ། མུན་ནག ཏམ་ས྄། དང་། ཏམཿ སྨག ཨནྡྷ་ཏམ་སཾ། མུན་ནག་ཐིབ་པོ་སྟེ། ཤེ་མུན་ཡང་ཟེར། མུན་པའི་མིང་གཞན། ཨནྡྷ་ཀ་རཾ། ལྡོང་བྱེད། ཏ་མི་ས྄ཾ། སྣང་མེད་ཀྱང་ཟེར། མུན་པ་ཆུང་ངུའི་མིང་། ཨ་བ་ཏ་མ་སཾ། མུན་རབ་རིབ་འམ་མུན་པ་ཟ་ཟི། མུན་པས་བར་མེད་ཁྱབ་པའི་མིང་། སནྟ་མ་སཾ། ཀུན་ཁྱབ་མུན་པ་ཞེས་སོ། །ཀླུ་སྤྱིའི་མིང་། ནཱ་ག དང་། ནཱ་གཱཿ རི་གནས་སམ་ཀླུ། ཀཱ་དྲ་བེ་ཡ། དང་། ཀཱ་དྲ་བེ་ཡཱཿ ཀ་གྲུའི་བུ་སྟེ། དེ་དག་སྤྱི་བརྗོད་པའི་ཕྱིར་མང་ཚིག་ཏུ་བྱས་པའོ། །ཀླུའི་བྱེ་བྲག་མཐའ་ཡས་སོགས་ཀྱི་མིང་གོང་དུ་སོང་། ཀླུ་མཐའ་ཡས་ཀྱི་མིང་། ཤེ་ཥཿ ལྷག་མ་ཅན་ཞེས་དང་ནོར་རྒྱས་ཀྱི་མིང་དུ། བཱ་སུ་ཀིཿ ནོར་རྒྱས་སམ་གཙུག་ན་རིན་ཆེན་གྱི་བུ་དང་། སརྦ་རཱ་ཛཿ སྦྲུལ་རྒྱལ་ཟེར། ཀླུ་ཕལ་ཆེར་སྦྲུལ་གྱི་རྣམ་པར་གནས་པས། ཐོག་མར་སྦྲུལ་སོགས་ཆུར་གནས་ཀྱི་མིང་ལས། སྦྲུལ་གྱི་བྱེ་བྲག་བ་ལང་སྣའི་མིང་ལ། གོ་ན་སཿ གླང་སྣ། ཏི་ལིཏྶཿ སྣུམ་འཁྱོགས། སྦྲུལ་སྦྲམ་ཆེན་གྱི་མིང་། ཨ་ཛ་ག་རཿ སད་མེད། ཤ་ཡུཿ ཉལ་བྱེད། བཱ་ཧ་སཿ རླུང་ཟས། ཆུ་སྦྲུལ་གྱི་མིང་། ཨ་ལ་གརྡྡཿ མྱུར་འགྲོ་སྲེད། ཛ་ལ་བྱཱ་ལཿ ཆུ་


MR26_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ། སྦྲུལ་དུག་མེད་མགོ་གཉིས་པའི་མིང་། རཱ་ཛི་ལཿ གྲ་རིས་ཅན། ས་པཎ་གྱིས་ཐིག་ལེ་དཀར་ལྡན་དུ་བསྒྱུར། ཌུཎྚུ་བྷཿ ཌུཾ་ཌུཾའི་སྒྲ་ཅན། མཁྲིའི་དབྱིབས་ཅན་སྦྲུལ་ཁྲ་བོ་རྐང་བཞི་པའི་མིང་། མཱ་ལུ་དྷཱ་ན། མ་ལུ་འཛིན། མཱ་ཏུ་ལཱ་ཧིཿ རང་མཚུངས་སྦྲུལ། ཡང་ཡང་ཤུན་པ་འདོར་བའི་སྦྲུལ་གྱི་མིང་། ནི་རྨུཀྟཿ ངེས་འདོར། མུཀྟ་ཀཉྩུ་ཀཿ ཤུན་པ་གྲོལ་བ། ཞེས་སོ། །སྦྲུལ་སྤྱིའི་མིང་། སརྦྦཿ སྦྲུལ་ལམ་སར་འཁྱོག པྱཱ་ཌཿ འཁྱོགས་འགྲོ། ཨུར་གཿ བྲང་འགྲོ། ཛ་ག ལག་འགྲོ། ས་རཱི་སྲྀ་པཿ སྡིག་སྦྲུལ་ལམ་འཁྱོགས་འཕྱེ། བནྣཱ་གཿ ཀླུའམ་སྦྲུལ། ལེགས་བཤད་ལྡེའུ་མིག་ཏུ་རྐང་མི་འགྲོ་ཞེས་གསུངས། དེའི་མིང་གཞན། འཁྱིལ་པ། ས་ལ་འཕྱེ། ལྟོ་འཕྱེ། གདེངས་ཅན། གཟར་བུ་མགོ རྒྱབ་རིང་། མཆེ་བ་ངན། དུག་འཛིན། ཁུང་ཉལ། རྐང་སྦས། རླུང་ཟ། མིག་གིས་ཐོས་སོགས་ཟེར། དུག་དང་ནུས་པ་སོགས་སྦྲུལ་ལས་བྱུང་བ་སྤྱིའི་མིང་། ཨཱ་ཧེ་ཡཿ སྦྲུལ་ལས་བྱུང་བ། གདེངས་ཀའི་མིང་། སྥ་ཊཱཿ གདེངས་ཀ ཕ་ཊཱཿ སྦྲུལ་གདེངས། ཕ་ཎཱ། སྦྲུལ་ཐོད་དམ་སྦྲུལ་གདེངས་ཞེས་སོ། །སྦྲུལ་ལྐོགས་ཀྱི་མིང་། ཀཉྩུ་ཀཿ སྦྲུལ་ལྐོགས། ནིརྨོ་ཀཿ སྦྲུལ་ཤུན། བྷོ་གཿ སྦྲུལ་གྱི་ལུས་བསྐྱིལ་བ། བྷཻ་ར་བ་མ྄། འཇིགས་འཇིགས་ལྟ། ཀ་ཊཱཀྵཿ མིག་ཟུར་རོ། །དུག་སྤྱིའི་མིང་། ཀྵཱ་ཌེཿ ཚ་བ་ཅན། ག་ར་ལཾ། ཁྲག་ལས་འཕེལ། བི་ཥཾ། དང་། བི་ཥཿ དུག འདི་འདྲ་རྣམ་དབྱེ་སྦྱར་ཚུལ་གྱི་ཚིག་མཐའ་ཅུང་ཟད་མི་འདྲ་བ་འོང་བ་ཡིན་ནོ། །བྱེ་བྲག་ཏུ་དུག་ཆེན་པོ་དགུ། ཀཱ་ཀོ་ལཿ བྱ་རོག་སུག་འདྲའམ། དྲོ་ཎ་ཀཱཿ ཞེས་ཀྱང་ཟེར་བ་དང་། ཀཱ་ལ་ཀཱུ་ཊཿ ནག་པོ་བརྩེགས་པ། ཐང་ཆུའི་རིགས། དེ་བཞིན་ཧ་ལ་ཧ་ལ་དང་། སཱ་རོཥྚི་ཀ྄ཿ


MR26_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཡུལ་སོ་སོར་སྐྱེས་པའི་དུག་རིགས་དགུའོ། །དུག་གི་གཉེན་པོ་ཁྱུང་སྔགས་དང་ལྡན་པའི་མིང་། བི་ཥྱ་བཻ་དྱཿ དུག་གི་སྨན་པ། ཛཱཾ་གུ་ལི་ཀཿ དུག་སེལ། ཞེས་སོ། །ཉ་སྤྱིའི་མིང་། ཛྙ་ཥཿ ཉ། མཏྶཡཿ སྤྲོ་བ་ཅན། མཱིནཿ འཇལ་བྱེད་ཅེས་དང་། གཞན་ཡང་། སྤུ་རིངས། སྒོང་སྐྱེས། སྣ་ཚོགས་རྒྱུ། རྣམ་འཕྱོ། བྱང་བུ་ཅན་ནམ་ཁྲབ་རིས་ཅན་སོགས་ཟེར། ཉའི་བྱེ་བྲག ག་ཌ་ཀཿ ཁྲུས་མཁན་དང་། ཤ་ཀུ་ལཱརྦྷ་ཀཿ ཤ་ཀུ་ལའི་བུ་ཟེར། ཉ་མཆེ་མང་གི་མིང་། ས་ཧ་སྲ་དཾཥྚཱ། མཆེ་བ་སྟོང་ལྡན། པཱ་ཋཱི་ནཿ རྒྱབ་མཐོ་ཟེར། ཨུ་ལཱུ་པཱི། དབང་པོའི་གཟུགས་ཅན། ཤི་ཤུ་ཀཿ བྱིས་པ་ཅན། ཞེས་དང་། ནལ་མཱིན། འདམ་བུའི་ཉ། པྲོཥྛཱི། དྲོ་བའི་ཉ་ཞེས་ཉ་དཀར་ཆུང་དང་། སྒང་སྐྱེས་ཀྱི་ཉ་ཕྲ་མོའི་མིང་། བོ་ཏཱ་དྷཱ་ནཾ། ཕྲུག་གུ་འཛིན། རོ་ཧི་ཏཿ མདོག་དམར་ཏེ་ཟོས་ན་ཞིམ་པའི་ཉ། མངྒུ་རཿ དགའ་བྱེད་དེ་ཉ་མདོག་ནག་པོ་སོགས་དང་། ཏི་མིངྒི་ལཿ ཉ་མིད། རཱ་ཛ་མཏྶཡཿ ཉའི་རྒྱལ་པོ། ནནྡཱི་བ་རཿ དགའ་མཆོག་ལ་སོགས་པའོ། །ཆུ་སྲིན་གྱི་སྤྱི་མིང་། ཡཱ་ད་སྭ། དང་། ཡཱ་དཱ་ནཱི། ཆུ་སྲིན་རྣམས། ཛ་ལ་ཛནྟུ། ཆུའི་སྲོག་ཆགས་ཀྱང་ངོ་། །ཤི་ཤུ་མཱརཿ བྱིས་པ་གསོད་ཅེས་དབུགས་ཆེན་པོ་འབྱིན་པའི་ཆུ་སྲིན། མ་ཀ་རཿ མི་ལ་འཚེ་སྟེ། ཁ་གདངས་བར་བྱེད་པའི་ཆུ་སྲིན་ཆེན་པོ། སྒྲ་སོར་བཞག་པའམ་ཆུ་སྲིན་དུའང་བསྒྱུར། གྲཱ་ཧཿ འཛིན་ཁྲི། དེ་ལ་ཆུའི་སྲིན་རིང་ཡང་ཟེར། ཀུབཱི་རཿ གླང་པོ་འདོད། ན་ཀྲཿ ནམཿ མི་ནོན་པ་ཞེས་ཆུ་སྲིན་ཆེན་པོའི་མིང་། ཀཱུརྨཿ ཤུགས་ངན་ཏེ་རུས་སྦལ། དེའི་མིང་། ཀམ་ཐཿ བུལ་གྲོ། ཀཙྩ་པཿ གོ་སྐྱོང་ཟེར། ཨུ་དྲཿ སྲམ། ཤངྐུཿ དོགས་བྱེད་དེ། རུས་སྦལ་ལྟ་བུའི་མཇུག་མ་ཅན། ཆུའི་རྩངས་པའི་མིང་། ནི་ཊཱ་ཀཱཿ དཔྱིད། གོ་དྷི་ཀཱ། སྐྱིན་གོར་ཞེས་སོ། །ས་ར་ཊཿ རྩངས་པ། དེ་ལ། ཀྲྀ་ཀ་ལཱ་སཿ དང་མགོ་འདར་


MR26_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟེར། སྲིན་བུ་པད་མའི་མིང་། རཀྟ་པཱཿ ཁྲག་འཐུང་། ཛ་ལཱུ་ཀཿ སྲིན་བུ་བད་པ། ཛ་ལོ་ཀཿ ཆུར་གནས་ཀྱང་ངོ་། །ཉ་ཕྱིས་ཀྱི་མིང་། ཤུཀྟིཿ ཉ་ཕྱིས། མུཀྟཱ་སྥོ་ཊཿ མུ་ཏིག་སྐྱེ་གནས་ཞེས་སོ། །དུང་གི་མིང་། ཤཾ་ཁཿ དང་། ཀམྦུཿ དུང་། དུང་ཕྲན་གྱི་མིང་། ཀྵུ་དྲ་ཤཾ་ཁཿ དུང་ཕྲན། ཤཾ་ཁན་ཁཱ། དུང་སེན། ཉ་ཕྱིས་ཆུང་ངུའི་མིང་། ཛ་ལ་ཤུཀྟི། ཆུའི་ཉ་ཕྱིས། ཤམྦཱུ་ཀཱ། ཞི་བྱེད་ཀྱང་ངོ་། །ཉ་ཕྱིས་ཕྲ་མོ་ག་དུརྣཱ་མཱ། མིང་ངན་མ་དང་། དཱིརྒྷ་ཀོ་ཥི་ཀཱ། རིང་པོའི་མཛོད་ཅན་ཟེར། སྦལ་པའི་མིང་། མཎྜཱུ་ཀཿ སྦལ་པ། བྷེ་གཿ མཆོང་འགྲོ་དང་། དབྱར་སྐྱེས། འཕར་འགྲོ་སོགས་ཟེར། སྦལ་ཆུང་གི་མིང་། བྷི་ཀཱི། སྦ་ཕྲུག་སོགས་དང་། ཀ་མ་ཐིཿ རུས་སྦལ་ཆུང་ངུ་། དུ་ལིཿ རུས་སྦལ་མོ། སའི་སྲིན་བུ་རིང་པོའི་མིང་། མ་ཧཱི་ལ་ཏཱ། སའི་འཁྲི་ཤིང་། གཎྜཱུ་པ་དཿ ས་སྲིན། གཉྩུ་ལུ་ཀཿ ཅུང་ཟད་གཡོ་དང་ཏ་ལའང་ཟེར། ས་སྲིན་ཆུང་ངུའི་མིང་། ཤི་ལཱི། ཏལ་ཕྲན། གཎྚུ་པ་ཏི་དཱི། ཏལ་ཆུང་ཞེས་སོ། །གཞན་ཡང་སྲིན་བུ་སྣ་ཚོགས་ཀྱི་མིང་ལ། ནཱི་ལཱངྒུཿ དང་། ཀྲྀ་མིཿ སྲིན་བུ་སྤྱི་མིང་ངོ་། །བྲྀཤྩི་ཀཿ སྡིག་པའམ་གཅོད་བྱེད། ཧཱུ་ཀ་ཀཱི་ཊཿ སྲིན་བུ་ཚེར་མ་ཅན། རྭའམ་མཇུག་མ་ཡོད་པའི་སྡིག་པའི་མིང་། ཨ་ལཱི། དང་། ཨཱ་ལི་རྭ་ཅན་ཟེར། དྲུ་ཎཿ འཚེ་བྱེད་ཀྱང་ངོ་། །ཀརྞྞ་ཛོ་ལཽ་ཀཱཿ རྣ་བའི་ཆུར་གནས། དེ་ལ། ཤ་ཏ་པ་དཱི། རྐང་བརྒྱ་པ་ཞེས་སོ། །ཀོ་ཤ་ཀཱ་ར་ཀཱི་ཊཱ། དར་གྱི་སྲིན་བུ། ཀུནྟཿ སྲིན་བུ་ཕྲེའུ། པི་པཱི་ལི་ཀཱ། གྲོག་མའམ་གྲོག་སྦུར། ཁཏྱོ་ཏ་ཀཿ སྲིན་བུ་མེ་ཁྱེར་རམ། མཁའ་སྣང་། དེ་ལ་ཛྱོ་ཏི་རིངྒ་ཎཿ སྐར་སྐྱོད་ཀྱང་ཟེར། ཨུ་པཱ་དུཿ ལྗི་བ། ལཱུ་ཏཱ། སྡོམ། དེ་ལ། ཐག་མཁན། བལ་གྱི་ལྟེ་བ། སྤྲེའུ་ལྟ་བུ་ཟེར། གཞན་ཡང་། སྐམ་དང་རླན་ལ་གནས་པའི་སྲོག་ཆགས་ཕྲ་མོ་མང་ངོ་། །ཨུཏྤ་ཏ་ཀཿ ཁྱི་ཤིག ཏྲཻ་ལཱ་ཊཱཿ སྦྲང་


MR26_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཏྲེ་ལ་ཊ། ཏྲྱ་མྦུ་ཀཿ སྦྲང་བུ་ཏྲྱ་མ་བུ་ཀ ཀོ་ཀཿ སྲོག་ཆགས་ཀོ་ཀའམ་ཡང་ན་ཙ་མྨེ་སྟེ་མཚའ་ལའང་འཇུག །སྲོག་ཆགས་ཀོ་ཀ་ནི་ཀོ་ཀོ་གཡག་ཡིན་ནམ་དཔྱད། ཡཱུ་གཿ ཤིག ལི་ཀྵཱ། སྲོ་མ། ཨིནྡྲ་གོ་བཿ ལྷམ་བུ་ཆུ་ཤེལ། འདི་སྲིན་བུ་ཆུང་ངུ་མགྱོགས་པ་མདོག་ཤིན་ཏུ་དམར་བ་ཞིག་ཡིན་ཞེས་རྒྱ་འགྲེལ་འགའ་ལས་བཤད་སྣང་། དྭཱི་པི་ཀཿ སྲིལ་ལམ་མུག་པ་སྟེ། སྦུ་ཟ་བའི་སྲིན་བུའོ། ༈ །འདབ་ཆགས་ཀྱི་སྡེ་ལ། པཀྵཱི། དང་། བི་ཧ་ཀཿ བྱ། དེའི་མིང་འདབ་ཆགས་དང་གཉིས་སྐྱེས་མཁའ་འགྲོ་སོགས་བརྗོད། བྱ་རིགས་ཆུང་ངུ་ལ། ཙ་ཊ་ཀཿ བྱེའུ། ཞེས་བྱ། བྱ་ཡི་བྱེ་བྲག་ནམ་མཁའ་ལྡིང་ངམ་ཁྱུང་ནི་འདབ་ཆགས་ཐམས་ཅད་ཀྱི་རྒྱལ་པོ་སྟེ་དེའི་མིང་སྔར་ལྷའི་བཞོན་པ་བཤད་པའི་སྐབས་སུ་སོང་། སུ་པརྞི། འདབ་བཟང་སྟེ་མཁའ་ལྡིང་། ཀ་ལ་བིཾ་ཀཿ བྱ་ཀ་ལ་པིང་ཀ་སྟེ་སྙན་སྒྲོགས།ཞེས་བྱ་བའོ། །མ་ཡཱུ་རཿ སར་སྒྲོགས་ཏེ་རྨ་བྱ། དེའི་མིང་། བརྷཱིཿ མཇུག་སྒྲོ་ཅན། བ་བྷི་ཎཿ རྨ་བྱའམ་མདོངས་སྒྲོ་ཅན། ཤི་ཁཱི་འམ་སི་ཁཱི། གཙུག་ཕུད་ཅན། གཞན་ཡང་། མགྲིན་སྔོན། ལགས་འགྲོ་ཟ། གཙུག་ཕུད་ཅན། འབྲུག་སྒྲའི་རྗེས་སུ་སྒེག་པ་སོགས་ཟེར། རྨ་བྱའི་སྐད་ཀྱི་མིང་། ཀེ་ཀཱཿ མདངས་ཀྱི་མིང་ལ། ཙནྡྲ་ཀཿ ཟླ་གམ། མེ་ཙ་ཀཿ མདོངས་ཐིག་ཅེས་སོ། །ཤི་ཁཱ། གཙུག་ཕུད། ཙུ་ཌཿ གཙུག་སྒྲོ། ཤི་ཁཎྚཿ མཇུག་སྒྲོའམ་རྨ་བྱ་ཤེས་བྱེད། དེ་ལ། པིཙྪཾ། གཅད་བྱ་དང་། བརྷཾ། འཕེལ་བྱེད་ཟེར། ཛཱི་བཾ་ཛཱི་བ་ཀཿ སྤྱོད་པས་འཚོ་བྱེད་དམ། ཤང་ཤང་ཏེའུ་སྟེ་རྨ་བྱའི་ཚད་ཙམ་འདབ་མ་ཁྲ་བོ། གཉིས་གཉིས་ལྷན་དུ་སྤྱོད་པ། མཐོང་བས་དུག་ཞི་བའོ། །ཙཱ་ཤཿ མཐོང་ན་ཤིན་ཏུ་དགེ་བར་གྲགས་པ་བྱ་ཙ་ཤའོ། །ཙ་ས ར་འབོད་པའང་ཡོད། དེ་ཟས་རྙེད་དུའང་བསྒྱུར། དེའི་མིང་ཀི་ཀཱི་རྩེ་ན་ཡང་


MR26_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། བེ་ཌཱུར་ཡའི་མདོག་ཅན་དེ་མཐོང་ན་འབྲས་བུ་ཡོད་པས་ཕྱག་མཛོད་ཅིག་ཅེས་བཤད། ཧཾ་སཿ དལ་འགྲོའམ་ངང་པའམ་ངང་མོ་ཞེས་སུ་འབོད་དེ་སྤྱི་མིང་། དེ་ལ་གཤོག་དཀར། འཁོར་ལོའི་ཡན་ལག མཚོར་གནས། འདོད་རྨོངས་དང་། མཚོའི་བྱ་རོག་ཀྱང་ཟེར། རཱ་ཛ་ཧཾ་སཿ ངང་པའི་རྒྱལ་པོ་སྟེ་ངང་བ་ལུས་དཀར་ཞིང་མཆུ་དང་རྐང་པ་དམར་པོ་ཅན་ནོ། །དྷཱརྟྟ་རཱཥྚཿ ངང་སྐྱ་སྟེ་མིང་དོན་ཡུལ་འཁོར་སྒང་སྐྱེས་ཞེས་སོ། །འདི་ལའང་སྐྱ་མདོག་ཅུང་ནག་པའམ་ནག་པོ་དང་། མཆུ་དང་རྐང་པ་ནག་པོ་ཅན་ལ་བཤད་པ་ཡོད། གཞན་ཤ་རཱ་ལི་དང་བ་ལཱ་ཀཱ་ཞེས་པའང་ཡོད། ཙཀྲ་བཱ་ཀཿ ངུར་བ་སྟེ་ཙཀ྄འི་སྒྲ་ཅན། ཀོ་ཀཿ དང་། ཙ་ཀྲའང་དེའི་མིང་དང་། ཤིང་རྟ་འགྲོ་བྱེད་སོགས་ཀྱང་ཟེར། སཱ་ར་སཿ བཞད་དམ་མཚོ་བྱུང་། དེའི་མིང་འདབ་དམར། པདྨའི་མིང་ཅན། བྱ་ཆེན། ཆུར་སྒྲོགས། སྙན་སྒྲོགས། ཆུ་སྲུབ་ཟེར། ཀཱ་དམྤཿ ཐིང་རིལ་ལམ་ཆུ་སྐྱར་ཡང་ཟེར། ཀྲཽཉྩཿ ཁྲུང་ཁྲུང་། ཀྲུཉྩ། དང་། ཀྲུཾ། ཡང་ཟེར། བ་ལཱ་ཀཿ ཆུར་རྐྱལ། ཀོ་ཀི་ལཿ ཁུ་བྱུག་སྟེ་ཡིད་འཛིན་དུའང་བསྒྱུར། པི་ཀཿ ཁུ་བྱུག་གམ་མི་སྣང་སྒྲ་ཅན། དེའི་མིང་ནགས་དགའ། གཞན་གྱིས་གསོས། ཟངས་མིག ཀུ་ཧུའི་སྐྲ་ལྡན། འདོད་སྐྱེད་ཟེར། ཀུཎཱ་ལཿ བྱ་ཀུན་ལ། ཙ་ཀོ་རཿ བྱ་ཙ་ཀོར་སྟེ་ཟླ་བའི་བདུད་རྩི་འཐུང་བའི་རྒྱུ་མཚན་གྱིས་དུག་འཇོམ་བྱེད་དོ། །ཤུ་ཀཿ ནེ་ཙོ་སྟེ་མདངས་ལྡན་དང་། དེ་ལ། ཀཱི་རཿ ཀི་སྒྲོགས་ཀྱང་ཟེར། ཤཱ་རི་ཀཱ། རི་སྐེག་གོ། བ་ཀཿ བྱ་དཀར་རམ་བྱ་གར། དེ་ལ། ཀ་ཧྭཿ ཆུར་སྒྲོགས་ཞེས་སམ། ཡང་ན་ཀ་སྒྲོགས་ཏེ་ཀ་ཞེས་པའི་སྒྲ་འབོད་པས་མིང་དེ་ཐོགས་པ་འདྲ། དེ་ལ། བྱིན་རིང་། ཁྭ་དཀར། ཀངྐ་སྒྲོགས། ཟླ་གཙུག གཏོར་མ་ཟ། མཚན་མོའི་ལུག་སོགས་ཟེར། ཀྲ་ཀ་ར། དང་། ཀྲངྐཱ་རཿ


MR26_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཝང་སྟེ་ཀྲང་སྒྲ་ཅན། ཀྲྀ་ཀ་ཎཿ བྱ་བང་། དེ་ལ། ཀ་ཨེར། ཞེས་སུའང་གྲགས། གྲྀ་དྷཿ སྲེད་བྱེད་དེ་བྱ་རྒོད། དེ་ལ། དཀྵཱ་ཡྻ། མྱུར་བྱེད་ཀྱང་ཟེར། ཀངྐཿ དུར་བྱ་ཀང་ཀ་སྟེ། གཡོ་བྱེད་དམ་ཀང་སྒྲ་ཅན། དེ་ལ། ལོ་ཧ་བྲྀཥྛཿ རྒྱབ་དམར་རམ་རྒྱབ་མཁྲེགས་ཀྱང་ཟེར། བ་དེ་ཀཿ བྱ་ཁྲ། ཤྱེ་ན། འཇུམ་བྱེད། རི་བོང་ཟའང་ཟེར། དྲོ་ཎ་ཀཱ་ཀཿ འཚེ་བྱེད་དམ་བྱ་རོག་གམ་ཕོ་རོག་སྟེ་བྱ་རོག་ཆེན་པོའི་མིང་། ཀཱ་ཀོ་ལཿ བྱ་རོག་ཆེན་པོའམ་སྲེད་བྱེད། དགྡྷ་ཀཱ་ཀཿ སྲེད་བྱེད་ཁ་ཏྭ། བྲྀདྡྷ་ཀཱ་ཀཿ བྱ་རོག་རྒན་པོ་ཟེར། ཀཱ་ཀཿ ཀ་སྒྲོགས་ཏེ་ཁཱ། དེའི་མིང་། བཱ་ཡ་སཿ བྱ་རོག་གམ་ན་ཚོད་ཅན། ཀ་ར་ཊཿ ཁྭ་ཏའམ་ལྟས་བྱེད། གཞན་འཆི་མེད། གཏོར་ཟ། གཞན་གསོ། བདག་སྒྲོགས་སོགས་ཟེར། དྷྭཱཀྵཿ སྤྱི་བརྟོལ་ཅན་ཏེ་ཁྭའམ་བྱ་རོག བྱ་རོག་ཆེ་ཆུང་གཉིས་ཀར་ཀ་གཉིས་པ་ཞེས་མིང་ལ་ཀ་ཡིག་གཉིས་ཡོད་པས་བཏགས་སོ། །ཨུ་ལཱུ་ཀཿ འུག་པ། དེའི་སྒྲ་དོན་འདུ་བྱེད་དམ་སྐར་མི་ལྟ་གྱེན་རྣ་ཅན་ཞེས་སུའང་བཤད། དེའི་མིང་བྱ་རོག་དགྲ། ཉིན་ལོང་། བརྒྱ་བྱིན་མིང་། གསེར་མིག སེན་མོས་ཟ། མཚན་རྒྱུ་སོགས་ཟེར། ཀངྐར་ཞེས་གྲགས་པ་སྲིན་བྱའི་མིང་། ཀརྐྐ་རེ་ཊུཿ ཀ་རྐས་སྨོད། ཀ་རེ་ཊུཿ རླུང་ལ་སྨོད། ཞེས་སོ། །ཙིལླཿ འོལ་བའམ་སྒེག་བྱེད། དེ་ལ་སྲུང་བྱེད་དང་གདུང་བྱེད་ཅེས་ཀྱང་བཤད། པཱ་རཱ་བ་ཏཿ ཕུག་རོན་ནམ་སྟོབས་འཕུར། དེའི་མིང་། ཀ་ལ་ར་བཿ དིག་མཉན་དང་། ཀ་པོ་ཏཿ རླུང་གི་གྲུ། མིག་དམར་ཞེས་བཤད། ཏིཏྟི་རིཿ དང་། ཏིཏྵིརིཿ སྒྲོལ་བྱེད་དམ་སྲེག་པ། དེ་ལ་གཤོག་བཀྲའང་ཟེར། ཀ་པིཉྫ་ལཿ གོང་མ་སྲེག ཀ་པོ་ཏཿ ཐི་བ། བྷཱ་སཿ བྱ་གག ཀུཌྷུ་ཊཿ ཁྱིམ་བྱ། དེ་ལ་མགྲིན་སྒྲོགས། ཟངས་ཟེ་ཅན། རྐང་པའི་མཚོན་ཅན་ཟེར། ཀཱཥྛ་ཀུཊྚཿ ཤིང་རྟ་མོ། དེའི་མིང་འདབ་བརྒྱ་བ། ཤིང་འཇོམ།


MR26_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་མིང་ཅན། འདམ་བུའི་གཏེར། ཞེས་ཟེར། གཞན་བྱ་ཡི་རིགས་སྣ་ཚོགས་ཡོད་རུང་དེ་ཙམ་ལས་མ་བྲིས་སོ། །བྱེའུའི་བྱེ་བྲག ཙ་ཊ་ཀཿ སྤྱི་མིང་བྱེ་བྲག་ལ་ཐོགས་པས་གྲོང་གི་བྱེའུ་མཆིལ་བ། དེ་ལ་སྙན་སྒྲོགས་ཀྱང་ཟེར། ཙཀྵ་ཀཱཿ མཆིལ་བ་མོ། ཙཱ་ཊ་ཀཻ་རཿ མཆིལ་བའི་བུ། ཙ་ཊ་ཀཱ། མཆིལ་པའི་བུ་མོ་ཞེས་སོ། །ཤཱ་རངྒཿ ཁུག་རྟའམ་གདབ་ཁྲ། དེའི་མིང་། ཆུ་ཉུང་དང་། ཙཱ་ཏ་ཀཿ སློང་བྱེད་དམ་ཆར་སྡོད་བྱེའུ་ཟེར། ཕལ་སྐད་དུ་ཁ་ལ་ཡུག་ཅེས་ཟེར་རོ། །ཁཉྫངྐཿ བ་མོ་བྱེའུ། ཀཱ་རཎྚ་བཿ བྱ་ཀ་རན་ད་བ། ཏི་ཏཱི་ལཿ ཕ་ཝང་། དེའི་མིང་། ཛ་ཏུ་ཀཱ། ཕ་ཝང་ངམ་རྒྱ་སྐྱེགས་ལྟ་བུ་སྟེ། གནས་སུ་བརྟན་པར་འབྱར་བ་དང་། མདོག་སེར་ནག་ཉིད་ཀྱི་ཕྱིར་རྒྱ་སྐྱེགས་དང་འདྲ་བར་བཏགས་པའོ། །མིང་གཞན་པགས་འདབ་ཅན་དང་། ཙརྨ་བ་ཊ་ཀཿ པགས་བྱེའུ་ཟེར། ཅཱི་རཱི། དང་། སི་ལཱི། ཚད་པའི་བྱེའུ་ཞེས་སོ། །པཀྵ་གུཔྟཿ བྱའི་མིང་སྟེ་པཀྵི་དང་། འདོམ་ན་འདབ་བསྐྱོད་ཅེས་གདགས་གསུངས། འདབ་ཆགས་སྤྱི་མིང་། ཁ་གཿ མཁའ་འགྲོ། བི་ཧཾ་གཿ མཁའ་རྒྱུ། པཀྵཱིཿ གཤོག་ལྡན། ཤ་ཀུནྟཿ འཕུར་ནུས་དང་། འདབ་མ་ཅན། སྒོང་སྐྱེས།སོགས་ཟེར། ག་རུ་ཏ། སྒྲོ། པཀྵཿ གཤོག་པ། དེའི་མིང་གཞན། པ་ཏྲཾ། འདབ་མ། པ་ཏ་ཏྲཾ། འཕུར་བྱེད་དང་ལུས་སྐྱེས་འགེབ་བྱེད་ཟེར། ཙཉྩུཿ མཆུ་དང་། ཏྲོ་ཊིཿ གཅོད་བྱེད་ཟེར། ཨཎྚཾ། སྒོ་ང་། དེའི་མིང་། བི་ཤཱི། སྦུབས། ཀོ་ཥཿ མཛོད་ཀྱང་ཟེར། ཀུ་ལཱ་ཡ། བྱ་ཚང་ངམ་རིགས་བྱུང་། ནཱི་ཌཾ། བྱ་གནས། པོ་ཏཿ ཕྲུག་གུ། དེའི་མིང་། པཱ་ཀཿ འཐུང་བྱེད། ཨརྦྷ་ཀཿ འཕེལ་འགྲོ། ཌིམྦྷཿ བུ་ཕྲུག་གམ་འཕུར་སྣང་། པྲི་ཐུ་ཀཿ སྒྲ་འབྱིན། ཤཱ་བ་ཀཿ གཡོ་བྱེད། ཤི་ཤུཿ འཕར་འཕྲོ་སྟེ་ཕྲུ་གུ་གཞན་ལའང་སྦྱར་རུང་། བྱ་འཕུར་ཚུལ། པྲ་ཌཱི་ནཾ།


MR26_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་འཕུར་བ་རྩོམ་པ། ཨུརྡཱི་ནཾ། གྱེན་དུ་མཐོ་བར་ལྡིང་བ། སཾ་ཌཱི་ནཾ། སླར་སར་འབབ་པའི་ཕྱིར་གཞོལ་བའམ་འཛུམ་པ་ལ་བཤད། ཡང་དེ་གསུམ་རིམ་བཞིན་ཐུར་གྱེན་ཐད་ཀར་འཕུར་བ་ལ་བཞེད་པའམ་ཡོད་དོ། །གཤོག་པ་ཅན་གྱི་སྦྲང་བུའི་མིང་ལས། བྷྲ་མརཿ འཁོར་བྱེད་དེ་བུང་བ། བྷྲྀངྒཿ བུང་བ། མ་དྷུ་ཀ་ར། སྦྲང་རྩི་བྱེད་པ། དྭི་རེ་ཕཿ ར་ཡིག་གཉིས་པ། ཨ་ལིཿ འཁོར་འགྲོ། གཞན་ཡང་སྦྲང་རྩིའི་བརྟུལ་ཞུགས། སྦྲང་རྩི་འཐུང་། རྐང་དྲུག་སོགས་སོ། །སྦྲང་རྩི་གསོག་བྱེད་སྦྲང་བུའི་མིང་། སར་གྷཱ། འགྲོ་འཇོམས་དང་། མ་དྷུ་མཀྵི་ཀཿསྦྲང་རྩིའི་སྦྲང་བུ་ཞེས་སོ། །དེའི་བྱེ་བྲག པ་ཏངྒི་ཀཱ། ཕྱེ་མ་ལེབ་འདྲ་ཞེས་དང་། པུཏྟི་ཀཱ། བུད་སྒྲ་ཅན། འདི་གྲོག་མར་བསྒྱུར་བ་ནོར་གསུངས། ཤ་སྦྲང་གི་མིང་། དཾ་ཤཿ ཤ་སྦྲང་ངམ་ཟ་བྱེད། དེ་ལ། བ་ན་མ་ཀྵི་ཀཱ། ནགས་སྦྲང་ཡང་འདོགས། ཤ་སྦྲང་ཆུང་ངུའི་མིང་། དཾ་ཤཱིཿ ཟ་བྱེད་ཅེས་སོ། །བར་ལཱི་ཞེས་གྲགས་པའི་སྦྲང་བུ་སེར་པོའི་མིང་། གནྡྷོ་ལི། སློང་བྱེད། པ་ར་ཊ། སྟེན་བྱེད་དམ་གུས་མ་ཟེར། ཚད་འབུ་ཛྙི་ལླཱིའི་མིང་། བྷྲྀངྒཱ་རཱིཿ བུང་བ་དང་འདྲ་བ་དང་། ཛྷཱི་སྒྲ་ཅན་དང་། སིལ་ཁྲོལ་ཅན་ཡང་ཟེར། པ་ཏཾ་ཀཿ ལྟུང་བྱེད་དེ་ཕྱེ་མ་ལེབ། དེའི་མིང་། ཤ་ལ་བྷཿ ཕྱེ་མ་ལེབ་བམ་འཚེ་བྱེད། ཅེས་སོ། །སྣུམ་འཐུང་བའི་འབུ་ཕྱེ་མ་ལེབ་ལྟ་བུའི་མིང་། པོ་རོཥྞཱི། ཚད་དགྲ་ཅན། ཏཻ་ལ་པཱ་ཡི་ཀཱཿ སྣུམ་འཐུང་ཡང་ཟེར། སྦྲང་ནག་གི་མིང་། པརྦྦ་ཎཱ། སྦྲང་ཆུང་། མཀྵི་ཀཿ སྦྲང་བུའམ་ཚོགས་བྱེད། ནཱི་ལཱ། སྦྲང་ནག་ཅེས་སོ། །མ་ཤ་ཀཿ སྦྲང་བུ་མཆུ་རིང་ངོ་། ༈ །གཅན་གཟན་གྱི་སྡེ་ཚན་ལ། ཤྭཱ་པ་དཿ གཅན་གཟན། སིཾ་ཧ་ཛཱ་ནེ་ཡཿ སེང་གེ་ཅང་ཤེས། ཅང་ཤེས་ཞེས་པ་ཅི་ཡང་ཤེས་པ་ལྟ་བུའི་མིང་སྟེ་ཡོན་ཏན་ཁྱད་འཕགས་ཡོད་པའི་དོན་གྱིས། རྟ་ཅང་ཤེས། ཁྱུ་མཆོག་ཅང་


MR26_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། དགྲ་བཅོམ་ཅང་ཤེས་སོགས་སུ་གྲགས་པ་བཞིན་ནོ། །སིཾ་ཧཿ སེང་གེ དེའི་མིང་དུ། མྲྀ་གེནྡྲཿ རི་དྭགས་དབང་པོ། པཉྩཱ་སྱཿ གདོང་ལྔ་པ། མིག་སེར། རལ་པ་ཅན། རླུང་གིས་འཚོ་བྱེད། འཕྲོག་བྱེད། མགུལ་ངར། འཇིགས་གནོན། གླང་པོ་གཡོ་མེད། རླུང་བདག གཙུག་ལྔ་པ ། རི་བགྲོད། དཀར་སེར་ཅན། ཡོངས་དབང་ཞེས་བཤད། ཤཱརྡྡཱ་ལཿ སྟག་གམ་འཚོ་བྱེད། བྱཱ་གྷྲཿ སྟག་སྟེ་དྲི་སྣོམ་ཡང་ཟེར། སྒྲ་དེ་གཟིག་ལའང་སྐབས་སུ་འཇུག་པར་བཤད། དྭཱི་བིནྣ། དང་། དྭཱི་པཱི། བགས་བཀྲ་ཅན་ཏེ་སྟག དྭཱི་བཾ། སྟག་པགས་ལ་འཇུག་ཅེས་བཤད། སྐབས་འགར་པགས་པའི་རི་མོ་ཆུང་བ། དྭཱི་པན྄་ཏེ། གཟིག་དང་། རི་མོ་ཆེ་བ་བྱཱ་གྒ྄ར་སྟེ་སྟག་ཏུ་འདོད་པ་ཡོད་དོ། །དྭཱི་པཱི། གུང་། རཱིཀྵཿ དོམ་མམ་འཚེ་བྱེད། བྷལླ། འམ། བྷལླཱུ་ཀ འང་དོམ་སྟེ་འཚེ་བྱེད་དོ། །ཨཙྪཿ མངོན་ཕྱོགས་ཀྱང་ཟེར་རོ། །ཏ་རཀྵུཿ དྲེད། ལཱ་ཌོཿ ཞེས་པའང་དྲེད་ཀྱི་མིང་། དེ་ལ་རི་དྭགས་ཟ་བྱེད་དང་། ཤྭ་བྱཱ་གྷྲཿ སྟག་ཁྱིའང་ཟེར་རོ། །པྲྀ་ཀཿ ནགས་ཁྱིའམ་ལེན་བྱེད་དེ་སྤྱང་ཀི ལེགས་བཤད་ལྡེའུ་མིག་ཏུ་འཕར་བའི་མིང་གི་བྱེ་བྲག་ཏུ་བྱས། ཅེ་སྤྱང་གི་མིང་ལ། སྲྀཾ་གཱ་ལཿ ཁྲག་འཐུང་ངམ་ཅེ་སྤྱང་།ཡང་ན། ཤྲི་གཱ་ལཿ མཆོག་མིན་ལེན། བྷེ་རུ་ཎ་ཀཿ ཅེ་སྤྱང་ངམ་འཇིགས་བྱེད། ཤེ་བཱ། ཞིམ། གོ་མཱ་ཡུཿ ཅེ་སྤྱང་ངམ་ངག་འཕེན། ཕེ་རུཿ ཕེ་སྒྲོགས། ཕེ་རབཿ ཕེ་སྒྲ་ཅན། ཛམྦཱུ་ཀཿ ཟ་བྱེད་ཅེས་དང་། གཞན་ཡང་། ཀྲོཥྚུ་ཥྚཱ། ཁྲོ་བ་ཅན་དང་། སྒྱུ་མང་། རི་དྭགས་མ་རུངས་པ། སླུ་བྱེད་ཀྱང་ཟེར། རི་ལ་གནས་ཤིང་མིས་བདག་ཏུ་མ་བྱས་པའི་དུད་འགྲོ་ཆེ་རིགས་ཀུན་ལ་སྤྱིར་རི་དྭགས་ཀྱི་མིང་འཇུག་ཀྱང་། གཅན་གཟན་ཤ་ཁྲག་ཟ་བ་མཆེ་སྡེར་ཅན་རྣམས་ལོགས་སུ་ཕྱེ་ན། དེའི་ལྷག་མ་ཤ་རྐྱང་སོགས་རྩ་ཟན་རྣམས་ལ་རི་དྭགས་ཞེས་འདོགས་པ་དང་།


MR26_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ཀྱི་སྒྲ་ཡང་དུད་འགྲོ་སྤྱི་ལ་འཇུག་མོད་ཀྱི། གཡུང་དྭགས་རྣམས་ལ་ལྷག་པར་འདོགས་པ་བརྗོད་འདོད་ཀྱི་དབང་གིས་ཡིན་ནོ། །ཀོ་ཀཿ འཕར་བའམ་མཚའ་ཞེས་ཀྱང་འབོད་ལ་ཙམ་མེ་ཞེས་སུའང་ཡུལ་འགས་འབོད་པར་མངོན་སྙམ་མོ། །དེ་ལ། ཨཱི་ཧཱ་མྲྀ་གཱཿ རི་དྭགས་གསོད་འདོད་དམ་བཅོལ་བྱེད་ཀྱང་ཟེར་རོ། །ལོ་མཱ་ཤཱི། དང་། ཀྲོཥྚ་ཀཿ དང་། སྲྀ་གཱ་ལ། ཝ་ཞེས་བྱེ་བྲག་རྟོགས་བྱེད་དུ་གསུང་། ལེགས་བཤད་ལྡེའུ་མིག་ཏུ་གོང་ལྟར་ཕྱི་མ་ཅེ་སྦྱང་དུ་བཤད། བྱེ་རྟོགས་ལས་ཅེ་སྤྱང་ལ། སྲྀཾ་གཱ་ལ། ཞེས་ང་རོ་ཅན་དུ་མཛད་པ་སྒྲའི་འཇུག་པ་ལ་ཁྱད་ཡོད་པ་འདྲ་སྙམ་མོ། །བི་ཌཱི་ལཿ བྱི་ལའམ་བཤང་ལེན། དེའི་མིང་གཞན། མཱརྫཱ་རཿ ཁྲུས་མཁན། ཨོ་ཏུཿ སྦེད་བྱེད། བཤང་སྦས། བྱི་བ་ཟ་ཞེས་འབོད། ན་ཀུ་ལཿ རིགས་མེད་དམ་སྲེ་མོང་། ཟུར་ཆག་པ་ནེའུ་ལེ་ཡང་ཟེར། གཞན་ཡང་སྲོག་ཆགས་རིར་གནས་སུ་གཏོགས་པ། ཀ་པི། དང་། ཀ་པིརཿ སྤྲེའུའམ་སྐྱོད་བྱེད། མརྐ་ཊཿ སྤྲེལ་ལམ་འཛེགས་བྱེད། བཱ་ན་རཿ མི་དང་འདྲ་བའམ་འབྲས་ལེན། བླ་བངྒཿ མཆོངས་བྱེད། བླ་བ་ཀཿ འཕར་འགྲོ། ཞེས་དང་། གཞན་ཡང་། ཡལ་གའི་རི་དང་། པ་ལཱི་མུ་ཁཿ གཉེར་མའི་གདོང་། ཀཱི་ཤཿ རླུང་བུའི་དབང་པོ། ནགས་ཁྱིམ། གླང་མཇུག བཞིན་ནག་ཞེས་ཀྱང་ངོ་། །རྩངས་པའི་མིང་། ས་ར་ཊཿ རྩངས་པ། ཀྲྀ་ཀ་ལཱ་སཿ མགོ་འདར་ཟེར། ཐང་གི་རྩངས་པའི་མིང་། གཽ་དྷཱ་རཿ ད་བྱིད་བུ། གཽ་དྷི་ཡཿ གོ་དྷཱའི་བུ་ཞེས་ཟེར། རྣམ་བཤད་བདུད་རྩིར། སྦྲུལ་དང་རྩངས་པ་འདུས་པ་ལས་སྐྱེས་པ་ཙནྡན་གོ་ཧཱ་ཞེས་གྲགས་པའི་མིང་དུ་བཤད་དོ། །ཤལྱ། སྒང་ངམ་གཟུགས་མོའམ་གཟུངས་མོར་ཡང་འབོད་སྣང་། དེའི་མིང་། ཤྭཱ་བི་ཏ྄། ཁྱི་འབིགས་ཟེར། དེའི་སྤུའི་མིང་། ཤ་ལ་ལི། གཟུགས་མོ་བྱི་ཐུར། ཤ་ལ་ལཾ། བྱི་ཐུར་རམ་གཡོ་བྱེད། ཤ་ལཾ། སྒང་ཐུར་ཞེས་


MR26_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བཱ་ཏ་ཡ་ཞེས་གྲགས་པའི་མིང་། བཱ་ཏ་པྲ་མཱིཿ རླུང་ལྟར་རྒྱུག་དང་ང་གི་རི་དྭགས། ཞེས་ཟེར། ༈ །རི་དྭགས་ཀྱི་སྡེ་ཚན་ལ། མྲྀ་གཿ རི་དྭགས། ཀུ་རངྒཿ ས་མདོག བཱ་ཏཱ་ཡུཿ རླུང་བཞིན་འགྲོ། ཧ་ར་ཎཿ འཕྲོག་བྱེད་རི་དྭགས་མོ་ལ། ཧ་རི་ཎཱི། ཞེས་བྱ། གཞན་ཡང་། པགས་པའི་སྐྱེ་གནས། འཇིགས་ཚུལ་ཡིད། ཀུན་འགྲོ། གཡོ་བྱེད། མིག་མཛེས་ཞེས་ཀྱང་ཟེར། ཤ་རུས་སོགས་རི་དྭགས་ལས་བྱུང་བ་རྣམས་ཀྱི་སྤྱི་མིང་དུ། ཨཻ་ཎེ་ཡཿ འམ། ཡཱི། ཡཾ། རི་དྭགས་མོ་ལས་བྱུང་བ། ཨཻ་ཎཿ འམ། ཎི། ཎཾ། མཐའ་གང་བྱས་ཀྱང་། རི་དྭགས་སྐྱེས་ཞེས་སོ། །ཨེ་ཎ་ཞེས་པ་རི་དྭགས་ཀྱི་སྒེར་མིང་ཡིན་ཡང་སྐབས་འདིར་འཇིག་རྟེན་པའི་ཉེར་སྤྱོད་དེ་གྲགས་པ་ལས་སྤྱི་མིང་དུ་བྱས་པའོ། །བྱིན་པ་ཨཻ་ན་ཡ་འདྲ་ཞེས་པ་རི་དྭགས་ཀྱི་བྱིན་པ་འདྲ་བའི་དོན་ཡིན་གྱི་རི་དྭགས་ཀྱི་བྱེ་བྲག་ཨེ་ཎཱི་བྱིན་པ་ཁོ་ནར་འདྲ་བའི་དོན་མིན་ཞེས་ལེགས་བཤད་ལྡེའུ་མིག་ཏུ་གསུངས། གཞན་ཡང་ཀམྦོ་ཛ་ནས་བྱང་ཕྱོགས་སུ་བགྲོད་པའི་ཡུལ་སོགས་སུ་ཡོད་པའི་པགས་པ་ཁྱད་པར་ཅན་ཡོད་པའི་རི་དྭགས། ཀ་ད་ལཱི། སོགས་རི་དྭགས་དྲུག་སོགས་མང་པོ་འདིར་མ་བཀོད། གླང་པོ་ཆེ་ནི་རི་ལ་གནས་པ་ཡིན་ཡང་རྒྱལ་པོ་སོགས་ཀྱི་ཕྱུགས་ཀྱི་གཙོ་བོར་བྱེད་པས་དེའི་མིང་འོག་ཏུ་འཆད། གཎྚཿ བསེ། དེ་ལ། ཁཊྒ། འཇོམས་བྱེད་དམ་རྭ་ཅན་ཟེར། བསེ་ཁ་སྒོའང་ཤར་བྷའི་མིང་དུ་འཆད་མོད། ལེགས་པར་བརྟགས་ན་བསེའི་མིང་དུ་འཐད་དམ་སྙམ་ཞེས་ལེགས་བཤད་ལྡེའུ་མིག་ཏུ་གསུངས། བ་རཱ་ཧཿ ཕག་རྒོད། གཞན་གྲོང་ཕག་ལའང་མིང་འདི་འཇུག ཨཱ་ར་ཎྱ་བ་རཱ་ཧཿ དགོན་པའི་ཕག་རྒོད། ཧ་རི་ན། ཤ་བཀྲ། ཞེས་པ་འདི་འཆི་མེད་མཛོད་འགྲེལ་ལས། གོང་གི་ཀ་ད་ལཱི་སོགས་རི་དྭགས་དྲུག་པོ་དེ་ལ་ཧ་རི་ཎ་ཡིད་འཕྲོག་དང་།


MR26_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཛི་ཡོ་ནི་པགས་པའི་སྐྱེ་གནས་ཏེ་འདི་གཉིས་རི་དྭགས་སྤྱི་མིང་ཡིན་ཡང་པགས་པ་ཁྱད་འཕགས་ཡིན་པས་དེ་དྲུག་ལ་འཇུག་པར་གསུངས་པའམ། ཡང་ན་པགས་པ་བཀྲ་བའི་རི་དགས་སྤྱི་མིང་ངམ། བྱེ་བྲག་ཤ་བཀྲ་ཞེས་པ་ཡོད་པ་གང་ཡིན་ཀྱང་བརྟག་པར་བྱའོ། །གཽ་ར་ཁརཿ རྐྱང་། རོ་ཧི་ཏཿ དམར་པོ་སྟེ་རྟ་དང་འདྲ་བའི་རྐྱང་། གྷོ་ཌ་ཀ་མྲྀ་གཿ རྟ་རྒོད་དམ་རྟ་ཡི་རི་དྭགས་ཏེ་རྐྱང་། ཤར་བྷཿ ལྡང་ཀོ་སྐའམ་བསེ་ཁ་སྒོའམ། རྐང་བརྒྱད་དམ་འཚེ་བྱེད་ཀྱང་ཟེར། སྲྀ་མརཿ མཛོ་རྒོད། ག་བ་ལཿ བ་མེ ན། ཀྲྀ་སྣ་སཱ་རཿ འམ། ཀྲྀ་སྣ་ཤཱ་རཿ ཁྲི་སྙན་ས་ལེའམ་ནག་ཁྲ། རུ་རུཿ ཁ་ཤའམ་སྒྲ་སྒྲོགས། ཨི་ཎཿ འགྲོ་བྱེད་དེ་རི་དྭགས་ཆུང་ངུ་མིག་མཛེས་ཤིང་བྱིན་པ་ཐུང་ངུ་ཅན་ནོ། །དེའི་མིང་གཞན། ཙ་རུ་ལོ་ཙ་ནཿ མིག་མཛེས་ཞེས་ཀྱང་ཟེར། རྀ་ཥྱཿ འཚེ་བྱེད་དེ་འདི་རི་དྭགས་ནག་པོ་རྟའི་ཚད་ཙམ་རྭ་གསུམ་ཡོད་པ་ཨི་སྭ་ཞེས་གྲགས་པའོ། །རཽ་ཧི་ཥཿ རོ་ཧི་ཥའི་ཟས་ཅན། གཞན་ཡང་རི་དྭགས་ཀྱི་མིང་། ནྱངྐུ། དང་། རངྒུ། ཤམྦ་ར། དང་། གོ་ཀརྞ། དང་། བྲྀ་ཥ་ཏ྄། དང་། གནྡྷརྦ། དང་། རཱ་མཿ ལ་སོགས་པ་རྣམས་སོ། །ཙ་མ་རཿ ཟ་བྱེད་དེ་འབྲོང་གཡག ཙ་མ་རཱིཿ འབྲོང་འབྲི་མོ། ཤ་ཤཿ རི་བོང་། མིང་ཡིག་ལ་བརྟེན་ནས་ཤ་གཉིས་པ་ཞེས་སུའང་ཐོབ། གཞན་ཡང་སྲོག་ཆགས་ཕྲ་མོ། ཨུནྡུ་རཿ བྱི་བ། དེའི་མིང་། མཱུ་ཥི་ཀཿ རྐུན་པོ། ཡཱ་ཁུཿ འབིགས་བྱེད། མཱུ་ཥཿ དང་། མུ་ཥཱི། རྐུན་བུ་དང་། ཁུང་ཉལ་དང་། སྨད་རླན་ཀྱང་ཟེར། གི་རཱི་ཀཿ རི་ཡི་བྱི་བ། དེ་ལ་བྱི་ཆུང་དང་། བྱི་ཐུང་ཡང་ཟེར། རྒྱ་གར་དུ་ཁྱིམ་དུ་གནས་པའི་བྱེ་མ་མྱུ་གུའི་རིགས་རྩངས་ཕྲན་ལ། མུ་ས་ལཱི། རྩངས་ཕྲན། གྲྀ་ཧ་གོ་དྷི་ཀཱཿ ཁྱིམ་རྩངས་ཞེས་སོ། ༈ །ད་ནི་མིས་བདག་ཏུ་བྱས་པའི་གཡུང་དག་གི་སྡེ་ཚན་ལ། སྤྱི་མིང་དུ། པ་ཤུཿ ཕྱུགས། ཞེས་བྱའོ། །ཧསྟི། ལག་


MR26_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཏེ་གླང་པོ་ཆེ། དནྟཱི། སོ་ལྡན། དནྟིནྟ། འདི་སོགས་ཕལ་ཆེར་མིང་མཐའ་འདྲ་མིན་འོང་བ་སྐབས་ཀུན་ཏུ་ཤེས་པར་བྱའོ། །དནྟཱ་བ་ལཿ སོ་ལེགས། ཀ་རཱི། སྣ་ཞགས་ཅན། རྭེ་ར་དཿ སོ་གཉིས། ཨ་ནེ་ཀ་པཿ གཅིག་མིན་འཐུང་། དྭི་པཿ གཉིས་འཐུང་། མ་ཏཾ་ག་ཛཿ མ་ཏངྒ་སྐྱེས་ཏེ་དྲང་སྲོང་མ་ཏཾ་ག་ལས་སྐྱེས་པར་གྲགས་པའི་ཕྱིར་རོ། །ག་ཛཿ མྱོས་ལྡན། ནཱ་གཿ རི་སྐྱེས། ཀུཉྫ་རཿ འགྲམ་ལེགས་སམ་པན་གླང་ངམ་པ་ལང་དུ་ཡང་འབོད། པཱ་ར་ཎཿ གླང་པོ། ཨི་བྷཿ གླང་ཆེན། སྟམྦྷེ་ར་མཿ ཀོན་པོར་རྩེ། པདྨིན྄། དང་། པདྨཱི། ཐིག་ལེའི་དྲ་བ་ཅན། ཞེས་སོ། །ཁྱུའི་གཙོ་བོར་གྱུར་པའི་གླང་པོ་ཆེའི་མིང་། ཡཱུ་ཐ་ནཱ་ཐཿ ཁྱུའི་གཙོ་བོ། ཡཱུ་ཐ་བཿ ཁྱུ་སྐྱོང་ཞེས་སོ། །གླང་པོ་ཡོན་ཏན་ཁྱད་འཕགས་ལ། ཧསྟྱཱ་ཛཱ་ནེ་ཡཿ གླང་པོ་ཅང་ཤེས། བརྒྱ་བྱིན་གྱིས་བཞོན་པའི་གླང་པོ་ཆེའི་མིང་ལ། ཨཻ་རཱ་བ་ཎ་ཧསྟིཿ གླང་པོ་ཆེ་ས་སྲུང་གི་བུ་ཞེས་སོ། །ཀ་རི་ཎཱི། གླང་མོ། དྷེ་ནུ་ཀཱཿ དང་། ཀེ་རེཎུཿ བ་ལང་མོ། ཀ་རེ་ཤཱ་བ་ཀཿ གླང་ཕྲུག ཀ་ར་བྷཿ དང་། ཀ་ལ་བྷཿ ཡང་དེའོ། །འགྱུར་བྱེད་ཀྱིས་མྱོས་པའི་གླང་པོའི་མིང་། པྲ་བྷིནྣཿ གླང་སྨྱོན། གརྫྫི་ཏཿ སྒྲ་སྒྲོགས། མཏྟཿ གླང་བཟི་ཞེས་སོ། འགྲམ་ཆང་འཛག་པའི་གླང་པོའི་མིང་། ཨུ་དྭཱནྟཿ རབ་འཛག ནི་རྨདཿ ཆང་འཛག་ཟེར། གླང་པོ་འདོད་པས་གདུང་ཚེ་འགྲམ་པར་འཛག་པའི་ཆུའི་མིང་། མ་དཿ མྱོས་བྱེད། དཱ་ནཾ། འགྲམ་ཆང་ཟེར། གླང་པོའི་སྣ་ནས་ཕྱིར་འབུད་པའི་ཆུའི་ཟེགས་མ་ལ། བ་མ་ཐུཿ ཆུ་འཐོར། གླང་པོའི་སྤྱི་བོའི་འབུར་གཉིས་ལ། ཀུ་མྦྷཽ། མྱོས་བུམ་མམ་མྱོས་གང་ཞེས་སོ། །དེ་གཉིས་ཀྱི་དབུས་ཆ་ལ། བི་དུཿ འབིགས་གནས་ཞེས་སོ། །ཧཱ་སྟི་ཀཾ གླང་པོའི་ཚོགས། ག་ཛ་ཏཱ། གླང་པོའི་ཁྱུ་ཞེས་སོ། །གླང་


MR26_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མིག་རིལ་ལ། ཨཱི་ཥི་ཀཱ། གཤོལ་མིག་ཅན། གླང་པོའི་དཔྲལ་བ་དང་མིག་ཟུར་སོགས་ལུས་ཀྱི་ཆ་ཡི་མིང་དུ་མ་འཆི་མེད་མཛོད་འགྲེལ་དུ་ལྟ་བར་བྱ་སྟེ་མིང་འདི་དག་མ་གོ་ན་དོན་གཞན་དུ་གོ་ནས་ལོག་པར་འཆད་སྲིད་པའི་ཕྱིར་རོ། །གླང་པོ་གཟིར་བྱེད་དབྱུག་པའི་མིང་། ཏོ་ཏྲཾ། གཟིར་བྱེད། བཻ་ཎུ་ཀཾ འོད་མའི་དབྱུག་པ། ལྕགས་ཀྱུའི་མིང་། ཨངྐུ་ཤ །ལྕགས་ཀྱུ་དང་། སྲྀ་ཎིཿ མཆིལ་པ། ཀློག་ཚུལ་གཞན། ཤྲྀ་ཎིཿ ཀྱེ་བཏང་ཞེས་སོ། །གླང་པོ་འདོགས་པའི་ལྕགས་ཐག་གི་མིང་། ཤྲིངྑ་ལཿ ལྕགས་ཐག ཨནྡུ་ཀཿ འཆིང་བྱེད། ནི་ག་ཌཿ སྒྲོག་ཞེས་སོ། །གླང་པོ་རྣམས་གཞུགས་པའི་ཁང་པའམ་ར་བའི་མིང་། བཱ་རཱི། དང་། བཱ་རིཿ སྒྲིབ་བྱེད། ག་ཛ་བནྡྷ་ནི། གླང་པོ་འཆིང་བྱེད། གླང་པོ་ལ་སོགས་པའི་ཤིང་གི་མིང་། ཨཱ་ལཱ་ནཾ། འཆིང་གནས། བནྡྷ་སྟམྦྷཿ འདོགས་པའི་ཀ་བ་ཞེས་སོ། །རྟ་སྤྱི་ཡི་མིང་། ཨ་ཤྭཿ རྟ། ཧ་ཡཿ འགྲོ་བྱེད། ཏུ་རངྒ་མཿ འམ། ཏུ་རཾ་གཿ མགྱོགས་འགྲོ། ཏུ་ར་ག མྱུར་འགྲོ། གྷ་ཊ་ཀཿདང་། གྷོ་ཊཿ འདྲེན་བྱེད། པཱི་ཏིན྄། དང་། བཱི་ཏཱི། འཐུང་ལྡན་ནམ་འཐུང་བྱེད། བཱཻ་ཏིཿ རྒྱ་བྱེད་ཅེས་པར་ཡང་བཤད། བཱ་ཧཿ ཤུགས་ལྡན། བཱ་ཛིན། དང་། བཱ་ཛཱི། གཤོག་ལྡན། ཨརྦྦ་ན྄། ནམ། ཨརྦྦཱཿ འགྲོས་ལྡན། གནྡྷརྦྦཿ ཟ་འགྲོ། སཻནྡྷ་བཿ སིནྡྷུ་སྐྱེས། སཔྟིཿ འདུ་བྱེད་ཅེས་སོ། །ཆེས་འཕུལ་དུ་བྱུང་བའི་རྟ་མཆོག་གི་མིང་། ཀུ་ལཱི་ནཿ རིགས་མཆོག ཨཱ་ཛཱ་ནེ་ཡཿ ཤུགས་འགྲོ་ཞེས་སུའང་བསྒྱུར་མོད། སྔར་གྱི་ལོ་ཙཱ་ཆེན་པོ་རྣམས་ཀྱིས་ཅང་ཤེས་སུ་བསྒྱུར། ཨ་ཤྭཱ་ཛཱ་ནི་ཡཿ རྟ་ཅང་ཤེས་ཏེ་གཡུལ་དུ་མཚོན་སོགས་ལ་འཛེམ་པ་དང་། རྒྱུག་ས་ཤེས་ལ་བདག་པོ་མགོ་ཐོན་པར་བྱེད་པ་སོགས་བྱ་བ་ཀུན་ཤེས་ཤིང་སྟོབས་ཤུགས་ཀྱིས་ཐོགས་མེད་དུ་འགྲོ་བའི་རྟ་མཆོག་གོ། ཀཎྚ་ཀཿ བསྔགས་ལྡན་ཏེ་རྒྱལ་བུ་དོན་


MR26_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་ཆིབས་པ། བ་ལཱ་ཧ་ཀཱ་ཤྭ་རཱ་ཛཱ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན། ཞེས་པ་བྲག་དང་ཆུ་སོགས་ལ་མི་ཐོགས་པར་སྐད་ཅིག་ཡུད་ཀྱིས་གར་འདོད་པར་ཕྱིན་པར་བྱེད་པ། སྲིན་མོའི་གླིང་དུ་སོན་པ་རྣམས་བསྐྱབ་ཕྱིར་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་རྟའི་རྒྱལ་པོ་བ་ལ་ཧ་སོགས་པ་ལྟ་བུའོ། །རྟ་དུལ་བའི་མིང་། བི་ནཱི་ཏཱཿ སྲུན་པ་ཞེས་རུང་བའི་དོན་ཏོ། །སཱ་དྷུ་བཱ་ཧིན྄ཿ ལེགས་འགྲོ། མིང་མཐའ། ཧཱི། བྱས་ཀྱང་དོན་འདྲའོ། །ཡུལ་གྱི་བྱེ་བྲག་གིས། བཱ་ནཱ་ཡུ་ཛཿ བཱ་ནཱ་ཡུ་སྐྱེས་སོགས་ཡུལ་སོ་སོར་སྐྱེས་པའི་མིང་ངོ་། །བྲམ་ཟེ་རྣམས་ཀྱི་རྟ་གཙང་གི་མཆོད་སྦྱིན་བྱ་རྒྱུའི་རྟའི་མིང་དུ། ཡ་ཡུཿ ཐོབ་བྱེད་དམ་མཆོད་སྦྱིན་རྟ། ཨ་ཤྭ་མེ་དྷཱི་ཡཿ རྟ་གཙང་ཡོ་བྱད་ཅེས་སོ། །ཡཱ་ཡཱ་བ་རཿ འང་དེ་ལ་འཇུག་གོ། རྟ་ལྷག་པར་མགྱོགས་ཤུགས་ལྡན་པའི་མིང་། ཛ་བ་ནཿ རྟ་མགྱོགས་པ། པྲ་ཛ་བཱི། བུད་མ་ཞེས་སོ། །ཁལ་བཀལ་པའི་རྟ་ལ། པྲྀཥྵཡཿ སྒལ་མ། སྡྱཽ་རིན྄། ནམ། རཱི། ཁལ་རྟ། རྟ་དཀར་པོའི་མིང་། ཀརྐྐཿ མཛེས་བྱེད། ར་ཐྱཿ ཤིང་རྟ་འདྲེན་པའི་རྟ། བ་ཌ་པཱཿ རྒོད་མའམ་འགྲོ་ནུས་མ། བཱ་མཱི། རྒོད་མ། ཨ་ཤྭཱ། མ་རྟའམ་རྟ་མོ། བཱ་ཌ་བཾ། རྒོད་མའི་ཁྱུའམ་ཚོགས། ཀི་ཤོརཿ རྟེའུ་སྟེ་ཐོར་རུ་ལའང་འཇུག་པར་བཤད། ཨཱ་ཤྭཱི་ནཾ། རྟའི་ཉིན་འགྲོས་རྟས་ཉིན་གཅིག་བགྲོད་ཐུབ་པའི་ལམ་ཚད་ཀྱི་མིང་། རྟའི་སྐེད་པར། ཀ་ཤྱཾ། འགྲོ་འོས། རྟའི་སྐད་ཀྱི་མིང་། ཧེ་ཥཱ། རྟ་སྐད། ཧྲེ་ཥཱ། མཚེར་སྐད་དོ། །ནི་གཱ་ལཿ རྟའི་སྐེའམ་ཨོལ་བའི་ཉེ་སྐོར་མིང་སྟེ། རྟའི་བསྟན་བཅོས་ལས། དྲིལ་བུ་འཆིང་དང་ཉེ་བའི་གནས། །ནི་གཱ་ལ་ཞེས་མཁས་པས་བསྒྲགས། །དེ་ཉིད་དུ་ནི་དགེ་བྱེད་པའི། །སྤུ་འཁྱིལ་ནོར་བུ་ཞེས་བྱའོ། །ཞེས་བཤད་དོ། །རྟའི་ཚོགས་བརྗོད་པ། ཨ་ཤྭཱི་ཡཾ། རྟ་ཁྱུ། ཨཱ་ཤྭཾ། རྟའི་ཚོགས། རྟའི་འགྲོས་


MR26_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་སྤྱི་མིང་། དྷཱ་རཱཿ རྟ་འགྲོས། བྱེ་བྲག་ཏུ། ཨཱ་སྐནྡི་ཏཾ། མཉམ་འགྲོས་ཏེ་དལ་བྲེལ་སྙོམས་པ། དྷཽ་རི་ཏ་ཀཾ འདུར་འགྲོས། རེ་ཙི་ཏཾ། གར་འགྲོས་སམ་འགྲོས་ཆེན། བལྨི་ཏཾ། གསར་འགྲོས་ཏེ་མ་རྀ་ཞེས་སུའང་གྲགས། བླུ་ཏཾ། གོམ་འགྲོས་ཏེ་ལྡེམ་འགྲོས་ཞེས་སོ། །རྟའི་སྣ་བུག་གི་ཆ་ལ། གྷོ་ཎཱཿ བསྐྱོད་བྱེད་དང་། པྲོ་ཐཾ། འཕར་བྱེད་ཟེར། ཤ་པཾ། དང་། ཁུ་རཿ རྨིག་པ། པུཙྪཾ། དང་། ལཱུ་ལཾ། དང་། ལཱངྒཱུ་ལཾ། རྔ་མའམ་མཇུག་མ་སྟེ་བ་ལང་སོགས་ཀྱི་རྔ་མ་ལའང་འཇུག སྐྲ་འདྲ་བའི་རྟ་རྔ་ལ། བཱ་ལ་ཧསྟཿ དང་། བཱ་ལ་དྷི། སྐྲ་རྔ་སྟེ། རྟ་དྲེལ་གྱི་རྔ་མ་ཁོ་ནར་འཇུག རྟ་ས་ལ་འདྲེ་ལྡོག་བྱེད་པར། ཨུ་པཱ་བྲི་ཏཿ རྟ་འདྲེས་པ། ལུ་ཋི་ཏཿ འདྲེ་ལྡོག་ཅེས་སོ། །གོཿ བ་ལང་། གོ་གུ་ལཾ། བ་ལང་གི་ཁྱུ། གོ་དྷ་དཾ། གནག་ཚོགས། ག་བི་ཤྭ་རཿ ཕྱུགས་ཀྱི་དབང་ཕྱུག་གམ་ཕྱུགས་བདག་སྟེ། བ་ལང་མང་པོའི་བདག་པོའི་མིང་། གོ་མཱན྄། དང་། གོ་མཱི། གོ་མིན྄། གོ་མཏ྄། གནག་ཅན། གོ་པཱ་ལཿ ཕྱུགས་སྐྱོང་ངམ་ཕྱུགས་རྫི། གོ་དུ་ཧ། དང་། གོ་དྷུ་ཀྲ བ་འཇོ། གོ་དུ་ཧཿ བཞོ་མཁན། ཞེས་དང་། གླང་གི་མིང་། བྲྀ་ཥཿ གླང་། རྀ་ཥ་བྷཿ གླང་བུ། གོ། དང་། གཽཿ འགྲོ་བྱེད། ཨུཀྵ་ན྄། ནམ་ཀྵཱ། འཁྲུད་བྱེད། བྷ་དྲཿ བཟང་པོ་བ་ལཱི་བརྟྟཿ སྟོབས་འཕེལ། ཨ་ན་ཌུ་ཧཾ། འམ་ཌཱན྄། ཤིང་རྟ་འདྲེན། སཽ་ར་བྷེ་ཡཿ དྲི་བཟང་བུ། བྲྀ་ཥ་བྷཿ ཁྱུ་མཆོག་ཅེས་སོ། །ཁྱུ་མཆོག་དངོས་ནི། བ་གླང་ཅང་ཤེས་ཐོག་གིས་འཇིགས་པ་མེད་པ་དང་། རྩ་ཆུ་སོགས་ལེགས་སར་འཁོར་གྱི་སྣ་དྲངས་ནས་འགྲོ་བ་སོགས་ཀྱི་ཡོན་ཏན་ཡོད་པ་མིན་ཡང་། འདིར་གླང་སྤྱི་མིང་དུའང་བཤད་པ་དེའི་རིགས་ཡིན་པའམ། གླང་གི་ནང་ན་གཙོ་བོ་ཙམ་ལ་བསམ་པའོ། །བོད་སྐད་དུ་གླང་པོ་དང་། གླང་བུ་གཉིས་ཀར་གླང་དང་བ་ལང་དུ་འབོད་པས་དེའི་ཁྱད་ཕྱེ་ཕྱིར་གླང་པོ་ཆེ་བརྗོད་པ་ཡིན་ནོ། །མ་ཧོ་ཀྵཿ གླང་བུ་ཆེན་པོ་སྟེ། གླང་


MR26_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་པོའི་མིང་། བྲྀདྡྷོཀྵ། དང་། ཛ་རངྒ་བཿ གླང་རྒས་པ་སྟེ་གླང་རྒན། ད་མྱཿ འདུལ་འོས་ཏེ། གླང་གསར་འདུལ་རན་པ། བཏྶ་ཏ་རཿ གླང་གསར། ཛཱ་ཏོཀྵཿ གླང་སྐྱེས་ཏེ་འདུལ་འོས་ལས་བརྒལ་ནས་དར་མར་གྱུར་པའི་མིང་། ཥཎྚཿ གླང་ཁྱུང་སྟེ་འོག་མ་བཅད་པ། དེ་ལ། གོ་པ་ཏིཿ བ་བདག་དང་། ཥནྜ། ཁྱུ་བ། ཨི་ཏྭ་རཿ ཁྱུ་གླང་། ཨི་ཊ་ཙ་རཿ འདོད་འགྲོ་ཟེར། ཁྱུ་བར་བཞག་འོས་པ་ཕྲུག་གི་མིང་། ཨཱརྵ་བྷྱཿ གླང་ཁྱུ་བའི་རྣམ་པ། བ་ཧཿ གླང་གི་གཉའ་བའམ་ཁུར་བྱེད། ཀ་ཀུ་དམ྄། ནོག སཱ་སྣཱ། ལྐོག་ཤལ། དེ་ལ། ཀམྦ་ལ། ལྐོག་འཕྱང་ཟེར། ཁུ་རཿ རྨིག་པ། ཤྲྀངྒཿརཱ། བི་ཥཱ་ཎཾ། དང་། ལཾ་གུ་ལཿ མཇུག་མ། ཡུ་གྱཿ གཉའ་ཤིང་ཅན་གྱི་གླང་། པྲཱསངྒཿ འདུལ་ཤིང་། པྲཱསངྒྱཿ འདུལ་ཤིང་ཅན། གླང་གསར་འདུལ་ཕྱིར་གཉའ་ཤིང་གི་ལོགས་སུ་ཤིང་སོགས་བཅིངས་པའི་མིང་། པྲཥྛ་བཧྲ། ཊ྄། འདུལ་གླང་ངམ་རྒྱབ་ཁུར་ཅན་དང་། ཡུ་ག་པཱཪྴྭ་གྭཿ གཉའ་ཤིང་འོག་འགྲོ་ཟེར། ཤིང་རྟ་ཆུང་ངུ་འདྲེན་པར། ཤཱ་ཀ་ཊཿ ཤིང་རྟ་ཅན། ཐོང་གཤོལ་འདྲེན་པར། ཧཱ་ལི་ཀཿ གཤོལ་ཅན། སཻ་རི་ཀཿ རྨོས་གླང་། ཁུར་འདྲེན་པའི་གླང་སོགས་ཀྱི་མིང་། དྷཱུཿ ཁུར་འདྲེན། དྷཽ་རེ་ཡཿ ཁལ་གླང་། དྷཱུརྦ་ཧཿ ཁུར་ཐེག དྷུ་རཱི་ཎ། རྒལ་བ། དྷུ་རནྡྷ་རཿ འདྲེན་གླང་ཞེས་སོ། །ཤིང་རྟ་སོགས་རེ་རེ་ཁོ་ན་འདྲེན་པ་ལས་གཞན་སྨིན་པའི་གླང་སོགས་མིང་། ཨེ་ཀ་དྷུ་རིཿ འམ། དྷུ་རཱི་ཎཿ གཅིག་ཁུར། ཁུར་ཐམས་ཅད་འདྲེན་རུང་ལ། སརྦ་དྷུ་རཱིཎཿ དང་། སརྦ་དྷུ་རཱ་བ་ཧ། ཁུར་ཀུན་འདྲེན་པ་ཞེས་སོ། །བ་མོའི་མིང་། གོ། དང་། གཽ བ། ཨུ་སྲཱ། བ་མོ། མཱ་ཏཾ་གཱི། གླང་མོའམ་རེས་གདོལ་པ་མོར་ཡང་འཇུག་སྟེ་འདི་དེ་གཉིས་ཀྱི་མིང་ཐུན་མོང་ཡིན་པས་སོ། །མཱ་ཧེ་ཡཱི། མཆོད་བྱེད་མ། མཱ་ཏྲི། དང་། མཱ་ཏཱ། མའམ་མ་མོ་གཞན། སཽར་བྷེ་ཡཱི། དྲི་བཟང་བུ་མོ། ཤྲྀངྒི་


MR26_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཎཱི། ར་ཅན་མ། ཛ་ན་ནཱི། སྐྱེད་མ། ཨརྫྫུ་ནཱི། སྒྲུབ་བྱེད་མ། ཨགྷྣཱ། འཚོ་བྱེད་མ། རོ་ཧི་ཎཱི། སྐྱེད་བྱེད་མ་ཞེས་སོ། །བ་མཆོག་གི་མིང་། ནཻ་ཙི་ཀཱི། གཞོལ་འགྲོ་མའམ་རྣ་ལེགས་མ། ནཻ་ཙ་ཀཱི། མགོ་ལེགས་མ། ནི་ཙ་ཀི ཞེས་ཀྱང་འབོད། ཁ་དོག་ལས། ཤ་བ་ལཱི། ཁྲ་མོ། དྷ་བ་ལཱ། དཀར་མོ་སོགས་དང་། ཚད་ལས། དཱིརྒྷཱ། རིང་མོ། བཱ་མ་ནཱི། ཐུང་ངུ་མ། ཡན་ལག་ལས་བཏགས་པ། ལམ་པ་ཀརྞྞི། རྣ་འཕྱང་མ། བ་ཀྲ་ཤྲྀངྒཱི། ར་འཁྱོགས་མ་ལ་སོགས་པས་མཚོན་པར་བྱའོ། །ན་སོ་ལས། དཱི་ཧཱ་ཡ་ནཱི། ལོ་གཉིས་མ། དཱི་པརྵཱ། དབྱར་གཉིས་མ། ཨེ་ཀཱ་བྡཱ། ལོ་གཅིག་མ། ཨེ་ཀ་ཧཱ་ཡ་ནཱི། དབྱར་གཅིག་མ། ཙ་ཏུ་རབྡཱ། ལོ་བཞི་མ། ཙ་ཏུརྷཱ་ཡ་ནཱི། དབྱར་བཞི་མ། ཏྱབྡཱ། ལོ་གསུམ་མ། ཏྲི་ཧཱ་ཡ་ཎཱི། བ་བཤད་མ། ཞེས་བྱའོ། །ཕྱུགས་གཞོན་ནུ་སྤྱི་ཡི་མིང་། བརྐྐརཿ ཞེས་སོ། །བ་ཤཱ། བེའུ་མེད་མ། བནྡྷཿ བ་སྐམ་མ། ཨ་བ་ཏོ་ཀཱ། བེའུ་ཤོར་མ། སྲ་བངྒརྦྷཱ། འཕྱིལ་མ། ཞེས་སོ། །སནྡྷི་ནཱི། ཤེ་སྦྱོར་མ་སྟེ་ཤེ་ཞབས་ཚུད་པའི་མིང་། རྡུལ་མེད་པར་ཞུགས་པས་མངལ་མ་ཆགས་པ་ལ། བཻ་ཧངྒ་རྦྷཱ། མངལ་ལྷུང་མ་དང་། ཨུ་པཀྷཱ་ཏི་ནཱི། ཉེར་འཇོམས་མའང་ཟེར། རྡུལ་ལྡན་ཞུགས་པར། ཀཱ་ལྱཱ། དུས་ཐོབ་མ། ཨུ་པ་སཪྻྻ། འཁོར་མ་ཞེས་སོ། །མངལ་ལྡན་ལ། པྲཥྛཽ་ཧཱི། བེའུ་མ། བཱ་ལ་གརྦྷི་ཎཱི། བེ་ཁུར་མ། བེའུ་སྐྱེས་ནས་ལོ་གཅིག་སོང་བའི་མིང་། ཙི་ར་སཱུ་ཏཱ། སྔོན་སྐྱེས་མ། པཥྐ་ཡ་ཎཱི། ཡར་མ། པཥྐ་ཡ་ཞེས་པ་ན་ནིང་གི་བེའུ་ཡིན་ཞེས་འབྱུང་། བེའུ་སྐྱེས་ནས་ཡུན་རིང་མ་ལོན་པའི་མིང་། དྷེ་ནུཿ དྲུས་མ་དང་། ན་བ་སཱུ་ཏི་ཀཱ། བེའུ་གསར་ཅན་ཟེར། བ་ཤིན་ཏུ་སྲུན་པའི་མིང་། ཨ་ཙཎྜཱི། བ་སྲུན། སུ་ཀ་རཱ། དུལ་མ། འོ་མ་འཇོ་བདེ་བའི་མིང་། སུ་བྲ་ཏཱ། ལེགས་བསླབ་མ། སུ་ཁ་སནྡོ་ཧྱཱ། འཇོ་བདེ་མ། བ་ཡི་ནུ་མའི་མིང་། ཨཱུ་དྷ་ས྄། ས་མ་དྷཿ འབབ་བྱེད། ཨཱ་བཱི་ནཾ། ཀུན་འཇོ་


MR26_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །པཱི་ནོ་དྷྣི། ནུ་ཆེན་མ། པཱི་བ་ར་སྟ་ནཱི། ནུ་སྦོམ་མ། །འོ་མ་བྲེ་བོ་ཆེའི་ཚད་ཡོད་པའི་བ་མོ་ལ། དྲོ་ཎཀྵཱི་རཱཿ བྲེ་ཆེན་འོ་མ། དྲོ་ཎ་དུ་གྷཱ། པྲེ་བཞོད་མ། འོ་མ་འཇོ་ཕྱིར་བཅིངས་པའི་མིང་། དྷེ་ནུ་ཥྱཱ། འཇོ་བྱ། ས་མཱི་ས་མཱི་ནཱ། ལོ་བེའུ་མ་སྟེ་ལོ་བཞི་ན་བེའུ་སྐྱེས་པའོ། །བེའུ་མང་པོ་སྐྱེས་པ་ལ། བ་ཧུ་སཱུ་ཏིཿ མང་སྐྱེས་མ། པ་རེཥྞུཿ བེ་མང་མ་ཞེས་སོ། །ཀ་ལ་བྷཿ དང་། ཀ་ཛ་པོ་ཏཿ བ་ལང་གི་ཕྲུག་གུ། བེའུའི་མིང་། ཧརྞྞ་ཀཿ བེ་རློན་ཏེ་བེའུ་སྐྱེས་འཕྲལ་གྱི་མིང་། བཏྶཿ བེའུ། ཤ་ཀྲྀཏྐ་རིཿ བཤད་བྱེད། ཅེས་སོ། །དེ་རྣམས་ཚོགས་པ་བརྗོད་པ། མ་ཧེ་བ་ལང་སོགས་ཀྱི་ཚོགས་སྤྱི་མིང་། ཡཱ་ད་པཾ། ཕྱུགས་ཚོགས། ཨཽ་ཀྵ་ཀཾ གླང་ཁྱུ། ག་བྱཱ། བ་མོའི་ཁྱུ། གོ་ཏྲཱ། བ་ཚོགས། བཱཏྶཀཾ བེའུའི་ཁྱུའམ་ཚོགས། དྷེ་ནུ་ཀཾ དྲུས་མའི་ཚོགས་ཞེས་སོ། །ཨུཥྚྲཿ དང་། མ་ཡཿ རྔ་མོ། དེའི་མིང་། ཀྲ་མེ་ལ་ཀཿ འཆག་བྱེད། མ་ཧཱངྒཿ ལུས་ཆེན་ཞེས་སོ། །ཀ་ར་བྷཿ རྔེའུ། རྔེའུའི་རྐང་པ་འཆིང་པའི་ཤིང་སྒྲོག་གི་མིང་། ཤྲྀངྑ་ལ་ཀཱ། ཤིང་སྒྲོག ཨཽཥྚྲ་ཀཾ རྔ་མོའི་ཁྱུ། ཞེས་སོ། །མ་ཧི་ཥཿ མ་ཧེའམ་མཆོད་བྱེད། ལུ་ལྭ་པཿ མ་ཧེའམ་ཆུར་འགྲེ། དེའི་མིང་། བཱ་ཧ་དྭི་ཥན྄། རྟའི་དགྲ། ཀཱ་ས་རཿ ཆུར་འགྲོ། ས་རི་བྷཿ དང་། སཻ་རི་བྷཿ གཤོལ་ཅན་སྟེན་བྱེད་དམ་ཞིང་སའི་གླང་པོ། ཞེས་སོ། །ག་བ་ལཾ། མ་ཧེའི་རྭ་སྟེ་བཅུད་ཕལ་ཆེར་འདི་ནང་འཇོག་པས་ཨ་མཱ་ར་ཀོ་ཥར྄་རིན་པོ་ཆེའི་སྐོར་དུ་བཤད་དོ། །ཙ་མ་རཿ གཡག ཙ་མཱ་རཱི། འབྲི། བཏྶཿ བེའུ། ཁ་རཿ བོང་བུ་སྟེ་མགྲིན་པའི་བུ་ག་ཡངས་པ་ཅན་ནོ། །ཨ་ཤྭ་ཏ་རཱྀ། བོང་བུ། དེ་ལ། གརྡྡ་བྷཿ སྒྲ་སྒྲོགས། རཱས་བྷཿ སྐད་ཆེན། མིང་གཞན། ཙཀྲཱི་བཏ། བཱ་ན། འཁོར་ལོ་ཅན་དང་། བ་ལེ་ཡཿ སྟོབས་ཕན་ཡང་ཟེར། བེ་གས་རཿ ཤུགས་འགྲོ་སྟེ་དྲེའུ། བ་རཱ་ཧཿ


MR26_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང་བུད་མེད་ཀྱི་རྟགས་སུ་བྱས་ན། བ་རཱ་ཧཱི། ཕག་པ། བུ། སཱུ་ཀ་རཿ ཕག་གམ་སུ་སྒྲ་ཅན། དེའི་མིང་གཞན། ཤཱུ་ཀ་རཿ གཅང་བྱེད་དམ་གྲམ་ཅན། གྷྲྀཥྚིཿ དགའ་བྱེད། ཀོ་ལཿ ཚན་ཅན། ཀི་རིཿ ཉུག་བྱེད། ཀི་ཊིཿ ས་སློང་། དཾཥྚཱི། མཆེ་བ་ཅན། གྷོ་ཎཱི། འམ། ཎིན྄། སྣ་རིང་། སྟ་བྡྷ་རོ་མན྄། ན་མ། མཱ། སྤུ་ལངས། ཀྲོ་ཌཿ སྙུག་པོ། བྷཱུ་ད་རཿ ས་རློག་ཅེས་སོ། །ཕག་རྒོད་རི་ལ་ཡོད་པ་དང་། མིས་བདག་ཏུ་བཟུང་བ་གང་ལའང་མིང་འདི་དག་ཁྱད་པར་མེད་པར་འཇུག་གོ། བི་ཊྩ་ར། རྐྱག་ཟན་ཏེ་གྲོང་ཕག་གོ། མེ་ཌྷྲཿ ལུག ཨེ་ཌཿདང་། ཨེ་ཌ་ཀཿ དང་། ཀཱ། ཉལ་ལྡན་ཏེ་ལུག་གོ། དེ་བཞིན། ཨུ་ར་བྷྲཿ བརླ་སྐྱོད། ཨུ་ར་ཎཿ གཡང་དཀར། ཨུརྞྞཱ་ཡུས྄། སམ། ཡུཿ བལ་ལྡན། མེ་ཥཿ འགྲན་བྱེད། པྲྀཥྞིཿ ཤེལ་སྒོང་། ཞེས་དང་། གཞན། ཧུ་ལུཿ ཧུ་ཌཱཿ བྷེཊཱཿ ཞེས་ཀྱང་འབོད་དོ། །ཨཽ་ར་བྷ་ཀཾ ལུག་གི་ཁྱུ་ཞེས་སོ། །ཨ་ཛཱཿ ར་མ། ཙྪ་ག་ལཿ དང་། ཚག་ལ་ཀཿ གཅོད་བྱེད། ཚཱ་གཿ ཚེ་ཚེ། སྟ་བྷཿ ར། ལ་ལས། ཏུ་བྷཿ ཞེས་བཀླགས། བསྟཿ ཟ་བྱེད། ཨ་ཛཿ མང་འགྲོ། ཞེས་སོ། །ཚཱ་གཱི། ར་མོ། ཨཱ་ཛ་ཀཾ ར་ཁྱུའོ། །ཁྱི་ནི་གཅན་གཟན་གྱི་རིགས་སུ་གཏོགས་ཀྱང་མི་ལ་བརྟེན་པས་ན་འདིར་བཤད་དེ། ཀུཌྷུ་རཿ ཁྱིའམ་ཟ་བྱེད། ཤྭཱ། དང་། ཤྭན྄། དང་། ཤྭ་ནཿ དང་། ཤྭཱ་ན། ཁྱི། ཤུ་ན་ཀཿ ཞེའུ། བྷ་ཥ་ཀཿཟུག་བྱེད། ཀཽ་ལེ་ཡ་ཀཿ ཁྱིམ་སྐྱེས། སཱ་ར་མེ་ཡཿ ས་ར་མཱའི་བུ། ཀུརྐུ་རཿ གཅོད་བྱེད། མྲྀ་ག་དཾ་ཤ་ཀཿ རི་དྭགས་ཟ་བྱེད། ཞེས་སོ། །ཨ་ལརྐྐཿ ཁྱི་སྨྱོན། བི་ཤྭ་ཀ་དྲུཿ ཤ་ཁྱི་སྟེ་རྔོན་ལ་བསླབ་པའི་ཁྱིའོ། །ཁྱི་མོའི་མིང་། སར་མཱ། ཁྱི་མོ། ཤུ་ནཱི། ཞེའུ་མོ། ཞེས་སོ། །གཞན་ཡང་གོང་དུ་སོ་སོའི་སྡེར་སྨྲོས་པའི་བྱ་གག་དང་སྤྲེའུ་བྱི་ལ་སོགས་ཀྱང་མིས་བདག་ཏུ་བཟུང་བ་རྣམས་ཀྱང་འདིར་ཤེས་པར་བྱའོ། །དེར་མ་ཟད་བྱ་དང་རི་


MR26_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་སོགས་ཁྱིམ་དུ་གསོས་པ་སྤྱིའི་མིང་། ཙྪི་ཀཿ ཁྱིམ་གསོས། གྲྀ་ཧྱ་ཀཿ ཁྱིམ་གནས་སམ་བདག་བཟུང་ཞེས་བྱའོ། །དེ་ལྟར་དུད་འགྲོའི་སྡེ་ཚན་ལས། རྒྱ་མཚོ་ལ་གནས་པ་ཆུ་སྲིན་སོགས་འགའ་ཞིག་དང་། མིའི་ཡུལ་ན་གནས་པའི་དུད་འགྲོ་ཁ་འཐོར་བའི་བྱེ་བྲག་ཅི་རིགས་བརྗོད་པ་སྟེ། གཞན་དུ་དུད་འགྲོའི་རིགས་དཔག་མེད་ཡོད་དོ། །ཡི་དྭགས་ཀྱི་སྡེ་ཚན་ལའང་། ཡི་དྭགས་བྱིངས་གནས་ཕྱི་དང་ནང་གི་སྒྲིབ་པ་ཅན་སོགས་ལུས་དང་སྡུག་བསྔལ་མྱོང་ཚུལ་ཚད་མེད་པ་ཡོད་ལ། མཁའ་རྒྱུའི་ཡི་དྭགས་ཀྱི་སྡེར་གཏོགས་པ་ལ། ༈ པྲེ་ཏཿ ཡི་དྭགས་སྤྱི་མིང་། མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་བྱེ་བྲག ཀུམྦྷཎྚཿ གྲུལ་བུམ། པི་ཤཱ་ཙཿ ཤ་ཟ། བྷཱུ་ཏཿ འབྱུང་པོ། པཱུ་ཏ་ནཿ སྲུལ་པོ། ཀ་ཊ་པཱུ་ཏ་ནཿ ལུས་སྲུལ་པོ། ཨུབྡཱ་དཿ སྨྱོ་བྱེད། སྐནྡཿ སྐེམ་བྱེད། ཨ་བ་སྨ་རཿ བརྗེད་བྱེད། ཙྪཱ་ཡཱ། གྲིབ་གནོན། རཱཀྵ་སཿ སྲིན་པོ། རེ་བ་ཏཱི་གྲ་ཧཱཿ ནམ་གྲུའི་གདོན། ཤ་ཀུ་ནི་གྲ་ཧ། བྱའི་གདོན། བྲཧྨ་རཱཀྵ་སཿ བྲམ་ཟེའི་སྲིན་པོ། གཞན་ཡང་འཇིག་རྟེན་གྱི་ཁམས་ན་རྒྱུ་བའི་གདོན་སྣ་ཚོགས་ཡོད་པ། སྤྱི་མིང་དུ། གྲ་ཧཿ སྟེ་འཛིན་པར་བྱེད་པའི་ཕྱིར་གདོན་ཞེས་དང་། ལོག་འདྲེན་དང་བགེགས་ཀྱི་མིང་དུའང་བསྟན་ཏོ། །འདི་དག་སེམས་ཅན་ལ་འཚེ་བའི་སྒོ་ནས་ཕལ་ཆེར་ཡི་དྭགས་སུ་གཏོགས་པའང་ཡིན་ལ། གདོན་གྱི་བྱེ་བྲག་ལྷ་དང་དྲི་ཟ་སོགས་ཀྱི་རིགས་སུ་གཏོགས་པ་ཚད་མེད་པ་ཡོད་དེ། གཙོ་བོ་རྒྱལ་པོ་ཆེན་པོ་བཞིའི་འཁོར་དུ་གཏོགས་པའི་གནོད་སྦྱིན་ལ་སོགས་པ་བག་མེད་པ་དང་། ཁྲོ་བ་དང་ཆགས་པའི་དབང་གིས་བགེགས་བྱེད་པའི་རིགས་དུ་མ་ཡོད་པ་དཔུང་བཟང་སོགས་ལས་གསུངས་པ་ལྟ་བུ་སྟེ། མདོར་ན་ཕྱོགས་སྐྱོང་བ་ཆེན་པོ་བཅུའི་འཁོར་དུ་གཏོགས་པའི་འབྱུང་པོ་མཐུ་ཆེ་བ་རྣམས་ཕལ་ཆེར་སངས་རྒྱས་ཀྱི་


MR26_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལ་རྩི་ཡང་དམ་ཚིག་ཉམས་པ་ལ་ཆད་པ་འབེབ་པ་དང་། རང་བཞིན་གཏུམ་ཞིང་རྩུབ་པས་གཞན་ལ་དུས་སུ་གནོད་པ་དང་། ཡི་དྭགས་ཕྲ་མོ་ཤི་འདྲེ་དང་། ཟ་འདྲེ་ལྟ་བུ་ཚད་མེད་པ་ཡོད་དོ། །དམྱལ་བ་ལ་ནི་གནས་རིས་ཀྱི་མིང་བསྟན་པ་དེ་ལས་དམིགས་བསལ་གྱི་མིང་མ་སྨོས་ཏེ། ཐམས་ཅད་དུ་སྡུག་བསྔལ་རོ་གཅིག་པས་བྱ་བྱེད་སྣ་ཚོགས་ཀྱི་བརྗོད་པ་མཐོ་རིས་ལྟར་མེད་པ་ཡིན་ནའང་། དམྱལ་བའམ་གཤིན་རྗེའི་སྡེ་དཔོན་གྱི་མིང་། དྷརྨ་རཱ་ཛ། ཆོས་ཀྱི་རྒྱལ་པོ། བཻ་བ་ཤཱ་ཏཱི། དང་། བཻ་བྷ་སྭ་ཏཿ ཉི་མའི་བུ། ཀྲྀ་ཏཱནྟ། དང་། ཨནྟ་ཀཿ མཐར་བྱེད། ཡ་མ་རཱ་ཛཿ གཤིན་རྗེའི་རྒྱལ་པོ། པི་ཏྲྀ་པ་ཏིཿ ཕ་གཤིན་བདག །པ་རེ་ཏ་རཱ་ཛ྄འམ་རཱ་ཊ྄། གཤིན་གྱི་རྒྱལ་པོ། ཤྲཱདྡྷ་དེ་བཿ ཤིད་ལྷ། ཡ་མུ་ནཱ་བྷྲཱ་ཏྲྀའམ་ཏཱ། ཡ་མུ་ནའི་སྤུན་ཟླ། ཀཱ་ལཿ གྲངས་ཅན། དཎྚ་དྷ་རཿ དབྱུག་འཛིན། ཤམ་ནཿ ཞི་བྱེད། ས་མ་བརྟྟིན྄། དང་རྟྟཱི། མཚུངས་འཇུག་ཅེས་སོ། །དེ་ཡང་ལས་ཀྱི་གཤིན་རྗེ་ཡབ་ཡུམ་དང་། འཁོར་ལྕགས་མཁར་བཅུ་དྲུག་གི་བདག་པོ་གཤེད་ཆེན་བཞི་ལ་སོགས་པ་ཡི་དྭགས་ཀྱི་ཡུལ་ན་བཞུགས་ཤིང་དགེ་སྡིག་གི་སྟངས་གཅོད་པའི་དམྱལ་བའི་རྒྱལ་པོ་ལྟ་བུ་ཡིན་ལ། ཕྱོགས་སྐྱོང་གི་ནང་ནས་ལྷོ་ཕྱོགས་སྐྱོང་བ་ཡིན་ནོ། །སེམས་ཅན་དམྱལ་བར་སྐྱེས་པ་ལའང་སྡུག་བསྔལ་སྣ་ཚོགས་མྱོང་བའི་གནས་རིས་སོ་སོ་དྲན་པ་ཉེར་བཞག་སོགས་ལས་གསུངས་པ་ལྟ་བུའི་མིང་གི་སྐད་དོད་ནི། བྱེ་བྲག་རྟོགས་བྱེད་དང་འཆི་མེད་མཛོད་དུ་མ་བཤད་ཅིང་། སྐབས་འདིར་དགོས་པའང་མི་ཆེ་བས་བཏང་སྙོམས་སུ་བྱས་སོ། །དེ་ཡན་ཆད་ཀྱིས་ནང་བཅུད་ཀྱི་སེམས་ཅན་གྱི་གནས་རིས་དང་། རིགས་ཀྱི་མིང་བཤད་ཟིན་ནས། ༈ ད་ནི་མཐོ་རིས་མིའི་འགྲོ་བ་རྣམས་ཀྱི་མཁོ་བའི་ཡོ་བྱད་སྣ་ཚོགས་པའི་མིང་བཤད་པ་ལ། ནོར་རྫས་སྤྱིའི་མིང་། ད྄་བྱཾ། རྫས།


MR26_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཏྟིཾ། ཡོ་བྱད། སྭཱ་པ་ཏེ་ཡཾ། ནོར་རྫས། རི་ཀྠཾ། འབྱོར་བ། རྀཾཀྠཾ། དངོས་པོ། དྷ་ནཾ། དཀོར། བ་སུ། དཀོར་ནོར། ཧིར་ཎྱ། དབྱིག དྲ་བི་ཎཾ། ཟང་ཟིང་། དྱུ་མྣཾ། ནོར། ཨརྠཿ དོན། རཻ། འམ་རཱཿ ལོངས་སྤྱོད། བི་བྷ་བཿ དངོས་ཆས་ཞེས་སོ། །མཁོ་སྤྱད་དང་བཟོ་སྤྱད་སྤྱིའི་མིང་། བེ་ཥཿ ཆ་བྱད། པ་རི་སྐརཿ ཡོ་བྱད། ཨུ་པ་ཀ་ར་ཎཾ། ཡོ་བྱད། སྒྲ་འདོམ་ན་འཚོག་ཆས། ཞེས་ཟེར། ཛཱི་བི་ཏོ་པ་ཀར་ཎཾ། འཚོ་བའི་ཡོ་བྱད། གླཱན་པྲ་ཏྱ་ཡ་བྷྱཻ་ཥེ་ཛྱཾ། ན་བའི་གསོས་སྨན། སུ་ཁོ་པ་དྷཱ་ནཾ། བདེ་བའི་ཡོ་བྱད་དམ་བདེ་བའི་འཚོག་ཆས་སམ། བདེ་བར་སྦྱར་བ་ཅི་རིགས་སྐབས་སྦྱར་བྱ། ཨཱ་དྷིཿ སྲིས་ཏེ་ཕུག་སྲིས་ཞེས་སྲིས་རྨེ་ཟེར་བ་ལྟ་བུའི་སྲིས་སོ། །རིན་པོ་ཆེ་སོགས་བདག་གིས་བྱས་པའི་ཡོ་བྱད་ཐམས་ཅད་སྤྱི་ནོར་དང་། རྫས་སོགས་ཀྱི་མིང་འདི་ཐམས་ཅད་འཇུག་པ་ཡིན་མོད། དེ་ལས་ཡུལ་རིས་དང་། གནས་ཁང་དང་། ཞིང་ས་དང་། ནང་ནོར་རིན་པོ་ཆེ་ལ་སོགས་པ་དང་། ཕྱུགས་རྣམས་དང་། མཚོན་ཆ་སོགས་ཡོ་བྱད་ཅི་རིགས་སོ་སོའི་སྐབས་སུ་བཤད་ཟིན་ཅིང་། འདིར་དེ་དག་གི་ལྷག་མར་གྱུར་པའི་ཡོ་བྱད་དམ་ཉེ་བར་སྤྱད་པ་ཅི་རིགས་བརྗོད་པ་ལ། འདི་རྣམས་སྤྱིར་འདོད་ཡོན་ལྔས་བསྡུས་པ་ཡིན་ཏེ་རེག་བྱ་དང་གཟུགས་ཀྱི་ཡོན་ཏན་གཙོ་ཆེ་བ་གོས་དང་། གཟུགས་ཀྱི་འདོད་ཡོན་གཙོ་བོར་གྱུར་པ། རྒྱན་དང་མར་མེ་ལྟད་མོ་ལ་སོགས་པ་དང་། རོལ་མོའི་སྒྲ་དང་གླུ་དབྱངས་སོགས་སྒྲ་དང་། དྲི་བཟང་པོའི་སྦོས་དང་། རོ་ལྡན་གྱི་བཟའ་བ་དང་། གཞན་ཡང་ཉེར་མཁོ་ཅི་རིགས་པ་རྣམས་ལ། འཚོ་བའི་ཡོ་བྱད་དམ། བདེ་བར་སྦྱར་བའི་འཚོག་ཆས་ཞེས་བྱ་སྟེ། དབང་པོའི་ཡུལ་གྱི་འདོད་ཡོན་ཡིན་ནོ། །དེ་དག་ལ་ནང་གི་དབྱེ་བ་ཤིན་ཏུ་མང་ན་ཡང་། སྤྱི་རིགས་ནས། སྐབས་འདིར་གོས་དང་། རྒྱན་དང་། བྱུག་པ་སོགས་ཀྱིས་ལུས་ལེགས་པར་བྱ་བ་དང་། སྣང་གསལ་སོགས་གཟུགས་དང་། བཟའ་


MR26_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་དང་། དྲི་བཟང་དང་། གླུ་དབྱངས་རོལ་མོ་དང་ཉེ་བར་མཁོ་བའི་སྤྱད་ཆ་སྣ་ཚོགས་སྡེ་ཚན་བརྒྱད་དུ་བསྟན་པ་ལས། དང་པོ་གོས་ལ་རྒྱུའི་ཁྱད་པར་དང་ཡུལ་སོ་སོ་ལས་བྱུང་བའི་རྣམ་གྲངས་ཀྱིས་མང་པོར་འགྱུར་བ་དཔེར་མཚོན་ཏེ་ཅི་རིགས་བརྗོད་ན། ༈ །གོས་ཀྱི་རྒྱུ་ནི།ཏྭ་ཙ྄་དང་། ཏྭ་ཀ྄་ཤིང་ཤུན། བལྐ་ལཾ། ཤིང་ཤུན། ཕ་ལཾ། འབྲས་བུ། ཀྲྀ་མི། སྲིན་བུ། རོ་མན྄། དང་། རོ་མ། སྤུ་བཞིའོ། །ཤིན་ཤུན་ལས་བྱུང་བའི་རས་སྤྱིའི་མིང་། བཱལྐཾ། ཤུན་རས་ཏེ། ཟར་མའི་རས་ལ་སོགས་པའོ། །དེ་ལ། ཀྵཽ་མཾ། ཞེས་སམ། ཚིག་མཐའ། མཿ འམ། མཱི་བྱས་ཀྱང་རུང་སྟེ། ཟར་རས་སོ། །དེས་མཚོན་ནས་ཤུན་རས་རྣམས་བརྗོད་ཚུལ་ཀྱང་ཤེས་པར་བྱའོ། །འབྲས་བུ་ལས་བྱུང་བའི་རས་སྤྱིའི་མིང་། ཕཱ་ལཾ། འབྲས་བུའི་རས་ཏེ་རས་བལ་གྱི་གོས་ལ་སོགས་པའོ། །རས་བལ་ལས་བྱུང་བའི་མིང་། ཀཱརྦྤཱ་སཾ། རས་བལ་གྱི་རས་ཞེས་སོ། །རྒྱ་ཤུག་གི་འབྲས་བུ་ལས་བྱུང་བའི་མིང་། བཱ་ད་རཾ། རྒྱ་ཤུག་རས་ཞེས་སོ། །སྲིན་བུ་ལས་བྱུང་བའི་གོས་དར་དང་ཟ་འོག་ལ་སོགས་པ་སྤྱིའི་མིང་། ཀཽ་ཥེ་ཡཾ། སྲིན་བལ་གྱི་གོས། ཀྲྀ་མི་ཀོ་ཥོཏྠཾ། སྲིན་བུའི་སྦུབ་ལས་བྱུང་བ་ཞེས་སོ། །སྤུ་ལས་བྱས་པའི་གོས་སྤྱིའི་མིང་། རཱངྒ་པཾ། རང་ཀུ་སྐྱེས་སམ་སྣམ་བུ། མྲྀ་ག་རོ་མ་ཛཾ། རི་དྭགས་ཀྱི་སྤུ་ལས་བྱུང་བའམ་ལྭ་བ། མིང་དེ་དག་རྔ་མོ་དང་ལུག་བལ་སོགས་ལས་བྱས་པའི་སྦུའི་ལྭ་བ་ཐམས་ཅད་ལ་ཐུན་མོང་དུ་འཇུག་གོ། དེ་དག་གི་གཙོ་ཆེ་བའི་དབང་དུ་བྱས་ཀྱི། གཞན། ཙརྨཿ ཀོ་པགས་ཀྱི་གོས་དང་། ཙརྨ་ཙོ་ལཿ སློག་པ་སྟེ་པགས་སློག་གི་གོས། ཀལྤ་དུཥྱཾ། དཔག་བསམ་ཤིང་ལས་བྱུང་བའི་གོས་ཏེ། སྒྲ་མི་སྙན་དང་ལྷ་སོགས་ཀྱི་བསོད་ནམས་ལས་གྲུབ་པའི་གོས་སྲབ་འཇམ་ཡང་བ་རྣམས་དང་། ཨ་ཏུལྱཱ་ནི་བཱ་སཾ་སི། གཞལ་དུ་མེད་པའི་གོས་ཞེས། རིན་ཐང་གཞལ་དུ་མེད་པ། ལྷའི་གོས། ཀཱ་ཙ་ལིནྡི་ཀཾ །


MR26_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཙ་ལིཾ་དའི་གོས་ལྟ་བུ་རྣམས་ཡོད་དོ། །གོས་དེ་དག་གི་བྱེ་བྲག་ཅུང་ཟད་བརྗོད་ན། ཤཱ་ན་ཀཾ ཤ་ནའི་རས། ཀྵཽ་མ་ཀཾ ཟར་མའི་རས། དཽ་གཱུ་ལ་ཀཾ དོ་གུ་ལའི་རས་ཏེ། དུ་ཀཱུ་ལཾ། སྒྲིབ་མེད་དེ་ནང་གི་གོས་ཀྱི་ཕྱི་ནས་གྱོན་པས། ནང་གི་ཁ་དོག་མི་སྒྲུབ་པ་རས་གོས་རྣམས་ཀྱི་མཆོག་ཏུ་བཤད། དེ་ལ། ཀྵོ་མཾ། ནང་གསལ་ལམ་རས་ཕྲན་ཟེར་ཏེ་ཟར་རས་དང་ནོར་བར་མི་བྱའོ། །ཀཽཊྚམྤ་ཀཾ ཀོ་ཏམ་པའི་རས། ཨཱ་པ་རནྟ ཀཾ ཉི་འོག་གི་གོས། ཀཱ་ཤི་ཀ་སཱུཀྵྨཾ། ཡུལ་ཀ་ཤི་ཀའི་རས་ཕྲན། པ་ཊ་ཀཾ རས་ཡུག་ཆེན། ཤཱ་ཏ་ཀཾ རས་ཡུགས་ཕྲན། པ་ཊཱི་ཏཱུ་ལཿ དང་། པ་ཊི་ཀཱ། དང་། པྲཱ་པཱ་ར་ཀཾ། བེའུ་རས། ཨཱ་མི་ལཿ བེའུ་རས་ཡུག་ཆེན། ཀྲྀ་མི་ལི་ཀཱ། བེའུ་རས་དམར་པོ། ཀྲྀ་མི་བརྞྞཾ། ལ་དམར། སཽ་མི་ལི་ཀཱཿ བེའུ་ཕུག བི་ར་ལི་ཀཱཿ སེང་རས་ཏེ་ཚགས་མི་དམ་པ་ཕྱི་ནང་མཐོང་བ། བེདྫ་ཀཾ སེང་རས། བྷངྒ་ཀཾ །གསོ་རས། ཀ་ཙཿ སྲིན་བལ། པཀྐ་ལེཿ བག་ལེབ། ཤ་ཊ་ཀཾ རས། དུཥྱཾ། རས་བཅོས་བུ་ཞེས་པ་ལ་སོགས་པའོ། །ཀཽ་ཤེ་ཡ་ཀཾ མོན་དར། ཨ་བ་ཤྱཱ་ཡ་པཊ྄། དང་། པཊྚཱཾཤུ། དང་། ཨཾ་ཤུ་ཀཾ དར་ལ། ནཻ་ཏྲཾ། དང་། པཊྚ་ཀཾ དང་། པཊྚཿ དར་ཡུག པྲྀངྒཿ དར་རི་མོ་ཅན། ཙི་ཏྲ་པཊྚཿ དང་། སྟ་པ་རཾ། ཟ་འོག སྤུ་ལས་བྱུང་བ། པ་ཊཿ སྣམ་བུ། ན་མ་ཏ། དང་། ཀ་པཱ་པི་ཀཱ། ཕྱིང་བ། ཀརྦཱས་ཀཱཾ། རས་གོས་ཞེས་སོ། །དར་གོས་རས་སྣམ་སོགས་ཀྱི་གོས། མ་བཀྲུས་མ་བཅད་ལ་མ་སྤྱད་པ་གསར་པའི་མིང་། ཨ་ནཱ་ཧ་ཏཾ། གསར་པ། ནིཥྤྲ་བཱ་ཎི། ཐགས་ཕྱུང་མ། ཏནྟྲ་ཀཾ བཏགས་སོ་མ། ན་བཱམཱ་རཾ། གོས་གསར་ཞེས་སོ། །ས་མ་བརྑཱ། ཁ་དོག་རན་པ། སུ་བརྑཱ། ཁ་དོག་བཟང་པོ། དུ་རྦ་རྑ། ཁ་དོག་ངན་པ་ཞེས་སོ། །གོས་སྤྱི་ཡི་མིང་། བསྟྲཾ། གོས། ཨཱཙྪཱ་ད་ནཾ། གཡོག་མ། བ་སས྄། དང་། བ་སཿ ན་བཟའ།


MR26_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཙེ་ལཾ། གྱོན་པ། བ་ས་ནཾ། གཅེར་སྐྱོབ། ཨེ་ཤུ་ཀཾ། གོན་པ། འདི་གོས་དཀར་པོ་ལའང་འཇུག རྣམ་གྲངས་གཞན་ཡང་། པ་ཊཿ བགོ་བ། ཀརྦྦ་ཊཿ གོན་བྱ། ཤཱ་ཊཿ ལུས་སྐྱོབ། སི་ཙ་ཡཿ འཁྲུད་བྱ། པཱོ་ཧཿ བགོ་བྱ། ལཀྟ་ཀཿ ལས་སྐྱོབ་ཞེས་པ་འདི་རྣམས་ཀྱང་གོས་ཀྱི་མིང་དུ་འཆད་མཁན་ཡོད། ཨུངྒ་མ་ནཱི་ཡཾ། དག་པའི་གོས་ཟུང་སྟེ་བཀྲུས་པའི་གོས་ཟུང་གི་མིང་། པ་ཏྲོརྞྞཾ། ལོ་མའི་བལ་གོས་ཞེས་པ་དེ་ཉིད་བཀྲུས་པའི་མིང་སྟེ། ལ་ཀུ་ཙ་དང་བ་ཊ་སོགས་ཀྱི་ལོ་མར་སྲིན་བུས་བསགས་པའི་བལ་ལས་གྲུབ་པའི་གོས་བཀྲུས་པའི་མིང་ཡིན་ཞེས་བཤད། རབ་འབྱོར་ཟླ་བས་དར་གོས་བཀྲུས་པའི་མིང་དུ་བཤད། དྷཽ་ཏ་ཀཽ་ཥེ་ཡེ། དར་བཀྲུས་པ། གོས་སོགས་རིན་ཐང་ཆེན་པོའི་ནོར་རྫས་སྤྱི་ཡི་མིང་། བ་ཧུ་མཱུ་ལྱཾ། རིན་ཐང་ཆེན་པོ། མ་ཧཱ་དྷ་ནི། ནོར་པོ་ཆེ། ཞེས་བྱ། གོས་བཟང་པོའི་མིང་སུ་ཙེ་ལ་ཀཿ དང་སུ་ཙེ་ལཿ གོས་བཟང་། བ་ར་པ་ཊཿ གོས་མཆོག ཏུནྡི་ཙེ་ལཾ། བཞག་གོས། ཅེས་སོ། །ཐགས་སྦོམ་པོ་ཅན་གྱི་མིང་། བ་རཱ་ཤིཿ འམ། སི། མཐུག་གོས། སྡྱཱུ་ལ་ཤཱ་ཊ་ཀཿ གོས་འཐུག་པོ། བརྩེམས་པའམ་མ་བཙེམས་ཀྱང་རུང་། དངོས་པོ་གཞན་སྒྲིབ་བྱེད་ཀྱི་གོས་ཀྱི་མིང་། ནི་ཙོ་ལཿ གཡོག་བྱེད། གཞན་ནི་ཙོ་ལཱི་དང་ནི་ཙུ་ལཿ ཞེས་སུ་འབོད་པའང་ཡོད། པྲཙ་ཚ་ད་པ་ཊཿ རས་སྒྲིབ་གོས་ཞེས་འདི་དག་བུད་མེད་ཀྱི་གདོང་བསྒྲིབ་པའི་དར་ཡོལ་ལའང་འཇུག་པར་བཤད། སྣམ་གོས་ཀྱི་ལྭ་བ་ལྟ་བུ་ལ། རལླ་ཀཿ རལ་གུ། ཀམྦ་ལཿ སྣ་མ་གོས། ཀཽ་ཙ་བ་ཀཾ ལྭ་བ། ཞེས་སོ། །མེ་ཥ་ཀམྤ་ལཿ ལུག་བ ལ་སྣམ་བུ། དེ་ལ། ཨུརྞྞ་ཡུས྄། ཡུཿ བལ་གོས་ཟེར། ཤ་ཤ་ལོ་མ་ན྄མ། རི་བོང་སྤུ། གོ་ལོ་མཿ བ་སྤུ་སོགས་སོ། །གོས་ཀྱི་བྱེ་བྲག་ལ། སྟོད་གོས་ཀྱི་མིང་། པྲཱ་བཱ་རཿ སྟོད་གོས། ཨུཏྟ་རཱ་སངྒཿ བླ་གོས། ཨུཏྟར་གཡོན་ལ་འཇུག་པས།


MR26_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་གཡོན་ཕྱོགས་སུ་གྱོན་པས་གཡོན་གོས་ཞེས་བཤད་པའང་ཡོད། པྲྀ་ཧ་ཏི་ཀཱ། སྟོད་སྒྲིབ། སཾ་བྱཱ་ནཾ། སྟོད་སྐྱོབ། ཨུཏྟ་རཱ་ཡཾ། སྟོད་གཡོགས། ཞེས་སོ། །སྨད་གཡོགས་ཀྱི་མིང་། ཨནྟ་རཱི་ཡཾ། སྨད་གཡོགས། ཨུ་པ་སཾ་བྱ་ནཾ། སྨད་གོས་པ་རི་དྷཱ་ནཾ། ཤམ་ཐབས། ཨ་དྷོ་྅ངྴུ་ཀཾ མཐང་གོས། བུད་མེད་ཀྱི་ནང་གོས་མིང་། ཙོ་ལཿ རལ་གུ། ཀུརྦཱས་ཀཿ དང་། ཀུརྦཱསཿ གོས་ཕུ་དུང་ཅན་ཞེས་སོ། །ཁ་ལྷག་སྐྱོབ་པའི་སྟོད་གོས་ཀྱི་མིང་། ནཱི་ཤཱ་རཿ ལྷག་སྐྱོབ། ལཱམྤ་ཀཾ། སྟོང་ཀོར་ནང་ཚངས་ཅན། བུད་མེད་མཆོག་གི་སྨད་དཀྲིས་བརླའི་ཕྱེད་དུ་སླེབས་པའི་མིང་། ཙཎྚ་ཏ་ཀཾ ཕུལ་བྱུང་འགྲོ་བྱེད། ཨནྡྷོ་རུ་ཀཾ བརླ་ཕྱེད་ཅན། ཞེས་སོ། །གོས་སོགས་རྐང་བོ ལ་དུ་སླེབས་པའི་མིང་། ཨཱ་པྲ་བ་དཱི་ནཾ། བོལ་མཚམས་ཅན། ཨཽ་རྑ་ཀཾ་བཱ་སཿ མལ་གོས། ནི་བཱི་ཏཾ། གྱོན་གོས། ནི་བྲྀ་ཏཾ་ཞེས་འདོན་པའང་ཡོད། པྲཱ་བྲྀ་ཏཾ། མ་མ། ཏཿ ཏཱ། སྤྱོ་གོས། དཻ་རྒྷཾ། རིང་པོ་སྟེ་ཆུར་རིང་བ། ཨཱ་ཡཱ་མཿ དཀྱུས་རིང་། ཨཱ་རོ་ཧཿ སྲིད་རིང་། འདི་ལ། ཨཱ་ནཱ་ཧཿ ཞེས་ཀློག་པའང་ཡོད། བ་རི་ཎཱ་ཧཿ ཞེང་ཆེ་བ། བི་ཤཱ་ལ་ཏཱ། རྒྱ་ཆེ་བ། ད་ཤཱ་དང་། ད་ཤཱཿ སྣེ་ཚར་ཏེ་མཐའི་ཁ་ཚར། བསྟིཿ མཐའ་ཚར། པ་ཊ་ཙྪེ་རི། གོས་རྙིང་། ཛཱིརྞྞ་བས་ཏྲཾ། གོས་རྙིང་པ། ནཀྟ་ཀཿ གོས་ཧྲུལ། ཀློག་ཚུལ་གཞན། ལཀྟ་ཀཿ ཟད་པོ། ཀརྦྦ་ཊཿ ཧྲུལ་པོ། འདི་དག་གོས་ཧྲུལ་དུམ་བུ་ལའང་འཇུག །གཎྜཱུ་ཤི་ཀཿ ལྷན་པ་གློན་པ་ཞེས་སོ། །གོས་ཀྱི་བྱེ་བྲག་ལ། ཁོ་ལཱ། ཞྭ། ཤི་རོ་བེཥྚེ་ནཾ། ཐོད། པ་ཊཿ དར་ཐོད། ཅོ་ལཾ། རས་གོས། ཙརྨ་ཙོ་ལཿ སློག་པ། ཙོ་ལཿ བེར་རམ་རལ་གུ། བསྟྲཾ། གོས་སམ་རས་ལའང་འཇུག ཨརྡྷ་ཙོལཿ སྟོད་ཀོར། ལམྦ་ནཾ། ཤམ་བུ། སུནྠ་ཎཱ། དོར་མ། ཀོ་བཾ་ནཾ།


MR26_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆར། ཀཙྪ་ཊི་ཀཱ། སྐ་རགས་བཅིང་པ། བནྡྷ་ཀ་ཀྵྱཿ འདམ་དཀྲིས་བསྡམ་པ། ཙ་ལ་ནི་ཀཱ། དོར་ཐུང་། ཀཙྪ་ཧཱ་རཿ སྐེ་རགས་སྦུ་གུ་ཅན། ཀཱ་ཡ་བནྡྷ་ནཾ། སྐེ་རགས། པཱ་དཱུ། ལྷམ། པཱ་དུ་ཀ། མཆིལ་ལྷམ་མམ་རྐང་སྐྱོག ལྷམ་གྱི་མིང་གཞན།པནྣདྡྷཱི། རྐང་སྐྱོག པྲཱ་རྑ་ཧི་ཏཱ། སྲོག་ཕན། པཱ་ད་ར་ཐཱི། རྐང་པའི་ཤིང་རྟའང་ཟེར། པཱུ་ལཱ། ལྷམ་སྒྲོག་བུ་ཅན། མཎྚ་བཱུ་ལཱ། ལྷམ་ཡུ་ཅན། ཨུ་པཱ་ན་ཏ། མཆིལ་ལྷམ། ཨ་ནུ་པ་དཱི་ནཱ། མཐིལ་ལྷམ་སྟེ་རྐང་མཐིལ་ཆུ་ཞེང་གི་ཚོད་ཅན་ལེབ་མོ་སྲད་བུས་རྐང་པར་མཆིང་བའི་ལྷམ་གྱི་མིང་ངོ་། །ཀུ་ལ་ཀམྤ་ལཿ ཀླམ་ཞེས་སྣམ་གོས་འཐུག་པོ། གཞན་རབ་བྱུང་དང་སྔགས་པ་སོགས་ཀྱི་གོས་སྣ་ཚོགས་གཞན་དུ་ཤེས། ༈ །གཉིས་པ་རྒྱན་ལ། བེ་ཏཱ་ནཾ། བླ་བྲེ། འབོད་ཐང་བླ་རེའམ་བླ་བྲེས་སུའང་འབོད་པ་ཡོད་དེའི་མིང་། ཨུལློ་ཙཿ སྟེང་གཡོགས་དང་། ཙནྡྲ་ཏ་པཿ ཟླ་འོད་ཅན་ཡང་ཟེར། ཨུརྫྫ་ཧཿ སྟེང་དུ་འདོགས་པ། འདི་འདྲ་བར་བསྒྱུར་བ་ཡོད་ཀྱང་སྟེང་དུ་འདོགས་པ་ཀུན་ལ་འཇུག གཞན་ཡོལ་བ་སོགས་གནས་ཁང་སྐོར་དུ་སོང་། གནས་ཁང་གི་རྒྱན། ལྡ་ལྡི། ཆུར་འཕྱང་། རིན་པོ་ཆེའི་དྲ་བ། འཕན་སོགས་གོང་དུ་ཅི་རིགས་སོང་། ལུས་རྒྱན་གྱི་སྐོར་ལ། དོ་ཤལ་དང། དཔུང་རྒྱན་སོགས་རྒྱན་སྤྱི་མིང་། ཨ་ལཾ་ཀཱ་རཿ རྒྱན། ཨཱ་བྷ་ར་ཎཾ། རྒྱན་ཆས། པ་རི་སྐཱ་རཿ ལེགས་བྱེད་དམ་ཡོ་བྱད། བི་བྷཱུ་ཥ་ཎཾ། རྣམ་རྒྱན། མཎྚ་ནཾ། མཛེས་བྱེད་ཅེས་སོ། །མུ་ཀུ་ཊཾ། ཅོད་པན་ཏེ་དབུ་རྒྱན་གྱི་མིང་ཨུ་ཡིག་གཉིས་པ་ཅན་ནོ། །མིང་འདི་དབུ་རྒྱན་གྱི་མིང་ཡིན་པས་དབུ་རྒྱན་ཟླ་བ་ཅན་ལའང་འཇུག་པར་བྱེ་རྟོགས་སུ་གསུངས། མ་ཀུ་ཊཾ། ཅོད་པན་ནམ་རྒྱན་མཛེས། ཀི་རཱི་ཊཾ། དབུ་རྒྱན་དང་ཅོད་པན་རྩེ་བྲན། ཅོད་པན་གྱི་རྩེ་མོའི་ནོར་བུའི་མིང་།


MR26_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཙཱུ་ཌཱ་མ་ཎི། གཙུག་གི་ནོར་བུ། ཤི་རོ་རཏྣཾ། སྤྱི་བོ་རིན་པོ་ཆེ་ཞེས་སོ། །དོ་ཤལ་དབུས་ཀྱི་ནོར་བུ་གཙོ་བོའི་མིང་། ཏ་ར་ལ། སྐར་འཛིན། སྐྲ་མཚམས་སུ་སྐྲ་གཞན་ལ་མཛེས་པའི་ཕྱིར་གསེར་ལ་སོགས་པས་བརྒྱན་པའི་མིང་། པཱ་ལ་བཱ་ཤྱཱ། སྐྲ་རྒྱན་ནམ་སྐྲ་མཛེས་དང་། པཱ་རི་ཏ་ཐྱཱ། ཡོངས་མཚུངས། སྔ་མ་ལྟར་གསེར་སོགས་ལས་བྱས་པའི་དཔྲལ་བའི་རྒྱན་གྱི་མིང་། པ་ཏྲ་བཱ་ཤྱཱ། ཕུད་ཀྱུའམ་ལོ་མ་འཆིང་སྟེ་ཅུང་ཟད་བརྐྱངས་པས་ལོ་མ་ལྟར་གནས་པའི་ཕྱིར་རོ། །ལ་ལཱ་ཊི་ཀཱ། དཔྲལ་བའི་རྒྱན། གསེར་སོགས་ལས་བྱས་པའི་རྣ་རྒྱན་གྱི་མིང་། ཀཌྞི་ཀཱ། རྣ་རྐྱངས། ཏཱ་ལ་པ་ཏྲཾ། ཏཱ་ལའི་ལོ་མ། འགྲེལ་པར། ཏཱ་ཌངྐཿ འགྲམ་འཕྱང་། ཞེས་ཀྱང་བཤད། རྣ་ཤལ་གྱི་རྒྱན་རྣ་ཀོར་གྱི་མིང་། ཀུཎྚ་ལཾ། འཁྱིལ་པ་སྟེ་རྣ་ཆ་གདུབ་ཀོར། ཀརྞྞ་བེཥྚ་ནཾ། རྣ་ཀོར། མགུལ་རྒྱན་གྱི་མིང་། གྲཻ་བེ་ཡཾ། དང་། གྲཻ་བེ་ཡ་ཀཾ། མགུལ་རྒྱན། ཀ་ཎཱ་བྷཱུ་ཥཱ། མགྲིན་རྒྱན། ལྟེ་བའི་བར་དུ་འཕྱངས་བའི་རྒྱན་གྱི་མིང་། ལམྤ་ནཾ། ཕྱང་འཕྲུལ། ལ་ལནྟེ་ཀཱ། སྒེག་རྒྱན། དེ་གསེར་ལས་བྱས་པའི་མིང་། པྲཱ་ལམྦི་ཀཱ། མཆོག་གི་འཕྱང་འཕྲུལ། དེ་མུ་ཏིག་ལས་བྱས་པའི་མིང་། ཨུ་རཿསཱུ་ཏྲིཀཱ། བྲང་གི་སྐུ་འཛིན་ནམ་བྲང་གི་འཕྱང་འཕྲུལ། མུ་ཏིག་གི་ཕྲེང་བའི་དོ་ཤལ་ཙམ་གྱི་མིང་། ཧཱ་རཿ དོ་ཤལ་ལམ་རྒྱན་ཕྲེང་། མུཀྟཱ་བ་ལཱི། མུ་ཏིག་གི་ཕྲེང་། ཁྲིས་མ་བརྒྱ་དང་ལྡན་པའི་དོ་ཤལ་གྱི་མིང་། དེ་བཙྪནྡཿ ལྷའི་དོ་ཤལ། དོ་ཤལ་གྱི་དབྱེ་བ་སོ་སོའི་མིང་། གུཏྶཿ དང་། གུཙྪཿ འཁྲིལ་རྒྱན་ཏེ། ཁྲིས་སུམ་ཅུ་རྩ་གཉིས་ཅན་གྱི་དོ་ཤལ། གུཏྶཱརྡྷཿ དང་། གུཙྪཱ་དྷཿ འཁྲིལ་རྒྱན་ཕྱེད་པ་སྟེ་ཁྲིས་ཉི་ཤུ་རྩ་བཞི་ཅན་གྱི་དོ་ཤལ། གོསྟ་ནཿ བའི་ནུ་མ་སྟེ་ཁྲིས་བཞི་པའི་དོ་ཤལ་འདི་ལ་ཁྲིས་སུམ་ཅུ་རྩ་བཞི་པར་འདོད་པའང་ཡོད། ཨརྡྡ་ཧཱ་ར། དོ་ཤལ་ཕྱེད་པ་སྟེ་སེ་མོ་དོའང་ཟེར། ཁྲིས་དྲུག་ཅུ་རྩ་བཞི་པའི་ཕྱེད་དམ་


MR26_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་པའོ། །མཱ་ཎ་བ་ཀཿ ཁྲིས་ཉི་ཤུ་པའི་དོ་ཤལ་ཏེ་བྱིས་པའི་དོ་ཤལ་ལོ། །ཨེ་ཀཱ་བ་ལཱི། ཁྲིས་གཅིག་པའི་དོ་ཤལ་ཏེ་ཕྲེང་བ་གཅིག་པའོ། །ན་ཀྵ་ཏྲ་མཱ་ལཱ། རྒྱུ་སྐར་ཕྲེང་བ་སྟེ་མུ་ཏིག་ཉེར་བདུན་པའི་ཕྲེང་བའོ། །དཔུང་རྒྱན་གྱི་མིང་། ཀེ་ཡཱུ་རཿ དཔུང་རྒྱན། ཨངྒ་དཾ།དཔུང་གདུབ། ལག་གདུབ་ཀྱི་མིང་། ཨཱ་བཱ་པཿ དང་། ཨཱ་བཱ་པ་ཀཿ ལག་གདུབ། པཱ་རི་ཧཱ། ཡོངས་འཕྲོག ཀ་ཊ་ཀཾ གདུབ་ཀོར་རམ་གདུ་བུ་རྒྱན་ཅན། བ་ལ་ཡཿ གདུ་བུའམ་ལག་དཀྲིས། སོར་གདུབ་ཀྱི་མིང་། ཨངྒུ་ལཱི་ཡ་ཀཾ སོར་གདུབ། ཨཱུརྨྨི་ཀཱ། རླབས་མཚུངས་སམ་ཀློང་འཁོར་ཅན། མིང་ཡིག་ཅན་གྱི་སོར་གདུབ་ཀྱི་མིང་། ཨངྒུ་ལི་མུ་དྲཱ། སོར་གདུབ་ཀྱི་རྒྱ། ལག་པའི་རྒྱན་དུ་བྱས་པའི་མུ་ཏིག་དང་གསེར་སོགས་ཀྱི་ལག་གདུབ་དང་སྐུད་པའི་རྒྱན་གྱི་མིང་། ཀངྐ་ཎཾ། ལག་གདུབ་བམ་སྐུད་རྒྱན། ཀ་ར་བྷཱུ་ཥ་ཎཾ། ལག་རྒྱན། འདི་སྐུད་རྒྱན་ལ་མི་འཇུག བུད་མེད་ཀྱི་སྐེད་པའི་འོག་གི་ཆའི་རྒྱན་གྱི་མིང་། མེ་ཁ་ལཱ། གསང་ཁེབ་འདི་འོག་པགས་ཀྱང་ངོ་། །ཀཱཉྩཱི། སྐེད་རྒྱན། སཔྟ་ཀཱི། བདུན་འཆིང་། ར་ས་ནཱ། དང་། ར་ཤ་ནཱ། འོག་པགས། སཱ་ར་ས་ནཾ། སྒྲ་བཅས་སམ་མཆོག་བསྟན། འདིར་ཁྲིས་མ་གཅིག་པ་ཀཱཉྩཱི་སྟེ། ཁྲིས་མ་བརྒྱད་ལྡན་མེ་ཁ་ལཱ། བཅུ་དྲུག་ར་ས་ནཱ་ར་ཤེས་བྱ། ཉེར་ལྔ་པ་ནི་ཀ་ལཱ་པའོ། །ཞེས་བསྟན་བཅོས་གཞན་དུ་འབྱུང་ངོ་། །སྐྱེས་པའི་སྐེད་རྒྱན་གྱི་མིང་། ཤྲྀངྑ་ལཱ། སྐེད་འཆིང་ངམ་ལུ་གུ་རྒྱུད། རྐང་གདུབ་ཀྱི་མིང་། པཱ་དཱངྒ་དཾ། རྐང་གདུབ། ཏུ་ལཱ་ཀོ་ཊི། ཞབས་གདུབ། པཉྫཱི་རཿ མཛེས་བྱེད། ནུ་པུ་རཿ དམན་འགེགས་སམ་མདུན་བསྟོད་དེ་རྐང་གདུབ། ཧཾ་ས་ཀཿ ངང་པ་ཅན། བཱ་ད་ཀ་ཊ་ཀཿ རྐང་རྒྱན་ནོ། །ལ་ལར་མིང་སྔོན་མ་བཞི་རྐང་གདུབ་སྤྱི་དང་། ངང་པ་ཅན་ངང་པའི་གཟུགས་ཅན་གྱི་རྐང་རྒྱན་དང་། པཱ་ད་ཀ་ཊ་ཀ་སྒྲ་མིང་པའི་རྐང་གདུབ་ཀྱི་མིང་དུ་


MR26_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །ཞེས་གསུངས། སྙན་དངགས་མེ་ལོང་དུ་བཞད་ཀྱི་རྗེས་མཚུངས་སྒྲ་ལྡན་དྲིལ་ཆུང་ཅན་ཞེས་དང་། སྒྲ་ནི་རྐང་གདུབ་ཀྱི་འདྲ་བ། ཞེས་གསུངས་པ་ལྟར་ངང་པ་ཅན་ཡང་ངང་བའི་སྒྲ་དང་འདྲ་བའི་རྐང་གདུབ་སྒྲ་ཅན་ལ་བཤད་རུང་འདྲ་སྙམ་མོ། །རྐང་རྒྱན་གྱི་དྲིལ་ཆུང་གི་མིང་། ཀིངྐི་ཎཱི། གཡེར་ཁའམ་ཕྲ་སྒྲོགས། ཀྵུ་དྲ་གྷཎྚི་ཀཱ། དྲིལ་ཆུང་ཞེས་སོ། །གཞན་ཡང་ལུས་རྒྱན་སོགས་ཀྱི་མིང་གི་ཁྱད་པར་བྱེ་བྲག་རྟོགས་བྱེད་དུ་གསུངས་པ། མཽ་ལིཿ ཅོད་པན་དང་། དབུ་རྒྱན་རྩེ་གསུམ་ལ་འཇུག་པ་སྐབས་དང་སྦྱར། པ་ཊཿ དར་ཐོད་། ཀརྑི་ཀཾ རྣ་ཆ། ཙནྡྲ་ཀཾ རྒྱན་ཟླ་གམ། ན་ཀུ་ལ་ཀཿ རྒྱན་ནེའུ་ལེ་ཅན། པ་རི་ཧ་ཊ་ཀཾ གདུ་བུ། ཧརྵཿ མགུལ་གདུབ། ཏི་ལ་ཀཿ ཐིག་ལེ་ལྟ་བུའི་རྒྱན་ནམ་མདོངས། མུ་དྲི་ཀཱ། སོར་གདུབ་རྒྱ་ཅན། པཱ་ལ་ཀཿ སོར་གདུབ། པ་རི་ཧཱ་ར་ཀཾ། གདུ་བུ་ཐམ་པ། ཏཱ་ལ་ཀཾ རྒྱན་ཏ་ལ་འདབ། པཱརྴ་སཱུ་ཏྲ་ཀཾ སེ་རལ་ཕྲེང་། བ་ལི་ཏ་ཀཾ ལྕམ་ཁྲིས་ཅན། ནིཥྐཿ དོ་ཤལ། མེ་ཁ་ལཱ་ར་ཤ་ནཱ་ཀཱཉྩཱི། གསེར་གྱི་འོག་པགས། སུ་བ་སཱུ་ཏྲཾ། གསེར་སྐུད། གོ་ཎ་སཱི་ཀཾ་ས་བ་དཱ་མཾ། གསེར་གྱི་མོན་ལྷས། ཨཱ་བྷ་ར་ཎཾ། འཕྱང་འཕྲུལ་ལམ་སྦུད་པའམ། སྒྲ་རིགས་མཚུངས་དག་མ་འདོམ་ན་རྒྱན་ལའང་འཇུག བྱཱུ་ཧཿ བཀོད་པ། བི་བྷཱུ་ཥ་ཎཾ། ལྷབ་ལྷུབ། མཎྚ་ལཾ། རྒྱན་པོའི་ཆོ་ལོ། །ཧེ་མ་ནེཀྵཿ གསེར་གྱི་རྒྱན། མ་ཎིཿ ནོར་བུ་སྟེ་དེའི་རྒྱན་ལའང་སྦྱར། ཧསྟཱ་བྷ་ར་ཎཾ། ལག་རྒྱན། པཱ་ད་བྷ་ར་ཎཾ། རྐང་རྒྱན། མཱུརྡྷ་བྷ་ར་ཎཾ། མགོའི་རྒྱན། ཨུ་རཙྪ་དཿ གྱ་དོ། ཙི་ཏ་བི་སྟརཿ ཚོང་ཚོང་གཤིབས་པ། ཏྲཻ་ཀུནྡ་ཀཾ རྒྱན་རྩེ་གསུམ་པ། ཤེ་ཁ་རེ། མེ་ཏོག་འོད། ཨ་བ་ཏཾ་ས་ཀཾ མེ་ཏོག་རྣ་རྒྱན་ཕལ་པོ་ཆེ། མུ་ཁ་ཕུལླ་ཀཾ དང་། མུ་ཁ་པུཥྤ་ཀཾ མེ་ཏོག་གི་རྒྱན། ཧསྟོ་པ་གཿ


MR26_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྒྱན། པཱ་དོ་པ་གཿ རྐང་རྒྱན། བྱོ་མ་ཀཾ མཁའ་བརྟེན། རཏྣ་མ་ཡ་བི་ཥཱ་ཎཾ། རིན་པོ་ཆེའི་བྱ་རུ། པྲ་ཏྱུཔྟཾ། སྤྲས་པ། ཁ་ཙི་ཏཾ་དང་། ཨཱ་ཙེ་ཏོ། འཕྲ་བཀོད་པའམ་སྤྲས་པ། ར་ཙི་ཏཾ། སྤྲས་པའམ་བསྲིངས་པའམ་བཀོད་པ། ཨ་བ་སཀྟ་པཊྚ་ད་མ་ཀ་ལཱ་པ། དར་གྱི་ལྡ་ལྡི་མང་པོ་བཏགས་པ། པུཥྤཱ་བྷི་གཱིརྞྞཾ། མེ་ཏོག་མངོན་པར་བཀྲམ་པའམ་ཆལ་བར་བཀྲམ་པ། ཀལྤ་བྲྀ་ཀྵེཿནཱ་ནཱ་ལཾ་ཀཱ་ར་པུཥྤ་ཕ་ལ་བ་ན་ཏཱ་གྲ་བེ་ཊེ་པེཿ རྒྱན་དང་མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱི་རྩེ་མོའི་ལོ་མ་དུད་པར་གྱུར་པའི་དཔག་བསམ་གྱི་ཤིང་དག་གིས། ཨུ་པ་ཤོ་བྷི་ཏཾ། མཛེས་པར་བྱས་པའམ་བརྒྱན་པ། ཨཱ་པཱི་ཌི་ཀ་ཛཱ་ཏཾ། ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ། ཨཱཥྛཱ་པ་ད་ནི་བརྡྡཾ། མིག་མངས་རིས་སུ་བྲིས་པ། པཾཀྟིཿ ཕྲེང་བའམ་གྲལ། ས་མུཉྩི་ཏཾ། བསྒྲེང་པའམ་བཙུགས་པ། པྲ་ཀཱིརྞྞཾ། བཀྲམ་པ། སཾ་སཏྲི་ཏཾ། བཏིང་བ། སུ་བི་བྷཀྟཾ། ཤིན་ཏུ་རྣམ་པར་ཕྱེ་བ། ས་མནྟཱ་ཏྤ་རི་ཀྵིཔྟཾ། ཀུན་ནས་ཡོངས་སུ་བསྐོར་བ། པུཥྤཱ་དྷྱ་བ་ཀཱིརྑཾ། མེ་ཏོག་བཀྲམ་པའམ་གཏོར་བ། བཻ་ཛ་ཡནྟཱི་པ་ཏཱ་ཀཱཿ སྒྲ་གཞན་དང་མ་འདོམ་ན་བ་དན་ཙམ་དང་འདོམ་ན་རྣམ་པར་རྒྱལ་བའི་བ་དན་ཞེས་སྦྱར། ལུས་ལ་རྒྱན་སོགས་ཀྱིས་མཛེས་བཅོས་བྱས་པའི་མིང་། ཨཱ་ཀལྤཿ མཛེས་བཅོས། བེ་ཤཿ དང་། བེ་ཥཿ ཆས་པའམ་ཆ་ལུགས། ནེ་པཐྱཾ། མཛེས་བྱས། པྲ་ཏི་ཀརྨྨན྄། ནམ། རྨྨ། གྲགས་པའི་ལས། བྲ་སཱ་དྷ་ནཾ། ལེགས་བཅོས། རྒྱན་གྱི་བརྒྱན་པ་པོའི་མིང་། ཨ་ལཾ་ཀརྟྟརི་འམ་ཀྲརྟྟཱ། རྒྱན་བྱེད། ཨ་ལཾ་ཀ་རུཥྞུ། མཛེས་ཆོས་མཁན། མཎྚ་ནཿ ཆས་མཁན་ནམ་རྒྱན་ལྡན། རྒྱན་གྱིས་བརྒྱན་པའི་མིང་། པྲ་སཱ་དྷི་ཏཿ མཛེས་བྱས། ཨ་ལཾ་ཀྲི་ཏཿ བརྒྱན་པ། བྷཱུ་ཥི་ཏཿ རྒྱན་བཀོད་པ། པ་རི་སྐྲྀ་ཏཿ སྤྲས་པ། རྒྱན་གྱིས་མཛེས་པའི་མིང་། བི་བྷཱ་ཛ྄འམ། བྷཱ་ཊ྄། གསལ་བ། བྷྲཱ་


MR26_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཛིཥྞུཿ སྣང་བ། རཽ་ཙིཥྞུཿ འབར་བ། རྒྱན་གྱི་བྱ་བའི་མིང་། བྷཱུ་ཥཱཿ ཆས་བྱ། ཨ་ལཾ་ཀྲྀ་ཡཱཿ བརྒྱན་བྱ། ཞེས་སོ། ༈ །གསུམ་པ་བྱུག་པ་སོགས་ལ། བྱུག་པ་སོགས་ཀྱིས་ལུས་ལེགས་པར་བྱེད་པའི་མིང་། པ་རི་ཀརྨ། ཡོངས་བཅོས། པྲ་ཏི་ཀརྨྨན྄། ལེགས་བྱེད། ཨདྒ་སཾ་སྐཱརཿ ལུས་ལེགས་པར་བྱེད་པ། བསང་གཏོར་གྱིས་ལུས་དག་པར་བྱེད་པའི་མིང་། མཱརྞྞིཿ དག་བྱེད། མརྫྫ་ནཱ། གཙང་བྱེད། མྲཾཛཱ། འཁྲུད་བྱེད་འདོད་འཇོར་མིང་འདི་རྣམས་དྲི་རྫས་ཀྱིས་འཁྲུད་པ་ལ་བཤད། འདག་རྫས་ཀྱིས་ལུས་འཁྲུད་པའི་མིང་། ཨུདྦ་རྟྟ་ནཾ།འདག་རྫས་ཀྱི་འཁྲུས། ཨུཏྪད་ནཾ། སྒྱུར་བྱེད། འདོད་འཇོར་མིང་འདི་དགའ་དག་རྫས་ལ་བཤད། ཆུས་འཁྲུད་པའི་མིང་། ཨཱ་པྶཱ་བཿ ཆུར་འཁྲུ་བ། ཨཱ་པྶ་བཿ ཆུར་འཇུག་པ། སྣཱ་ནཾ། ཁྲུས་བྱེད་པ། ཙནྡན་སོགས་ཀྱིས་ལུས་ལ་བྱུག་པའི་ཁྱད་པར་གྱི་མིང་། ཙརྩྩ། དྲིའི་བྱུག་པ། ཙརྩྩི་ཀྱི།སྣང་བྱེད། སྠཱ་ས་གཿ གནས་བྱེད། འདི་གསུམ་འདོད་འཇོར་དྲི་བཟང་གི་ལྡེ་གུ་ལ་བཤད། དྲིའི་ཁྱད་པར་བསར་པས་རྙིང་བསད་པར་བྱེད་པའི་མིང་། པྲ་པོ་དྷ་ནཾ། རབ་ཏུས་རབ་བྱེད། ཨ་ནུ་བོ་དྷཿ རྗེས་སུ་བྱུག་པ། ནུ་མ་དང་མཁུར་ཚོས་སོགས་ལ་དྲིས་བགོས་ཁྱིད་མིང་། པ་ཏྲ་ལེ་ཁཱ།འདབ་མའི་རི་མོ། པ་ཏྲཱདྒུ་ལིཿ སོར་རིས། འགྲེལ་པ་ནས། པ་ཏྲཱ་བ་ལཱི། འདབ་ཕྲེང། པ་ཏྲ་བ་ལླཱི། འཇབ་ལྕུག པ་ཏྲཱཉྫརཱི། ལོ་མའི་སྙེམ་ཞེས་པ་རྣམས་བཤད་དོ། དཔྲལ་བར་དྲིའི་ཐིག་ལེ་བཀོད་པའི་མིང་། ཏ་མཱ་ལ་པ་ཏྲཾ། ཏཱ་མ་ལ་འདག ཏི་ལ་ཀཾ། ཏི་ལ་དབྱིབས་ཅན། ཙིཏྲ་ཀཾ།སྣ་ཚོགས་ཅན། བི་ཤེ་ཥ་ཀཾ། ཁྱད་པར་ཅན། ཞེས་སོ། དེ་ཡང་ཁྱུག་རྫས་དྲི་བཟང་ཅན། ཁ་ཆེ་བར་གུམ། ཨ་ག་རུ། ཙན་དན་ག་བུར་སམ་ཆོག་ལས་སོགས་པ་སོ་སོའི་མིང་གི་དབྱེ་བཞན་དུ་ཤེས། ཡན་ལག་བཅུ་པ་སོགས་སྦྱར་བའི་སྤོས་ཀྱི་མིང་། པྲྀ་ཀཪྷཱུ་པཿ འཕཪ་བའི་སྦོས་ཏེ་དྲི་


MR26_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་པར་རྒྱུག་པའི་ཕྱིར་རོ། ཀྲྀ་ཏྟྲི་མ་དྷཱུ་པཿ བཅོས་མའི་སྦོས། ཤལླཀའི་ཁུ་བ་དུ་རུ་ཥའི་མིང་། ཏུ་རུ་སྐཿ ཏུ་རུ་ཥའམ་མྱུར་བྱེད། པིཎྜ་ཀཿ ཚོགས་བྱེད་དམ་དྲི་མགྱོགས། སིཧླཿ ཚིམ་བྱེད། ཡཱ་བ་ནཿ འདྲིས་བྱེད་ཅེས་སོ། ཐང་ཆུའི་སྤོས་ཀྱི་བྱེ་བྲག་ཞིག་གི་མིང་། པཱཡསཿ འོ་མ་ཅན། ཤྲཱིབཱསཿ དཔལ་གནས། བྲྀ་ཀ་དྷཱུ་པ། བྲྀ་གའི་སྤོས། ཤྲཱྀ་པཥྚཿ དཔལ་གྱི་བྱེ་མ། ས་ར་ལ་དྲ་བཿ ཐང་ཤིང་ཁུ་བ་ཞེས་སོ། ཀཱ་ལི་ཡ་ཞེས་གྲགས་པ་ཤིང་སེར་པོའི་དྲའི་རྫས་ཀྱི་མིང་། ཛཱ་ཡ་ཀཾ། དྲི་ལ་གནོན། ཀཱ་ལཱི་ཡ་ཀཾ། དུས་ཕན། ཀཱ་ལ་ནུ་སཱཪླྱཾ། དུས་ཀྱི་རྫེས་འབྲངས། འགྲེལ་བ་སོགས་ལས། ཀཱ་ལེ་ཡ། དུས་བྱུང་། བརྞྞ་ཀཾ། མདོག་ལྡན། ཀཱནྟི་དཱ་ཡ་ཀཾ། མཛེས་སྦྱིན་ཞེས་སོ། །ཀ་ཀོ་ལ་ཞེས་གྲགས་པའི་མིང་། ཀཽ་ལ་ཀཾ། ཚོགས་ཅན། ཀཀྐོ་ལ་ཀཾ། དང། ཀ་སྐོལ་ལཾ། ཚོགས་སྲེད། ཀོ་ཥ་ཕ་ལཾ། སྦུབ་འབྲས་ཅན། ཞེས་སོ། །ག་བུར་ཨ་ག་རུ་གླ་རྩི་ཀཀྐོ་ལ་བཞི་སྦྱར་བའི་སྤོས་ཀྱི་མིང་། ཡཀྵ་གརྡྡ་མཿ མཆོད་སྦྱིན་སྤོས་འདམ། དེ་སྟེང་། གྷཱ་ཏྲྀཎ། འམ་གྷུ་སྲི་ཎཿ དོན་དུ་གུར་གུམ་ཡིན་ཏེ་དེ་བསྣན་པ་ལའང་མཆོད་སྦྱིན་སྤོས་འདམ་ཞེས་དང་། གུར་གུམ་གླ་རྩི་ཨ་ག་རུ། ག་བུར་ཙནྡ་རྣམས་དྲི་བཟང་ཆེན་པོ་སྟེ་མཆོད་སྦྱིན་སྤོས་འདམ་ཞེས་ཀྱང་བཤད་དོ། །གནྡྷ་ཡུ་ཀྟིཿ སྤོས་སྦྱར་བ། ལུས་ཀྱི་བྱུག་པའི་ཡོ་བྱད་དྲིའི་ལྡེའུ་དང་ཕྱི་མ་སོགས་ཀྱི་མིང་། གཱ་ཏྲཱ་ནུ་ལེ་པ་ནཱི། ལུས་ཀྱི་བྱུག་པ། བརྟྟིཿ འཇུག་བྱེད། བརྞྞ་ཀཾ མདོག་བྱེད། བི་ལེ་པ་ནཾ། འབྱུག་རྫས། སུབྷཱུ་ཏེ་སོགས་སྔ་མ་གཉིས་ཁྲུས་ཆལ་གྱི་བྱུག་པ་དང་། ཕྱི་མ་གཉིས་ཙན་དན་གྱི་ཕྱེ་མ་སོགས་ཀྱི་བྱུག་པའི་མིང་དུ་བཤད་དོ། །གོས་སོགས་ལ་འགོ་རྒྱུའི་དྲིའི་ཕྱེ་མའི་མིང་། ཙཱུརྞྞཾ། ཕྱེ་མ། བཱ་ས་ཡོ་གཿ བསྒོ་བའི་ཡོ་བྱད། དྲི་ཡིས་བགོས་པའི་མིང་། བྷཱ་བི་ཏཾ། དྲིས་བསྒོས་པ། བཱ་སི་ཏཾ། བསྟན་པ། དྲི་དང་ཕྲེང་བ་སོགས་ཀྱིས་


MR26_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དང་པོ་རྩི་སོགས་ལེགས་པར་བྱེད་པའི་མིང་། ཨ་དྷི་བཱ་ས་ནཾ། ལྷག་པར་བསྟན་པའམ་ལྷག་པར་བདོག་པ། གཙུག་གི་མེ་ཏོག་གི་ཕྲེང་བའི་མིང་། མཱ་ལྱཱཾ། མེ་ཏོག་ཕྲེང་བ། མཱ་ལཱ། མེ་ཕྲེང་། སྲ་ཛ྄། དང་། སྲ་ཀ྄ ཕྲེང་བ་འདི་རྣམས་མེ་ཕྲེང་སྤྱི་ལ་ཡང་འཇུག་གོ། སྐྲ་གསེབ་ཀྱི་མེ་ཏོག་ཕྲེང་བའི་མིང་། གརྦྷ་ཀཿ སྙིང་པོ་ཅན། གཙུག་ཕུད་ནས་འཕྱང་བའི་མེ་ཏོག་གི་ཕྲེང་བའི་མིང་། པྲ་བྷྲཥྚ་ཀཾ རབ་འཕྱང་། གཙུག་ཕུད་ཀྱི་མེ་ཕྲེང་དེ་ཉིད་མགོ་བོའི་མདུན་ནས་དཔྲལ་བའི་བར་དུ་འཕྱང་བའི་མིང་། ལ་ལཱ་མ་ཀཾ ཐིག་ལེ་ཅན།མགྲིན་པ་ནས་དྲང་པོར་འཕྱང་བའི་མེ་ཏོག་གི་མིང་། པྲཱ་ལམྦཾ། རབ་འཕྱང་། དེ་ཉིད་བྲང་ནས་མཆན་འོག་ཏུ་ཐད་ཀར་འཆིང་བའི་མིང་། བཻ་ཀ་ཀྵ་ཀཾ ག་ཤལ། མགོ་བོའི་མེ་ཕྲེང་ཀུན་གྱི་སྤྱི་མིང་། ཨཱ་བཱི་ཌཿ ཀུན་གཙེར། ཤེ་ཁརཿ ཐོད། དར་དང་མེ་ཏོག་བཀྲམ་པ་སོགས་རྒྱན་བཀོད་པའི་མིང་། ར་ཙ་ནཱ། བཀོད་པ། པ་རི་སྱནྡཿ ཆས་རྩོམ་པ། པྲ་ཏི་ཡཏྣཿ སོ་སོར་འབད་པའང་འདིར་བཤད་པ་ཡོད། རྒྱན་བཀོད་སོགས་གང་ཞིག་རྫོགས་པའི་མིང་། ཨཱ་བྷོ་གཿ ཀུན་དུ་གང་བ། པ་རི་པཱུརྑ་ཏཱཿ ཡོངས་རྫོགས་ཞེས་སོ། །མེ་ཏོག་ཕྲེང་བ་རྣམས་རྒྱན་གྱི་གྲས་སུ་བཀོད་རྒྱུ་ཡིན་ཡང་། འཆི་མེད་མཛོད་འགྲེལ་ལས་བྱུང་བ་ལྟར་འདིར་བཀོད་དོ། །སོ་རྩིའི་ཆོས་ཀྱི་མིང་། ཛྷ་མུ་རཿ སོ་རྩི། གོ་ཡུའི་བྱེ་མའི་མིང་། ཨཱ་བེ་ལཾ། གོ་ཕྱེ། ཞེས་སོ། །གཞན་ཡང་མིག་གསལ་བའམ་ན་བ་སོགས་བསལ་བའི་ཕྱིར་མིག་སྨན་བྱུག་པ་དང་།ཞུན་མར་གྱིས་ལུས་ལ་བསྐུ་མཉེ་བྱ་བ་དང་། ཟ་འཕྲུག་སོགས་སེལ་བའི་བྱུག་སྨན་སོགས་ཉེར་མཁོའི་བྱུག་པ་ཅི་རིགས་པའང་སྐབས་འདིར་གཏོགས་སོ། ༈ །བཞི་པ་མུན་པ་སེལ་བ་སོགས་ཀྱི་བྱ་བ་བྱེད་པའི་ཉེར་སྤྱད་ནི། དཱི་པཿ སྒྲོན་མེ། པྲ་དཱི་པཿ སྣང་གསལ་


MR26_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མིང་གཞན། ཀཛྫ་ལ་དྷྭ་ཛཿ དུད་པའི་རྒྱལ་མཚན། ད་ཤེནྡྷ་ནཿ བུད་ཤིང་བཅུ་པ། གྲྀ་ཧ་མ་ཎིཿ ཁྱིམ་གྱི་ནོར་བུ། དོ་ཥཱ་ཏི་ལ་ཀཿ མཚན་མོའི་མདོངས། ཞེས་པ་དང་། འདོད་འཇོར། ཤཱི་ཏ་ཙ་མྱཿ བསིལ་ཟ། སྣེ་ཧཱ་ཤཿ སྣུམ་ཟ། ཚ་ཊཱ་ཛྭཱ་ལཿ ཚ་ཊཱའི་མེ་ལྕེ། ད་ཤཱ་ཀརྵཿདཔལ་འབར་རམ་རས་འབར་རྣམས་བཤད་དོ། །འདོད་འཇོར། ཤིང་སྒྲོན་གྱི་མིང་། ཀཽ་མུ་དཱི་བྲིཀྵཿ ཟླ་འོད་ཤིང་། དཱི་པ་དྷྭ་ཛཾ། སྒྲོན་མའི་རྒྱལ་མཚན། ཀཛྫ་ལ་ལོ་ཙ་ཀཿ མིག་སྨན་རྒྱལ་མཚན་རྣམས་བཤད་ཅིང་། སྐབས་གསུམ་གྱི་ལྷག་མ་ལས། ཤི་ཁཱ་ཏ་རུཿ མེ་ལྕེའི་ཤིང་། དཱི་པ་བྲྀ་ཀྵཿ ཤིང་སྒྲོན། ཛྱོཏྶྣཱ་བྲྀཀྵཿ གསལ་ཤིང་རྣམས་ཤིང་གི་མེ་སྒྲོན་གྱི་མིང་དུ་བཤད། གཞན་ཡང་སྣང་བ་དང་གཟུགས་ཀྱི་ཡོན་ཏན་གཙོ་བོར་གྱུར་པའི་ཉེར་སྤྱད། རྩེད་མོ་དང་། ལྟད་མོ། གར་འཆམ་སོགས་ཀྱང་འདིར་གཏོགས་པར་རུང་ངོ་། ༈ །ལྔ་པ་བཟའ་བཏུང་ནི་ཟས་སྦྱོར་བའི་སྐོར་དུ་སོང་། སྤོད་ཀྱི་བྱེ་བྲག་སྐྱུར་པོ་ནི་བསེ་ཡབ་དང་ཤིང་ཐོག་སྐྱུར་མོ་ཆུ་ཅན་རིགས། རོ་ཚ་བ་སྒ་སྐྱ་དང་སྒེའུ་གཤེར་དྲོད་སྨན། རོ་བྲོ་ཆེ་བ་སྒོག་སྐྱ་དང་ཤིང་ཀུན། མངར་བ་ཀ་ར་དང་བུ་རམ་སྦྲང་རྩི། གཞན་འུ་སུ་དང་། ཟི་ར། ཡུང་བ། ལན་ཚ་སོགས་རོ་དང་དྲི་ལྡན་རྣམ་པ་དུ་མའོ། །སྐྱུར་བ་སོགས་ཀྱི་རོའི་ཁྱད་པར་གྱིས་བསྒོས་པའི་ཚོད་མའི་མིང་། བྷཱ་བི་ཏཾ། བསྲེས་པ། བཱ་སི་ཏཾ། བསྒོས་པ། ཞེས་ཏེ་འདི་དག་དྲི་བཟང་གིས་བསྒོས་པའམ་བདུག་པའི་ཚོད་མ་ལའང་འདོད་པ་ཡོད། ཐུར་མའི་རྩེར་བསྲེག་པའི་ཤ་སོགས་ཀྱི་མིང་། ཤཱུ་ལཱ་ཀྲི་ཏཾ། ཐུར་མས་བསྲེག་པ། བྷ་ཊི་ཏྲཾ། གསོ་བྱེད། ཤཱུ་ལྱཾ། རྩེ་བསྲེག་ཀྱང་ངོ་། །རྫ་མའི་ནང་དུ་སྦྱར་ནས་བཙོས་པའི་ཟས་ཀྱི་མིང་། ཨུ་ཁྱཾ། སྦྱར་བཙོས། པཻ་ཋ་རཾ། འཚེད་རྫར་སྦྱར་བ་ཞེས་སོ། །ལེགས་པར་སྦྱར་བའི་ཟས་ཁྱད་པར་ཅན་གྱི་མིང་། ཨཽ་ད་ཤྭི་ཏཾ། ཆུ་འཕེལ་ཅན། ཨཽ་ད་ཤི་ཏ་ཀཾ ཆུ་འཕེལ་ལས་བྱུང་བ། ཨུ་ད་ཤྭི་ཏཱ། ཟས་ཞིམ་ཞེས་སོ། །བཙོས་


MR26_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ལེགས་པར་སྦྱར་བའི་ཟས་ཁྱད་པར་ཅན་གྱི་མིང་། པྲ་ཎཱི་ཏཾ། གྱ་ནོམ་པ། ཨུ་པ་སམྤནྣཾ། ཟས་ཕུན་སུམ་ཚོགས་པ། སྣུམ་གྱིས་བསྐོལ་བ་སོགས་ཚོད་མ་ལེགས་པར་སྦྱར་བའི་མིང་། པྲ་ཡ་སྟཾ། འབད་པས་སྦྱར་བ། སུ་སཾ་སྐྲྀ་ཏཾ། ལེགས་པར་གཡོས་པ། ཁུ་བ་ཅན་གྱི་ཕན་དང་ཚོད་མ་དག་གི་མིང་། པི་ཙྪི་ལཾ། ཁུ་བ་ཅན། པི་ཛཱི་ལཾ། ཆུ་བཅས། པོ་བཱ་ལི་ཏསཿ དང་། བི་ཛ་ཡི་ལཾ། གཡོ་བྱེད་ཅེས་སོ། །སྐྲ་ཤད་དང་འབུ་སྦྲང་སོགས་ལེགས་པར་བསལ་བའི་ཟས་ཀྱི་མིང་། ས་མྨྲྀཥྚཾ། ལེགས་སྦྱངས། ཡང་ན། སཾ་མཱརྫྫི་ཏཾ། དང་། ཤོ་དྷི་ཏཾ། དག་པ། ཨ་རུཀྵ་བྱཉྫ་ན། སྟེ་ཚོད་མ་མལ་མུལ་ཅན་སོགས་སྣུམ་ཚོས་བྱས་པའི་མིང་། ཙི་ཀ་ཎཾ། སྣུམ་རྔོས། མ་སྲྀ་ཎཾ། ལེགས་འགྲོ། སྣིགྡྷཾ། སྣུམ་ཚོས་ཞེས་སོ། །སྤོད་སྨན་སྦྱར་བ། ར་སཱ་ལཱ། རོ་འཛིན་དང་། མཱརྫི་ཏཱཿ མཉེས་པ་ཞེས་པའི་མིང་ཅན་ནི། རིན་ཆེན་ཕྲེང་བ་ལས། གོ་སྙོད་བུ་རམ་སྒེའུ་གཤེར་དང་། །ལི་དོང་གྲ་བཅས་བཞི་ལས་སྐྱེས། །ཁུ་བཅས་ཞོ་ནི་ལེགས་མཉེས་པ། །རོ་བཅད་གཙུག་ཕུད་ཅན་མར་འགྱུར། །ཞེས་དང་། སྲྀ་དའི་བསྟན་བཅོས་ལས། མ་བསྐོལ་ཞོ་ནི་གཙང་མ་བྲེ་ཆེན་ཕྱེད། །ཟླ་བའི་འོད་ཅན་ཤེལ་དཀར་སྲང་བཅུ་དྲུག མར་སྦྲང་སྲང་རེ་ཕོ་རིལ་ཞོ་དོ་དང་། །སྒ་སྲང་ཕྱེད་དམ་ཡང་ན་སྲང་ཕྱེད་བཞི། །མཛེས་མའི་ལག་གིས་ཕྲ་རས་ལ་མཉེས་པས། །ག་བུར་རྡུལ་བྱས་དྲི་ཞིམ་སྣོད་དུ་བཞག །བཅུད་ལྡན་རོ་མཆོག་འདི་ལྟར་སྦྱར་བྱས་གང་། །ལེགས་ལྡན་སྦྲང་རྩི་འཇོམ་པས་བཞེས་པ་ཡིན། །ཞེས་སོ། །དེ་ལ་སོགས་པ་ཟས་ཀྱི་སྡེར་གཏོགས་པ་ཐམས་ཅད་དོ། ༈ །དྲུག་པ་ཉེར་སྤྱད་དྲི་བཟང་པོའི་སྤོས་ཀྱི་རིགས་ནི། གུར་གུམ། ག་བུར། ཙནྡན། ན་གི ཨ་ག་རུ་སོགས་དང་། གཞན་ཡང་འཆི་མེད་མཛོད་རྩ་འགྲེལ་སྐོར་ན། སྟག་སེན། ནཱ་མི། དྷ་མ་ནི། གྲནླི་ཀ ཨེ་ལ་བ་ལུ་ཀ ཀུན་དུ་རུ། བ་ལ། མུ་ར། གྲནྠཾ་ཨ་ཎ། སབྟ་མ་སོགས་དུ་མ་ཞིག་ནགས་ཀྱི་ཤིང་གི་སྡེ་


MR26_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་དུ་བསྟན་པའི་མིང་ཅན་དེ་དག་གིས་མཚོན་པས་དྲི་བཟང་རྣམས་ཀྱི་ཕྱེ་མ་དང་། སྤོས་རེངས་ལ་སོགས་པའོ། །སྦྱར་སྤོས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤོས་ཀྱི་སྦྱོར་བ་རེ་ཆར་བྱས་པ་དང་། གཞན་ཡང་སྦྱོར་བ་བཅུ་པ་སོགས་སུ་གྲགས་པ་རྣམས་སོ། །དྲི་བཟང་གི་མིང་། སུ་ར་བྷིཿ དྲི་བཟང་། གྷྲཱཎ་ཧ་རྦྦ་ཎཿ སྣ་ཚིམ། ཨིཥྚ་གནྦྷཿ འདོད་པའི་དྲི། སུ་གནྡྷིཿ དྲི་ཞིམ་ཞེས་སོ། །དྲི་བཟང་སྦྱར་བས་སྐྱེ་བོའི་ཡིད་འཕྲོག་ནུས་པའི་མིང་། པ་རི་མ་ལཿ ཡོངས་འཛིན་ནམ་ཡོངས་དག དེ་ཉིད་ཤིན་ཏུ་ཡིད་འཕྲོག་རྒྱང་རིང་ཁྱབ་ནུས་པའི་མིང་། ཨཱ་མོ་དཿ ཀུན་མོས་ཞེས་ཟེར། དྲི་བཟང་ཁར་བཅུག་པའི་ཁའི་དྲི་ཞིམ་གྱི་མིང་། ཨཱ་མོ་དཱི། ཀུན་ཏུ་དགའ་བྱེད། མུ་ཁ་བཱ་ས་ནཿ ཁ་ལ་ཆགས་ཞེས་ཟེར། རིང་དུ་ཁྱབ་པའི་དྲིའི་མིང་། ས་མ་ཀརྵཱི། ཡང་དག་འགུགས། ནིརྷཱ་རཱི། ཡིད་འཕྲོག་ཅེས་བྱའོ། །དེ་ལྟར་འཇིག་རྟེན་པའི་ཉེར་སྤྱད་དང་། སྒོ་བསྟུན་ནས་ལྷའི་མཆོད་པ་རྣམས་སུའང་། ཆུ་བཞིའམ་གཉིས་དང་། ཉེར་སྤྱོད་ལྔའམ་བདུན་ཞེས་བཤད། ༈ །བདུན་པ་སྒྲའི་ཉེར་སྤྱོད་གླུ་དབྱངས་དང་རོལ་མོ་ལ། རོལ་མོ་སྤྱིའི་མིང་། བཱདྱཾ། སིལ་སྙན། བཱ་དི་ཏྲཾ། སྒྲོགས་བྱེད། ཨ་ཏཱོངྱཾ་། རོལ་མོ་ཞེས་སོ། །དེའི་བྱེ་བྲག་འབུད་དཀྲོལ་བརྡུང་བའི་དབྱེ་བས། གླིང་བུ་སོགས་སྦུ་གུ་ཅན་གྱི་རོལ་མོའི་མིང་། ཤུ་ཥི་རཾ། སྦུ་གུ་ཅན་ཆ་ལང་སོགས་འཁར་བ་སོགས་ལས་བྱས་པའི་རོལ་མོའི་མིང་། གྷ་ནཾ། མཁྲེགས་ལྡན། རྔ་སོགས་གཡོགས་པའི་རོལ་མོའི་ཡང་། ཨཱ་ནདྡྷཾ། གཡོགས་ཅན་ཞེས་སོ། །བྱེ་བྲག་ཏུ། བཾ་སཿ གླིང་བུ། ཏུཪྻཾ། སིལ་སྙན། ཛལླ་རཱི། ལྕགས་ཀྱི་སིལ་ཁྲོལ་ཏེ། འདིའི་ལྕགས་ཞེས་པ་ལྕགས་རིགས་སྤྱི་ལ་འཇུག་པས་ལི་འཁར་བ་སོགས་ཀྱི་ཆ་ལང་སོགས་ལ་གོ་རུང་ངོ་། །ཏཱ་ཌཱ་བ་ཙ་རཿ ཕེབ་རྡོབ་པ་ལག་མཐིལ་གྱི་རོལ་མོ་ཆུང་ངུ་ཞེས་སུ་རྒྱ་འགྲེལ་འགའ་ལས་བཤད། པ་ཎ་བཿ འཁར་རྔ། ཤ་མྱཿ ཁར་དཀྲོལ། ཨནྟ་ཀཿ མཐའ་ཅན།


MR26_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གོ་མུ་ཁཿ བ་ལང་ཁ། ཙ་བེ་ཊཿ ཐལ་མོ། ཧུ་ཌུཀྐ། སིལ་ཁྲོལ་ཏེ་དེ་ལ། ཛྷལླ་རཱི། དང་། དྷཱུ་ན། སོགས་མིང་གཞན་ཡང་མང་པོ་ཡོད་པ་ལག་པ་གཉིས་ཀྱིས་ཐལ་མོའམ་ལག་པས་དཀྲོལ་བྱ་སྒྲ་སིལ་སིལ་སྒྲོགས་པ་རྣམས་ལ་གོ་རུང་ངམ་སྙམ། ཏུ་ན་བཿ པི་ཝཾ་རྒྱུད་གཅིག་པ། པི་ཝང་རྒྱུད་གསུམ་པའི་མིང་། བཱི་ཎཱ། པི་ཝང་། བལླ་རཱི། དང་། བལླ་ཀཱི། སྙན་སྒྲོགས། བི་པཉྩཱི། རྣམ་སྤྲོ། པི་ཝང་རྒྱུད་བདུན་པའི་མིང་། པ་རི་བཱ་དི་ནཱི། ཡོངས་སྒྲོགས། པི་ཝང་སོགས་རྒྱུད་ཅན་གྱི་རོལ་མོའི་མིང་། ཏ་ཏཾ། རྒྱུད་ལྡན་ཞེས་སོ། །པི་ཝང་གི་ཡུ་བའི་མིང་། པྲ་བཱ་ལཿ རབ་གཞོན། བཱི་ཎཱ་དཎྚཿ པི་ཝཾ་དབྱུག་པ་ཟེར། པི་ཝཾ་གི་ཡུ་བའི་རྩེ་མོའི་ཤིང་འཁྱོགས་པོའི་མིང་། ཀ་ཀུ་བྷཿ རླུང་འཆིང་། པྲ་སེ་བ་ཀཿ རབ་བསྟེན་ཟེར། པི་ཝང་གི་ཁོག་པའམ་ལུས་སྤྱིའི་མིང་། ཀོ་ལམྦ་ཀཿ ཕང་འགྲོ། པི་ཝང་གི་རྩ་བའི་རྒྱུད་འདོགས་སའི་མིང་། ཨུ་པ་ནཱ་ཧཿ འཆི་གནས། ནི་བནྡྷ་ནཾ། འཆིང་བྱེད་ཅེས་སོ། །གདོལ་པ་རྣམས་ཀྱི་པི་ཝང་ཀནྡ་རཱ་ཞེས་གྲགས་པའི་མིང་། ཙཱཎྜཱ་ལི་ཀཱ། གདོལ་པ་ཅན། ཀཎྚོལ་བཱི་ཎཱ། གདོལ་བའི་པི་ཝང་། ཙཎྜཱ་ལ་བལླ་ཀཱི། གཏུམ་པོའི་པི་ཝང་ཞེས་སོ། །མརྡྡ་ལཿ རྔ། བྷེ་རཱི། འཇིགས་བྱེད་དེ་རྔ་བོ་ཆེ། ཨཱ་ན་ཀཿ རྔ་ཆེན། དུནྡུབྷིཿ རྔ་བོ་ཆེའམ་རྔ་སྤྱིར་ཡང་འཇུག རྔའི་བྱེ་བྲག་རྔ་ཟླུམ་ལ། མུར་ཛཿ རྔ་ཟླུམ། མུ་ར་ཛཱཿ རྫ་རྔ་ཆེན་པོ་ལའང་འཇུག་གསུངས། མྲྀ་དཾ་གཿ རྫ་རྔ། རྔ་ཟླུམ་གྱི་བྱེ་བྲག ཨངྐྱཿ ཨ་རུ་རའི་དབྱིབས་འདྲ་བའི་རྔ་ཟླུམ། ཨཱ་ལིདྦཡཿ བ་ལང་གི་མཇུག་མ་ལྟ་བུའི་རྫ་རྔའམ་རྔ་རིང་། ཨུརྷ། དང་། ཨཱུརྡྡ་ཀཿ དང་། ཨཱུརྡྡནྡ་མཿ དང་། སྡྱི་ཏཿ ནས་ཀྱི་དབུས་ཀྱི་ཆ་ལྟ་བུ་ནས་གཟུགས་ཅན་གྱི་རྔ་ཟླུམ་ཁ་གཅིག་པ། རྔ་ཆུང་གི་མིང་། པ་ཊ་ཧཿ སྒྲ་འདོར། ཨཱ་ན་ཀཿ རྔ་ཆུང་། ཞེས་སོ། །རྒྱལ་ཕྲན་སོགས་ཀྱི་རྔའི་མིང་། ཡ་ཤཿཔ་ཊ་ཧཿ སྙན་པའི་རྔ། ཌྷཀྐཱ། ཌྷག་རྔ་ཞེས་སྒྲའི་སྒོ་ནས་བཏགས་སམ་སྙམ། རྔ་དང་པི་ཝཾ་སོགས་


MR26_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྐུལ་བྱེད་དབྱུག་པའི་མིང་། ཀོ་ཎཿ སྒྲོགས་བྱེད་ཅེས་སོ། །མུ་ཀུནྡཿ རྔ་མུ་ཀུན་ད། ཛརྫྷ་རཱི། རྫ་རྔ། ཁ་གཅིག་པ་སྟེ་ཀ་ར་ཊ་ཡང་ཟེར། ཌ་མ་རུཿ ཅང་ཏེའུ། མཌྜཱུཿ ཌ་རུ་ཆེན་པོ། ཌཎྚིམཿ འདོར་འཕེན་ཏེ། བྷེངྒཱི་རི་ཞེས་གྲགས་པའོ། །གླུ་དབྱངས་ཀྱི་མིང་ལ། གཱི་ཏཾ། གླུ་དབྱངས། གཱ་ན། གླུ། སཾ་གཱི་ཏིཿ གླུ་དབྱངས་བཟང་པོ། དེ་ལ་དབྱངས་བདུན་དུ་གྲགས་ཏེ། ནི་ཥཱ་དཿ འཁོར་ཉན། རི་ཥ་བྷཿ ཁྱུ་མཆོག གཱནྡྷ་རཿ ས་འཛིན་པའམ་ས་འཛིན་སྐྱེས་སམ་ཕྲ་འཛིན། ཥ་ཌཛཿ དྲུག་སྐྱེས། མ་དྷྱཱ་མཿ བར་མ། དྷཻ་བ་ཏཾཿ བློ་གསལ་ལམ་བློ་ལྡན་སྐྱེས་ཀྱང་ཟེར། པཉྩ་མཿ ལྔ་པ། ཞེས་སོ། །སྒྲ་དབྱངས་ཀྱི་ཁྱད་པར་ལ། མི་གསལ་སྙན་པའི་སྒྲ་ཕྲ་མོའི་མིང་། ཀཱ་ཀ་ལཱི། སྒྲ་ཕྲ་བ། མི་གསལ་སྙན་པའི་སྒྲའི་མིང་། ཀ་ལཿ དར་དིར་ཏེ། ཀ་ལ་ཤབྡཿ དར་དིར་སྒྲ། ཀ་ལ་གཱི་ཏཾ། དར་དིར་གླུ། ཀ་ལ་བཱི་ཎཱ། དར་དིར་པི་ཝང་ལྟ་བུའོ། །འབྲུག་སྒྲ་སོགས་ཟབ་མོའི་སྒྲའི་མིང་། མནྡྲཿ ལྡིར་སྒྲ། ཤིན་ཏུ་སྦོམ་པའམ་གདངས་མཐོ་བའི་མིང་། ཏཱ་རཿ གོ་བྱེད། གོས་དང་ལོ་མ་སོགས་ཀྱི་སྒྲའི་མིང་། མརྨྨ་རཿ ཤོད་སྒྲའམ་ཤོ་སྒྲ། རྒྱན་གྱི་སྒྲའི་མིང་། ཤིཉྫི་ཏཾ། སིལ་སྒྲ། ཤི་ཛཱ། སིལ་སིལ། པི་ཝང་གི་སྒྲའི་མིང་། ནི་ཀྭ་ཎཿ མི་གསལ་སྒྲ། ནི་ཀྭ་ཎཿ ངེས་གྲགས། ཀྭ་ཎཿ དབྱངས། ཀྭ་ཎཿ མི་གསལ་དབྱངས། ཀྭ་ཎ་ནཾ། དབྱངས་བྱེད། དེ་ལ་པྲ་སོགས་སྦྱར་ཚེ། པྲ་ཀྭ་ཎཿ རབ་གྲགས། པྲ་ཀྭ་ཎཿ རབ་སྙན། སུ་ཀྭ་ཎཿ སྙན་དབྱངས། སུ་ཀྭ་ཎཿ སྒྲ་སྙན། ཨུ་པ་ཀྭ་ཎཿ ཉེར་སྒྲོགས་ལ་སོགས་པ་སྟེ། འདི་རྣམས་མིའམ་ཅིའི་གླུ་སྒྲ་སོགས་ལའང་འཇུག་པར་བཤད་དོ། །མང་པོས་བརྗོད་པའི་མི་གསལ་བའི་སྒྲ་མིང་། གོ་ལཱ་ཧ་ལཿ ཀུ་ཅོའི་སྒྲ། ཀ་ལ་ཀ་ལཿ ཅ་ཅོ། ཀི་ལི་ཀི་ལཱ་ལི་ཏཾ། དར་དིར་ཀུ་ཅོ་ཅ་ཅོ། །ཀོ་ལཱ་ཧ་ལཿ ཀུ་ཅོ། དུད་འགྲོ་རྣམས་ཀྱི་སྒྲ་སྐད་ཀྱི་མིང་། པཱ་ཤི་ཏཾ། སྒྲ།


MR26_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བརྙན་གྱི་མིང་། པྲ་ཏི་ཤྲུ་ཏ། སྒྲ་བརྙན། པྲ་ཏི་དྷཱ་ནཿ ལན་སྒྲའམ་བྲག་ཅན་ཞེས་སོ། །ཆ་ལང་གི་དུས་ཀྱི་བྱ་བ་དང་ལྡན་པའི་གླུ་གར་རོལ་མོའི་མིང་། ཨེ་ཀ་ཏཱ་ལཿ གནས་བྱེད་གཙོ་བོ་ཅན་ནམ་ཆ་ལང་གཙོ་བོ་ཅན། སེམས་ཅན་སོ་སོའི་སྒྲ་ལ། མ་ནུ་ཥེ་སྦ་རཿ མི་ཡི་དབྱངས་ལ་སོགས་པའོ། །ཤི་བཱ་རུ་ཏཾ། ཅེ་སྤྱང་མོའི་སྒྲ། ཨཙྪ་ཊཱ་ཤབྡཿ སེ་གོལ་གྱི་སྒྲ། སྥོ་ཊཾ། སྒྲ་གསལ་བ། ཀ་ལ་སྭ་རཿ སྐད་སྙན། མ་དྷུ་རཿསྥ་རཿ སྒྲ་མཉེན་པའམ་སྙན་པ་ཞེས་སོ། ༈ །བརྒྱད་པ་ཉེ་བར་མཁོ་བའི་ཡོ་བྱད་དམ་སྤྱད་ཆ་སྣ་ཚོགས་པའི་སྐོར་ལ། ཆེན་པོ་ལ་འོས་པའི་ཡོ་བྱད་དང་ཐུན་མོང་དུ་མཁོ་བའི་ཡོ་བྱད་གཉིས། དང་པོ་ལ། རྒྱལ་པོ་སོགས་ཆེན་པོ་ལ་འོས་པ་རྒྱལ་པོའི་མཚན་མ་ལྔ་ནི། རྔ་ཡབ་ཀྱི་མིང་། ཙཱ་མ་རི། རྔ་ཡབ། པྲ་ཀཱི། རབ་སྐྱོད། བཱ་ལ་བྱ་ཛ་ནཾ། སྐྲའི་བསིལ་ཡབ། རོ་མ་གུཏྶ་ཀཾ སྤུའི་ལྕུག་ཕོན། ནོར་བུ་སོགས་ལས་བྱས་པའི་རྒྱལ་པོའི་གདན་ཁྲིའི་མིང་། ནྲྀ་བཱ་ས་ནཾ། མི་བདག་སྟན། བྷ་དྲཱ་ས་ནཾ། ཁྲི་བཟང་པོ། གསེར་ལས་བྱས་པ་སེང་གེའི་རྣམ་པ་ཅན་གྱི་ཁྲིའི་མིང་། སིཾ་ཧཱ་ས་ནཾ། སེང་གེའི་ཁྲི། འདིར་སེང་གེའི་རྣམ་པ་ཅན་ཞེས་པ་སེང་གེའི་གཟུགས་བརྙན་འབའ་ཞིག་ཡོད་པས་མིན་ཡང་སེང་གེ་རི་དྭགས་ཀྱི་གཙོ་བོ་ཡིན་པ་ལྟར་གསེར་ཁྲི་ཁྲིའི་གཙོ་བོ་ཡིན་པའི་དོན་ནམ་སྐྱེ་བོ་གཞན་ཟིལ་གྱིས་གནོན་པའི་དོན་ཡིན་ནོ་ཞེས་བཤད། ཚཏྟྲཾ། གདུགས། ཨཱ་ཏ་བ་ཏྲཾ། གདུང་སྐྱོབ། རྒྱལ་པོའི་མཚན་མ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ལ། ནྲྀ་བ་ལཀྵྨན། ནམ་ཀྵྨ། མི་བདག་མཚན་པ། དང་པོ་རྒྱལ་སྲིད་ལ་དབང་བསྐུར་ཚེ་གསེར་བུམ་ཆུས་བཀང་རྣམས་ཀྱི་མིང་། བྷ་དྲ་ཀུམྦྷཿ བུམ་པ་བཟང་པོ། པཱུརྞྞ་ཀུམྦྷཿ བུམ་པ་གང་བ། གསེར་ལས་བྱས་པའི་ཆུ་སྣོད་གྷ་ཊུ་ལྟ་བུའི་མིང་། བྷྲྀངྒཱ་རཿ འཛིན་བྱེད་དམ་རིལ་བ། ཀ་ན་ཀཱ་ལུ་ཀཿ གསེར་གྱི་བུམ་པ། གཞན་ཡང་། ཤིང་རྟ་བརྒྱན་པ་དང་། རྒྱལ་མཚན་


MR26_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་དན་གདུགས་ལ་སོགས་པ་དཔུང་གི་ཚོགས་དང་བཅས་པའོ། །རྒྱལ་པོ་སོགས་ལ་གདུགས་དང་རྔ་ཡབ་སོགས་འཛིན་པས་རིམ་གྲོ་བྱེད་པའི་ལས་ཀྱི་མིང་། པྲ་ཀྲི་ཡཱ། བཀུར་པའི་ལས། ཨ་དྷི་ཀཱ་རཿ རིམ་གྲོའི་ལས་ཞེས་སོ། །ཡོན་ཏན་ཅན་དགེ་སྦྱོང་དང་བྲམ་ཟེ་ལ་འོས་པའི་ཡོ་བྱད་ནི། ནང་པའི་རབ་ཏུ་བྱུང་བའི་ཡོ་བྱད་ཀྱི་མིང་། པ་རི་སྐཱ་ར་ཙཱི་བ་རཾ། ཡོ་བྱད་ཀྱི་གོས། སཾ་གྷཱ་ཊཱི། སྣམ་སྦྱར། ཨུཏྟ་རཱ་སཾ་གཿ བླ་གོས། ཨནྟ་རྦཱ་སཿ མཐོང་གོས། ནི་བཱ་ས་ནཾ། ཤམ་ཐབས། པྲ་ཏི་ནི་བཱ་ས་ན། ཤམ་ཐབས་ཀྱི་གཟན། སཾ་ཀ་ཀྵི་ཀཱ། རྔུལ་གཟན། པྲ་ཏི་སི་ཀ་ཀྵི་ཀཱ། རྡུལ་གཟན་གྱི་གཟན། ཀེ་ཤ་པྲ་ཏི་གྲ་ཧ་ཎཾ། སྐྲ་བཟེད། སྣཱ་ཏྲ་ཤཱ་ཊ་ཀཾ ཁྲུས་རས། ནི་ཥ་ད་ནཾ། དང་། སི་སྟ་ར། དང་། པྲཏྱཱ་སྟཱ་རཿ གདིང་བ། ཀཎྜཱུ་པྲ་ཏིཙྪཱ་ད་ནཾ། གཡན་པ་དགབ་པ། བརྵཱ་ཤཱ་ཊཱི་ཙཱི་བ་རཾ། དབྱར་གྱི་གོས་རས་ཆེན་ཞེས་སོ། །པཱ་ཏྲཾ། ལྷུང་བཟེད། ཀུ་པཱ་ཏྲཾ། ལྷུང་བཟེད་ཆུང་ངུ་། ཤི་ཀྱཾ། དྲ་བ། པཱ་ཏྲ་པོ་ཎི་ཀཿ ལྷུང་བཟེད་ཀྱི་སྣོད། པཱ་ཏྲ་ཀ་ཊ་ཀཾ ལྷུང་བཟེད་བཞག་པའི་གདུབ་བུ། ཁཀྑ་རཾ། འཁར་བསིལ། ས་ར་ཀཾ སེར་བུ་སྟེ་ཕོར་བུ། པ་རི་སཱ་བ་ཎཾ། ཆུ་ཚགས། དེའི་བྱེ་བྲག་རལ་ཚགས་དང་། རལ་བ་ཞབས་ཚགས་སོགས་དང་། ཤ་ལཱ་ཀཱཿ ཚུལ་ཤིང་། གཎྜཱི། ག་ཎ་ཌི། ཀཱ་ཡ་བནྡྷ་ནཾ། སྐ་རགས།དེའི་མིང་གཞན་ཤུར་བུར་ལྕགས་ཕོད་རྒྱ་ཅང་ཞེས་དང་། ཙཱི་བ་ར་བྲྀ་སི་ཀཱ། ཆོས་གོས་ཀྱི་གཏིང་བུ་སྟེ་ཆོས་གོས་ཀྱི་སྣོད། ཀཱ་ཡོངྒྷརྵ་ཎཾ། རྣག་གཟན། བི་དྷ་མ་ནཾ། དང་། བྱཾ་ཛཱ་ནཾ། བསིལ་ཡབ། མ་ཤ་ཀ་བཱ་ར་ཎཾ། སྦྲང་ཡབ། མས་ཀ་ཀུ་ཊི། སྦྲང་སྐྱབས། ཀ་ར་ཀཾ བྱ་མ་བུམ། ཨུ་པཱ་ན་ཏ། མཆིལ་ལྷམ། པཱ་ཏྲ་བ་ཤྱཱ་པ་ཀཾ ལྷུང་བཟེད་ཀྱི་ཁ་གཡོགས། ཀུཎྚི་ཀཱ། རིལ་བ་སྤྱི་བླུགས། མུ་ཁ་པོཙྪ་ནམ྄། གདོང་ཕྱིས་ལ་སོགས་པ་སྟེ། རྒྱས་པར་བྱེ་བྲག་རྟོགས་བྱེད་དུ་གསལ་ལོ། ༈ །རིག་སྔགས་འཆང་བ་རྣམས་ཀྱི་ཡོ་བྱད། ཁ་ཊྭཱཾ་ཀཿ དང་། ཕུར་བུ། པདྨ་བྷཉྫ། སྟེ་པདྨའི་སྣོད་དུ་


MR26_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ། ཡོ་ག་པཊྚཿ པུས་མཁྱུད། ཀ་པཱ་ལི། སོགས་གཞན་དུ་ཤེས། སྦྱིན་སྲེག་གི་ཡོ་བྱད་རྣམས་འོག་ཏུ་འཆད་དོ། །ཕྱི་རོལ་པས་མཆོད་སྦྱིན་གྱི་གནས་སུ་ཕྱུགས་འཆིང་ཕྱིར་སེང་ལྡེང་སོགས་ཀྱི་ཤིང་བཙུགས་པའི་མིང་། ཡཱུ་པཿ མཆོད་སྡོང་། དེའི་རྩེར་གདུ་བུའི་རྣམ་པ་བཟོས་པའི་མིང་། ཙ་ཥ་ལཿ རྫོགས་བྱེད་མཆོད་སྡོང་གི་རྩེ་མོའི། ཏརྨྨ། རིང་གསལ། མཆོད་སྦྱིན་གྱི་གནས་བསྒྲིབ་ཕྱིར་ཤིང་གིས་བསྐོར་བའི་ཁྱིམ་པར་བ་བཅོས་པའི་མིང་། ཀུམྦཱ། སྒྲིབ་བྱེད། མཆོད་སྦྱིན་གྱི་དུས་སུ་བསྟོད་པ་བྱེད་མཁན་གྱི་བྲམ་ཟེ་གནས་པའི་སའི་མིང་། སཾ་སྟཱ་བཿ བསྔགས་པའི་གནས། བྲམ་ཟེ་སོགས་འདུ་བའི་གནས་ཀྱི་མིང་ལ། ས་མ་ཛྱཱ། འདུ་གནས། ས་བྷཱ། འདུན་ཁང་། ས་མི་ཏིཿ འདུན་ས། ཨཱ་སྠཱ་ནཾ། ཀུན་གནས། གོ་ཥྛི། གཏམ་གནས་སོགས་ཟེར། སྦྱིན་སྲེག་གི་མེའི་དོན་དུ་ཤིང་བསྲུབ་པའི་མིང་། ཨ་ར་ཎཱི། མེ་སྲུབ་སྟེ་སྲུང་ཤིང་ལའང་འཇུག མཆོད་སྦྱིན་གྱི་མེ་གསུམ་གྱི་མིང་། དཀྵི་ཎཱགྣིཿ ལྷོ་ཕྱོགས་མེ་སྟེ་འདི་ལ་བསྲེག་འོས་ཀྱི་མེ་ལས་བྱུང་བ་སོགས་གསུམ་ཡོད། གཱ་ར་ཧ་པ་ཏྱཿ ཁྱིམ་བདག་གི་མེ་སྟེ་རྒྱུན་བཞག་གི་མེར་ཡང་གྲགས། ཨཱ་ཧ་བཱ་ནཱི་ཡཿ བསྲེག་འོས་ཀྱི་མེ་སྟེ་འདི་སྦྱིན་སྲེག་གི་ཆེད་ཉིད་དུ་བཞག་པའི་མེ་ཡིན། མེ་གསུམ་སྤྱི་མིང་། ཏྲེ་ཏཱ། མེ་གསུམ་མམ་སྲུང་ཐོབ། སྔགས་སོགས་ཀྱིས་ལེགས་པར་སྦྱར་བའི་མེའི་མིང་། པྲ་ཎཱི་ཏཿ ལེགས་སྦྱར། སྦྱིན་སྲེག་གི་དུས་སུ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ལྷ་མོ་གསུམ་ལ་མེའི་ཆུང་མར་གྲགས་པའི་མིང་། ཨགྣཱ་ཡཱི། མེ་ལྡན་མ། སྭཱ་ཧཱཿ ལེགས་འབོད། ཧུ་ཏ་བྷུཀྤྲི་ཡཱ། བསྲེག་ཟའི་དགའ་མ། དྷཱ་ཡྻཱ། ཡམ་ཤིང་། འབྲས་སོགས་འོ་མའི་བཅོས་པའི་ལྷ་བཤོས་ཀྱི་མིང་། ཙ་རུཿ བཤོས། བསྲེག་རྫས་ཀྱི་བྱེ་བྲག་འོ་མ་ཞོ་དང་སྦྱར་ནས་བསྐོལ་བའི་ཕྲུམ་པོའི་མིང་། ཨཱ་མི་ཀྵཱཿ བསྲེག་རྫས་ཕྲུམ། ཧོམ་གྱི་མེ་སྦར་ཕྱིར་ཀྲྀཥྞ་སཱ་རའི་པགས་པ་


MR26_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་པའི་ང་གཡབ་ཀྱི་མིང་། དྷུ་བི་ཏྲཾ། གདུང་བྱེད། ཡང་ན། དྷ་བི་ཏཾ། གཡོ་བྱེད། ཞོ་མར་བསྲེས་པའི་བསྲེག་རྫས་ཀྱི་མིང་། བྲྀ་ཥ་དཱ་ཛྱཾ། མར་ཐིག ལྷ་མཚུན་གྱི་དོན་དུ་སྦྱར་བའི་འོ་ཟན་གྱི་མིང་། བ་ར་མཱནྣ། ཟས་མཆོག པཱ་ཡ་སཿ འོ་སྦྱར། ཧ་བྱཾ། ལྷ་བཤོས། ཀ་བྱཾ། མཚུན་བཤོས།དགངས་གཟར་སོགས་མཆོད་སྦྱིན་གྱི་སྣོད་སྤྱིའི་མིང་། པཱ་ཏྲཾ། སྣོད། སྲུ་བཿ དགང་གཟར། ཙ་མ་སཿ ཟླ་བའི་བཏུང་བའི་སྣོད། མུ་ས་ལ། གཏུན། ཏཱ་མྲཿ ཟངས་སྣོད། ཀ་པཱ་ལཿ ཐོད་ཕོར། ཨུ་དཱུ་ཁ་ལཿ ལྕགས་རྩེ་སྟེ་གཏུན། དགང་བླུགས་ཀྱི་དབྱིབས་སོ་སོའི་མིང་། དྷྲུ་བཱ། བརྟན་པ་སྟེ་ལྕང་མའི་ལོ་མའི་དབྱིབས། ཨུ་པ་བྷྲྀཏ྄། ཉེར་འཛིན་ཏེ་འཁོར་ལོའི་དབྱིབས། ཛུ་ཧཱུཿ སྦྱིན་བྱེད་དེ་ཟླ་ཕྱེད་ལྟ་བུའོ། །འདོད་འཇོར་སྦྱིན་བྱེད་བླུག་གཟར་དང་། ཉེར་འཛིན་དགང་གཟར་དུ་བཤད་ཅིང་འཆི་མེད་ཕྲེང་བའི་ལུང་དྲངས་སོ། །དགང་བླུགས་ཀྱི་མིང་གཞན། སྲུ་ཙ྄་དང་། སྲུཀ྄ འཛག་བྱེད་གཞན་དུ། སཱུཿ ཞེས་ཀྱང་བཤད་དོ། །སྔགས་ཀྱིས་སྦྱང་བའི་གསད་བྱ་ཕྱུགས་ཀྱི་མིང་། ཨུ་པཱ་ཀྲྀ་ཏཿ ཉེ་བར་སྦྱར་བ། དེ་གསོད་པའི་མིང་། པ་རཾ་པཱ་རཱ་ཀཾ། རབ་མཆོག འགྲོ་བྱེད་སོགས་ཟེར། བསད་པའི་མིང་། པྲ་མཱི་ཏཿ རབ་བསད་སོགས་ཟེར། བསྲེག་རྫས་ཀྱི་མིང་། སཱནྣཱཾ་། ཡང་དག་སྦྱོར། ཧ་བིས྄། དང་། ཧ་བིཿ བསྲེག་རྫས་སོ། །མཆོད་སྦྱིན་དམན་པ་ཁ་བསྐང་བའི་དོན་དུ་གཙོ་བོའི་མཆོད་སྦྱིན་ཟིན་པའི་མཐར། རབ་གནས་ཀྱི་མཆོད་སྦྱིན་བྱེད་པའི་མིང་། ཨ་བ་བྷྲྀ་ཐཿ དམན་སོའི་མཆོད་སྦྱིན། མཆོད་སྦྱིན་ལྷག་མ་མར་ཁུ་སོགས་ཀྱི་མིང་། ཨ་མྲྀ་ཏཿ བདུད་རྩི། བསྟན་བཅོས་ནས་བཤད་པ་ལྟར། རྫས་ཡུལ་བྲམ་ཟེ་སོགས་ཚུལ་མཐུན་མཆོད་སྦྱིན་འོས་པའི་མིང་། ཡ་ཛྙི་ཡཾ། མཆོད་སྦྱིན་ལ་བོས་པ་སྟེ། ཡ་ཛྙི་ཡ་དྲ་བྱཾ། མཆོད་སྦྱིན་ལ་འོས་པའི་རྫས་སོགས་སུ་སྦྱར་རོ། །ལྷ་མཚུན་དང་མགྲོན་དང་བླ་མ་སོགས་ཀྱི་ཟས་ལྷག་ལ། བི་གྷ་སཿ ཁྱད་པར་ཟས།


MR26_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དོན་དུ་དུས་ཚིགས་སུ་ཟན་སོགས་སྦྱིན་པའི་མིང་། ཨཽ་རྡྷཱ་དེ་ཧི་ཀཾ ཕ་རོལ་ལུས་ཅན། ས་སོགས་གཤིན་དོན་དུ་གསེར་སོགས་སྦྱིན་པའི་མིང་། ནི་བཱ་བཿ གཤིན་དགེ བསྟན་བཅོས་ལས་བཤད་པ་ལྟར་ཡུལ་སོགས་ངེས་པས་གཤིན་དོན་སྦྱིན་པ་བྱེད་པའི་མིང་། ཤྲཱདྡྷཾ། ཤིད་བྱེད་པ། མཱ་སི་ཀཾ ཟླ་མཆོད་དེ་ཟླ་དུས་སུ་སྦྱིན་པ། གཤིན་དགེ་བྱེད་པའི་དུས་ཉི་མ་བརྒྱད་ཆ་ཤར་བའི་དུས་ཏེ་ཉིན་གུང་གི་མིང་། ཀུ་ཏ་པཿ སྡིག་གདུང་གི་དུས་ཞེས་སོ། །ཨརྒྷཾ། མཆོད་ཡོན། པཱ་དྱཾ། ཞབས་བསིལ། ཨུ་པ་སྤརྴཿ ཉེ་རེག ཨཱ་ཙ་མ་ནཾ། ཞབས་བསིལ། པཱུ་ཛན྄་དང་པཱུ་ཛ། མཆོད་པ། བརྟུལ་ཞུགས་ཀྱི་དབང་གིས་འཁྱམས་པ་དང་། རང་བཞིན་ལྗོངས་རྒྱུ་བ་གཉིས་ཀའི་མིང་། པྲ་ཛྱཱ ། ལྗོངས་རྒྱུ་བ། པཪྻ་ཊ་ནཾ། ཡོངས་སུ་འགྲོ་བ། ཨ་ཊཱ། རྒྱུ་བ། ཨཌྱཱ། འཁྱམས་པ། ཨ་ཊ་ཊྱཱ། ཡང་ཡང་འཁྱམས་པ། བྷྲ་མཿ བསྐོར་བ་ཞེས་སོ། །མཽ་ནཾ། ངག་བཅད། ཨ་བྷཱ་ཥ་ནཾ། མི་སྨྲ་བ། བླ་མའི་མན་ངག་ཤེས་ཤིང་བསམ་གཏན་སོགས་ཀྱི་ཐབས་སྤྱོད་པའི་མིང་། ཙ། སྤྱོད་པ། བརྟུལ་ཞུགས་ཀྱི་མིང་། ནི་མ་མཿ ངེས་པ། བྲ་ཏཾ། བརྟུལ་ཞུགས་སོ། །ཨ་ནུ་ཀྲ་མཿ གོ་རིམ། ཀྲ་མཿ རིམ་པ། པ ། རིམ་པ། བསྟན་བཅོས་བྱང་ནས་འཇིག་རྟེན་གྱི་ཐ་སྙད་ལས་འགོངས་པའི་དོན་རྟོགས་པའི་མིང་། ཨ་ཏི་པཱ་ཏཿ ཤིན་ཏུ་བྱིན་པ། པཪྻྱཱ་ཡཿ ཡོངས་སུ་བསྒྱུར་བ། ཨུ་པཱཏྱ་ཡཿ ཉེ་བར་བརྒལ་བ། སྙན་ཚིག་རིག་བྱེད་ཀློག་པའི་ཐོག་མཐར་ཨོཾ་གྱི་དབྱངས་འདྲེན་ཞིང་ཐལ་མོ་སྦྱོར་བའི་མིང་། བྲཧྨཱཉྫ་ལིཿ ཚངས་པའི་སྙིམ་པ། རིག་བྱེད་འདོན་པའི་ཚེ་ཁ་ཆུ་འཐོར་བའི་མིང་། བྲཧྨ་བིནྡུ། འམ། བིནྡ་བཿ ཚངས་པའི་ཟིག་མ། དམིགས་བཅས་རྣལ་འབྱོར་དང་དམིགས་མེད་ཀྱི་བསམ་གཏན་ལ་གནས་པའི་འདུག་སྟངས་གཡུང་དྲུང་ཅན་དང་། གྱེན་རྐང་ཅན་དང་། པདྨའི་སྐྱིལ་ཀྲུང་སོགས་ཀྱི་མིང་། བྲཧྨཱ་ས་ནཾ། ཚངས་པའི་འདུག་སྟངས།


MR26_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མཆོག་གི་བདག་སེམས་པ་བསམ་གཏན་དང་། ཡིད་བྱེད་འགོག་པ་ཙམ་ནི་རྣལ་འབྱོར་རོ་ཞེས་གཞུང་ལས་འབྱུང་། རིག་བྱེད་སོགས་ཀྱི་སྒྲུབ་བྱ་ཆོ་གའི་མིང་། བི་དྷིཿ ཆོ་གབི་དྷཱ་ནཿ འང་ཆོ་ག ཀལྤ། རྟོག་པ། ཀ྄་མ་རིམ་པ་ཞེས་སོ། །རྫས་དང་རྣལ་འབྱོར་སོགས་བསྟན་བཅོས་ནས་གཙོ་བོར་བཤད་པའི་མིང་། མུ་ཁྱཿ གཙོ་བོའི་དོན་ཏོ། །ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཅན་གྱི་ཆུ་སྟོད་ཀྱི་ཉ་ལ་དགོས་པའི་པ་ལཱ་ཤའི་དབྱུག་པའི་མིང་། ཨཱ་ཥཱ་ཌྷཿ ཆུ་སྟོད་སྤྱོད། བརྟུལ་ཞུགས་ཀྱི་མཚན་མ་ཀུ་ཤ་སོགས་བཞག་པའི་དོན་གྱི་སྙུག་མའི་དབྱུག་པའི་མིང་། རཱམྦྷཿ སྨྱི་དབྱུག རྫའི་རིལ་བ་སྤྱི་བླུགས་མིང་། ཀ་མཎྚ་ལུཿ རིལ་བའམ་ཆུ་སྙིང་ཅན། ཀུཎྜཱི། སྤྱི་བླུགས། བརྟུལ་ཞུགས་ཅན་གྱི་གདན་གྱི་མིང་། བྲྀཥཱི། བདེ་སྦྱིན་སྟན་ནམ་སྨྲ་གནས། ཙནྡྲ་གོ་མིས། པྲྀ་སཱི། ཞེས་ཀློག་པར་མཛད། ཚངས་སྤྱོད་ཅན་སོགས་ཀྱིས་འཆང་བའི་རི་དྭགས་པགས་པའི་མིང་། ཨ་ཛི་ནཾ། ཐོབ་བྱེད་དང་། ཙརྨྨ། སྤྱད་པ། ཀྲྀཏྟི། གཅད་བྱའང་ཟེར། རིག་བྱེད་བསྐྱར་ཞིང་ཀློག་པའི་མིང་། སྭཱདྷྱཱ་ཡཿ རབ་ཀློག ཛབཿ བཟླས་པ། འདིར་གྷ་྅་རྐྱེན་དུ་ཕྱིན་པས་ཛཱ་ཡིག་རིང་པོར་ཀློག་པ་ནི་དམངས་རིགས་ཀྱི་བཟླས་པར་འཇུག་གོ །ཕྱོགས་མཐའ་སོ་སོའི་མཆོད་སྦྱིན་གྱི་མིང་། དརྴཿ སྟོང་མཆོད། པཽརྞ་མཱ་སཿ ཉ་མཆོད། མཆོད་སྦྱིན་གྱི་དུས་སུ་ལག་པ་གཡས་ཀྱི་ཕྱི་ནས་གཡོན་གྱི་ཕྲག་གོང་དུ་དཀྲི་བའི་ཚངས་སྐུད་ཀྱི་མིང་། ཨུ་པ་བཱི་ཏཾ། ལྷག་མཛེས། ཡ་ཛྙ་སཱུ་ཏྲཾ། མཆོད་སྦྱིན་གྱི་སྲད་བུ། གཤིན་དོན་གྱི་ཆོ་ག་སོགས་ཀྱི་དུས་སུ། དེ་ལས་བཟློག་སྟེ་དཀྲི་བའི་མིང་། པྲཱ་ཙཱི་ནཱ་བཱི་ཏཾ། གཡས་གོང་མཛེས། ལག་པ་གཉིས་ཀའི་ཕྱི་ངོས་སུ་མགུལ་ནས་དྲང་པོར་འཕྱང་བའི་ཚངས་སྐུད་ཀྱི་མིང་། ནི་བཱི་ཏཾ། དམན་མཛེས། སོར་མོ་རྣམས་ཀྱི་རྩེ་མོ་ལྷ་ལ་ཆུ་སོགས་སྦྱིན་པའི་གནས་ཡིན་པར།


MR26_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དཻ་ཝཾ་ཏཱིརྠཾ། ལྷའི་སྦྱིན་གནས་མིང་མེད་དང་མཐེའུ་ཆུང་གི་རྩ་བ་ཚངས་པ་སྐྱེ་དགུའི་བདག་པོའི་སྦྱིན་གནས་ཡིན་པས། ཀཱ་ཡཾ་ཏཱིརྠཾ། ཚངས་པའི་སྦྱིན་གནས། མཐེ་བོང་དང་འཛུབ་མོ་དག་གི་བར་ནི། མཚུན་གྱི་སྦྱིན་གནས་ཡིན་པས། བི་ཏྱཾ་ཏཱི རྠཾ། མཚུན་གྱི་ཞིང་། མཐེ་བོའི་རྩ་བ་ཚངས་པའི་སྦྱིན་གནས་ཡིན་པས། པྲཱཧྨ་ཏཱི་ནྲཾ། ཚངས་པའི་ཞིང་། སྐབས་འདིའི་ཚངས་པ་ཞེས་པ་བྲམ་ཟེ་དང་རིག་བྱེད་ཤེས་པ་སོགས་ལ་འཇུག་པས་སྔ་མ་ནས་མི་ཟློས་སོ། །རྣམ་བཤད་བདུད་རྩི་ལས་འདི་ལྷ་ཚངས་པའི་སྦྱིན་གནས་དང་། ཀཱ་ཡཾ་ཞེས་པ་མིའི་སྦྱིན་གནས་སུ་བཤད་དོ། །ཚངས་པའི་དངོས་པོའམ། ཚངས་པ་ལས་བྱུང་བ་རྗོད་པར་བྱེད་པའི་མིང་། བྲཧྨ་བྷཱུ་ཡཾ། ཚངས་བྱུང་། བྲཧྨ་ཏྭཾ། ཚངས་དངོས། བྲཧྨ་སཱ་ཡུ་ཛྱཾ། ཚངས་པར་སྦྱོར་ལྡན། དེ་བཞིན་ལྷ་ལ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལྟར་བྲམ་ཟེ་རྣམས་ཀྱི་ཡོ་བྱད་དང་། ཞར་ལས་བྱུང་བའང་ཅི་རིགས་བརྗོད་དོ། ༈ །གཉིས་པ་ཐུན་མོང་བའི་ཡོ་བྱད་ལ་འདུག་གནས་མལ་ཆའི་སྐོར། ལུས་ཆའི་སྐོར། སྣོད་སྤྱད་ཀྱི་སྐོར། བཟོ་སྤྱད་ཀྱི་སྐོར། བཞོན་པའི་སྐོར། གཞན་སྤྱད་ཆ་ཕྲ་མོའི་སྐོར་དང་དྲུག་ལས། དང་པོ་ལ། ཤཡྻཱ། མལ། ཤ་ཡ་ནཱི་ཡཾ། ཉལ་མལ། ཤ་ཡ་ནཾ། མལ་སྟན། ཤ་ཡ་ནཱ་ས་ནཾ། མལ་ཆའམ་མལ་སྟན། ཏུ་ལི་ཀཱཿ དང་། བྲྀ་སི་ཀཱཿ སྟན་ནང་ཚང་ཅན། མལ་ཁྲིའི་མིང་། མཉྩཿ ཁྲི། པཱིཋི་ཀ། ཁྲིའུ། ཨཱ་སནྟིཿ ཁྲིའུ། ཁ་ཊྭཱངྒཿ ཁྲི་ཤིང་། པཪྻྱདྐཿ ཉལ་ཁྲི། བ་ལངྐཿ གཟིམ་ཁྲི།ཁ་ཊྭཱ། མལ་ཁྲི། ལང་ཚོ་ཅན་རྣམས་རྩེ་བའི་གནས་པགས་པའི་མལ་སྟན་ཟླུམ་པོའི་མིང་། གཎྜཱ་ཀཿ ཟླ་འགྲོས་ཅན་དང་། ཀཎྚུ་ཀཿ བདེ་སྟེར་ཞེས་སོ། །བི་མྤོ་མདྷཱ་ནཾ། དང་། སི་རོ་པ་དྷཱ་ནཾ། སྔས་ནང་ཚངས་ཅན། ཨུ་པ་དྷཱ་ནཾ། སྔས་འབོལ། ཨུ་པ་བརྷཿ སྔས། རས་བལ་གྱིས་


MR26_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བའི་སྔས་འབོལ་གྱི་མིང་། ཙཱ་ཏུ་རཿ བཞི་ལྡན། སྲན་ཆུང་གི་ལོ་མ་ཅན་གྱི་སྔས་ནི། མ་སཱུ་ར་ཀཿ ཨ་སི་གཎྚཿ ཨ་སིའི་སྔས། ཀོ་ལ་གཎྚཿ རྒྱ་ཤུག་གི་སྔས། ཙཱ་བུ་ཀཱ། མགྲིན་པའི་སྔས་ཆུང་། ཨཱ་པཱ་ཤྲ་ཡཾ། རྒྱབ་རྟེན། མལ་མ་ཡིན་པའི་ཁྲིའམ་སྟན་གྱི་མིང་། པཱི་ཋཾ། སྟན་ནམ་གནས། ཏུ་ལི་ཀཱ། དང་། བྲྀ་སི་ཀཱ། སྟན་ནང་ཚངས་ཅན། ཨེ་ར་ཀམ྄། བལ་སྟན། མེ་ར་ཀམ྄། ཤིང་ཤུན་གྱི་གདན། སྱནྡྲ་ར་ཀམ྄། སྲིན་བལ་གྱི་གདན། མནྡུ་ར་ཀམ྄། རས་བལ་གྱི་སྟན། ཨཱ་ས་ནཾ། གདན་ནམ་ཁྲི། ཙཱི་བ་ར་བཾ་ཤཿ གོས་གདང་ངོ་། །པཱ་དཱ་དྷིཥྛཱ་ནཾ། རྐང་རྟེན་ནོ། ༈ །གཉིས་པ་ལུས་ཆས་སྐོར་གྱི་གོས་རྒྱན་རྣམས་གོང་དུ་སོང་། སྐ་རགས་ཀྱི་མིང་གི་རྣམ་གྲངས། ཀཱ་ཡ་བནྡྷ་ནཾ། ལུས་འཆིང་སྟེ་སྐ་རགས། པཊྚི་ཀཱ། ཤུར་བུ། མ་ཧཱ་ཙིཀཱཿ ཤུར་བུ་ཕྲེའུ་སྟེ་ཆུང་ངུ་། ལོ་ཋ་ཀཾ ལྕགས་པོད། ཨཥྐུཉྩ་ཀཾ། རྒྱ་ཅང་ཤེས་སོ། །སྐྲ་བཤད་པའི་སོ་མང་གི་མིང་། པྲ་སཱ་དྷ་ནཱི། སྐྲ་བཤད། ཀངྐ་ཏི་ཀྭ། སོ་མང་། གཞན་ཀཾ་ཀ་ཏཱི་དང་ཀཾ་ཀ་ཏཾ་དུའང་འབོད། གོས་ལ་དྲི་ཡི་ཕྱེ་མ་བསྒོ་བྱེད་མིང་། བིཥྚཱ་ཏཿ འབྱུག་སྤྱད། པ་ཊ་བཱ་ས་ཀཿ བསྒོ་བྱེད། དྷཱུ་ལི་ཀུཏྶཿ རྡུལ་ཕོན། བཱ་ཤུ་ཙཱ་མ་རཿ རྡུལ་ཡབ་ཀྱང་ངོ་། །མེ་ལོང་གི་མིང་། དབ་ཎཿ མེ་ལོང་། མ་ཀུ་རཿ རྒྱན་བྱེད། མུ་ཀུ་རཿ གྲོལ་བྱེད། མ ངྐུ་རཿ མཚོན་བྱེད། ཨཱ་དརྴ། ཀུན་མཐོང་ངམ་ཀུན་སྣང་ཞེས་སོ། །འདིར་ཨ་ཐུང་ངུར་བྱས་ན། ཨ་དརྴཿ མི་མཐོང་བ་ཞེས་པར་འགྱུར་བས་རིང་ཆ་ཡོད་མེད་འབྱེད་པ་སྐབས་ཀུན་ཏུ་གལ་ཆེའོ། །དྷུ་པི་ཏྲཾ། དང་། དྷ་བི་ཏྲཾ། དང་། བྱ་ཛ་ནཾ། རླུང་གཡབ། ཏཱ་ལ་བྲྀནྟ་ཀཾ དང་། ཏཱ་ལ་བྲྀནྟཾ། བསིལ་ཡབ། མུ་དྲཱ། རྒྱ་སྟེ་ཐིལ་དང་ཐམ་ཀ་ཞེས་འབོད་པ་རྒྱ་རྟགས་གདབ་པའི་མིང་། ཀ་ཤཱ། ལྕག་ཚན། ནི་ཧི་སཾཿ ལྕག་གིས་གཞུ་བ། ཀཙྩ་པུཊྚཾ། མཆན་ཁུག སཱུ་ཙཱི་གྲྀ་ཧ་ཀཾ ཁབ་རལ་ཏེ་ཁབ་ཤུབ།


MR26_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཛི་ཧྭ་ནིརླེ་ཁ་ནི་ཀཱ། ལྕེ་བཞར། ཤསྟྲ་ཀཾ གྲིའུ། ལ་སོགས་པའོ། ༈ །གསུམ་པ་སྣོད་སྤྱད་ཀྱི་སྐོར་ལ་སྣོད་སྤྱི་མིང་། པཱ་ཏྲཾ། སྣོད། ཨ་མ་ཏྲཾ། སྣོད་ཆ། བྷ་ཛ་ནཾ། སྣོད་སྤྱད། བྷཱ་ཛཱ་ན། སྣོད་སྤྱད་དམ་སྡེར་སྤྱད། བྷཱཎྚཾ། འཇོག་གནས་སམ་སྣོད་སྤྱད། པི་ཊི་ཀ དང་། པི་ཊཱ་ཀ ཤིང་སྣོད། ཅེས་སོ། །ཟ་མ་ཏོག་གི་མིང་། ཀ་རཎྚ་ཀ དང་། ས་མུངྒ་ཀཿ ཟ་མ་ཏོག སཉྩཿ ཀབ་ཙེ། སཾ་པུ་ཊ་ཀཿ པར་བུ་ཞེས་སྣོད་སྦ་རུ་དང་སྒམ་སོགས་ལྟ་བུ་ལ་འཇུག རཏྣ་པ་ཊ་ཀཾ རིན་པོ་ཆེའི་སྒྲོམ། པོ་ཏི་སོགས་འཇོག་སྣོད། པ་ཊ་ཀཿ སྒྲོམ་བུ། པེ་ཊ་ཀཿ སྒྲོག་མ། དེ་ཆེན་པོའི་མིང་། པེ་ཌཱ། བང་བ། ཨུཏྶ་གཿ བང་བ། པ་རི་ཥཎྚཿ བང་རིམ། མརྐ་ཊ་ཛཱ་ལཾ། བང་རྒྱ། བེ་ཊཱ། དང་། བཱི་ཊཱ། སྒྲོམ་ཆེན། མཉྫཱུ་ཥཱ། བང་སྒྲོམ་ཞེས་སོ། །བཉྫ་རཿ གཟེབ། ཤ་ཤ་བཱ་ཀུར། བོང་རྒྱ་སྟེ། རི་བོང་གི་རྒྱའམ་ར་བ། གྷ་ཊཿ བུམ་པ། ཀ་ལ་ཤཿ བུམ་པའམ་ཆུས་འགེངས། རྟགས་གསུམ་ཀ་འཇུག་པས་མོ་རྟགས་བྱས་ན་ཀ་ལ་ཤཱི། ཞེས་དང་། ཀ་ལསཿ ཞེས་ཀློག་པའང་ཡོད། པྲ་སྥོ་ཊ་ནཾ། དཀྲབ་བྱེད་ཞེས་ནས་སོགས་བྲབ་པའི་སྣོད་དེ་སློ་མ། ཤཱུ་རྦྦཾ། དང་། ཤཱུརྦ་ཀཿ སློ་མ། སཱུརྦྦཾ། ཞིབ་མ་སྟེ་སློ་འབོ་ནས་སོགས་བྲབ་པ་དང་བླུགས་པའི་སྣོད་དོ། །ཙཱ་ལ་ནཱི། ཁྲོལ་མ། ཏི་ཏ་ཌཿ ཚགས་སེ་སྟེ་འདི་གཉིས་ཚགས་བཙག་པའི་སྣོད། ཀུ་ཊཾ། བྱ་མ་བུམ། ནི་པཾ། དམ་འབེ། ཤ་རཱ་བཿ ཁམ་ཕོར། བརྡྡ་མཱ་ན་ཀཿ རྫ་ཕོར། ཀཾ་སཿ སྐོམ་སྣོད་དེ་བཏུང་བ་བླུགས་པའི་སྣོད། པཱ་ན་བྷཱ་ཛ་ནཾ། བཏུང་བའི་སྣོད། ཀཱ་སྱཾ། བཏུང་སྣོད། མར་སོགས་སྣུམ་ཁུག་ཀོ་བ་ལས་བྱས་པའི་མིང་། ཀུ་ཏཱུ། ཀོ་དམ། དེ་ཆུང་ངུ་ལ། ཀུ་ཏུ་པཿ ཀོ་དམ་ཆུང་ངུ་། ཀུ་ཏུ་པཾ། འབྲུ་མར་སྣོད། པཱ་ཏ་ལི་ཀཿ ཁུག་མ། ཕད་ཚི་སོགས་སྣོད་སྤྱད་ཀྱི་མིང་། སྱུ་ཏཿ སྒྱེ་མོ། པྲ་ས་


MR26_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕད་ཚི་སྟེ་སྒྱེ་མོའི་མིང་། སྱོནཿ སྒྱེའོ། །ཐུམ་པོ་བྱས་པའི་མིང་ལ། ཀཎྚོལཿ ཐུམ་བུ། པི་ཌ། ཐུམ་ཁྲིས། པུ་ཊ་ཀཾ ཕུར་མ། རྩ་ལས་ལྷས་པའི་འབྲུ་སོགས་ཀྱི་སྣོད་ཀྱི་མིང་། ཀ་ཊཿ རེ་ལྡེ། ཀི་ལིཉྫ་ཀ རྩ་ལྷས། དེ་ལ་ཀི་ལིཉྫ། ཞེས་འབོད་པའང་ཡོད། རཛྫུཿ ལྷས་མ་སྟེ་ལྷས་མ་སྤྱི་མིང་ངོ་། །བཀྲུ་བཤལ་ལམ་མཆིལ་མ་སོགས་སྣ་ཚོགས་བླུག་པའི་སྣོད་ལ། པྲ་ཏི་གྲཱ་ཧཿ ཆོལ་ཟངས། པ་ཏདྒ་ཧཿ བཟེད་ཞལ་ཏེ་སྔ་མ་ལྟ་བུ་དང་། གཞན་ཆུ་རྒྱུན་བསྒྲེང་བ་ལྟ་བུ་བསགས་པའི་སྣོད་ལའང་འཇུག ལ་པཎ་པཏཱ་ལི་ཀ ཚ་ཁུག ཤྩེཥྨ་ཀ་ཊཱ་ཧ་ཀཾ མཆིལ་མའི་སྣོད། ཁེ་ཊ་ཀ་ཊྚ་ཧ་ཀཾ ཡང་དེའོ། །ཀུཎྚ་ལ་ཀམ྄། བཀྲུ་བཤལ་གྱི་སྣོད། ༈ །བཞི་པ་བཟོ་སྤྱད་ཀྱི་སྐོར་ནི་ཕལ་ཆེར་སོ་སོའི་སྡེ་ཚན་དུ་སོང་། ཅི་རིགས་འོག་ཏུའང་བཀོད། ལྔ་པ་བཞོན་པའི་སྐོར་ལ། རྟ་དང་གླང་པོ་ཤིང་རྟ་ཁྱོགས་སོགས་གཞོན་པ་སྤྱིའི་མིང་། བཱ་ཧ་ནཾ། བཞོན་པ། ཡཱ་ནཾ། ཐེག་པ། ཡུ་གྱཾ། སྦྱོར་བྱེད། པཏྟྲཾ། ཕྱིན་བྱེད། དྷོར་ནཾ། མགྱོགས་བྱེད་ཅེས་སོ། །དེའི་བྱེ་བྲག་འཁོར་ལོ་ཅན་གྱི་བཞོན་པ་ལ། ར་ཐཿ ཤིང་རྟ། གཡུལ་སོགས་སུ་ཉེ་བར་སྤྱད་རྒྱུའི་ཤིང་རྟ་ལ། ཤ་ཏཱངྒཿ ཡན་ལག་བརྒྱ་པ། སྱནྡ་ནཿ འགྲོ་བྱེད། གཡུལ་མིན་པ་ལྟད་མོ་སོགས་ཀྱི་དོན་དུ་འགྲོ་བའི་ཤིང་རྟ་ལ། པུཥྤ་ར་ཐཿ མེ་ཏོག་ཤིང་རྟ། ཡང་ན། པུཥྱ་ར་ཐཿ རྒྱས་པའི་ཤིང་རྟ། བུད་མེད་གནས་པ་སོགས་ཀྱི་དོན་དུ་གོས་ཀྱིས་སྟེང་གཡོགས་བྱས་པའི་ཁྱོགས་ཀྱི་མིང་། ཀརྣཱི་ར་ཐཿ རྣ་ཅན་ཤིང་རྟ་དང་མིང་གཞན།པྲ་བ་ཧ་ཎཾ། རབ་འདྲེན། ཧ་ཡ་ནཾ། བགྲོད་བྱ་ཀློག་ཚུལ་གཞན། ཌ་ཡ་ནཾ། འཕུར་བྱེད་ཅེས་སོ། །སྟག་སོགས་ཀྱིས་གཡོགས་པའི་ཤིང་རྟའི་མིང་། དྭི་བཿ སྟག་པགས་ཀྱི་ཤིང་རྟ། བཻ་ཡཱགྷྲཿ སྟག་ཅན་ཤིང་རྟ། ལྭ་བ་དཀར་པོས་གཡོགས་པའི་ཤིང་རྟར། པཱུཎྚུ་ཀམྤ་ལི་ན། ནམ། ལཱི་


MR26_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལྭ་བ་དཀར་པོ་ཅན། དེ་བཞིན་ལྭ་བས་གཡོགས་པར། ཀཱམྦ་ལཿ ལྭ་བ་ཅན། གོས་ཀྱི་གཡོགས་པར། བཱས་ཏྲཿ གོས་ལྡན། ཙཱརྨཱ། པགས་གཡོགས། ཀྵོ་མཿ ཟར་རས་ཀྱིས་གཡོགས་པ། དཽ་ཀཱུ་ལཿ ཕྲ་རས་ཅན་སོགས་ཤེས་པར་བྱའོ། །ཆུ་ཤིང་སོགས་འཚོག་ཆས་འདྲེན་པའི་ཤིང་རྟའི་མིང་། ཤ་ཀ་ཊཾ། ནུས་ལྡན། ཨ་ནསྲ། སམ། ཨ་ནཿ འཚོ་བྱེད་ཤིང་རྟ། གླང་གིས་འདྲེན་བྱ་ཤ་ཀ་ཊའི་མིང་། གནྟྲཱི། འགྲོ་བ་པ། ཀམྤ་ལི་བཱ་ཧྱཾ། གླང་གི་ཤིང་རྟ་ཞེས་སོ། །མདོར་ན་རྟ་སོགས་ཀྱིས་འདྲེན་བྱ་འཁོར་ལོ་ཅན་ལ་ཤིང་རྟ་ཟེར། ཤིང་རྟ་སོགས་ཐེག་པ་རྣམས་ཀྱི་མདུན་གྱི་ཆའི་མིང་། དྷུ་ར྄། རམ་དྷཱུཿ འཆིང་གནས། ཡཱ་ན་མུ་ཁཾ། ཐེག་པའི་གདོང་། ཤིང་རྟའི་སྲོག་ཤིང་འཕང་ལོ་གཉའ་ཤིང་སོགས་ཡན་ལག་རྣམས་ཀྱི་མིང་། ར་ཐཱངྒཾ། ཤིང་རྟའི་ཡན་ལག ཨ་བ་སྐ་རཿ ཤིང་རྟའི་འཚོག་ཆས་ཏེ་ཤིང་རྟའི་སྲོག་ཤིང་དང་འཁོར་ལོ་སོགས་ཀྱི་མིང་། ཙཀྲཾ། འཕང་ལོའམ་འཁོར་ལོ། རཱ་ཐ་ངྒཾ་། ཤིང་རྟའི་ཡན་ལག་སྟེ་སྤྱི་མིང་བྱེ་བྲག་ལའོ། །འཁོར་ལོའི་མུ་ཁྱུད་ཀྱི་མིང་། ནེ་མི། མུ་ཁྱུད་དང་། པྲ་དྷིཿ རབ་འཛིན་ཟེར། འཁོར་ལོའི་ལྟེ་བའི་མིང་། པིཎྚི་ཀཱ། གོང་བུ་ཅན། པིཎྚི་ཞེས་སུའང་འབོད། ན་བྷིཿ ལྟེ་བ། བྷཱི་རིང་ཡང་རུང་ངོ་། །ཨཀྵཿ སྲོག་ཤིང་། ཨ་རཿ རྩིབས་མ།ཨི་ཤཿ ཤིང་རྟའི་མདའ། ཨཀྵ་སྟེ་ཤ་ཀ་ཊའི་མདུན་གྱི་གཟེར་གྱི་མིང་། ཨ་ཎིཿ དང་། ཨ་ཎཱི། སྒྲ་ལྡན། འགའ་ཞིག་ཨཱ་ཎི་ཞེས་སུའང་བཤད། མདའ་ཚོན་བསྲུང་བའི་ཕྱིར་བྱས་པའི་ཤིང་རྟ་སྒྲིབ་བྱེད་ཀྱི་མིང་། ར་ཐ་གུབྟིཿ ཤིང་རྟའི་སྲུང་ར་དང་། པ་རཱུ་ཐཿ ཟློག་བྱེད་ཅེས་སོ། །ཤིང་རྟ་དང་འདྲེན་བྱེད་ཀྱི་གཉའ་ཤིང་གི་བར་དུ་སྦྲེལ་བའི་དབྱུག་པ་རིང་པོའི་མིང་། ཀཱུ་བ་རཿ ས་སྒྲིབ་བམ་སྒྲ་འབྱིན། ཡུ་གནྡྷརཿ གཉའ་ཤིང་འཛིན་ནམ་གཤོལ་མདའ། ཤིང་རྟའི་གཟུངས་ཤིང་འོག་འཕང་ལོ་ཡོད་པའི་སྟེང་གི་དངོས་པོ་འཇོག་པའི་ཤིང་གི་མིང་། ཨ་ནུ་ཀརྵཿ རྗེས་སུ་


MR26_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ། ཤ་ཀ་ཊའི་གཤོལ་མདའི་ལས་སྣེ་འདྲེན་བྱེད་ཀྱི་གཉའ་བར་འཆིང་བའི་གཉའ་ཤིང་ལས་གཞན་པའི་གཉའ་ཤིང་གི་མིང་། པྲཱ་སངྒ། རབ་སྦྱོར་རམ་འདུལ་ཤིང་ཞེས་སོ། །ཁྱོགས་ཀྱི་མིང་། དོ་ལཱ། ཁྱོགས་ཏེ་ཤིང་གི་དབྱུག་པ་དང་། ལྷས་མ་དང་། དར་ལ་སོགས་པ་ཚོགས་པར་བྱས་པའི་འདུག་གནས་དེ་ཉིད་མི་རྣམས་ཀྱི་ཁུར་དུ་ཁྱེར་བ་ནི་དོ་ལ་ཞེས་བྱའོ། །ཞེས་བཤད། དེ་ལ་དབྱེ་ན། པྲེངྑཿ དང་། བྲེངྑཱ། ལྷས་མའི་དོ་ལི། ཁ་ཊྭ་བཱ་ཧྱ། འགྱོགས་ཁྲི་ལ་སོགས་པའོ། །ཛྷ་མྱཱ་ཎ་ཞེས་གྲགས་པའི་ཁྱོགས་ཀྱི་མིང་། ཤི་བི་ཀཱ། ཞི་བྱེད། ཡཱ་པྱ་ཡཱ་ནཾ། དམའ་བའི་ཐེག་པ་ཞེས་སོ། །མདོར་ན་འཁོར་ལོས་དྲངས་པ་མིན་པའི་བཞོན་པའམ་མི་སོགས་ཀྱིས་བཏེགས་པའི་འདུག་གནས་ལ་ཁྱོགས་ཞེས་བྱའོ། །ཤིང་རྟའི་ཁ་ལོ་པའི་མིང་། ནི་ཡནྟྲྀ་འམ་ནི་ཡནྟཱ། ཁ་ལོ་པ། པྲཱ་ཛི་ཏྲེ། དང་། པྲཱ་ཛི་ཏཱ། མགོ་འདྲེན། ཡནྟྲཾ་དང་། ཡནྟཱ། སྒྱུར་བྱེད། འདི་འདྲའི་ཚིག་མཐའ་འདྲ་མིན་རྣམས་ཕོ་མོ་མ་ནིང་གི་རྟགས་མཐའི་མང་ཚིག་དང་གཉིས་ཚིག་གཅིག་ཚིག་ཞུགས་ཚུལ་གྱི་ཁྱད་པར་སོགས་ལས་བྱུང་བ་གོང་འོག་ཀུན་ཏུ་ཤེས་པར་བྱའོ། སཱུ་ཏཿ མངག་བྱེད། ཀྵ་ཏྟྲྀ་དང་། ཀྵ་ཏྟཱ། སྣ་ཁྲིད། སཱ་ར་ཐིཿ ཁ་ལོ་བསྒྱུར་པ། འདི་རྣམས་བཞོན་པ་གང་གི་ཡང་ཁ་ཁྲིད་པར་སྦྱར་རུང་ངོ་། །ས་བྱེཥྛ། དང་། ས་བྱེཥྛཱ། གཡོན་སྡོད། དཀྵི་ཎསྡྱཿ གཡས་སྡོད། སྐབས་འགར་མིང་ཕྱི་མ་འདི་གཉིས་ཤིང་རྟ་འདྲེན་པའི་རྟ་ལ་འཇུག་པའང་ཡོད། འདིར། ར་ཐ་ཀུ་ཊུམྦི་ནཿ ཤིང་རྟའི་གཉེན་རྣམས་ཞེས་འབྱུང་བ་ནི་མིང་འཆད་བྱེད་ཡིན་གྱི་མིང་དང་དངོས་ནི་མ་ཡིན་ཞེས་བཤད། ཤིང་རྟ་ལ་གནས་པའི་མིང་། ར་ཐི་ན྄། ནམ། ར་ཐི་ནཿ ཤིང་རྟ་པ། སྱནྡ་ནཱ་རོཧ། འམ། ཧཱཿ ཤིང་རྟ་ཞོན་པ། ཨ་ཤྭཱ་རོ་ཧ། འམ། ཧཱཿ རྟ་ལ་ཞོན་པའམ་རྐྱ་མི། ས་དི་ན྄། ནམ། ས་དི་ནཿརྟ་པ། ཧསྟི་བ་ཀཿ གླང་པོ་ཞོན་པ།


MR26_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མིང་གཞན། ཨཱ་དྷོ་ར་ཎ། ཀུན་ནས་འགྲོ། ཧ་སཏྱཱ་རོ་ཧཿ གླང་པོར་འཛེགས་པ། ནི་ཥཱ་དི་ན྄་ནམ། དཱི། རྒྱབ་ཏུ་གནས་པ་ཞེས་སོ། །བཞོན་པ་གཅིག་ཏུ་མ་ངེས་པར་གཞན་དང་གཞན་ཞོན་པའི་མིང་། བཻ་ནཱི་ཏ་ཀཾ ལྷག་པར་ཞོན་པ་ཞེས་སོ། །གླང་པོ་ལ་གཡོགས་པའི་ལྭ་བ་ཁྲ་བོའི་མིང་། པྲ་བེ་ཎཱི། གླང་གཡོགས། ཨཱསྟ་ར་ཎཾ། གླང་པོའི་ཁེབ། པནྣཿ མདོག་མང་། པ་རི་སྟོ་མཿ བསྔགས་པའི་གཟར། ཀུ་ཐཿ གླང་གཟར་ཞེས་སོ། །གླང་པོའི་སྒལ་བ་ནས་མཆན་འོག་ཏུ་དྲངས་ཏེ་སྡོམ་པའི་ཐགས་པའི་མིང་། ཙུ་ཥཱ། དབུས་འཆིང་། བདུད་རྩིར། དཱུཥྱཾ། ཞེས་ཀློག ཀཀྵྱཱ། མཆན་ནན། བ་ར་ཏྲཱ། གློ་ནན་ཞེས་སོ། །གཙོ་བོས་ཞོན་པའི་ཕྱིར་གླང་པོ་ཆས་སྤྲོད་པའི་མིང་། ཀལྤ་ནཱ། ཆས་སྤྲོད་པ། སཛྙ་ནཱ། མཛེས་པར་བྱེད་པ་ཞེས་སོ། །རྟ་བཞོན་པར་བྱེད་པ་སོགས་ཀྱི་དོན་དུ་ཁ་ལ་འཇུག་པའི་སྲབ་ཀྱི་མིང་། ཀ་བིཿ དང་། ཀ་བི་ཀཱ། རྟ་སྲབ། ཁ་ལཱི་ནཾ། སྲབ། གཞན་ཡང་། ཁ་ལི་ནཿ ཀ ཥར་ཎཱི། ཀ་བཱི། ཞེས་པ་རྣམས་ཀྱང་ངོ་། །རཤྨཿ དང་། པྲ་གྲྭ་ཧཿ སྲབ་སྐྱོག་དང་འོད་ཟེར་ལའང་འཇུག ཀུ་ལ་ཤུལྐཾ། གཉོད་ཟེར་ཏེ་སྨེད་ཡིན་ནོ། །པྲ་གྲ་ཧཿ སྲང་ཐག ཀ་ཀྵཿ དཔྱང་ཐག པ་རི་བཱ་རཿ ཤུབས་ཏེ་གྲི་ཤུབས་སོགས་སོ། ༈ །དྲུག་པ་སྤྱད་ཆ་ཕྲ་མོ་སོགས་སྣ་ཚོགས་པའི་སྐོར་ལ། ཨ་ཏི་ཐྱ། འགྲོན་ཆས་ཏེ་གསར་འོང་གི་དོན་དུ་བྱས་པའི་ཡོ་བྱད་ཀྱི་མིང་། ཐག་པའི་མིང་། བ་རཱ་ཊ་ཀཿ ཐིག་གུ། ར་ཛུཿ ཐག་པ། ཤུལྤཾ། ཞགས་པ། བ་ཊཾ། འཆིང་ཐར། གུ་ཎཿ སྒྲིལ་མ་ཞེས་སོ། །ཀོ་པགས་ལས་བྱས་པའི་རྒྱུན་བུ་ལ། ན་དྡྷཱི། བྲིང་བ་སྟེ། འབྲེང་བར་ཡང་འབོད། བརྡྡཱི། ཀོ་ཐག བདྡྷཱི། རྒྱུན་བུ། བ་ར་ཏྲཱ། འབྲེང་ཞགས་ཏེ་ཀོ་བའི་ཐག་པའམ་འབྲེང་བའི་དོན་ཏོ། །གཞན་བཟོ་སྤྱད་རྣམས་ཅི་


MR26_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཟོ་མཁན་རྣམས་སྨྲོས་པའི་སྐབས་སུ་སོང་། སྐུ་བརྙན་སོགས་གཟུགས་བརྙན་རྣམས་ཀྱི་མིང་། པྲ་ཏི་མཱ་ནཾ། གཟུགས་བརྙན། པྲ་ཧི་བིམྦཾ། སྐུ་བརྙན། པྲ་ཏི་མཱ། འདྲ་དབྱིབས། པྲ་ཏི་ཡཱ་ཏ་ནཱ། འདྲ་ཅོག པྲ་ཏིཙྪཱ་ཡཱ། སྣང་བརྙན། པྲ་ཏི་ཀྲི་ཏིཿ གཟུགས་དབྱིབས། བུཏྟ་ལི་གཟུགས་སུ་བྱས་པ། ཨརྩྩཱ། ལྡེར་སོ། པྲ་ཏི་ནི་དྷིཿ སྐུ་འདྲ། ལྕགས་ལས་བྱས་པའི་གཟུགས་བརྙན་མིང་། ཤཱུརྨྨཱི། ལྕགས་སྐུ། སྠཱུ་ཎཱ། ལྕགས་གཟུགས། ལོ་ཧ་པྲ་ཏི་མཱ། ལྕགས་ཀྱི་གཟུགས་བརྙན་ཞེས་ཟེར། ཤྲཾ་ཁཾ་ལི་ཀཱ། ལྕགས་ཐག་སྟེ། ལུ་གུ་རྒྱུད་དུ་སྦྲེལ་བ་གཞན་ལའང་འཇུག བཱ་དཱ་དྷིཥྛཱ་ནཾ། རྐང་རྟེན། ཀརྨཱ་ར་བྷཎྚི་ཀཿ མགར་སྤྱད། ནཱ་བི་ཏ་བྷཎྚཾ། འབྲེག་མཁན་གྱི་ལག་ཆ། ནེ་ཏི་ཀ སྨན་གྱི་གཅེའུ། ནསྟཿ ཀ་ར་ཎཾ། སྣར་བླུགས་པའི་སྤྱད། སྥི་ཛཾ། ཐལ་ཕྱགས། ཨ་ཛཱ་པད་ཀ་དཎྚཿ དབྱུག་གུ་སྐམ་ཁ། ཨཉྫཱ་ན་ཤ་ལཱ་ཀཱ། བསྐུ་བའི་ཐུར་མ་སྟེ་མིག་སྨན་བསྐུ་བའི་ཐུར་མའོ། །ལཀྐ་ཎཿ དང་། ཀྵམྦ་ཎ་མ྄། འུར་རྡོ། བཻ་ལཱ་ཙཀྲཾ། ཉི་ཚོད་འཁོར་ལོ། །ཁྲོན་པ་ནས་ཆུ་འདྲེན་པའི་འཁྲུལ་འཁོར་ཀྱི་མིང་། ཨུདྒྷཱ་ཊ་ནཾ། གྱེན་འདྲེན། གྷ་ཊཱི་ཡནྟྲཾ་འདེགས་པའི་འཁྲུལ་འཁོར། དེས་མཚོན་འཁྲུལ་འཁོར་གྱི་རིགས་ཤིན་ཏུ་མང་པོ་ཡོད་མོད་མིང་བཤད་པ་མི་སྣང་ངོ་། །ས་ཤིང་གོས་ལྕགས་རིན་པོ་ཆེ་སོགས་ལས་བཟོ་བྱས་པ་སྤྱི་མིང་། པུསྟཾ། བཟོས་པ། འདོད་འཇོར་ཤིང་གི་བུཏྟ་ལཱི་ཀ་སོགས་བརྐོ་བའི་ལས་ལའང་བཤད། གོས་དང་བ་སོ་རྭ་ཤིང་རྡོ་སོགས་ཀྱིས་བཅོས་པའི་པུཏྟ་ལཱི་ཞེས་གྲགས་པའི་མིང་། པཱཉྩཱ་ལི་ཀཱ། ལྔ་ལེན་ཡུལ་བྱུང་། པུཏྲི་ཀཱ། བུ་ཅན་ཞེས་སོ། ༈ །ད་ནི་སྤྱིར་བརྗོད་བྱ་གང་ལ་ཡང་སྦྱར་བར་བྱ་བའི་མིང་སྣ་ཚོགས་ཀུན་འགྲོའི་སྡེ་ཚན་ལ། རང་བཞིན་ཀྱི་མིང་། སྭ་བྷཱ་བཿ རང་གི་ངོ་བོ་ཉིད་དམ་རང་བཞིན། པྲ་ཀྲྀ་ཏིཿ


MR26_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ནམ་རྣལ་མ། ནི་སརྒཿ ངོ་བོ། སཾ་སིདྡྷིཿ རང་བཞིན་ནམ་ཡང་དག་གྲུབ་པ། སྭ་རཱུ་པཾ། རང་གཟུགས་སམ་རང་གི་ངོ་བོ། ཨཱདྱཿ གདོད་མའམ་གཉུག་མ། ནི་ཛཿ གཉུག་མའམ་རང་གི་དང་། གནས་སྐབས་ཀྱི་མིང་ལ། ཨ་བ་སྡྱཱ། དུས་སམ་གནས་སམ་ཚེའི་གནས་སྐབས། པྲསྟཱ་བཿ གནས་སྐབས། ཨ་བ་ས་རཿ སྐབས། ཨ་བ་ཀཱ་ཤཿ གོ་སྐབས་སམ་བར་སྐབས། དངོས་པོའི་རྣམས་གསར་པའི་མིང་། པྲ་ཏྱ་གྲཿ གསར་བུའམ་གསར་ཐོག་ཀྱང་ངོ་། །ཨ་བྷི་ན་བཿ མངོན་གསར། ན་བྱཿགསར་བ། ན་བཱི་ནཿ སོ་མ། ན་བཿ གསར་པའམ་སར་པ། ནཱུཏྣཿ སོ་མའམ་སོལ་བ། ནཱུ་ཏནཿ མ་རྙིང་བ་ཞེས་སོ། །རྙིང་པའི་མིང་། པུ་རཱ་ཎཾ། དང་། པུ་རཱ་ཎི། དང་། པུ་རཱ་ནཱ། རྙིང་པ། པྲ་ཏཾ་ནཾ། སྔར་བྱུང་། ཙནྡྲ་པའི་མདོ་ལས། པྲ་ལས་རྙིང་པ་ལ་ནའོ་ཞེས་པས། པྲ་ཎཾ། རྙིང་པའམ་སྔར་བྱུང་སྟེ་དེ་བཞིན་ན་པྲ་སོགས་འཇུག་པས། པྲཱི་ཎཾ། སྔར་ཡོད་རྙིང་མ། པྲཏྣཾ། དང་པོ་པ་སྟེ་འདི་གཉིས། གསར་པ་ལ་ལྟོས་ནས་རྙིང་པའི་དོན་དུ་གོ་དགོས། པུ་རཱ་ཏ་ནཾ། རྙིང་མ། ཙི་རནྟ་ནཾ། རྙིང་པའམ་ཡུན་ལོན། ཞེས་སོ། །དངོས་པོའི་ནང་ན་གཙོ་བོའམ་མཆོག་གི་མིང་། པྲ་དྷཱ་ནཾ། གཙོ་བོ། པྲ་མུ་པཿ རབ་རྩོམ། པྲ་བེ་ཀཿ ཁྱད་ཐོན། ཨ་ནུཏྟ་མཿ བླ་ན་མེད་པ། ཨུཏྟ་མཿ དམ་པ། མུ་ཁཿ སྒོ་ལྟ་བུའམ་མགོ་མ། པཪྻཿ མཆོག་གྱུར་ཏེ་འདི་ཕལ་ཆེར་མིང་གི་རྗེས་སུ་སྦྱོར་རོ། །བ་རེ་ཎྱཿ ཕུལ་བྱུང་། པྲ་བརྟཿ དྲག་ཤོས། ཨ་ན་པ་རཱ་རྡྷྱ། ཕྱི་ཕྱེད་མིན་པ། པ་རཱརྡྷྱ། གཞན་ཕྱེད་ཅན་ཞེས་བཤད་པ། ཚིག་འགྱུར་བྱས་པས་གོ་རྒྱུ་དཀའ་བ་འདི་གཉིས་ཕར་ཚུགས་ཚུར་མི་ཚུགས་པའི་དོན་གྱིས་གཞན་འགྲན་བྲལ་བ་ལ་གོ་དགོས་སམ་དཔྱད་པར་གྱིས་ཤིག ཨ་གྲཾ། རྩེར་ཐོན། པྲཱ་གྲ་ཧ་རཾ། དང་པོའི་རབ། པྲཱ་གྲྱཾ། སྔོན་མ་སྟེ་སྔ་


MR26_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཙམ་མིན་པར་ཐོག་མའམ་འགོ་མར་བརྩི་དོན་ནོ། །ཨ་གྲྱཾ། རྩེར་བྱུང་། ཨ་གྲཱི་ཡཾ། མཆོག་ཏུ་བྱུང་བ། ཨ་ཀྲ་ཡཾ། དང་པོར་གྱུར་པ་ཞེས་སོ། །ཤིན་ཏུ་ལེགས་པ་ལ། ཤྲེ་ཡཱན྄། ལེགས་པའམ་དགེ་བ། ཤྲེཥྛཿ རབ་མཆོག པུཥྐ་ལཿ ཆེས་ཕུལ་བྱུང་། སཏྟ་མཿ དམ་པ་མཆོག དེ་ལྟར་ཉེར་གཅིག་པོ་མཆོག་གམ་གཙོ་བོའི་མིང་དུ་འགྱུར་རོ། །སྐྱེས་བུའི་ཡོན་ཏན་ཁྱད་འཕགས་བརྗོད་པར་འདོད་པས། པུ་རུ་ཥ་སིཾ་ཧཿ སྐྱེས་བུ་སེང་གེ པུ་རུ་ཥ་པྲྀ་ཥ་བྟཿ སྐྱེས་བུ་ཁྱུ་མཆོག་དང་། པུ་རུ་ཥ་པུངྒ་བཿ སྐྱེས་བུ་གང་ཟག་ཅེས་ཕྱིས་ཀྱི་སྒྲ་བསྒྱུར་དག་གིས་གསུངས་བྱེ་རྟོགས་སུ་སྐྱེས་བུ་སྐྱེས་མཆོག་ཅེས་གསུངས། དེ་བཞིན། པད་དཀར། ཉི་ཟླ། སྟག་དང་གླང་པོ་སོགས་དང་སྦྱར་བ་ཤེས་པར་བྱའོ། །བྷཊྚཱ་ར་ཀཿ རྗེ་བཙུན་ཏེ་གང་ཟག་མཆོག་གམ་དམ་པར་བརྩི་བའི་མིང་ཁྱད་པར་ཅན་ནོ། །གནད་གནས་དབང་པོ་ཇི་ལྟར་བྱུང་བའི་རྟོག་པ་ལས། ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་གསུངས་པ། མཆོད་སྦྱིན་ནང་ན་སྦྱིན་སྲེག་གཙོ། །རིག་བྱེད་རྣམས་ནང་དབྱངས་ཅན་གཙོ། །མི་རྣམས་ནང་ན་རྒྱལ་པོ་གཙོ། །ཆུ་རྣམས་ནང་ན་རྒྱ་མཚོ་གཙོ། །རྒྱུ་སྐར་རྣམས་ནང་ཟླ་བ་གཙོ། །དྲང་སྲོང་རྣམས་ནང་ཉི་མ་གཙོ། །ཞེས་སམ་མདོ་གཞན་ལས། སྣང་བྱེད་རྣམ་ནང་ཉི་མ་གཙོ། །ཞེས་གསུངས། འདི་སྐབས་སུ་གཙོ་བོའམ་མཆོག་གང་བརྗོད་ཀྱང་དོན་འདྲའོ། །སྟེང་དང་འོག་དང་ཐད་ཀ་ན། །ཇི་སྙེད་འགྲོ་བ་གནས་པ་དག །གང་ཞིག་བསོད་ནམས་འདོད་པ་ཡིས། །ཚོགས་རྣམས་ནང་ན་འཕགས་པ་གཙོ། །ལྷ་དང་བཅས་པའི་འཇིག་རྟེན་ན། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །ཞེས་གསུངས་ཏེ་སྔ་མ་བདུན་པོ་དཔེ་དང་། དཔེ་ཅན་སངས་རྒྱས་ཉིད་ནི་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ནང་ན་མཆོག་གམ་གཙོ་བོའི་དོན་དུ་རྟོགས་པར་བྱ་བ་ཡིན་ནོ། །འདུལ་བ་དང་མདོ་གཞན་ན། སྡེབ་སྦྱོར་མཆོག་ནི་ཉི་མའི་


MR26_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །ཞེས་པའང་ཡོད་ཅིང་། ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །ཞེས་གསུངས། གཞན་ཡང་། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས། ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་སམ། ཆོས་རྣམས་ཀྱི་མཆོག་ཆགས་པ་དང་བྲལ་བ་དམ་པའི་ཆོས། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ཞེས་མཆོག་གསུམ་གསུངས་པ་འདི་ལྟ་བུས་མཚོན་ནས། གང་ལས་གང་ཞིག་ཁྱད་པར་འཕགས་ཤིང་མཆོག་ཏུ་གྱུར་པའི་ཡུལ་ལ། མཆོག་གམ་ཕུལ་བྱུང་ངམ་གཙོ་བོའི་སྒྲ་འཇུག་པ་ཡིན་པས་ཤེས་པར་བྱའོ། །གཙོ་མི་ཆེ་བ་ལ། ཨ་པྲཱ་གྲྱཾ། མཆོག་མིན། ཨ་པྲ་དྷཱ་ན། མི་གཙོ་བ། ཨུ་པ་སརྫྫ་ནཾ། འོག་མ་ཞེས་སོ། །ཆེན་པོའི་མིང་། མ་ཧ་ཏ྄། བུད་མེད་རྟགས་སུ་བྱས་པར། མ་ཧ་ཏཱི། ཆེན་པོ། མ་ཧཏྟ་མཾ། ཆེན་པོ་པ། བ་དྲཾ། རྒྱ་ཆེན། བི་ཤངྐ་ཊཾ། རྒྱ་ཆེ་བ། པྲི་ཐུ། རྒྱས་པའམ། ཡངས་པའམ་རྒྱ་ཆེ་བ། པྲ་ཧ་ཏ྄། ཆེ་བ། བི་ཤཱ་ལཾ། ཡངས་པ། པྲྀ་ཐུ་ལཾ། ཆེར་ཡངས། ཨུ་རུ། རབ་ཆེ། བ་པུ་ལཾ། རབ་ཡངས་སམ་རྒྱས་པ། རྒྱ་ཆེ་བའི་མིང་། བིསྟཱརཿ རྒྱ་ཆེ་བ། བི་གྲ་ཧཿ ཡངས་པཿ བྱཱ་སཿ ཆེན་པོ། གྲགས་པ་སོགས་སྒྲ་ཆེན་པོ་བརྗོད་ན་མིང་དེ་རྣམས་ལས་ཁྱད་པར་དུ། བིསྟརཿ ཞེས་པའོ། །ནཱ་ཏྱུ། ཧ་ཅང་སྟེ། ནཱ་ཏྱཱ་དཱིརྒྷཾ། ཧ་ཅང་རིང་པོ། ནཱ་ཏྱུ་ཏྲ་སྭཾ། ཧ་ཅང་ཐུང་ངུ་ལྟ་བུའོ། །ཉུང་བའམ་ཆུང་ངུའི་མིང་། སྟོ་ཀཿ ཉུང་ངུ་། ཨལྤཿ ཆུང་ངུ་། ཨལྤ་ཏ་རཾ། ཆེས་ཆུང་བ། ཨལྤ་ཏ་མཾ། ཆུང་ཆེས་པ། ཀྵུ་ལླ་ཀཿ ཕྲན་ཚེགས།སཱུཀྵྨཾ། ཕྲ་བ། ཤྩཀྵྞཾ། ཅུང་ཟད། ད་བྷྲཾ། ཉུང་ཟད། ཀྲྀ་ཤཾ ཕྲ་མོ། ཏ་ནུ། ཆུང་བ། མཱ་ཏྲཱ། ཉུང་བ། ཏྲུ་ཊིཿ བག་ཙམ། ལ་བཿ ཉུང་ཤས། ལེ་ཤཿ ཆ་ཕྲ། ཀ་ཎཿ ཟེགས་ཙམ། ཨ་ཎུཿ ཕྲན་བུ་ཞེས་སོ། །མང་པོའི་མིང་། བ་ཧུ། མང་བ། བ་ཧུ་ལཾ། མང་པོ། བ་ཧུ་ཏ་རི།


MR26_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་མང་། པྲ་བྷཱུ་ཏཾ། རབ་མང་། ཨ་དབྷྲཾ། ཉུང་མིན། པྲ་ཙུ་ར། རབ་བསགས། པྲཱཛྱཾ། རབ་འགྲོ། པུ་རུ་ཧཾ། ཚན་ཆེན། པུ་རུཿ གང་བྱེད། བྷཱུ་ཡིཥྛཾ། དུ་མའམ་མང་པོ་པ། སྥི་རཾ། ཆེས་མང་། བྷཱུ་ཡཿ ཕལ་ཆེན། བྷཱུ་རི། མི་ཉུང་བ། ཨོ་དཱ་རི་ཀཾ རགས་པའམ་ཆེ་ལོང་། ཞེས་སོ། །རྣམ་པ་མང་པོའི་མིང་། བི་བི་དྷཿ རྣམ་མང་། བ་ཧུ་བི་དྷཿ རྣམ་པ་དུ་མ། ནཱ་ནཱ་རཱུ་པཿ རང་བཞིན་སྣ་ཚོགས། པྲྀ་ཐགྦི་དྷཿ རྣམ་པ་སྣ་ཚོགས་ཞེས་སོ། །མ་ལུས་པ་བརྗོད་པའི་མིང་། སརྦྦཾ། ཐམས་ཅད། ཨ་ཤེ་ཥཾ། མ་ལུས་པ། ཀྲྀཏྶྣཾ། ཟད་པར། ནི་ཁི་ལཾ། དང་། ཨ་ཁི་ལཾ། མཐའ་དག ས་མཾ། ཀུན་ནས་མཚུངས་པར། ས་མ་སྟཾ། ཀུན་ནས་བསྡུས་པ་མཐའ་དག བི་ཤཾ སྣ་ཚོགས། ནི་ཤེ་ཥཾ། ལྷག་མེད། ས་མ་གྲཾ། རངས་སོ། །ས་ཀ་ལཾ། ཡོ་ག པཱུརྑཾ། རྫོགས་པ། ཨ་ཁཎྚཾ། རིལ་པོ། ཨ་ནཱུ་ནི། ཅག་གེའམ་མ་ཚང་བ་མེད་པ་ཞེས་སོ། །ཀུན་ནས་མཚུངས་པ་ཞེས་དང་སྣ་ཚོགས་སུ་བསྒྱུར་བ་འདི་ལྟ་ན་ཚིག་གྲོགས་ལ་མ་ལྟོས་པར་མཐའ་དག་བརྗོད་པའི་མིང་དངོས་སུ་མི་འགྱུར་བ་འདྲ་སྟེ་བརྟག །ཡོངས་སུ་ཁྱབ་པའི་དོན་ལ། སྥ་ར་ཎ། ཁྱབ་པ། པྲ་སཱ་རི་ཏཿ ཁེབ་པའམ་ཁྱབ་པ། འཐུག་པོའམ་སྦོམ་པོའི་མིང་། བཱི་ནི།འཐུག་པོ། བཱི་བན྄། དང་། པཱི་བ་ཏཱི། རྒྱས་པ། སྠུ་ལཾ། སྦོམ་པོ། བཱི་བ་རཾ། ཆེས་སྦོམ་ཞེས་སོ། །བར་མེད་པའི་མིང་། གྷ་ནཾ། སྟུག་པོ། ནི་རནྟ་རཾ། བར་མེད། སཱནྡྲཾ། ཚགས་དམ་པ། ཚགས་མི་དམ་པའི་མིང་། པེལ་བཾ། ཐར་ཐོར། བི་ར་ལཾ། ཁྲལ་ཁྲལ། ཏ་ནུཿ ཧྲལ་པོ། ཞེས་སོ། ༈ །དངོས་པོ་ཚོགས་པའི་མིང་ལ། གཉིས་ཚོགས་པ་ལ། དྭཾ་དྭཾ། གཉིས་གཉིས། ཡུགྨཾ། ཟུང་། ཡུག་ལཾ། དོར། ཡུ་གཾ ཆ། དནྡྭཾ། གཉིས་སྡེབ། ཡམ་ལཾ། ཟུང་སྡེབས། ཡཱ་མ་ལཾ། ཕྲུག་ཞེས་སོ། །གསུམ་ཕན་ཆད་ཚོགས་པའམ་


MR26_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་སྤྱིའི་མིང་། ཨ་ནེ་ཀཾ དུ་མ། ཡཱུ་གཿ མང་པོ། ས་མཱུ་ཧཿ ཚོགས་པ། ནི་བ་ཧཿ འདུས་པ། བྱཱུ་ཧཿ ཕུང་པོ། སཾ་དོ་ཧཿ ཚོགས། པྲ་ཛཿ ཚོགས་པ། བི་ས་རཿ ཁྱད་འགྲོ་སྟེ་ཇེ་མང་ལྟ་བུ། སྟོ་མ། འཕུངས་པ། ཨོ་གྷཿ འདུས་པ། ནི་ཀ་རཿ ངེས་བཀྲམ། བྲཱ་ཏཿ ངེས་བྱེད། བཱ་རཿ གཡོགས་པ། སཾ་གྷཱ་ཏཿ སྤུངས་པ། སཾ་ཙ་ཡཿ ལེགས་བསགས། ས་མུ་ཧཱ་སཿ ལེགས་འདུས། ས་མུ་ད་ཡཿ ལེགས་པར་ཚོགས། ས་མ་བ་ཡཿ ལེགས་བཀོད། ཙ་ཡཿ བསགས་པ། ག་ཎ། འདུ་ཚོགས། སཾ་ཧ་ཏིཿ འདུ་བ། སཾ་ཧ་ཏེ། ཚོགས་པ། བྲྀཎྡཾ། ཚོགས། ནི་ཀུ་རུ་མཱཾ། ངེས་གཅོད། ཀ་དམྤ་ཀཾ འདུས་པ། ནི་ཙ་ཡཿ མང་པོའམ་ཕལ་པོ་ཆེའམ་ཕུང་བ། བྷཱུ་ཡིཥྛཿ མང་དུའམ་ཕལ་ཆེན། བྲྀནྡཿ ཚོགས་སམ་ཁྱུའམ་འདུས་པ། སཻ་ནྱཾ་སེ་ནཱ། སྡེ་འམ་དམག ཅེས་སོ། །སྲོག་ཆགས་སམ་སྲོག་ཆགས་མིན་པའང་རུང་། རིགས་སོགས་མཚུངས་པའི་ཚོགས་ཀྱི་དབྱེ་བའི་མིང་། སཻ་ནཿ སྡེ། བརྒྒཿ སྡེའམ་ཚན་ནམ་ཚོགས་ཞེས་སོ། །ཀ་བ་རྒཿ ཀ་སྡེ། ཙ་བ་རྒཿ ཙ་སྡེ་སོགས་དེ་བཞིན་དུ་ཤེས་པར་བྱའོ། །སྲོག་ཆགས་རིགས་མཐུན་མི་མཐུན་མ་ངེས་པ་འདུས་པའི་མིང་། སཾ་གྷཿ འདུས་པའམ་དགེ་འདུན་ནམ་ཚོགས། སཱརྠཿ དོན་མཐུན། སྲོག་ཆགས་རིགས་མཐུན་ཁོ་ན་འདུས་པའི་མིང་། ཀུ་ལཾ། རིགས་ཚོགས། དུད་འགྲོ་རིགས་མཐུན་ཚོགས་པའི་མིང་། ཡཱུ་ཐཾ། དུད་འགྲོའི་ཁྱུ། ཕྱུགས་རྣམས་ཀྱི་ཚོགས་ཀྱི་མིང་། ས་མ་ཛཿ ཕྱུགས་ཚོགས། ཕྱུགས་ལས་གཞན་པའི་ཚོགས་ཀྱི་མིང་། ས་མཱ་ཛཿ ཚོགས་ཏེ་འཇིག་རྟེན་པའི་ཉེར་སྤྱོད་ལས་རུས་སྦལ་གྱི་ཚོགས་ལའང་འཇུག་སྲོག་ཆགས་ཆོས་མཚུངས་ཚོགས་པའི་མིང་། ནི་ཀཱ་ཡཿ རིགས་མཐུན་ནམ། ངེས་བསགས་སམ། རིས། འབྲུ་སོགས་


MR26_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོའི་མིང་། པུཉྫཿ ཕུང་པོ། རཱ་ཤིཿ སྤུངས་པ། ཨུཏྐ་རཿ ཕྱུར་བུ། ཀཱུ་ཊཾ། བརྩེགས་པ་ཞེས་སོ། །བྱ་སོ་སོའི་ཚོགས་བརྗོད་པ། ཀཱོ་བོ་ཏཾ། ཕུག་རོན་ཁྱུ། ཤཽ་ཀཾ ནེ་ཙོའི་ཁྱུ། མཱ་ཡཱུརཾ། རྨ་བྱའི་ཁྱུ། ཏཻཏྟི་རཾ། སྲེག་པའི་ཁྱུ། དེ་བཞིན་དུ། ཀཱ་ཀཾ བྱ་རོག་ཁྱུ། ཨཽ་ལཱུ་ཀཾ། འུག་པའི་ཁྱུ། ཀཱ་དམྤཾ། ཆུ་སྐྱར་གྱི་ཚོགས་ལ་སོགས་པ་བྱ་སོ་སོའི་མིང་དང་སྦྱར་བ་བྱཱ་ཀ་ར་ཎཱི་གཞུང་ལྟར་རོ། ༈ །དགྲ་དང་གཉེན་གྱི་བྱེ་བྲག་གི་དགྲ་ཡི་མིང་ལ། རི་པུཿ དགྲ། བཻ་རི་ན྄། དང་། བཻ་རཱི། ཞེ་འགྲས་སམ་ཤ་མཁོན་ནམ་མཁོན་ཡོད་པ། ས་པཏྣཿ དགྲ་བོ། ཨ་རི། དགྲ་ཟླ། དྭི་ཥ་ཏ། གནོད་བྱེད། དྭེ་ཥ་ཎ། སྡང་བྱེད། དུརྷ྄ྀད། འགལ་ཟླ། དྭི་ཥ་ཏ། དང་། དྭི་ཊ། འགལ་བྱེད། བི་པཀྵཿ མི་མཐུན་ཕྱོགས། པྲ་ཏི་བཱ་ནིཿ མི་འཕྲོད་པ། པྲ་ཏི་ཀཱུ་ལ་ཏཱ། མི་མཐུན་པ། ཨ་ཧི་ཏཿ མི་ཕན་པ། ཨ་མི་ཏྲཿ མི་མཛའ་བ། ད་སྱུཿ འཕེན་བྱེད། ཤཱ་ཏྲ་པཿ སྡང་དགྲ། ཤ་ཏྲཱུཾ། དང་། ཤ་ཏྲུཿ དགྲའམ་རྒོལ་བ། ཨ་བྷི་གྷཱ་ཏིན། ནམ་ཏཱི། མངོན་པར་འཚེ་བ། ཀློག་ཚུལ་གཞན། ཨ་བྷི་ཡཱ་ཏིཿ མངོན་གནོད། པ་རཿ ཕ་རོལ་པོ། ཨ་རཱ་ཧིཿ མི་དགའ་བ། པྲ་ཏྱ་རྠིན྄། ནམ། རྠཱི། རྒོལ་བྱེད་དམ། ཕྱིར་རྒོལ་བ། པ་རི་པནྠིན྄། ནམ་ནྠཱི། ཕྱིར་རྒོལ། པ་ར་པྲ་བཱ་དཱི། ཕས་ཀྱི་རྒོལ་བ། པྲཏྱ་ནཱི་ཀཿ ཕས་ཀྱི་དགྲ། པྲ་ཏྱ་མི་དྲཿ དགྲ་བོ། ཀུ་མི་ཏྲ། བཤེས་ངན། ཀུས་ཧཱ་ཡཿ གྲོགས་ངན་པ་ཞེས་དང་། པ་ར་ཙཀྲཾ། ཕ་རོལ་གྱི་དམག་ཚོགས་ཏེ་ཚོགས་པ་བརྗོད་པའོ། །གཞན་ཡང་། ཨ་བྷི་ཛཱ་ཏིཿ གནོད་བྱེད། པྲ་ཏྱརྠི་ཀཿ རྒོལ་བྱེད་དམ་ཕྱིར་རྒོལ་བ་ཞེས་བཤད་དོ། །མཐུན་གྲོགས་སྤྱིའི་མིང་། མི་ཏྲཾ། བཤེས་སམ་མཛའ་བོ། ས་ཁི། དང་། ས་ཁཱ། གྲོགས། སུ་ཧྲྀད། དང་། ཧྲྀ་དྱཾ། སྙིང་སྡུག བྲེ་མཿ དང་། ཨཱཔྟཾ། བྱམས་


MR26_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་མཛའམ་སྡུག་པའམ་གཅུགས་པའམ་ཡིད་བརྟན་པ། སསྟུ་ཏ་ཀཿ སྨོད་འཕྲིན། ས་པྲེ་མ་ཀཿ འགྲོགས་བཤེས། ཀཱནྟཾ། སྡུག་པ། པྲི་ཡཱཿ ཕོངས་པའམ་སྡུག་པ། པྲ་ཎ་ཡཿ མཛའ་གཅུགས་པ། ཨ་ནུ་ཀཱུ་ལཿ མཐུན་པ། བཏྶལ། བྱམས་པའམ་སྡུག་པར་སེམས་པའམ་མཉེས་གཤིན་པ། ཧཱརྡྡཾ། ཡིད་མཐུན། སྣེ་ཧཿ སེམས་སྣུམ། པྲྀ་ཡ་ཏཱ། དགའ་འདུན། མ་ན་ཨཱ་པཿ ཡིད་དུ་འོང་བ། མ་ནོ྅་ནུ་ཀཱུ་ལཾ། ཡིད་དང་འཐད་པ། པ་ར་མ་མ་ནོ་ཛྙཿ མཆོག་ཏུ་ཡིད་ལ་འཐད་པ། ཨཱ་ལཔྟ་ཀཿགཏམ་འདྲེས་པ། ས་ལཔྟ་ཀཿ ཕེབས་པར་སྨྲ་བ། བི་ཤྭསྟ་མཱ་ན་སཾ། ཡིད་བརྟན་པའམ་ཡིད་གཅུགས། སཾ་ཧཱ་ཡཱི་བྷཱ་བཾ་གཙྪ་ཏི། གྲོགས་སུ་འགྱུར་བ། གྲོགས་སུ་འཐམ་པའི་མིང་། ས་ཁྱཾ། གྲོགས་པོར་བྱེད་པ། སཱཔྟ་བ་དཱི་ནཾ། ཚིག་བདུན་པ། མིང་འདི་དག་གྲོགས་པོའི་དངོས་པོ་ལའང་འཇུག ན་མཉམ་གྲོགས་ཀྱི་མིང་། ས་སྱཿ དང་། བ་ཡ་སྱཿ ནེའུ་ཟླ། སྣིགྡྷཿ ཟླ་གྲོགས་སམ་ཡིད་འོང་། ས་བ་ཡས྄། ས་མ་ཡཱཿ ན་མཉམ། གྲོགས་ཕན་ཚུན་གཅིག་གི་འདོད་པ་གཅིག་གིས་བསྒྲུབ་པའི་མིང་། ཨ་ནུ་རོ་དྷཿ འབྲེལ་བྱེད་པ། ཨ་ནུ་བརྟྟ་ནཾ། རྗེས་སུ་ཕྱོགས་པ། སཱ་ཧ་ཡཿ སྟོང་གྲོགས། དགྲ་གཉེན་གང་ཡང་མིན་པའི་གང་ཟག་གཞན་ནི། ཨུ་དཱ་སཱི་ནཿ བཏང་སྙོམས་པ་ཞེས་བྱའོ། །ཤིན་ཏུ་བའི་མིང་ལ། ཨུཏྐརྵཿ ཤིན་ཏུའམ་ཁྱད་འཕགས། ཨ་ཏི་ཤ་ཡཿ ཕུལ་བྱུང་སྟེ་སྤྱི་ལའོ། །བྱ་བ་ལ་སོགས་ཤིན་ཏུ་འབད་པ་ལ། ཡཏྣཿ དང་། བྷརཿ འབད་པ། ཨ་ཏི་བལཿ ཤིན་ཏུ་བྷྲྀ་ཤཾ ཏེ་པོར། ཨདྱརྠཾ། ཤིན་ཏུའི་དོན། ཨ་ཏི་མཱ་ཏྲཾ། འབུད་བོད། ཨུངྒཱ་ཌྷཾ། མཐར་ཕྱིན་ཕྱེད། ནརྦྷ་རཾ། ཤིན་ཏུ་གཞུང་ངམ་འབད། ཏཱི་བྲཾ། ནན་ཏར། ཨེ་ཀཱནྣཾ། མཐའ་གཅིག་ཏུ། ནེ་ཏྱཱནྟཾ། ངེས་པར། གཱ་ཌྷཾ། ངེས་འབད། བཱ་ཌྷཾ། ངེས་པ། དྲྀ་ཌྷཾ། བརྟན་པོ། ཞེས་སོ། །རྒྱུན་


MR26_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆད་པའི་མིང་། ས་ཏ་ཏཾ། ཀུན་ཏུ། ཨ་ནཱ་ར་ཏཾ། རྒྱུན་དུ། ཨ་ཤྲཱནྟཾ། ངལ་མེད། སནྟ་ཏཾ། མཚམས་མེད། སནྟ་ཏི། རྒྱུན་དུ། ཨ་བི་ར་ཏཾ། བར་མེད། ཨ་ཤི་ནཾ། རྒྱུན་མི་འཆད། ནི་ཏྱཾ། རྟག་ཏུ། ཨ་ན་བ་ར་ཏཾ། ལྟོས་མེད། ཨ་ཛ་སྲཾ། རེས་འགའ་མིན་པ་ཞེས་སོ། །༈ སྐྱེ་འགག་གནས་པའི་མིང་ལས་སྐྱེ་བའི་མིང་ལ། ཛ་ནིཿ དང་། ཛ་ནུཿ དང་། ཨུཏྤ་ཏི། སྐྱེ་བ། ཛ་ན་ནི། སྐྱེད་པ། ཛ་མ་ནུ། དང་། ཛབྡ། འཁྲུངས་པ། ཨུདྦྷ་བཿ འབྱུང་བ། ཛཱ་ཏཿ སྐྱེས་པ། སུ་ཛཱ་ཏཿ ལེགས་པར་སྐྱེས་པ། ཨ་ནུ་ཛ་ཏཿ རྗེས་སུ་སྐྱེས་པའམ་མཐུན་པར་སྐྱེས་པ། པྲ་སཱུ་ཏཿ བྱུང་ངམ་བཙས་སམ་སྐྱེས་པ། སུ་པ་རི་ཎ་ཏཿ ལེགས་པར་སྨིན་པ། སྐྱེ་བ་དེ་དག་རྒྱུ་ལ་ལྟོས་པའི་རྒྱུ་ཡི་མིང་། ཧེ་ཏུཿ རྒྱུ། ཀཱ་ར་ཎཾ། བྱེད་པོ། ཧེ་ཏུ་ཀཿ རྒྱུ་ལས་བྱུང་བ། པྲ་ཡོ་གི་ཀཿ སྦྱོར་བ་ལས་བྱུང་བ། བཱི་ཛཾ། ས་བོན། དང་པོའི་རྒྱུའི་མིང་།ནི་དཱ་ནཾ། གཞི་སྟེ་གླེང་གཞི་ལའང་འཇུག ཨཱ་དི་ཀཱ་ར་ཎཾ། ཐོག་མའི་རྒྱུ། རྒྱུ་ལ་བརྟེན་ནས་འཕེལ་བའི་མིང་། པྲྀདྡྷིཿ དང་། བརྡྷཿ དང་། བརྡྷ་ཏེ། འཕེལ་བ། སྥཱ་ཏིཿ རྒྱས་པ། ཙ་ཡཿ བསོགས་པའམ་འཕེལ་བ། ཨཱ་ཙ་ཡཿ དང་། ཨཱ་ཙི་ཏཿ དང་། སཉྩ་ཏཾ། བསགས་པའམ་འཕེལ་བ། ཨུངྐརྵཿ འཕེལ་བའམ་སྐྱེ་བ། ཨུ་པ་ཙ་ཡཿ རྒྱས་པའམ་འཕེལ་བ། བི་བརྡྷ་ནཾ། རྣམ་པར་འཕེལ་བ། བི་སརྦ་ཎཾ། འཕེལ། པཱུརྞྞ་ཏྭཾ། གང་བའམ་རྫོགས་པ། བྲྀདྡྷི་བི་རུཌྷིཾ། འཕེལ་ཞིང་རྒྱས་པ་དང་། བི་པུ་ལ་ཏཱ་མཱ་བ་བྱ་ཏེ། ཡངས་པར་འགྱུར། ཨ་ནུ་ཤེ་ར྄་ཏེ། རྒྱས་པར་འགྱུར། ཨུ་པ་བྲྀ་ཧཾ་ཡ་ཏི། འཕེལ་བར་བྱེད་པའམ་རྒྱས་པར་བྱེད་པ། བརྡྷ་ནཿ འཕེལ་བྱེད་པ། བྲྀདྡྷི་བྲ་སརྦ་ཎཾ། སྐྱེ་བ་དང་འཕེལ་བ། ཨུ་པ་ཙི་ཏ་ཏ་རཾ། ཆེར་བསགས་པའམ་ཤིན་ཏུ་བསགས་པ། ནོར་ལ་སོགས་པ་ལྷག་པར་འཕེལ་བའི་མིང་། ཨ་དྷི་ཀརྡྡིཿ


MR26_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་འཕེལ་བ། ས་མྲྀདྡྷཿ ཆེར་འཕེལ་བའམ་ཡང་དག་པར་འབྱོར་བ་ཞེས་སོ། །པྲ་བྲྀདྡྷཾ། རབ་འཕེལ། པྲཽ་ཌྷཾ། རབ་རྒྱས། ཨེ་དྷི་ཏཾ། ཆེར་འཕེལ་བ། བརྡྡིཥྞུཿ འཕེལ་པའི་ཚུལ་ཅན་ཞེས་སོ། །གནས་པའི་མིང་། སྠཱ་ནཾ། གནས་པ། ཨཱ་སྱཱཿ སྡོད་པ། ཨཱ་ས་ནཱ། འདུག་པ། སྡྱི་ཏིཿ གནས་པ། ཨུ་པ་བིཥྚིཿ ཉེ་བར་སྡོད་པ། སྡྱ་བརཿ གནས་པའམ་བརྟན་པ། སུ་སཾ་སྡྱི་ཏཿ ལེགས་པར་གནས། སྐྱེས་བུ་རྣམས་འཚོ་བར་བྱེད་པའི་ཚེ་སྲོག་གི་མིང་གི་རྣམ་གྲངས་ལ། ཨ་སུཿ དང་། ས་བཿ སྲོག པྲཱ་ཎ། དང་། པྲཱ་ཎཱ། སྲོག་དབུགས། ཨཱ་ཡུ་སྲ། དང་། ཨཱ་ཡུཿ ཚེ། ཚེ་དང་ལྡན་ཏེ་འཚོ་བའི་མིང་ལ། ཛཱི་བཿ གསོན་པ། ཙ་ཡ་ནཿ དང་། ཙ་ཡཿ གསོན་པ། ཨ་སུ་དྷཱར་ཎཾ། སྲོག་འཛིན་པ། ཛཱི་བི་ཏ་ཀཱ་ལཿ འཚོ་བའི་དུས། དྷྲྀ་ཡ་ཏེཿ འཚོའོ། །ཡ་བ་ཡ་ཏི། གཞེས་སོ། །ཨཱ་ཡུཥྨཏ། དང་། ཨཱ་ཡུཥྨཱན། ཚེ་དང་ལྡན་པ། ཞེས་སོ། །ཛཻ་བཱ་ཏྲྀ་ཀཿ འཚོ་བ་ཕུལ་བྱུང་སྟེ་ཚེ་རིང་པོའི་མིང་ངོ་། །ཟད་པའི་མིང་ལ། ཀྵ་ཡཿ ཟད་པ། ཀྵི་ཡཱ། འཛད་པ། བྷྲེ་ཥཿ ཐོབ་པ་ལས་ཉམས་པ། པ་རི་ཧཱ་ཎིཿ ཡོངས་སུ་ཉམས་པ། ཨ་པ་ཧཱ་རཿ ཟད་པའམ་ཉམས་པ། ཨ་པ་ཙ་ཡཿ འགྲིབ་པའམ་བྲི་བ། ཨུ་པ་རུ་ཏཿ ཞིག་པའམ་མེད་པར་གྱུར་པ། བྱ་ཡཿ ཟད་པ་སྟེ་ནོར་སོགས་བྲི་བ། བི་དྷྭ ནྶཿ འཇིག་པ། བྷེ་ད་ནཾ། འཇིག་པ། ཞེས་སོ། །སེམས་ཅན་རྣམས་འཆི་བའི་མིང་གི་རྣམ་གྲངས་ལ། མྲྀ་ཏྱུཿ འཆི་བ། ན་ཤ ཚེ་ཉམས་པ། ནི་དྷ་ནཿ སྲོག་འདོར་བ། པྲེཉྩ་ཏཱ། ལྔ་པ། ཀཱ་ལ་དྷརྨཿ དུས་ཀྱི་ཆོས། དིཥྚནྟཿ དུས་ཀྱི་མཐའ། པྲལ་ཡཿ འཇིག་པ། ཨ་ཏྱ་ཡཿ སྲོག་འགྲོ་བ། མ་ར་ཎཾ། འཆི་བྱེད། ཨནྟཿ མཐར་སོན་པ། ཞེས་སོ། །ཤི་


MR26_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མིང་། པྲེ་ཏཿ སྲོག་སོང་བ། སཾསྠི་ཏཿ དུས་འདས། མྲྀ་ཏཿ ཤི་བ། པྲ་མཱི་ཏཿ ཚེ་འདས། པ་རཱ་སུཿ ཕ་རོལ་འདས་པ། པྲཔྟ་པཉྩ་ཏྲཿ ལྔ་པར་ཕྱིན་པ། པ་རེ་ཏཿ ཕ་རོལ་སོང་བ། ཞེས་དང་། ཨནྟ་ར། བར་དོ། ཞེས་སོ། །ཕྱུག་པའི་མིང་། ཨཱཊྱཿ དང་། ཨི་བྷྱཿ ཕྱུག་པོ། ཨཱཌྷྱཿ འབྱོར་ལྡན། དྷ་ནི་ན། དང་། དྷ་ནི། ནོར་ཅན། སམྤཏྟིཿ འབྱོར་ལྡན། མ་ཧཱ་དྷ་ནཿ ནོར་ཆེ་བའམ་ནོར་ཆེན་པོ། པྲ་བྷཱུ་ཏ་དྷ་ནཿ ནོར་མང་པོ། འབྱོར་པ་སོགས་ཆེས་ཕུན་སུམ་ཚོགས་པ་ལ། སམྦད྄། དང་། སཾ་པནྣཾ། ཕུན་སུམ་ཚོགས་པ། བིསྟཱི་རྑཾ། རྒྱ་ཆེ་བ། ཨུ་དཱ་རཿ རླབས་པོ་ཆེའམ་རྒྱ་ཆེ་བ་ཞེས་སོ། །ཤྭཱི་དང་ལཀྵྨཱི་ཡང་དེའི་དོན་དུ་འཇུག་པར་བཤད། དབུལ་པོའི་མིང་། ནིཿསྭཿ ནོར་མེད། ཡང་ན། ནི་སྭཿ ནོར་ཉམས། དུརྦིདྷཿ འབྱོར་ངན། བི་པཏྟིཿ ཕོངས་པ། བི་པད། མི་འབྱོར་བ། ཨཱ་བད་དཔལ་དང་བྲལ་བ། དཱི་ནཿ བཀྲེན་པོ། ད་རི་དྲཿ དབུལ་པོ། དུརྒ་ཏཿ ཕོངས་པ། ཞེས་དང་། སློང་མཁན་གྱི་མིང་། བ་ནཱི་ཡ་ཀཿ སློང་མཁན། ཡཱ་ཙ་ན་ཀཿ སློང་མོ་པ། མཱརྒ་ཎཿ སྤྲང་པོ། ཡཱ་ཙ་ཀཿ སློང་བ་པོ། ཨརྠི་ན། དང་། ཨརྠཱི། སྤྲང་བ་ཞེས་སོ། །གཞན་ཡང་། བུ་ཀྵི་ཏཿ ལྟོགས་པ། ཛི་གྷནྶི་ཏཿ དང་། ཀྵུ་དྷི་ཏཿ བཀྲེས་པ། པི་པཱ་སི་ཏཿ སྐོམ་པ། ཛི་གྷཱཏྶུཿ བྲུ་བ་ཚ་བ། ཨ་ཤ་ནཱ་ཡི་ཏཿ ཟས་ལ་བསྐམ་པ། ཀུ་པྲཱ་པ་ར་ཎཿ བགོ་བ་ངན་པ། ཀུ་ཙེ་ལཿ གསོ་ངན་པ། ཀྲྀ་པཎཿ བཀྲེན་པ། བ་ནཱིཪྻ་ཀཿ སྡུག་ཕོངས་པ། ཨརྟྟཿ ཉམ་ཐག་པ། དྷ་ནི་ཀ་བྷ་ཡ་བྷཱི་ཏ་ཡཿ བུ་ལོན་པས་འཇིགས་ཤིང་སྐྲག་པ། ཞེས་སོ། །གཞན་ཟས་ཀྱིས་འཚོ་བའི་མིང་། པ་རཱནྣཿ གཞན་ཟས་ཅན། པར་པིཎྚ་དཿ ཕ་རོལ་ཟས་ཅན་ནམ་གཞན་ཟས་ཀྱིས་འཚོ་བ་ཞེས་སོ། །རྗེ་བོའམ་གཙོ་བོར་གྱུར་པའི་མིང་། སྭཱ་མིན྄། དང་།


MR26_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་མཱི། རྗེ་བོ། ཨཱི་ཤྭ་རཿ དབང་ཕྱུག པ་ཏིཿ བདག་པོ། ཨཱི་ཤི་ཏྲྀ། དང་། ཨཱི་ཤི་ཏཱཿ དབང་བྱེད། ཨ་དྷི་བྷཱུཿ དཔོན་པོ། ནཱ་ཡ་ཀཿ འདྲེན་པ། ནེ་ཏྲྀ། དང་། ནེ་ཏཱ། མགོ་འདྲེན་པ། པྲ་ཿ ཁྱབ་བདག ཨ་དྷི་པཿ གཙོ་བོ། པ་རི་བྲྀཌྷཿ མགོ་དཔོན། ཞེས་སོ། །གང་ཟག་གམ་གཞན་ཡང་རུང་སྟེ། ངན་པའི་མིང་། ཨ་བ་མཿ དམན་པ། ཨརྦྦན྄། དང་། ཨརྦྦཱ། དང་། ལུ་ཧཿ ངན་པ། རེ་ཕཿ དང་། རེ་བཿ ཐ་ཤལ། ཨི་ཏྭ་རཾ། ངན་པའམ་ཐ་མ། ནི་ཀྲྀཥྚཿ སྨད་པ། པྲ་ཏི་ཀྲྀཥྚཿ སྨད་བྱས། ཡཱ་པྱཿ ཐོ་མཚམས་ཅན།ཨ་དྷ་མཿ མི་བསྲེལ་བ། ཨ་བ་བ་ར་ཀཾ ངན་ངོན། ཀུ་པཱུ་ཡཿ ངན་ཁྱབ། ཀུཏྶི་ཏཿ སྨད་པར་གྱུར་པ། ཨ་བ་དྱཿ ཁ་ན་མ་ཐོ་བ། ཁེ་ཊཿ བཙོག་པ། གརྷྱཿ སྨད་འོས། ཨ་ཎ་ཀཿ གཤུང་བར་བྱ་བ། ཞེས་སོ། །དུར་སོགས་གང་ལ་སྦྱར་བའང་ངན་པའི་ཕྱོགས་སུ་གོ་བ་ལྟ་བུ་མང་ངོ་། །དྲི་མ་ཅན་གྱི་མིང་། མ་ལཱི་མ་སཿ དྲི་མས་གོས་པ། མ་ལཱི་ནཾ། དྲི་མ་ཅན། ཀཙྪ་རཾ། ནོག་པ། མ་ལ་དཱུ་ཥི་ཏཾ། དྲི་མས་བསླད་པ། ཞེས་སོ། །གཙང་མའི་མིང་། པཱུ་ཏཾ། དག་པ། པ་པི་ཏྲཾ། གཙང་བ། མེ་དྷྱཾ། འགྲོགས་འོས། རང་བཞིན་གྱིས་དྲི་མ་མེད་པའི་མིང་། བཱིདྷྲཾ། ཡེ་དག་གམ་ཀ་དག བི་མ་ལཾ། དྲི་མེད་ཅེས་སོ། །དྲི་མ་བསལ་བའི་མིང་། ནི་རྞྞིཀྟཾ། དྲི་མ་བསལ་བ། ཤོ་དྷི་ཏཾ། སྦྱངས་པ། མྲྀཥྚཾ། དག་བྱས། ནིཿཤོ་དྷྱཾ། བསང་བ། ཨ་ན་བ་སྐ་རཾ། རྙོགས་པ་མེད་པར་བྱས་པ་ཞེས་སོ། ༈ །རྫས་སམ་རིགས་དང་བྱ་བ་ཡོན་ཏན་གྱི་མིང་སྣ་ཚོགས་བརྗོད་པ་ལ། རྫས་ནི་བྱ་བ་དང་ཡོན་ཏན་གྱི་རྟེན་ཏེ། ས་སོགས་འབྱུང་བ་དང་། བེམ་ཤེས་ལྡན་མིན་འདུ་བྱེད་དུ་གཏོགས་པའི་དངོས་པོ་རྣམས་དང་། དངོས་མེད་འདུས་མ་བྱས་པའི་རྫས་རྣམས་སོ། །དེ་རྣམས་བརྗོད་པ་ནི་སོ་སོའི་མིང་


MR26_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཤེས་ལ། དེ་དག་དཔེར་ན་བུམ་པ་ལྟ་བུའི་མིང་དེ། རང་གི་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་བརྗོད་པའི་ཆ་ནས་ཚོགས་པ་བརྗོད་པ་ཡིན་ལ། རང་གི་རིགས་གསེར་བུམ་རྫ་བུམ་སོགས་ལ་རྗེས་སུ་འགྲོ་བའི་ཆ་ནས་རིགས་བརྗོད་པར་འགྱུར་ཞིང་། བུམ་པ་དེའི་ནུས་པའམ་ཡོན་ཏན་གྱི་ཆོས་བརྗོད་པ་བུམ་པ་སེར་པོ་དང་། ཆེན་པོ་སོགས་དབྱིབས་དང་ཁ་དོག་སོགས་བུམ་པའི་ཡོན་ཏན་བརྗོད་པ་ཡིན་ཞིང་། བུམ་པ་གཞན་དུ་འགྲོ་བ་དང་། ཆུ་འཛིན་པ་སོགས་བྱ་བ་ཡིན་པ་ལྟ་བུའི་ཕྱིར་ན། བྱེ་བྲག་པའི་ཚིག་དོན་དྲུག་པོ་རྣམས་ཀྱི་རྣམ་བཞག་ཀྱང་འདི་ལྟ་བུ་ལས་བྱུང་ངོ་། །དེ་དག་གཞུང་གི་མིང་རྣམས་སུ་གསལ་བས་འདིར་སྨྲོས་མ་དགོས་ཤིང་། དཔེ་བརྗོད་ཙམ་བྱས་ན། སུ་ཀྲྀ་ཏི་ནཱི་བྷཱཪྻཱ། སུ་ཀྲྀ་ཏི་ནོ་དཱ་རཱ། སུ་ཀྲྀ་ཏི་ཀ་ལ་ཏྲཾ། ལེགས་བྱས་ཅན་གྱི་བུད་མེད་ཅེས་ཡོན་ཏན་གྱི་ཆ་ནས་སོ། །དེ་བཞིན་དུ་རྫས་ཀྱི་སྒྲ་ལ། དཎྚི་ནཱིི། དཎྚི་ནོ་དཱ་རཱཿ དཎྚི་ཀ་ལ་ཏྲཾ།དབྱུག་གུ་ཅན་གྱི་བུད་མེད་དོ། །བྱ་བའི་སྒྲ་རྣམས་ལ། པཱ་ཙི་ཀཱསྟྲི། པཱ་ཙ་ཀཱ་དཱ་རཿ པ་ཙ་ཀཾ་ཀ་ལ་ཏྲཾ། འཚེད་པར་བྱེད་པའི་བུད་མེད་དོ། །དེ་བཞིན་དུ་གཞན་ཡང་དྲང་བར་བྱའོ། །དེ་ལ་རྫས་ཡོན་ཏན་གྱི་མིང་རྣམས་སྔར་སོང་ལ། སྐབས་འདིར་འཆི་མེད་མཛོད་རྩ་འགྲེལ་ལས་གསུངས་པའི། བྱ་བའི་མིང་གཙོ་བོར་བརྗོད་ཅིང་། གཞན་ཅི་རིགས་བརྗོད་པ་ལ། བྱ་བའི་མིང་། ཀརྨན྄། དང་། ཀརྨྨཿ ལས། ཀྲྀ་ཡཿ བྱ་བ་ཞེས་སོ། །བྱ་བ་རྒྱུན་ལྡན་ནམ་བར་མ་ཆད་པའི་མིང་། ཨ་པ་ར་སྤ་རཱཿ འམ་ར། བྱ་བ་རྒྱུན་ལྡན་ནམ་བརྒྱུད་མ། འདི་བརྗོད་བྱའི་རྟགས་ཅན་ཏེ། ཨ་པ་ར་སྤ་རཱཿ སརྠཱ་གཙྪནྟིཿ ཚོང་པ་རྣམས་རྒྱུན་དུ་འགྲོ་བར་བྱེད་དོ། །ཞེས་སོགས་ལྟ་བུའོ། །དགོས་བྱ་རྣམས་རྫོགས་པའམ་ཚང་བའམ་ཚོགས་པའི་མིང་། པཱ་རཱ་ཡ་ཎཾ། ཚོགས་པའམ་ཚང་བ་སྟེ། དཔེར་ན། དྷཱ་ཏུ་པཱ་རཱ་ཡ་ཎཾ། བྱིངས་ཀྱི་ཚོགས་སམ་


MR26_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་ཚང་བ། འདི་བྱིངས་ཀྱི་དཔུང་གཉེན་དུ་བསྒྱུར་བ་ཤིན་ཏུ་འཁྲུལ་ཞེས་གསུངས། ལས་རྩོམ་པའི་གྲབ་ཡུལ་གྱི་མིང་། པྲ་དྱུ་ཏྐྲ་མཿ གྲབ་ཡུལ། པྲ་ཡོ་གཿ སྟ་གོན། ཞེས་དང་། ལས་དང་པོར་རྩོམ་པའི་མིང་། པྲ་ཀྲ་མཿ མགོ་རྩོམ་པ།ཨུ་པ་ཀྲ་མཿ ལས་རྩོམ་པ། རྩོམ་པ་ཙམ་གྱི་མིང་། ཨ་བྷྱཱ་དཱ་ནཾ། མངོན་པར་ལེན་པ། ཨུཏྷྷཱ་ཏཿ འཇུ་བ། ཨཱ་རམྦྷཱཿ རྩོམ་པ། ཨུ་པོངྒྷཱ་ཏཿ བྱ་བར་འཇུག་པ། ལས་བྱེད་ནུས་པའི་མིང་ལ། ཀརྨ་ཀྵ་མཿ ལས་ནུས་པ། ཨ་ལཾ་ཀརྨཱི་ཎཿ ལས་ཐུབ་པ། ལས་ལ་བརྩོན་པའི་མིང་། ཀྲྀ་ཡཱ་བཏ། བཱན྄། ལས་ལ་འགྲུས་པ། རྙེད་པ་བཟང་ངན་ལ་མ་ལྟོས་པར་རྟག་ཏུ་ལས་བྱེད་པའི་མིང་། ཀཱརྨཿ དང་། ཀརྨྨཱི། ལས་རྟག་པ། ཀརྨ་ཤཱི་ལཿ ལས་ཀྱི་ཚུལ་ཅན། གླ་ཟ་ཞིང་ལས་བྱེད་པའི་མིང་། བྷར་ཎྱ་་ཛ྄་འམ་ག྄ གླ་ཟན། ཀརྨ་ཀ་རཿ ལས་གླ་ཅན། གླ་མི་ཟ་བར་ལས་བྱེད་པའི་མིང་། ཀརྨྨ་ཀཱ་རཿ ལས་བྱེད་པ། ལས་ཤོག་ཆུང་བའམ་འཁོས་དམན་པའི་མིང་། ཀུཎྛཿ འཁོས་དམན། ལེགས་པར་མ་བརྟག་པའི་བྱ་བ་བྱེད་པའི་མིང་། ཛཱལྨཿ འཆོལ་བ། བྱ་བ་འཁོར་བའི་མིང་། དཱིརྒྷ་སཱུ་ཏྲཿ ཡུན་རིང་ཐོགས་པ། ཙིར་ཀྲྀ་ཡཿ ལས་ཡུན་རིང་བ། མ་འགོར་བའི་མིང་། ཨཙྩ་ཎྚཾ། མགྱོགས་པ། ཨ་བི་ལམྦི་ཏཾ། མ་འགོར་བ་ཞེས་སོ། །བྱ་བ་རྫོགས་པར་བྱེད་པའམ་བྱ་བའི་མཐའི་མིང་། སཱ་ཏིཿ རྫོགས་པའམ་ཐ་མ། ཨ་བ་སཱ་ནཾ། མཇུག་གམ་མཐའ། ལས་འབད་ནས་མཐར་ཕྱིན་པར་བྱེད་པའི་མིང་། ཀརྨ་ཋཿ ལས་ལ་གཞུངས་པ་རྩེ་གཅིག་ཏུ་བྱ་བ་སོགས་གང་བརྩམ་དེ་ལས་གཞན་དུ་མི་འཇུག་པའི་མིང་། ཨེ་ཀ་ཏཱ་ནཿ གཅིག་འདུན་ནམ་འདོད་གཅིག་པ། ཨན་ནྱ་བྲིཏྟིཿ གཞན་དུ་མི་འཇུག་པ། ཨེ་ཀཱ་གྲཿ རྩེ་གཅིག་པ། ཨེ་ཀཱ་ཡ་ནཿ


MR26_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཅིག་པ། ཨེ་ཀ་སརྒཿ གཅིག་ཏུ་ངེས་པ། ཨེ་ཀཱ་ཨ་གྷྱཿ གཅིག་གཙོ་བ། ཨཻ་ཞེས་ཀློག་པའང་ཡོད། ཨེ་ཀཱ་ཡ་ན་ག་ཏཿ ལམ་གཅིག་ཏུ་སོང་བ་ཞེས་སོ། །བྱ་བ་སོ་སོར་འཇོམས་པ་ཞེས་འགོག་པའི་མིང་། པྲ་ཏི་བནྡྷཿ གེགས་བྱེད། པྲ་ཏིཥྚམྦྷཿ སོ་སོར་འཇོམས་པ། གཞན་དག །ནིཥྐམྦྷཿ སེལ་བ། བི་ནི་ཡོ་གཿ མི་སྦྱོར་བ་ཞེས་ཀྱང་བཤད། ངལ་བསོ་བའམ་རྫོགས་པའམ་བར་བཞག་པའི་མིང་། ཨཱ་ར་ཏིཿ ངལ་བསོ་བ། ཨ་བ་ར་ཏིཿ བར་བཞག་པ། བི་ར་ཏིཿ སྡོད་པ། ཨུ་པ་རཱ་མཿ གནས་པ། ཡང་ན། ཨུ་པ་ར་མཿ རྫོགས་པ་ཞེས་སོ། །དོན་འབྲས་མེད་པའི་མིང་། མོ་གྷཾ། དོན་མེད། ནི་རརྠ་ཀཾ དོན་གྱིས་སྟོང་པ། ལས་སོགས་གྲུབ་པའི་མིང་། སིདྡྷཿ གྲུབ་པ། ནི་པྲྀཏྟཿ ཟིན་པ། ནིཥྤནྣཿ རྫོགས་པ། ཞེས་སོ། ༈ །བྱེ་བྲག་ཏུ་དབང་པོ་ལ་བརྟེན་པ་སོ་སོའི་ལས། མིག་གིས་ལྟ་བའི་མིང་ལ། ནིརྦྦརྞྞ་ནཾ། གཟུགས་འཛིན་པ། ནི་དྷྱཱ་ནཾ། ལྟ་རྟོག དརྴ་ནཾ། ལྟ་བ། ཨཱ་ལོ་ཀ་ནཾ། གཟིགས་པ། ཨྀཀྵ་ཎཾ། གཟིགས་རྟོག རྣ་བས་གཉན་པའི་མིང་། ཤྲཱ་བ། དང་། ཤྲུ་ཏཿ མཉན་པ། སྣས་དྲི་བསྣམས་པའི་མིང་། གྷྲཱ་ཎཾ། བསྣམས་པ། གྷྲ་ཏཾ། མནམས་པ། ལྕེས་རོ་མྱང་བའི་མིང་། ར་ས་སཾ་བེ་དཱི། རོ་མྱང་། ལུས་ཀྱིས་རེག་པའི་མིང་། སྤྲྀཥྚིཿ རེག་པ། སྤྲྀཀྟིཿ རེག་བྱེད། འཛིན་པའི་མིང་། གྲ་ཧཿ འཛིན་པ། གྲཱ་ཧཿ འཛིན་བྱེད་ཅེས་དང་། གཞན་ཡང་། སྭ་ཀ་ར་ཎཾ། རང་གི་བྱེད་པ། ཨཱ་དཱ་ནཾ། ལེན་པ། ཨུ་པཱ་དཱ་ནཾ། ཉེ་བར་ལེན་པའང་ངོ་། །ངག་སོགས་ཀྱིས་སྒྲ་བསྒྲགས་པའི་མིང་། སྭ་ནི་ཏཾ། སྒྲ་བྱས། དྷྭ་ནི་ཏཾ། སྒྲོགས་བྱས། འདིར་ཚིག་ཕྲད་ཀྱི་དབང་གིས། སྭཱནྟ། དང་། དྷྭནྟཾ། ཞེས་ཀྱང་ངོ་། །ར་བ་ཎཿ སྒྲ་སྒྲོགས་པ། ཤབྡ་ནཿ སྒྲ་བྱེད་པ། དེའི་བྱེ་བྲག་ཤིན་ཏུ་མང་པོ་གོང་


MR26_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་སོང་། འཕེལ་བའི་ཚུལ་ཅན་ལ། བདྷི་ཥྞུཿ འཕེལ་བའི་ཚུལ་ཅན། བརྡྷནཿ འཕེལ་བྱེད། ལེགས་པར་འབྱུང་བའི་མིང་། བྷཱུཥྞུཿ གྱུར་པ། བྷ་བིཥྞུཿ ལེགས་པར་འབྱུང་བའི་ཚུལ། བྷ་བེ་ཏྲྀའམ་ཏཱ། འབྱུང་བའི་ཚུལ་ཅན། འཇུག་པའི་ཚུལ་ཅན་མིང་། བརྟྟིཥྞུ། འཇུག་ཚུལ། བརྟྟ་ནཿ འཇུག་བྱེད། སེལ་བའི་ཚུལ་ཅན་མིང་། ནི་རཱ་ཀ་རིཥྞུཿ སེལ་བྱེད། ཀྵིཔྣུཿ འདོར་བ། གསལ་བའམ་རྒྱས་པའི་ཚུལ་ཅན་གྱི་མིང་། བི་ཀཱ་སཾ་ཐིན྄། ཐཱི། རྣམ་རྒྱས། ཚིག་ཟླ་དང་བདུད་རྩིར་འདིའི་མལ་དུ། བི་ཀཱ་སིན྄། སཱི། ཞེས་འདོན། བི་ཀ་སྭ་རཿ རྣམ་གསལ། རབ་ཏུ་བརྡལ་བའི་ཚུལ་ཅན་མིང་། བི་སྲྀ་ཏྭ་རཿ བརྡལ་བ། བི་སྲྀ་མ་རཿ བརྐྱངས་པ། པྲ་སཱ་རིན྄་ནམ་རཱི། རབ་འབྱམས། བི་སཱ་རིན྄། ནམ། རཱི། ཁྱབ་པ། ཕྱིར་ཕྱོགས་པའི་མིང་། པ་རཱདྨུ་ཁཿ ཕྱིར་ཕྱོགས་པ། པ་རཱ་ཙཱི་ནཿ ཕ་རོལ་ཏུ་ཁ་ཕྱོགས་པ། བི་མུ་ཁཿ གདོང་ཕྱིར་བསྟན། འོག་ཏུ་ཕྱོགས་པའི་མིང་། ཨ་བཱ་ཙ྄། ཁ་བུབ། ཨ་དྷོ་མུ་ཁཿ འོག་ཏུ་ཕྱོགས། ལྟུང་བའི་ཚུལ་ཅན་མིང་། བ་ཉ་ལཱ་ཡུཿ ལྟུང་བ། པཱ་ཏུ་ཀཿ ལྷུང་བ། མཐོན་པོ་ནས་ལྷུང་བའི་ཚུལ་ཅན་ལ། ཨུ་པ་ཏིཥྞུཿ སྟེང་ནས་ལྷུང་བའི་ཚུལ་ཅན། ཨུཏྤ་ཏི་ཏྲྀ། འམ་ཏཱ། མཐོ་ལྷུང་། ལྷ་ལ་འགྲོ་བར་བྱེད་པའམ་ལྷ་ལ་ཕྱོགས་པའི་མིང་། དེ་བ་དྲྱཙ྄། ད྄། ལྷ་ལ་ཕྱོགས་པ། མོ་རྟགས་ལ། དེ་བ་ཌཱི་ཙཱི། ཀུན་ཏུ་འགྲོ་བའི་མིང་། བི་ཤྭ་དྲྱ་ཙ྄ད྄། ཀུན་ཏུ་འགྲོ་བ།མོ་རྟགས་ལ། བི་ཤྭ་ཌཱི་ཙཱི། ཡང་ན། བི་ཥཱ་དྲྱ་ཙ྄་ད྄། འགྲོགས་ནས་འགྲོ་བའམ་ལྷན་ཅིག་ཏུ་སྤྱོད་པའི་མིང་། ས་དྷཡ྄་ཙ྄། ད྄། མོ་རྟགས་ལ། ས་དྷྲཱི་ཙཱི། ལྷན་དུ་འགྲོ་བ། འཁྱོགས་པོར་འགྲོ་བའམ་ཐད་ཀར་འགྲོ་བའི་མིང་། ཏི་ཙ྄་ད྄། འཁྱོགས་འགྲོ། འདིར་


MR26_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མིང་འགའ་ཞིག་སྔར་ཡང་སོང་མོད་ཀྱི། འཆི་མེད་མཛོད་ཀྱི་གཞན་དབང་གི་སྡེ་ཚན་སོགས་ལས་བཤད་པ་ཅི་རིགས་བཀོད་པ་ཡིན་ལ། གཞན་ཡང་ཕྱུང་བའི་མིང་། ནིཥྐཱ་སི་ཏཿ བཏོན་པ། ཨ་པ་ཀྲྀཥྚཿ ཕྱུང་བའམ་སྨ་ཕབ་པའི་མིང་། ཨ་བ་དྷཱསྟཿ སྨ་ཕབ་པ། དྷི་ཀྲྀ་ཏཿ སྨད་པར་བྱས་པ། ཟིལ་གྱིས་མནན་པའི་མིང་། ཨཱཏྟ་གརྦྦཿ དྲེགས་པ་དམན་བྱས། ཁ་ཅིག་གིས། ཨཱཏྟ་གནྡྷཿ ཞེས་སུའང་འབོད་དེ་གནྡྷཿ དྲེགས་པ་ལ་འཇུག་པར་སྐབས་གསུམ་གྱི་ལྷག་མ་ལས་བཤད་དོ། །ཨ་བྷི་བྷཱུ་ཏཿ ཟིལ་གྱིས་མནན་པ། བཤད་མ་ཐག་པའི་མིང་བཞི་པོ་ཡང་ཟིལ་གྱིས་མནན་པའི་རྣམ་གྲངས་ཡིན་པར་སྭཱ་མིས་བཞེད་དོ། །སྦྱིན་པར་བྱེད་པའི་མིང་། བི་ལམྦྷཿ སྦྱིན་པ། ཨ་ཏི་སརྫ་ནཾ། གཏོང་བ། སྦྱིན་དུ་བཅུག་པའི་མིང་། དཱ་བི་ཏཿ སྦྱིན་བཅུག་པ། ཁ་ཅིག་དཱ་ཡི་ཏཿ ཞེས་བཀླགས། སཱ་དྷི་ཏཿ བྱིན་པ།བོར་བའམ་བསལ་བའི་མིང་། པྲ་ཏྱཱ་དིཥྛཿ སྤངས་པ། ནི་རསྟཿ བོར་བ། པྲ་ཏྱཱ་ཁྱཱ་ཏཿ ཕྱིར་བསལ་བ། ནི་རཱ་ཀྲྀ་ཏཿ བསལ་བ། མེད་པར་བྱས་པའི་མིང་། ནིཀྲྀ་ཏཿ མེད་བྱས། བི་པྲ་ཀྲྀ་ཏཿ རྣམ་པར་བྲལ་བ། བསླུས་པའི་མིང་། བི་པྲ་ལབྡྷཿ བསླུ་བར་བྱས་པ། པཉྩི་ཏཿ བསླུས་པ། སླུ་བའམ་འདོར་བའི་མིང་། བི་པྲ་ལམྦྷཿ སླུ་བ། བི་པྲ་ཡོ་གཿ མི་སྦྱོར་བ། འདི་དག་འདོད་ལྡན་རྒྱུན་མི་འཆད་དུ་ཆགས་པའི་མིང་དུའང་སུ་བྷཱུ་ཏིས་བཤད། གཟེར་སོགས་ཀྱིས་བསྡམ་པའི་མིང་། བདྡྷཿ བཅིངས་པ། ཀཱི་ལི་ཏཿ གཟེར་བཏབ་པ། སཾ་ཡ་ཏཿ བསྡམ་པ་ཕོངས་པ་ཐོབ་པའི་མིང་། ཨཱ་པནྣཿ མ་ཚོགས་པའམ་ཕོངས་པ། ཨཱ་པཏྤྲཱཔྟཿ ཕོངས་པར་གྱུར་པ། མི་བརྟན་པའི་མིང་། སཾ་ཀ་སུ་ཀཿ གཡོ་བ། ཨསྡྱི་རཿ མི་བརྟན་པ། ལྷ་མི་སོགས་ཀྱིས་གཙེས་པའི་མིང་། བྱ་ས་ནཱརྟྟཿ ཟུག་རྔུས་མནར་བ། ཨུ་པ་རཀྟཿ གཞན་གྱིས་


MR26_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཙེས་པ། ལྷག་པར་གྱུར་པའི་མིང་། ཨ་ཏི་རིཀྟཿ ཤིན་ཏུ་ལྷག་པ། ས་མ་དྷི་ཀཿ ཡང་དག་ལྷག་པ། ཨ་དྷི་ཀཿ ལྷག་པའང་ངོ་། །བརྟན་པོར་སྦྱར་བའི་མིང་། དྲི་ཌྷ་སནྡྷིཿ བརྟན་པོར་སྦྱར་བ། སཾ་ཧ་ཏཿ དམ་པ། གཞན་ཡང་སྲ་བ་སོགས་ཀྱི་ཡོན་ཏན་གོང་དུ་སའི་སྐབས་སུ་བཤད་པ་ཅི་རིགས་ཀྱང་ཤེས་པར་བྱའོ། །རྗེས་སུ་འགྲོ་བའི་མིང་། ཨ་ནྭ་ཙ྄་ཀ྄ རྗེས་འགྲོ། ཨ་ནྭཀ་ཥཾ། ཕྱིར་འབྲང་། ཨ་ནུ་ཀཿ རྗེས་འཇུག ཨ་ནུ་བདཾ། རྟིང་འབྲང་། མངོན་སུམ་དུ་ཤེས་པའི་མིང་། པྲཏྱཀྵཾ། མངོན་སུམ། ཨཻནྡྲི་ཡ་ཀཾ དབང་པོས་མྱང་བའམ་དབང་པོའི་ཡུལ། དབང་པོའི་སྤྱོད་ཡུལ་མ་ཡིན་པའི་མིང་། ཨ་པྲ་ཏྱ་ཀྵཾ། མངོན་སུམ་མིན་པ། གཞན་ཡང་། ཨ་ན་དྷྱཀྵཾ། གཞལ་བྱ་མིན་པ། ཨཏྱ་དྷྱ་ཀྵཾ། མངོན་སུམ་ལས་འདས་པ། ཨ་ཏཱིནྡྲི་ཡཾ། དབང་ཡུལ་ལས་འདས་པ། ངག་ལ་སོགས་པ་གསལ་བའི་མིང་། སྤཥྚཾ། གསལ་བ། སྥུ་ཊཾ།འབྱེད་པ། པྲ་བྱཀྟཾ། གོ་བདེ་བ། ཨུལྤ་ཎཾ། ཟུར་གྱིས་རྟོག་པ། དུ་མ་དང་འབྲེལ་བའི་དངོས་པོ་གཅིག་བརྗོད་པའི་མིང་། སཱ་དྷཱ་ར་ཎཾ། ཎཱི། ཎཱ། ཐུན་མོང་བ། སཱ་མཱ་ནྱཾ། ནཱི། ནྱཱ། སྤྱི། གྲོགས་མེད་པའི་གཅིག་ཁོ་ན་བརྗོད་པའི་མིང་། ཨེ་ཀཱ་ཀིན྄་ཀཱི། གཅིག་རྐྱང་། ཨེ་ཀཿ གཅིག་པུ། ཨེ་ཀ་ཀཿ གཅིག་ཁོ་ན། ཐ་དད་དམ་གཞན་བརྗོད་པའི་མིང་། བྷིནྣཿ ཐ་དད་དམ་དབྱེ་བ། བི་ཤེ་ཥ། ཁྱད་པར། བྷེ་དེ། བྱེ་བྲག ཨ་ནྱ་ཏ་རཿ གཞན་ཤོས། ལ་ལར། ཨེ་ཀ་ཏ་རཿ ཞེས་ཀློག ཨེ་ཀཿ གཅིག་པོ། ཏྭཿ འམ ཏྭ་ཏ྄། ཕ་ལོགས། ཨ་ནྱཿ གཞན། ཨི་ཏ་རཿ གཅིག་ཤོས། རྣམ་པ་དུ་མ་བརྗོད་པའི་མིང་། ཨུ་ཙྩཱ་པ་ཙི། རྣམ་པ་མང་པོ་སྟེ་མཐོ་དམའ་སྟོད་སྨད་སོགས་བསྡུས་ནས་བརྗོད་པའོ། །ནཻ་ཀ་བྷེ་དཾ། དབྱེ་བ་དུ་མ། གནད་དུ་བསྣུན་པའི་མིང་། ཨ་རུནྟུ་དཿ གནད་ལ་གཟིར་བ། མརྨ་སྤྲྀ་ཤ྄་ཀྲ གནད་ལ་རེག་པ། མ་བཀག་པའི་མིང་། ཨ་བཱདྷཾ།


MR26_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཀག་པ། ནི་རརྒ་ལཾ། བཀག་པ་མེད་པ། མཚན་ཉིད་ཀྱིས་འགལ་བའམ་གོ་བཟློག་པའི་མིང་། པྲ་ས་པྱཾ། གོ་ཟློག པྲ་ཏི་ཀཱུ་ལཾ། མི་མཐུན་པ། ཨ་པ་ས་བྱཾ། ཕྱིན་ཅི་ལོག ཨ་པཥྵུ། ལོག་པར་གནས་པ། གོ་སྐབས་ཆུང་ངུའི་ལམ་སོགས་ལ། སཾ་ཀ་ཊཾ། དོག་པོ། སཾ་བཱ་དྷ། ཕན་ཚུན་འགོག་པའམ་གོ་དོག་པ་ཞེས་སོ། །འཇུག་དཀའ་བའམ་རྟོགས་དཀའ་བའི་མིང་། ཀ་ལི་ལཾ། འཇུག་དཀའ་བ། ག་ཧ་ནཾ། བདེ་བླག་མིན་པ་སྟེ། དཔེར་ན། ག་ཧ་ནཾ་ཤཱསྟྲཾ། ཞེས་པ་གོ་དཀའ་བའི་བསྟན་བཅོས་སུ་བསྒྱུར་དུ་རུང་བ་ལྟ་བུའོ། །སྐྱེ་བོ་སོགས་ཀྱིས་གོ་སྐབས་མེད་པའི་མིང་། སཾ་ཀཱིརྞཾ། བརྫངས་པ། སཾ་ཀུ་ལཾ། གཏིབས་པ། དེ་དག་འཁྲུགས་པ་དང་འདྲེས་པར་ཡང་བསྒྱུར་དུ་རུང་། ཨཱ་ཀཱིརྞྞཾ། གོ་སྐབས་མེད་པ། མདུད་པ་བྱས་པའི་མིང་། གྲ་ཐི་ཏཾ། མདུད་པ། ཀློག་ཚུལ་གཞན། གྲན྄་ཐི་ཏཾ། དང་། གུམྦི་ཏཾ། ཞེས་ཀྱང་ངོ་། །མ་བི་ཏཾ། བཅིངས་པ། ཀློག་ཚུལ་གཞན། མརྡྡི་ཏཾ། དྲྀབྡྷཾ། མདུད་བྱས། ཁོ་ལག་རྒྱས་པའམ་རྒྱ་བསྐྱེད་པའི་མིང་། བི་སཏྲྀ་ཏཾ། ཁྱོན་ཆེ་བའམ་ཁྱོན་བསྐྱེད་པ། བི་སྲྀ་ཏཾ། ཁོ་ལག་རྒྱས་པའམ་བརྐྱང་པ། ཏ་ཏཾ། རྒྱ་བསྐྱེད་པ། གཡོ་བར་བྱས་པའི་མིང་། བེལླི་ཏཿ བསྐྱོད་པ། པྲེརྑི་ཏཿ གཡོ་བར་བྱས། ཨཱ་དྷཱུ་ཏཿ འདར་བར་བྱས། ཙ་ལི་ཏཿ བསྐྱམས་པ། ཨཱ་ཀམྤི་ཏཿ བསྐྱོད་པར་བྱས། དྷུ་ཏཿ བསིགས། འཕེན་པའམ་ཕུལ་བའི་མིང་། ནུཏྟཾ། ཕུལ་བ། ནུནྣཿ དེད་པ། ཨསྟཿ འཕངས་པ། ནིཥྵྱུ་ཏཿ འཕེན་པ། ཨཱ་བིདྡྷཿ བསྐུལ་བ། ཀྵི་པྟཿ བསྐྱོད་པ། ཨི་རི་ཏཿ ཕུལ་བ། ཀྵི་པཱ། འཕེན་པ།ཀྵེ་པ་ཎཾ། འཕེན་བྱེད། འོབས་སོགས་ཀྱིས་བསྐོར་བའི་མིང་། པ་རི་ཀྵིཔྟཾ། བསྐོར་བ། ནི་པྲྀ་ཏཾ། བསྒྲིབས་པ། བརྐུས་པའི་མིང་། མུ་ཥི་ཏཾ། བརྐུས་པ། མཱུ་ཥི་ཏི། བརྐུ་བར་བྱས། རབ་ཏུ་བརྡལ་བའི་མིང་། པྲ་བྲྀདྡྷཾ། རབ་བརྡལ། པྲ་སྀ་ཏཾ། རབ་བཀྲམ། བཞག་པའི་མིང་། ནྱ་ཏཾ། བཀོད་


MR26_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པ། ནི་སྲྀཥྚཾ། བཞག་པ། བསྒྱུར་བ་སྟེ་སྤེལ་བའི་མིང་། གུ་ཎི་ཏཾ། བསྒྱུར་བ། ཨཱ་ཧ་ཏཾ། སྤེལ་བ། བྱུགས་པའི་མིང་། ནི་དིགྡྷཾ། བྱུགས་པ། ཨུ་པ་ཙི་ཏཾ། ཉེ་བར་བསགས་པ། གུར་གུམ་སོགས་ཀྱིས་བྱུག་པ་བྱེད་པའི་མིང་། ས་མཱ་ལམྦྷཿ བསྐུ་བྱུག བི་ལེ་པ་ནཾ། འབྱུག་པ། ཙན་དན་ལ་སོགས་པའི་ཁུ་བས་བྱུགས་པའི་མིང་། དིགྡྷཾ། ཉུག་པ། ལིབྷཾ། བསྐུས་པ། དྲི་བཟང་གི་བྱུག་པ་སོགས་ཀྱིས་དྲི་ང་སེལ་བའི་མིང་། བི་མརྡྡ་ནཾ། རྣམ་ཉེད། པ་རི་མ་ལཿ དྲི་ང་འདོར་བ། སཾ་མརྔྔཿ འབྱུག་བྱེད། སྦས་པའི་མིང་། གཱུ་ཌྷཾ། སྦས་པ། གུཔྟཾ། བསྐུངས་པ། རྡུལ་གྱིས་གོས་པའི་མིང་། གུཎྚི་ཏཾ། རྡུལ་གྱིས་ཟོས་པ། རཱུ་ཥི་ཏཾ། རྡུལ་གྱིས་གོས་པ། མར་སོགས་ཞུ་བའི་མིང་། དྲུ་ཏཾ། ཞུ་བ། ཨ་བ་དཱིརྞྞཾ། བཞུས་པའམ་འདྲུལ་བ། མཚོན་སོགས་ཕྱར་བའི་མིང་། ཨུངྒཱུརྑཾ། ཕྱར་བ། ཨུ་དྱཏ། གདེབས་པ། འདོད་འཇོར།ཨུཏྠི་ཏཾ། ཞེས་བཀླག ཁུར་ཤིང་གི་ཐག་པ་ལ་བཏགས་པའམ་བཞག་པའི་མིང་། ཀཱ་ཙི་ཏཾ། ཁུར་སྦྲགས་པ། ཤི་ཀྱི་ཏཾ། ཁུར་ཐག་ལ་བཞག་པ། ཁྲོན་པ་སོགས་ལས་ཡར་དྲངས་པའི་མིང་། ས་མུ་དཀྟཾ། ཡར་དྲངས་པ། ཨུདྡྷྀ་ཏཾ། ཕྱུང་བ། འོབས་ཚལ་དང་ཆུ་ཀླུང་སོགས་ཀྱིས་བསྐོར་བའི་མིང་། བེཥྚི་ཏཾ། དཀྲིས་པ། བ་ལ་ཡི་ཏཾ། གདུ་བུ་ལྟར་བྱས་པ། སམྦཱི་ཏཾ། བཅིངས་པ། རུ་དྷཾ། བསྐོར་བ། ཨཱ་པྲྀ་ཏཾ། ཀུན་བསྐོར། ཞིག་པའི་མིང་། རུསྣཾ། ཆག་པ། བྷ་གྣཿ དང་། གྣཾ། ཞིག་པ། བི་ཤཱིརྞྞཿ ཞིག་རལ། མི་སྣང་བར་གྱུར་པའི་མིང་། བི་ནཱ་ཤཿ བརླག་པ། ཨ་དརྴ་ནཾ། མཐོང་མེད། ལུཔྟཿ མི་སྣང་བའམ་ཞིག་པ། ཏི་རོ་ཧི་ཏཿ མི་སྣང་བར་གྱུར་པ་ཞེས་སོ། །རྡོ་བརྡར་སོགས་ཀྱིས་རྣོན་པོར་བྱས་པའི་མིང་། ནི་ཤི་ཏཾ། རྣོ་བར་བྱས་པ། ཀྵྞུ་ཏཾ། རྣོན་པོ། ཤཱ་ཏ། བརྡར་བ། ཏི་ཛི་ཏཾ། རྣོན་པོར་བྱས་པ། ཉམས་པར་ཕྱོགས་


MR26_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཉམས་ལ་ཁད་པའི་མིང་། བི་ནཱ་ཤོབྡུ་ཁཾ། ཉམས་པར་ཕྱོགས་པ། པ་ཀྭཾ། འཇིག་པར་ཆག ངོ་ཚ་སྐྱེས་པའི་མིང་། ཧྲཱི་ཎཿ ངོ་ཚ་བ། ཧྲཱི་ཏཿ སྐྱེངས་པ། ལ་ཛྫི་ཏཿ སྐྱེངས་པར་གྱུར་པ། བསྒྲིབ་པར་བྱས་པའི་མིང་། པྲྀ་ཏཿ བསྒྲིབས། བྲྀཏྟཿ གཡོར། བཱ་བྲྀཏྟཿ བསྒྲིབ་བྱས། བསྒྲིབས་པའི་མིང་། ཙྪནྣཾ། གཡོགས་པ། ཙྪཱ་དི་ཏཾ། གཡོར་བ། ཚིག་དོན་གཞན་དང་སྦྱར་བའི་མིང་། སཾ་ཡོ་ཛི་ཏཿ ཡང་དག་པར་སྦྱར་བ། ཨུ་པཱ་ཧ་ཏིཿ བསྡེབས་པ། འཐོབ་པར་བྱ་བ། ནུས་པའི་མིང་། པྲཱཔྱཾ། འཐོབ་བྱ། ག་པྱཾ། འཐོབ་ནུས། ས་མཱ་སཱདྱཾ། འཐོབ་པར་བྱ་བ། ཟག་པའི་མིང་། སྱནྣཾ། འཛག་པ། རཱི་ཎཾ། ཟག་པ། སྲུ་ཏཾ། ཤད་པ། སྣུ་ཏཾ། ཟག་པར་གྱུར་པ། འཛག་པའི་མིང་། སྲ་བཿ འཛག་པ། སྲཱ་བཿ འབབ་བྱེད། པྲ་སྲཱ་བཿ རབ་འཛག ཡི་གེ་སོགས་བསྡུས་ནས་གབ་པའི་མིང་། སཾ་གཱུ་ཌྷཿ གབ་ཡིག སཾ་ཀ་ལི་ཏཿ བརྡ་བསྡུས། སྨད་པར་གྲགས་པའི་མིང་། ཨ་བ་གཱི་ཏཿ སྨད་པར་གྲགས་པ། ཁྱཱ་ཏ་གརྷ་ཎཿ སྨད་པའི་གྲགས་པ། སྨན་དང་རི་མོ་འབྲི་བ་སོགས་ཀྱི་ཆེད་དུ་དྲི་དང་རྡོ་སོགས་ཕྱེ་མར་བྱས་པའི་མིང་། ཨ་བ་དྷྭསྟཿ བཏགས་པའམ་བཏུལ་བ། ཨ་བ་ཙཱུརྑི་ཏཿ ཕྱེ་མར་བྱས་པ། ཉི་མར་ཆུ་བཅས་སྨན་ཁུང་ལ་བུས་ཕྱུང་བའི་གྲང་ཐང་གི་མིང་། ཨ་ནཱ་ཡཱ་ས་ཀྲྀ་ཏཾ། སྨན་གྱི་རང་བཅུད། ཕཱཎྚཾ། གྲང་ཐང་། བཅིངས་མིང་། བདྡྷཾ། བཅིངས་པ། སནྡ་ནི་ཏཾ། བསྡམས་པ། མཱུ་ཏཾ། ཀྱིག་པ། ཀློག་ཚུལ་གཞན། མཱུརྞྞཾ། ཞེས་ཀྱང་ངོ་། །ཨུནྣི་ཏཾ། བསྒྲོག་པ། ཀློག་ཚུལ་གཞན། ཨུདྡི་ཏཾ། ཞེས་སོ། །སནྣི་ཏཾ། བརྟོད་པ། སི་ཏཾ། མདུད་པ། བསྐོལ་བའི་མིང་། ནིཥྤ་ཀྭཾ། བསྐོལ་བ་སོགས་མེ་ཡི་ཡོན་ཏན་དུ་བཤད་ཟིན། ཐུབ་པ་རྣམས་རྣམ་པར་གྲོལ་བ་དང་མེ་སོགས་མི་སྣང་བར་ཤི་བའི་མིང་། ནིརྦྦཱ་ཎཿ མྱང་འདས་དང་ཞི་བ་སོགས་


MR26_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དང་སྦྱར། རླུང་དང་བྲལ་བའི་མིང་། ནིརྦ་ཏཿ རླུང་མེད། ཡོངས་སུ་སྨིན་པའི་མིང་། པ་ཀྭཾ། སྨིན་པ། པ་རི་ཎ་ཏཾ། ཡོངས་སུ་གྱུར་པ། བཤང་པ་བྱས་པའི་མིང་། གཱུ་ཎཾ། བཤང་བ་བྱས། ཧནྣཾ། བཤང་བ་དོར། གཅིན་གཅིས་པའི་མིང་། མཱིཌྷཾ། གཅིན་གཅིས། མཱུ་ཏྲི་ཏཾ། ཆུ་བཅགས། བྱ་སོགས་གསོས་པའི་མིང་། པུཥྤཾ། རྒྱས་བྱས། པུ་ཥི་ཏཾ། གསོས་པ། བཟོད་པར་བྱས་པའི་མིང་། སོཌྷཾ། བརྟན་པ། ཀྵཱནྟཾ། བཟོད་པ། སྐྱུག་པར་བྱས་པའི་ཟན་སོགས་ཀྱི་མིང་། ཨུཪྤཱཾ་ནཾ། སྐྱུགས་པ། འགའ་ཞིག ཨུདྡྷཱ་ནཾ། ཞེས་ཀློག ཨུངྒ་ཏཾ། ཕྱིར་བྱུང་བ། དུལ་བའི་མིང་། དཱནྟཾཿ དུལ་བ། ད་མི་ཏཿ དུལ་བྱས། ཉོན་མོངས་དུལ་བ་སོགས་སྔར་བསྟན་ཟིན་ཀྱང་འདི་གླང་དུལ་བ་སོགས་སྤྱིར་འཇུག་པས་དོན་དུ་བཤད་ཅེས་གསུངས། ཞི་བའི་མིང་། ཤཱནྟཿ ཞི་བ། ཤ་མི་ཏཿ ཞི་བར་བྱས་པ། སློང་མོ་བྱས་པའི་མིང་། པྲཱ་ནྲི་ཏཿ བསླངས་པ། ཨརྡྡི་ཏཿ བསླང་བར་བྱས། ཤེས་སུ་བཅུག་པའི་མིང་། ཛྙཔྟཿ ཤེས་སུ་བཅུག ཛྙ་བི་ཏཿ བསྒོས། འདིར་བྱིངས་མདོར་གྷ་ཊ་སོགས་སུ། འཆི་བ་དང་དགའ་བ་དང་། ངེས་པར་སྦྱོར་བ་རྣམས་ལ་ཛྙའོ་ཞེས་དང་། ལ་ལར་ཤེས་པར་བྱེད་པ་ཞེས་དང་། ལ་ལར་རྣོ་བར་བྱེད་པ་ཞེས་ཀྱང་ཀློག་པས་སྒྲ་འདི་དག་དོན་མང་པོར་འགྱུར་བའི་ཕྱིར། བསད་པ་དང་། དགའ་བ་དང་། བཀའ་བསྒོས་པ། བརྡར་ནས་རྣོ་བར་བྱས་པ་སོགས་སྐབས་ཐོབ་ཀྱིས་ཅི་རིགས་པར་བསྒྱུར་དུ་རུང་བ་ཡིན་ནོ། །མཆོད་པའི་མིང་། པཱུ་ཛི་ཏཾ། མཆོད་པ། ཨཉྫི་ཏཾ། མཆོད་པར་བྱས། གང་བའི་མིང་། པཱུརྞཿ གང་བ། པཱུ་རི་ཏཿ བཀང་བ། ཉོན་མོངས་པར་བྱས་པའི་མིང་། ཀླིཥྚཾ། གནོད་པར་བྱས། ཀླི་ཤི་ཏཾ། ཉོན་མོངས་པར་བྱས། རྫོགས་པའི་མིང་། ཨ་བ་སི་ཏཿ ཚར་བ། སི་ཏཿ རྫོགས་པ། བསྲེག་པའི་མིང་།


MR26_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པྲཥྚཿ བསྲེགས། པླུཥྚཿ བསྲེགས་བྱས། ཨུ་ཥི་ཏཿ ཚོགས་བྱས། དགྡྷཿ ཚིག་བྱས། བཞོགས་པའི་མིང་། ཏཥྚཿ བཞོགས་པ། ཏྭཥྚཿ བཞུར་བ། ཏ་ནཱུ་ཀྲྀ་ཏཿ ཆུང་ངུར་བྱས། འབིགས་པའི་མིང་། བྱ་དྷཿ འབུགས་པ། བི་དྷཿ འབིགས་པ། ཕུག་པའི་མིང་། བེ་དྷི་ཏཿ ཕུག་པ། ཙྪི་དྲི་ཏིཿ བརྟོལ་བ། བིདྡྷཿ ཕུག་བྱས། དཔྱད་པའི་མིང་། བིནྣཿ དཔྱད་པ། བིཏྟཿ དཔྱད་པར་བྱས་པ། བི་ཙཱ་རི་ཏཿ རྣམ་པར་དཔྱད་པ། མདངས་མེད་པའི་མིང་། ནིསྤྲ་བྷཿ མདངས་མེད། བི་ག་ཏཿ མི་གསལ་བ། ཨ་རོ་ཀཿ བཀྲག་མེད། མར་ཁུ་སོགས་བཞུས་པའི་མིང་། བི་ལཱི་ནཿ ཞུ་བ། བི་དྲུ་ཏཿ བཞུས་པ། དྲུ་ཏཿ ཞུན་མ། བཅོམ་པའམ་བཀས་པའི་མིང་། དཱ་རི་ཏཿ གསེས་པ། བྷིནྣཿ ཕྱེས་པ། བྷེ་དི་ཏཿ བཀས་པ། འདུད་པར་བྱས་པའི་མིང་། ཨརྷི་ཏཾ། མཆོད་བྱས། ན་མ་སྱི་ཏཾ། བཏུད་བྱས། ན་མ་སི་ཏཾ། བཏུད་པའམ་ཕྱག་བྱས། ཨ་པ་ཙཱ་ཡི་ཏཾ། རི་མོར་བྱས་པ། ཨརྩྩི་ཏཾ། མཆོད་པ། ཨ་བ་ཙི་ཏཾ། བཀུར་བ། ཞབས་ཐོག་བྱས་པའི་མིང་། རི་པ་སི་ཏཾ། ཞབས་རིམ་བྱས། པ་རི་བསྱི་ཏ། ཞབས་ཐོགས་བྱས། ཨུ་པཱ་སི་ཏཾ། ཉེ་བར་བསྙེན། ཨུ་པ་ཙ་རི་ཏཾ། ཉེ་བར་བསྟེན།གདུང་བར་གྱུར་པའི་མིང་། སནྟཱ་པི་ཏཿ རབ་ཏུ་གདུངས་པ། ཏཔྟཿ གདུངས་པ། དྷཱུ་བེ་ཏཿ གདུང་བྱས། དྷཱུ་པཱ་ཡིཿ གདུང་གྱུར། དཱུ་ནཿ གདུངས། བཅད་པའི་མིང་། ཙྪིནྣཾ། བཅད་པ། ཙྪི་ཏཾ། གཏུབས་པ། ཚི་ཏཾ། ཆད། ལཱུ་ནཾ། གཏུབས། ཀྲྀཏྟཾ། བྲེགས། དཱ་ཏཾ། བརྔས། དི་ཏཾ། དུམ་བུར་བྱས། དྲྀགྟཾ། བཅད། བརྡྷ་ནཾ། གཅོད་པ། ཙྪེ་ད་ནཾ། གཏུབས་པ། བརླག་པའི་མིང་། སྲསྟཾ། བརླག་པ། དྷཱ་སྟཾ། བཅོམ་པ། བྷྲཥྚཾ། ཉམས་པ། སྐནྣཾ། ཞིག་པ། བནྣཾ། ཆག་པ། ཙྱུ་ཏཾ། ཟག་པ། ག་ལི་ཏཾ། ཆུད་ཟོས་པ།


MR26_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་མིང་། ལབྡྷཾ། རྙེད་པ། པྲཱཔྟཾ། ཐོབ་པ། བིནྣཾ། རྙེད་གྱུར། བྷཱ་བི་ཏཾ། ཐོབ་གྱུར། ཨཱ་སཱ་དི་ཏཾ། ལྡན་པར་གྱུར་པ། བྷཱུ་ཏཾ། གྱུར་པའམ་ཐོབ་བྱས། བཙལ་བའི་མིང་། ཨ་ནྭེཥི་ཏཾ། བཙལ་བ། ག་བེ་ཥཾ་ཏཾ། མྱུལ་བ། ཨ་ནྭིཥྚཾ། བཙལ་བྱས། མཱརྒྒ་ཎཾ། མྱུལ་བ། མཱ་རྒི་ཏཾ། མྱུལ་བྱས། མྲྀ་གི་ཏཾ། བཙལ་ཟིན། སྟོར་བ་འཚོལ་བའམ་དངོས་པོ་ལ་སྲེད་པས་འཚོལ་བའི་མིང་། སཾ་བཱིཀྵ་ནཾ། ཀུན་ཏུ་རྟོག་པ། བི་ཙ་ཡ་ནཾ། འཚོལ་བ། མྲྀ་ག་ཡཱ། ཡོངས་འཚོལ། མྲྀ་ག་ཎར་ཀློག་པ་ཡོད། མྲྀ་གཿ འཚོ་བྱེད་ཅེས་སོ། །བརླན་པའི་མིང་ཆུས་ཡོན་ཏན་ནས་བྱ་བ་འཇུག་པ་གོང་དུ་སོང་། བསྲུང་བའམ་བསྐྱབས་པའི་མིང་། ཏྲཱ་ཏཾ། བསྐྱབས་པ། ཏྲཱ་ཎཾ། བསྐྱངས་པ། རཀྵི་ཏཾ། བསྲུངས་པ། ཨ་བི་ཏཾ། བསྲུངས་བྱས། གོ་པཱ་ཡི་ཏཾ། སྦས་བྱས།གུཔྟཾ། སྦས་པ། སྐྱོང་བའི་མིང་། རཀྵྞཿ སྲུང་བ། ཏྲཱ་ཎཿ སྐྱོང་བ། རྗེས་སུ་འཛིན་པའི་མིང་། ཨ་བྷྱུ་པ་པཏྟིཿ མངོན་པར་སྐྱོང་བ། ཨ་ནུ་གྲ་ཧཿ རྗེས་འཛིན། རྗེས་སུ་མི་འཛིན་པའི་མིང་། ནི་གྲ་ཧཿ ཚར་གཅོད་པ། བརྙས་པའི་མིང་། ཨ་བ་ག་ཎི་ཏཾ། བརྙས་པ། ཨ་པ་མ་ཏཾ། མ་གུས་པ། ཨ་བ་ཛྙཱ་ཏཾ། མི་རྩི་བ། ཨ་བ་མཱ་ནི་ཏཾ། མ་དད་པ། པ་རི་བྷཱུ་ཏཾ། རྔན་བྱས། བོར་བའི་མིང་། ཏྱཀྟཾ། དོར་བ། ཧཱི་ནཾ། དམན་པ། བི་དྷུ་ཏཾ། བོར་བ། ཨུ་ཛྷི་ཏཾ། བཏང་བ། དྷཱུ་ཏཾ། སྤངས་པ། ཨུཏྶྲྀཥྚཾ། བསྐྱུར་བ། སྨྲས་པའི་མིང་། ཨུཀྟཾ། སྨྲས་པ། བྷཱ་ཥི་ཏཾ། བཤད་པ། ཨུ་དི་ཏཾ། བརྗོད་པ། ཛལྤི་ཏཾ། བཟླས་པ། ཨཱ་ཁྱཱ་ཏཾ། གཏམ་བྱས། ཨ་བྷི་ཧི་ཏཾ། གླེངས་པ། ལ་བི་ཏཾ། སྨྲས་ཟིན། འདི་སོགས་གང་དུའང་ཅི་རིགས་ཡོད་ཀྱང་། འདིར་བྱ་བ་སྒོ་གསུམ་གྱི་སྤྱིའི་ཆ་ནས་བརྗོད་པའོ། །


MR26_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པའི་མིང་། བུདྡྷཾ། རྟོགས་པ། བུདྷི་ཏཾ། ཁོང་དུ་ཆུད། མ་ནི་ཏཾ། ཤེས་པ། བི་དི་ཏཾ། རིག་པ། པྲ་ཏི་པནྣཾ། གོ་བ། ཨ་བ་སི་ཏཾ། ཀུན་ཆུབ། ཨ་བ་ཀ་ཏཾ། ཆུབ་པ། མྱུར་བ་ལ་སོགས་པ་ཁྱད་འཕགས་ཀྱི་དོན་བརྗོད་པ། ཀྵི་བིཥྛཿ རབ་ཏུ་མྱུར་བ། ཀྵོ་དིཥྛཿ མཆོག་ཏུ་ཕྲ་བ། པྲེཥྛཿ དགའ་བ་ཁྱད་འཕགས། པ་རིཥྛཿ རབ་ཏུ་ཆེ་བ། སྡྱ་བིཥྛཿ མཆོག་ཏུ་སྦོམ་པ། བཾ་ཧིཥྛཿ རབ་ཏུ་མང་པོ། འདི་རྣམས་པྲ་ཀརྵའི་དོན་ཅན་ཡིན་པས། བོད་སྐད་ལ་མཆོག་ཏུའམ། རབ་བམ་ཁྱད་འཕགས་ཞེས་པའི་ཚིག་གྲོགས་དང་སྦྱར་ནས་དཔེར་བརྗོད་པའོ། །བརྟན་པ་ལ་སོགས་ཕུལ་དུ་བྱུང་བ་བརྗོད་པ་ལ། སཱ་དྷིཥྛཿ ཤིན་ཏུ་བརྟན་པ། འདི་བཱ་ཌྷའི་ལུས་འགྱུར་ཡིན་པས། ངེས་པའམ་སྲ་བའམ་ཁས་བླངས་པ་རྣམས་ཕུལ་དུ་བྱུང་བ་ལ། འཇུག་པས་སྐབས་སུ་གང་བབ་སྦྱར་དགོས། དྲཱ་གྷིཥྛཿ ཤིན་ཏུ་རིང་བ། སྥེཥྛཿ ཆེས་མང་བ། ག་རིཥྛཿ ཤིན་ཏུ་ལྕི་བ། ཧྲ་སིཥྛཿ ཤིན་ཏུ་ཐུང་བ། བྲྀནྡཥྛཿ ཤིན་ཏུ་ཡིད་འོང་ངམ་ཆེས་གཙོ་བོ། དེ་ལྟར་འདི་རྣམས་ཨ་ཏི་ཤ་ཡིའི་དོན་ཅན་ཡིན་པས་ཤིན་ཏུའམ། ཕུལ་བྱུང་ངམ་ཆེས་ཆེར་སོགས་ཀྱི་གྲོགས་དང་སྦྱར་ནས་བཤད་པའོ། །ཞེན་པའམ་བརྟེན་པ་བརྗོད་པའི་མིང་། པ་རཱ་ཡ་ཎཾ། ཀུན་ཏུ་ཞེན་པ་སྟེ་དཔེར་ན། དྷརྨྨ་པ་རཱ་ཡ་ཎཾ། ཆོས་ལ་བརྟེན་པའམ་ཆོས་ལ་རེ་བ། འདིའི་རྟེན་གནས་ལ་འཇུག་པའི་ཕྱིར་དཔུང་གཉེན་དུ་བསྒྱུར་ཀྱང་རུང་ངོ་གསུངས། རྣམ་བཤད་བདུད་རྩིར་འདིའི་ཚབ་ཏུ། ཏུ་རཱ་ཡ་ཎ། ཞེས་བཀླགས་སོ། །རང་དབང་འདུས་པའི་མིང་། ཡ་དྲྀཙྪཱ། རང་དབང་གིས་འཇུག་པ། སྭཻ་རི་ཏཱ། རང་དབང་ཅན། ནོར་བུ་དང་སྔགས་དང་སྨན་གྱིས་དབང་དུ་བྱེད་པའི་མིང་། བ་ཤ་ཀྲི་ཡཱ། དབང་གི་ལས། སམྦ་ད་ནཾ། སླུ་བར་བྱེད་པ། ཡང་ན། ས་མཱ་པ་ནཾ། ཞེས་སོ། །སྨན་སྔགས་སོགས་ཀྱིས་བསྡིགས་


MR26_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྐྲོད་པ་དང་རེངས་པ་དང་དབང་དུ་བྱེད་པ་ལ་སོགས་པའི་ལས་ཀྱི་མིང་། མཱུ་ལ་ཀརྨན྄། རྨྨ། རྩ་བའི་ལས། ཀཱརྨ་ཎཾ། ལས་སྦྱོར། གཡོ་བར་བྱེད་པའི་མིང་། བི་དྷཱུ་བ་ནཾ། གཡོ་བྱེད། བི་དྷཱུ། སྐྱོད་བྱེད། ཀམྦ་ནཾ། འདར་བ། ཙ་ལ་ནཾ། གཡོ་བ། ཚིམ་པར་བྱེད་པའི་མིང་། ཏབ་ཎཾ། ཚིམ་བྱེད། པྲཱི་ཎ་ནཾ། ངོམས་བྱེད། ཨ་བ་ནཾ། དགའ་བྱེད། གསོད་པ་སོགས་ལས་བཟློག་སྟེ་སྐྱོབ་པའི་མིང་། པཪྻྱཱཔྟིཿ སྐྱོབ་པ། པ་རིཏྲཱ་ཎཾ། ཡོངས་སུ་སྐྱབ་པ། ཧསྟ་བཱ་ཧཱ་ར་ཎཾ། ལག་པས་འགེབས་པ། ཀློག་ཚུལ་གཞན། ཧསྟ་དྷཱ་ར་ཎཾ། ལག་པས་སྐྱོབ་པ། སློང་བའི་མིང་། ཡཱཙཉཱ། སློང་བ། བྷིཀྵཱ། སློང་མོ། ཨརྵེ་ནཱ། བསོད་སྙོམས། ཨརྡྡ་ནཱ། ལྡོམ་བུ། འགྲོ་འོང་སོགས་ཀྱི་ཚེ་འཁྱུད་དང་འོ་བྱེད་ཁམས་བདེ་འདྲི་བ་སོགས་ཀྱིས་དགའ་བར་བྱེད་པའི་མིང་། ཨཱ་ནནྡཾ། དགའ་བྱེད། སཾ་བྷཱ་ཛ་ནཾ། འཚམ་འདྲི། ཨཱ་པྲྀཙྪ་ནཾ། ཀུན་འདྲིའམ་མཛའ་སྤྱོད། བརྒྱུད་པའི་གདམས་པའི་མན་ངག་གི་མིང་། ཨམྣཱ་ཡཿ མན་ངག སཾ་པྲ་དཱ་ཡཿ ཡང་དག་རབ་སྦྱིན། དཀྲི་བ་དང་ཡང་དག་པར་དད་པའི་མིང་། བ་རཿ དཀྲི་བའམ་དད་པ། པྲྀ་ཏིཿ བསྐོར་བའམ་གུས་པ། བ་རཿ ཞེས་པ་ལྷ་ལས་དངོས་གྲུབ་སློང་བའི་མཆོག་ལའང་འཇུག་གོ། ཚུལ་གྱི་མིང་། ན་ཡཿ ཚུལ། ནཱ་ཡཿ ལུགས། འཁྲུལ་བའི་ཆེད། བྷྲ་མཿ འཁྲུལ་པ། བྷྲ་མིཿ གཡོ་བ། བྷྲ་མ་གོང་དུའང་སོང་མོད། འདིར་མིའང་དེ་དང་ཆ་འདྲ་ཤེས་པའི་སླད་དུ་བཀོད་པ་སྟེ། དེ་འདྲ་སྐབས་སོ་སོའི་དབང་གིས་ཡང་ཡང་བརྗོད་པ་དུ་མ་ཡོད་ཀྱང་སོ་སོའི་སྐབས་སུ་གོ་བདེ་སླད་བྱས་པ་ཤེས་པར་བྱའོ། །འབྱོར་པའི་མིང་། བི་དྷཱ། འབྱོར་བ། ཀློག་ཚུལ་གཞན། ཨེ་དྷཱ། འཕེལ་བ། སམྲྀདྡྷིཿ འབྱོར་ཚོགས། འཕྲོ་བའི་མིང་། སྥ་ར་ཎཾ། འཕྲོ་བ། སྤུ་ར་ཎཾ། སྤྲོ་བ། ཚད་འཇལ་བའི་མིང་། པྲ་མི་ཏིཿ འཇལ་བ། པྲ་མཱ། ཚད། བཙའ་བའི།


MR26_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་སཱུ་ཏིཿ སྐྱེ་བ། པྲས་བཿ འཁྲུངས་པ། ཡང་ན་མིང་དེ་དག་བསྐུལ་བའམ་མངག་པ་ལའང་འཇུག ལྟུང་བ འམ་འགྱུར་བའི་མིང་། ཤྩྱོ་ཏཿ ལྟུང་བ། པྲཱ་གྷཱ་རཿ འབོ་བ། ཉམས་ཆུང་བའི་མིང་། ཀླ་མ་ཐཿ ཉམས་ཆུང་པ། ཀླ་མཿ དུབ་པ། མཚམས་སྦྱོར་བའི་མིང་། སནྡྷིཿ སྦྱོར་བ། ཤླེ་ཥཿ འབྱར་བ། རྒྱུན་དུ་བསྟེན་པའི་གནས་ཀྱི་མིང་། ཨཱ་ཤ་ཡཿ གཞི། ཀློག་ཚུལ་གཞན། ཨཱ་ཤྲ་ཡཿ གནས། བསྟུ། དང་། ལ་ཡ། དང་། བིཥྚ་པཾ། གསུམ་ཀ་ཡང་གཞི། བི་ཥ་ཡཿ ཡུལ། འབད་པའི་མིང་། གུ་ར་ཎཾ། ནན་ཏན། ཨུཪྻ་མཾ། འབད་པ། དེ་དག་གདེངས་པའམ་གཟས་པ་ལའང་འཇུག སྟེན་པའི་མིང་། ཤྲཱ་ཡཿ སྟེན། ཤྲ་ཡ་ཎཿ སྟེན་བྱེད། མཐོ་བའམ་རྟོག་པར་བྱེད་པའི་མིང་། ཨུནྣཱ་ཡཿ འཕགས་པར་བྱེད་པ། ཨུནྣ་ཡཿ འདྲེན་པར་བྱེད་པ། འདི་སྔར་གྱི་ལོ་ཙཱ་འགས་སྒོ་བཏོད་པར་བསྒྱུར་ཀྱང་། འགྲེལ་པ་འདོད་འཇོ་ལྟར་བཀོད་ཅིང་རྗེས་སུ་འགྲོ་བ་ལའང་འཇུག །འཚེ་བར་བྱེད་པའི་མིང་། ཌིམྤཿ འཚེ་བྱེད། ཌ་མ་དཿ ཅོ་འདྲི་བ། བི་ཀླ་ཀཿ ཉེར་འཚེ། གནོད་པ་བྱེད་པའི་མིང་། ནི་ཀཱ་རཿ གནོད་བྱེད། བི་པྲ་ཀ་རཿ ཉེས་བྱེད། གཞན་འཆིང་བའི་མིང་། བནྡྷ་ནཾ། འཆིང་བ། པྲ་སི་ཏིཿ སྡོམ་པ།ཙཱ་རཿ འཆིང་བྱེད། ནད་ཀྱི་མིང་། སྤརྴཿ ནད། འདི་ནད་མིང་བྱེད་ན་ར་ཡིག་ཅན་དུ་བཀླག་དགོས། སྤཥྚྲཱྀ་འམ་སྤཥྚཱ། རེག་བྱེད། ཨུ་པ་ཏཔྟྀའམ་པྟཱ། ཉེར་གདུང་། བསམ་པ་དང་མཐུན་པའི་བྱ་བ་བྱེད་པའི་མིང་། ཨཱ་ཀཱ་རཿ འདོད་པ་སྒྲུབ་པ། ཨིངྒཿ དགོངས་པ་སྒྲུབ་པ། ཨིངྒི་ཏཾ། བསམ་བཞིན་བྱེད་པ། རྣམ་པར་ཡོངས་སུ་འགྱུར་བའི་མིང་། བི་ཀཱ་རཿ རྣམ་པར་འགྱུར། པ་རི་ཎཱ་མཿ ཡོངས་སུ་འགྱུར་ཞེས་དཔེར་ན་འཇིམ་གོང་བུམ་པར་ཡོངས་སུ་འགྱུར་བ་ལྟ་བུའོ། །འཚོ་བར་མི་བྱེད་པའི་མིང་། བི་ཀྲྀ་ཏིཿ མི་འཚོལ་བ། བི་ཀྲི་ལཱ། མི་བཙལ་བ། གཞན་


MR26_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བི་མྡརྒཿ མི་སློང་བ། བི་ཀཱ་ར་ནས་འདི་བར་མིང་བཞི་རྣམ་འགྱུར་གྱི་རྣམ་གྲངས་སུ་བདུད་རྩིར་བཤད། ངག་གི་བྱ་བའམ་བློ་ཡིས་ཐ་དད་མང་པོ་བྱེད་པའི་མིང་། ས་མཱ་ཧཱ་རཿ ཀུན་སྡུད་པ། ས་མུཙྩ་ཡཿ ཀུན་བསྡུ་བ། དབང་ཤེས་རང་གི་ཡུལ་ལས་ཚུར་སྡུད་པའི་མིང་། པྲ་ཏྱཱ་ཧཱ་རཿ སོ་སོར་སྡུད་པ། ཨུ་པཱ་དཱ་ནཾ། ཉེ་བར་ལེན་པ། རྩེད་མོའི་ཆེད་དུ་གོམ་པ་འདོར་བའི་འགྲོ་ཚུལ་ཞིག་གི་མིང་། བི་ཧཱ་རཿ རྩེད་འགྲོས། པ་རི་ཀྲ་མ། ཡོངས་སུ་འཆག་པ། རྐུན་མ་བྱེད་པའི་མིང་། ཨ་བྷི་ཧཱ་རཿ མངོན་པར་འཕྲོག་པ། ཨ་བྷི་གྲ་ཧ་ཎཾ། མངོན་པར་འཛིན་པ། ཁ་ཅིག་གིས་མངོན་དུ་ཕྱོགས་ནས་འཛིན་པའི་མིང་ཡིན་ཞེས་བཤད། འཐབ་པ་ལའང་འཇུག་པར་བཤད། ཟུག་རྔུ་སོགས་དབྱུང་བའི་མིང་། ནི་རྷཱརཿ དབྱུང་བ། ཨ་བྷྱ་པ་ཀརྵ་ཎཾ། མངོན་པར་འབྱིན་པ། མཐུན་པར་བྱེད་པའམ་འདྲ་མཚུངས་སུ་བྱེད་པའི་མིང་།ཨ་ནུ་ཧཱ་རཿ རྗེས་སུ་སྒྲུབ་པ། ཨ་ནུ་ཀཱ་རཿ རྗེས་སུ་བྱེད་པ། ཆུ་ལ་སོགས་པ་རྒྱུན་མི་འཆད་པར་འབབ་པའི་མིང་། པྲ་བཱ་ཏཿ རབ་འབབ། པྲ་བྲྀཏྟིཿ རྒྱུན་མི་འཆད། གྲོང་ཁང་སོགས་ལས་ཕྱིར་འགྲོ་བའི་མིང་། པྲ་བ་ཧཿ ཕྱིར་འཐོན། སྡོམ་པར་བྱེད་པའམ་འགོག་པའི་མིང་། བི་ཡཱ་མཿ འགོག་པ། བི་ཡ་མཿ རྣམ་འགོག ཡཱ་མཿ སྡོམ་པ། ཡ་མཿ སྡོམ་བྱེད། སཾ་ཡཱ་མཿ ཡང་དག་པར་སྡོམ་པ། སཾ་ཡ་མཿ ཀུན་སྡོམ། གསོད་སྐྲོད་སོགས་འཚེ་ལས་མིང་། ཧིཾ་ས་ཀརྨ་ན྄། རྨྨ། གནོད་ལས། ཨ་བྷི་ཙཱརཿ མངོན་སྤྱོད། གཉིད་མེད་པའམ་གཉིད་སངས་པའི་མིང་། ཛཱ་ག་ནཱ། གཉིད་ཆག ཛཱ་ག་རཱ། སད་པ། འདི་ལ་ཛཱ་ག་རཿ དང་། ཛཱ་གརྟྟིཿ ཛཱ་ག་ར་ཎཾ། ཞེས་ཀྱང་བཤད། གེགས་བྱེད་པའི་མིང་། བིགྷྣཿ བགེགས། ཨནྟ་རཱ་ཡཿ བར་གཅོད། པྲ་ཏྱུ་ཏིཿ བྱ་བའི་གེགས། ཐག་ཉེའི་རྟེན་གནས་ཞེས་ཉེ་བའི་དཔུང་གྲོགས་དང་ངང་


MR26_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་མཁན་གྱི་མིང་། ཨུ་པགྷྣཿ ཉེར་བརྟེན། ཨ་ན་ཏི་ཀཱ་ཤྲ་ཡཿ ཉེ་བར་གནས་པ། བདུད་རྩི་ལས་ཉེ་བར་བརྟེན་པར་བྱེད་པ་ལ་བཤད། ལོངས་སྤྱོད་པའི་མིང་། ནིརྦྦོ་ཤཿ ལོངས་སྤྱོད་པ། ཨུ་བ་བྷོ་གཿ ཉེ་བར་སྤྱོད་པ། སྐྱེ་བོ་སོགས་ཀྱིས་ཡོངས་སུ་བསྐོར་བའི་མིང་། པ་རི་སརྦྦཿ ཡོངས་བསྐོར། པ་རི་ཀྲི་ཡཱ། ཀུན་ཏུ་བསྐོར་བ། བྱ་བའི་ཁུར་མི་ལེན་པའི་མིང་། བི་དྷུ་རཾ། ཁུར་མི་ལེན་པ། པྲ་བི་ཤཥ་ཥཿ མི་འབྱར་མ་སྟེ་འདི་དག་སྔར་འབྲལ་བར་ཡང་བསྒྱུར། བསམ་པའི་མིང་། ཨ་བྷི་པྲཱ་ཡཿ དགོངས་པ། ཙྪནྡཿ འདུན་པ། ཨཱ་ཤ་ཡཿ བསམ་པ། སངས་རྒྱས་སོགས་ཀྱིས་བཞེད་པ་ལའང་འདི་རྣམས་འཇུག་གོ། སྤྲོས་པ་ལས་བཟློག་སྟེ་ཉུང་ངུར་བྱེད་པའི་མིང་། སཾ་ཀྵེ་པ་ཎཾ། མདོར་བསྡུ་བ། ས་མ་ས་ནཾ། བསྡུ་བ། གཞན་ཡང་། སཾ་ཀྵེ་པཿ སྡུད་པ། སཾ་ཧཱ་རཿ བསྡུས་པ། ས་མཱ་སཿ སྡུ་བྱེད། སཾ་གྲ་ཧཿ སྡུད་བྱེད་རྣམས་ཀྱང་བཤད་དོ། །འགལ་བར་བྱེད་པའི་མིང་། པཪྻྱ་བསྠཱ། མི་མཐུན་པ། བི་རོ་དྷ་ནཾ། འགལ་བྱེད། ས་ཐམས་ཅད་དུ་འགྲོ་བའི་མིང་། བ་རི་ས ། ཡོངས་སུ་འཁྱམས་པ། པ་རཱི་སཱ་རཿ ཡོངས་སུ་རྒྱུ་བ། ཕུར་པའི་མིང་། མརྡྡ་ནཾ་ཕུར་པ། ས་མནྡ་ནཾ། ཉེད་པ། ཀློག་ཚུལ་གཞན། སཾ་བཱ་ཧ་ནཾ། ཞེས་དང་། བ་ཡིག་ཐུང་ངུར་ཀློག་པའང་ཡོད། འདྲིས་པའི་མིང་། སཾ་སྟ་བཿ དགའ་འདུན། པ་རི་ཙ་ཡཿ འདྲིས་པ། འགྲེལ་པར། པྲ་ཎ་ཡཿ མཐུན་པའམ་བྱེ་རྟོགས་སུ་མཛའ་གཅུགས་པར་བསྒྱུར། རྨ་འབྲས་སོགས་མཆེད་པའི་མིང་། པྲ་ས་རཿ རྒྱས་པ། བི་སརྦྦ་ཎཾ། མཆེད་པ། རིན་ཐང་ཆེ་བའི་རྒྱུ་མཚན་གྱིས་འབྲུ་ཕུལ་དུ་བྱུང་བ་བརྗོད་པའི་མིང་། ནཱི་བཱ་ཀཿ ཤིན་ཏུ་བརྗོད་པ། པྲ་ཡཱ་མཿ རབ་ཏུ་ངེས་པ། ཉེ་འཁོར་གྱི་མིང་། སནྣི་དྷིཿ དྲུང་། གཞན་དང་། ས་ནི་བྷཾ། ཉེ་ལོགས། ས་ནི་ཀརྞ་ཎཾ།


MR26_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བྱེད་པ། དགའ་བས་དོན་དུ་གཉེར་བའི་མིང་། པྲ་ས་རཿ རབ་ཚོལ། པྲ་ཎ་ཡཿ འདོད་གཉེར། སྔར་འགས་བསྒོ་བར་བསྒྱུར། འོག་ཏུ་འདྲེན་པའི་མིང་། ཨ་པ་ན་ཡཿ འོག་འདྲེན། ནི་བཱ་ཏ་ནཾ། ཐུར་དུ་འདྲེན་པ། སོ་སོར་ལྟ་རྟོག་བྱེད་པའི་མིང་། ཨ་བེཀྵཱ། ལྟ་རྟོག པྲ་ཏི་ཛཱ་ག་རཿ མེལ་ཚེ། པྲཏྱ་བེཀྵ་ཎ། སོ་སོར་རྟོག་པ། ཀློག་པའི་མིང་། ནི་པཱ་ཋཿ ངེས་ཀློག །ནི་པ་ཋཿ ཀློག་པ། པཱ་ཋཿ འདོན་པ། ཕྲད་པའི་མིང་། མེ་ལཿ འདུབ། མེ་ལ་ཀཿ འདུས་པ། སངྒཿ འཛོམ་པ། སངྒ་མཿ འཕྲད་པ། འགྲེལ་པར། སཱངྒ་མཿ ཞེས་འདོན། སམྤ་ཏ། འཕྲད་པ། སེལ་བར་བྱེད་པའི་མིང་། པྲ་ཏྱཱ་ཁྱཱ་ནཾ། སླར་རྒོལ་བའམ་འདོར་བའམ་སེལ་བ། ནི་རས་ནཾ། སེལ་བ། པྲཏྱཱ་དེ་ཤཿ སླར་བཟློག་པ། ནི་རཱ་ཀྲྀ་ཏིཿ འགེགས་པ་སྟེ་གཞོམ་པར་བསྒྱུར་བའང་ཡོད། འགྲེལ་པར། ནི་རཱ་ཀ་ར་ཎཾ། སེལ་བར་བྱེད་པ། ཐུན་བྱེད་པ་སོགས་རིམ་པས་ཉལ་རེས་བྱེད་པའི་མིང་། པི་ཤཱ་ཡཿ ཉལ་རེས། ཨུ་པ་ཤཱ་ཡཿ རིམ་པར་ཉལ་བ། གོ་བསྣོལ་བའི་མིང་། བྱ་ཏྱཱ་སཿ གོ་ཟློག པི་པཪྻྱ་སཿ གོ་བསྣོར། བྱ་ཏྱ་ཡཿ གོ་ལོག །བི་པཪྻྻ་ཡཿ སྒྱུར་བ། འགྲེལ་པར། བྱ་ཏི་ཀྲ་མཿ རིམ་པར་སྒྱུར་བ་སྟེ། དེ་རྣམས་རིམ་མིན་དུ་བརྒལ་བའི་དོན་ཅན་ནོ། །རིམ་པ་ལས་བརྒལ་བའི་མིང་། པཪྻྱ་ཡཿ རིམ་པས་འགོད་པ། ཨུ་པཱ་དྱ་ཡཿ མཆོངས་པ། ཨ་ཏི་ཀྲ་མཿ གོ་རིམ་འདས་པ། ཨ་ཏི་བཱ་ཏཿ རིམ་པས་བརྒལ་བ། དེ་རྣམས་ནི་རིམ་པ་ཉིད་ཀྱིས་མཆོངས་པའམ་བརྒལ་བའི་དོན་ཏོ། །རྒྱུག་པའི་མིང་། ཛ་བ་ནཾ། སྐྱེན་པ། ཛཱུ་ཏིཿ རྒྱུག་པ། བ་ལང་སོགས་དེད་པའི་མིང་། ཨུ་ད་ཛཿ དེད་པ། པ་ཤུ་པྲེ་ར་ཎཾ། ཕྱུགས་སྐུལ་བ། བུ་རྒྱུད་ཀྱི་རྐྱེན་གྱི་མཐའ་ལས་དེའི་ཚོགས་བརྗོད་པ་ནི། ཨཽ་པ་ག་བ་ཀཾ ཨུ་པ་གུའི་རྒྱུད་ཀྱི་ཚོགས། གཱརྒྒ་ཀཾ། གརྒའི་རྒྱུད་ཚོགས། ད་ཀྵི་ཀཾ། མྱུར་བའི་རྒྱུད་ཀྱི་


MR26_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་སོགས་པའོ། །སེམས་མེད་བེམ་པོའི་རིགས་ཀྱི་ཚོགས་བརྗོད་པ་ནི། ཨཱ་པཱུ་བི་ཀཾ ཁུར་བའི་ཚོགས། ཤཱཥྐུ་ལི་ཀཾ ཤའི་ཚོགས། བཽ་པི་ཀཾ། ཟན་རྡོག་གི་ཚོགས་ལ་སོགས་པའོ། །བྱིས་པ་རྣམས་ཀྱི་ཚོགས་ནི། མཱ་ཎ་བྱཾ། བྱིས་པའི་ཚོགས། གྲོགས་ལ། ས་ཧཱ་ཡ་ཏཱ།གྲོགས་ཀྱི་ཚོགས། འདི་འགྲུལ་རོགས་ལྟ་བུ་ལ་ཟེར་གྱི་གཉེན་འདུན་ནི་མ་ཡིན་ནོ། །ཐོང་སོལ། ཧ་ལྱཱ། གཤོལ་ཚོགས། དེ་བཞིན། བྲཱཧྨཎྱཾ། བྲམ་ཟེའི་ཚོགས། པཱ་ཌ་བྱཾ། སྨྲ་པོའི་ཚོགས། པཱརྴཾ། རྩིབ་མའི་ཚོགས། པྲྀཥྛཡཾ། ཉིན་མོའི་ཚོགས། ཁ་ལཾ་གཡུལ་ཁ་དང་སྙིགས་མ་ལ་འཇུག་ཅིང་། ཁ་ལཿ རིགས་ངན་དང་དམན་པ་ཀྲོས་པ་རྣམས་ལ་འཇུག་པས་དེ་རྣམས་ཀྱི་ཚོགས་བརྗོད་པ། ཁ་ལི་ནཱི། ཁ་ལྱཱ། གཡུལ་ཁའམ་སྙིགས་མའམ་ཐ་ཤལ་བའི་ཚོགས། མཱ་ནུ་ཥྱ་ཀཾ མི་ཚོགས། གྲཱ་མ་ཏཱ། གྲོང་ཚོགས་སམ་གྲོང་ཚོམ། ཛ་ན་ཏཱ། སྐྱེ་བོའི་ཚོགས། དྷཱུ་མྱཱཿ དུ་བའི་ཚོགས། པཱ་ཤྱཱ། ཞགས་པའི་ཚོགས། གཱ་ལྱཱཿ འདམ་བུའི་ཚོགས་ཏེ། འདམ་བུ་ཀ་ཤའམ་པོ་ཊ་ག་ལ་ཞེས་གྲགས་པའི་ཚོགས་སོ། །སཱ་ཧ་སྲཾ། སྟོང་གི་ཚོགས། ཀཱ་རཱི་ཥཾ། ལྕི་ཚོགས་ཏེ་ལྕི་བ་སྐམ་པོའི་ཚོགས། བཱརྨྨ་ཎཾ། གོ་ཆའི་ཚོགས། རིག་བྱེད་ལ། ཨཱ་ཐནཱ་ཎཾ། སྲིད་སྲུང་ཚོགས། དེ་བཞིན། ཨཱངྒཱ་རཾ། སོལ་བའི་ཚོགས། ཙཱརྨྨ་ཎཾ། ཀོ་བའམ་ཕུབ་ཀྱི་ཚོགས། ཡཽ་གཾ གཉའ་ཤིང་གི་ཚོགས་ལ་སོགས་པ་ཤེས་པར་བྱའོ། །སྐབས་འདིར་བྱ་ཚིག་གཙོ་བོར་བཟུང་ནས། བྱ་བྱེད་ལས་གསུམ་དང་བསྐུལ་ཚིགས་དུས་གསུམ་གྱི་ཚིག་གི་འཇུག་པ་ཕྱོགས་བསྡེབས་ན་གོ་བདེ་བ་འོང་མོད་ཀྱི་རེ་ཤིག་དེ་ལྟའི་ངལ་བ་མ་ནུས་པར་འཆི་མེད་མཛོད་རྩ་འགྲེལ་གྱི་གཞན་དབང་དང་གཏིབས་པའི་སྡེ་ཚན་དུ་བཤད་པ་ལས། སྒོ་གསུམ་གྱི་བྱ་བ་སོགས་ཅི་རིགས་སྔར་བཀོད་ལ། དེ་ལྷག་རྣམས་འདིར་བཀོད་པ་ཡིན་ནོ། །


MR26_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་རྟོགས་བྱེད་དུ་གསུངས་པའི་སྐད་གོ་མཐུན་སྣ་ཚོགས་ལ། ག་ཏིཿ འགྲོ་བའམ། རྣམ་པའམ། རྟོགས་པའམ། རྟེན། གཙྪ་ཏི། འགྲོ། ཨཱ་གཙྪ་ཏི། འོང་། ཨཱ་ག་མ་ནི་རྒ་མཽ། འོང་བ་དང་འགྲོ་བ། པྲ་ཏི་ཀྲ་མ་ཏི། ཕྱིར་ལྡོག་པ། ཨ་བྷི་གྲ་མ་ཏི། མངོན་དུ་འོང་ངམ་འོང་། ཨ་པྲཏྱུ་དཱ་བརྟྟ་ནཱི་ཡཿ ཕྱིར་ཟློག་ཏུ་མི་རུང་བ། ཨ་པྲ་ཀྲ་མི་ཏ་བྱཾ། ནུར་བའམ་ཕྱི་འབྱེད་པར་བྱ། ཨུ་པ་སབ་ཏི། ཉེ་བར་འགྲོ། ཨ་ནུ་ཡཱ་ཏྲི་ཀཿ ཕྱི་བཞིན་འབྲང་བ། བྷྲ་མ་ཡནྟཾ། འཕྱན་པའམ་འཁྱམ་པ། པ་རི་བྷྲ་མ་ཏེ། ཀུན་ཏུ་འཁྱམས།པྲ་ཏྱུ་དཱ་བྲྀཏྟཿ ཕྱིར་ལོག་པ། ཨ་ནྭཱ་ཧི་ཎྱཿ བསྐོར་ནས་སམ་བྱུལ་ནས། པྲ་ཡཱ་ཎཾ། འགྲོ་བའམ་འཇུག་པ། ཨ་ནྭེ་ཏི། རྗེས་སུ་འགྲོ། སྭརྒོ་པ་གཿ མཐོ་རིས་སུ་འགྲོ་བ། པྲ་སཱ་རཿ བརྐྱང་བ། པྲ་སྲ་རི་ཏཿ བརྐྱང་བ། སཾ་ཀོ་ཙཿ བསྐུམ་པའམ་ཞུམ་པ། སཾ་ཀུཉྩ་ནཾ། བསྐུམ་པའམ་བསྐུམ་བྱས། ཨུཙྷི་པཿ འདེག་པ། པྲ་ཀྵེ་པ། འཇོག་པ། ཨུསྡྱི་ཏཿ ལངས། ཨུཏྠཱ་སྱ་ཏི། ལྡང་བར་འགྱུར། ཨུཏྟིཥྛ་ཏི། ལྡང་། ཨུཏྟིཥྛ། ལོངས། ཨུཏྶཐ་ཡ། ལངས་ནས། ཨ་ཏ་ཡཱུ་ལཾ། ཁྱེད་ཚུར་ཤོག ཨཱ་གཙྪ། ཚུར་ཤོག ཨཱ་ནཱི་ཡ་ཏཱཾ། ཁྱེར་ཏེ་ཤོག གཙྪ། སོང་། བི་ས་ཏི། འཇུག། པྲ་བེ་ཤཿ འཇུག་པ། ཨ་བ་ཏ་རཿ འཇུག་པའམ་གཤེགས་པ། པ་རི་བྷཱ་བེ་ཏ། བསྒྲེས་པའམ་སྦགས་པ། པཏ་ཏི། ལྟུང་། ཨུ་པླུཏ་བྷྱཿ བརྒལ་བའམ་མཆོངས། ཨཱ་ལིཾ་གི་ཏཿ འཁྱུད་པ། ཨུངྐུ་ནུ་ཀཱ་ས་ནམ྄། ཙོག་ཙོག་པོར་འདུག །སཱ་ཧ་ཙཪྻམ྄། ལྷན་ཅིག་སྤྱོད་པ། ཨནྟ་མུ་ཁ་པྲ་པྲྀཏྟམ྄། ནང་དུ་ལྟ་བ། ཨ་དྲཱཀྵཱ་ཏ། མཐོང་ངོ་། །པྲེཀྵཱནྟེསྨ། བལྟས་སོ། །ཨ་བེ་ཀྵ་བཱ་ན྄། ལྟ་བ་དང་ལྡན་པ། ཨཱ་ལོ་ཀི་ཏཿ ཀུན་ཏུ་བལྟ་བའམ་མདུན་དུ་ལྟ་བ། བི་ལོ་ཀི་ཏཿ རྣམ་པར་ལྟ་བའམ་གཡས་གཡོན་དུ་ལྟ་བ།


MR26_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཨུལློ་ཀི་ཏཿ གྱེན་དུ་བལྟ་བའམ་ཡར་བལྟ་བ། བི་བྷཱ་བ་ནཱ། རྣམ་པར་འཇུག་པའམ་རྣམ་པར་བསྒོམ་པ། ཨུ་པ་ལབྡྷིཿ དམིགས། ཨུ་པ་ལམྦྷཿ དམིགས་པ། ནིཥྛཱ་ག་ཏཿ མཐར་ཕྱིན་པ། ཨ་བིཥྛཱ་ནམ྄། རྒྱུན་མི་འཆད་པ། ཨ་མྲྀ་ས་ནཾ། མ་བཏང་བ། ཨུ་པ་སཾ་ཧཱ་རཿབཏུལ་བའམ། སྦྱོར་བའམ། ཉེ་བར་བསྒྲུབ་པ། པྲསྡྱཱ་པ་ནམ྄། རབ་ཏུ་བཞག་པ། བྱ་བ་སཱ་ཡཿ བཙལ་བར་བྱ་བའམ་འབད་པར་བྱ་བ། ཨུཥྛཱ་པུ་ནམ྄། བསླང་བའམ་དྲང་བའམ་བསྐྱེད་པ། ནི་སེ་བི་ཏཿ བསྙེན་པ། སུ་ནི་ཤྩི་ཏཾ། ཤིན་ཏུ་ངེས་པའམ། ཤིན་ཏུ་གཏན་ལ་ཕབ་པའམ་ཤིན་ཏུ་བརྟགས་པ། བི་བྲྀ་ཏམ྄། ཕྱེ་བའམ་གདངས་པ། ཨ་བཱ་པྲ་ཏ་མ། ཕྱེ་བ། ཏུ་ལ་ནཱ། གཞལ་བ། མཱ་བ་ཡ་ཏི། གཞབ་པའམ་བྱེད་པ། ནིརྨཱ་ཏཱ། འཕྲུལ་བ་པོའམ་འཕྲུལ་བྱེད། སྲཥྚྲ། འབྱིན་པ་པོའམ་འབྱིན་བྱེད། ནོ་པ་གཙྪ་ཏི། ཉེ་བར་མི་རག་གམ་ཉེ་བར་མི་འགྲོ་བའམ་ཁས་མི་ལེན། པྲ་ཏི་པནྣཿ ཞུགས་པ། པྲཛྙཱ་པ་ནམ྄། དང་། པྲཛྙཱབྟིཿ གདགས་པའམ་བཅའ་བ། པྲེ་ཥི་ཏཱཿ སྐུར་རམ་བཏང་། པྲ་ཀཱིརྑཿ བཀྲམ་པའམ་འཐོར་བ། བི་པྲ་ཀཱིརྑཿ རྣམ་པར་བཀྲམ་པའམ་རྣམ་པར་འཐོར་བ། བི་ཀི་ར་ཎཾ། འཐོར། པ་རི་ཛཱ་ཡཿ ཡོངས་སུ་བྱང་བར་བྱ་བའམ་འདྲིས་པར་བྱ་བ། ཨ་བྷི་མུ་ཁཾ། མངོན་དུ་ཕྱོགས་པ། ཨ་བ་བཱདཿ གདམས་པ། ཨུདྡི་ཤ་ཏིསྨ། ལུང་ཕོག་པ། པྲ་ཏི་པཱདྱཾ། གོས་པར་བྱ་བའམ་བསྒྲུབ་པར་བྱ་བའམ་བསྟན་པར་བྱ་བ། སཾ་པྲ་དྷཱཪྻམ྄། ལེགས་པར་འགྲོ་བའམ་ལེགས་པར་དཔྱད་པ། ཨ་བ་དྷཱ་ར་ཎ་མ྄། ངེས་པར་བཟུང་བ། ནིརྡྷ་ར་ཎཾ། དམིགས་ཀྱིས་ཕྱེ་བ། ཨཱ་ཤུ་ཏ་ར་པྲྀ་ཏྟིཿ ཤིན་ཏུ་མྱུར་བར་འཇུག་པ། ཡཱ་ཐཱ་ཡོ་གཾ ཇི་ལྟར་རིགས་པའམ་ཇི་ལྟར་འབྱོར་བ། པ་རི་ཧཱ་རཿ ལན། བི་སརྫྫ་ཡ་ཏི། ལན་ལྡོན། བི་སརྫྫ་ན་མ་ལན་ལྡོན་པར་མ་བཏང་བ། བི་སརྫི་ཏཿ སླར་བཏང་བའམ་ལན་བཏབ་པ།


MR26_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏི་བི་དྷཱ་ནམ྄། ཕྱིར་བཅོས་པའམ་ལན་གདབ་པ། ཨ་བ་གཱ་ཧྱ། ཞུགས་ནས་སམ་རྟོགས་ནས། སཾ་ཙཪྻ། བསྐྱོད་ནས་སམ་སྤོས་ནས། སཾ་ཙཱ་ར་ཡ་ཏིསྱ། སྤོས་སོ། །ཡུ་པ་གྲྀ་ཊཿ བསྐོར་བའམ་དཀྲིས་པ། པྲ་ཏི་བེད་ཡ་སྭ། མཁྱེན་པར་མཛོད་ཅིག་སྦྲེན་ཅིག པྲ་མ་ཐ་ནཾ། རབ་ཏུ་འཇོམས་པ། པྲ་ཏི་ཧནྟི། ཕྱིར་བཅིལ། པྲ་ཏི་བ་ཧ་ནམ྄། སླར་བཟློག་པ། ནིརྒྷཏ྄ི་ཏཿ བཅོམ་པ། ཀུ་ག་ཎ་པྲ་ཏཱ་བ་ནཿ ཚོགས་ངན་པ་རབ་ཏུ་གདུང་བར་བྱེད་པ། ཙིཏ་མཱཀྵིཔྟ་མ྄། སེམས་ཁྲིད། ཨཱ་ག་མ་ཡ་སྦ། སྡོད་ཅིང་། ཨཱ་ག་མ། ཡ་མ་ནཾ། ཏིཥྛ་ཏི། སྡོད་ཅིང་སྡོད་ཅིང་འདུག ཏིཥྛ་ཏི་པྲ་ཏཱིཀྵ་མཱ་ཎཿ སྡོད་ཅིང་འདུག ཨུ་པ་ཛ་གཱ་མ། ཉེ་བར་སོང་། ཨ་བྷི་མུ་ཁ་མུ་པ་ག་ཏམ྄། མངོན་དུ་ཉེར་བར་སོང་། པྲ་ཏཱི་ཀྵ་ཏི། སྡོད། ཨུ་པ་བི་བ་ཤ འདུག་གོ། པྲཱ་ཏི་ཥཱན྄། འཁོད་དོ། །ས་མ་ནུ་ཛྙཱ། གནང་བའམ་འབྲང་བའམ་མཐུན་པར་གནང་བ། པྲསྡྱཱ་ནམ྄། འཕགས་ལུས་སྤང་སྟེ་འཕགས་པའམ་ཆང་བའམ་འཇུག་པ། ཨཱ་ཧ་ར་ཎཾ། ལེན་པའམ་འཛིན་པ། ཀཱ་རིཏྟྲ་མ྄། བྱེད་པ། སུ་ཛུཥྚཿ ཤིན་ཏུ་བསྟན། ཨུ་པ་ཡནྟི། འབབ་བམ་ཉེ་བར་འགྲོ། བི་གྲཱ་ཧཿ ལུས་སམ་ཚིག་སྦྱོར་བ། ཨོ་ཙ་ཀཿ བསྡུས་པ། ཨ་བ་དཱིཪྻནྟེ། གཞོམ་པའམ་དྲལ་བ། སནྣི་དྷི་ཀཱ་རཿ སོགས་པ། དྷཱ་རིཿ འཆང་བའམ་འཛིན་པ། པ་རི་མརྡ་ནི། མཉེ་བ། སམྦཱ་ཧ་ནམ྄། དང་། སྣ་བ་ནཾ། བཀྲུ་བ། ཨུཏྶ་ད་ནཾ། དྲིལ་བ། སམྨཱ་རྫ་ན་མ། ཕྱགས་པ། པྲ་ཏྱུངྒ་མ་ནཾ། བསུ་བ། པྲཏྱུངྒ་མྱ། བསུ་ནས། པྲ་ཛྱཱ། སྐྱེལ་ཐུང་། ཨཱ་བ་སྐ་ར་ཎཾ། འཆགས་པའམ་སྨྲ་བ། པྲཏྱཱ་ཁྱཱ་ནཾ། འབུལ་བའམ་སྤོང་བ། ཨུདྡིཥྛཾ། བརྗོད་པའམ་སྟོན་པའམ་སྨྲས་པ། ཨཱ་ཙཥྚི། སྨྲ་པོ། པྲ་ཏི་མནྟྲ་ཡི་ཏ་བྱཾ། སླར་སྨྲ་བར་བྱ་བ། པྲཀྵཱ་བྷ་ནཾ། བྱུང་བ། འདི་བཤུང་བ་ཡིན་ནམ་དཔྱད། སྭ་རེ་


MR26_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཎཱ་བི་ཛྙཱ་པ་ཡ་ཏི། སྒྲས་མངོན་པར་གོ་བར་བྱེད་པ། ཨེ་ཀ་པ་ཙ་ནོ་དཱ་ཧཱ་རེ་ཎ། ཚིག་གཅིག་བརྗོད་པས། ཨ་བྷི་ལ་བ་ན་ཏཱ། མངོན་པར་བརྗོད་པ། པྲ་དྱུ་དཱི་ར་ཡ་ཏི། སླར་སྨྲ་བའམ་སླར་ཟློས་པ། པྲ་ཏྱུ་ཙྩ་རཿ སླར་གསུངས་པ། ཨུསྐོ་ཤ་ནཱ་ཤབྡཿ གསུང་བ་བརྩལ་བའམ་སྐད་བསྩལ་བ། བྱ་པ་དེ་ཤཿ བརྗོད་པའམ་སྙད་འདོད་པའམ་ལྕེ་རྟེན། བཱ་ཅོ་ཡུཀྟིཿ སྨྲ་བའི་ཚུལ། ཙོད་ཡ་ཏི། བསྐུལ་བའམ་རྩོད་པ། པྲ་སྐནྡྷཿ འཇུག་པའམ་འགྲོ་བའམ་སྐེམ་པ། སཾ་སྟུ་ཏཿ འདྲིས་པ། ཀྵུབྦྷཿ འཁྲུག་པ། ལུ་ཊི་ཏཿ དཀྲུགས་པའམ་གློངས་པ།བི་ཙི་ཏཿ གདམས་པའམ་བཏུས་པའམ་བརྟགས་པའམ་རྣམ་པར་ཕྱེ་བ། ནིཤྩི་ཏཿ བསགས་པ། པྲ་ས་རི་ཏཿ མཆོད་པའམ་ཁེབས་པའམ་རྒྱས་པ། སཾ་ཀུཊྚ་ཀཿ བརྡུང་བ། བི་དྱོ་ཏི་ཏཿ རྣམ་པར་སྣང་བར་བྱས། ཨཱ་ཀྲ་མ་ཎམ྄། གནོན་པ། ཨཱ་ཀྲ་མ་ཡ་ཏི། གནོན་པར་བྱེད་པ། ཨ་བ་ཀྲ་མ་ཏིཿ འགྲོ་བའམ་འཇུག་པ། པྲ་བྷཱ་བ་ནཱ། བརྗོད་པ། པྲ་ཏོ་དཿ གཟུགས་པའམ་བཙུགས་པའམ་གདབ་པ། བཱ་ཊ་ནམ྄། གཟལ་བའམ་བཀས་པ། བཀལ་བ་དང་གཟར་བ་ཡིན་ནམ་དཔྱད། ཀུ་ཊཱ་ཡ་ཏི། བརྡུངས་པའམ་འཐུབ་པ། ཨ་བྷི་རཱུ་ཊཿ འཛེགས་སམ་ཞོན། བི་དྷཱ་ནམ྄། གཅད་པའམ་དགག་པ། པ་ཐིནྟི། འདོན་པའམ་བརྗོད་པ། ཨཱཀྵིཔྟཿ འཕངས་པ། ཇི་ག་མཿ འགྲོ་བ། སྠ་བརཿ གནས་པའམ་བརྟན་པ། ཡ་ཐཱ་ཀྲ་མམ྄། གོ་རིམ་བཞིན། ཨུདྡྷྀ་ཏཾ། བཏུས་སམ་ཕྱུང་ངམ་བཅུས་པ། སཾ་བྲྀ་ཏམ྄། བསྡམས་པའམ་སྦས་པ། པྲ་ཏྱཱ་པ་རཱརྠཿ ཡིད་ཆེས་པར་བྱ་བའི་ཕྱིར། ཨུ་དྱོ་ཛི་ཏཿ བྱར་བཅུག་གམ་བྱེད་དུ་འཇུག ནི་ཀྲྀནྟ་ནྟི། གཅོད་པ། ཨཏྨི་ཥཿ དང་། ཨུནྨི་ཛི་ཏཾ། ཕྱེ་བ། ནི་མི་ཥཿ དང་། ནི་མི་ཉྩི་ཏཾ། བཙུམས་པ། ཀཱ་ར་ཎཱི་ཡ་མ྄། བྱ་བ། གཱ་རི་ཏྲཾ། བྱེད་པ། ཨ་ཀཱ་ར་ཎཱི་ཡ་མྲ།


MR26_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ། གཱ་རི་ཏྲཾ། བྱེད་པ། ཨ་ཀཱ་ར་ཎཱི་ཡ་མ྄། བྱ་བ་མ་ཡིན་པ། ཧེ་ཡོ་པཱ་དེ་ཡམ྄། བླང་བ་དང་དོར་བ། ཨུདྡྷུ་རཿ གསལ་བར་བྱེད་པའམ་བརྩོན་པའམ་བཏང་བ། བཪྻ་བ་རོ་དྷཿ ཡོངས་སུ་འཛིན་པའམ་བཀག་པ། པྲ་དཱ་ལི་ཏཱ། རབ་ཏུ་གཤེགས་པའམ་བཙས་བ། སཉྫ་ན་ནཾ། ཀུན་ནས་ནམ་ལེགས་པར་རམ་ཡོངས་སུ་བསྐྱེད་པ། ས་མུ་དཱ་ན་ནཱ་ཡ། ལེགས་པར་སྦྱར་བའམ་ལེགས་པར་བསྒྲུབ་པའམ་ལེགས་པར་བསྡུ་བའི་ཕྱིར། ཨབ་ཎཱ། འབུལ་བའམ་གཏོད་པ། བྱབ་ཎཱ། རྣམ་པར་འབུལ་ལམ་རྣམ་པར་གཏོད། པྲ་བྷ་བ་ཡནྟི། རབ་ཏུ་བྱེད་དོའམ་རབ་ཏུ་འཇོག་གོའམ་རབ་ཏུ་བ སྐྱེད་དོ། །པྲ་ཏི་པཱ་ད་ཡ་ཏི། འབུལ་ལོའམ་གོ་བར་བྱེད་དོ། །ཨུ་པ་ནཱ་མ་ཡ་ཏི། འབུལ། བི་དྷཱ་ན། སྒྲུབ་པའམ་བཞག་པ། བྱཱ་བྲི་ཏཿ ཞུགས་པ། ས་མཱ་རཱུ་ཌྷཾ། ཞུགས་པའམ་ཞོན་པའམ་ནོན་པ། ཨཱ་སྤཱ་ལ་ནཾ། རྡོབ་པའམ་ཕུལ་བ། ཤ་ལོ་དྭ་ར་ཎ་མ྄། ཟུག་རྔུ་འབྱིན་པ། ཨཱ་གྲི་ཊ་ཤཱ་ལྱམ྄། ཟུག་རྔུ་དབྱུང་བ། ཛ་ལམྦི་གཱ་ཏྱ། ཆུ་འབོག་སྟེ། སནྡྷུཀྵ་ཎུམ྄། མེ་སྦར་བ། ཨིཉྫི་ཏམ྄། གཡོ་བ། སྱནྟི་ཏམ྄། གཡོས་པ། ཨུཙྪ་ལི་ཏཿ བསྐྱོད་པའམ་འཕགས་པ། ནིར་ཀར་ཎཾ། བཟློག་པའམ་བཤིག་པ། ཨ་མནྟི་བྷཱུ་ཏཿ ཉེ་བར་གྱུར་ཏམ་བསྟན། ནཱ་ཏི་དཱུར། ཧ་ཅང་ཡང་མི་རིང་། ནཱ་ཏཱ་སནྣཾ། ཧ་ཅང་ཡང་མི་ཉེ། ཀཎྚ་མཱུརྡྷ་མུ་ཁཾ་ཀྵི་སབྟཾ། མདའ་གནམ་རྒྱང་དུ་འཕངས་པའམ་རྩེ་མོ་གྱེན་དུ་བསྟན་ཏེ་འཕངས་པ། ཨ་པྲ་ཏི་ནིརྦཱ་ཏི། མི་ལྡོག་པ། སཉྩར་ཏིཿ རྒྱུ་བ། སཾ་སྲྀཥྚཿ འདྲེས་པ། མི་ཤྲཱུ་བཱུ་ཏཿ འདྲེས་པར་གྱུར་པ། སམྦྷེ་དཿ འདྲེས་པའམ་དབྱེ་བ། ཨ་སཾ་བྷེ་དཿ མ་འདྲེས་པའམ་དབྱེར་མེད་པ། ཨུདྡྷ་ན་ནཾ། རྒོ ད་བྱེད། ས་མུདྡྷ་ན་ནཾ། ཡོངས་སུ་རྒོད་བྱེད། བིཀྵི་བ་ཏི། རྣམ་པར་གཡེང་བར་བྱེད་པའམ་རྣམ་པར་འཐོར་བར་བྱེད་པ། བིཀྵི་བྷ་ཙིཏྟཿ སེམས་གཡེང་བའམ་སེམས་འཁྲུགས་པ། ཨ་ཀམྤ་ཙིཏྟཿ སེམས་མི་གཡོ་བ། ཨངྒ་པྲ་ཏྱངྒཱ་ནི་ཙྪིནྡ་ཡཿ


MR26_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དང་ཉིང་ལག་རྣམས་གཏུབས་ཀྱང་། ཨ་ན་བ་མརྡ་ནཱི་ཡཿ མི་ཆོམས་པའམ་མི་བརྟུལ་བའམ་མི་རྫི་བ། དུརྡྷ་ཥཿ ཐུབ་པར་དཀའ། ཨ་སཾ་ཧཱཪྻཿ མི་འཕྲོག་པ། ནཀྵུ་བྷྱ་ཏིཿ འཁྲུག་པར་མི་འགྱུར། བ་ལ་མ྄། སྟོབས། སྡྱཱ་མཿ མ་འདོམ་ན་མཐུ། འདོམ་ན་སྟོབས། མ་ནུ་བྷཱ་བཿམཐུ། པྲ་བྷཱ་བཿ མཐུ་སྟོབས། ཤཀྟིཿ ནུས་པའམ་མཐུ། ཀྲྀ་པཱཿ དང་། ད་ཡཱ། སྙིང་རྗེ་བའམ་སྙིང་བརྩེ་བ། ཀ་བ་ཙི་ཏཿ ཡ་ལད་བགོས། བརྨི་ཏཿ གོ་ཆ་བགོས། ཨ་ནི་བཱ ཪྻཾ། མི་བཟློག་པ། ཛི་ཧྨཱི་ཀྲྀ་ཏཾ། ཟིལ་གྱིས་གནོན་པའམ་སྤ་བཀོང་བ། སཾ་ཁྱཱ་མ་པིཿ གྲངས་སུ་ཡང་། ཀ་ལཱ་མ་པི། ཆར་ཡང་། ག་ཎ་ནཱ་བ་བི། བགྲང་བར་ཡང་། ཨུ་པ་མཱ་མ་ཡི། དཔེར་ཡང་། ཨུ་པ་ནི་ཥ་ད་མ་པི། རྒྱུར་ཡང་། ནོ་བ་ཏི། མི་ཕོད་དམ་ཉེ་བར་མི་འགྲོ་བའམ་མི་ཆོག ན་ཀྵ་མ་ཏེ། མི་བཟོད། ཅེས་སོ། །མ་ཧཱ་བྷ་གཿ དབང་ཐང་ཆེ་བའམ། སྐལ་བ་ཆེ་བའམ། དཔལ་ཆེ་བ། བྷ་བྱཾ། སྐལ་པ་ཅན་དང་སྤུ་ལ་འབབ་པ། ཡོ་གྱཾ། སྤུ་ལ་འབབ་པ་དང་རུང་བ་སྟེ། སྤུ་ལ་འབབ་པ་ཞེས་ཞིབ་པར་ཤིན་ཏུ་ཉམས་སུ་ཕན་པ་འདྲ་སྙམ་མོ། །དྲྀཥྚི་བི་ཥཿ མིག་གདུག་པ་སྟེ་ལྟ་བའི་དུག་ཅན་སྦྲུལ་སོགས་ཀྱིའོ། །ཨཱ་ཤཱ་བི་ཥཿ སོ་གདུག་པའམ་སྦྲུལ་གདུག་པ། ཤྭཱ་ས་བི་ཥཿ དབུགས་གདུག་པ། ཨུཙྪ་ར་གྷ་ན། འཕྱ་བ། ཨུལྤ་པ་ནཾ། རྙིང་པ། ཀ་ལ་ཧ་ཡ་ཏི། འཐབ་པ། ཀ་ལི་ཀ་ལ་ཧ་བི་གྲ་ཧ་བི་བཱ་དཿ འཐབ་པ་དང་འཐབ་མོ་དང་རྩོད་པ་དང་འགྱེད་པ། དོ་ཥ་མུཏྤཱ་ད་ཡ་ཏིཿ ཞེ་སྡང་བསྐྱེད་ནས་སྐྱོན་འདོགས་པ། ཙིཏྟ་མཱ་གྷཱ་ཏ་ཡ་ཏི། སེམས་ཀྱི་ཀུན་ནས་མནར་བ།པྲ་ཏི་ནི་སྲཀྵ་ཏི། འདོར་བར་འགྱུར། ཨ་བྷྱཱ་ཁྱཱ་ནཾ། སྐུར་བ་འདེབས་པ། ཨཱ་ལེ་ཁྱོ་བི་ལེ་ཁྱོ་བི་པྲ་ཏི་སཱ་རཿཀཽ་ཀྲྀ་ཏྱཾ། འགྱོད་པ་དང་ཡིད་ལ་གཅགས་པའི་རྣམ་གྲངས། ཤེཀྵཱ་བྷི་ནི་ཀཱུ་ཛི་ཏཾ། སློབ་མ་ལྡོངས་ཤེས་ཟེར་བ། ཧནྱ་ཏཿ སོད་ཅིག བིནྡྷཱི་ཡ་ཏ྄། ཆིངས་ཤིག པྲ་བཱ་ས་ཡེ་ཏ། སྤྱུགས་


MR26_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག ས་དཎྚཿ ཆད་ཕབ། ཨ་ནུ་ས་ར་ཎཿ རྗེས་སུ་འབྲང་བ། སཾ་བ་རཿ བདེ་བའི་མཆོག ཨ་བྷི་ནི་ཛི་ཏཿ མངོན་པར་རྒྱལ། དྷཱུ་མཱ་ཡ་ཏིཿ དུ་བ་འཐུལ། ཨཱ་དཱི་པྟཿ འབར། པྲ་དཱི་བྷཿ རབ་ཏུ་འབར། སཾ་བྲ་དཱིཔྟཿ ཀུན་ཏུ་རབ་ཏུ་འབར། སཾ་པྲ་ཛྭ་ལི་ཏཿ ཀུན་ཏུ་རབ་ཏུ་མཆེད་ཅིང་འབར། ཨེ་ཀ་ཛྭཱ་ལི་བྷཱུ་ཏོ་བྷྱཱ་ཡ་ཏི། མེ་ལྕེ་གཅིག་ཏུ་གྱུར་ཅིང་བསྲེག་གོ། མི་ཤི་ར་མ་པི་ན་པྲ་ཛྙཱ་ཡ་ཏེ། དུ་བ་ཡང་མེད། ཙྪཱ་ཡི་ཀ་མ་པི་ན་པྲཛྙཱ་ཏེ། ཐལ་བ་ཡང་མེད། སུ་བྲྀཥྚིཿ ཆར་འབབ་མཁས་པ་ཞེས་དུས་དུས་སུ་ལེགས་པར་འབབ་པའི་མིང་ངོ་། །དུརྦྦྀཥྚིཿ ཆར་འབབ་མི་མཁས་པ། ཨ་ནུ་གནྟ་བྱཿ རྗེས་སུ་འགྲོ་བར་བྱ་བའམ་རྗེས་སུ་རྟོགས་པར་བྱ་བ། བྲོ་ཏ་ཁཱ་ཏཾ། ཤིན་ཏུ་བྱུང་བའམ་བཏོན་པ། བི་རོ་ལི་ཏཿ དཀྲུགས་པའམ་བསྲུབས་པ། ཨནྟརྡྷཱ་ནངྒ་ཏམ྄། མི་སྣང་བར་གྱུར་པ། བརྟྟ་ཏེ། འགྱུར་བའམ་འཇུག་པའ མ་ལོང་བ། བིདྷཱུ་ཏ་པཱ་བཿ སྡིག་པ་རྣམ་པར་སྦྱངས་པ། སཾ་ཀཪྻ་མ྄། འདྲེས་པའམ་འཆོལ་བ། ཨུཏྐ་ཊོ་ནཱ་མ། ཤས་ཆེ་བ་ཞེས་བྱ་བ། མ་ར་ཎཱཾ་ཤི་ཀཾ འཆི་བའི་ཆར་གཏོགས་པ། ཨུ་པ་པཏྟྱཾ་ཤི་ཀཾ སྐྱེ་བའི་ཆར་གཏོགས་པ། དྷ་ནུ་རཱ་རོ་པ་ནཾ། གཞུ་བརྡུང་བ། ཨི་ཤུཀྵེ་པཿ མདའ་འཕང་བ། ཨུཏྠཱ་བ་ནཾ། སླང་བའམ་ལྡང་བར་བྱེད་པ། ཙོ་རཿ ཆོམ་རྐུན། པ་རི་པནྠནྟིཥྛ་ཏི། ལམ་གཅོད་ཅིང་འདུག་པ། སྟེ་ཡསཾ་ཁྱཱ། རྐུ་བར་བགྲང་བ། ཧ་ཧཿ བརྡེགས་པའམ་བསྣུན་པའམ་བཏབ་པ། བཱི་ཌ་ཡ་ཏིཿ འཚིར་བའམ་གནོད་པར་བྱེད་པ། ཀུ་དཎྚཿམི་རིགས་པའི་ཆད་པའམ་སྟོང་། ཨུ་པཱ་ལམྦཱ་བྷི་པྲཱ་ཡཿ ཀླན་ཀ་ཚོལ་བའི་བསམ་པ། ཨ་བ་ཏཱ་ར་བྱེ་ཀྵི་ཎཿ གླགས་ལྟ་བ། ནི་གྲ་ཧཱི་ཏ་བྱཿ ཆད་པ་བཅད་པའམ་ཚར་བཅད་པ་སྐབས་དང་སྦྱར། ས་མ་བྷི་དྲུ་ཏཿ ཀུན་ཏུ་གནོད་པར་གྱུར་པའམ་ཀུན་ཏུ་གཙེས་པ། བི་ཧེ་ཋ་ནཱ། འཚེ་བའམ་མཐོ་འཚམས་པ། སནྡྷི་ཙྪེ་ད་ཀཿ


MR26_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་འབུགས་པ། གྲ་ནི་ཐི་མོ་ཙ་ཀཿ མདུད་པ་འགྲོལ་བའམ་བཅིངས་པ་འགྲོལ་བའམ་འཁྲོལ་བ། ནི་ཪློ་པ་ཧཱ་ར་ཀཿ རིམ་གྱིས་འཕྲོག་པའམ་རྐུ་བ། པ་རི་པནྠ་ཀཿ ལམ་འགོག་པའམ་བར་ཆད་བྱེད་པ། ཧ་ར་ཎཾ། འཕྲོག་པ། ནིརླཱ་བཾ་ཧ་ར་ཏི། རིམ་གྱིས་སམ་རླིངས་ཀྱིས་སམ་མ་ལུས་པར་འཕྲོག་པ། དྭིཥྚཿ སྡང་བའམ་འགྲེས་པ། བི་དྭེ་ཥཿ རྣམ་པར་ལྡང་བ། དྷརྨ་པརྐྱཱ་ཡཿ ཆོས་ཀྱི་རྣམ་གྲངས་ཨརྡྷ་ཏྲ་ཡོ་ད་ཤ་ཤ་ཏཱ་ནི། སྟོང་ཉིས་བརྒྱ་ལྔ་བཅུ། ནཱ་ནཱ་བུདྡྷ་ཀྵེ་ཏྲ་ས་ནི་པ་ཏི་ཏཱཿ སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ། མ་ཧཱ་ཏཱ་ཙ་བོ་དྷི་ས་ཏྭ་ག་ཎེ་ཎ་སཱ་ཌྷ་མ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་གཅིག སཾ་བ་ཧུ་ལཿ རབ་ཏུ་མང་པོ། ཨེ་བ་མྤྲ་མུ་ཁཱཿ དེ་ལ་སོགས་པ། ག་ཎ་པྲ་མུ་ཁཿ ཚོགས་ཀྱི་གཙོ་བོ། པཱུརྦངྒ་མཿ སྔོན་དུ་འགྲོ་བ་ལ་སོགས་པ། སཱརྡྷཾ། ཐབས་ཅིག་གམ་ལྷན་ཅིག བི་བི་དྷ་ས་སྨོད་ན་ཀ་ཐཱ་མུ་བ་ས་ཀྲྀ་ཏཏྱ། ཀུན་དགའ་བའི་གཏམས་སྣ་ཚོགས་བྱས་ནས། པ་རྀ་བྲྀ་ཏཿ ཡོངས་སུ་བསྐོར། པུར་སྐྲཾ་ཏཿ མདུན་དུ་བདར་བའམ་མདུན་གྱིས་བལྟས་པ། ཏྲིཿ པྲ་དཀྵི་ཎཱི་ཀྲྀ་ཏྱ། ལན་གསུམ་བསྐོར་བ་བྱས་ནས། ཨེ་ཀཾ་ལ་མྱཏྟ་རཱ་སཾ་གཾ་ཀྲྀ་ཏཱ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། དཀྵི་ཎཾ་ཛ་ནུ་མཎྚ་ལཾ་པྲྀ་ཐི་བྱཱཾ་པྲ་ཏིཥྛཱ པྱཿ པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཡེ་ན་བྷ་ག་བཱཾ་སྟེ་ན་ནྫ་ལིམྤྲ་ཎ་མྱ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཏ་སྨིནྤརྵཏྶནྣི་པཱ་ཏེ་སཱནྣི་ཥཎྞཿ འཁོར་འདུས་པ་དེར་བཞུགས་སམ། འདུག ནྱཥཱི་དཏྟེ་ན་ཁ་ལུ་བུ་ནཿས་མ་ཡེ་ན། ཡང་དེའི་ཚེ་ཞེའམ་དེའི་ཚེ། སིཾ་ཧཱ་ས་ནི་པྲ་ཛྙཱཔྟི། སེང་གེའི་ཁྲི་བཤམས་པ། ནྱ་ཤི་དཏྤཪྻངྐ་མཱ་་ཛྱ། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ཨ་བྦྷཱ་བཱ་དྷ་ཏཱཾ། གནོད་པ་ཆུང་ངམ། ཨལྤཱ་ཏཾ་ཀ་ཏཱཾ། ཉམ་ང་བ་ཆུང་ངམ།


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next