Nitartha Digital Library
Tibetan
 
previousཤོག་ལྷེབ་ ༥༠༡ ནས་ ༥༨༧ བྱོན།next

ཤོག་ལྷེབ་ ༥༠༡ ནས་ ༥༨༧ བྱོན།


MR26_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱ་ཏྲཱཾ། འཚོའམ། ལ་གྷཱུཏྠཱ་ན་ཏཱཾ། བསྐྱོད་པ་ཡང་ངམ། བ་ལཾ་སུ་ཁཱ་སྤརྴ་བི་ཧཱ་ར་ཏཱཾ་ཙ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ། བྷཱ་ས་ཏེ། ལྷམ་མེ། ཏ་པ་ཏི། ལྷན་ནེ། བི་རོ་ཙ་ཏེ། ལྷང་ངེ་། བུན་རེ་བསྨི་ཏ་མ་ཀ་རོ་ཏ། ཡང་འཛུམ་པ་མཛད་དོ། །ཨུཥྞི་ཥའི་བ་རཱནྟ་ར྄ཏ། དབུའི་གཙུག་ཏོར་གྱི་གསེབ་ནས། རཥྨི་རྣཤྩ་ར་ཏི། འོད་ཟེར་བྱུང་། སར་སྨི་ནི་ཤྩཪྻ། འོད་དེ་བྱུང་ནས། ཨཱ་བྷ་ཡཱཿ འོད་ཀྱིས། པ་རི་སྤུ་ཊོ྅་ཏ། ཡོངས་སུ་ཁྱབ་པའམ་རྒྱས་པར་གྱུར་པ། ཨ་བ་བྷཱ་སི་ཏཿ སྣང་བར་བྱས། ཏེ་ན་རསྨྱ་བ་བྷཱ་སེ་ན་སྤྲྀཥྚཿ འོད་ཟེར་གྱི་སྣང་བ་དེས་རེག་པས། ཡ་ཏྲ་སཱུཪྻ་ཙནྡྲ་མ་སཱཾ་པྲ་བྷཱ་ཡཱ་ག་ཏི་རྣཱསྟི། གང་ན་ཉི་མ་དག་ཟླ་བའི་འོད་མི་འབབ་པ། ཀོ་ཧེ་ཏུཿ རྒྱུ་གང་། ཀཿཔྲ་ཏྱ་ཡཿ རྐྱེན་གང་། པུ་ན་ར་པྱཱ་ག་ཏྱ། སླར་ལོག་ནས། ཨུཥྞཱི་ཥ་བི་བ་རེ་ཥུ་པྲ་བི་ཤ་ཏི། གཙུག་ཏོར་གྱི་གསེབ་ཏུ་ཞུགས། མུ་ཁ་དྭ་རེ་ཎཱ་ནུཔྤ་བི་ཤ་ཏིསྨ། ཞལ་གྱི་སྒོ་ནས་ཞུགས། ན་ཙ་བྷ་ག་བ་ཏོ་མུ་ཁ་དྭཱ་ར་སྱོནྨི་ཛི་ཏ་ཏམྦཱ་ནི་མིཉྫེ་ཏམྦཱ་པྲ་ཛྙཱ་ཡ་ཏེསྨ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ཕྱེ་བའམ་བཙུམ་པར་ཡང་མི་མངོན་ནོ། །ཨ་བ་བྷཱ་སཿ སྣང་བ། ས་མནྟཱ་བ་བྷཱ་སཿ ཀུན་ཏུ་སྣང་བ། ཛི་གྷ་ཏཱི་ཏཱཿབཱུ རྑ་གཱ་ཏྲཱ་བྷ་བནྟིསྨ། བཀྲེས་པ་རྣམས་ནི་འགྲངས་པར་གྱུར་ཅེའམ། ལྟོགས་པ་རྣམས་ནི་ལུས་རྒྱས་པར་གྱུར། ཏྲི་ཥི་ཏཱ་བི་ག་ཏ་བི་བཱ་སཱ་བྷ་བནྟིསྨ། སྐོམ་པ་རྣམས་ནི་ངོམས་པར་གྱུར། རོ་ག་སྤྲྀཥྚ་བི་ག་ཏ་རོ་གཱ་བྷ་བནྟིསྨ། ནད་ཀྱིས་བཏབ་པ་རྣམས་ནི་ནད་དང་བྲལ་བར་གྱུར། བི་ཀ་ལེནྡྲི་ཡཱཿབ་རི་པཱུརྞྞེ་ནྡྲི་ཡཱ་བྷ་བནྟིསྨ། དབང་པོ་མ་ཚང་བ་རྣམས་ནི་དབང་པོ་ཚང་བར་གྱུར། ས་ཙེཏྤྲྀཥྚཿ པྲཤྣ་བྱཱ་ཀར་ཎཱ་ཡ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། ཨ་བ་ཀཱ་ཤཾ་ཀུཪྻཱ་ཏ་ཀཉྩི་དེ་བ་པྲ་དེ་ཤཾ། སྐབས་ཕྱེ་ན་ཕྱོགས་འགའ་ཞིག ཨ་མནྟྲ་ཡ་ཏེསྨ། བཀའ་སྩལ་པའམ་སྨྲས་པའམ་བོད་པ།


MR26_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སཱདྷུ་གཱ་ར་མ་དཱཏ྄། ལེགས་སོ་ཞེས་བྱ་བ་བྱིན་ཏེ། སཱ་དྷུ་སཱ་དྷུ། ལེགས་སོ་ལེགས་སོ། །ཏེ་ན་ཧི་ཤྲྀ་ཎུ་སཱ་དྷུ་ཙ་སུ ཥྛུཙ་ས་མ་ན་སི་ཀུ་རུ། དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག བྷཱ་ཥི་ཥྱེ་྅་ཧནྟེ། ངས་ཁྱོད་ལ་བཤད་དོ། །བྷ་ག་བ་ཏཿཔྲ་ཏི་ཤྲུ་ཏྱ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཙིཏྟ་མཱ་རཱ་དྷ་ཡི་ཥྱེ། སེམས་རངས་པར་བྱའོ། །ཏིཥྛ་ཏི། བཞུགས། དྷྲྀ་ཡ་ཏེ། འཚོའོ། །ཡཱ་བ་ཡ་ཏི། གཞེས་སོ། །དྷརྨཉྩ་དེ་ཤ་ཡ་ཏི། ཆོས་ཀྱང་སྟོན་ཏོ། །ཡ་སྱེ་དཱ་ནཱིཾ་ཀཱ་ལཾ་མ་ནྱ་སྱེ། དེའི་དུས་ལ་བབ་པར་ཤེས་ན། ཡ་དུ་ཏཿ འདི་ལྟ་སྟེ། བུདྡྷ་ནི་ཏཱི། སངས་རྒྱས་ཀྱི་ཚུལ་ལམ་ལུགས། ཏིཏྐམྨ་ནྱ་སེ། འདི་སྙམ་དུ་སེམས། ནོ་ཧཱི་ད་མ། དེ་མ་ལགས་སམ་མམ་དེ་མ་ཡིན་ནམ། སརྦ་བནྟཾ་པརྵདྨ྄ཎྚ་ལཾ། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར། ཨ་བྷེ་དྱ་པ་རི་བཱ་ར། མི་ཕྱེད་པའི་འཁོར། བྷ་ག་བ་ཏཱ་མུ་ཛྙཱ་ཏཿ བཅོམ་ལྡན་འདས་ཀྱིས་གནང་བ། ཨནྟ་ཤོ་ཧཱ་ས་ཡ་པྲེ་ཀྵེ་ཎྱ་པི། ཐ་ན་བཞད་གད་བྱ་བར་བསམ་སྟེ། ཛཱི་བི་ཏ་ཧེ་ཏོ་ར་པི། འཚོ་བའི་སྲོག་གི་ཕྱིར་ཡང་། ཨ་དྷི་བ་ཙ་ནཾ། ཚིག་བླ་དྭགས། མ་ནོ་ར་ཐཱ་ཤཱ་པ་རི་པཱུ་རི། ཡིད་ལ་བསམ་པ་བཞིན་རེ་བ་ཡོངས་སུ་རྫོགས་པ། བི་ན་ཡ་ཏི་ནི་བ་ཤ་ཡ་ཏི། འདུལ་ཞིང་འཛུད་དེ་རབ་ཏུ་འགོད། པྲ་ཏིཥྛཱ་པ་ཡ་ཏི། རབ་ཏུ་བརྟན་པར་བྱེད་པ། པྲསྠཱ་པ་ཡ་ཏི། བརྟན་པར་བྱེད་པ། ཨཽ་པ་ཡི་ཀ་མ྄། ཆོ་གའམ་ཐབས། ཨ་བྱ་ཏི་ཀྲ་མ་ཎ་མ྄། མི་འདའ་བ། ཨཱ་ག་ཏ་ཕ་ལཾ། འབྲས་བུ་ལག་ཏུ་འོངས་པའམ་ཐོབ་པ། པྲ་བི་བེ་ཀ་ཛཱ། རབ་ཏུ་དབེན་པ་ལས་སྐྱེས་པ། ཛུ་ཥེ་ཏུ་ཀཱ་མཿ སྟེན་པར་འདོད་པའམ་གནས་པར་འདོད་པ། ཨུཥྞི་ཥ་བི་བ་ར་མཱུརྡྷཱུ་སནྡྷིཿ དབུའི་གཙུག་ཏོར་གྱི་གསེབ། པྲ་གུ་ཎཱི་ཀ་ར་ཎམ྄། དྲང་པོར་སྲོང་པ། པྲ་གུ་ཎཿ དྲང་པོ། ཙཱུ་ཌི་ཀཱ་བ་བྷཱུ་ཏཿ བྱུ་བུར་གྱུར་པ། ཨ་ནུ་ཏྐེ་པཱ་པྲཀྵེ་པཿ གདེགས་པ་མེད་པ་དང་བཞག་པ་མེད་


MR26_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པ། ནཱ་ཏི་ཤཱི་ཏཾ། ཧ་ཅང་མི་གྲང་། ནཱཏྱུཥྞ་མ྄། ཧ་ཅང་མི་དྲོ། ས་ཏཱཾ། དམ་པ་རྣམས་ཀྱིའམ་མཁས་པ་རྣམས་ཀྱི། ཨ་གྲཿ ཨ་ར་ཎཱ་བི་ཧཱ་རི་ཎཾ། ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག རཀྵཱ་བ་ར་ཎ་གུཔྟིཾ་སཾ་བིདྷཱ་སྱཱ་མ་ཧེ། བསྲུང་བ་དང་བསྐྱབ་པ་དང་སྦ་བར་བྱའོ། །མ་ཧཱ་པྲྀ་ཐི་བཱིནྣི་ཤྲཱི་ཡས་མ་གྲཱི་བ་ཤེ་ན། ས་ཆེན་པོ་ལ་བརྟེན་ནས་ཚོགས་པའི་དབང་གིས། སརྦ་བཱི་ཛཱ་ནི་བི་རོ་ཧནྟི། ས་བོན་ཐམས་ཅད་རྣམ་པར་སྐྱེའོ། །ཨ་ལྤ་ཀྲྀཙྪེ་ཎ། ཚིགས་ཆུང་ངུས། ནཱ་གཱ་བ་ལོ་ཀི་ཏེ་ན་བ་ལོ་ཀྱ། གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས། བྷ་ག་བཱ་ཨི་མ་མེ་དཱནྲཾ་བྷཱུ་ཡ་སྱཱ་མཱ་ཏྲ་ཡཱ་ཨ་བྷི་དྱོ་ཏ་ཡ་མཱ་ན་གཱ་ཐཱ་བྷི་གི་ཏེ་ན་སམྤྲ་ཀཱ་ས་ཡ་ཏིསྨ། བཅོམ་ལྡན་འདས་དོན་འདི་ཉིད་རྒྱས་པར་གསུང་ཞིང་ཚིགས་སུ་བཅད་པའི་དབྱངས་ཀྱིས་རབ་ཏུ་བསྟན་པ། ཡ་ཐཱ་ཤུ་ཏམ྄། ཇི་ལྟར་ཐོས་པ་བཞིན་ནམ་ཐོས་པ་བཞིན། ཡ་ཐཱ་པྲ་ཏྱརྷམ྄།སོ་སོ་ཇི་རིགས་པར། བིསྟ་རེ་ཎ་སམྡྲ་ཀཱ་ཤི་ཏམ྄། རྒྱ་ཆེར་རབ་ཏུ་བསྟན། བིསྟ་རེ་ཎ་སམྤྲ་ཀཱ་ཤ་ཡི་ཥྱ་ཏི། རྒྱ་ཆེར་ཡང་དག་པར་སྟོན་པར་ན་འགྱུར། ཨ་དྷྱ་པ་ཡཱ་མཱ་ས། ཀློག་ཏུ་བཅུག་པའམ་སློབ་ཏུ་བཅུག་པ། ཡ་དཱ་ཙ་བྷ་ག་བཱ་ནཱ་ཛྙཱ་སཱིཏྶ་དེ་བ་ཀཾ་ལོ་ཀཾ་སནྣི་པ་ཏི་ཏཾ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་ཚོགས་པར་མཁྱེན་པ། ཏ་སྱེ་ཡ་མཱི་དྲི་ཤོ྅་ནུ་བྷཱ་བཿ དེའི་མཐུ་འདི་འདྲ། པྲ་བྷཱ་ཥྱ་ཏེ། ཕྱེ་བའམ་རབ་ཏུ་བཞག་པ། པྲ་ཏི་ཀཱཾ་ཀྵི་ཏ་བྱཿ རེ་བར་བྱ་བའམ་འདོད་པར་བྱ་བའམ་ཤེས་པར་བྱ་བ། ཏྲྀཥྞཱ་པཽ་ནརྦྷ་བི་ཀཱི། ཡང་འབྱུང་བའི་སྲིད་པ། ནནྡཱི་རཱ་ག་ས་ཧ་ག་ཏཱ། དགའ་བའི་འདོད་ཆགས་ཀྱི་མོད་ལ་སྐྱེས་པ། ཨ་བྷྱུངྒ་ཏཿ མངོན་པར་འཕགས་པ། ས་མུངྒ་ཏཿ ཡང་དག་པར་འཕགས་པ། ཥ་ཥྱཾ་ག་ས་ཧ་སྲོ་བེ་ཏ་སྭ་རཿ དབྱངས་ཡན་ལག་དྲུག་སྟོང་དང་ལྡན་པ། བ་ཏ་མཱརྵཱ། ཀྱཻ་མ་གྲོགས་པོ་དག བ་ཏ་ཧཱ་ཏཱ་ཀཥྚ་མ། ཀྱེ་མའམ་


MR26_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཧུད་དམ། ཨེ་མ་ཀྱི་ཧུད། ཨ་ནུནྣ་ཏོན་བ་ན་ཏ། མ་ཁེངས་སམ་མདུད་དམ་མི་མཐོ་མི་དམའ། མཱ་ར་དྷརྵ་ནམ྄། བདུད་གདུལ་བ། ཏསྱཻ་བམྦྷ་བ་ཏི། དེ་འདི་སྙམ་དུ་སེམས། མ་ཧཱ་ཏོ་ཛ་ན་ཀཱ་ཡ་སྱ། སྐྱེ་བོ་ཕལ་པོ་ཆེའི། ཧི་ཏམ྄། ཕན་པ། སུ་ཁཾ། བདེ་བ། ཡོ་ག་ཀྵེ་མཿ གྲུབ་པ་དང་བདེ་བ། ཨནྟ་རཱིཀྵ་པྲ་དེ་ཤཿ བར་སྣང་གི་ཕྱོགས། ན་པྲཛྙཱ་ཡ་ཏེ། ཤེས་པ་ཡང་མེད་དམ་མི་མངོན་པའི་མི་སྣང་བ། སརྦ་ཎ་སརྦཾ། ཐམས་ཅད་ཀྱི་ཐམས་ཅད། སརྦ་ཐཱ་སརྦ། རྣམ་པ་ཐམས་ཅད་དུ་ཐམས་ཅད། སརྦ་ཐཱ། རྣམ་པ་ཐམས་ཅད་དམ་ཡོང་ཡེ། ཨོ་ཛཿ མདངས་སམ་གཟི་བརྗིད། མ་ཧོ་ཛཥྐཾ། མ་ཧོ་ཛཥྐཿ གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ། མ་ཧེ་སཱ་ཁྱ་ཧེ་སཱ་ཁྱཿ དབང་ཆེ་བ་དབང་ཆེ་བར་གྲགས་པ། ཨལྤེ་ཤཱ་ཁྱཿ དབང་ཆུང་བར་གྲགས་པ། རྀདྡྷཿ འབྱོར་བ། སྡྱཱི་ཏཾ། རྒྱས་པ། ཀྵེ་མཾ། བདེ་བ། སུ་བྷིཀྵཿ ལོ་ལེགས་པ། ཨཱ་ཀཱིརྞྞ་བ་ཧུ་ཛ་ན་མ་ནུཥྱ། སྐྱེ་བོ་དང་མི་མང་པོས་གང་བ། ཨེ་ཀཱ་ཡཱ་མཿ བགྲོད་པ་གཅིག་པ། ཨཱ་ཛྙཱ་བྱཱ་ཀ་ར་ཎ་མ། ཤེས་པ་བརྡ་སྤྲོད་པ། ཨུ་དཱ་ཧཱ་ར་ཎ་ཡོ་གེ་ན། དཔེར་བརྗོད་པའི་ཚུལ་གྱིས། ཀ་བིཿ སྙན་དངགས་མཁན། ཀཱ་བྱམ྄། སྙན་དངགས། ས་མཱ་ར་ཀཾ། བདུད་དང་བཅས། ས་བྲཧྨ་ཀཾ ཚངས་པ་དང་བཅས། ས་སྲ་མ་ཎ་པྲཱཧྨ་ཎི་ཀཱཿཔྲ་ཛཱ་ལཱ་ཨ་བྷཻ་བྷཱུ་ཡ་ནིཪྻཱ་སྱཏི། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ཟིལ་གྱིས་མནན་ཏེ་ངེས་པར་འབྱུང་། ཨཱ་བདྡྷ་པ་རི་ཀ་རཿ ཅི་ལ་ཡང་མ་རེག་པར་ཆེས་པ། ཨསྡྱཱ་ན་མེ་ཏཏ། དེ་ནི་གནས་མ་ཡིན། ས་དྷཱ་མ་དྷྱ་ག་ཏོ་བཱ། འདུས་པའི་ནང་ན་འདུག་ཀྱང་རུང་། རཱ་ཛ་ཀུ་ལ་མ་དྷྱ་ག་ཏོ་བཱ། རྒྱལ་པོའི་ཕོ་བྲང་འཁོར་གྱི་ནང་ན་འདུག་ཀྱང་རུང་། བརྵབྡ་དྷྱ་ག་ཏོ་བཱ། འཁོར་གྱི་ནང་ན་འདུག་ཀྱང་རུང་། ཡུཀྟ་ཀུ་ལ་མ་དྷྱ་ག་ཏོ་བཱ། རིགས་ཚོགས་པའི་ནང་ན་འདུག་ཀྱང་རུང་། ཛྙཱ་ཏི་མ་དྷྱ་ག་ཏོ་བཱ། ཉེ་དུའི་ནང་ན་འདུག་ཀྱང་རུང་།


MR26_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀཱ་ཡཱནྟ་རཱི་ཡཱཿ སྡེ་པ་གཞན་དག ཨ་ཏཱི་ཏཱཾ་ཤ་ག་ཏཱ། འདས་པའི་ཆར་གྱུར་པ། ན་ཀེ་ན་ཙི་དྲི་དྷཱི་ཡ་ཏེ། གང་གིས་ཀྱང་མི་བྱའོ། །བ་ནཱ་ད་ནི་རྒཱ་ན་མཱ་ག་ཏ྄ཿ ནགས་ཚལ་ནས་ནགས་ཚལ་མེད་པར་གཤེགས་པ། ཀཱ་མེ་ཥུ་ནཻཥྐྲ་མྱ་མ྄། འདོད་པ་ལས་སྦགས་པ། ཤཻ་ལ་མུཀྟི་མི་པ་ཀཱཉྩ་ནཾ། རི་ལས་ཐར་བའི་ཉི་མ་བཞིན། ཛི་ཧྭེནྡྲི་ཡཾ་ནི་རྣཱམ་ཡཱ་མཱ་ས། ལྗགས་ཀྱི་དབང་པོ་ཕྱུང་སྟེ། ཨ་བྷ་ཡ་བ་ཤ་བརྟི་ཏཱ། འཇིགས་པའི་དབང་དུ་གྱུར་པ་མ་ཡིན་པ། སརྦ་སཏྭཱ་ནཱཾ་ཀིཾ་ཀཱ་ར་ཎཱི་ཡ་ཏཱ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་སྙམ་པ། བ་ཧུ་ཛ་ནྱམ྄། སྐྱེ་བོ་མང་པོ་པ། པ་རམྤ་ར་ཡཱ། གཅིག་ནས་གཅིག་ཏུ། ཏུཥྞཱིམྦཱ་བེ་ནཱ་དྷེ་བཱ་ས་ཡ་ཏི། ཅང་མི་གསུང་བར་གྱུར་པས་གནང་། ས་མུལློ་ཀི་ཏ་མུ་ཁཿ ཞལ་དུ་བལྟས་པ། སམྱ ཀ་ཏྱཱཏྨ྄ཾ་ཛྙཱ་ན་དརྴ་ནི་པྲ་བརྟྟ་ཏེ། བདག་ཉིད་ཀྱི་ཡང་དག་པར་ཤེས་པ་མཐོང་བ་འཇུག་པ། ཨཱ་ཡུཿསཱཾ་སྐཱ་རཱ་ནུཏྶྀ་ཛ་ཏི། ཚེའི་འདུ་བྱེད་འདོར་བ། ཨུཥྨ་ཧཱ་ནིཿ དྲོད་ཡལ་བ། མ་ནུཥྱཱ་ཎཱཾ་ས་བྷཱ་ག་ཏཱ་ཡཱ་མུ་པ་པནྣཿ མི་རྣམས་དང་སྐལ་པ་མཉམ་པར་སྐྱེས། བིཀྵོ་བྷ་ཎཱ་བཱ་ཏ་མཎྚ་ལཱི། རྣམ་པར་འཁྲུག་པར་བྱེད་པའི་ང་གི་དཀྱིལ་འཁོར། བར་མ་ནུ་བི་དྷཱ་ཡཿ ཕ་རོལ་གྱི་མདའ་དང་མཐུན་པར་བྱས་ཏེ། ན་ཤྲ་པ་ཎ་པ་ཐ་མཱརྒ་མི་ཏྱ་ཏི། རྣ་ལམ་དུ་གྲགས་པར་མི་འགྱུར། ཨཀྵུ་ཎ་བྱཱ་ཀ་ར་ཎ་མ྄། ཕྱེད་པར་ལུང་སྟོན་པ། སྱཱ་ཏ། འགྱུར་བའམ་ཡོད་པ། སམྦཱདྷཿ དོགས་པའམ་ཉམ་ང་བ། བི་བྷ་བཿ འབྱོར་པའམ་འཇིག་པ། སཾ་ཙིནྟྱཾ། བསམ་པ་བཞིན། ཨ་མུ་ཀཿ ཆེ་གེ་མོ་ཞིག རཏྣ་མ྄། དཀོན་མཆོག་གམ་རིན་པོ་ཆེ། རཏྣ་མ་ཡཿ གཞི་རིན་པོ་ཆེའམ། རིན་པོ་ཆེ་ལས་གྲུབ་པའམ། རིན་པོ་ཆེ་ལས་བྱས་པའམ། རིན་པོ་ཆེའི་རང་བཞིན། སིཾ་ཧའི་ཀྲ་མེཿ སེང་གེའི་རྩལ། བི་ཀྲཱི་ཌི་ཏམ྄། རྣམ་པར་རོལ་པ། ཤུ་ཙིཿ


MR26_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བའམ་གཙང་སྦྲ་ཆེ་བ། མེ་དྷྱཿ གཙང་མ། ཨ་ནནྟཱ་པཪྻནྟཿ མཐའ་ཡས་མུ་མེད། ཨ་ནྱ་ཏ་མཱ་ནྱ་ཏམ྄། གང་ཡང་རུང་བ། ས་ཧ་ག་ཏོ་མ། མོད་ལས་སྐྱེས་པའམ་ལྡན་པ། ལོ་ཀ་ཡཱ་ཏྲཱ། འཇིག་རྟེན་གྱི་ཚུལ་ལམ་སྤྱོད་པ། ཛཱ་ཏཱི་ཡཿ རང་བཞིན་ཅན། བཱ་ལཱ་གྲཿ སྐྲའི་རྩེ་མོ། བཱ་ལཱ་གྲ་ཀོ་ཊིཿ སྐྲའི་རྩེ་མོའི་མཐའམ་ཆ་ཤས། བཱ་ལ་པ་ཐཿ སྐྲའི་ཁྱོན་ནམ་བྱིས་པའི་ལམ། སྥ་ར་ཎམ྄། ཁྱབ་པའམ་རྒྱས་པ། སྥུ་ཊཾ། རྒྱས་པའམ་གསལ་བ། པཱ་རི་སཱ་མནྟཿ ཁོར་ཡུག་གམ་ཉེ་འཁོར། ས་མནྟཿ ཀུན་ནས་སམ་ཕྱོགས་ཀྱི་སྐབས་ལྟ་བུའི་ཚེ་ཁོ་ར་ཁོར་ཡུག བྷཱུ་ཡ་སྱཱ་མཱ་ཏྲ་ཡཱ། རྒྱས་པར། ཀྲ་མཿ རིམ་པ། ཨུ་པ་དྷིཿ ཕུང་པོའི་རྫས་སམ་ཉོན་མོངས་པ། ནི་ཡ་མཿ མི་འགྱུར་བ། ནི་ཡཱ་མཿ ངེས་པར་གྱུར་པ། ནྱཱ་མཿ སྐྱོན་མེད་པ། ནྱཱ་མཱ་བ་ཀཱནྟཿ སྐྱོན་མེད་པར་ཞུགས་པ། པྲ་ཏི་བདྡྷཿ རག་ལུས་པའམ། འབྲེལ་བའམ་གེགས་སུ་གྱུར་པ། བི་བནྡྷཿ བགེགས་སམ་གེགས། པྲ་ཏི་བནྡྷཿ ཕྱིར་འཇིལ་བའམ། བགེགས་བྱེད་པའམ་བར་ཆད་བྱེད་པ། པྲ་ཏྱ་པསྠཱམ྄། ཕྱིར་གཞིལ་བའམ་སོ་སོར་བཞག་པ། ཨཾ་ཤཿ ཆ། པྲ་ཏྱཾ་ཤཿ བགོ་སྐལ་ལམ་སོ་སོའི་ཆ། བྷཱ་གཿ སྐལ་བའམ་ཆ། ནི་བ་ར་ཎམ྄། ཆོད་པའམ་སྒྲིབ་པ། ཨཱ་བ་ར་ཎམ྄། སྒྲིབ་པ། ཨ་ལཾ། རྒྱན་ནམ་ནུས་པའམ་ཆོག་པ། དེ་ཧཱི། ལུས་ཅན། སྭཱ་པ་ཏེ་ཡཿ བདག་དབང་བ། ས་མུཏྤ་ནམ྄། ཀུན་ནས་སློང་བའམ་ཀུན་ནས་ལྡང་བྱེད། བ་ལི་གོ་དྷཿ ཀུན་ནས་སྤགས་པའམ་བྱི་བའམ་མ་བཀྲུས་པའམ་ཚིགས་པའམ་འབྲལ་བ། ཨཱ་ཙཱཪྻ་མུཥྚིཾ། སློབ་དཔོན་གྱི་དཔེ་མཁྱུད། དྷརྨྨཱནྟ་རཱ་ཡཿ ཆོས་ཀྱི་བར་དུ་གཅོད་པ། ནི་རནྟ་རམ། བར་ཆད་མེད་པ། བིཙྪནྡ་ཡ་ཏི། མོས་པ་བཟློག་པ། བི་ཙཀྵུཿཀ་ར་ཎཱ་ཡཿ མིག་གིས་མི་རྩོལ་བར་བྱ་བའི་ཕྱིར། སཾ་སརྒཿ འདུ་འཛི། དཱ་ཏོ་བི་གཙྪ་ཏི། ཚ་བ་མེད་


MR26_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་གདུང་བ་མེད་པར་གྱུར། བྷསྨཻ་ནཾ་ཀུཪྻཱ་ཏ། འདི་ཐལ་བར་བརླག་པའམ་རློག་པའམ་རློག་པར་འགྱུར། མ་ཧཱཏྤཡམ྄། ཆེ་བའམ་བདག་ཉིད་ཆེ་བ། པཱུརྦི་ཀཱ། སྔར་བྱས་པའམ་སྔར་དྲངས་པའམ་སྔོན་འདྲེན་པ། ཨ་དྷྱ་པ་ད་ལོ་པཾ་ཀྲྀ་ཏྭཱ། བར་གྱི་ཚེ་མི་མངོན་པར་བྱས་ཏེ། ཨེ་ཀ་ཏྲས་མེ་ཏྱ་སམྦྷཱུ་ཡ། གཅིག་ཏུ་འདུས་སམ་ཕྲད་ནས། ཨེ་ཀ་བྷཱུ་ཏཱ། གཅིག་ཏུ་འདུས་ནས། ཏཛྫ་ཏཱི་ཡ། དེ་དང་འདྲ་བར། ཏ་དྭི་དྷྭ་ཡ་ཏྭཱ། དེ་ལ་རག་ལུས་པ་ཞེའམ་བསྐོས་པ་བཞིན་བྱེད་པ། ཨ་ནྭརྠཿ དོན་དང་མཐུན་པ། ཡུ་གཾཿ ཟུང་ངམ་ཕྲུགས། ཡུ་ག་བ་ཏ། ཅིག་ཅར་ཞེའམ། ལན་ཅིག་ཅེའམ་མཉམ་པ། ལོ་ཀ་སཾ་ཛྙཱ། འཇིག་རྟེན་གྱི་མིང་དུ་བཏགས་པའམ་འཇིག་རྟེན་གྱི་ཐ་སྙད། ཨི་ཏ་རེ་ཏ་རཱནྟ་རྦྷཱ་བཿ གཅིག་གི་ནང་དུ་གཅིག་བསྡུ་བ། ཀཱ་དཱ་ཙིཏྐ་ཏྭཱ་ཏ། རེས་འགའ་འབྱུང་བ་ཞེའམ་ལན་འགར་འབྱུང་བའི་ཕྱིར། ཨ་གྷཿ བསགས་པའམ་སྡིག་པ། ཨ་བི་ནིརྦྷཱ་ག་བརྟྟིཿ ཐ་དད་དུ་མི་འཇུག་པའམ་མི་གནས་པ། སངྐཱ་ཤཿ འདྲ་བ། དུཥྤྲ་ས་ཧཿ བཟོད་པར་དཀའ་བ། དུ་རཱ་བ་ས་དཿ བསྙེན་པར་དཀའ་བ། དུར་ཡོ་དྷ་ན། འཐབ་དཀའ་བ། ཨིཥྚཿ འདོད་པའམ་སྡུག་པ། ཨ་ནིཥྚཿ མི་འདོད་པའམ་མི་སྡུག་པ། ཨཱ་ཀཱ་རཿ རྣམ་པའམ་བྱད་བཞིན་ནམ་ཚུལ། པྲ་ཀཱརཿ རྣམ་པ། སརྦེ་ཎ་པྲ་ཀཱ་རེ་ཎ། རྣམ་པ་ཐམས་ཅད་ཀྱིས་ཞེས་པའི་དོན་ལ། རྣམ་དབྱེ་གསུམ་པའི་ཚབ་ཏུ་རྣམ་པའི་དོན་ཅན་དེ་ཕན་རྐྱེན་ཐཱ་ལ྄་བྱིན་པས། སརྦ་ཐཱ། རྣམ་པ་ཐམས་ཅད་ཀྱིས་ཞེས་འགྲུབ་བོ། །ནཻཀ་ཤཿ རེ་རེ་ལས་མ་ཡིན་ནམ།རྣམ་པ་གཅིག་ཏུ་མ་ཡིན། བྷ་གི་ནོ་བྷ་བནྟི། སྐལ་བ་ཅན་དུ་འགྱུར། ཀ་ཐ་ནྣཱི། ཡ་ཏེ། ཇི་ལྟར་དྲང་ངམ་ཇི་ལྟར་བཤད། ཨ་བྷི་སམྤ་དྷྱ་ཏེ། སྦྱར་རོ། །ཨ་བིཥྱནྟིཏཿ བརླན་པའམ་སྤངས་པ། བིས་དྲྀ་ཤཿ བཱོ་ཀོ་བི་པཱ་ཀཿ མི་འདྲ་བར་སྨིན་པས་ན་རྣམ་པར་སྨིན་པ། ཨུ་དཱ་ར་བི་པཱ་ཀཿ


MR26_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པ་རྒྱ་ཆེ་བ། ནཱ་བཱ་དྷ་ཡ་ཏིསྨ། གནོད་པར་གྱུར་ཏོ། །ཛྱོ་ཏིརྒ་ཎཿ སྐར་མའི་ཚོགས་སམ་སྣང་བར་བྱེད་པའི་ཚོགས། ཨ་ཤྩེ་ཥཿ མ་ཆགས་པའམ་མ་འབྱར་བ། བྷྱཱ་མཱི་ཀ་ར་ཎཾ། མོག་མོག་པོར་བྱ་བ། བྷྱཱ་མཱི་ཀྲྀ་ཏཾ། མོག་མོག་པོར་བྱས་པ། བྷཱ་བ་ཀཱནྟཱརཿ སྲིད་པའི་དགོན་པ། བྷཱ་བ་ཙཱ་ར་ཀཿ སྲིད་པའི་བཙོན་རཿསཾ་ས་རིཏྟྭཱ་འཁོར་ནས། ཨ་གྷ་ཊྚིཏཿ མ་བཅད་པའམ་མ་ཕྱེ་བའམ་མ་བཀྲོལ་བའམ་མ་བརྡུངས་པ། པྲཱ་ཀྲྀ་ཏཿ ཕལ་པ། དྷི་ཀ྄ ངན་པ་འདི། སཾ་ཁྱཱཾ་གཙྪ་ཏི། གྲངས་སུ་འགྲོའོ། །ཨུཏྟ་རོཏྟ་རཾ། གོང་མའི་གོང་མའམ་གོང་ནས་གོང་དུ། ཨ་བྷཱིཀྵྞ་མ྄། ཡང་ནས་ཡང་དུའམ་ཕྱིར་ཞིང་། ནི་རུདྡྷཾ། འགགས། ཨ་བ་སྭཱ་པ་ནམ྄། གཉིད་ཀྱིས་ལོག་པ། སྭཔྣཱནྟ་རག་ཏམ྄། རྨི་ལམ་ནའམ་རྨི་ལམ་དུ་རྨིས་པ། ཀཾ་ལཱ་སཿ སྙོམས་ལས། ཏནྡྲཱི། གཡེལ་བའམ་སྙོམས་པ། ཨུ་དཱིརྞཿ འཕྱོས་པའམ་དྲག་པ། ཨ་བ་བྷཱ་སཿ སྣང་བ། ཨ་ནཱ་བྷཱ་སཿ མི་སྣང་བ། ནི་རཱ་བྷཱ་སཿ སྣང་བ་མེད་པ། ན་ཙ་པ་རི་པྲཱ་པ་ཡ་ཏི། མི་སླེབ་པ། ཨུ་པཱུ་ནཱ་ཙར་མཿ སྔ་ཕྱི་མེད་པ། ཨ་སཾ་མཱུ་ཊཿ མ་རྨོངས་པ། ཨ་ཏྭརཿ མི་རིངས་པ། སཾ་བྷྲ་མཿ བརྟགས་པའམ་གུས་པར་བསྒྲིམ་པ། རུ་ཎུ་ན་ཡ་ནཾ། མིག་མཆི་མ་ཕྱུང་བ། ཡ་ཐ རྟུ་ཀམ྄། དུས་ཇི་ལྟ་བ་བཞིན། ས་ཧ་སྭཱ། བབ་ཅོལ་ལམ་བབ་བབ་པའམ་འཕྲལ། ཨ་ཀསྨཱ་ཏ། གློ་བུར། བི་ཀྲྀ་ཏཿ ཆ་ལུགས་ངན་པ། བི་སཾ་སྡྱི་ཏཿ ཚུལ་མི་སྡུག་པར་འདུག་པ། བི་ཀ་རཱ་ལ་བ་ཀྲྀ་ཏ་དཾཥྚཱཿ མཆེ་བ་འཇིགས་སུ་རུང་ཞིང་མི་སྡུག་པ། བི་ཀྲྀ་ཏཱ་བ་ད་ནཿ བཞིན་འཇིགས་སུ་རུང་བར་བསྒྱུར་བ། ནི་རུ་པ་ལེ་པཿ ཆག་པ་མེད་པའམ་གས་པ་མེད་པ། ཨེ་ཀ་ཏཿཔིཎྚེ་ཀྲྀ་ཏྱཿ གཅིག་ཏུ་བསྡུས་ནས། སཾ་ཀྵི་པྱ་བིཎྚ་ཡི་ཏྭཱ། བསྡུས་ཏེ་བསྡོངས་ནས། དྭ་ཡོཤྩི་ཏ་ཡོས་ས་མ་བ་དྷཱ་ནཾ་ནཱས་ཏི། སེམས་གཉིས་ཕྲད་པ་


MR26_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། ནི་རྦི་ཤེ་ཁཿ བྱེ་བྲག་མེད་པའམ་ཁྱད་པར་མེད་པ། བྱས་ན་མ྄། ཞུགས་པའམ་ཞེན་པའམ་ཕོངས་པའམ་ཉོན་མོངས་པ། དུཥྐར་ཀཱར་ཀཿ དཀའ་བ་བྱེད་པ། དུཥྐར་ཙཪྻཱ། དཀའ་བ་སྤྱད་པ། ཀི་ཡཙྪི་རཾ་ཙ་རི་ཏམ྄། ཡུན་ཇི་སྲིད་ནས་སྤྱད།ན་ཙཱི་རཱ་ཡི་ཏ་ཀཱ་ཡཿ ལུས་མ་དྲལ་བའམ་མ་གཤགས་པ། ཨ་གཱ་ར་མ་བྷཱ་བ་སཾ། ཁྱིམ་ན་གནས་ཤིང་། ནཱ་མོ་པ་ད་ཤེ་ན། མིང་བསྟན་པས། ནཱ་མ་དྷེ་ཡ་མ་ནུ་བི་ཏརྐི་ཏཾ། མིང་རྗེས་སུ་བརྟགས་པ། ཨི་མ་མརྠ་བ་ཤཾ་མ་མྤ་ཤྱ་མཱ་ནཿ དོན་གྱི་དབང་འདི་མཐོང་ནས། ཨེ་ཀིཾ་ཙིཏྶ་མརྠཿཅུང་ཟད་ཀྱང་མི་ནུས་སམ་ཅི་ཡང་མི་ནུས། པྲཛྙཱ་པཱ་ར་མི་ཏཱ་པྲ་ཏི་བརྞྞཨི་ཀཿ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ། ཤ་མ་ཎ་པྲ་ཏི་རཱུ་པ་ཀཿ དགེ་སྦྱོང་ལྟར་བཅོས་པ། མཱ་ར་ག་པྲ་ཏི་རཱུ་པ་ཀཿ ལམ་ལྟར་བཅོས་པ། ནི་ར་བ་ཡབཿ ཆ་མེད་པ། ཙི ནྟ་རམ྄། སེམས་གཞན། ཨ་དེ་ཤསྡྱཿ ཡུལ་ན་མི་གནས། ཨ་པྲ་དེ་ཤསྡྱཿ ཕྱོགས་ན་མི་གནས། ཨ་པ་ཊུ་པྲ་ཙཱ་རཿ སྤྱོད་པ་མི་གསལ་བ། ཨ་བི་ནཱ་བྷཱ་བཿ མེད་པར་མི་འབྱུང་བ། པུཥྐ་ལཾ། རྒྱས་པའམ་རྫོགས་པ། བིཾ་བམ྄། གཟུགས། ཤ་ཀ་ལི་ཀཿ དུམ་བུའམ་ཞོགས་མ། པ་རིཏྟ་ཤ་ཀ་ལི་ཀཱགྣིཿ སྦུར་མའི་མེ་ཆུང་ངུ་། སཾ་ཛྙཱ་ག་ཏཿ འདུ་ཤེས་ཀྱི་རྣམ་པ། ནཱ་མྣཱ་ཡ་ཏེཿ མ་བརྗོད་པའམ་མི་འབྱུང་། ཨ་བ་ལམྦྷ་ནམ྄། འཛུངས་པའམ་སྦྱངས་པ། ཏྲི་ཀཱཎྚ་ཀཾ དུམ་བུ་གསུམ་པ། ཨཱ་བྷི་པྲཱ་ཡི་ཀ དགོངས་པའི། བྷིནྣ་ཀྲ་མཿ རིམ་པ་གཞན་དུ་སྦྱར་བ། ཀཱ་ར་ཎ་སྲོ་ཏཿ རྒྱུའི་རྒྱུན། ཨཱ་བི་ལམ྄། རྙོག་པ། པྲ་བ་ཏི་ཏཿ རྡེག་འཆོས་པའམ་ལྷུང་བ། མཱ་བྷཻཥྚ། མ་འཇིགས་ཤིག པཱ་རམྤཪྻེ་ཎ། གཅིག་ནས་གཅིག་ཏུ་ཞེའམ་བརྒྱུད་པ། ད་མ་ཐཿ དུལ་བའི་གནས། བཪྻཱ་བནྣཿ གཏོགས་པ། བ་ལ་མེ་ཀཾ སྲང་གཅིག ཨརྡྷ་


MR26_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལཾ། སྲང་བྱེད། སཾ་སླི་ཥྱ་མཱ་ཎཿ འབྱར་བ། བཱ་དཽ་ནཿཀྲོ་ཤཿ རྒྱངས་གྲགས་ཀྱི་བཞི་ཆར་མེད་པ། ཨེ་ཀཏྱཿ ཁ་ཅིག་གམ་ལ་ལ། སཔྟཱངྒ་སུ་པྲ་ཏིཥྛ་ཊཿ ཡན་ལག་བདུན་ལེགས་པར་གནས་པ། དྷཱ་ཏུ་ཤ་ཏཾ། ཚོན་སྣ་བརྒྱ། ཨི་དནྟ་དེ་དཾ་མ་མེ་ཏི། འདི་ནི་ཁྱོད་ཀྱི་འདི་ནི་ངའི་ཞེས། བྷོཿཧེ་རེ། ཀྱེ། ཨ་རེ། ཀྭ འི། མ་བྷཱུ་ཡ་ཨེ་བཾ་ཀ་རིཥྱ་ཐ། ཕྱིན་ཆད་དེ་ལྟ་མ་བྱེད་ཅིག ཨེ་ཀ་དྷ་མ་བྷི་སཾ་ཀྵི་པྱ། གཅིག་ཏུ་བསྡུས་ཏེ། ཨཱ་ཀརྵ་ཡ་ཏི། ཚུར་འདྲེན། པ་རཱ་ཀརྵ་ཏི། པ་ར་འདྲེན། ས་ཧ་བྷ་བྱ་ཏཱ། སྐལ་བ་དང་བཅས་པའམ་སྐལ་བ་མཉམ་པ། ཀྵཱི་རཾ་སྱཾ་ད་ཏི། འོ་མ་འཛག ཨུཙྪུ་ཥྱ་ཏེ། སྐམ་པར་འགྱུར། སུ་ཁ་སཾ་སྤརྴཿ རེག་ན་བདེ་བ། ནིཀྵི་པྟེ་པཱ་དེ་ཨ་བ་ན་མ་ཏི། རྐང་པ་བཞག་ན་ནེམ་ཞེས་བྱེད། ཨུཉྐྴི་པྟེ་པཱ་དེ་ཨུནྣ་མ་ཏི། རྐང་པ་བཏེག་ན་སྤར་ཞེས་བྱེད། མནྡ་མནྟྲ་ཨེ་བཱ་བྷཱུ་ཏ། བརྗོད་པ་ཉུང་བར་གྱུར། པ་ར་མཿ ལྷུར་ལེན་པ། གུ་རུ་ཀཿ གདུབ། ཨཏྱརྠམ྄། དང་། བྷྲྀ་སམ྄། ཤིན་ཏུའམ་ཏེ་བོར་རམ་རབ་ཏུ། པཱ་ཊམ྄། དམ་པའམ་དྲག་པའམ་སྲ་བའམ་ཏེ་བོར་རམ་ཚབས་ཆེ་བ། དྱུ་ཏིཿ སྣང་བའམ་འོད། ནི་རཱམ་གནྡྷཾ། དྲི་ང་བ་མེད་པའམ། བཤུལ་བ་མེད་པ། པ་དམ྄། ཚིག་གམ་གོ་འཕང་ངམ་གནས་སམ་གོམ་པ། ས་མཱ་ད་ན་མ། ཚོམ་དུ་འབེབས་པ། དྭི་ཛཿ བྱའམ་བྲམ་ཟེ། བརྒཿ སྡེའམ་ཚན། གྲྀ་ཧཱ་ཎཿ ཁྱིམ་གྱི་དགར་ཏེ་འདིར་ཨང་ག་ན་ཞེས་པའི་སྒྲ་ལྷ་ཁང་ངམ་མཆོད་རྟེན་གྱི་སྐབས་སུ་འཁོར་སའམ་ཉེ་འཁོར་དུ་གདགས། ཁྱིམ་གྱི་དགར། རྒྱ་མཚོའི་ཀློང་གི་གྲོང་གི་སྒོའམ་རྟ་རྒོད་མའི་ཁའོ། །ཏ་པསྦི། དཀའ་ཐུབ་ཅན་ནམ་ཉོན་མོངས་པ། རི་ཏུ་ཕ་རི་བརྟྟཿ དུས་འགྱུར། ན་བཥྛི་ར་ཎ་ཏི་ན་བིཥྛཾ་ཧ་ཏི། མི་འགྱུར་རམ་མི་ཐོགས་སམ་མི་སྡོད་དམ་རྒྱུན་མི་འཆད་པ། ཨ་བ་མཱ་ཏྲ་ཀ་


MR26_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་སཱ་དཿ ངན་ངོན་ཙམ་གྱིས་དད་པ། སམྤྲ་ཧརྵ་མ྄། ཡང་དག་པ་རབ་ཏུ་དགའ་བར་བྱེད་པ། སནྟོ་ཥ་ཡ་ཏི། ཡང་དག་པར་ཚིམ་པར་བྱེད་པ། ས་མཱ་དཱ་པ་ཡ་ཏི། ཡང་དག་པར་འཛིན་དུ་འཇུག་གམ་བྱེད་དུ་འཇུག ས་མུ་ཏེ་ཛ་ནམ྄། ཡང་དག་པར་གཟེངས་བསྟོད། སཉྩོ་དན་མ྄། ཡང་དག་པར་བསྐུལ། ས་མུ་དཱ་ག་མཿ ཡང་དག་པར་འགྲུབ་པའམ་འཐོབ་པ། ས་མུ་དཱ་ག་ཏཿ ཡང་དག་པར་གྲུབ་པའམ་ཐོབ་པ། ཧ་བྱཾ། ལྷ་ལ་གཏོར་བ། ཀ་བྱཾ། མཚུན་ལ་གཏོར་བ། བེ་གཿ ཤུགས་སམ་མགྱོགས་པ། ཨཱཀྵེ་བཿཤུགས་སམ་འཕེན་པ། ཨཱ་བེདྷཿ ཤུགས་སམ་འཕེན། ཏ་ར་སྭ། ཤུགས་ཀྱིས་སམ་མགྱོགས་པ། ཨཱ་ཤུ། མྱུར་བ། ཀྵི་པྲ་རམ྄། ཆེས་མྱུར་བའམ་མགྱོགས་པ། ཛ་བཿ མགྱོགས་པ། པྲ་ས་བྷཾ། ནན་གྱིས་སམ་ངོ་མཐོན། ཨཱ་མྣཱ་ཏཿ གྲགས་པའམ་བརྗོད་པ། གོཥྛཱི། དགེ་འདུན་ནམ་ཚོགས་ཞིང་འདུ་བ། པ་རི་ཙ་ཡཿ འདྲིས་པ། གྲནྠཿ མདུད་པའམ་གོས། ལ་ལཱ་མཿ རྒྱལ་མཚན་ནམ་གྲགས་པ། ཨནྟི་མ་མཱ་ཏྲི་གྲཱ་མ་བྷཱ་བཿ བུད་མེད་ཀྱི་ལུས་ཀྱི་ཐ་མར་གྱུར་པ། ཨཱ་ཎཱི་པྲ་ཏྱཱ་ཎཱི་ནི་རྷཱ་ར་ཡོ་གེ་ན། ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་དུ། ཤཱུརཿ བཱི་ར་ད་མ་འདོམ་ན་དཔའ་བ། འདོམ་ན་རྟུལ་ཕོད་པའམ་ཉམས་རྩལ་ཆེ་བ། མིང་འདི་འདྲ་སྔར་ཡང་སོང་མོད་འཇུག་ཡུལ་གཞན་བསྟན་པ་དང་། སྐབས་སོ་སོའི་དབང་གིས་ཀྱང་མི་ཟློས་པ་ཤེས་པར་བྱའོ། །པ་རི་སྥུ་ཊཾ། ཡོངས་སུ་རྒྱས་པར་འགེངས་པའམ། ཡོངས་སུ་ཁྱབ་པ། པ་རི་བྲི་ཏཿ ཡོངས་སུ་བསྐོར་བ། ཨཱ་བརྟྟ་ནམ྄། དང་། པ་རི་བརྟྟ་ན་མ྄། ཡོངས་སུ་བསྐོར་བའམ་བསྒྱུར་བ། བི་ཙ་ར་ཎམ྄། རྣམ་པར་རྒྱུ་བ། བ་སཾ་ཀལྤ་ཡ་ཏི། གནས་འཆའ། ཨ་སམྦྷིནྣཿ མ་འདྲེས་པའམ་དབྱེར་མེད་པ། སམྦྷིནྣཿ འདྲེས་པའམ་ཐ་དད་


MR26_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཏ་ལམ྄། ངོས་སམ་སྟེང་ངམ་གཞིའམ་མཐིལ། ས་མཱ་དྷི་མཎྜལ་མ྄། ཏིང་ངེ་འཛིན་གྱི་དཀྱིལ་འཁོར། ཀ་ར་ཏལ་མ྄། ལག་མཐིལ། བྲྀཀྵ་ཏ་ལ་མ྄། ཤིང་དྲུང་ངམ་ལྗོན་པའི་འོག ཀྲ་མ་ཏ་ལམ྄། ཞབས་ཀྱི་མཐིལ། བྷཱུ་མི་ཏ་ལམ྄། སའི་སྟེང་ངམ་གཞི། ཨཱ་ཀཱ་ཤ་ཏ་ལམ྄། ནམ་མཁའི་དཀྱིལ། ས་མནྟ་ཏ་ལམ྄། ཀུན་གྱི་དཀྱིལ་ཞེས་པ་ལ་སོགས་པས་མཚོན་ནས་ཤེས་པར་བྱའོ། །ཨུཏྶརྒཿ སྤྱིར་བཏང་། ས་མུ་དཱ་ཡཱརྠཿ སྤྱིའི་དོན། ཨ་པ་བཱ་དཿ དམིགས་ཀྱིས་བསལ་བ། ཙཱ་ཏུཥྐོ་ཊི་ཀཿ མུ་བཞིའམ་མཐའ་བཞི། པྲཥྞ་ཎིརྞྞ་ཡཿ དྲིས་པ་གཏན་ལ་དབབ་པ། ནི་པྲྀ་ཏཱ་བྱཱ་ཀྲྀ་ཏཱཿ བསྒྲིབས་པའི་ལུང་དུ་མི་སྟོན་པ། ཨ་ནི་བྲྀ་ཏཱ་བྱཱ་ཀྲི་ཏཱཿ མ་བསྒྲིབས་པའི་ལུང་དུ་མི་སྟོན་པ། ཨ་བྷི་ས་མ་ཡཱནྟི་ཀཿ མངོན་པར་རྟོགས་པའི་མཐའ་ལས་བྱུང་བ། ཀི་ནཱི་ནཱ་ཀ་ར་ཎཾ། ཐ་དད་དུ་བྱ་བ་ཅི་ཡོད། ནི་རཱ་སྭ་དཿ རོ་བྲོ་བ་མེད་པ། ཨོ་མི་ཏྱཱ་ཧཿ དེ་དེ་བཞིན་ནོ་ཞེས་སྨྲས་སོ་ཞེའམ་སྨྲས་པ་དེ་བཞིན་ནོ། །ཨུལྐཱ། སྐར་མའམ་སྒྲོན་མའམ་ཏ་ལ་ལ། ཨུལྐཱ་མུ་ཁམ྄། སྐར་མདའི་གདོང་ངམ་སྣ ། པྲ་དཱི་པཿ སྒྲོན་མའམ་མར་མེ། ས་མུ་དི་ཏཿ ཤར་པའམ་འདུས་པའམ་སྤྱི། ཤྩི་ཥོཀྟིཿ ཚིག་ཟུང་གཉིས་སུ་སྦྱར་བ། པྲ་པྲྀདྡྷཾ། འཕེལ་བའམ་སྐྱེས་པ། པ་རི་ཛྙཱ། ཡོངས་སུ་ཤེས་པ། སམྦྷ་བ་ཏི། འབྱུང་ངམ་སྲིད་པ། ཨ་སམྦྷ་བཿ མི་སྲིད་པའམ་མི་འབྱུང་བ། ཨཱ་ཡ་ཏཿ ཡུན་རིང་པོའམ་རྒྱ་ཆེ་བའམ་ཡངས་པ། བྱ་བསྡྱཱ་ནམ྄། རབ་ཏུ་ཕྱེ་བའམ་རབ་ཏུ་བཞག་པའམ་རྣམ་པར་བཞག་པ། བཱིམྶཱ། ཟློས་པ། པྲ་ཏྱག྄ཿ སར་པའམ་ཁྱེའུ་ཚང་། ཨཱ་གནྟུ་ཀཿ གློ་བུར་དུ་འོངས་སམ། གློ་སྐྱེས་སམ་ཐོར་བུ། ལུཉྩ་ཏེ། འབལ་ལམ་ཐོག ཁྲི་ཤཿ སྐེམ་པ། ས་མ་བདྷཱ་ནམ྄། འགྲོགས་པའམ་ཕྲད་པ། བི་ཤྭ་ཀརྨྨ། ལས་


MR26_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཅན་ནམ་བཟོ་སྣ་ཚོགས་ཅན། ཨཱ་ནྭཱ་ཧིཎྚ་ཡི་ཏྭཱ། བསྐོར་ནས། ཨ་ཀརྨཱ་ར་ཀྲྀཏ྄། མཁན་བཟོས་མ་བྱས་པ། བི་ཏ་ཏ་བ་ལི་ཀཱ། གཉེར་མ་རངས། པྲ་ཏི་བུབྫི་ཏཿ བསྐོར་བའམ་གང་བ། པ་ར་ཥྱནྡཿ བརླན་པའམ་གཤེར་བ། པྲ་མཱ་དསྡྱཱ་ནམ྄། བག་མེད་པའི་གནས། པྲ་གྒར་ཏེ། རབ་ཏུ་ཟབ། ཀི་ཡནྟཿ ཇི་སྙེད་དམ་ཇི་ཙམ། སཱཾ་ཀ་རཿ འདྲེས་པ། དྷརྨ་བྱ་ས་ན་སམྦརྟྟ་ནཱི་ཡཿ ཆོས་ཀྱིས་ཕོངས་པར་གྱུར་པ། བྱཱ་ཊཿ མ་རུངས་པའམ་གདུག་པའམ་སྦྲུལ། ཛི་པུ་སཱ་ཧཱ་ཡཿ འཛམ་བུ་ཞེས་བྱ་བ། བྲཧྨ་པ་ཐ་ཀོ་བི་དཿ ཚངས་པའི་ལམ་ལ་མཁས་པ། ཨུ་པ་བརྟྟི་པྲ་ཏི་ལམྦྷི་ཀཿ སྐྱེ་བས་ཐོབ་པ། དྷརྨ་ཏཱ་པྲ་ཏི་ལམྦྷཿ ཆོས་ཉིད་ཀྱི་ཐོབ་པ། དྷརྨ་ཏཱ་པྲ་ཏི་ལཱ་བྷི་ཀཾ ཆོས་ཉིད་ཀྱིས་རྙེད་པ། པྲཏྱ་ཡི་ཏཿ ཡིད་ཆེས་པའམ་ཡིད་བརྟན་པ། ཨ་པྲ་བྱཱ་ཧཱ་རཿ ཤིན་ཏུ་བརྗོད་དུ་མེད་པ། ཨདྷྱཱ་ལམྦྷ་ནམ྄། ལྷག་པར་དམིགས་པ། སཱཀྵི་བྱ་པ་དིཥྛཱ། དབང་པོར་ཕུལ་བ། སཱཀྵི་བྲྀཥྚ་སྨཱ་ན། དབང་པོར་འདྲིས་པའམ་ཆེ་བཞི་རྨས་པ། ཨ་ནཱ་སྭ་སྟཱཾ་སཏྭ་ནཱ་ཤྭཱ་ས་ལེ་མཿ སེམས་ཅན་དབུགས་མ་དབྱུང་བ་རྣམས་དབྱུགས་དབྱུང་ངོ་། །པྲྀ་ཐི་བྱཱ་མ་པ་ཏ་ནཱ་ཡ། ས་ལ་མི་ལྟུང་བར་བྱ་བའི་ཕྱིར། ཨཱ་གཱ་ཊི་ཀ་རི་ཥྱ་ཏི། དམ་པོར་བྱེད་པའམ་སྲ་བར་བྱེད་པ། ན་བ་ཡཱ་ན་སམྤྲ་སྡྱི་ཏཿ ཐེག་པ་ལ་གསར་དུ་ཞུགས་པ། ཙཻ་ཏྱཱངྒ་ཎཿ མཆོད་རྟེན་གྱི་འཁོར་ས། ཙ་ར་མ་བྷ་བི་ཀཿ སྲིད་པ་ཐ་མ་པ། ནི་ཀཱ་ཡ་ས་བྷཱ་ག་སྱཱ་བེ་དྷཿ རིས་མཐུན་པར་འཕེན་པ། ཨ་ཡ་སྒྲ་པཱ་ཌི་ཀཿ ལྕགས་ཀྱི་ཚ་ཚ། ཤྱཱ་མི་ཀཿ གཡའ། ནི་པ་ཀ་སྱཱངྒ་སམྦྷ་རཻཿ འགྲུས་སྐྱོང་གི་ཡན་ལག་གི་ཚོགས། ནཱ་ཏི་ཛ་ལྦེཏ། ཧ་ཅང་སྨྲ་བ་མང་དུ་མི་བྱ། ནཱ་ཏ་ས་རེ་ཏ། ཧ་ཅང་འཕྲོ་བར་མི་བྱེད། ཨ་བ་མཱཪྻཱ་ཎཱཾ་མནྟྲ་ཎཱ། དེ་ལྟར་ན་འཕགས་པ་རྣམས་


MR26_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྨྲ་བའམ་འགྲོ་བའམ་བརྗོད་པ། ལ་བྷྱཱ་མི་ཐྱཱ་དྲྀཥྚིཿཔྲ་ཧཱ་ཏུཾ། ལོག་པར་ལྟ་བར་སྤོང་བར་ནུས་པའམ་སྤང་བར་རུང་བ། མཱ་པུངྒ་ལཿཔུངྒ་ལམྤྲ་མི་ནོ་ཏུ། གང་ཟག་གིས་གང་ཟག་ལ་ཚོད་མ་གཟུང་ཞིག པུངྒ་ལེ་བཱ་མཱ་པྲ་མཱ་ཎ་མུངྒ྄ྀ་ཧྣཱ་ཏུཿ གང་ཟག་ལ་ཚད་ཀྱང་མ་འཛིན་ཅིག་ཀྵ་ཎྱ་ཏཻ། ཉམས་པར་འགྱུར། པ་རཱ་མྲྀཥྚཿ ཕྱིས་པའམ་ནོགས་པ། ཨ་པ་རཱ་མྲྀཥྚཿ མ་འབགས་པའམ་མ་ཕྱིས་པའམ་མ་ནོགས་པ། ཨ་བྷྱ་བ་ཧཱ་རཿཀ་པ་ལཿ བཟའ་བའམ་མིད་པའམ་བདེག་པ། ཨ་ཏཱརྵི་ཙཀྵུཿས་མུ་དྲཾ། ཁམས་དེས་མིག་གི་རྒྱ་མཚོ་ལས་རྒལ། སཽརྨི་ཀཾ དབའ་བས་དང་བཅས་པ། སཱ་བརྟྟཾ། གློད་དང་བཅས་པ། སགྲཱ་ཧཾ། འཛིན་ཁྲི་དང་བཅས་པ། ས་མ་ཡཱ་པཱ་ཙཎྱཱ་གྲ་ཧ་ཎྱཱ་ས་མནྦཱ་ག་ཏཿ ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པ། ཨ་སི་ཏ་བཱི་ཏ་ཁཱ་དི་ཏཱ་སྭཱ་དི་ཏཱ་ནིསྶམྱཀྵུ་ཁེ་ན་པ་རི་པཱ་ཀཾ་གཙྪ་ཏི། ཟོས་པ་དང་འཐུངས་པ་དང་འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ། ནཱ་དྷི་བཱ་ས་ཡ་ཏི། དང་དུ་མི་ལེན། བྱནྟཱི་བྷ་བ་ཏི། མཐར་བྱེད་པའམ་བྱང་བར་གྱུར། ཨ་པྱནྟཱི་ཀྲྀཏ་ན་བྱནྟི་ཀ་རོ་ཏི། བྱང་བར་མ་བྱས་པ་བྱང་བར་མི་བྱེད། ན་དེ་ཤ་ཡ་ཏི། མི་འཆགས། ཀཱ་ཡ་སྱ་བྷེ་དཱ་ཏ། ལུས་ཞིག་ནས། བནྡྱ། འབྲས་བུ་མེད་པའམ་མིག་ལོང་བའམ་མོ་གཤམ། ཨི་ཥི་ཀཱ་མཱ་པི་ཏཱ་བྷ་བནྟི། ཤིང་བཏགས་བཙུགས། སུ་ནི་ཁཱ་ཏཱ། རིང་དུ་བརྐོས་པ། ཨཱ་རཱ་ཏ྄། རིང་བའམ་ཐུང་བ་སྐབས་དང་སྦྱར། ད་བཱི་ཡཏ྄། ཤིན་ཏུ་རིང་བ། སུ་ཁ་སྱཱདྷཱ་རཿ བདེ་བའི་གཞི། ཨ་ཏྱ་ཡཿ འདས་པའམ་ཉེས་པ། སཱ་བཱ་ཧུབ་ལོ་པཱ་རྫི་ཏམ྄། བདག་གི་ལག་མཐུས་བསྒྲུབ་པ། སྭེ་ད་མ་ལཱ་བ་ཀྵིཔྟཿ རྡུལ་ཅིང་དྲི་མ་ཆགས་ཆགས་སུ་བསྒྲུབས་པ། དྷྲྀ་ཏིཿ མོས་པའམ་བརྟན་པ། བྷཊྚཱ་ར་ཀཿ རྗེ་བཙུན། དྷརྨ་པཊྚཱ་བ་བདྡྷཿ


MR26_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཅོད་པན་བཅིངས་པ། སཱ་མུངྐརྵི་ཀཿ ཡང་དག་ཕུལ། ཀཱ་མ་དྷེ་ནུཿ འདོད་འཇོ། བཧུ་ཀ་རཿ གཅེས་སྤྲས་བྱེད་པ། ཀ་ལྱ་ཏཱ། ཉམས་བདེ་བ། ཡཥྚིཿ སྲོག་ཤིང་ངམ་ཡུ་བ། ཡཱུ་བཿ མཆོད་སྡོང་། སཱ་རཱུ་པྱཾ། ཚུལ་དང་འདྲ་བ། ཨ་ནྱཏ། གཞན་དུའམ་མ་གཏོགས་པ། ཨཱ་ཙ་རཾ། ཆོ་གཙཱི རི་ཏྲཾ། སྤྱོད་པ། ས་པ ནྣཱཾ། འགྲན་ཟླ། ཙི་ར་ཏྲྀ་ཥཱརྟཿ ཡུན་རིང་པོ་ནས་སྐོམ་པས་གདུངས། པ་རཱ་ཀྲ་མཿ ཕ་རོལ་གནོན་པའམ་བརྟུལ་བ། བི་དྷུ་རཿ འགལ་བའམ་མ་ཚང་བ། མུ་ཁྱཱཿ གཙོ་བོའམ་དང་པོ། གཽ་ཎཿ བཏགས་པའམ་ཕལ་པ། ཨཽ་པ་ཙཱ་རི་ཀཿ ཉེ་བར་བཏགས་པ། ཨཽ་པ་ཙ་ཡི་ཀཿ རྒྱས་པ་ལས་བྱུང་བ། པ་རི་བྷཱ་ཥཱ། འཐམས་པའམ་སྤྱོ་བ། ས་མཱ་བརྫ་ནམ྄། འདུན་པར་བྱ་བ། ཨ་བྱེ་ཀདྱ། དང་། ཨཱ་བིདྡྷཿ འོན་ཀྱང་ཁ་ཅིག་ནི། མ་ནྱུཿ ཁྲོབའམ་བརྩེ་བ། ཨཱརྵ་བྷ་སྡྱཱ་ནེ་པྲ་ཏི་ཛཱ་ནཱི་ཏེ། ཁྱུ་མཆོག་གི་གནས་སུ་དམ་འཆའམ་ཞལ་གྱིས་འཆེས་པ། ཨཱ་ཁྱཱ་ནཾ། གཏམ་རྒྱུད། པུ་རཱ་ཎཾ། གནའི་རབས། ཨི་ཏི་ཧཱ་སཿ དེ་ལྟ་བུར་བྱུང་བ་བརྗོད་པ། བརྞྞ་བཱ་ཤཱི། དོར་བཿ མཎྚ་ཏཾ། ཆ་བའམ་བཞག་པ། ཨུ་པཽ་ཥ་དྷཿ ཉེ་བར་གསོ་སྦྱོང་བྱེད་པ། དྷཱ་ཏུ་པ་ཏི་ཏཿ ཁམས་སུ་གཏོགས་པ། པ་རི་ཧཱ་ཎིཿ ཡོངས་སུ་ཉམས་པ། ས་མུ་དྲ་ཏཱི་རཱི་ཡ་ཀཱ་ནཱཾ། རྒྱ་མཚོའི་ངོགས་ན་གནས་པ་རྣམས་ཀྱི། ཨཀྵ་མཱ་ཏྲཱ་བྷིརྦྷཱ་རཱ་བྷིཿ ཤིང་རྟའི་སྲོག་ཤིང་ཙམ་གྱི་རྒྱུན། ན་ལ་ལླཽ་བྷ་བ་ཏི། དིག་པའམ་ལྡིབ་པར་མི་འགྱུར། ནཱ་ནཱ་བྱཱ་དྷི་བ་རི་ག་ཏཾ། ནད་སྣ་ཚོགས་ཀྱིས་བཏབ་པ། བྱ་པ་ཀྲྀཥྚཿ འདུ་འཛི་མེད་པའམ་དབེན་པ། ཨ་ན་བ་ཀྲྀཥྚཿ མི་དབེན་པའམ་འདུ་འཛི་ཅན། སཾ་སརྐཿ འདུ་འཛི། གོཥྛཱི། འདུ་བ། ཀཱ་ལྱ་མེ་བ། ནང་པར་ཁོ་ནའམ་ནང་པར་སྔར། ཨཱཏྨོ་པ་ཀྲ་མཿ བདག་ལ་གནོད་པ། པྲསྡྱནྣཿ རབ་ཏུ་ཞུགས་པའམ་བྱིང་བ།


MR26_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཁལླི་ཀཿ བསོད་ཉམས། ཀོ་ཊརཿ ཁོང་སྟོང་། ཨརྦག྄། ཚུ་རོལ་ལམ་ཚུན་ཆད། ཨཱ་བི་ལཿ སྐྱོན་ནམ་རྙོག་པ། དུཤྩ་ཡཱ། གནོད་གྲིབ། ཨ་དྷི་པ་ཏེ་ཡཿ དབང་དུ་འགྱུར་བའམ་དབང་དུ་བྱ་བ། སཾ་བྷྱ། ཚོགས་པར་དབྱུང་། ཨ་སཾ་བྷྱ། ཚོགས་པར་མི་དབྱུང་བ། ས་མཱ་ས་ཏཿ མདོར་བསྡུ་ན། སཾ་ཀྵེ་པ་ཏཿ མདོར་ན། པཪྻ་ནུ་ཡོ་གཿ བརྒལ་ཞིང་བརྟག་པ། བཻ་མཱ་ཏྲ་མ་ནིསྟ་རཿ བྱེ་བྲག་གམ་རིམ་པ་ཟིན་པའམ་མཐར་ཕྱིན་པའམ་ངེས་པར་བརྒལ་བ། དུ་ར་བྷི་སཾ་བྷ་བཿ འབྱུང་བར་དཀའ་བ། སུ་མུ་དཱ་ན་ཡ་ན། སྒྲུབ་པའམ་སྦྱར་བ། ཨརྫ་ནམ྄། སྒྲུབ་པ། དྷཱུ་རཿ བརྩོན་པའམ་གཅེས་པ། ཨུ་པ་རོ་དྷ་བཱ་སཿ བསྐོར་ཏེ་འདུག་པའམ་བཟུང་སྟེ་འདུག་པ། ས་མུཙྪ་ཡཿ བཏུས་སམ་མཐོ་བ། ས་མུཙྪི་ཏཿ བསྒྲེང་ངམ་བཙུག་པ། ནིཀྵེ་པཿ བཞག་པའམ་གཏམ་པ། ལུཔྟཿ ཞིག་པའམ་མི་སྣང་བ། པྲཱནྟཿ མཐའ། སནྣི་ཤྲི་ཏཿ གནས་པའམ་རྟེན། པྲཧླཱ་དཿ རབ་ཏུ་སིམ་པ། བ་ལཱདྷཱ་ནམ྄། སྟོབས་སྐྱེད་པ། ཨཱ་ཀཱ་ཀྵཾ་མཱ་ནཿ འདོད་ན། བྱ་ཡཿ ཟད་པའམ་གོད་པའམ་འཇིག་པ། བི་ནི་བདྡྷཿ འབྲེལ་པ། བི་ཋ་པེ་ན་པྲ་ཏྱུ་པ་སྡྱཱ་ན་ལཀྵ་ཎ། རྣམ་པར་བསྒྲུབ་པ་ཉེ་བར་གནས་པའི་མཚན་ཉིད་མླཱ་ནམ྄། རྙིས་པ། ཤཱིརྑཿ དེངས་པའམ་རྙིས་པའམ་ལྷག་པ། ཨ་བྱ་བ་ཀཱིརྞྞཾ། མ་འདྲེས་པ། སཱ་བ་ཏྱམ྄། ཁ་ན་མ་ཐོ་བ་དང་བཅས་པ། ཨ་ན་བ་དྱཾ། ཁ་ན་མ་ཐོ་བ་མེད་པ། ནིརྒ་ཏཿ བྱུང་། པྲ་བྷྲཥྚཿ ལྷུང་བའམ་བོ་བ། པྲདྷྱཱ་ཡནྟཿ སེམས་པའམ་སེམས་ཁོང་དུ་ཆུད་པ། དཀྵོམཱ་ཡཱ་ཀཱ་རོ་མཱ་ཡཱ་ཀཱ་རོ་མཱ་ཡཱ་ཀཱ་རཱནྟེ་བཱ་སཱི་བཱ། སྒྱུ་མ་བྱེད་པའམ་སྒྱུ་མ་བྱེད་པའི་སློབ་མ་མཁས་པ། པྲ་བརྟྟ་ཀཾ འཇུག་པར་བྱེད་པ། ཨ་ནུ་བརྟྟ་ཀཾ རྗེས་སུ་འཇུག་པ། སཾ་རོ་དྷཿ ཡོངས་སུ་འགོག་པ། བི་ཀནྠི་ཏཾ། རྣམ་པར་བརྗོད་པ། ལིངྒ། མཚན་ནམ་རྟགས། པྲ་ཏི་ཀྵེ་པ་ཎ་སཱ།


MR26_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྱཾ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ། ཙེཥྚི་ཏཾ། གཡོས་པའམ་སྤྱོད་པའི་ཚུལ། ཨ་སྱཱཾ། གནས། ཨཱ་སྱཾ། ཁ། པྲཱ་པ་ཏྱ་ནུཥངྒཿ འཐོབ་པ་དང་འབྲེལ་བ། པུཎྱཱ་དྷིཥྱ ནྡཿ བསོད་ནམས་རྒྱུན་བྱས། ཨཱཛྙཱ་ཙིཏྟི་ན། ཤེས་པར་བྱ་བར་སེམས། སརྦ་ཙེ་ཏ་སཱ་མནྩ་ཧྲི་ཏྱ། སེམས་ཀུན་གྱི་བསམས་ཏེ། པྲ་ཏི་བྲ་ཏཱ། ཁྱིམ་ཐབ་ལས་མི་འཕྲོ་བ། ས་ཏ་ཏ་ས་མི་ཏཾ། རྟག་ཏུ་རྒྱུན་མི་འཆད་པ། ཀླེ་ཤ་བ་ཧུ་ལཿ ཉོན་མོངས་པ་ཆེ་བའམ་མང་བ། ཏཱི་བྲ་རཱ་གཿ འདོད་ཆགས་ཆེ་བའམ་བདོ་བ། ཏཱི་བྲ་དྭེ་ཥཿ ཞེ་སྡང་བདོ་བའམ་ཞེ་སྡང་ཤས་ཆེ་བ། ཏཱི་བྲ་མོ་ཧཿ གཏི་མུག་བདོ་བའམ་ཤས་ཆེ་བའམ་མི་བཟད་པའམ་ཚ་བ། དཱི་ནཿ ཞེན་པ། ཧཱི་ནཿ དམན་པའམ་ངན་པ། ལཱི་ནཿ ཞུམ་པ། བི་ཥཱ་དཿ ཡིད་བསད། ཨ་བ་སཱ་ད་མཱ་པ་དྱ་ཏེ། སྤ་བཀོང་བར་འགྱུར་ཞེའམ་ཡིད་བསད་པར་འགྱུར། བི་ཥཎྞ་མ་ན་སཿ ཡིད་བསད་པའམ་སྒྱིད་ལུག་པ། ཙིཏྟ་ནཱ་བ་ལཱི་ཡ་ཏེ་ན་སཾ་ལཱི་ཡ་ཏེ། སེམས་མི་ཞུམ་ཀུན་ནས་མི་ཞུམ། ན་བི་པྲྀཥྛི་བྷ་བ་ཏི་ཨ་སྱ་མཱ་ན་སཾ། དེའི་ཡིད་ཕྱིར་ཕྱོགས་པར་མི་འགྱུར། ཨེ་ཥ་ཎཱ། ཚོལ་བ། པཪྻེ་ཥ་ཎཱ། ཡོངས་སུ་ཚོལ་བ། ཨེ་ནྭེ་ཥ་ཎཱ། རྗེས་སུ་ཚོལ་བ། ས་མ་ནཱེ་ཥ་ཎཱ། ཀུན་ཏུ་རྗེས་སུ་ཚོལ་བ། མྲྀ་ག་ཡ་ཏེ། ཚོལ། པྲ་ཏྱུ་ནུ་བྷ་བ་ཏི། སོ་སོར་མྱོང་བར་འགྱུར། བེ་ད་ཡ་ཏི། མྱོང་བར་འགྱུར། སཾ་བེ་ད་ཡ་ཏི། ཀུན་ཏུ་མྱོང་བར་འགྱུར། པྲ་ཏི་སཾ་བེ་ད་ཡ་ཏི། ཀུན་ཏུ་སོ་སོར་མྱོང་བར་འགྱུར། ཨ་བ་ཀལྤ་ནཱ། ངེས་པར་རྟོག་པའམ་ལེགས་པར་རྟོག་པ། སམྦྷཱ་བ་ནཱ། སྲིད་པ། ཙེ་ཏ་སཿ དང་། པྲ་སཱ་དཿ སེམས་དང་བ། ཨཙྪཿ དྭང་བ། བི་པྲ་སནྣཿ རྣམ་པར་དྭང་བ། སྭཙྪཿ ཤིན་ཏུ་དྭང་བ། པྲ་སནྣཿ དྭང་བའམ་གསལ་བ། ཨ་ནཱ་བིལཿ རྙོག་པ་མེད་པ། ཨ་ནཱ་ར་ཏཱ། མི་སྤོང་བ། ཨ་བི་ར་ཏཱ། མ་སྤངས་པ། ཨ་པྲ་ཏི་བིར་ཏཱ།


MR26_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ཀྱང་མི་སྤོང་བ། ཨ་ནུ་པ་ར་ཏཱ། མི་འདོར་བ། ཨཱ་ཀ་རཿ འབྱུང་གནས་སམ་འབྱུང་ཁུངས། ནི་དྷཱ་ནཾ། གཏེར། དྷརྨི་ཀཱི་ཀྵི་ཏི་མ་ནུ་པྲ་དཱ་སྱཱ་མཿ ཆོས་བཞིན་དུ་ཁྭའམ་ཆ་འབུལ། བི་བ་རི་ཎ་ཏཾ། རྣམ་པར་མྱུར། བཾ་ཀཿ ཡོན་པོ། བཀྐྲཿ ཡ་ཡོ་སྟེ་མ་འདོམ་ན་ཡོན་པོ། ཛི་ཧྨིཿ འགྲས་འགྲུས་སམ་ཀྱ་ཀྱུའམ་ཡ་ཡོའམ་གཡོན་ཅན། ཀུ་ཊི་ལཿ ཀྱ་ཀྱུ་ཅན། ཙཀྐྲི་ཀཿ ཐབས་སུ་སྦྱར་བའམ་གཡོར་བསྐྱིམས་པའམ་སྦྱོར་ཀ་བྱེད་པ། ཀུ་སྲྀ་ཏིཿ ངན་གཡོ། ཀཱ་མ་ཐཿ སྙོམ་པའམ་དུབ་པ། ཀླ་མཿ ངལ་བའམ་དུབ་པ། ཨ་ནུ་བ་ཧ་ཏཾ། མ་ཉམས་པ། ཨཀྵ་ཏཾ། མ་རྨས་པ། ཨ་ཏྲྀཔྟཾ། མི་ངོམས་པ། སཡྻུ་རུ་ཥཿ སྐྱེས་བུ་དམ་པ། པུ་རུ་ཥ་པྲྀ་ཥ་བྷཿ སྐྱེས་བུ་ཁྱུ་མཆོག པུ་རུ་ཥ་པུངྒ་བཿ སྐྱེས་བུ་སྐྱེས་མཆོག མ་ཧཱ་པུ་རུ་ཥཿ སྐྱེས་བུ་ཆེན་པོ། སཱརྠ་བཱ་ཧཿ དེད་དཔོན། ན་ཀུཎྚོ་བྷ་བ་ཏི། ལག་རྡུམ་དུ་མི་འགྱུར། ན་ལཾ་གོ་བྷ་བ་ཏི། རྐང་རྡུམ་དུ་མི་འགྱུར། ན་པཀྵ་ཏ་ཏོ་བྷ་བ་ཏི། གཞོགས་ཕྱེད་སྐམ་པར་མི་འགྱུར། ན་བི་ཀ་ལིནྡྲི་ཡོ་བྷ་བ་ཏི། དབང་པོ་མ་ཚང་བར་མི་འགྱུར། བྷོ་གཿ ལོངས་སྤྱོད། ཨུ་པ་བྷོ་གཿ ཉེ་བར་སྤྱོད་པ། པ་རི་བྷོ་གཿ ཡོངས་སུ་སྤྱོད་པ། འདི་རྣམས་དང་མ་འདོམ་ན་གང་ཡང་ལོངས་སྤྱོད་དུ་བསྒྱུར་ཆོག པཉྩ་བྷི་རྐཱ་མ་གུ་ཎཻཿས་མརྦི་ཏཿ ས་མནྦཱངྒཱི་བྷཱུ་ཏཿ འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ། སརྦ་སུ་བ་ས་མརྦི་ཏཿ བདེ་བ་ཐམས་ཅད་དང་ལྡན་པ། ས་མ རྦི་ཏཿ འབྱོར་བའམ་ཕུལ་བའམ་གཏད་པ། ཡུཀྟཾ། འབྱོར་བའམ་ལྡན་པའམ་རིག་པ། ཨུ་ཕེ་ཏཿདུཿ ཁ་སྱཱནྟ་ཀ་རཿ སྡུག་བསྔལ་མཐར་འབྱིན་པའམ་སྡུག་བསྔལ་གྱི་མཐར་བྱེད་པ། ཨཱིཪྻཱ་བ་ཐཿ སྤྱོད་ལམ། གོ་ཙ་རཿ སྤྱོད་ཡུལ། མཱ་ར་ཙ་མུ་ཧཿ བདུད་ཀྱི་སྡེ། ཀྲྀཥྩ་བནྡྷཱུཿ བདུད་དམ་ནག་པོའི་རྩ་


MR26_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལག ཨ་ནུ་པ་རི་པཱ་ལ་ཡ་ཏི། རྗེས་སུ་ཡོངས་སུ་སྐྱོང་། ཨ་ནུ་ཤངྒི་ཀཱཿ ཞར་ལ་བྱུང་བ། ན་ནི་བནྟ་ཡ་ཏི། མི་སྐྱེའམ་མི་འགྲུབ། ནིརྷཱ་རཿ སྒྲུབ་པ། ཨ་བྷི་ནིརྦརྟྟ་ཀཿ མངོན་པར་འགྲུབ་པར་བྱེད་པ། ཨ་བ་རོ་པི་ཏ་ཀུ་ཤ་ལ་མཱུ་ལཿ དགེ་བའི་རྩ་བ་བསྐྲུན་པའམ་བསྐྱེད་པ། པྲ་ཏི་པཏྟི་སམྦ་ཏ། སྒྲུབ་པ་ཕུན་སུམ་ཚོགས་པ། ཀ་ཊ་སཱི་བརྡྷིཏཱ། དུར་ཁྲོད་བསྐྱེད་པ། བྷཱི་བཱི། འབྱུང་བའམ་འགྱུར་བ། པ་རི་ཀལྤ་ས་མུཙྪ་ཏཿ ཡོངས་སུ་རྟོག་པ་ལས་བྱུང་བ། བརྟྟ་ཏེ། འགྱུར་རོའམ་འདུག་གོ་སྤྱོད་དོ། །ཨཱ་ས་ད་ནཾ། ཐོབ་པར་བྱེད་པ། ཨཱ་སཱ་དྱཿ བརྟེན་ནས་སམ་ཕྲད་ནས་སམ་ཐོབ་ནས། པྲཱཔྟཿ ཐོབ་པ། པྲ་ཏི་ལབྡྷཿ ཐོབ་པའམ་རྙེད་པ། ས་མུ་དཱ་ཙཱ་རཿ ཀུན་ཏུ་འབྱུང་བ། རྣམ་པར་བརྟག་པ་སོགས་ཀྱི་མིང་ལ། ནི་རཱུ་པ་ཎཱ། ངེས་པར་རྟོག་པ། སའི་ཀལྤཾ། རྣམ་པར་རྟོག་པ་དང་བཅས་པ། ནིརྦི་ཀལྤཾ་དང་། ཨ་བི་ཀལྤཾ། རྣམ་པར་རྟོག་པ་མེད་པའམ་རྣམ་པར་མི་རྟོག་པ། ཡོ་ནི་ཤཿཨུ་པ་པ་རཱི་ཀྵི་ཏ་བྱཱ། ཚུལ་བཞིན་དུ་བརྟག་པར་བྱའོ། །པྲ་རཱུ་པ་ཎཱ། རབ་ཏུ་རྟོག་པ། ཨུ་པ་བ་རཱིཀྵི་ཎཱཾ། ཉེ་བར་རྟོག་པ། ཨ་བྷི་ནི་རཱུ་པ་ཎཱ། མངོན་པར་རྟོག་པ། བྱ་བ་ཙཱ་ར་ཡི་ཏ་བྱཱ། རྣམ་པར་དཔྱད་པར་བྱ། ཨུ་པ་ནི་དྷྱཱ་ཏ་བྱཿ ངེས་པར་བརྟག་པར་བྱ། ནི་དྷྱཱཔྟི། ངེས་པར་སེམས་པ། པྲ་ཏྱ་བེ་ཀྵ་ཡི་ཏ་བྱཾ། སོ་སོར་བརྟག་པར་བྱ། ནི་དྷྱཱ་ཡ་ཏི། ངེས་པར་སེམས་པར་བྱེད། ཨ་ནུ་གནྟ་བྱཾ། རྟོག་པར་བྱ། ཨཱཛྙཱ་པ་ཡ་ཏ། ཀུན་ཤེས་པར་གྱིས་ཤིག སཾ་ཛྙཱ་ས་ཡེ་ཏ། ཡང་དག་པར་ཤེས་པར་གྱིས་ཤིག ནི་དྷྱཱ་པ་ཡེ་ཏ། ངེས་པར་སོམས་ཤིག །ཨཱུ་ཧ་ནཱ། བརྟག་པ། ཨཱུ་ཧཱ་ཡོ་ཧ་ས་མརྠཿ བརྟག་ཅིང་གཞིག་ནུས་པ། ཨུ་པ་ལཀྵ་ཎཾ། ཉེ་བར་བརྟག་པའམ་ཉེ་བར་མཚོན་པ། པྲེ་ཀྵ་ཏེ། ལྟ་བའམ་རྟོག་པ། ནི་ཏཱི་ར་ཎཾ། ངེས་པར་རྟོག་པའམ་ཕྱེ་སྟེ་རྟོག་པ། བི་ཙཱ་ར་ཎཾ། དཔྱོད་པ།


MR26_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ས་མོང་ཧ་ནཿ ལེགས་པར་རབ་ཏུ་རྟོག་པ། ཨ་ནཱོ་དཱ་ཧ་ནཾ། རྗེས་སུ་རབ་ཏུ་རྟོག་པ་ཞེས་དང་། མྲ་ནོ་ཛལྦཿ ཡིད་ལ་བརྗོད་པའམ་རྟོག་པ་སྟེ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པའི་མིང་ངོ་། །སཱཾ་བྱ་བ་ཧཱ་རི་ཀཾ ཀུན་ཏུ་ཐ་སྙད་འདོགས་པ། པཉྩ་སྐནྡྷ་ཀ་པྲ་ཀ་ར་ཎཾ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཤཱསྟྲི་ཡཱཿ བསྟན་བཅོས་ལས་འབྱུང་བ་རྣམས། སཱརྡྲཾ་སཱདྱཾ། རླན་དང་བཅས་པའམ་ལྗིད་གནོན། བྱུཏྤནྣཿ བྱུང་བའམ་རྟོགས་པའམ་ཤེད་བྱེ་བ། བྱུཏྤཏྟི། བྱེ་བྲག་ཏུ་རྟོགས་པར་བྱེད་པའམ། བྱེ་བྲག་ཏུ་སྒྲུབ་པ། ཨ་ནུ་བི་དྷཱ་ནཾ། རྗེས་སུ་བྱེད་པའམ། རྗེས་སུ་འཇུག་པའམ། རྗེས་སུ་འགྱུར་བ། པུར་སརཿ སྔོན་དུ་འདྲེན་པ། བི་ན་སྤ་རཾ། འཇིག་པའི་ངང་ཅན། ཛཱ་ཡ་ཀ་རཿ རྒྱལ་བར་བྱེད། མ་དྷུ་ཀ་རཿ སྦྲང་རྩིར་བྱེད། སརྦཱརྠ་སཱ་དྷ་ཀཾ་དོན་ཀུན་སྒྲུབ་པ། འདི་གསུམ་མིང་པོ་གསུམ་ཞེས་ཚངས་པ་སོགས་ཀྱི་མིང་གི་རྣམ་གྲངས་སུ་བཤད། ཨདྷྱཱ་སེ་ཏཿ ལྡན་པའམ་གནས་པ། ཨ་གུ་ཐི་ཏཾ། མ་རུལ་བའམ་མ་ཞིག་པ། ཨཱ་ཀསྨི་ཀཾ འཕྲལ་ལམ་གློ་བུར་རམ་གྱི་ནའམ་རྒྱུ་མེད་པར་བྱུང་བ། ར་ཎཿ ཉོན་མོངས་པའམ་འཐབ་པའམ་གཡུལ། ཨ་ཀྲྀ་ཏཱ་བྷྱཱ་ག་མཿ མ་བྱས་པ་དང་འཕྲད་པ། ཀྲྀ་ཏ་བི་པྲ་ཎཱ་ཤཿ བྱས་པ་ཆུད་ཟ་བ། ཨ་ནནྟར་ཛབྡཿ གཞན་གྱིས་མཆོད་པའི་ཚེ་ལ། ཀྲྀཥྞ་ཤུ་ཀཱཾ། དཀར་ནག གུ་རུ་ཏ་རཾ་བྷ་བ་ཏིཿ ནང་ན་ལྕི་བ། ཨཱ་བེ་དྷཿ འཕེན་པའམ་ཤུགས། པ་རཱ་ཛྙཱཔྟི་སཱཾ་ཙེ་ཏ་ནཱི་ཡ་ཏཱ། གཞན་གྱིས་བསྒོ་བ་སེམས་པ་ལས་གྱུར་པ། པ་ར་སཾ་ཛྙཱ་བྷི་སཱཾ་ཙེ་ཏ་ནཱི་ཡ་ཏཱ། གཞན་གྱིས་གསོལ་བ་བཏབ་པ་སེམས་པ་ལས་གྱུར་པ། བྱཱ་སེ་ཀཿ འཕྱར་བ། བེ་དྷིཿ སྐོ་ཤམ་པ། དཻ་བི། གནམ་གྱིས་བསྐོས་པ། བི་མཱ་ལ་ནཱཿ སྦྱོང་བ། བྱ་བ་ཀི་ར་ཎཱཿ འདྲེས་པ། ཀྲྀཏྱཱ་ཏི་བིཿ བྱ་བ་ཤོར་བ། བཱཀྱ་ཥེ་ཥཿ ཚིག་གི་མཇུག་གམ་ལྷག་མ། བཱིམྶཱ། ཕྱིར་བསྙགས་པའམ་


MR26_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན་པའམ་བཟློས་པ། ཨུ་པ་ནི་བནྡྷ་ནཾ། བཤད་སྦྱར། བཱ་དོཏྒྷཏི། ཚིག་འབྱེད། བི་བ་ག བརྗོད་པར་འདོད་པ། བལྒ་ནཱ། འབེར་བ། བརྞྞ་ནི་བྷཾ། ཁ་དོག་དང་འདྲ་བའམ་ལྟ་བུ། རཱུ་པ་ཎཱ་ཏ྄། གཟུགས་སུ་ཡོད་པས། རཱུ་པྱ་ཏེ། གཟུགས་སུ་རུང་བ། ཙ་ཏྲཱི་ཀཱ་ར། མཚན་མར་འཛིན་པའམ་འདོམ་ན་བཀྲ་བར་འཛིན་པ། བི་བྷཱ་ཥཱཿ བྱེ་བྲག་ཏུ་བཤད་པའམ་སྨྲ་བ། པཱ་རི་ཎཱ་མི་ཀཿ བསྒྱུར་བ་ལས་བྱུང་བ། སཾ་ཡོ་གི་ཀཿ སྦྱར་བ་ལས་བྱུང་བ། བ་ལྱཾ། ཉམས་ཡོད་པ། དཽརྦ་ལྱཾ། ཉམས་ཆུང་བ། ཨཱ་བསྡྱི་ཀཾ གནས་སྐབས་ལས་གྱུར་པ། ཨུ་ཙིཏྟ། ནར་མའམ་འདྲིས་པ། ཨུ་ནུ་ཙི་ཏཾ། ནར་མ་མ་ཡིན་པའམ་མ་འདྲིས་པ། པྲ་ཡུཀྟཿ ཞུགས་པའམ་བརྩོན་པའམ་སྦྱོར་བའམ་སྦྱར་བ། ཨཱཏྱནྟི་ཀཿ གཏན་དུ་བ། ཨེ་ཀནྟི་ཀཿ གཅིག་ཏུ་ངེས་པ། བྱ་བ་ཀ ཥརི་ཏཾ། རྣམ་པར་སྤངས་པ། ས་མ་བ་སརྒཿ རྒྱུན་ཡང་དག་པར་བཅད་པ། པྲཱ་ཏི་ཀྵེ་པི་ཀཾ བསམ་པ་ལས་གྱུར་པ། བི་ཧཱ་ནྱཱ། རྣམ་པར་ཉམས་པར་བྱས་པ། སཾ་ཀ་ལ་ན་པྲ་ཧཱ་ཎཾ། བསྡོམ་སྟེ་སྤོང་བ། དྲྀཥྚཱནྟེ་ན་ཨ་དྲྀཥྚ་སྱཱནྟ་ས་མཱི་ཀ་ར་ཎ་ས་མཱ་ཁྱཱ་ནཾ། མཐའ་མཐོང་བ་དང་མཐའ་མ་མཐོང་བ་མཚུངས་པར་སྦྱར་ཞིང་བསྟན་པ། ཨེ་ཀཱ་བ་ཙཱ་ར་ཀཿ གཅིག་ནས་རྟོགས་པ། པཱུརྦ་པ་དེ་ཀཿ ཚིག་གོང་མ་དག་སྦྱོར་བ། པཤྩཱཏྤ་ད་ཀཿ ཚིག་འོག་མ་དང་སྦྱོར་བ། ཨུངྐཱ་རི་ཀཿ དེ་དེ་བཞིན་ནོ་ཞེས་བྱ་བ། ཀཱ་པ་དེ་ཤཿ ཅི་ཞེས་བསྟན་པ། ཡཱ་པ་དེ་ཤཿ གང་ཞེས་བསྟན་པ། སུ་སཏྤྲ་ཀཱ་ཤཱ་བྷྲཱནྟོ་ཉརྠཿ བདག་ཉིད་ཡོད་པར་སྨྲ་བ་མ་ནོར་བའི་དོན། དིཥྚྱ། དགའ་བས། ཧེ་ཏུཿ རྒྱུའམ་གཏན་ཚིགས། ཀཱ་ར་ཎཾ། བྱེད་པའམ་རྒྱུ། ཧེ་ཏུ་དང་། ནི་མི་ཏཱ་དང་འདོམ་ན་བྱེད་རྒྱུ། ནི་མིཏྟཾ། མཚན་མའམ་རྒྱུ། ཧེ་ཏུ་དང་ཀཱ་ར་ཎ་དང་འདོམ་ན་རྒྱུ་མཚན། ཀཱནྶ་བ་དྷཿ ཁར་བ་བསད་པ། རཏྣཱ་ཧཱ་ར་


MR26_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཎཾ། རིན་པོ་ཆེ་ཕྲོགས་པ། སི་ཏཱ་ཧ་ར་ཎཾ། རོལ་རྙེད་ཕྲོགས་པ། ཛ་ན་པད་ཀ་ལྱཱ་ཎཾ། ཡུལ་གྱི་བཟང་མོ། རུགྨི་ནཱི་ཧ་ར་ཎཾ། གསེར་ལྡན་མ་ཕྲོགས་པ། ཨུ་པ་དྷ་ནོ་པ་རཱ་གཿ ཉེ་བར་བཞག་པས་ཁ་བསྒྱུར་བ། ཨ་དྷི་ཀཱ་རཿ ཆེད་དུ་བྱ་བའམ་གཞིའམ་དབང་དུ་བྱ་བ། པྲ་ཏྱཱ་སནྟི། རབ་ཏུ་ཉེ་བ། ནིཥྤུ་ལཾ། ཤིན་ཏེ་མ་མེད་པའམ་སྙིགས་མ་མེད་པ། ཨ་པ་ག་ཏ་ཕལྒུཿ སྙིང་པོ་མ་ཡིན་པ་མེད་པར་གྱུར། པྲ་ཏྱ་ཏེ། ནན་ཏན་དུ་བྱའོ་ཞེའམ་བརྩོན་པར་བྱེད་དོ། །བྱཱ་ཏེ་རེ་བ་ཡ་ཏཿ མེད་པར་གྱུར། ཀྵེ་ཕཿ སྡོད་པ། བྱཱ་ཧ་ཏཾ། རྣམ་པར་ཉམས་པར་འགྱུར་བའམ་འགལ་བ། བྱ་བ་སཱི་བ ནྟེ། རྣམ་པར་རྟོགས་སོ། །བེ་དྱཾ། རིག་པར་བྱ། བེ་ད་ཀཾ རིག་པར་བྱེད། བིཏྟཾ། རིག་པ། ཨ་བྷི་བྲུ་དྷཀ ཾ། རྣོགས་པའམ་འཁུས་པ། ཨ་པ་ལཱ་པཾ། སྙོན་པ། ཨ་པྲ་ཏི་བ་ནྣཾ། ཕྱིར་མི་ནུར་བ། ཨ་བདྡྷ་མུཀྟཾ། མ་བཅིངས་མ་གྲོལ། ཀཉྩ་ན་གརྦྷཱ་མྲྀཏྟི་ཀཱ། ས་ཁོངས་ན་གསེར་ཡོད་པ། སཽཪྻོ་ད་ཡི་ཀཱ། ཉི་མ་ཤར་བ། ཨ་སྲ་ནས་ནམ྄། རྒྱུད་མི་གཅོད་པའམ་མི་གཏོང་བའམ་མི་ལྷོད་པ། ཨཱ་ན་ཡ་ཏི། གཏོད་པའམ་སྒྲུབ་པ། ཨ་བྷི་ཛྙཱ་ཛྙཱ་ནཾ། མངོན་པར་ཤེས་པའི་ཡེ་ཤེས། པྲ་ཏི་བྷཱུ། སྙིང་རྡིང་དམ་གཉའ། ཤྩེ་གྷ་མཱ་ནེ་ན། འདོད་ཅིང་ངམ་སྡོད་ཅིང་། ལོ་བྷ་ཡ་ཏ྄། གྲོང་ངམ་བརྗོད་སྐབས་དང་སྦྱར། ཨུ་བྷ་ཡ་ཏོ་ལཽ་ཧེ་ཏ་ཀྲྀ་ཏོ་པ་དྷཱ་ནཾ། གཉིས་སུ་རྒྱབ་བརྟེན་དམར་པོ་བཞག་པ། པྲ་ཏི་ནི་སརྒཿ ངེས་པར་སྤངས་པ། བྱནྟཱི་བྷཱ་བཿ བྱང་བར་གྱུར་པ། བྱུ་བ་ཤ་མཿ རྣམ་པར་ཞི་བ་ཞེས་སོ། །དེ་ལྟར་བྱེ་རྟོགས་ལས་གསུང་བའི་སྐབས་འདིའི་སྒོ་གསུམ་གྱི་ལས་དང་། བཟོ་གནས་ཀྱི་སྐབས་སོགས་ཀྱི་མིང་ཅི་རིགས་སོ་སོའི་སྡེར་སོང་། གཞན་སྣ་ཚོགས་འདིར་ཚང་བར་བཀོད། འདི་དག་དང་འཆི་མེད་མཛོད་ལས་གོང་བཤད་རྣམས་གོ་རིམ་སོགས་བསྡེབས་ནས་བཀོད་ན་གོ་བདེ་བ་ལ་ཕན་མོད་ཀྱི། དེ་ལྟར་མ་གྲུབ་ཀྱང་ཆུ་བབ་ཚུལ་དུ་བྲིས་


MR26_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་སྐབས་སུ་བྱ་བྱེད་ལས་གསུམ་གྱི་གོ་དོན་དང་བྱ་ཚིག་ཅི་རིགས་ཕྱོགས་གཅིག་བསྡེབས་ཏེ་བརྗོད་པ་ལ། དངོས་པོ་གང་ཞིག་ཡུལ་གང་ལ་བྱ་བ་གང་གི་སྒོ་ནས་འབྲེལ་བའི་ཚེ་ཡུལ་ཅན་གྱི་དངོས་པོ་དེ་ཉིད་བྱ་བྱེད་ལས་གསུམ་གྱི་ཟླས་ཕྱེ་བའི་བྱེད་པ་ཞེས་སུ་འཇོག་ཅིང་། དེ་ལ་ཡང་ཤིང་གཅོད་པ་ལ་མཚོན་ན། སྐྱེས་བུ་བྱེད་པ་པོ་དང་དེས་ལས་དེ་བྱ་བ་ལ་ཕན་འདོགས་པའི་སྒྲུབ་བྱེད་དུ་གྱུར་པ་སཏྭ་རེ་ལྟ་བུ་ནི་བྱེད་པ་ཞེས་ཀྱང་སྒྲ་གཞུང་རྣམས་སུ་འདོགས་ལ། ཁ་ཅིག་དེ་གཉིས་ལ་བྱེད་པ་གཙོ་ཕལ་དུ་ཡང་འདོགས་པ་མཐོང་ངོ་། །བྱ་བ་ནི་གཅོད་པའོ། །ལས་སུ་བྱ་བ་ནི་ཤིང་ལྟ་བུ་སྟེ་བྱ་བ་དེ་གང་ལ་བསྒྲུབ་པའི་ཡུལ་ལོ། །དེས་ན་གཅོད་པའི་བྱ་བ་དེས་ཁྱད་པར་དུ་བྱས་པའི་ཡུལ་ཅན་ནི་བྱེད་པ་པོ་དང་། གཅོད་པའི་བྱ་བས་ཁྱད་པར་དུ་བྱས་པའི་ཤིང་ནི་ཡུལ་དེ་ལས་སུ་བྱ་བའོ། །གཅོད་པ་ཙམ་གྱི་ལྡོག་ཆ་ནས་བྱ་བའོ། །དེ་ཡང་བྷཱུ་ཡོད་པ་ལའོ་ཞེས་སོགས་བྱིངས་ཀྱི་མཐར་འཇུག་པའི་རྐྱེན་ལ་ཀྲྀཏ྄་རྐྱེན་དང་ཀུན་བཤད་ཀྱི་རྐྱེན་གཉིས་ལས་དང་པོ་ལ། ཙནྡྲཱ་པ་ལས་བྱིངས་རྐྱེན་སན྄་སོགས་བཅུ་གཉིས་བྱ་ཡང་ད་དུང་བྱིངས་ཡིན་གྱི་སླར་མིང་དུ་བསྒྲུབ་པ་དག་བཤད། ཀྲི་ཏ྄་ཏེ་བྱེད་རྐྱེན་དངོས་ལ། ཤས྄་སོགས་བྱེད་པོའི་རྐྱེན་བརྒྱད། ཏ་བྱ་སོགས་ཀྲྀཏྱ་སྟེ་བྱ་བའི་རྐྱེན་དྲུག ཎཱུལ྄། ཏྲྀ་ཙ྄། ཨཙ྄། བྱེད་པ་པོའི་རྐྱེན་གསུམ་པོ་སྤྱིར་འཇུག་པ་དང་། བྱེ་བྲག་བྱིངས་ཀྱི་སྡེ་ཚན་སོ་སོ་ལ་རྐྱེན་སྔ་མ་དེའི་དོན་དུ་ལྱུ་སོགས་དགུ་ཡང་བྱེད་པ་པོའི་དོན་ཅན་གྱི་རྐྱེན་ནོ། །སླར་ཡང་ཀྲྀ་ཏ་རྐྱེན་དངོས་ཞེ་བརྒྱད། ཏིང྄་དང་སྒྲུབ་པ་ཐུན་མོང་བའི་རྐྱེན་གསུམ་བཅས་ང་གཅིག་ཡོད་པ་ལས། དང་པོ་ལ་ཉེ་ཚིག་དང་སྦྱར་བ་གཞིར་བཞག་པའི་རྐྱེན་ཉེར་གསུམ། དུས་དང་སྦྱར་བའི་རྐྱེན་ཉེར་ལྔ་ཡོད་པའི་དང་པོ། ཨན་སོགས་ཉེར་གསུམ་མོ། །གཉིས་པ་དུས་དང་སྦྱར་བ་ལ། དུས་འདས་པ་ལ་འཇུག་པ། ཎི་ནི། ཌ།


MR26_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཀྟ་བ་ཏུ། ཀྟ། ཨ་ཏྲྀན། ལྔའོ། །གཞན་ཏིང་དང་སྒྲུབ་པ་ཐུན་མོང་བ་འདས་པར་འཇུག་པ། ལི་ཊ྄། ལང་། ལྀཊ྄། རྣམས་དང་། ད་ལྟ་བར་འཇུག་པ་ཏིང་དང་སྒྲུབ་པ་ཐུན་མོང་བ། ལཊ྄། དང་བྱེད་རྐྱེན། ཤཱ་སུ། ཤ་ཏྲྀ། ཤཱ་བན྄་གསུམ་སྟེ། བི་དི་ལས། ལཊ྄་ཤྭ་སུ་རུ་བསྒྱུར་བ་སོགས་སོ། །ཞར་བྱུང་དང་ཚུལ་སོགས་ལ་འཇུག་པའི་རྐྱེན་ཏྲྀ་ན་སོགས་ཉེར་གཉིས་རྣམས་སོ། །འདི་དག་བྱིངས་སོ་སོའི་མཐར་འཇུག་ཚུལ་ལས་དོན་དང་ཚུལ་སོགས་བརྗོད་པར་འདྲའོ། །དུས་ད་ལྟ་བ་གཙོར་གྱུར་དུས་ཀྱི་དབྱེ་བ་མེད་པར་འཇུག་པ་ནི་ཨུ་ཎ་སོགས་ཏེ་རྐྱེན་མང་བས་མདོ་ལོགས་སུ་ཡོད་པ་བཞིན་ནོ། །དུས་མ་འོངས་པ་ལ་འཇུག་པ་ཏིང་རྐྱེན་ལས། ལྀཊ྄། ལུཊ྄། ལུང་། ལང་། བཞི་དང་། མ་འོངས་པར་འཇུག་པའི་ཀྲི་ཏ྄་རྐྱེན་དངོས་བསྟན། ཏུ་མུ་ན྄། ཁོ་ན་སྟེ་ཞར་བྱུང་གཞན་ཡང་ངོ་། །དུས་གསུམ་ཀར་ཁྱད་མེད་ཅི་རིགས་སུ་འཇུག་པ། གྷཉ་སོགས་སོ་གཅིག་ལས། ཀྟིན་སོགས་བུད་མེད་ཀྱི་རྟགས་སུ་དམིགས་བསལ་བ་དང་བཅས་པའོ། །ཏིང་རྐྱེན། ལྀང། ལྀང་། ལྀཊ྄། ལོཊ྄་རྣམས་སོ། །ཀྲྀཏ་རྐྱེན་ལས་འཕྲོས་པ། ཀ་ཏྭཱ། ཎ་མུལ྄། ཁ་མུ་ཉ྄། གསུམ་མོ། །དེ་ལྟར་རྐྱེན་འདི་དག་གིས་ཀྲྀ་ཏ྄་རྐྱེན་ལས་བརྩམ་སྟེ་བྱིངས་ལས་མིང་དུ་བསྒྲུབ་ཚུལ་བཤད་ནས། བྱིངས་ལས་ཚིག་ཏུ་སྒྲུབ་པའི་རྐྱེན་ཏིང་གི་བྱ་བའམ་ཀུན་བཤད་རྐྱེན་ནི་ཙནྡྲ་པ་ལྟར་ན་རྐྱེན་རིགས་བཅུ་སྟེ། ལོཊ྄། ལོཊ྄། ལིང྄་། ལང྄་། ལུཌ྄། ལིཊ྄། ལུཊ྄། སྨོན། ལིང་།ྀཊ྄ྀད྄་རྣམས་ཏེ་འདི་རྣམས་ཀླུས་བཀོད་པའི་བརྡ་ཁྱད་དོ། །ཀ་ལཱ་པ་སོགས་སུ་ལྷས་བཀོད་པའི་བརྡ་ཁྱད་ཀྱི་རྗེས་སུ་འབྲངས་ནས་འཇུག་ཡུལ་གྱི་དོན་དང་སྦྱར་བ། བརྟཱ་མཱ་ནཱ། པཉྩ་མཱི་སོགས་སུ་བརྗོད་དེ། རིམ་བཞིན་ད་ལྟ་བ། ལྔ་པ། བདུན་པ། ཁར་སང་། དེ་རིང་། ལྐོག་གྱུར། སང་། སྨོན་པ། འབྱུང་འགྱུར། བྱ་བ་ཤོར་བ་ཞེས་


MR26_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་རྣམས་ལས་དང་པོ་བཞི་ལ་བྱིངས་ཐམས་ཅད་པ་དང་། གཞན་དྲུག་ལ་བྱིངས་ཕྱེད་པ་པ་ཞེས་བྱ། དབྱངས་དང་རྗེས་འབྲེལ་ཕྱིས་པས་ལ་སྲོག་མེད་གཅིག་ཉིད། ཏི་པྲ་སོགས་བཅོ་བརྒྱད་པ་ཕྲག་བཅུར་འགྱུར་པས། རྩ་བ་ཏིསྲ་སོགས་བཅོ་བརྒྱད་པོ་ཡིན་ཡང་། ཀ་ལཱ་པ་སོགས་སུ་རྣམ་འགྱུར་བྱས་ཟིན་གྱི་རྐྱེན་གཟུགས་བརྒྱ་དང་བརྒྱད་ཅུ་ཉིད་བཀོད་པ་དེ་གཉིས་དོན་དུ་འདྲ་ཡང་ཆ་བསགས་ལུགས་དེ་བྱ་བ་ཉུང་བས་བློ་དམན་འཇུག་པ་བདེའོ། །ཏི་དྲ་སུ་པྲ་ཏེ་ཀུན་བཤད་ཀྱི་རྐྱེན་ཐམས་ཅད་དང་མིང་ལེའི་དང་པོ་གཉིས་པ་སོགས་རྐྱེན་ཉེར་གཅིག་པོ་གཉིས་ཀ་ལ་རྣམ་དབྱེ་ཞེས་པའི་མིང་ཐོབ་སྟེ། གཅིག་གཉིས་མང་ཚིག་སོགས་གྲངས་ཀྱི་རྣམ་དབྱེ་མང་པོ་དང་། བྱ་བྱེད་ལས་གསུམ་སོགས་དོན་གྱི་རྣམ་དབྱེ་དུ་མ་ལ་བརྟེན་ནས་འཇུག་པས་སོ། །དེ་ལྟར་ཀྲྀ་ཏ་དང་ཀུན་བཤད་ཀྱི་རྐྱེན་ནས་བསྒྲུབ་ཚུལ་རྣམས་སྒྲ་གཞུང་ཆེན་པོ་རྣམས་སུ་གསུངས་པ་ལྟར་བྱང་བར་བྱས་ན་བརྡ་སྤྲོད་རིག་པའི་ཁོག་དོན་ཆུབ་པར་འགྱུར་རོ། །དེ་ལྟར་སྤྱི་སྨྲོས་ནས་སྐབས་འདིར་སྐད་དོད་སྔ་མ་རྣམས་ཀྱི་ཁ་བསྐངས་སུ་བྱ་ཚིག་གཙོར་བསྟན་བྱས་ནས་ཉེར་མཁོ་ཅི་རིགས་བཀོད་པ་ལ། ཀརྟྟཱ། བྱེད་པ། བྷ་བི་ཏཱ། ཡོད་པ། ཨ་དྷི་ཏཱ། འཕེལ་བ། བཀྟཱ། སྨིན་པར་བྱེད་ཅེས་པ་ལ་སོགས་པ་བྱིངས་སོ་སོའི་ཁམས་ལ་བྱེད་པ་པོའི་ཏྲི་ཙ྄་བྱིན་པས་བསྒྲུབ་པའོ། །ཡང་པཙ྄་འཚེད་པ་སོགས་ཀྱི་བྱིངས་ལ་བུ་ཉ྄་བྱིན་ནས་བུ་ཨ་ཀར་བསྒྱུར་ཏེ་བསྒྲུབ་པས། པཱ་ཙ་ཀཿ སྨིན་པར་བྱེད། པཱ་ཋ་ཀཿ ཀློག་པར་བྱེད། ལཱ་བ་ཀྲཿ གཅོད་པར་བྱེད། བྷཱ་བ་ཀཿ འབྱུང་བ། ཀཱ་ར་ཀཿ བྱེད་པ་པོ། ཡཱ་བ་ཀཿ སྲེ་བར་བྱེད། པཱ་བ་ཀཿ དག་པར་བྱེད་སོགས་སོ། །བྱིངས་ན་མིན་ཨུ་པ་དྷ་ཅན་ལ་ཀ་རྐྱེན་དུ་བྱིན། ཀ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས། མཚམས་སྦྱར་སི་བྱིན་པས། ཀྵི་པཿ མངགས་བྱེད། བྷི་དཿ


MR26_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པ། ཙྪེ་དཿ གཅོད་པ། རུ་དྷཿ འགོག་པ་སོགས་སོ། །དེ་བཞིན་རྐྱེན་དེའི་དོན་དུ་བྱིངས་པ་ཙ་སོགས་སོ་སོའི་མཐར་རྐྱེན་ཨ་དང་ཡུ་སོགས་སྦྱར་བས། པ་ཙཿ འཚེད་བྱེད། བེདཿ རིག་བྱེད། མ་དཿ དགའ་བྱེད། བདཿ སྨྲ་བྱེདཿ དེ་བཿ རྩེ་བྱེད་དེ་ལྟ། སེ་བཿ སྟེན་བྱེད། ཛྭཱ་ལཿ འབར་བར་བྱེད། པཱནྠཿ འགྲོ་བར་བྱེད་སོགས་སོ། །བྱ་བའི་ལས་ལ་རབ་ཏུ་སྦྱོར་བར་བྱེད་པ་ལ་ཨ་ཎ་རྐྱེན་ཏེ། དུ་ཀྲྀ་྅྄་བྱེད་པའི་བྱིངས་ལ་ཨ་ཎ྄་བྱིན་པས་ཀཱ་ར་བྱེད་པ་ཞེས་སུ་སྒྲུབ། དེ་དང་ཚིག་གྲོགས་སྦྱར་བས། ཀུམྦྷ་ཀཱ་རཿ བུམ་པ་བྱེད་པ་སོགས་དེ་འདྲ་ཐམས་ཅད་དུའོ། །ཡང་རྐྱེན་གྱིས་ཁྱད་པར་ལས། དུཿ ཁཱ་ཀ་རོ་ཏི། སྡུག་བསྔལ་བར་བྱེད་དོ། །བྷ་དྲཱ་ཀ་རོ་ཏི། བཟང་པོར་བྱེད་དོ་སོགས་སོ། །བྱིངས་ཨ་ཡིག་མཐའ་ཅན་ལ་ལས་ལ་སྦྱོར་བའི་དོན་ཌ་རྐྱེན་དུ་བྱིན། ཊ་དབྱི། ཌུ་དཱ་ཉ་སྦྱིན་པའི་བྱིངས་ཀྱི་རྗེས་འབྲེལ་ཕྱིས་པས་བྱིངས་དངོས་དཱ་ལ་ཊི་དབྱི་དྲངས། གོ་དཿ བ་ལང་སྦྱིན་སོགས་སྔར་བཤད་བཞིན་ནོ། །པ་བཏུང་བ་ལ། ཀཱི་ལ་པཿ ཆུ་འཐུང་། དྭི་པཿ གཉིས་འཐུང་སོགས་སོ། །དེ་བཞིན་གྷཉ་སོགས་རྐྱེན་སྣ་ཚོགས་ལས་མིང་ཐམས་ཅད་གྲུབ་བོ། །འདས་རྐྱེན་ཀྟ་དང་། དེའི་བྱེད་པ་པོའི་དོན་ཀྟ་བ་ཏུ་་བྱིན་པ་ལ། ཀྲྀ་ཏ། བྱས། ཀྲྀ་ཏ་བཱ་ན། བྱས་ཟིན་ཏོ། །ཏྠི་ཏཿ བསྡད་དོ། །ཤནྟ། ཞིའོ། །དནྡྷཿ དུལ་ལོ། །རེ་དི་ཏཿ དུ་བར་བྱས་སོ། །གྲྭ་ཧི་ཏཿ དང་། གྲི་ཧི་ཏཿ འཛིན་པར་བྱས། བི་དི་ཏཿ ཤེས་པར་བྱས། ད་མི་ཏཿ དུལ་བར་བྱས། ག་མི་ཏཿ སོང་པོ། བོདྷི་ཏཿ རྟོགས་པར་བྱས། ན་མི་ཏཿ བཏུད་དོ། །ཀ་རོ་མི། བགྱིད་དོ་ཞེས་ཏེ་ཀུན་བཤད་ཀྱི་རྐྱེན་ལས་སོ། །ཞེས་སོགས་སོ། །ཏཱ་དྲྀ་ཤཿ དང་། ཏཱ་དྲྀཀྵཿ དང་། ཏཱ་དྲིཀ྄ འདི་གསུམ་གང་ཡང་དེ་ལྟ་བར་བྱེད། དེ་བཞིན། ཀཱེ་དྲྀ་ཤ སོགས་ཅི་འདྲ་བར་བལྟ། ཨཱི་དྲྀ་ཤ ཨཱི་དྲྀ་ཤཱི་སོགས་འདི་བཞིན་བལྟ། བྷ་བཱ་དྲྀ་ཤཿ སོགས་གསུམ། བྷ་བ་དྲྀ་ཤཱི། ཁྱོད་བཞིན་དུ་


MR26_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། ཏྭཱ་དྲྀ་ཤ་སོགས་སྔ་མ་དང་འདྲ། མ་དྲི་ཤཿ སོགས་གསུམ་བདག་བཞིན་དུ་བལྟའོ། །ཡུ་ཏཿ སྤེལ་བཿ ནུ་ཏཿ དེད་པ། བྷཱུ་ཏཿ གྱུར་པ། ཤྲི་ཏཿ བསྟེན་པ། སྨྲྀ་ཏཿ དྲན་པ། བྀཏྟཿ འཕེལ་བ། ཛི་ཏཿ རྒྱལ་བ། ཛགྡྷཾ། ཟོས་སོ། །བི་ཀཱིརྑཾ། བཀྲམ་པ། པཱུརྟྟཿ རྫོགས་པ། ལཱུ་ནཿ བརྔས་པ། ཀྵི་ཏཿ ཀྵཱི་ཎཾ། ངེས་པ་རྙེད་པ། མླཱ་ནཿ ལུས་ཉམས་པ། ཀླཱ་ནཿ ཆགས་པས་ལུས་རིད་པ། ཧཱི་ནཿ བཏང་བ། པཱི་ནཿ རྒན་པོ། དཏྟཿ དང་། དཏྟ་བཱ་ན། སྦྱིན་པ། པྲ་དཏྟཾ། དང་། པྲ་ཏཾ། རབ་སྦྱིན། ཨ་བ་དཏྟཾ། ཉེ་བར་སྦྱིན་པ། ཨིཥྚཾ། མཆོད་པར་བྱས། ཨུཀྟཿ སྨྲས་སོ། །ཨུ་དི་ཏཿ སྨྲས་པ། ཨུ་ཥི་ཏཿ གནས་པ། ཀྵུ་དྷི་ཏཾ། བཀྲེས་སོ། །ཏྲཱ་ཎཿ འམ། ཏྲཱ་ཏཿ བསྐྱབས་པའམ་བསྐྱབས་སོ། །ཧྲཱྀ་ཏཿ སྐྱེངས་པ། གྷྲཱ་ཎ། དང་། གྷྲཱ་ཏཿ བསྣམས་པ། བིཏྣཿ དང་། བིཏྟཿ རིག་པ། ནིརྦཱ་ཎཿ དང་། ནིརྦཱ་ཏཿ མྱང་འདས་སམ་བྱང་གྲོལ་ལམ་ཀུན་སྤངས། སཾ་སྐྲྀ་ཏཿ ལེགས་བྱས་སམ་ལེགས་སྦྱར། པ་རི་སྐྲྀ་ཏཿ ཡོངས་སུ་སྦྱོར་བྱེད། ཨུ་པ་སྐྲྀ་ཏཿ ཉེ་བར་སྦྱར་བྱེད། ཨ་ལཾ་སྐྲྀ་ཏཿ རྒྱན་བྱེད་དེ། བྱེད་པའི་བྱིངས་ལ་ཀྟ་རྐྱེན་བྱིངས་ཀྱི་ཐོག་མར་སུ་ཊ྄་སྟེར་བའོ། །པ་ཀྭཿ སྨིན་པ། ཤུཥྐཿ བསྐམས་པ། སྥི་ཏཿ རྒྱས་པ། པཱི་ཏཿ རྒན་པོ། འདི་རྣམས་ཀྟའི་མཐའ་སྟེ་འདས་པ་ལའོ། །བི་བྷི་དྭཱ་ན། ཕྱེས་སོ། །ཙ་ཀྲྀཿ དང་། ཙཀྲི་བཱ་ན། དང་། ཙཀྲཱ་ཎཿ བྱས་སོ། །ཀ་ར་ཎཾ། བྱེད་པོ། སྡྱཱ་མཱ། གནས་སོ། །ཨ་སཱི་ན། སྡོད་དོ། །ཧྲྀ་ཏ། འཕྲོག་གོ། དྷྲྀ་ཏ། འཛིན་ནོ། །བྲྀ་ཏ། སྒྲིབ་པར་བྱེད། སྟུ་ཏ། བསྟོད་པར་བྱེད། དྲ་བཱི། ཞུ་བྱེད། ཙི་ཏ། བསགས་པར་བྱེད། ཛིཏ། རྒྱལ་བར་བྱེད། ཀྲྀཏ། བྱེད་དོ། །དྲྀཀ྄། མཐོང་། པ་ཤྱཿ ལྟ་བར་བྱེད། ཛིགྷྲཿ སྣོམ་པར་བྱེད། ར་མ་ཎཿ རྩེ་བྱེད་དམ་དགའ་བར་བྱེད། བརྟྟ་ནཿ འཇུག་པ། བརྡྷ་ནཿ


MR26_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བ། བྷ་བ་ནཾ། སྒོམ་བྱེད། བྷ་བི་ཏཱཾ། དང་། བྷཾ་བི་ཏཾ། བསྒོམ་ཟིན། ཧ་སིཾ་ཏཾ། བཞད་ཟིན། ཡུ་ཏཿ དང་། མིནྣཾ། བསྲེས་སོ། །ཛཱུཿ སོང་ངོ་། །འདི་སྲིན་མོ་སོགས་གཞན་ལའང་འཇུག །བྷ་བཿ དང་། ཨསྟིཿ མཆིས་པའམ་ཡོད་པ། མ་ཧི་ཏཾ། མཆོད་པར་བྱས། མརྡེ་ཏཿ ཆོམས་ཟིན་པ། ས་མ་སྟེཿ བསྡུས་ཟིན། ཤྲུ་ཏཿ ཐོས་ཟིན། གྷྣཿ གསོད་བྱེད། དྷར་ཎཾ། འཛིན་བྱེད་དམ་བཟུང་བྱེད། སཱ་དྷ་ནཾ། སྒྲུབ་བྱེད། བརྟྟ་ནཾ། འཇུག་བྱེད་དམ་སྐྱུར་བྱེད། བརྡྡ་ནཾ། འཕེལ་བྱེད། པ་ཙ་ནཾ། འཚེད་བྱེད། གཙྪ་ན། འགྲོ་བྱེད་དམ་འགྲོ་བ་པོ། མ་ནྭཱ་ནཿ གུས་པ་པོ། ཏུ་ད་ཏྟ།གདུང་བ་པོ། ཏུ་ད་ཏཱི། གཟིར་བ། བྷི་ཥ་ཎཾ། སྔངས་པར་བྱེད། དི་བྱ་སྟི། རྩེ་བར་བྱེད། ཤཱཥྱཾ་ཏཱི། འཁྱུད་པར་བྱེད། ན་རཿ གཡེང་བར་བྱེད། ད་དཱནྟིཿ སྦྱིན་པར་བྱེད། དཱ་ཡཿ སྦྱིན་པ་སྟེ་སྦྱིན་པར་བྱ་རྒྱུའི་དངོས་པོ་ལ་འཇུག་གོ། ཏཱ་ར་ཀཿ སྒྲོལ་བའོ། །སཱ་དྷ་ཀཿ སྒྲུབ་པ་པོ། གྷཱ་ཏ་ཀཿ འཇོམས་བྱེད་དམ་གནོད་པ་པོ། བི་དྷི་ཡེ། སྒྲུབ་པོ་ཞེས་པ་ཀུན་བཤད་ཀྱི་རྐྱེན་ནོ། །ཡཱ་བ་ཀཿ སྲེ་བར་བྱེད། ཀཱ་རཱ་བ་ཀཿ བྱེད་དུ་འཇུག་པ་པོ། དེ་ཤི་ཀཿ སྟོན་པ་པོ། དཱུ་ཥ་ཀཿ སུན་འབྱིན་པ་པོ། བ་དྷ་ཀཿ གསོད་པ་པོ། ནིརྨྨཱ་ཏཱ། སྤྲུལ་པའམ་འཕྲུལ་བྱེད། བི་ཀུརྦ་ཎཿ རྣམ་པར་འཕྲུལ་བ། ཏརྐི་ཀཿ རྟོག་གེ་པ། དེ་སོགས་བྱེད་ཚིག་རྣམས་མཐའ་ལས་པ་ཤེས་པར་བྱའོ། །ཀཪྻཾ། བྱ་བ། ཀྲྀ་ཏྱཾ། བྱ་བ། ཀརྟྟ་བྱཾ། བྱ་བ། ཀ་ར་ཎི་ཡཾ། བྱ་བ། ཛྙེ་ཡཾ། ཤེས་བྱ། དྷེ་ཡཾ། དང་། དྷཱཪྨྱཾ། གཟུང་བྱ། གྲ་ཧཱི་ཏ་བྱཾ། དང་། གྲ་ཧ་ཎི་ཡཾ། གཟུང་བྱ། མེ་ཡཾ། གཞལ་བྱ། ཨཱ་ནེ་ཡཾ། བླང་བྱ། སནྣེ་ཡཾ། འཐོབ་བྱ། ནི་ཙེ་ཡཾ། བསགས་བྱ། བྲྀ་ཏྱཾ། འཇུག་བྱ། དྷྲྀཏྱ། བཟུང་བྱ། དྲི་ཏྱ། བསྲེག་བྱ། སྨྲྀ་ཏྱ། དྲན་པར་བྱ་བ། ཤྲོ་ཏ་བྱཿ མཉན་བྱ། པྲིཏྟ་བྱ། དང་། བི་དྱ། རིག་བྱ། བྲྀ་དྱཾ། འཇུག་བྱ། སྟུ་ཏྱི། བསྟོད་བྱ།


MR26_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཱ། འཕྲོག་བྱ། བཱཪྻྱཾ། འདམ་བྱ། དེ་ཡཾ། སྦྱིན་བྱ། པེ་ཡཾ། བཏུང་བྱ། བྷོ་ཛྱཾ། དང་། ཙཱ་མྱཾ། བཟའ་བྱ། ཛཔྱཾ། བཟླ་བྱ་སྟེ་སྔགས་སོགས་བཟླ་བའོ། །ལ་བྷྱཾ། འཐོབ་བྱ། ས་ཧྱཾ། བཟོད་བྱ། ཡ་བྷྱཾ། འཁྲིག་བྱ། ཤ་ཀྱཾ། ནུས་བྱ། ཧརྟྟ་བྱཾ། འཕྲོག་བྱ། ཙེ་ཏ་བྱཾ། བསགས་བྱ། ཛེ་ཏ་བྱཾ། དང་། ཛ་ཡྻཾ། རྒྱལ་བྱ། ཀྵཡྻཾ། ཟད་བྱ། ཙཪྻཾ། སྤྱོད་བྱ་སྟེ་སྤྱོད་པ། གྷཱ་ཏྱཿ གནོད་བྱ། བཱདྷྱཾ། འཚེ་བྱ། ཧཱ་སྱཾ། དགོད་བྱ། པཱ་ཀྱཾ། སྨིན་བྱ། བཱཀྱཾ། སྨྲ་བྱ། དྲཥྚ་བྱཾ། དང་། དྲི་ཤྱཿ བལྟ་བྱའམ་བལྟ་བར་འོས་པ་ལ་སོགས་པ་འདི་རྣམས་ཏེ་བྱ་སོགས་བྱ་བའི་རྐྱེན་དྲུག་ལས་བསྒྲུབ་པ་རྣམས་ལས་སུ་བྱ་བའི་དོན་ལ་འཇུག་གོ། དེ་ལྟར་ཤེས་བྱ་ཤེས་བྱེད་ཤེས་བྱས་སོ། །གཞལ་བྱ་གཞལ་བྱེད་གཞལ་བ་དང་། །གཞལ་བར་བྱས་སོ་ཞེས་སོགས་ཤེས་བྱ། །ཡང་། སཾ་བཱི་ཊ་དང་། སནྣེ་མ། བགྲང་བྱ། བྷཱ་བ་ནཿ བསྒོམ་བྱ། བསྐུལ་ཚིག་དང་སྦྱར་ན། ཤཱནྟིངྐུ་རུ། ཞི་བར་གྱིས་ཞེས་སོགས་ཀུ་རུ་ནི་གྱིས་ཤིག་པའི་དོན་ཏེ་ཞེས་སྦྱར་ན་མཛོད་ཅིག་ཅེས་སོ། །ཨཱ་ཀརྵཱ་ཡ། དགུག་པར་གྱིས། ཨ་ཀྲྀ་ཥྱ། ཁུག་ཅིག་ནི་བཱ་ད་ཡ། རྡོབས་ཤིག བནྡྷ་ཡ། ཆིངས་ཤིག ནི་རོ་དྷ་ཡཿ སྡོམས་ཤིག །ཏྲཱ་ས་ཡ། སྐྲག་པར་གྱིས་ཤིག མོ་ཧ་ཡ། རྨོངས་པར་གྱིས་ཤིག ཨུཙྪ་ཊ་ཡ། བསྐྲད་པར་གྱིས། བྷེ་ད་ཡ། དབྱེ་བར་གྱིས། མཱ་ར་ཡཿ སོད་ཅིག །ཙུརྞྞ་ཡ། ཕྱེ་མར་གྱིས། ནི་ཀྲིནྟ་ཡ། གཤོགས་ཅིག ཧ་ན་ཡ། ཆོམས་ཤིག་གམ་རྒྱོབ་ཅིག བྷིནྡྷ་ཡ། ཕུག་ཅིག ཀཱི་ལ་ཡ། ཕུར་བུས་ཐོབ། ཨཱ་ཀོ་ཊ་ཡ། རྡུངས་ཤིག ཙྪེད་ཡ། ཆོད་ཅིག ཏཱ་ཌ་ཡ། རྒྱོབ་ཅིག་གམ་བསྣུན་ཅིག ཙྪིནྡྷ་ཡ། གཏུབས་ཤིག ད་ཧ་ཡ། བསྲེག་ཅིག གརྫ་ཡ། གཏོགས་ཤིག པ་ཙ་ཡ། ཚོས་ཤིག ཧུ་ལུ། ཞུགས་ཤིག


MR26_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ། སྡོད་ཅིག སྥོ་ཊ་ཡ། སྤྲོས་ཤིག་གམ་ཁྱབ་པར་གྱིས། བཱ་ཧ་ཡཱ། དགུག་པར་གྱིས། ནི་བེ་ད་ཡ། གསོལ་བར་མཛོད་ཅིག བྷཉྫ་ཡ། ཟོ་ཞིག ཨཱ་ནཱི་ཡ་ཏཾ། ཁྱེར་ཤོག་གམ་ཁྲིད་ཤོག ཨཱ་གཙྪ་ཡ། བྱོན་ཤིག བྷིནྡྱཿ ཕྱེས་ཤིག ཚིནྡྱུཿ ཆོད་ཅིག ཨུཏྟིཥྛ། ལོངས་ཤིག་སྟེ་སྟན་ལས་ལངས་པའི་དོན། ཤྲྀ་ཎུ། ཉོན་ཅིག ཤྲི་ཎོ་ཏུ། གསན་དུ་གསོལ་ཞེས་ཀུན་བཤད་ཀྱི་རྐྱེན་ལས་སོ། །ཨཱ་གཙྪ། ཤོག་ཅིག ཞེས་སྦྱར་ན་ཤེག་དང་གཤོགས་ཟེར། དེ་ལ་སོགས་པ་བསྐུལ་ཚིག་གི་རྣམ་གྲངས་མཐའ་ཡས་པ་དག་ཤེས་པར་བྱ་ལ་བྱ་ཚིག་དག་འབྲེལ་བ་ཕལ་ཆེར་ཀུན་བཤད་ཀྱི་རྐྱེན་ཏི་སོགས་ཀྱིས་བསྒྲུབ་པ་མང་སྟེ། འདིར་ད་ལྟར་སོགས་ཚན་པ་བཅུ་ལ་རྐྱེན་དང་པོ་དགུ་ལ་གཞན་དོན་དང་ཕྱི་མ་དགུ་ལ་བདག་དོན་གྱི་ཚིག་ཅན་ཞེས་བྱ་ཞིང་། རྐྱེན་དགུ་པོ་རེ་རེ་ལའང་། དང་པོ་གསུམ་དང་དབུས་མ་གཞན་དོན་དང་། ཕྱི་མ་གསུམ་དེ་དག་ཨ་སྨད་དེ་བདག་གི་ཆར་དབྱེ་སྟེ། རེ་རེ་ལའང་གསུམ་ནི་གཅིག་ཚིག་གཉིས་ཚིག་མང་ཚིག་གོ། དེ་ལ་བྱེད་པ་པོའི་དོན་ལ་ཕལ་ཆེར་གཞན་དོན་གྱི་རྐྱེན་ཐོབ། དཔེར་ན་བྷཱུ་ཡོད་པ་ལའོ་ཞེས་པའི་བྱིངས་ལ་ད་ལྟ་བའི་རྐྱེན་གྱི་དང་པོ་ཏི་པྲ་བྱིན། པ་ཡོན་ཏན་བྱེད་པའི་དོན་ཏེ་ཕྱིས། བྱེད་པོ་ལ་རྐྱེན་བཅོ་བརྒྱད་པོ་གང་ལ་ཡང་ཨ་ས་འཇུག་པ་སོགས་ཀྱིས། བྷ་བ་ཏི། གཉིས་ཚིག །ཏས྄་བྱིན། བྷ་བ་ཏཿ མང་པོ་ལ་ཨནྟི་བྱིན་པས། བྷ་བནྟི། རིམ་པ་ལྟར། ཡིན། དག་ཡིན། རྣམས་ཡིན། ཞེས་སམ། གྱུར་ཏོ། །དག་གྱུར་ཏོ། །རྣམས་གྱུར་ཏོ། །ཞེས་པ་ལ་དང་པོ་གསུམ་དེ་ཡིན་སོགས་དང་། དབུས་མ་གསུམ། ཕྱི་མ་གསུམ་བདག་ལ་སྦྱར་བ་ལྟར་ཐོབ་ཀྱང་སྤྱིར་མཐའ་གཅིག་ཏུ་ངེས་པ་མེད་དོ། །དེ་བཞིན་དབུས་མ་གསུམ་ལ། བྷ་བ་སི། བྷ་བ་ཐཿ བྷ་བ་ཐ། གསུམ་ནི། སི་པྲ།


MR26_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཐསྲ། ཐ། སྟེ་དབུས་མ་གསུམ་སྦྱར་བའོ། །ཕྱི་མ། མེ་པྲ། བསྲ། མསྲ། གསུམ་སྦྱར་བས། བྷ་བཱ་མི། བྷ་བཱ་བཿ བྷ་བཱ་མཿ ཞེས་བྱ་སྟེ་དོན་གོང་དང་འདྲའོ། །དེ་བཞིན་བདག་དོན་གྱི་རྐྱེན། ཏེ། ཨཱ་ཏེ་ལ་སོགས་པ་དགུ་རྣམས་ཀྱི་བྱིན་ཏེ་སྒྲུབ་བོ། །དེ་ལྟ་བའི་རྐྱེན་འདི་རྣམས་བྱ་བ་བརྩམ་བཞིན་མ་རྫོགས་པ་ལའོ། །བདུན་པའི་རྐྱེན་བཅོ་བརྒྱད་ནི་ཆོ་ག་དང་སྲིད་པ་དག་ལ་སྟེ། ཡཏ་སོགས་དགུ་དང་། ཨིཏ་སོགས་དགུ་སྟེ་བཅོ་བརྒྱད་དོ། །སྨོན་པ་དང་བསྐུལ་བ་ལ་ཏུ་པྲ་སོགས་ཏེ། བྷ་བ་ཏུ། གྱུར་ཅིག་ཅེས་པ་ལ་སོགས་པ་མདོར་ན་ཀུན་བཤད་ཀྱི་རྐྱེན་བརྒྱ་དང་བརྒྱད་ཅུ་བྱིངས་སོ་སོར་བྱིན་པས་སུ་སོགས་རྣམ་དབྱེ་སླར་སྦྱིན་མི་དགོས་པར་ཚིག་ཏུ་གྲུབ་པ་རྣམས་བསྒྲུབ་ཚུལ་ཤེས་པར་བྱས་ན་རྐྱེན་གྱི་ཆ་ཤས་ལས་རྐྱེན་གང་བྱིན་པ་ཤེས་པར་འགྱུར་ཞིང་དེ་ལས་བདག་གཞན་དང་དུས་སོགས་ཀྱི་ཁྱད་པར་རྣམས་ཀྱང་ཤེས་པར་འགྱུར་ཏེ། སྤྱིར་མིང་གི་འཇུག་པ་རྣམས་ལ་བྱེད་སྒྲུབ་དང་ལས་བསྒྲུབ་ཀྱི་འཇུག་པས་ཁྱད་ཡོད་པ་སོགས་ཀྱང་ཤེས་པར་བྱའོ། །དེ་རྣམས་སྤྱིར་མཚོན་ཙམ་བརྗོད་ནས་སྐབས་འདིར་སྐད་དོད་ཀྱི་ཁ་སྐོང་དུ་བྱ་ཚིག་ཅི་རིགས་བརྗོད་པ། ཨརྠ་ནཿ གསོལ་བ་འདེབས་པའམ་གསོལ་བ་བཏབ་པ། ཨཱ་རོ་ཙ་ནཿ གསོལ་བ་གདབ་པ། ཨ་དྷེ་ཥྱཿ གསོལ་བ་བཏབ་ནས། ཨརྠི་ཏཿ གསོལ་བ་བཏབ་པ། པྲཱརྠ་ནཿ གསོལ་བ་གདབ་པ། ཨ་བྷྱརྠ་མ་ན། དང་། ཨ་བྷྱརྩ་ན། གསོལ་བ་བཏབ་པ། ཨི་ཧ། ཞུས་པའམ་གསོལ་བ། ཨཱ་མནྟྲ་ཎ། སྙན་གསན་འབེབས་པ། པྲ་ཡཱ་ཏཿ སོང་བའམ་རབ་ཏུ་སོང་བ། ག་ཏཿ འགྲོ་བའམ་རྟོགས་པ། སྡྱཱ། གནས་པའམ་སྡོད་པ། ཨུལླཱ་ཡཿ གསོར་བ་སྟེ་རྡོ་རྗེ་སོགས་གསོར་བ། སམྨ་ཏཿ བསྒོས་པ། ནི་ཡུཀྟ། བསྐོས་པ་སྟེ་ལས་ལ་བསྐོས་པ་སོགས། ཁཱ་ཏཿ བསྐོས་པའི་རིགས་ཀུན་ལ་འཇུག ཁ་


MR26_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནཾ། ས་བསྐོ་བ། ནི་ཁཱ་ཏ། བརྐོས་པ་སྟེ་བྲག་སོགས་བསྐོ་བ་ལྟ་བུ། ནིཀྵརྵི། བཀུག་པ། ནིརྨྨཱ་ད་ན། བཀྲུ་བ། ཤཽ་ཙ་ནམ྄། བཀྲུ་བ་སྟེ་གཙང་བར་བྱས་པ། པྲ་ལཀྵ་ཎ། འཁྲུད་པ། པ་རི་མཱརྫ་ནཾ། ཕྱི་བརྡར་བྱ་བ། པྲ་སྥོ་ཊ་དང་། པྲ་སྥོཊ་ནི། སྤྲུགས་པའམ་ཕྱི་བ། སཾ་དྷུ་ན་ཀཾ།སྤྲུགས་པ། བྲྀཙྪཏྟི། འདྲི་བ་སྟེ་ཚིག་དོན་འདྲི་བ་ལྟ་བུ། ནི་ཀཱ་ཤ་ན། བསྐྲད་པ། པྲ་བ་ས་ནཱི་ཡཾ། དང་། ནིཥྐརྵ་ཎཾ། སྐྲོད་པ། ཨུ་ཏཱཀྵེ་པ་ནི་ཡཾ། གནས་ནས་དབྱུང་བ། དཱུ་ཥ་ནཾ། སུན་དབྱུང་བ། ཏརྫ་ནཱི་ཡཾ། བསྡིགས་པ། ཧ་ནཿ བསྣུན་པའམ་རྒྱབ་པ། པྲ་ཧ་རཿ བསྣུན་པ། ནིརྑི་ཡཿ གནད་ལ་དབབ་པ། པྲ་ཧ་རཿ དང་། ཨུདྡྷརྟ། གཞོམ་པ། ཨཱརྟྟིཿ གཟིར་བ། ནི་གྲ་ཧཿ ཆད་པའམ་ཚར་བཅད་པ་སོགས། ནིརྷ་ཏཾ། ཟིལ་གྱིས་མནན་པ། ཨཱ་ཧ་ཏ། རྡོག་པས་བརྡུངས་པ། ཀྵིཔྟཾ། བསྐོར་བ་སྟེ་ཁོར་ཡུག་གིས་བསྐོར་བ་ལྟ་བུ། བརྟྟ་ནཾ། བསྐོར་བ་སྟེ་ཆོས་འཁོར་བསྐོར་བ་ལྟ་བུ། ཨཱ་བརྟྟ་ནི། ཀུན་ནས་ཡོངས་སུ་བསྐོར་བ། གྷ་ཊྚི་ཏཿ བཀྲོལ་བ་སྟེ་དོན་བཀྲོལ་བ་ལྟ་བུ། བི་ཧི་ཏ། དང་། ཛཱ་ན་ནཿ བསྐྱེད་པའམ་བསྐྲུན་པ། སཾ་སརྒྒ། བསྐྲུན་པ། ཨུཏྤཱ་ཏཿ བསྐྱེད་པའམ་འབྱུང་བ། པྲེ་ཥི་ཏཿ དང་། པྲེ་ཥ་ཎཾ། སྤྲིང་པའམ་བསྐུར་བ་སྟེ་སྐྱེས་སོགས་བསྐུར་བ། ཨཱཀྵིཔྟཾ། ཁྲིད་པ། ཀྵིཔྟཾ། གཞིག་པ། སཾ་ཀོ་ཅོ། དང་། སཾ་ཀུ་ཙ་ཏཾ། འཁུམས་པ་སྟེ་ཡལ་ག་རྐང་ལག་སོགས་འཁུམས་པ། མུ་ཁཱ་རཱ། འཁྲོལ་བ་སྟེ་རོལ་མོ་སོགས་འཁྲོལ་བ། བ་རི་ཎཱ་མ། བསྐྱུར་བ་སྟེ་ཚོང་ཟོང་སོགས་གཞན་དུ་བསྒྱུར་བ། ཨུ་ཏ། གྱེན་ནམ་ཡར་གྱི་དོན་ལ་འཇུག་པས། ཨུདྡྷ་ར། དང་། ས་མུདྡྷ། དང་། བ་ཏུ་བ་དང་། ཨུནྣ་མ་དང་། ཨུནྣཱ་ཡ། རྣམས་བཏེགས་པའམ་འདེགས་པ། ཨུཏྟཱ་ར། དང་། ཨུནྣ་ཡེ། བསྟོད་པ་སྟེ་གྱེན་དུ་བཏེགས་པ་ལྟ་བུ་བ་དན་བསྟོད་ཟེར་བ་སོགས་སོ། །ག་ཏཱ། གྱུར་པའམ་སོང་བ། བི་ཤྩེ་ཥཾ།


MR26_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་པའམ་བྲལ་བ་སྟེ་མ་འབྱར་བ། པྲ་ཏིཙྪནྣ། བགོས་པ་སྟེ་ཁ་ཅིག་གིས་གོ་བསྒོས་པ་ལྟ་བུ་ཟེར་ཀྱང་ནོར་བགོས་པ་འདྲ་སྙམ་དཔྱད། པ་རཾ་པཪྻ། བརྒྱུད་པ་སྟེ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལྟ་བུ། ཀམྥྱ ། བསྐུལ་བ། ཀམྤི་ཏ། འགུལ་བ། ཨཱ་ཛྙཱ་པྟི། བསྒོ་བ་སྟེ་བཀའ་བསྒོ་བ་སོགས། བི་ཀཱ་རཿ དང་། པྲ་ཀཱ་རཿ འགྱུར་བ་འདི་གཉིས་ཨཱ་ཀཱ་ར་དང་གསུམ་རྣམ་པ་ལའང་འཇུག ནི་ཡཱ་མཿ མི་འགྱུར་བ། ལཱི་ལཿ འགྱིང་བ། མུཀྟཿ འགྱེད་པ་སྟེ་འོད་འགྱེད་པ་ལྟ་བུ། དམག་གྲོལ་བ་སྟེ་རང་གནས་བཀྱེ་བ་ལྟ་བུ་ལའང་འཇུག ཨུརྑཏཿ བཀབ་པ། བྷིནྣ། དབྱེ་བ། དེའི་སྔོན་ཨ་བཞག་ན་དབྱེར་མེད། མགྣཾ། བྱིངས་པ་སྟེ་འདམ་བུ་བྱིངས་པ་སོགས། མཛྫ་ན། འབྱིང་བ། སནྟ་ནཿ བྲན་པ་སྟེ་ཐགས་བྲན་པ་ལྟ་བུ། སེ་ཙ་ནཿ འབྲན་པ་སྟེ་ཆབ་བྲན་པ་ལྟ་བུ། ནིརྨི་ཏཿ སྦྱར་བ་སྟེ་བསྟན་བཅོས་སོགས་སྦྱར་བ་ལྟ་བུ། པུ་ཊ། སྦྱོར་བ་སྟེ། བི་ཥ་པུ་ཊ། དུག་སྦྱོར་བ་སོགས་སོ། །ཨུལླེ་ཁཿ འབྲུ་བ་སྟེ་དོང་འབྲུ་བ་ལྟ་བུ། དེས་ཁྱིས་རྨུགས་པ་ལའང་འཇུག །གུསྟི། དོང་བྲུ་བ་དང་གྲུ་བུག་པ་ཅན་ལའང་འཇུག ལོ་པཿ དང་། ལུ་ཙ། དབྱི་བ་སྟེ་ཡི་གེ་དང་རི་མོ་སོགས་ཕྱི་པ། ཤབཿ དམོད་པ། དེ་བ་ནཿ རྩེབ། པྲ་རམྦྷཿ རྩོམ་པ། ཨ་ར་བྡྷ། བརྩམ་པ། ཨཱ་རམྦྷ། བརྩམ་པ་སྟེ་དེང་ནས་བརྩམ་ཞེས་སོགས། སྱུ་ཏཿ བཙེམས་པ། མི་ལི་ཏཿ བཙུམས་པ། མཱི་ལི་ཏ། ཟུམ་པ་སྟེ་མིག་ཟུམ་པ་སོགས། བི་སརྫ་ཏཿ བརྫངས་པ། བི་སརྫ་ནཿ རྫོང་བ། བི་སྲྀཥྚ། སྤྲིང་བའམ་བརྫངས་པ། ནཱི་ཙཿ གཞོལ་བ་སྟེ་རིམ་གྱིས་དམའ་བ། མཎྜལཿ གཞལ་བྱ། སཱ་ཏ་ཡཿ གཞུང་བྱེད་དམ་མདོ་བྱེད་པ། དྷ་ནུ་རཱ་ཀྲྀཥྱ། གཞུ་བཀང་ནས། བྲྀཏྟ། དང་། བིཥྚ། ཞུགས་པ་སྟེ་ཁྱིམ་ནང་དུ་ཞུགས་པ་སོགས། སཾ་ཀྵ་


MR26_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཡཾ། གཞིལ་བ། བི་པཪྻཱ། དང་། ནི་ར་ས་ནཾ། དང་། བཱཪྻ། དང་། ནིར་ཀྲྀ་ཏ། དང་། ནི་རཱ་ཀ་ར་ཎཾ། བཤིག་པའམ་བཟློག་པ། བ་ར་མ་ཎཿ དང་། ནི་བཱཪྻ་ཏཿ དང་། ནི་བཱི་རི་ཏཿ དང་། བཱ་རི་ཏཿ བཟློག་ཟིན་པ། པྲ་ཏྱཾ་གིར། ཕྱིར་བཟློག་པ། བི་ཀྵི་པཿ གཡེང་བ། བིཀྵེ་པཿ གཡབས་པའམ་གཡོགས་པ་སྟེ། རྔ་ཡབ་སོགས་གཡོབ་པ། བྷ་བ་ཀཿ བྷ་པི་ཏྲྀ། ཡོད་པར་བྱེད། བྲཱ་ཛི་ཏཿ རབ་ཏུ་བྱུང་བ། བྷོ་ཏི། སྦྱངས། བི་བཱ་དྷཱ། དང་། མོ་ཥ། བསླུ་བ། བི་ནི་བརྟྟ་ནཿ དང་། ཨ་བ་ན་ཡནཿ དང་། ནི་རས་ནཿ སེལ་བ། སརྫི་ཏཾ། བསལ་བ། པུཥྚིཿ དང་། པུ་ར་ཎཿ གསོ་བར་བྱེད་པ་སྟེ། རི་དྭགས་གསོ་བ་སོགས། དཱ་ཧཿ སྲེག་པ། པ་ཀཿ དང་། པ་ཙཿ འཚེད་པའམ་བཙོ་བའམ་སྨིན་པ། ཡཱ་ཙ་ན་སློང་བ། མི་ཤྲ་ཎཿ དང་། སཾ་བརྩྩནཿ བསྲེ་བ་སྟེ་གཅིག་ཏུ་བསྲེ་བ། རཱུ་ཌྷཿ དང་། སྭཱསྡྱི་ཏཾ། གསོས་པ་སྟེ་རྨ་བྱ་གསོ ས་པ་སོགས་སཾ་སྐཱ་ར། གསོ་བ་སྟེ་ཉམས་གསོ་ལྟ་བུ། པྲེ་རེ་ཏཿ བསྐུལ་བ། ཨནྣཱ་ཡ། སྐབས་འབྱེད་པ། ནྱཱ་ས། འགོད་པ། བི་ནྱཱ་ས། རྣམ་པར་བཀོད་པ། བྱཱུ་ཧཿ དང་། ས་མཱ་དྷིཿ བཀོད་པ། སཉྩོ་ད་ན། བསྐུལ་བའམ་འགྱེད་པ། པྲ་སྲ་ཏ། ཁྱབ་པ། པྲ་ཡ་ཏ། གྱུར་པ། དེ་བཞིན་བྷཱུ་ཏ་སོགས་གྱུར་པའི་དོན་ཏོ། །པྲ་ཎ་ཡིན། བསྒོས་པ་སྟེ་དྲིས་བསྒོས་པ་ལྟ་བུ། ནི་ལཱི་ཡ། གབ་པ། སཾ་པྲྀ་ཏཿ བརྒྱངས་པའམ་གདངས་པ། ཨ་བ་ཙི་ཏ། དང་། ཨ་བཙལ། འགྲིབ་པ ། པྲཧླཱ་ད་ན། ངོམས་པ་སྟེ་མཚར་ངོམས་བྱེད་པ་ལྟ་བུ། སཾ་ཀལྦྱ ། དང་། ནིསྟཱ་ལ། བརྔོས་པ། ནི་དྷྲྀཏ། བཅུག་པ་སྟེ་སྣོད་དུ་བཅུག་པ་ལྟ་བུ། ནཻསྶ་ནྶིཀ མ་བཅོས་པ། ནིཿཔྲ་ཏཱིཀ །བཅོས་ཐབས་མེད་པ། སཾ་སྐར། བཅོས་པ། སཾ་ཧི་ཏ། བཅས་པོའམ་བསྡུས་པ། སཾ་ཏཱིཪྻ། གཅལ་དུ་བཀྲམ་པ། པྲ་ཏཱ་ན། དང་། ཨུཏྤཾ་གི་ཏ། མཆེད་པ། སམཱ་གམ། མཇལ་བའམ་ཕྲད་


MR26_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པ། སཾ་སརྒྒཿ ཕྲད་པ། པྲ་བཱ་རི། དང་། པྲ་བ་ར་ཎཾ། བསྟབས་པ། ཟས་སོགས་བྲིམས་པའི་དོན་ནོ། །ནི་པ་ཏྱ། གཏུགས་པ། པྲ་ཏའི་བས། བཏབ་པ། སནྟརྦྷ། འཐུད་པ། ཨ་བ་ཙ་ལཿ འཐུ་བ་སྟེ་མེ་ཏོག་སོགས་འཐུ་བ། པྲ་ཏི་ཥིཉྩ། དང་། སྐྲ་ཊིཿདང་། སེ་ཀཿ འཐོར་བ་སྟེ་ཆུ་སོགས་འཐོར་བ། ནི་ཀརྵནྟི། དྲུད་པ་སྟེ། ཨཱ་དེ་ཤ །གནང་བ། ཨ་ཏི་བཱ་ས་ན། དང་དུ་བླངས་པ། པྲ་སྲྀ་ཏ། རབ་ཏུ་སྤྲོས། ནི་ཀྵེ་པ། དང་། པ་རི་བ་ས། སྤྲོ་བ། ཨུཏྱཱ་བ། སྤེལ་བ། ཨུདྦྷུ་ཏ། ཕྱུར་བའམ་ལུད་པ། ནི་རླི་ཀྵི་ཏ། ཕྱིས་པའམ།བསྟབ་པའམ་བཞར་བ། ནི་ཤྲྀ་ཏྱ། དང་། ཨུདྡྷྀ་ཏི། ཕྱུངས་པ། ཨུངྒྷ་ཊ། བྱེད་པ། སཾ་བེ་ཤ ལེགས་ཕབས། བཎྱ་བཱི་ཐཱི། སྒྲིགས་པ། བི་བ་ཎི་འང་སྒྲིགས་པ་དང་། ཚོང་ཟོང་སོགས་ལ་འཇུག སཾ་ཙཱ་ར། འཕོ་བ། སཾ་ཀྲཱནྟ། འཕོས་པ། བི་བླུ་ཏ། ཕྱིར་འབུར་བ། བི་ལུབྟ། ཕྲི་བ། སུ་ཙཱུརྑ། ཕྱེ་མར་བཏགས། ནི་ཧྲྀ་ཏ། དབྱུང་བ། ཨུདྦྷཱུ་ཏ། དང་། སམྦྷཱུ་ཏ། བྱུང་བ་སྟེ་སྔར་བྱུང་། ཨུདྡྷཱ་ར་ཎ། འབྱིན་པ། ཨུདྡྷྀ་ཏཾ། བླུགས་པ། པྲ་ཤུ་ཏ། བཙགས་པ། ནི་མཱུ་ལཾ་ཏ། དང་། ཨུཏྨཱུལ། རྩད་ནས་སམ་དྲུངས་ནས་ཕྱུང་བ། བཻ་བྷཏྶྱ ། བཙོག་པ་སྟེ་བརྡུང་བཙོག་ལྟ་བུའོ། །ཨ་བྷི་དྲུ་ཏ། གཙེས་པའམ་བརྡོས་པ། པྲདྷྲྀ་ཥྱ། བརྫི་བའམ་ཚུགས་པའམ་ཐུབ་པ། ནིཥྐྲིཥྚ། དང་། ཨཏྐྲྀཥྚ། དང་། ཨུདྡྷ་ཏ། བརྫེས་པ་སྟེ་སྐྲ་སོགས། སྟབྡྷ། གཟེངས་པ། ཏཱིརྞྞ། བརྒལ་བ་སྟེ་ཆུ་སོགས་ལས་བརྒལ་བ། ནི་བརྟྟི། རྫོགས་པར་བྱས། ཨུཏྟ་ས་ར་ཎཱ། འཛེགས་པ་སྟེ་ཤིང་སོགས་ལ་གྱེན་དུ་འཛེགས་པའོ། །པྲ་ཤཱནྟ། རབ་ཏུ་གཞིལ་བ་སྟེ་ཞི་བར་བྱས་པའི་དོན་ཏོ། །ནི་སྡྱ་ལ། དང་། ནི་ཧི་ཏ། དང་། ནི་བི་ཤ བཞག་པ། སྡྱཱ་ན། བཞག་པ་སྟེ། བྱ་བ་སྡྱཱན། ནོམ་པར་བཞག་པ་ཞེས་པ་ལྟ་བུའོ། །ནི་སྟོད། ཟུག་པ་སྟེ་


MR26_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་མ་ཟུག་པ་སོགས། བྷ་ཥཱ་ཎ། ཟུག་པ་སྟེ་ཁྱི་ཟུག་པ་ལྟ་བུའི་སྐད་ཀྱི་མིང་། པྲ་ཎཱ་ཡི། རེག་པ། པ་རཱ་མིཥྚ། རེག་པ། སྤྲྀ་ཀ རེག་པ་སྟེ། བྱོམ་སྤྲྀཀ མཁའ་ལ་རེག་ཅེས་པ་ལྟ་བུའོ། །ནི་ཀྵིཔྟ། ལུགས་སུ་བླུགས་པ། ཨཱ་ལུ་ནཾ། བཅད་པ། མ་ཐ་ནཿ གཙུབས་པ་དང་བསྲུབས་པ་སྟེ་གཙུབས་ཤིང་གཙུབས་པ་སོགས་སོ། །མ་ཐི་ཏཾ། བཅོམ་པ། ཨ་ཛ་ཧཱཾ། དོར་བ། དཏྟ། བྱིན་པ། བྷཱ་ཛཱ་ཀཿ འགྱེད་པ་སྟེ་ཟས་སོགས་འགྱེད་པ། ཙཱ་ར་ཀཿ འགྲིམ་པ་སྟེ་ཐུག་པ་སོགས་འགྲིམ་པ་ལྟ་བུའོ། །ཨ་པ་དྷྱཱ་ནཾ། འཕྱ་བ། ཨངྒུར་ཎཾ། གཟས་པ། མྲཀྵཿ དང་། པྲ་ཏིཙྪ་ད་ནཾ། འཆབ་པ། ཨགྣི་བྲྀ་ཏཾ། མེ་འབུད་པ། སནྡྷུ་ཀྵ་ནཾ། མེ་སྦར་བ། པྲཏྱུ་བྷཱ་རཿ ཕྱིར་བསྒྱུར་བ། སུཔྟཿ ཉལ་ལམ་བསྙལ་བ། སྭ་བནཿ རྨི་ལམ་ཞེས་པ་འདི་རེས་ཉལ་བ་ལའང་འཇུག་པར་བཤད། ནཱ་ཤ དང་། ནཱ་ཤ་ནི་ཡཾ། དང་། ནཱ་ཤི་ཏཿབསྙིལ་བ། ཧརྜ་ཎཾ། བརྩེ་བ། གུབྟཿ སྦས་པའམ་བསྲུངས་པ། གོ་པ་ནཾ། སྦེད་པ། པྲ་ཏི་ཀྵེ་པ། སྤོང་བ། ཀཱ་བྷྱཱ་ཁྱ་ནཾ། དང་། ཨ་བྷི་ཨ་ཁྱ། སྐུར་པ་འདེབས་པ། ཙ་ར་ཎཾ། དང་། ཙ་རི་ཀཿ རྒྱུ་བ། ཀུ་ལ་ཙཪྻཿ གྲོང་དུ་རྒྱུ་བ། སཾ་པཱ་ད་ནཾ། འཆོས་པ་སྟེ་བཅོས་པ། ཙ་ལཿ གཡོས་པའམ་བསྐྱོད་པ། པྲ་ཙ་ལཿ བསྐྱོད་པའམ་བསྒྱུར་བ་སྟེ་ལུས་སོགས་བསྐྱོད་པ། ཙ་ལ་ནཾ། འཁྱུག་པ་སྟེ་གློག་སོགས་འཁྱུག་པ་ལྟ་བུ། བི་དྷི་ཏཿ ལྡེག་པ་སྟེ་ས་གཞི་སོགས་འཁྱོམས་ཤིང་ལྡེག་པ་ལྟ་བུ། ཡཏྣཿ དང་། པྲ་ཡཏྣཿ འབད་པ། པིཎྚཿ རྡོས་པ་སྟེ་དབུ་བ་རྡོས་པ་ལྟ་བུ། བིཎྚཿ བསྡུས་པ་སྟེ་ཕྱོགས་གཅིག་བསྡུས་པ་ལྟ་བུ་དང་། དེར་མ་ཟད་པིཎྚ་འདི་གོང་བུ་དང་གར་བུ་དང་འབྱར་རྩི་སོགས་དོན་དུ་མ་ལ་འཇུག་གོ། སཾ་ཀ་ལན། བསྡོམ་པ་སྟེ་ཕྱོགས་གཅིག་བསྡོམ་པའི་དོན། སཾ་གྲ་ཧཿ བསྡུ་བ།


MR26_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པི་ཙི་ཏཿ བཏུས་པའམ་བདམས་པ། ཛྱེ་ཡན། བཏུ་བ་སྟེ་སྔགས་བཏུབ་པ་ལྟ་བུ། པྲཛྙཱཔྟ། བཏགས་པ་སྟེ་མིང་བཏགས་པ་ལྟ་བུ་སྟེ། འཇིག་རྟེན་གདགས་པ་སོགས་ཀྱི་སྒྲ་ཡང་འདི་ལྟ་སྟེ། པྲཛྙཱཔྟི་ཤཱ སཏྲཾ། གདགས་པའི་བསྟན་བཅོས་ཞེས་པ་ལྟ་བུའོ། །གཽ་ཎཿ བཏགས་པ་སྟེ་གཙོ་ཕལ་ལམ་དངོས་བཏགས་གཉིས་ཀྱི་ཟླས་ཕྱེ་བའི་བཏགས་པའོ། །ཀ་ལཱ་བཿ བཏགས་པ་སྟེ་རྒྱན་བཏགས་པ་ལྟ་བུ། སཾསྟྲྀ་ཏཾ། བཏིང་བ་སྟེ་སྟན་སོགས་བཏིང་བ་ལྟ་བུ། ན་མཿ འདུད་པ་སྟེ་ཕྱག་འཚལ་བ་སོགས། པྲ་ཎ་མྱཾ། བཏུད་པ། ཨུཏྐྵིཔྟཿ བཏེགས་པ་སྟེ་སྟན་ལས་གྱེན་དུ་བཏགས་པ་ལྟ་བུ། སེ་བ་ནཾ། བསྟེན་པ་སྟེ་བླ་མ་སོགས་ལའོ། །པྲ་ཤཾ་སཿ བསྟོད་པ་སྟེ་གཞན་ཡང་བསྟོད་བསྔགས་ཀྱི་རྣམ་གྲངས་མང་པོ་དག་ཀྱང་དེ་དང་འདྲའོ། །མུ་ཙིཿ བཏང་བ་སྟེ་བཟུང་ཟིན་བཏང་བ། དརྴ་ཀཾ ལྟ་བ་སྟེ་ལྟད་མོ་བལྟ་བ། ཤྲུ་ཏཿ མཉན་པ། བརྞྞཿ སྙན་པར་བརྗོད་པའམ་བསྔགས་པ། དེའི་སྔོན་དུ་དགག་པའི་ཨ་བཞག་ན་མི་སྙན་པའམ་མི་བསྔགས་པ། བྱ་བ་དེ་ཤཿ སྙད་འདོགས་པ་སྟེ་ལྕེ་རྟེན་ཡང་ཟེར། པ་རི་བྷ་བཿ བརྙས་པ། བི་སྭས ། ཕྱིར་བསྙགས་པའམ་བསྣན་པའམ་ཟློས་པ། ཨ་བ་ས་དཿ བསྙེན་པ། ཨཱ་སེ་བི་ཏཾ། བསྙེན་པ་སྟེ་བསྟེན་པ་དང་གུས་པར་བྱ་བ། ཤཱསྟྲྀ། སྟོན་པ། ཤཱ་ས་ནཿ བསྟན་པ་སྟེ་ལམ་བསྟན་པ་ལྟ་བུ། ས་མཪྤི་ཏཿ གཏད་པའམ་ཕུལ་བ། པཪྻྻནྟཿ གཏུགས་པ་སྟེ་ནམ་མཁའི་མཐས་གཏུགས་པ་ལྟ་བུ། སནྣི་ཧི་ཏཾ། གཉེར་དུ་བཅུག་པའམ་བཞག་པ། ཨཪྤ་ཎཿ གཏོད་པའམ་འབུལ་བ། སྤྲྀཥྚཿ རེག་པའམ་བཏབ་པ་སྟེ་ནད་ཀྱིས་བཏབ་པ་ལྟ་བུ། ཧ་ཧཿ བཏབ་པ་སྟེ་མཚོན་བཏབ་པའམ་བསྣུན་པའམ་བརྡེག་པ་ལྟ་བུ། གྷ་ཏཿ དང་། ཧ་ཏཿ དང་། མ་ཐི་ཏཾ། རྣམས་བཅོམ་པ། བ་དྷཿ གསོད་པ། པྲསྟཾ། དང་། དྷྭསྟཾ། དང་། བྷྲེཥྚཾ།


MR26_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐནྣཾ། དང་། པནྣཾ། དང་། ཙྱུ་ཏཾ། དང་། ག་ལི་ཏཾ། རྣམས། བརླག་པའམ་བཅོམ་པའམ་བཤིབས་པའམ་ཟེག་པ་དང་ཞིག་པ་དང་ཉམས་པ་དང་ཆུད་ཟོས་པ་སོགས་ཀྱི་དོན་ནོ། །ཏནྡྲཱིཿ དང་། ཏནྡྲིཿ དང་། ཏནྡཱི། དང་། ཏནྡྲཱ། དང་། པྲ་མི་ལཿ རྣམས་མྱོས་པའམ་བརྒྱལ་བའམ་ཡང་ན་ག་ཆད་པའམ་ཤིན་ཏུ་ཐང་ཆད་པའམ་ཚི་ཆད་པའི་དོན་ནོ། །དེ་ཤ་ནཾ། བཤགས་པ། དེ་ཤ་ཡ་ཏིཿ འཆག་པ་སྟེ་སྡིག་པ་བཤགས་པའི་དོན་ཏེ་ཀུན་བཤད་ཀྱི་རྐྱེན་ལས་སོ། །བི་བརྟྟཿ འཆགས་པ་སྟེ་བསྐལ་བ་གཟོད་འཆགས་པ་ལྟ་བུ། ཙཛྐྲ་མ་ཎཿ འཆག་པ་སྟེ་ཉེ་སྐོར་དུ་ཕར་ཚུར་འགྲོ་བ་སྟེ་འགྲོ་བའི་སྤྱོད་ལམ་གྱི་བྱེ་བྲག་གོ། ཛྭ་ལི་ཏཿ མཆེད་པའམ་འབར་བ་སྟེ་མེ་སོགས་མཆེད་པ་ལྟ་བུ། པཱུ་ཛ་ན། མཆོད་པ། ཨུ་ད་ཡཿ འཆར་བ་སྟེ་ཉི་མ་སོགས་འཆར་བ་དང་དར་བ་སོགས་ལ་འཇུག དྷཱ་ར་ཎཾ། འཆང་བ། བ་ར་མཿ འཆེལ་བ་སྟེ་ཞེན་པ། ས་ལཱི་ལཾ། འཆོས་པའམ་བརྫུ་བག་སྟེ་གྲུབ་ཐོབ་ཏུ་འཆོས་པ་ལྟ་བུ། ཨུ་ཙུཥྨཾ། འཆོལ་བ་སྟེ་རྣལ་བའི་རྒྱན་སོགས་ལས་གཞན་དུ་བྱེད་པ་མ་ངེས་པ། སཾ་ཀཪྻཾ། འཆོལ་བའམ་འདྲེས་པ། ཨུཏྦླུ་བྷྱ། མཆོངས་པ། ཨུ་པ་ལེ་བཿ ཆག་པའམ་གས་པ། སཾ་བྲྀ་ཏཿ ཞོམས་པ། བི་དྷཱ་ནཾ། དགག་པའམ་བཅད་པ། ནི་བརྟྟ་ནཾ། བཟློག་པ་སྟེ་གོ་བཟློག་ལྟ་བུ། ཧ་ནི། ཡལ་བ། ཨུ་པཱ་ལཾ་བྷཿ ཀླན་ཀ་ཚོལ་བ། ཛི་ཛྙཱ་པཱ། སད་པའམ་བགམ་པ། བི་ཧེ་ཋ་ནཱ། ཐོ་བཅོམ་པའམ་འཚེ་བ། བི་ད་རཿདང་། སྤུ་ཊ་ནཾ། དང་། བྷེ་དཱ། དང་། བྷེ་དྱཾ། རྣམས་དྲལ་བ་སྟེ་ཤིང་དང་གོས་སོགས་དྲལ་བའམ་གཤག་པ། ཨུཏྤ་ད་ནཾ། དྲིལ་བ། དར་སོགས་དྲིལ་བ། བ྄རྒྱཱ། བསྒྲིལ་བ་སྟེ་སྐུད་པ་སོགས་བསྒྲིལ་བ། པྲ་དོ་ཏཿ གདབ་པའམ་བཙུག་པ་སྟེ་གྲི་བརྒྱབ་པ་ལྟ་བུ། ནསྟཾ། དགོད་པ་སྟེ་ཐར་ལམ་དགོད་པ་ལྟ་བུ། ཙྱུཏཿ དང་། བི་ཙྱུཏཿ བསྒྱེལ་བ་སྟེ་ཁང་པ་སོགས་བསྒྱེལ་བ་ལྟ་བུ། ཨུཏྤཱ་རི་ཏཾ།


MR26_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བ་སྟེ་ཆུ་ལས་བསྒྲལ་བ་སོགས་སོ། །ལཾགྷ་ཏཿ དང་། ལཾགྷ་ཡ་ཏ། འགོངས་པའམ་འགོམ་པ། བྷརྫ་ནཿ རྗོད་པར་བྱེད་པ། པྲཻཥྱཿ དང་། བྲཻ་ཥཿ མངགས་པའམ་དེད་པའམ་འགྱེད་པ་སྟེ་ཕོ་ཉ་དང་ཁྱི་སོགས་འགྱེད་པ་ལྟ་བུ། སྥ་ར་ཎཾ། དང་། སྥུ་ར་ཎཾ། འཕྲོ་བ་སྟེ་འོད་སོགས་འཕྲོ་བ། ཨུདྒ་མཿ འཐོན་པ་སྟེ་ས་འོག་ནས་རྩ་ལྗང་འཐོན་པ་ལྟ་བུ། མུཀྟཾ། དང་། བི་མུཀྟཾ། འཐོན་པ་སྟེ་སྤྲིན་ལས་ཆར་ལྟ་བུའོ། །ཨུཉྩཿ འཐུ་བ་སྟེ་རྒུམ་བུ་འཐུ་བ་ལྟ་བུ། པཱ་བིཿ འདེབས་པ་སྟེ་ས་བོན་འདེབས་པ་ལྟ་བུ། ཡཱ་ཙ། སློང་བ། སཾ་ཛྙཱཔྟིཿ གསོལ་བ་བཏབ་པ། ཛྙཱཔྟཿ གསོལ་བ་སྟེ་གསོལ་བ་དང་བཞིའི་ལས་ཞེས་པའི་གསོལ་བ། ཨ་བ་ཙཱ་ཡ་ནཱ། གསོལ་བ་སྟེ་ཞུ་གསོལ། གཞན་ཆད་པ་ལས་སློང་བ་དང་སྤོ་མགུ་དབྱུང་གསུམ་སོགས་བྱ་ཚིག་དུ་མ་བྱེ་བྲག་རྟོགས་བྱེད་ཀྱི་འདུལ་བའི་བརྡའ་ཆད་སྐོར་ལས་ཤེས་པར་བྱའོ། །བི་རོ་དྷ། བསྲིང་བ་སྟེ་རྒྱང་རིང་དུ་བསྲིང་བའི་དོན་ཏོ། བི་རོ་ལི་ཏཿ དཀྲུགས་པའམ་བསྲུབ་པ། རཀྵི་ཏཿ བསྲུང་བ། ཨུཏྠཱ་པ་ནཾ། སློང་བ་སྟེ་ཀུན་སློང་དང་ཉལ་བ་སློང་བར་བྱེད་པའི་དོན་ནོ། །ཨུལླ་ཥི་ཏཾ། ལངས་པ་སྟེ་བག་ལ་ཉལ་ལངས་བྱེད་པ་ལྟ་བུ། གྲ་ས་ནཿ སེལ་བ།བནྟཿ བསལ་བ་སྟེ་ལྷད་བསལ་བ་ལྟ་བུ། མ་དྷཱ་ཡཿ བསྣོལ་བ། སཱ་མི་ཥེ་ཎ། འབགས་པ། བིཥྚི་ཏཿ དཀྲིས་པ་སྟེ། མགོ་དཀྲིས་པ་སོགས། སཱུ་ཏཿ བཙས་པའམ་སྐྱེས་པ། པ་རི་བྷཱ་བི་ཏཿ བསྒྲེས་པའམ་སྤགས་པ། ས་མུཙྪ་ཏཿ བསྒྲེང་པའམ་བཙུགས་པ་སྟེ་བ་དན་སོགས་བཙུགས་པ། སཾ་བཱ་སཿ འགྲོགས་པ། པ་རི་ཎཱ་མཾ། བསྔོ་བ་དང་བསྔོས་པ། པྲསྟ་བཅུམ་པ། ཨུདྡྷྀ་ཏཾ། བཅུས་སམ་བཏུས་སམ་ཕྱུངས་པ། ཀྲྀཏྟྲི་མཾ། བཅོས་མ། སིཀྟཾ། ཆག་ཆག་བྱས་པའམ་བཀྲུས་པ། སྥུ་ཊཾ། ཁྱབ་པའམ་འགངས་པ། ཤྲཱ་བ་ཎཱི། སྒྲོག་པ།


MR26_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ར་པི་ཏཱ། བསྒྲགས་པའམ་གྲགས་པ། ཨ་ནུ་ཛྙཱ་ཏཿ རྗེས་སུ་གནང་བ། ཨ་ནུ་ས་ར་ཎཿ རྗེས་སུ་འབྲང་བ། ཨ་ནུ་གུཎྱཾ། རྗེས་སུ་མཐུན་པ། ཨ་ནྭ་ཡ། རྗེས་སུ་འགྲོ་བ། ས་གཱི་ཏི། འགྲོ་བ། ཤཱེ་ཥ་ཎ། བསྡེབས་པ་སྟེ་ཚིག་དོན་གཅིག་ཏུ་བསྡེབས་པ་སོགས་སོ། །པུར་སྐྲྀ་ཏཿ མདུན་དུ་བདར་བའམ་མདུན་གྱིས་བལྟས་པ། ཤཾ་ཀི་ཏཿ དོགས་པ་སྟེ་རྐུན་མར་དོགས་པ་སོགས། ན་ཡཿ ཐོབ་པ། པྲ་ཏི་ལབྡྷ། ཐོབ་པ། པྲཱཔྟཿ ཐོབ་པའམ་བབ་པ་སྟེ་དུས་ལ་བབ་པ་ལྟ་བུ། པྲཛྙཱབྟཾ། བཤམས་པ། སྭསྟཱིརྞྞ། ལེགས་བཤམས། པཪྻེ་ཥ་ཎ། ཚོལ་བ། ཨཱ་ཀལྨི་ཏཿ བརྟག་པ་སོགས་ཀྱི་བློའི་བྱ་བ་མང་པོ་གཞུང་དུ་སོང་། པྲ་པ་ཏི་ཏཿ རྡེག་འཆོས་པའམ་ལྷུང་བ། ཨུཏྠཱ་ནཾ། ལྡང་བ་སྟེ་སྟན་ལས་ལྡང་བ། སྭཱདྷྱཱ་ཡཿ དང་། ཛབཿ བཟླས་པ་སྟེ་སྔགས་སོགས་བཟླས་པ། གྲ་ཧཿ འཛིན་པ་སྟེ་ཞགས་པ་སོགས་གདབ་པ། པྲ་སཱ་ར་ཎཿབརྡལ་བ། གྷཊྚི་ཏཿ བརྡུངས་པའམ་བཅད་པ། སཾ་ཀུཊྚ་ཀཿ བརྡུངས་པ། སཾ་བྲྀ་ཏཱ། བསྡམ་པ། བནྡྷཿ དང་། ཀཱི་ལི་ཏཿ དང་། སཾ་ཡ་ཏཿ གཟེར་བཏབ་པའམ་གཟེར་གྱིས་བསྡམ་པ། སཾ་བ་རཿ བསྡམ་པ་སྟེ་ཁྲིམས་ཀྱིས་བསྡམ་པ། བི་ན་ཡཿ འདུལ་བ། བི་བྲ་བ་སཿ འདྲལ་བ་སྟེ་ཁྲིམས་འདྲལ་བ་ལྟ་བུ། ཛྭ་ཡཿ འདྲིས་པའམ་བྱང་བ། སཾ་སྟུ་ཏཿ དག པ་རི་ཙ་ཡཿ འདྲིས་པ་ཨསྟི་ག་མཿ ནུབ་པ་སྟེ་མ་དག་པའི་སྣང་བ་དབྱིངས་སུ་ནུབ་པ་ལྟ་བུ་སྔར་ཡོད་ཕྱིས་མེད་པར་སོང་བ། བི་ཧཱ་རཿ གནས་པ། ཨཱ་ཀྲ་མ་ཎི། གནོན་པ་སྟེ་སྟོབས་ཀྱིས་ཕ་རོལ་གནོན་པ་ལྟ་བུ། ཨུབྡི་ཛེ་ཏཾ། ཕྱེ་བ་སྟེ་ཁ་བྱེ་བ་ལྟ་བུ། ཧ་ར་ཎཾ། འཕྲོག་པ། ཀྲ་མ་ཎཾ། འཕར་བ་སྟེ་ས་ནས་སར་འཕར་བ་ལྟ་བུ། ཨུངྒ་ཏཿ འཕགས་པ་སྟེ་གྱེན་དུ་འཕགས་པ་སོགས། ཀྵི་པྟཾ། འཕང་བ་སྟེ་མདའ་སོགས་འཕང་བ། ཀྵེ་པ། འཕངས་པ་སྟེ་རྡོ་སོགས་འཕངས་པ། བེ་དྷཿ


MR26_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འཕོག་པ་སྟེ་གནད་དུ་ཕོག་པ། བྱཱ་སེ་ཀཿ འཕྱར་བ་སྟེ་རྒྱལ་མཚན་སོགས། བྷྲ་མ་ཡནྟཾ། འཕྱན་པའམ་འཁྱམས་པ། ལམྦ་ཏེ། དང་། ལམྦཿ འཕྱང་བ་སྟེ་དོ་ཤལ་སོགས་འཕྱང་བ། བཱ་ནི། འཕྲོད་པ་སྟེ་སེམས་ལ་འཕྲོད་པ་ལྟ་བུ། དེའི་སྔོན་དུ་པྲ་ཏི་བཞག་ན་མི་འཕྲོད་པ། བྷྲཥྚཿ བོར་བའམ་ལྷུང་བ། ཙྪོ་རི་ཀཿ བོར་བའམ་བཏང་བ། བི་ཧི་ཏཾ། བྱས་པའམ་བསྐྱེད་པ། བྱནྟཱི། བྱང་བ་སྟེ་སྡིག་པ་བྱང་བ་སོགས། ཨ་དྷིཥྛཱི་ཏཿ བྱིན་གྱིས་བརླབས་པ། པྲ་སྐནྡྷཿ བྱིངས་པའམ་རྨུག་པ་སོགས། ཨ་ནྭཱ་ཧི་ཎྱ། བྱོལ་ནས་སམ་བྱུལ་ནས་སམ་བསྐོར་ནས་ཞེས་སོ། །ཨུལླཱ་བ་ནཾ། བྲིད་པ་སྟེ་ཉ་པས་ཉ་རྣམས་ཟས་ཀྱི་བྲིད་པ་ལྟ་བུ། མུཎྚ་ནཱ། བྲེག་པ་སྟེ་སྐྲ་སོགས་བྲེག་པ། བི་ཏ་ཏཾ། བྲེས་པ་སྟེ་བླ་རེ་སོགས་བྲེས་པ། ཨཱ་དཱ་ནཾ། བླངས་པའམ་ཡི་དམ། ཨུ་པཱ་དེ་ཡཾ། བླངས་པ། བི་སྲྀཥྚིཿ འབྱིན་པ་སྟེ་སྣོད་ལས་འབྱིན་པ་སོགས། ཨནྟ་རཿ གཡོགས་པ། བི་ཏི་རེ་ཀཿ ལྡོག་པ་སྟེ་འགྲོ་བ་ལས་ལྡོག་པ། ཀྵེ་པཿ སྡོད་པ། ནི་ཀྵིཔྟཿ བཞག་པ་སྟེ་གདན་སྟེང་དུ་བཞག་པ་ལྟ་བུ། ནིཀྵེ་པ། བཞག་པའམ་གཏམས་པ་སྟེ་བུམ་པ་འབྲས་བུས་གཏམས་པ་ལྟ་བུ། བཱི་ཐཱི། དང་། ཨཱ་ལིཿ དང་། ཨཱ་བ་ལིཿ དང་། པཾཀྟིཿ དང་། ཤྲིཎིཿ འདི་རྣམས་གང་ཡང་གྲལ་ལམ་ཕྲེང་བའམ་ཚར་དུ་དངར་བ་སོགས་ཀྱི་མིང་སྟེ་གྲལ་བསྒྲིགས་པ་ལའང་འཇུག ལ་ཡཿ འགྲིགས་ཆག། ལེ་ཁཱ། རེ་ཁཱ། རཱ་ཛི། འདི་རྣམས་འགྲིག་པའམ། ཁྲིགས་ཆགས་སམ་བར་མེད་དུ་བསྒྲིགས་པའི་དངོས་པོའི་མིང་ཡིག་མང་ཚིག་ཅན་ཡིན་ནོ། །ཨུངྒཱརྑ། དང་། ཨུདྱ་ཏཾ། ཕྱར་བའམ་གདེགས་པ་སྟེ་མཚོན་སོགས་གདེངས་པའོ། །ནིཥྐཱ་སི་ཏཿ དང་། ཨ་བ་ཀྲིཥྚཿ ཕྱུངས་པ་སྟེ་སྣོད་ནས་ཕྱིར་ཕྱུངས་པ་ལྟ་བུ། བ་ཤྱཿ དང་། པྲ་ཎེ་ཡཿ དབང་དུ་གྱུར་པའམ་


MR26_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་སོང་བ། བིསྟ་རཿ སྤྲོས་པ་སྟེ་བསྟན་བཅོས་སོགས་རྒྱས་པར་སྤྲོས་པ། གྷུཥྚཾ། དྲིལ་བསྒྲགས་པ། ཚི་དཿ དུམ་བུར་བྱེད་པ། ནིགྷརྵཿ བརྡར་བ་སྟེ་གསེག་བརྡར་གྱིས་བརྡར་བ་ལྟ་བུ། ཀྲྀཥྚཿ བརྡོལ་བ་སྟེ་སྣོད་བརྡོལ་བ་ལྟ་བུ། ཀྵ་ཏཿ སྣད་པ། ས་ཧཿ བརྣག་པ། ཨཱ་ཀྲཱནྟཿ མནན་པ། ནྱ་ཏཱ། མནོས་པ་སྟེ་བླ་མ་ལས་བཀའ་ལུང་མནོས་པ་ལྟ་བུ། ཨ་དྷྱཱ་རོ་པཿ སྒྲོ་བཏགས་པ། པྲ་བ་ཧཱི། བརྡ་སྟོན། ཨཱ་བྷོ་ག །རྩོལ་བའམ་འདོད་པ། ཛ་ནྱ། སྐྱ་བོས་སྨོད་པ། པ་རཱི་ཏ། ཉེན་པ་སྟེ་བཀྲེས་པས་ཉེན་པ་ལྟ་བུ། པ་ཏི་ཏཾ། ལྟུང་བ། མ་ཐི་ཏེ། བཅོམས་པ། ཨཱ་བྷོ་ག །རྩོལ་བའམ་འདོད་པ། ཛ་ནྱ། སྐྱེས་བོས་སྨོད་པ། པྲསྟཱ་རཿ བཀྲམ་པ། བིསྟཱ་རཾ། རྒྱས་པ་སྟེ་རྒྱས་བསྡུས་ཀྱི་རྒྱས་པ་སོགས། ཛཱ་ག་རི་ཏཿ གཉིད་སད་པ། ཨཱ་དེ་ཤ བསྒྱུར་བ་སོགས། ནིརྷཱར། བསྒྲུབ་པ། ཨ་བྷི་ཡུཀ྄ བརྩོན་པ། པྲ་ཏི་པནྣ། ཞུགས་པ། ས་མཱ་ག་མ། མཇལ་བ། ནིཪྻཱ་ཏ། ངེས་པར་འབྱུང་བ། བི་ཏ། མཁྱེན་ཞེས་པ་སྟེ། སརྦ་བི་ཏ། ཀུན་རིག གུ་རུ་བི་ཏ྄། བླ་མ་མཁྱེན། དྷརྨ་པྲ་བི་ཙ་ཡཿ ཆོས་རབ་ཏུ་རྣམ་པར་འབྱེད་པ། བི་བྷཀྟི་ནི་དེ་ཤ རྣམ་པར་དབྱེ་བ་བསྟན་པ། ཨ་ཤྭ་སྟ། དབུགས་འབྱིན་པ། ཏེ་ཛ་ནཾ། གཟེངས་བསྟོད་པ། བ་ལཱ་དྷཱ་ནཾ། སྟོབས་བསྐྱེད་པ། པཱ་ར་མཾ་ག་ཏཿ ཕ་རོལ་དུ་སོན་པ། པ་རི་པཱུརྞྞཿ ཡོངས་སུ་རྫོགས་པ་ཞེས་སོ། །གཞན་ཡང་བྱ་ཚིག་གི་མིང་ཤིན་ཏུ་མང་པོ་ཡོད་མོད་ཀྱི་ཅི་རིགས་གོང་གི་སྐབས་རྣམས་སུ་སོང་ལ། འདི་ནི་བྱ་ཚིག་མཚོན་བྱེད་འདི་ཙམ་ལས་མ་སྤྲོས་སོ། །ཤེས་བྱའི་རྣམ་པ་མཐའ་ཡས་ཕྱིར། །དེ་ཡི་མིང་ཡང་དེ་སྙེད་ལ། །བྱིངས་དང་རྐྱེན་དང་རྣམ་འགྱུར་གྱིས། །མིང་གཅིག་ལ་ཡང་དབྱེ་བ་མང་། །དེ་ཕྱིར་དེ་རྣམས་མཐའ་དག་ནི། །བདག་གིས་འདིར་བརྗོད་མི་ནུས་ཀྱང་། །མིང་གནད་


MR26_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཅི་རིགས་བསྡུས། །གཞན་རྣམས་གཞུང་གཞན་ལས་ཤེས་བྱོས། །ཞེས་པའང་བར་སྐབས་ཀྱི་ཚིགས་བཅད་དོ། ༈ །དེ་ཡན་ཆད་ཀྱིས་ཕྱི་སྣོད་དང་ནང་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཆོས་སུ་གཏོགས་པའི་མིང་ཆེ་ལོང་རྣམས་བརྗོད་ཟིན་ནས། སེམས་ཅན་རྣམས་ཀྱི་སྐྱེ་གནས་བཞིའི་མིང་། ཕ་མ་སོགས་ལ་མི་ལྟོས་པར་སྐྱེ་བའི་མིང་། ཨུ་པ་པཱ་དུ་ཀཿ རྫུས་སྐྱེས། དམྱལ་བ་སོགས་ལའང་རྫུས་སྐྱེས་ཡོད་མོད། ལྷ་སོགས་ལ། དི་བྱོ་པ་པཱ་དུ་ཀཿ མཐོ་རིས་ཀྱི་རྫུས་སྐྱེས་རྣམས། ཞེས་སོ། །ཀ་མཐའ་རིང་ཡང་རུང་ངོ་། །ཛཱ་རཱ་ཡུ་ཛཿ མངལ་སྐྱེས། སྭེ་ད་ཛཿ དྲོད་གཤེར་སྐྱེས། ཐོག་མར་སཾ་སྦྱར་ཀྱང་རུང་། ཨཎྚ་ཛཿ སྒོང་སྐྱེས། འདི་རྣམས་ཀྱི་ཛཱ་རིང་ཡང་ཆོག སྤྱི་བརྗོད་པས་མང་ཚིག་གི་མཐའ་ཅན་ནོ། །ཟས་བཞིའི་མིང་། ཀ་བ་ཏི་ཀཱ་ཧཱ་རཿ ཁམས་ཀྱི་ཟས། སྤཥྵར་ཧཱ་རཿ རེག་པའི་ཟས། མ་ན་སཾ་ཙེ་ཏནཱ་ཧཱརཿ ཡིད་ལ་སེམས་པའི་ཟས། པི་ཛྙཱ་ན་མཱ་ཧཱ་རཿ རྣམ་པར་ཤེས་པའི་ཟས། སེམས་ཅན་གྱི་ཁམས་ན་གང་ཟག་གི་བྱེ་བྲག་གི་སྒོ་ནས་རིགས་གསུམ་སྟེ། མི་ཐྱཱ་ཏྭ་ནི་ཡ་ཏ་རཱ་ཤིཿ ལོག་པ་ཉིད་དུ་ངེས་པའི་ཕུང་པོ། ཨ་ནི་ཡ་ཏ་རཱ་ཤིཿ མ་ངེས་པའི་ཕུང་པོ། སམྱཀྟཱ་ནི་ཡ་ཏ་རཱ་ཤིཿ ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ། ཨ་ནི་ཡ། འདིའི། ཤཻཀྵཿ སློབ་པ། ཨ་ཤེ་ཀྵཿ མི་སློབ་པ། ན་པ་ཤཻ་ཀྵ་ན་ཤེ་ཀྵེཿ སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཞེས་སོ། །སེམས་ཅན་གྱི་གནས་དགུའི་མིང་། ན་བས་ཏྭཱ་བཱས། སེམས་ཅན་གྱི་གནས་དགུ། ནཱ་ནཱ་ཏྭ་ཀཱ་ཡཱཿ ལུས་ཐ་དད་ཅིང་། ནཱ་ནཱ་ཏྭ་སཾ་ཛྙེ་ན། འདུ་ཤེས་ཐ་དད་པ་དག ཏདྱ་ཐཱ་མ་ནུ་ཥྱཱ་ཨེ་ཀཏྱུ་ཤྩ་དེ་བཱཿ དཔེར་ན་མི་རྣམས་དང་ལྷ་ཁ་ཅིག་གོ། ནཱ་ནཱ་ཏྭ་ཀཱ་ཡཿ ལུས་ཐ་དད་ལ། ཨེ་ཀ་


MR26_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཏྭ་སཾ་ཛྙི་ནཿ འདུ་ཤེས་གཅིག་པ་དག ཏ་དྱ་ཐཱ་དེ་བ་པྲཧྨ་ཀཱ་ཡི་ཀཱཿ པྲ་ཐ་མཱ་བྷི་ནིརྦྲྀཏྟཱ། དཔེར་ན་ཚངས་རིས་ཀྱི་ལྷ་དག་དང་པོར་འབྱུང་བའོ། །ཨེ་ཀ་ཏྭ་ཀཱ་ཡཱཿ ལུས་གཅིག་ལ། ནཱ་ནཱ་ཏྭ་སཾ་ཛྙི་ནཿ འདུ་ཤེས་ཐ་དད་པ་དག ཏདྱ་ཐཱ་ཨཱ་བྷཱ་སྭ་རཱཿ དཔེར་ན་འོད་གསལ་བ་རྣམས་སོ། །ཨེ་ཀ་ཏཱ་ཀཱ་ཡཱཿ ལུས་གཅིག་ལ། ཨེ་ཀ་ཏྭ་སཾ་ཛྙཱི་ནཿ འདུ་ཤེས་གཅིག་པ་དག ཏདྱ་ཐཱ་དེ་བཱ་ཤུ་དྷ་ཀྲྀཏྶྨཱ། དཔེར་ན་དགེ་རྒྱས་ཀྱི་ལྷ་རྣམས་སོ། །དེའི་སྟེང་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་གཟུགས་མེད་པ་བཞི་དང་། ཨ་སཾ་ཛྙི་སཏྭཱ། འདུ་ཤེས་མེད་པའི་སེམས་ཅན་དང་དགུའོ། །ཨཥྚཱ་བཀྵ་ཎཱཿ མི་ཁོམ་བརྒྱད། དེ་གང་ཞེ་ན། ན་ར་ཀཱཿ སེམས་ཅན་དམྱལ་བ། ཏིཪྻཉྩཿ དུད་འགྲོ། པྲེ་ཏཱ། ཡི་དྭགས། དཱིརྒྷཱ་ཡུ་ཥོ་དེ་བཱ། ལྷ་ཚེ་རིང་པོ། པྲ་ཏྱནྟེ་ཛ་ན་པ་དཾ། མཐའ་འཁོབ་ཀྱི་མིང་། ཨིནྡྲི་ཡ་བཻ་ཀ་ལྱཾ། དབང་པོ་མ་ཚང་བ། མི་ཐྱཱ་དརྴ་ནཾ། ལོག་པར་ལྟ་བ། ཏ་ཐཱ་ག་ཏཱ་ན་མ་ནུཏྤཱ་དཾ། དེ་བཞིན་གཤེགས་པ་མ་བྱུང་བ་ཞེས་སོ། །ཙ་ཏྭཱ་རི་དྷརྨ་ས་མཱ་དཱ་ནཱ་ནི། ཆོས་ཡང་དག་པར་ལེན་པ་བཞི། དེ་གང་ཞེ་ན། པྲ་ཏྱུཏྤནྣ་སུ་ཁ་མཱ་ཡ་ཏྱཱ་དུཿ ཁ་པི་པཱ་ཀཾ །ད་ལྟར་བྱུང་བ་ལ་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ། པྲ་ཏྱུཏྤནྣ་དུཿ ཁ་མཱ་ཡཏྱཱཾ་སུ་ཁ་བི་པཱ་ཀཾ ད་ལྟར་བྱུང་བ་ལ་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ། པྲ་ཏྱུཏྤནྣ་སུ་ཁ་མཱ་ཡ་ཏྱཱཾ་སུ་ཁ་བི་པཱ་ཀཾ ད་ལྟར་བྱུང་བ་ལའང་བདེ་ལ་ཕྱི་མ་ལའང་རྣམ་པར་སྨིན་པ་བདེ་བ། པྲ་ཏྱུཏྤནྣ་དུཿ ཁ་མཱ་ཡ་ཏྱཱཾ་དུཿ ཁ་བི་པཱ་ཀཿ ད་ལྟར་བྱུང་བ་ལའང་སྡུག་བསྔལ་ལ་ཕྱི་མ་ལའང་རྣམ་པར་སྨིན་པ་སྡུག་བསྔལ་བ། ཞེས་སོ། །གང་ཟག་བཞིའི་མིང་ལ། ཏ་མ་སྟ་མ་པ་རཱ་ཡ་ཎཿ མུན་ཁྲོད་ནས་མུན་ཁྲོད་དུ་འགྲོ་བ། ཏ་མོ་ཛྱོ་ཏིཥྤ་རཱ་ཡ་ཎ། མུན་ཁྲོད་ནས་སྣང་བར་འགྲོ་


MR26_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཛྱ་ཏི་སྟམ་པ་རཱ་ཡ་ཎཿ སྣང་བ་ནས་མུན་ཁྲོད་དུ་འགྲོ་བ། ཛྱོ་ཏི་ཛྱོ་ཏེཥྤ་རཱ་ཡ་ཎཿ སྣང་བ་ནས་སྣང་བར་འགྲོ་བ་ཞེས་སོ། །སེམས་ཅན་རྣམས་ཀྱི་ཚེ་འདི་སོགས་ཀྱི་མིང་ལ། དྲྀཥྚི་དྷརྨཿ མཐོང་བའི་ཆོས། ཨི་ཧ་ཏྲཿ འདི་ལ། ཨ་མུ་ཏྲཿ ཕྱི་མ། ཨི་ཧ་ཛབྡཿ ཚེ་འདི། ཨཱ་པ་ཏྱཱཾ། ཕྱི་མ། པཱ་ར་ཛབྡི་ཀཾ ཚེ་གཞན། ཛཱ་ཏི་པྱ་ཏི་པྲྀཏྟ། ཚེ་འཕོས་པའམ་ཚེ་བརྗེས་པ། སཱམྤ་རཱ་ཡི་གཿ ཚེ་ཕྱི་མ་པ། སམྦ་རཱ་ཡཿ ཚེ་ཕྱི་མ། ཛཱ་ཏི་པ་རི་བརྡྷཿ ཚེ་རབས་སམ་སྐྱེ་བ་བརྗེ་བའམ་འཕོ་བ། ཙྱཱ་ཏིཿ མ་འདོམ་ན་འཆི་འཕོ། ཙྱ་བ་ནཾ། འདོམ་ན་ཙྱ་བའམ་འཆི་བ། ཙྱུ་ཏི་ས་ཀྲ་མཾ། འཆི་བ་དང་འཕོ་བ་ཞེས་སོ། ༈ །དེ་ལྟར་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་དག་མི་རྟག་ཅིང་གཡོ་བ། ཨ་སཱ་རཿ སྙིང་པོ་མེད་པ། བཱ་ལོ་ལླཱ་བན་མྲ། བྱིས་པ་བྲིད་པ། པལྦུཿ གསོག་གསོབ་ཅེས་འཆི་མེད་མཛོད་འགྲེལ་དུའོ། །མྲྀ་ཥཱ་མོ་ཥདྷརྨྨི་ཎ། བརྫུན་པ་བསླུ་བའི་ཆོས་ཅན། རྀཀྟཿ གསོག་ཕྱིས་སུ། གཞན་དག་གིས་དངོས་མེད་དུའང་བསྒྱུར། ཏུཙྪཿ གསོག་ཕྱིས་ཀྱི་ལོ་ཙཱ་འགས་པོར་བར་ཡང་བསྒྱུར། བ་ཤི་ཀཿ ཡ་མ་རླ། འཆི་མེད་མཛོད་འགྲེལ་དུ་སྟོང་ཉིད་དུའང་བསྒྱུར། ཞེས་སོ། །ཡང་དག་པར་ན་ཆོས་ཐམས་ཅད། ནི་རཱི་ཧཱཿ གཡོ་བ་མེད་པ། ནི་ཤྩེཥྚཿ ཕྱེད་པ་མེད་པ། ནིརཱཏྨ་ནཿ བདག་མེད་པ། ནིཿས་ཏྭཱཿསརྦ་དྷརྨྨཱཿ ཆོས་ཐམས་ཅད་ནི་སེམས་ཅན་མེད་པ། དེ་བཞིན་དུ། སརྦ་དྷརྨཱཿ ཀུན་གྱིས་མཇུག་ཏུ་སྦྱར་བས་ཆོས་ཐམས་ཅད་ཅེས་སུ་འགྱུར་ལ། ནི་ཛཱི་བཱཿ སྲོག་མེད་པ།ནི་ཕུངྒ་ལཱཿ གང་ཟག་མེད་པ། ཨ་བྷཱ་པཱཿ རང་བཞིན་མེད་པ། ཨ་ནི་ཀེ་ཏཱཿ གནས་མེད་པ། ཨ་ནཱ་ལ་ཡཱཿ གཞི་མེད་པ། ཨ་མ་མཱཿ ང་ཡི་བར་བྱར་མེད་པ། ཨ་ཤྭཱ་མི་ཀཱཿ བདག་པོ་མེད་པ། ཨ་བསྟུ་ཀཱཿ དངོས་པོ་མེད་པ། ཨ་ཛཱ་ཏཱཿ མ་སྐྱེས་པ། ཨ་ཙྱུ་ཏཱ་ཨ་ནུཏྤནྣཿ ཤི་འཕོ་


MR26_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་མ་སྐྱེས་པ། ཨ་སཾ་ཀླིཥྚཱཿ ཀུན་ནས་ཉོན་མོངས་པ་ཅན་མིན་པ། བི་ག་ཏ་རཱ་གཱཿ འདོད་ཆགས་དང་བྲལ་བ། བི་ག་ཏ་དྭེ་ཥཱཿཞེ་སྡང་དང་བྲལ་བ། བི་ག་ཏ་མོ་ཧཱཿ གཏི་མུག་དང་བྲལ་བ། ཨ་ནཱ་ག་ཏི་ཀཿ འོང་བ་མེད་པ། ཨ་ག་ཏི་ཀཱཿ འགྲོ་བ་མེད་པ། ཨ་ན་བྷི་སཾ་སྐཱ་རཿ མངོན་པར་འདུ་བྱེད་པ་མེད་པ། ཨ་པྲ་པཉྩཿ སྤྲོས་པ་མེད་པ། ཤཱུནྱཱཿ སྟོང་པ། ཨ་ནི་མིཏྟཱཿ མཚན་མ་མེད་པ། ཨ་པྲ་ཎི་དྷཱི་ཏཱཿ སྨོན་པ་མེད་པ་ཞེས་སོ། །དེ་ལྟར་ཡིན་པ་ལ་ཡིན་པར་མ་ཤེས་ནས་སེམས་ཅན་རྣམས་བདག་མེད་པར་མ་མོས་ཤིང་བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་སོགས་ཀྱིས་རབ་ཏུ་བཅིངས་པའི་ཕྱིར། ཏ་ཐཱ་ག་ཏ་སྱ་ས་ཏྭེ་ཥུ་མ་ཧཱ་ཀ་རུ་ཅོཏྤ་ཏྱ་ཏེ། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། །དེ་བཞིན་དུ། འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་ཅིང་གནོད་སེམས་དང་ཞེ་སྡང་ལ་ཞུགས་པར་གཟིགས། དེ་བཞིན་ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ང་བ་གོལ་བར་ཞུགས་པ། བསྐམ་ཞིང་འདོད་པས་ཟིལ་གྱིས་ནོན་ཏེ་ཆོག་མི་ཤེས་ཤིང་གཞན་ནོར་འཕྲོག་པ། ནོར་དང་ཁྱིམ་དང་ཆུང་མ་ལ་ཆགས་ཤིང་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ། མི་རིགས་པས་འཚོ་བ་སྟེ་གཅིག་ལ་གཅིག་འདྲིད་པས་གནས་པ། ཆོག་མི་ཤེས་པར་རྙེད་བཀུར་ལ་ཆགས་ཀྱང་རང་ཆོག་ཤེས་པར་རློམ་པ། སྡུག་བསྔལ་གྱི་གནས་ཁྱིམ་ལ་ཆགས་ཤིང་། ཆགས་པ་མེད་པའི་ཡེ་ཤེས་དམ་པ་བཏང་ནས་དམན་པ་ལ་མོས་པ་ཅན་ཡིན་པས་དེ་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། །རྟེན་ཁྱད་འཕགས་ཐོབ་པ་འཁོར་ལོ་བཞིའི་མིང་། པྲ་ཏི་རཱུ་པ་དེ་ཤ་བཱ་སཿ མཐུན་པའི་ཡུལ་དུ་གནས་པ། ས་ཏཱུ་ཥུ་ཤྭ་ཡཾ། སྐྱེས་བུ་དམ་པ་ལ་བསྟེན་པ། ཨཱཏྨ་ནསྶམྱ་ཎི་དྷཱ་ནཾ། བདག་ཉིད་ཡང་དག་པའི་སྨོན་ལམ། པཱུརྦྦེ་ཙ་ཀྲྀཏ་པུཎྱཏཱ། སྔོན་ཡང་བསོད་ནམས་བྱས་པ། ཞེས་སོ། །


MR26_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཆོས་བརྒྱད་ཀྱི་མིང་། ལཱ་བྷཿ རྙེད་པ། ཨ་ལཱ་བྷཿ མ་རྙེད་པ། ཡ་ཤཿ སྙན་པ། ཨ་ཡ་ཤཿ མི་སྙན་པ། ནིནྡཱཿ སྨད་པ། པྲ་ཤཾ་སཿ བསྟོད་པ། སུ་ཁཾ། བདེ་བ། དུཿཁཾ། སྡུག་བསྔལ། ཞེས་སོ། །སྙིགས་མ་ལྔའི་མིང་ཨཱ་ཡུསྐ་ཥཱ་ཡཿ ཚེའི་སྙིགས་མ། དྲྀཥྚི་ཀ་ཥཱ་ཡཿ ལྟ་བའི་སྙིགས་མ། ཀླེ་ཤ་ཀ་ཥཱ་ཡཿ ཉོན་མོངས་པའི་སྙིགས་མ། ས་ཏྭ་ཀ་ཥཱ་ཡཿ སེམས་ཅན་གྱི་སྙིགས་མ། ཀལྤ་ཀ་ཥཱ་ཡཿ དུས་ཀྱི་སྙིགས་མའོ། །སྐྱེས་བུ་རྣམས་ཀྱི་དོན་དུ་གཉེར་བྱ། ཙ་ཏུ་རྦྦ་རྒཿ སྡེར་བཞི་གང་ཞེ་ན། དྷརྨ། ཆོས། ཀཱ་མཿ འདོད་པ། ཨརྠ། དོན། མོཀྵཿ ཐར་པ། ཞེས་སོ། །ཐར་པའི་ཚབ་ཏུ། བ་ལཾ། སྟོབས་བསྣན་ན། ཙ་ཏུརྦྷ་དྲཾ། བཟང་པོ་བཞི་ཞེས་བྱའོ། །ཆོས་འདོད་དོན་གསུམ་ལ། ཏྲི་བརྒྒཿ སྡེ་ཚན་གསུམ་ཞེས་བྱའོ། ༈ །བསོད་ནམས་འདོད་པས་མཆོད་སྦྱིན་བྱེད་པའི་མིང་ལ། སྦྱིན་པ་སྤྱིའི་མིང་། ཏྱཱ་གཿ གཏོང་བ། བི་ཧཱ། བི་ཏཾ། འབུལ་བ། དཱ་ནཾ། སྦྱིན་པ། ཨུ ཏྶ ཟ རྫ ཌ྄་ནཾ། རྣམ་པར་འགྱེད། བི་ཤྲཱ་ཎ་ཎཾ། རྣམ་པར་སྦྱིན། བི་ཏ་ར་ཎཾ། དགྲམ་པ། སྤརྴ་ནཾ། བྲིམས་པ། པྲ་ཏི་པཱ་ད་ནཾ། སོ་སོར་སྦྱིན་པ། པྲ་དེ་ཤ་ནཾ། མངོན་དུ་བསྟན་པ། ནིརྦྦ་ང་ཎཾ། འབུམ་པ། ཨ་བ་བ་རྫྫ་ནཾ། སྟེར་བ། ཨཾ་ཧ་ཏིཿ འགྱེད་པ། ཞེས་སོ། །མུཀྟ་དྱཱ་གཿ ལྷུག་པར་གཏོང་བ། པྲ་ཏ་ཏ་པཱ་ཎིཿ ལག་བརྐྱང་བ། བྱ་བ་སརྒ་ར་ཏཿ རྣམ་པ་གཏོང་བ་ལ་དགའ་བ། ཡཱ་ཡ་ཛཱུ་ཀཿ མཆོད་སྦྱིན་ཁོར་མོར་བྱེད་པ་འམ་སྦྱིན་པར་མི་ཆད་པར་བྱེད་པ། དཱ་ནེ་སམྤི་སཱ་ག་ར་ཏཿ སྦྱིན་པ་ལ་འགྱེད་པར་དགའ་བ། བི་བྷཱ་ཛ་ཏེ། འགྱེད། སཾ་བི་བྷཱ་ཛ་ཏེ། རྣམ་པར་འགྱེད་པ། ཡཥྚ། མཆོད་སྦྱིན་བྱས། སུ་ཡཥྚཿ མཆོད་སྦྱིན་ལེགས་པར་བྱས། ཧུ་ཏཾ། སྦྱིན་སྲེག་བྱས། སུ་ཧུ་ཏཾ། ལེགས་པར་


MR26_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་བྱས། ཡཱ་ག་མ་ཡཾ། མཆོད་སྦྱིན་ལས་བྱུང་བ། ཡཱ་བ་ད་ནྱ་ཏ་རཱ་ནྱ་ཏ་ར་བ་རི་སྐཱ་རཾ་ད་དཱ་ཏི། ཡོ་བྱད་གང་ཡང་རུང་བའི་བར་དུ་སྦྱིན་པར་བྱེད། པཱ་ནཾ་པཱ་ནཱ རྠི་བྷྱཿ སྐོམས་འདོད་པ་ལ་སྐོམས། ཨནྣ་མནྣཱ་རྠི་བྷཿ ཟས་འདོད་པ་ལ་ཟས། པྲ་ཏི་སཾ་སྟ་རཾ། སོ་སོར་འགྱེད་པ། དེ་ཡཾ། སྦྱིན་པར་བྱ་བ། དཱ་ཡ་ཀཿ སྦྱིན་པ་པོ། དཱ་ན་པ་ཏིཿ སྦྱིན་བདག དཱ་ཏཱ། སྦྱིན་པར་བྱེད་པ། པྲ་ཏི་གྲཱ་ཧ་ཀཿ ལེན་པ། པྲཱ་དཱ་ཏཾ། བྱིན་ནོ། །ཀྲཏྟུཿ མཆོད་སྦྱིན། ན་རིརྒ་ཏ་ཡཛྙཱ། གཏན་བ སྲི་བ་མེད་པའི་མཆོད་སྦྱིན། ཤྲཱརྡ་མ་ནུ་པྲ་དཱ་སྱནྟི། དད་པའི་རྗེས་སུ་སྦྱིན་པར་བྱེད་པ།པྲ་ཡཙྪ་ཏེ། སྦྱིན་པར་བྱེད་པ་ཞེས་སོ། །ཕན་པ་དང་ཕན་འདོགས་པའི་མིང་། ཧི་ཏ་མ྄། ཕན་པ། ཨཱཏྨ་ཧི་ཏཾ། བདག་ལ་ཕན་པ། པ་ར་ཧི་ཏམ྄། གཞན་ལ་ཕན་པ། ཨུ་པ་ཀཱ་རཿ ཕན་གདགས་པ། ཨུ་པ་ཡུ་ཛྱ་ཏེ། ཕན་འདོགས་པའམ་ཉེ་བར་སྦྱོར་བ། པྲཏྱུ་པ་ཀཱ་ར་ཀཱཾ་ཀྵཱ། ལན་དུ་ཕན་འདོགས་སུ་རེ་བ། ཨ་པ་ཏྱུ་པ་ཀཱ་རཿ ལན་དུ་ཕན་འདོགས་པ་ལ་མི་རེ་བ། ཞེས་སོ། །དགའ་སྟོན་གྱི་མིང་། ཀྵ་ནཿ ལྷ་གསོལ། ཨུདྡྷརྵཿ ཉེར་དགའ། མ་ཧཿ མཆོད་སྟོན། ཨུདྡྷ་བཿ དགའ་སྟོན། ཨུཏྶ་བཿ དུས་སྟོན། ཞེས་སོ། ༈ །ཁམས་གསུམ་པའི་འཁོར་བ་ལས་མ་ཐར་ཞིང་ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་གནས་སྐབས་བདེ་བ་ཡང་སྡུག་བསྔལ་ལས་མ་འདས་པའི་ཕྱིར་འཁོར་བ་ནི་མེ་ཡི་འོབས་དང་མི་གཙང་བའི་འདམས་ལ་སོགས་པ་བཞིན་དུ་ཡིད་འབྱུང་བའི་གནས་སུ་འཕགས་པ་རྣམས་ཀྱིས་གཟིགས་པས་སྡུག་བསྔལ་འཕགས་པའི་བདེན་པ་རྟོགས་པར་འགྱུར་ཏེ། འཁོར་བ་ནི་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པའི་ཕྱིར་རོ། །གང་ཞེ་ན། དུཿཁ་དུཿཁ་ཏཱཿ སྡུག་བསྔལ་གྱི་སྡུག་བསྔལ། བི་པ་རི་ཎཱ་མ་དུཿ ཁ་ཏཱ། འགྱུར་བའི་སྡུག་བསྔལ། སཾ་སྐཱར་དུཿཁ་ཏཱཿ འདུ་བྱེད་ཀྱི་སྡུག་བསྔལ། ཞེས་སོ། །


MR26_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྡུག་བསྔལ་བརྒྱད་དེ། ཛཱ་ཏི་དུཿཁཾ། སྐྱེ་བའི་སྡུག་བསྔལ། ཛ་རཱ་དུཿ ཁ། རྒ་བའི་སྡུག་བསྔལ། བྱཱ་དྷི་དུ་ཁཾ། ན་བའི་སྡུག་བསྔལ། མ་ར་ཎ་དུཿ ཁཾ། འཆི་བའི་སྡུག་བསྔལ། པྲི་བི་པྲ་ཡོ་གོ་དུཿཁཾ། སྡུག་པ་དང་བྲལ་བའི་སྡུག་བསྔལ། ཨ་པྲི་ཡ་སཾ་པྲ་ཡོ་གོ་དུཿཁཾ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། ཡ་ད་པཱིཙྪ་བཪྻེ་ཥ་མཱ་ཎོན་ལ་བྷ་ཏེ་ཏ་ད་པི་དུཿཁཾ། གང་འདོད་པ་བཙལ་ཏེ་མ་རྙེད་པར་དེ་ཡང་སྡུག་བསྔལ། སཾ་ཀྵེ་པ་ཎ་པཉྩོ་པཱ་དཱ་ན་སྐནྡྷ་དུཿཁཾ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ།ཞེས་སོ། །གཞན་ཡང་སྡུག་བསྔལ་སྤྱིའི་མིང་ལ། པཱི་ཌཱ། ཟུག་རྔུ། བཱ་དྷཱ། ཟུག་གཟེར། བྱཱ་ཐཱ། སེམས་ནད། དུཿཁཾ། སྡུག་བསྔལ། ཨཱ་མཱ་ན་སྱཾ། ཡིད་འཕྲོགས། པྲ་སཱུ་ཏི་ཛཾ། སྐྱེ་ལས་སྐྱེ། ཀཥྚཾ། དཀའ་ལས། ཀྲྀ་ཙྪུཾ། དཀའ་བ། ཨཱ་བིལ། འཇིགས་ལེན་ནམ་ཀུན་འཇིགས། གཞན་ཡང་། ཏཱ་བཿ གདུང་བ་དང་མི་འདོད་པ་སོགས་ཀྱང་དེའི་མིང་དུ་འགྱུར་རོ། །སྡུག་བསྔལ་དྲག་པོ་མི་བཟོད་པའི་མིང་། ཀཱ་ར་ཎཱ། འཚེ་བྱེད། ཡཱ་ཏ་ནཱ། མི་བཟོད་པ། ཏཱི་པྲ་བེ་ད་ནཱ། ཚོར་བ་དྲག་པོ་ཞེས་སོ། །སེམས་ཅན་རྣམས་ནི། ཨ་བི་དྱཱཎྚ་ཀོ་ཥ་པ་ཊ་ལ། མ་རིག་སྒོ་ངའི་སྦུབས་ཀྱི་སྒྲིབ་པ། དུཿཁཱཾ་ཏཱི་པྲཱཾ་ཁ་རཱཾ་ཀ་ཊུ་ཀཱཾ། སྡུག་བསྔལ་མི་བཟད་པ་ཚ་བརྩུབ་པ། བི་ཥ་མཱ་པ་རི་ཧཱ་རཿ ཡང་མི་མི་སྤོང་བ། བ་ཧུ་བྷཱ་ཡཿ འཇིགས་པ་མང་བ། ནིརྦཱ་ས་ནཾ། མནར་བ། སཾ་ཛྙ་པ་ནི། གཙེས་པ། དུསྶ་མ་ཏི་ཀྲ་མཿ རྒལ་དཀའ་བའམ་འདའ་བར་དཀའ་བ། འདུ་བྱེད་རྣམས། བི་དྷྭནྶ་ན་དྷརྨྨཿ གྱེས་པའམ་འཇིག་པ་དད་པའི་ཆོས་ཅན། སྭ་རས་ནི་རོ་དྷཿ རང་གི་ངང་གིས་འགག་པ། ཞེས་དེ་ལྟ་བུ་ཡིན་པས་ན། དེ་ལས། ནིརྦི་ཏ། ཡིད་འབྱུང་བར་བྱ་དགོས་སོ། །སྡུག་བསྔལ་བདེན་པའི་སྐབས་སོ། ༈ །གཉིས་པ་ཀུན་འབྱུང་བ་ལས་ཀྱི་མིང་ལས། ལས་སྤྱི་ཡི་མིང་། ཀརྨཿ


MR26_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེའི་མིང་། བི་དྷིཿ སྔོན་ལས། བྷ་གྱཾ། སྐལ་བ། ནི་ཡ་ཏིཿ སྔོན་བྱས། བྷ་ག་དྷེ་ཡཾ། བསྒོ་སྐལ། ཞེས་དང་། ལས་ཀྱི་མིང་དུ་འཇིག་རྟེན་པས། དཻ་བཾ། ལྷས་བསྐོས། དིཥྚིཾ། ལྷས་བསྟན་ཀྱང་ཟེར། ལས་ཀྱི་བྱེ་བྲག་ཆོས་སམ་བསོད་ནམས་དགེ་བའི་མིང་། དྷརྨྨཿ ཆོས། པུཎྚཾ། བསོད་ནམས། ཤྲ་ཡ་ས྄། སམ། ཡཿ དགེ་བ། སུ་ཀྲྀ་ཏཾ། ལེགས་བྱས། ཨ་ལཿ ལེགས་བསྐོས་སམ་སྐལ་བཟང་། པྲྀ་ཥཿ འདོད་བྱ་ཞེས་སོ། །སྡིག་པའམ་མི་དགེ་བའི་མིང་། པྲཱ་པཾ། ངན་འཐུང་སྟེ་སྡིག་པ། ཨགྷཾ། ནོངས་པ། ཨ་ཧ་ས྄། དང་། ཨཾ་ཧཿ དང་། ཨ་པ་རཱ་དྷཿ ཉེས་པ། ནིགྷཿ སྡིག་པ། ཨཱ་དཱི་ན་བཿ ཉེས་དམིགས། ཀིལྦི་ཥཾ། སྡིག་པའམ་གདུག་པ། ཨཾ་གྷ་ས྄། དང་། ཨཾ་གྷཿ ཉེས་སྤྱོད། དུཥྐྲྀ་ཏཾ། ཉེས་བྱས། དུ་རི་ཏཾ། སྨོད་འགྲོ། གཞན་ཡང་། བངྐཾ། ཚོགས་འཕེལ། པཱ་པྨ་ན། དང་། པཱཔྨ། སྲུང་བྱེད་ཅེས་སུ་འཆི་མེད་མཛོད་རྩ་འགྲེལ་དུ་བསྒྱུར། ཀལྨ་ཥཾ། ལྷོང་པ། ཀ་ལུ་ཥཾ། ཟད་བྱེད། པྲྀ་ཛི་ནཾ། རྙོགས་པ་ཅན། ཨེ་ན་ས྄། དང་། ཨེ་ནཿ འདོར་བྱེད་ཅེས་སོ། །ལས་ཀྱི་རྣམ་གྲངས་མང་པོ་མཆིས་མོད། འདིར་བྱེ་རྟོགས་ལས་གསུངས་བརྩམ་བཀོད་པ། དྲྀཥྚི་དྷརྨྨ་བེ་ད་ནཱི་ཡ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ། ཨུ་བ་པདྱ་བེ་ད་ནཱི་ཡཾ། སྐྱེས་ནས་མྱོང་བར་འགྱུར་བ། ཨ་པར་པརྨཱ་ཡ་བེ་ད་ནཱཾ་ཡཾ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ། ནི་ཡ་ཏ་བེ་ད་ནཱི་ཡཾ། མྱོང་བར་འགྱུར་བར་ངེས་པ། ཨ་ནི་ཡ་ཏ་བེ་ད་ནཱི་ཡཾ། མྱོང་བར་འགྱུར་བར་མ་ངེས་པ། ཞེས་དང་། གཞན་ཡང་། ཀརྨ་སྭ་ཀཿ ལས་བདག་གིར་བྱ་བ། ཀརྨ་དཱ་ཡ་ཏཿ ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ཀརྨ་ཡོ་ནིཿ ལས་ཀྱི་སྐྱེ་གནས་པ། ཀརྨ་པྲ་ཏི་ས་ར་ཎ མ྄། ལས་བརྟེན་པར་བྱ་བ། པྲ་ཡོ་གཿ སྦྱོར་བ། མོ་ལཾ། དངོས་གཞི། བྲྀཥྚཾ། མཇུག །ཨཱ་སེ་བི་ཏཾ། བསྟེན་པའམ་བསྙེན་པ། བྷཱ་བི་ཏཾ། བསྒོམ་


MR26_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་གོམས་པར་བྱས་པ། བ་ཧུ་ལཱི་ཀྲྀ་ཏཾ། ལན་མང་དུ་བྱས་པ། ཞེས་སོ། །སཱ་སྲ་བ་ཀརྨཿ ཟག་བཅས་ཀྱི་ལས། ཨ་ནཱ་སྲ་བ་ཀརྨཿ ཟག་མེད་ཀྱི་ལས། པུཎྱོ་པ་ཀཿ བསོད་ནམས་སུ་ཉེ་བར་འགྲོ་བ། ཨ་པུཎྱོ་པ་གཿ བསོད་ནམས་མ་ཡིན་པས་ཉེ་བར་འགྲོ་བ། ཨཱ་ནི་ཛྱཾ། མི་གཡོ་བ། ཨ་ན་བྱཱ་ཀ་ར་ཎ་ཀརྨ། ལུང་མ་བསྟན་གྱི་ལས། ལས་ཀྱི་བྱེ་བྲག ཀཱ་ཡ་སུ་ཙཱ་རི་ཏམ྄། ལུས་ཀྱི་ལེགས་པར་སྤྱོད་པ། པྲཱ་ཎཱ་ཏི་གྷཱཏཱ་དྭི་ར་ཏི། སྲོག་གཅོད་པ་སྤོང་བ། ཨ་དཱཏྟཱ་དཱ་ནཱ་དྭི་ར་ཏིཿ མ་བྱིན་པར་ལེན་པ་སྤོང་བ། ཀཱ་མ་མི་ཐྱཱ་ཙ་རཱ་དྭི་ར་ཏིཿ འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ། བཱཀྶུ་ཙ་རི་ཏཾ། ངག་གི་ལེགས་པ་སྤྱོད་པ། མྲྀ་ཥ་བཱ་དཱཏྤྲ་ཏི་བི་ར་ཏིཿ བརྫུན་དུ་སྨྲ་བ་སྤོང་བ། པུ་རུ་ཥཱཏྤྲ་ཏི་བི་ར་ཏིཿ ཚིག་རྩུབ་པོར་སྨྲ་བ་སྤོང་བ། པུ་ཤཱུནྱཱཏྤྲ་ཏི་བི་ར་ཏིཿ ཕྲ་མར་སྨྲ་བ་སྤོང་བ། སཾ་བྷིནྣ་པྲ་ལཱ་པཱཏྤྲ་ཏི་བི་ར་ཏིཿ ཚིག་བཀྱལ་བ་སྤོང་བ། མ་ན་སུ་ཙ་རི་ཏཾ། ཡིད་ཀྱིས་ལེགས་པར་སྤྱོད་པ། ཨ་བྷི་དྷྱཱ་ཡཱཿ པྲ་ཏི་བི་ར་ཏིཿ བརྣབ་སེམས་སྤོང་བ། བྱཱ་པཱ་དཱ་ཏ་པྲ་ཏི་བི་ར་ཏིཿ གནོད་སེམས་སྤོང་བ། མི་ཐྱ་དྲྀ་ཥྚེཿ པྲ་ཏི་བི་ར་ཏིཿ ལོག་པར་ལྟ་བ་སྤོང་བ།མི་དགེ་བ་བཅུ་ནི། ཏྲཱི་ཎི་ཀཱ་ཡ་དུཤྩ་རི་ཏྭཱ་ནི། ལུས་ཀྱི་ཉེས་པར་སྤྱོད་པ་གསུམ། ཙི་ཏྭཱ་རི་བགྡུཤྩ་རི་ཏཱ་ནི། ངག་གི་ཉེས་པར་སྤྱོད་པ་བཞི། ཏྲཱི་ཎི་མ་ཎོ་དུཤྩ་རི་ཏཱ་ནི། ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ། མཚམས་མེད་ལྔའི་མིང་། མཱ་ཏྲི་གྷཱ་ཏཿ མ་བསད་པ། ཨརྡྷ་དྦ་དྷཿ དགྲ་བཅོམ་པ་བསད་པ། པི་ཏྲི་གྷཱ་ཏཿ ཕ་བསད་པ། སངྒྷ་བྷེ་དཿ དགེ་འདུན་གྱི་དབྱེན་བྱས་པ། ཏ་ཐཱ་ག་ཏ་སྱུནྟི་ཀེ་དུཥྚ་ཙིཏྟ་རུ་དྷི་རོཏྤཱ་ད་ནཾཿ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ། མཚམས་མེད་པ་དང་ཉེ་བ་ལྔའི་མིང་། མཱ་ཏུ་རརྷནྟྱཱ་དུ་ཥ་ཎཾ། མ་དགྲ་བཅོམ་མ་སུན་བྱུང་བ། ནི་ཡ་


MR26_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་་མི་སྡྱི་ཏ་སྱ་བོ་དྷི་སཏྭ་སྱ་མཱ་ར་ཎཾ། བྱང་ཆུབ་སེམས་དཔའ་ངེས་པའི་ས་ལ་གནས་པ་བསད་པ། ཤཻཀྵ་སྱ་མཱ་ར་ཎཾ། སློབ་པ་བསད་པ། སཾ་གྷཱ་ཡ་དྭཱཪྻ་ཧ་ར་ཎཾ། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ། སྟཱུ་པ་བྷེ་ད་ནཾ། མཆོད་རྟེན་འཇིག་པ། ཞེས་སོ། །ཉོན་མོངས་པའི་ཀུན་འབྱུང་གི་མིང་ལས། ཉོན་མོངས་པ་སྤྱིའི་མིང་། ཀླེ་ཤཿ ཉོན་མོངས། ཨཱ་སྲ་བཿ ཟག་པ། ཨཱ་དཱི་ན་བཿ ཀུན་ཏུ་དམན་འགྲོ་སོགས་སོ། །ཉོན་མོངས་པའི་བྱེ་བྲག་རྩ་ཉོན་དང་ཉེ་ཉོན་སོགས་གོང་དུ་སོང་། འདིར་ཅི་རིགས་བཀོད་པ། ཨཱཏྨ་མོ་ཧཿ བདག་ཏུ་རྨོངས་པ། ཨཱཏྨ་དྲྀཥྚིཿ བདག་ཏུ་ལྟ་བ། ཨཱཏྨ་མཱ་ནཿ བདག་ཏུ་ང་རྒྱལ་བ། ཨཱཏྨ་སྣེ་ཧཿ བདག་ལ་ཆགས་པ། ཞེས་དང་། གཞན་ཡང་ཉོན་མོངས་པའི་སྐབས་སུ་བྱུང་བའི་མིང་ཅི་རིགས་ལ། ཨཱ་གྲ་ཧཿ ཀུན་ཏུ་འཛིན་པ། པཉྩ་ན། སླུ་བ། པཪྻཱ་དཱ་ནཾ། ཡོངས་སུ་གཏུགས་པའམ་འཕྱོས་པ། ཨཱ་གྷཱ་ཏཿ ཀུན་ནས་མནར་སེམས། མཱ་ཧཱ་བྷཱུ་མི་ཀཿ ས་ཆེན་པོ་པ། པ་རི་ཀལྤི་ཏཾ། ཀུན་ཏུ་བརྟག་པ། ས་ཧ་ཛཿ ལྷན་ཅིག་སྐྱེས་པ། སནྟཱ་ནཱ་ནུ་པྀཏྟིཿ རྒྱུན་ཆགས་པར་འཇུག་པ། ཨེ་ཀ་ཛཱ་ཏཱི་ཡ་བི་ཛྙཱ་ནཾ། རྣམ་པར་ཤེས་པ་རིགས་གཅིག་པ། ས་བྷཱ་གཿ བསྟན་པ་དང་བཅས་པ། ཏཏྶ་བྷཱ་གཿ དེའི་བསྟན་པ་དང་བཅས་པ། ནི་རྦི་ཏ྄། ཡིད་འབྱུང་བ། ཀཱཾ་ཀྵཿ སོམ་ཉིའམ་ནེམ་ནུར། བི་མ་ཏིཿ ཡིད་གཉིས། ཨ་ནུ་ན་ཡཿ རྗེས་སུ་ཆགས་པ། ཀཱ་མ་རཱ་གཿ འདོད་པ་ལ་འདོད་ཆགས། བྷ་བ་རཱ་གཿ སྲིད་པའི་འདོད་ཆགས། སཾ་ཡོ་ཛ་ནཾ། ཀུན་ཏུ་སྦྱོར་བ། བནྡྷ་ནཾ། འཆིང་བ། ཨ་ནུ་ཤ་ཡཿ བག་ལ་ཉལ་དང་ཕྲ་རྒྱས་སྐབས་དང་སྦྱར། པཪྻུཏྠ་ནཾ། ཀུན་ནས་ལྡང་བ། ཨུ་པ་ཀླེ་ཤཿ ཉེ་བའི་ཉོན་མོངས་པ། བཪྻ་བ་སྠཱ་ནཾ། ཀུན་ནས་དཀྲིས་པ། བཪྻ་བ་ནདྡྷཾ། ཡོངས་སུ་དཀྲིས་པ། ཨཱ་ཤྲ་བཿ ཟག་པ། ཨོ་གྷཿ ཆུ་བོ། ཡོ་གཿ སྦྱོར་བ། ཨུ་པཱ་ད་ནཾ།


MR26_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ལེན་པ། གྲནྠཿ མདུད་པ། ནི་བ་ར་ཎཾ། སྒྲིབ་པ། ཀཱ་མ་པྲ་ཏི་སཾ་ཡུཀྟཾ། འདོད་པ་དང་ལྡན་པ། རཱུ་པ་པྲ་ཏི་སཾ་ཡུཀྟཾ། གཟུགས་དང་ལྡན་པ། ཨ་རཱུ་པྱ་པྲ་ཏི་སཾ་ཡུཀྟཾ། གཟུགས་མེད་པ་དང་ལྡན་པ། ཀཱ་མཱ་བྟཿ འདོད་པར་བསྡུས་པ། ཀཱ་མ་བྷཱ་ཏུ་པཪྻཱ་པནྣཿ འདོད་པའི་ཁམས་སུ་གཏོགས་པ། ཀཱ་མཱ་བ་ཙ་རཿ འདོད་པ་ན་སྤྱོད་པ། ཨུརྡྷ་བྷཱ་གཱི་ཡཿ གོང་མའི་ཆ་དང་མཐུན་པ། ཨངྒ་ཎཾ། ཉོན་མོངས་པའི་མིང་སྟེ་འདོམ་ན་སྐོར་བ། ས་ར་ཎཾ། ཉོན་མོངས་པ་དང་བཅས་པ། ཨ་ཧཾ་ཀཱ་རཿ ངར་འཛིན་པའམ་ང་རྒྱལ། མ་མ་ཀཱ་རཿ བདག་གིར་འཛིན་པ། དཱིརྒྷཱ་ནུ་བ་རི་བརྟྟི། རིང་དུ་རྗེས་སུ་འབྲེམ་པ། ས་དཱ་ནུ་བདྡྷོ་བྷ་བ་ཏིཿ རྟག་ཏུ་རྗེས་སུ་འབྲང་བར་འགྱུར། པྲ་ཏི་སནྡྷིཿ ཉིང་མཚམས་སྦྱོར་བ། སཾ་སཱརཿ འཁོར་བ། སནྡྷིམྦཱཔྣཏེཿ འབྲེལ་བར་བྱེད་པ། ས་མ་ནུ་བནྡྷཿ རྗེས་སུ་འབྲང་བ། ཙིཏྟཱ་ནུ་པ་རི་བརྟྟི། སེམས་ཀྱི་རྗེས་སུ་འབྲང་བ། ཨ་ནུ་ས་ཧི་ཏཾ། རྗེས་སུ་འབྲེལ་བ། ས་མ་གྲ་སཱ་མ་གྲཱི། འདུ་བ་ཚོགས་པ། པྲ་ཏི་སམྦ་དྷཱ་ཏི། ཉིང་མཚམས་སྦྱོར་བའམ་འབྲེལ་བར་བྱེད་པ། ཨ་པྲ་ཏི་སནྡྷིཿ མཚམས་སྦྱོར་བ་མེད་པ། ཨ་ནུ་བརྟྟ་ནཾ། རྗེས་སུ་འཇུག་པ། སནྟཱ་ན་བརྟྟཱེ། རྒྱུ་ལ་འབྲས་བུ་ཡོད་པ། ཨཱ་ནུཙྪ་བི་ཀཿ འཕྲོད་པའམ་འབྱོར་བ། ཨ་ནུ་སནྡྷིཿ མཚམས་སྦྱོར་བ། སཱ་ནུ་ཙཱ་རཿ འཁོར་དང་བཅས་པ། པྲ་བཱ་ཧཿ རྒྱུན། ཨ་ནུ་བནྡྷཿ རྒྱུན་ཆགས་པ། ཨ་ཛ་སྲམ྄། རྒྱུན་མི་ཆད་པའམ་ཁོར་མོར། ཨ་ནུ་ག་ཏཱ། རྗེས་སུ་སོང་བའམ་རྗེས་སུ་ཞུགས་པའམ་རྗེས་སུ་མཐུན་པ། ཨ་བྷཱུ་ཏྭཱ་བྷཱ་བཿ མ་བྱུང་བ་ལས་བྱུང་བ། ཡ་ཐཱ་ཡོ་བ། ཅི་རིགས་པར་ཞེས་སོ། ༈ །གསུམ་པ་རྒྱུ་ཀུན་འབྱུང་རྩད་ནས་སྤངས་པས་སྡུག་བསྔལ་དང་ཉེས་པ་གཏན་ནས་ལོག་པའི་འགོག་བདེན་ལ། ནི་རོ་དྷཿ འགོག་པ། དེའི་མིང་དུ། ནིརྦཱ་ཎཾ། མྱ་ངན་ལས་འདས་པ།


MR26_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། གཞན་ཡང་ཞི་བ་གྱ་ནོམས་པ་སྐྱབས་དང་གླིང་སོགས་ཀྱི་རྣམ་གྲངས་གོང་སྨྲོས་རྣམས་ཀྱང་ངོ་། །མྱང་འདས་དེ་ལ་དབྱེ་ན། ཐེག་པ་ཆེན་པོའི་ལམ་གྱི་འབྲས་བུ། ཨ་པྲ་ཏིཥྛ་ཏ་ནིཊྦཱ་ཎ་མ྄། མི་གནས་པའི་མྱ་ངན་ལས་འདས་པ། ཐེག་དམན་གྱི་མྱ་ངན་ལས་ལ། ཨལྤ་ནིརྦྦཱ་ཎམ྄། མྱང་འདས་ཆུང་ངུ་དང་། གཞན་ཡང་དམན་པའི་མྱ་ངན་འདས་དང་། ཞི་བ་ཕྱོགས་གཅིག་པའི་མྱང་འདས་སོགས་སུ་བརྗོད་དོ། །དེ་ལའང་། སཽ་པ་དྷིཿ ཤེ་ཥ་ནིརྦྦཱ་ཎཾ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་འདས་པ། ནི་རུ་བ་དྷི་ཤེ་ཥ་ནིརྦྦཱ་ཎམ྄། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་སོ། །ལམ་གྱི་བདེན་པ་ལ། པཉྩ་མརྒཿ ལམ་ལྔ། སཾ་བྷཱ་ར་མཱརྒཿ ཚོགས་ཀྱི་ལམ། ཡོག་མཱརྒཿ སྦྱོར་བའི་ལམ། དརྴ་ན་མཱ་རྒཿ མཐོང་བའི་ལམ། བྷཱ་བ་ན་མཱརྒཿ སྒོམ་པའི་ལམ། ཨ་ཤཻཀྵ་མཱརྒཿ མི་སློབ་ལམ་ཞེས་སོ། །སྦྱོར་ལམ་གྱི་མིང་ལ། ནིརྦེ་བྷ་དྷཱ་གཱི་ཡཿ ངེས་པར་འབྱེད་པའི་ཆ་དང་མཐུན་པ། ཞེས་བྱ། དེ་ལ་བཞི་སྟེ། ཨུཥྨ་གཏཿ དྲོ་བར་གྱུར་པ། མཱུརྡྷཱ་ནཿ རྩེ་མོ། ཀྵནྟིཿ བཟོད་པ། ལཽ་ཀི་ཀཱ་གྲ་དྷརྨྨཿ འཇིག་རྟེན་པའི་ཆོས་མཆོག་ཅེས་སོ། །དེ་དག་ལ་རིམ་བཞིན། ཨཱ་ལོ་ཀ་ལབྡྷཿ སྣང་བ་ཐོབ་པ། ཨཱ་ལོ་ཀ་བྲྀ་དྷིཿ སྣང་བ་མཆེད་པ། ཏ་ཏྭཱ་ཐཻ་ཀ་དེ་ཤཱ་ནུ་པྲ་བེ་ཤཿ དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་ལ་རྗེས་སུ་ཞུགས་པ། ཨ་ནནྟཪྻ་ས་མཱ་དྷིཿ བར་ཆད་མེད་པའི་ཏིང་འཛིན་ཅེས་བྱའོ། །ཚོགས་སྦྱོར་གྱི་ལམ་ལ། ཨ་དྷི་མུཀྟི་ཙཪྻཱ་བྷཱུ་མིཿ མོས་པ་སྤྱོད་པའི་ས་ཞེས་བྱའོ། །མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་གི་མིང་། དུཿཁེ་དྷརྨྨ་ཛྙཱ་ན་ཀྵཱནྟིཿ སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ། དུཿཁེ་དྷརྨ་ཛྙཱ་ནཾ། སྡུག་བསྔལ་ལ་ཆོས་ཤེས་པ། དུཿཁེ྅་ནཱ་ཡ་ཛྙཱ་ན་ཀྵཱནྟིཿ སྡུག་བསྔལ་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ། དུཿཁ་྅ནྭ་ཡ་ཛྙཱ་ནཾ། སྡུག་བསྔལ་ལ་རྗེས་སུ་


MR26_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཤེས་པ། ས་མུ་ད་ཡེ་དྷརྨྨ་ཛྙཱ་ན་ཀྵཱནྟིཿ ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ། ས་མུ་ད་ཡེ་དྷརྨ་ཛྙཱ་ནཾ། ཀུན་འབྱུང་ལ་ཆོས་ཤེས་པ། ས་མུ་ད་ཡེ་྅ནྭ་ཡ་ཛྙཱ་ན་ཀྵཱནྟི། ཀུན་འབྱུང་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ། ས་མུ་ད་ཡེ་྅ནྭ་ཡ་ཛྙཱ་ནཾ། ཀུན་འབྱུང་ལ་རྗེས་སུ་རྟོག་པའི་ཤེས་པ། ནི་རོ་དྷེ་དྷརྨྨ་ཛྙཱ་ན་ཀྵཱནྟི། འགོག་པ་ལ་ཆོས་ཤེས་པའི་བཟོད་པ། ནི་རོ་དྷེ་དྷརྨྨ་ཛྙཱ་ནཾ། འགོག་པ་ལ་ཆོས་ཤེས་པ། ནི་རོ་དྷེ྅་ནྭ་ཡ་ཛྙཱ་ན་ཀྵཱ ནྟི། འགོག་པ་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ། ནི་རོ་དྷེ྅ནྭ་ཡ་ཛྙཱ་ནཾ། འགོག་པ་ལ་རྗེས་སུ་རྟོག་པའི་ཤེས་པ། མཱརྒེ་དྷརྨ་ཛྙཱ་ན་ཀྵཱནྟི། ལམ་ལ་ཆོས་ཤེས་པའི་བཟོད་པ། མཱརྒེདྷརྨྨ་ཛྙཱ་ནཾ། ལམ་ལ་ཆོས་ཤེས་པ། མཱརྒེ྅་ནྭ་ཡ་ཛྙཱ་ན་ཀྵཱནྟིཿ ལམ་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ། མཱརྒེ྅་ནྭ་ཡ་ཛྙཱ་ནཾ། ལམ་ལ་རྗེས་སུ་རྟོག་པའི་ཤེས་པ། ཞེས་སོ། །སྒོམ་ལམ་གྱི་སྐབས་སུ་བསམ་གཏན་དང་པོའི་ཡན་ལག་ལྔ་ནི། འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། ས་བི་ཏརྐཾ། རྟོག་པ་དང་བཅས་པ། ས་བི་ཙ་རཾཿ དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི། པྲཱི་ཏི། དགའ་བ། སུ་ཁཾ། བདེ་བ་ཅན་བསམས་གཏན་དང་པོ་རྫོགས་པར་བྱས་ཏེ། བི་ཧ་ར་ཏི། གནས་པ། ཞེས་སོ། །བསམ་གཏན་གཉིས་པ་ནི་ཡན་ལག་བཞི་ལྡན་ཏེ། རྟོག་དཔྱོད་དང་བྲལ་ཏེ་ནང་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། སཾ་པྲ་སཱ་དཿ རབ་ཏུ་དང་བ། ཏིང་ངེ་འཛིན་ལས་སྐྱེས་པའི། པྲྀ་ཏིཿ དགའ་བ་དང་། སུ་ཁཾ། བདེ་བ་ཅན། བསམ་གཏན་གཉིས་པ་ཡོངས་སུ་རྫོགས་པར་བྱས་ཏེ་གནས་པའི། ས་མཱ་དྷིཿ ཏིང་ངེ་འཛིན་ནོ། །བསམ་གཏན་གསུམ་པ་ནི་ཡན་ལག་ལྔ་སྟེ། དེ་དགའ་བའི་འདོད་ཆགས་དང་བྲལ་བས། ཨུ་པེ་ཀྵཿ བཏང་སྙོམས་ལ་གནས་ཤིང་། སྨྲྀ་ཏིཿ དྲན་པ་དང་། སཾ་པྲ་ཛ་ནཾ། ཤེས་བཞིན་ཅན་ཡིན་ཏེ། སུ་ཁཾ། བདེ་བ། ལུས་ཀྱིས་མྱོང་


MR26_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ། བི་ཧ་ར་ཏི། གནས་པའོ། །བསམ་གཏན་བཞི་པའི་ཏིང་འཛིན་ཡན་ལག་བཞི་སྟེ། དེ་བདེ་བ་ཡང་སྤང་བས་ཚོར་བ་གཞན་བཞི་ཀ་མེད་པར། ཚོར་བ། ཨུ་པེ་ཀྵ་ཀཿ བཏང་སྙོམས་དང་། འདུ་བྱེད་བཏང་སྙོམས་གཉིས། སྨྲྀ་ཏི་པ་རི་ཤུ་དྷཾ། དྲན་པ་ཡོངས་སུ་དག་པ་སྟེ་གསུམ་པོ་དེ་དང་ལྡན་པའི་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ཏེ་གནས་པའི། ས་མཱ་དྷིཿ ཏིང་ངེ་འཛིན་ནོ། །བསམ་གཏན་དེ་དག་གི་རྣམ་གྲངས་གཞན། པྲཱནྟ་ཀོ་ཊི་ཀ་དྱཱ་ནམ྄། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན། ཨ་ནཱ་ག་མྱཾ། མི་ལྕོགས་མེད་པ། དྷྱཱ་ནཱནྟ་རམ྄། བསམ་གཏན་གྱི་ཁྱད་པར་ཅན། སཱ་མནྟ་ཀཾ་ཉེར་བསྡོགས། མཽ་ལཾ། དངོས་གཞི། ཨཱ་སྥ་ར་ཎ་ཀ་ས་མཱདྷིཿ མཁའ་ཁྱབ་ཀྱི་ཏིང་ངེ་འཛིན། པྲ་ཏི་སཾ་ལ་ཡ་ནཿ ནང་དུ་ཡང་དག་འཇོག ས་མཱ་ཏི་ཏཿ མཉམ་པར་བཞག ས་ཏ་ཏ་ས་མི་ཏ་ས་མཱ་ཧི་ཏ་ཙིཏྟཿ རྟག་པར་རྒྱུན་མི་འཆད་པར་སེམས་མཉམ་པར་བཞག་པ། གཟུགས་མེད་ཀྱི་སྙོམས་འཇུག་བཞིའི་མིང་། དེ་རྣམ་པ་ཐམས་ཅད་དུ་ག ཟུགས་ཀྱི་འདུ་ཤེས་རྣམས་ལས་འདས་ཐོག་པའི་འདུ་ཤེས་རྣམས་ནུབ། སྣ་ཚོགས་པའི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ཨཱ་ཀཱ་ཤཱ་ནནྟྱཱ་ཡ་ཏ་ནཿ ནམ་མཁའ་མཐའ་ཡས་སྐྱེ་མཆེད། དེ་ཉིད་རྫོགས་པར་བྱས་ཏེ་གནས་པའོ། །དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཀྱང་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་ནས། བི་ཛྙཱ་ནཱ་ནཏྟྱཱ་ཡ་ཏ་ནཿ རྣམ་ཤེས་མཐའ་ཡས་སྐྱེ་མཆེད། རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཀྱང་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་དུ། ཨཱ་ཀིཉྩི་ཏྱཱ་ཡ་ཏ་ནམ྄། ཅི་ཡང་མེད་པའི་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདས་ནས། ནཻ་བ་སཾ་ཛྙཱི་ནཱ་སཾ་ཛྙཱ་ཡ་ཏ་ནཿ འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་


MR26_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད། རྫོགས་པར་བྱས་ཏེ་གནས་སོ། །འདི་དག་གི་སྐབས་སུ་མདོ་ལས་གསུངས་པ་ལྟར་འདི་ཐམས་ཅད་སྐད་གཉིས་ཤན་སྦྱར་ཏེ་ཤེས་འདོད་ན་བྱེ་རྟོགས་སུ་བལྟ་བར་བྱ་སྟེ་རྒྱ་གར་གྱི་སྐད་མང་ན་ལས་དང་པོ་བ་མགོ་རྨོངས་པའི་ཕྱིར་འདིར་ཉུང་ངུར་བྱས་པའོ། །བྱུ་ཏ་ཀྲཱནྟ་ས་མཱ་པཏྟིཿ ཐོད་རྒལ་དུ་སྙོམས་པར་འཇུག་པ། བྱཱ་སྐནྡྷ་ཀ་ས་མཱ་བཏྟིཿ ཐོད་རྒལ་དུ་སྙོམས་པར་འཇུག་པ། མ་ཧཱ་བྷཱུ་ཏ་ས་མ་སཱ་དྷ་ནཱཾ། འབྱུང་བ་ཆེན་པོ་མཐུན་པར་སྒྲུབ་པ། ཞེས་སོ། །གཞན་ཡང་ལམ་གྱི་རྣམ་གྲངས། ཨ་ནུ་ལོ་མི་ཀཱི་ཀྵཱནྟིཿ རྗེས་སུ་མཐུན་པའི་བཟོད་པ། པྲྀཥྛ་ལབྡྷཿ རྗེས་ལ་ཐོབ་པ། ཨ་བ་ཧཱ་ཧྱཿ ཞུགས་ནས་སམ་རྟོགས་ནས། ཨ་ནནྟཪྻ་མཱནཿ བར་ཆད་མེད་པའི་ལམ། བི་མུཀྟི་མཱརྒཿ རྣམ་པར་གྲོལ་བའི་ལམ། ཞེས་དང་། དུཿཁཱ་པྲ་ཏི་པ་དྭནྡྷཱ་བྷི་ཛྙཱ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ། དུ་ཁ་པྲ་ཏི་པཀྵ་ཏི་པྲཱ་བྷི་ཛྙཱ། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ། སུ་ཁཱ་པྲ་ཏི་བ་དྭ་ནྭཱ་བྷི་ཛྙཱ། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ། སུ་ཁ་པྲ་ཏི་ཏྐཥ་པྲཱ་བྷི་ཛྙཱ། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ། ཞེས་སོ། །ལམ་གྱི་སྟོབས་ལས་ཐོབ་པ་ཤེས་བཅུའི་མིང་། དྷརྨྨ་ཛྙཱ་ནཾ། ཆོས་ཤེས་པ། པ་ར་ཙིཏྟ་ཛྙཱ་ན། ཕ་རོལ་གྱི་སེམས་ཤེས་པ། ཨ་ནཱ་ཡ་ཛྙཱ་ནཾ། རྗེས་སུ་རྟོགས་པར་ཤེས་པ། སཾ་པྲྀ་ཏི་ཛྙཱ་ནཾ། ཀུན་རྫོབ་ཤེས་པ། དུཿཁ་ཛྙཱ་ནཾ། སྡུག་བསྔལ་ཤེས་པ། ས་མུ་ད་ཡ་ཛྙཱ་ནཾ། ཀུན་འབྱུང་ཤེས་པ། ནི་རོ་དྷ་ཛྙཱུ་ནཾ། འགོག་པ་ཤེས་པ། མཱ་རྒ་ཛྙཱ་ནཾ། ལམ་ཤེས་པ། ཀྵ་ཡ་ཛྙཱ་ནཾ། ཟད་པ་ཤེས་པ། ཨ་ནུཏྤཱ་ད་ཛྙཱ་ནཾ། མི་སྐྱེ་བ་ཤེས་པ། ཞེས་སོ། །ཨ་བྷི་ས་མ་ཡཱནྟི་ཀཾ་ཀུ་ཤ་ལ་མཱུ་ལཾ། མངོན་པར་རྟོག་པའི་མཇུག་ལ་འབྱུང་བའི་དགེ་བའི་རྩ་བ། ཀྵ་ཡ་ཛྙཱ་ནཾ་ལཱ་བྷི་ཀཾ་ཀུ་ཤ་ལ་མཱུ་ལཾ། ཟད་པ་ཤེས་པས་ཐོབ་པའི་དགེ་བའི་རྩ་བ་ཞེས་སོ། །འདུ་ཤེས་དགུའི་མིང་། བི་ནཱི་ལ་ཀ་སཾ་


MR26_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙཱཿ རྣམ་པ་བསྔོས་པའི་འདུ་ཤེས། བི་པཱུ་ཏི་ཀ་སཾ་ཛྙཱ། རྣམ་པར་གནག་པའི་འདུ་ཤེས། བི་པ་དུ་མ་ཀ་སཾ་ཛྙཱ། རྣམ་པར་འབུས་གཞིག་པའི་འདུ་ཤེས། བྱཱ་དྷྨཱ་ཏ་ཀ་སཾ་ཛྙཱ། རྣམ་པར་བམ་པའི་འདུ་ཤེས། བི་ལོ་ཧི་ཏ་སཾ་ཛྙཱ། རྣམ་པ་དམར་བའི་འདུ་ཤེས། བཻ་ཁཱ་དི་ཏ་ཀ་སཾ་ཛྙཱ། རྣམ་བར་ཟོས་པའི་འདུ་ཤེས། བིཀྵི་པྟ་ཀ་སཾ་ཛྙཱ། རྣམ་པར་འཐོར་བའི་འདུ་ཤེས། བི་དགྡྷ་ཀ་སཾ་ཛྙཱ། རྣམ་པར་ཚིག་པའི་འདུ་ཤེས། ཨསྡྱི་སཾ་ཛྙཱ། རུས་གོང་གི་འདུ་ཤེས། དབུགས་འབྱུང་རྔུབ་དྲན་པའི་མིང་། ཨཱ་ནཱ་པཱ་ན་སྨྲྀ་ཏིཿ དབུགས་རྔུབ་པ་དང་འབྱུང་བ་དྲན་པ། ག་ཎ་ནཱ། བགྲང་བ། ཨ་ནུ་ག་མཿ ནང་དུ་ཞུགས་པ། སྠཱ་ན། གནས་པ། ཨུ་བ་ལཀྵ་ཎཱུ། ཉེ་བར་མཚོན་པ། བི་བརྟྟ་ནཱཿ སྒྱུར་བ། པ་རི་ཤུདྦྷི། ཡོངས་སུ་དག་པ། ཞེས་སོ། །དེ་ཡང་མདོ་ལས་དབུགས་ཐུང་ངུ་རྔུབ་ན་ཡང་ཐུང་ངུ་རྔུབས་སོ་སྙམ་དུ་ཡང་དག་པར་ཇི་བཞིན་རབ་ཏུ་ཤེས་སོ། །དེ་བཞིན་རིང་སོགས་རྔུབ་པ་དང་ཕྱུང་བ་དང་། ལུས་དང་སེམས་ཀྱི་འདུ་བྱེད་མྱོང་ཞིང་དབུགས་འབྱིན་རྔུབ་སོགས་ལ་སྦྱར་ཏེ་རྒྱས་པར་གསུང་པའི་སྐད་དོད་བྱེ་རྟོགས་སུ་བལྟ་བར་བྱའོ། །ཙིཏྟ་ཙ་རི་ཏཾ་བི་ཤོ་དྷ་ནཿ སེམས་ཀྱི་སྤྱོད་པ་རྣམ་པ་སྦྱོར་བ། ཨཱ་ཧཱ་རེ་པྲ་ཏི་ཀཱུ་ལ་སཾ་ཛྙཱ། ཟས་ལ་མི་འཕྲོད་པའི་འདུ་ཤེས། སརྦ་ལོ་ཀེ་ཨ་ན་བྷི་ར་ཏི་སཾ་ཛྙཱ། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས། ཆོས་འདི་དག་ཐམས་ཅད་བདེན་པར་གྲུབ་པ་མེད་པའི་ཕྱིར་ཨུ་ད་ཧ་ར་ཎཾ། དཔེར་བརྗོད། པྲ་ཏྱུ་དཱ་ཧཱ་ར་ཎཾ། སོ་སོའི་དཔེར་བརྗོད་པ། དྲྀཥྚཱནྟཿ དཔེ། ཨུ་བ་མཱ། དཔེའི་ཉེ་བར་འཇལ་བ།ཏདྱ་ཐཱ། འདི་ལྟ་སྟེ། མཱ་ལཱ། སྒྱུ་མ། ནིརྨཾ་ཏཿ སྤྲུལ་པ། ཨུ་ད་ཀ་ཙནྡྲ། ཆུ་ཟླ། ཨཀྵི་པུ་རུ་ཥཿ མིག་གི་སྐྱེས་བུ་སྟེ་མིག་སྔར་སྣང་ཙམ་ལས་དོན་དུ་མེད་པ་གསལ་སྣང་མིག་ཡོར་སོགས་ཡིན་ནམ་སྙམ། མ་རཱི་ཙེ། སྨིག་རྒྱུ། མྲྀ་ག་ཏྲྀཥྞི་ཀཱ། མ་རཱི་ཙེ་དང་མ་འདོམ་ན་སྨིག་རྒྱུ་རང་དུ་བསྒྱུར།


MR26_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་ན་རི་དྭགས་བསྐོམ་མམ་རི་དྭགས་སྲེད་ཅེས་སོ། །མ་རུ་མ་རཱི་ཙི་ཀཱ། མྱ་ངན་སྨིག་རྒྱུ། གནྡྷ་རྦྦ་ན་ག་རཾ། དྲི་ཟའི་གྲོང་ཁྱེར། པྲ་ཏིའི་སྤཾ། གཟུགས་བརྙན། པྲ་ཏི་བྷཱ་སཿ མིག་ཡོར། སྲཔྣ་མྲ། པྲ་ཏི་ཤྲུ་ཏྐཱ། བྲག་ཅ། པྲ་ཏི་ཤབྡཿ བྲག་ཅའི་མིང་སྟེ་སྔ་མ་དང་འདོམ་ན་སྒྲ་བརྙན་དུ་གདགས། བུདྦུ་དཿ ཆུའི་ཆུ་བུར། ཀད་ལཱི་སྐནྡྷཿ ཆུ་ཤིང་གི་ཕུང་པོ། ཨ་བ་ཤྱཱ་ཡ་བིནྡུཿ ཟིལ་པའི་ཐིགས་པ། ཨིནྡྲ་ཛཱ་ལཾ། མིག་འཕྲུལ། བནྡྷ་པུ་ཏྲཿ མོ་གཤམ་གྱི་བུ། ཁ་པུཥྤཾ། ནམ་མཁའི་མེ་ཏོག །རིཀྟྲ་མུཥྚིཿ ཆང་བ་སྟོང་པ། ཨ་ལཱ་ཏ་ཙཀྲཾ། མགལ་མེའི་འཁོར་ལོ། ཨརྷ་ཊ་གྷ་ཊི་ཙཀྲཾ། ཟོ་ཆུན་རྒྱུན་པའི་འཁོར་ལོ། ཁེ་ཊ་པིཎྚཿ མཆིལ་མའི་ཐལ་བ། མཆིལ་མའི་ཐལ་བ་ཞེས་པ་རྒྱ་འགྲེལ་འགའ་ལས་བད་ཀན་གྱི་གོང་བུ་ཞེས་ཀྱང་བཤད། མཆིལ་མའི་ཟེག་མ་ཞེས་ཀྱང་བཤད་དོ། །ཕ་ན་པིཎྚཿ ཝུ་བ་རྡོས་པ། ཀ་ཤོཎྚ་ཀཾ སྐྲ་ཤད་འཛིངས་པ། ན་ཊ་རངྒཿ གར་གྱི་ལྟད་མོ་པ། ཏུ་ལ་པི་ཙུཿ ཤིང་བལ་གྱི་འདབ་མ། དེ་ལ་སོགས་པ་བཞིན་དུ་ཤེས་པས་བྱ་བ་དང་། གོང་དུ་བཤད་པ་ལྟར་སྙིང་པོ་མེད་པ། བྱིས་པ་འབྲིད་པ་ལ་སོགས་པའི་རང་བཞིན་དུ་ཤེས་ནས་དེ་ལྟ་བུའི་འདུ་ཤེས་སུ་བྱའོ། །དེ་ལྟར། ཙཏྭཱཪྻཱཪྻ་ས་ཏྱཱ་ནི། འཕགས་པའི་བདེན་པ་བཞི། ཅི་རིགས་བཤད་ནས་བདེན་བཞིའི་རྣམ་པ་བཅུ་དྲུག་གི་མིང་། དུཿཁཾ། སྡུག་བསྔལ་བ། ཨ་ནི་ཏྱཾ། མི་རྟག་པ། ཤཱུ་ནྱཱཾ། སྟོང་པ། ཨ་ནཱཏྨ་ཀཾ བདག་མེད་པ། ས་མུ་ད་ཡཿ ཀུན་འབྱུང་བ། པྲ་བྷ་བཿ རབ་ཏུ་སྐྱེ་བ། ཧེ་ཏུཿ རྒྱུ། པྲ་ཏྱ་ཡཿ རྐྱེན། ནི་རོ་དྷཿ འགོག་པ། ཤཱནྟཿ ཞི་བ། པྲ་ཎཱི་ཏཿ གྱ་ནོམ་པ། ནིཿས་ར་ཎཾ། ངེས་པར་འབྱུང་བ། མཱརྒཿ ལམ། ནྱཱ་ཡཿ རིགས་པ། པྲ་ཏི་པཏྟིཿ སྒྲུབ་པ། ནཻཪྻཱ་ཎི་ཀཿ ངེས་པར་འབྱིན་པ། ཞེས་སོ། ༈ །མཁས་བྱའི་གནས་དགུ་པ་ཐེག་པའི་མིང་གི་རྣམ་གྲངས་ལས། དང་པོ་རིགས་ཀྱི་


MR26_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ལ། གོ་ཏཿ རིགས། དེ་ལ་གནས་སྐབས་སུ། ཤྲཱ་བ་ཀ་ཡཱ་ནཱ་བྷི་ས་མ་ཡ་གོ་ཏཿ ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས། པྲཏྱེ་ཀ་བུདྡྷ་ཡཱ་ནཱ་བྷ་ས་མ་ཡ་གོ་ཏཿ རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས། ཏ་ཐཱ་ག་ཏ་ཡཱ་ནཱ་བྷི་ས་མ་ཡ་གོ་ཏཿ དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས། ཨ་ནི་ཡ་ཏ་གོ་ཏྲཿ མ་ངེས་པའི་རིགས་ཏེ་ཐེག་གསུམ་གང་ལའང་འཇུག་རུང་བ། ཨ་གོ་ཏྲ་ཀཿ རིགས་མེད་པ་སྟེ་གནས་སྐབས་སུ་ཐེག་པ་གསུམ་གྱི་འབྲས་བུ་གང་ཡང་མི་ཐོབ་པའོ། །མཐར་ཐུག་གམ་གནས་ལུགས་ཀྱི་དབང་དུ་བྱས་ན་སེམས་ཅན་ཐམས་ཅད། སུ་ག་ཏ་གརྦྷཿ བདེ་གཤེགས་སྙིང་པོ་ཅན་ནོ། །ཐེག་པའི་རྣམ་གྲངས་ལ། ཡ་ནམ྄། ཐེག་པ། དེ་ལ། དེ་བ་མ་ནུ་ཥེ་ཡཱ་ནམ྄། ལྷ་མིའི་ཐེག་པ། པྲཧྨ་ཡཱ་ནམ྄། ཚངས་པའི་ཐེག་པ་སྟེ་འཇིག་རྟེན་པའི་ཐེག་པ་གཉིས་དང་། འཇིག་རྟེན་ལས་འདས་པའི་འབྲས་བུ་སྒྲུབ་བྱེད་རྣམ་གྲོལ་གྱི་ལམ་ལ། ཤྲཱ་བ་ཀ་ཡཱ་ནམ྄། ཉན་ཐོས་ཀྱི་ཐེག་པ། པྲ་ཏྱེ་ཀ་བུདྡྷ་ཡཱ་ནམ྄། རང་སངས་རྒྱས་ཀྱི་ཐེག་པ། དེ་གཉིས་ལ། ཧཱི་ན་ཡཱ་ནམ྄། ཐེག་པ་དམན་པ། པྲ་དེ་ཤི་ཀ་ཡཱ་ནམ྄། ཉི་ཚེ་བའི་ཐེག་པ་ཞེས་བྱ་བ། མཐར་ཐུག ཨེ་ཀ་ཡཱ་ནམ྄། ཐེག་པ་གཅིག་པ། མ་ཧཱ་ཡ་ནམ྄། ཐེག་པ་ཆེན་པོ། ཨ་ནུཏྟར་བུདྡྷ་ཡཱ་ནཾ། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ། །རིགས་ཀྱི་སྟོབས་ལས་ཐེག་པ་སོ་སོའི། དྷརྨཱ་དྷི་མོཀྵཿ ཆོས་ལ་མོས་པ་འབྱུང་ངོ་། །དེ་ནས་ལམ་སྒྲུབ་པ་ལྷ་མིའི་ཐེག་པ་དགེ་བཅུ་དང་། ཚངས་པའི་ཐེག་པ་བསམ་གཟུགས་སྒྲུབ་པ་སོགས་ཀྱི་མིང་གོང་དུ་སོང་། ཉན་རང་གི་ཐེག་པ་ལ། ཨལྤེ་ཙྪ། འདོད་པ་ཆུང་བ། སནྟུཥྚཿ ཆོག་ཤེས་པ། ཨ་ལོ་བྷཿ མ་ཆགས་པ། ཨཱཪྱ་པ་ཤེ འཕགས་པའི་རིགས། དེ་ལྟ་བུ་དང་ལྡན་པའི་གང་ཟག་དེས། ཉན་ཐོས་ཀྱི་ལམ་ལ་གང་ཟག་གི་བདག་མེད་གཙོར་གྱུར་བདེན་པ་བཞི་ཡི་དོན་ཚུལ་


MR26_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསླབ་པས་འབྲས་བུ། ཤྲོ་ཏ་ཨཱ་པཏྟི་པྲ་ཏི་པནྣ་ཀཿ རྒྱུན་དུ་ཞུགས་པ་ལ་འཇུག་པ། ཤོ་ཏ་ཨཱ་པནྣཿ རྒྱུན་དུ་བཞུགས་པ། ས་ཀྲྀ་དཱ་གཱ་མི་པྲ་ཏི་པནྣ་ཀཿ ལན་གཅིག་ཕྱིར་འོང་བ་ལ་འཇུག་པ། ས་ཀྲྀ་དཱ་གཱ་མཱི། ལན་གཅིག་ཕྱིར་འོང་བ། ཨ་ནཱ་གཱ་མི་པྲ་ཏི་པནྣ་ཀཿ ཕྱིར་མི་འོང་བ་ལ་འཇུག་པ། ཨ་ནཱ་གཱ་མཱི། ཕྱིར་མི་འོང་བ། ཨརྷ་པྲཏ་ཏི་པནྣ་ཀཿ དགྲ་བཅོམ་པ་ལ་འཇུག་པ། ཨརྷ་ན། དགྲ་བཅོམ་པ་ཞེས་སོ། །དེ་དག་གི་ཁྱད་པར་གཞན་ཡང་། ཤྲོ་ཏཱ་པནྣཿ རྒྱུན་དུ་ཞུགས་པ་དེ་ལ། སཔྟ་ཀྲིཏྦྷ་བ་པ་ར་མཿ རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ། ཀུ་ལཾ་ཀུ་ལཿ རིགས་ནས་རིགས་སུ་སྐྱེ་བ། ས་ཀྲྀ་དཱ་གཱ་མི། ལན་གཅིག་ཕྱིར་འོང་། ཨེ་ཀ་བཱི་ཙི་ཀཿ བར་ཆད་གཅིག་པ། ཨ་ནཱ་གཱ་མཱི། ཕྱིར་མི་འོང་བ། ཨནྟ་ར་པ་རི་ནི་རྦཱ་ཡཱི། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ། ཨུ་པ་པ་དྱ་པ་རི་ནི་ནཱ་ཡཱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ། སཱ་བྷི་སཾ་སྐཱ་ར་རི་ནི་རྦཱ་ཡཱི། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ། ཨ་ན་བྷི་སཾ་སྐཱ་པ་རི་ནི་རྦཱ་ཡཱི། མངོན་པར་འདུ་བྱེད་པ་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བ། ཨཱུརྡྷ་ཤྲོ་ཏཱ། གོང་དུ་འཕོ་བ། ཀཱ་ཡ་སཱཀྵཱི། ལུས་ཀྱི་མངོན་སུམ་བྱེད་པ། ཤྲཱདྡྷཱ་ནུ་སཱ་རཱི། དད་པས་རྗེས་སུ་འབྲང་པ། དྷརྨྨཱ་ནུ་སཱ་རཱི། ཆོས་ཀྱི་རྗེས་སུ་འབྲང་བ། ཤྲདྡྷཱ་དྷི་མུཀྟཿ དད་པས་མོས་པ། དྲྀཥྚི་པྲཱཔྟཿ མཐོང་བས་ཐོབ་པ། ས་མ་ཡ་བི་མུཀྟཿ དུས་ཀྱི་རྣམ་པར་གྲོལ་བ། ཨ་ས་མ་ཡ་བི་མུཀྟཿ དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ། པྲ་ཛྙཱ་བི་མུཀྟཿ ཤེས་རབ་ཀྱིས་རྣམ་པར་གྲོལ་བ། ཨུ་བྷ་ཡ་ཏོ་བྷཱ་ག་བི་མུཀྟཿ གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ། ཞེས་སོ། །ཉན་ཐོས་ཀྱི་སའི་མིང་། གོ་ཏྲ་བྷཱུ་མིཿ རིགས་ཀྱི་ས། ཤུཀླ་བི་དརྴ་ན་བྷཱུ་མིཿ དཀར་པོ་རྣམ་པར་མཐོང་བའི་ས། ཨཥྚ་མ་ཀ་བྷཱུ་མི། བརྒྱད་པའི་ས། དརྴ་ན་བྷཱུ་མིཿ མཐོང་བའི་ས། ཏ་ནྡུ་བྷཱུ་


MR26_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མིཿ བསྲབས་པའི་ས། བི་ག་ཏ་རཱ་ག་བྷཱུ་མིཿ འདོད་ཆགས་དང་བྲལ་བའི་ས། ཀྲྀ་ཏཱ་བི་བྷཱུ་མིཿ བྱས་པ་རྟོགས་པའི་ས། ཞེས་སོ། །བདག་མེད་ཕྱེད་གཉིས་རྟོགས་པ་རང་རྒྱལ་ལམ་གྱི་འབྲས་བུ། པྲ་ཏེ་ཀཱ་བུདྡྷརྷན྄། རང་རྒྱལ་དགྲ་བཅོམ་དེ་ལ། ཁངྒ་བིཥྛ་ཎ་ཀལྤཿ བསེ་རུ་ལྟ་བུ། བརྒྒ་ཙཱ་རཱི། ཚོགས་དང་སྤྱོད་པ་གཉིས་སོ། །པྲ་ཏྱེ་ཀ་བུདྡྷ་བྷཱུ་མིཿ རང་སངས་ཀྱི་ས་ཞེས་སོ། ༈ །ཐེག་པ་ཆེན་པོའི་ལམ་འབྲས་བཤད་པ་ལས་དང་པོ་ལམ་བཤད་པ། བླ་ན་མེད་པའི་བྱང་ཆུབ་ལ། ཙྪནྡཿ འདུན་པ། འདུན་པ་དེས། མ་ཧཱ་བོ་དྷི་ཙིཏྟ་ཛཱ་ན་ཡ་ཏིཿ བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ནི་དང་པོའོ། །ཨཱ་ཤ་ཡཿ བསམ་པ། ཕྲ་ཡོ་གཿ སྦྱོར་བ། ཨ་དྷྱཱ་ཤ་ལཿ ལྷག་པའི་བསམ་པ། པཱ་ར་མི་ཏཱ། ཕ་རོལ་ཏུ་ཕྱིན་པ། དེ་ལ་བཅུ་སྟེ། དཱ་ན་པཱ་ར་མི་ཏཱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཤཱི་ལ་པཱ་ར་མི་ཏཱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཀྵཱནྟི་པཱ་ར་མི་ཏཱ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བཱིཪྻ་པཱ་ར་མི་ཏཱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། དྷྱཱ་ན་པཱ་ར་མི་ཏཱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། པྲ་ཛྙཱ་པཱ་ར་མི་ཏཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཨུ་པཱ་ཡ་པཱ་ར་མི་ཏཱ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ། པྲ་ཎི་དྷཱ་ན་པཱ་ར་མི་ཏཱ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། བ་ལ་པཱ་ར་མི་ཏཱ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཛྙཱ་ན་པཱ་ར་མི་ཏཱ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ། སཾ་ག་ཧ་བསྟུཿ བསྡུ་བའི་དངོས་པོ། དེ་ལ་བཞི་སྟེ། དཱ་ནཾ། སྦྱིན་པ། པྲི་ཡ་གཱ་དི་ཏཱ། སྙན་པར་སྨྲ་བ། ཨརྠ་ཙཪྻ། དོན་སྤྱོད་པ། ས་མཱ་ནཱརྠ། དོན་མཐུན་པ། ཨ་པྲ་མཱ་ཎ༔ ཚད་མེད་པ། དེ་ལ་བཞི་སྟེ། མཻ་ཏྲཱི། བྱམས་པ། ཀ་རུ་ཎཱ། སྙིང་རྗེ། མུ་དི་ཏཱ། དགའ་བ། ཨུ་པེ་ཀྵཱ། བཏང་སྙོམས། དེ་ཡང་བྱམས་པ་ལ་སོགས་པའི་སེམས་འཁོན་དང་འགྲན་ཟླ་གནོད་སེམས་མེད་པ་ཡང་བ་ཆེན་པོ་ཚད་མེད་པ་མི་གཉིས་པར། ཕྱོགས་ཐམས་ཅད་དུ། ཁྱབ་ཅིང་རྫོགས་


MR26_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་གནས་པའོ། །འདི་བཞི་ལ། ཙ་ཏུར་བྲ་ཧྨ་བི་ཧཱ་རཿ ཚངས་པའི་གནས་པ་བཞི་ཡང་ཟེར་ཏེ། ཨ་བྷི་ཛྙཱཿ མངོན་ཤེས། དེ་ལ་དྲུག་སྟེ། དི་བྱཾ་ཙཀྵུཿ ལྷའི་སྤྱན། དི་བྱཾ་ཤྲོ་ཏྲམ྄། ལྷའི་སྙན། ཙེ་ཏཿབཪྻཱ་ཡ་ཛྙཱ་ནཾ། སེམས་ཀྱི་རྣམ་གྲངས་ཤེས་པ། པཱུརྦ་ནི་བཱ་སཱ་ནུ་སྨྲྀ་ཏི་ཛྙཱ་ནམ྄། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ། རྀདྡྷི་བི་དྷི་ཛྙཱ་ནཾ། རྫུ་འཕྲུལ་གྱི་བྱ་བ་ཤེས་པ། །ཨཱ་སྲ་བཀྵ་ཡ་ཛྙཱ་ནཾ། ཟག་པ་ཟད་པ་ཤེས་པ། ཞེས་སོ། །སྔོན་གནས་རྗེས་དྲན་གྱི་སྐབས་སུ། སཱ་ཀཱ་རཾ། རྣམ་པ་དང་བཅས་པ། སོདྡེ་ཤཾ། ཡུལ་ཕྱོགས་དང་བཅས་པ། ས་ནི་དཱ་ནཾ། གཞི་ཅི་ལས་གྱུར་པ་དང་བཅས། པཱུརྦྦ་ནི་བཱ་ས་མ་ནུ་སྨ་ར་ཏིསྨ། སྔོན་གྱི་གནས་རྗེས་སུ་དྲན་པ། ཛཱ་ཏི་སྨ་རཿ ཚེ་རབས་དྲན་པ། ཨ་མུ་ཏྲཱ་ཧ་མཱ་ས་མཻ་བནྣཱ་མ། ཆེ་གེ་མོ་ཞིག་ན་བདག་མིང་འདི་ཞེས་བྱ་བར་འགྱུར། ཨེ་བཾ་ཛཱ་ཏིཿ རིགས་འདི་ཞེས་བྱ། ཨེ་བཾ་གོ་ཏྲཿ རུས་འདི་ཞེས་བྱ། ཨེ་བཾ་མཱ་ཧཱ་རཿ ཟས་འདི་ལྟ་བུ་ཞིག་ཟ། ཨེ་བཾ་སུ་ཁ་དུཿཁ་པྲ་ཏི་སཾ་ཐེ་དཱི། བདེ་བ་དང་སྡུག་བསྔལ་འདི་ལྟ་བུ་ཞིག་མྱོང་། ཨེ་བཾ་ཙོ་ར་སྡྱི་ཏི་ཀཿ ཡུན་འདི་སྲིད་ཅིག་གནས། ཨེ་བ་མཱ་ཡུཿཔཪྻནྟཿ ཚེ་ནི་འདི་ཙམ་ཞིག་ཐུབ། ཏ་ཏ་ཤྩྱུ་ཏཿ ཨ་མུ་ཏྲོ་པ་བནྣཿ དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས། ཏ་ཏ་ཤྩྱུ་ཏ་ཨི་ཧཱ་བྱུ་བ་པནྣཿ དེ་ནས་ཚེ་འཕོས་ནས་ཡང་འདིར་སྐྱེས་སོ། །རྫུ་འཕྲུལ་གྱི་སྐབས་སུ། ཡ་ཐཱ་ས་མཱ་ཧི་ཏེ་ཙིཏྟེ། ཇི་ལྟར་སེམས་མཉམ་པ་གཞག་པ་བཞིན་དུ། སྭ་ཡེ་ཨཱ་ས་ནེ་྅ནྟརྷིཏཿ བདག་གི་སྟན་གྱི་སྟེང་དུ་མི་སྣང་བར་འགྱུར། བི་ཧཱ་ཡ་སྱ་བྷྱུངྒ་མྱ། ནམ་མཁའ་ལ་མངོན་པར་འཕགས་ཏེ། ཙ་ཏུརྦི་དྷ་མཱིཪྻཱ་པ་ཐཾ་ཀལྤ་ཡ་ཏི། སྤྱོད་ལམ་རྣམ་པ་བཞི་བྱེད། ཨུ་པ་རི་མཿཀཱ་ཡཿཔྲ་ཛྭ་ལ་ཏི། ལུས་ཀྱི་སྟོད་ནས་མེ་འབར། ཨ་དྷཿཀཱ་ཡཱ་ཏྲ་ཤཱི་ཏ་ལཱ་པཱ་རི་དྷཱ་རཱཿསྱནྡནྟེ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་


MR26_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འབབ། ཨ་ནེ་ཀ་བེ་དྷ་མྲྀ དྡྷི་བི་ཥ་ཡཾ་པྲ་ཏྱ་ནུབྷ་བ་ཏི། རྫུ་འཕྲུལ་གྱི་ཡུལ་རྣམ་པ་མང་པོ་མྱོང་བར་བྱེད་པ་ཡིན། ཨེ་ཀོ་བྷཱུ་ཏྭཱ་བ་ཧུ་དྷཱ་བྷ་བ་ཏི། གཅིག་ཏུ་གྱུར་ནས་མང་པོར་འགྱུར། བ་ཧུ་དྷཱ་བྷཱུ་ཏྭཱ་ཨེ་ཀོ་བྷ་བ་ཏི། མང་པོར་གྱུར་ནས་གཅིག་ཏུ་འགྱུར། བྱུ་ཏིརྦྷ་བ་ཏི་ཏི་རོ་དྷཱ་ན་མ་བི་པྲ་ཏྱ་ནུ་པྲ་བྷ་བ་ཏི། སྣང་བར་འགྱུར་ཞིང་མི་སྣང་བར་ཡང་འགྱུརཿ ཏི་ར་ཀུ་ཊྱཾ། རྩིག་པ་ལ་ཡང་ཐད་ཀར་འགྲོ། ཏི་རཿཔྲཱ་ཀཱ་རཾ། ར་བ་ལ་ཡང་ཐད་ཀར་འགྲོ། པརྦ་ཏ་མ་པྱ་སངྒ་མ་ནོ་གཙྪ་ཏི། རི་ལ་ཡང་མི་ཐོགས་པར་འགྲོ། ཨཱ་ཀཱ་ཤཾ་བི་ཀྲ་མ་ཏེ། ནམ་མཁའ་ལ་ཡང་འགྲོ་སྟེ། ཏདྱ་ཐཱ་པཀྵཱི་ཤ་ཀུ་ནི། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །པྲྀ་ཐི་བྱཱ་མུབྡ་ཛ་ཛྭ་ནི་ནཾ་ཀ་རོ་ཏི། ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དེ། ཏདྱ་ཐཱ་པི་ནཱ་མོ་ད་ཀེ དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། ཨུ་ད་ཀེ་ནྱ་བྷི་ཏྱ་མཱ་ནོ་གཙྪ་ཏི། ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། ཏདྱ་ཐཱ་བི། ནཱ་མ་མ་ཧཱ་པྲྀ་ཐི་བྱཱཾ། དཔེར་ན་ས་ཆེན་པོ་ལ་བྱ་བ་བཞིན་ནོ། །དྷཱུ་མཱ་ཡ་ཏྱ་པི་པྲ་ཛྭ་ལ་ཏྱ། དུ་བ་འཐུལ་བར་ཡང་བྱེད་འབར་བ་ཡང་བྱེད་དེ། བི་ནཱ་མ་མ་ཧཱ་ཨགྣི་སྐནྡྷཿ དཔེར་ན་མེའི་ཕུང་པོ་བཞིན་ནོ། །སྭ་ཀཱ་ཡཱ་ད་པི་མ་ཧཱ་བ་རི་དྷཱ་རཱ་ཨུཏྨྀ་ཛ་ཏི། བདག་གི་ལུས་ལས་ཀྱང་ཆུའི་རྒྱུན་ཆེན་པོ་འབྱིན་ཏེ། ཏཏྱ་ཐཱ་བི་ནཱ་མ་མ་ཧཱ་མེ་གྷཿ དཔེར་ན་སྤྲིན་ཆེན་པོ་བཞིན་ནོ། །ཡཱ་བྷིརྦཱ་རི་དྷཱ་རཱ་བྷི་ར་ཡཾ། ཆུའི་རྒྱུན་དེ་དག་གི ཏྲི་སཱ་ཧ་སྲ་མ་ཧཱ་སཱ་ཧ་སྲོ་ལོ་ཀ་དྷཱ་ཏུ་རཱ་དཱིཔྟཿཔྲ་དཱིཔྟཿ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲེག་ཅིང་ཚིག་སྟེ། སམྤྲ་ཛྭ་ལི་ཏོ྅གྣི་ནཱ་ཨེ་ཀ་ཛྭ་ལི་བྷཱུ་ཏོ་ནིརྦཱ་བྱ་ཏེ། མེས་རབ་ཏུ་འབར་ཞིང་འབར་བ་གཅིག་ཏུ་གྱུར་པ་ཞི་བར་བྱེད་དོ། །ཨི་མཱ་བ་པི་ཙནྡྲ་སཱུཪྻ་ཨེ་བཾ་མ་ཧཱ་ཀ ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། ཨེ་བཾ་མ་ཧཱ་ནུ་བྷ་བཽ། འདི་ལྟར་མཐུ་ཆེ་བ། ཨེ་བཾ་མ་ཧོ་ཛ་སྐཽ། འདི་ལྟར་གཟི་བརྗིད་ཆེ་བ་ལའང་། པཱ་ཎི་ནཱ་བ་རཱ་ནྲྀ་ཤ་ཏི་པ་རི་མརྫ་ཡ་ཏི། ལག་པས་འཛིན་


MR26_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཀུན་ཏུ་ཉུག་པར་བྱེད་དོ། །ཡཱ་བདྦྲཧྨ་ལོ་ཀཱ་ད་པི། ཚངས་པའི་འཇིག་རྟེན་གྱི་བར་དུ། ས་ཏྭཱཾ་ཀཱ་ཡེ་ན་བ་ཤེ་བརྟྟ་ཡ་ཏི། སེམས་ཅན་རྣམས་ལ་ལུས་ཀྱིས་དབང་བསྒྱུར་རོ། །ཞེས་སོ། །ཆོ་འཕྲུལ་གསུམ་ནི། རྀདྡྷི་པྲཱ་ཏི་ཧཱཪྻཾ། རྫུ་འཕྲུལ་གྱི་ཆོ་འཕྲུལ། ཨཱ་དེ་ཤ་ན་པྲཱ་ཏི་ཧཱརླཾ། ཀུན་བརྗོད་པའི་ཆོ་འཕྲུལ། ཨ་ནུ་ཤཱ་ས་ནཱི་པྲཱ་ཏི་ཧཱཪྻཾ། རྗེས་སུ་བསྟན་པའི་ཆོ་འཕྲུལ། ཞེས་སོ། །པྲ་ཏི་སམྦིཏ། སོ་སོ་ཡང་དག་པར་རིག་པ། དེ་ལ་བཞི་སྟེ། དྷརྨྨ་པྲ་ཏི་སམྦི་ཏཿ ཆོས་སོ་སོ་ཡང་དག་པར་རིག་པ། ཨརྠ་པྲ་ཏི་སཾ་བི་ཏ། དོན་སོ་སོ་ཡང་དག་པར་རིག་པ། ནི་རུཀྟི་པྲ་ཏི་སམྦི་ཏ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། པྲ་ཏི་བྷཱ་ན་པྲ་ཏི་སམྦི་ཏ། སྤོབས་པ་སོ་སོ་ཡང་དག་པར་རིག་པ། པྲ་ཏི་ས་ར་ཎི་ན། རྟོན་པ། དེ་ལ་བཞི་སྟེ། ཨརྠ་པྲ་ཏི་ས་ར་ཎེ་ན་བྷ་བི་ཏ་བྱཾ་ན་བྱཉྫ་ན་པྲ་ཏི་ས་ར་ཎེ་ན། དོན་ལ་རྟོན་པ་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱ། དྷརྨ་པྲ་ཏི་ས་ར་ཎེ་ཎ་བྷ་བི་ཏ་བྱཾ་ན་པུངྒ་ལ་པྲ་ཏི་ས་ར་ཎེ་ཎ། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པར་མི་བྱ། ཛྙཱ་ན་པྲ་ཏི་ས་ར་ཎེ་ན་བྷ་བི་ཏ་བྱཾ་ན་བིཛྙཱ་ན་པྲ་ཏི་ས་ར་ཎེ་ན། ཡེ་ཤེས་ལ་རྟོན་པར་བྱའི་རྣམ་ཤེས་ལ་རྟོན་པར་མི་བྱ། ནཱི་ཏཱརྠཱ་སཱུ་ཏྲཾ་པྲ་ཏི་ས་ར་ཎེ་ན་བྷ་བི་ཏ་བྷྱནྣ་ནེ་ཡཱརྠ་སཱུ་ཏྲ་པྲ་ཏི་ས་ར་ཎེ་ན། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པར་བྱའི་དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱ། སཾ་བྷཱ་རཿ ཚོགས། དེ་ལ་གཉིས་སྟེ། པུཎྱ་སཾ་བྷཱ་རཿ བསོད་ནམས་ཀྱི་ཚོགས། ཛྙཱ་ན་སཾ་བྷཱ་རཿ ཡེ་ཤེས་ཀྱི་ཚོགས། བོ་དྷི་པཀྵྱཱ་ནུ་གུ་ཎྱཾ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ། དེ་ལ་སུམ་ཅུ་རྩ་བདུན་ཏེ། སྨྲྀ་ཏྱུ་པ་སྠཱ་ནཾ། དྲན་པ་ཉེ་བར་བཞག་པ། དེ་ལ་བཞི་སྟེ། ཀཱ་ཡ་སྨྲྀ་ཏྱུ་པ་སྠཱ་ནཾ། ལུས་དྲན་པ་ཉེ་བར་བཞག་པ། དེ་བཞིན་དྲན་པ་ཉེར་བཞག་གི་སྐད་དོད་ཞབས་སུ་སྦྱར་ཏེ། བེ་ད་ན། ཚོར་བ། ཙིཏྟ། སེམས། དྷརྨ། ཆོས་དྲན་པ་ཉེར་བར་བཞག་པ།


MR26_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སམྱ་ཀྤྲ་ཧཱ་ཎཿ ཡང་དག་པ་སྤོང་བ། དེ་ལ་བཞི། ཨ་ནུཏྤནྣཱ་ནཱཾ་པཱ་པ་ཀཱ་ནཱ་མ་ཀུ་ཤ་ལཱ་ནནྡྷརྨྨཱ་ཎ་མ་ནུཏྤཱ་དཱ་ཡ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར། ཙྪ་ནྡཾ་ཛཱ་ན་ཡ་ཏི། འདུན་པ་བསྐྱེད་དོ། །བྱ་ཡ་ཙ་ཏེ། འབད་དོ། །བཱིཪྻ་མཱ་ར་བྷ་ཏེ། བརྩོན་འགྲུས་རྩམ་མོ། །ཙིཏྟཾ་བྲ་གྲྀ་ཧྞཱ་ཏི། སེམས་རབ་ཏུ་འཛིན་ཏོ། །སམྱ་ཀྤྲ་ད་དྷཱ་ཏི། ཡང་དག་པར་རབ་ཏུ་འཇོག་གོ། དེ་བཞིན་དུ་འདུན་པ་བསྐྱེད་དོ། །མན་ཆད་འཇུག་ཏུ་འོག་མ་གསུམ་ཀར་སྦྱར་ཏེ། ཨུཏྤནྣཱ་ནཱ་མྤཱ་པ་ཀཱ་ནཱ་མ་ཀུ་ཤཱ་ལ་ནཱཾ་དྷརྨཱ་ཎཱཾ་པྲ་ཧཱ་ཎཱ་ཡ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར། འདུན་པ་བསྐྱེད་སོགས་གོང་བཞིན། ཨ་ནུཏྤནྣཱ་ནཾ་ཀུ་ཤ་ལཱ་ནཱནྡྷརྨྨཱ་ཎཱ་མུཏྤ་ད་ཡ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད་སོགས་སྦྱར། ཨུཏྤནྣཱ་ནཱ་མུ་ཀུ་ཤ་ལཱ་ནཱནྡྷ རྨཱ་ཎཱཾ། དགེ་བའི་ཆོས་སྐྱེས་པ་རྣམས། སྡྱི་ཏཱ་ཡ། གནས་པ་དང་། བྷཱུ་ཡོ་བྷཱ་བ་ཏཱ་ཡཻ།ཕྱིར་ཞིང་འབྱུང་བ་དང་། ཨ་སཾ་བྲ་མོ་ཥཱ་ཡ། ཉམས་པར་མི་འགྱུར་བ་དང་། པ་རི་པཱུ་རེ་ཡེ། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འདུན་པ་བསྐྱེད་དོ་སོགས་གོང་བཞིན་ནོ། །རྀ དྡྷི་པཱ་དཿ རྫུ་འཕྲུལ་རྐང་པ། དེ་ལ་བཞི་སྟེ། ཙྪནྡ་ས་མཱ་དྷི། འདུན་པའི་ཏིང་ངེ་འཛིན། པྲ་ཧཱ་ཎ་སཾསྐཱ་ར། སྤོང་བའི་འདུ་བྱེད་དང་། ས་མ་ནྭ་ག་ཏོ་རྀདྡྷི་པཱ་དཿ ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དེ་བཞིན་སྤོང་བའི་འདུ་བྱེད་དང་ལྡན་པ་མན་ཆད་དེ་ཁོ་ན་ལྟར་སྦྱར་ཏེ། ཙིཏྟ་ས་མཱ་དྷི། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་སོགས། བཱིཪྻ་ས་མཱ་དྷི། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན། མཱི་མཱཾ་ས་ས་མཱ་དྷི། དཔྱོད་པའི་ཏིང་ངེ་འཛིན། སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། ཨ་ནུ་པ་ལཾ་བྷ་ཡོ་གེ་ན་བྷཱ་བ་ཏི། མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །ཞེས་པ་དངོས་པོར་མ་ཞེན་པའི་ཐེག་པ་ཆེན་པོའི་ལམ་གྱི་རང་བཞིན་དུ་བསྟན། དེ་དག་གི་དམིགས་པ་བདེན་པ་བཞི་སྟེ། བི་བེ་ག་ནི་ཤྲི་ཏཾ། དབེན་པ་ལ་གནས་པ། བི་རཱ་ག་ནི་


MR26_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲི་ཏཾ། འདོད་ཆགས་དང་བྲལ་བ་ལ་གནས་པ། ནི་རོ་དྷ་ནི་ཤྲི་ཏཾ། འགོག་པ་ལ་གནས་པ། བྱ་བ་སརྒ་པ་རི་ཎ་ཏཾ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་སོ། །ཨིནྟྲི་ཡཾ། དབང་པོ། དེ་ལ་ལྔ་སྟེ། ཤྲདྡྷེནྤྲི་ཡཾ། དད་པའི་དབང་པོ། བཱིཪྻཱི་ནྡྲི་ཡཾ། བརྩོན་འགྲུས་ཀྱི་དབང་པོ། སྨྲྀ་ཏཱིནྡྲི་ཡཾ། དྲན་པའི་དབང་པོ། ས་མཱ་དྷཱིནྡྲི་ཡཾ། ཏིང་ངེ་འཛིན་གྱི་དབང་པོ། པྲ་ཛྙེནྡྲི་ཡཾ། ཤེས་རབ་ཀྱི་དབང་པོ། བ་ལཾ། སྟོབས། དེ་ལ་ལྔ་སྟེ། ཤྲདྡྷཱ་བ་ལཾ། དད་པའི་སྟོབས། བཱིཪྻ་བ་ལཾ། བརྩོན་འགྲུས་ཀྱི་སྟོབས། སྨྲྀ་ཏི་བ་ལཾ། དྲན་པའི་སྟོབས། ས་མཱ་དྷི་བ་ལཾ། ཏིང་ངེ་འཛིན་གྱི་སྟོབས། པྲཛྙཱ་བ་ལཾ། ཤེས་རབ་ཀྱི་སྟོབས། སཾ་བོ་དྷྱཾ་ག ཡང་དག་བྱང་ཆུབ་ཡན་ལག དེ་ལ་བདུན་ཏེ། སྨྲྀ་ཏི་སཾ་བོ་དྷྱཾ་ག དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག དྷརྨ་པྲ་བི་ཙ་ཡ་སཾ་བོ་དྷྱཾ་ག ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཱིཪྻ་སཾ་བོ་དྷྱཾ་ག བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག པྲཱ ཏཾ་སཾ་བོདྷྱཾ་གཾ དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག པྲ་སྲ བྡྷི་སཾ་པོ་དྷྱཾ་གཾ ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ས་མཱ་དྷི་སཾ་བོ་དྷྱཾ་གཾ ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཨུ་བེ་ཀྵ་སཾ་བོདྷྱཾ་གཾ བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཨཱཪྱ་མཱརྒཱ་ཥྚཱངྒཿ འཕགས་པའི་ལམ་ཡན་ལག་བརྒྱད་པ། སཾ་མྱ་གྡྲྀཊྚིཿ ཡང་དག་པའི་ལྟ་བ། ས་མྱཀྶཾ་ཀལྤཿ ཡང་དག་པའི་རྟོག་པ། སམྱ་ཀྦཱ་ཀྲ། ཡང་དག་པའི་ངག སམྱ་ཀྐ་རྨཱནྟཿ ཡང་དག་པའི་ལས་ཀྱི་མཐའ། སམྱཀ་ཛཱི་བཿ ཡང་དག་པའི་འཚོ་བ། སམྱཀྶ་བྱཱ་ཡཱ་མཿ ཡང་དག་པའི་རྩོལ་བ། སམྱ་ཀ྄་སྨྲྀ་ཏིཿ ཡང་དག་པའི་དྲན་པ། སཾ་མྱ་ཀྲ་མཱ་དྷིཿ ཡང་དག་པའི་ཏིང་ངེ་འཛིན་ནོ། །ཤ་མ་ཐཿ ཞི་གནས། བི་པ་ཤྱ་ནཱ། ལྷག་མཐོང་། ཞི་ལྷག་དང་ལྡན་པའི་སྒོ་ནས་ཡང་དག་པའི་དོན་ལ་བློ་བཞག་པ་ལ། ཡོ་ག །རྣལ་འབྱོར།


MR26_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ནི་ཤོ་མ་ན་སྐ་རཿ ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་སོ། །དྷཱ་ར་ཎཱི། གཟུངས། པྲ་ཏི་བྷཱ་ནཿ སྤོབས་པ། དྷརྨྨ་ཙ་ཏུ་སམྦ་རཿ ཆོས་ཀྱི་སྡོམ་བཞི། སརྦ་སཾསྐྲྀ་ཏཱ་ནི་ཏྱཾ། འདུས་བྱས་ཐམས་ཅད་མི་རྟག་པ། སརྦ་སཱ་སྲ་བ་དུཿཁཱ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ནིརྦཱ་ཎཾ་ཤཱནྟ་ཀཿ མྱ་ངན་ལས་འདས་པ་ཞི་བ། ས་དྷརྨ་ཤཱུ་ནྱ་མ་ནཱཏྨ་ཀཾ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། །ཨེ་ཀེ་ནཱ་ཡ་ནཾ། གཅིག་པུས་བགྲོད་པ། ཡང་ན། ཨེ་ཀཱ་ཡཱ་ནཾ། ཨེ་ཀཱ་ཡཱ་མཿ བགྲོད་པ་གཅིག་པ། ཨུ་པ་ཀཽ་ཤ་ལྱཾ། ཐབས་ལ་མཁས་པ་ཞེས་སོ། །གཞན་ཡང་། པཱ་ར་མི་ཏ་དྷརྨྨ་པཱུརྞྞཿ ཕ་རོལ་ཏུ་ཕྱིན་པའི་ཆོས་རྫོགས་པ། སཏྭཱ་ནཱི་པཱ་ཀྭཿ སེམས་ཅན་རྣམས་སྨིན་པ། བུདྡྷ་ཀྵེ་ཏྲ་པ་རི་ཤུདྡྷཿ སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ། ཞེས་སོ། །དེ་ལྟར་ཐེག་ཆེན་གྱི་ལམ་ལ་ཞུགས་པས་ས་ལམ་བགྲོད་ཚུལ་ལ། ལམ་ལྔ་པོ་བྱང་ཕྱོགས་སོ་བདུན་གྱིས་བགྲོད་ཅིང་།མཐོང་བའི་ལམ་དུ། པྲ་ཐ་མཾ་བྷཱུ་མི། ས་དང་པོ། དེའི་མིང་། པྲ་མུ་དི་ཏཱ། རབ་ཏུ་དགའ་བ། དེ་ལ། ནྱཱ་མཱ་བ་ཀྲཱནྟཿ སྐྱོན་མེད་པར་ཞུགས་པ་ཡང་ཟེར། དྭི་ཏཱི་ཡ་ན་བྷཱུ་མི། ས་གཉིས་པ། དེའི་མིང་། བི་མ་ལཱ། དྲི་མ་མེད་པ། དེ་བཞིན་ས་གསུམ་པ་སོགས་ཀྱི་མིང་། པྲ་བྷཱ་ཀྭ་རཱི། འོད་བྱེད་པ། ཨ་རྩིཥྨ་ཏཱི། འོད་འཕྲོ་ཅན། སུ་དུརྫྫ་ཡཱ། ཤིན་ཏུ་སྦྱང་དཀའ་བ། ཨ་བྷི་མུ་ཁཱི། མངོན་དུ་གྱུར་པ། དཱུརཾ་ག་མཱཿ རིང་དུ་སོང་བ། ཨ་ཙ་ལཱ། མི་གཡོ་བ། སཱ་དྷུ་མ་ཏཱི། ལེགས་པའི་བློ་གྲོས། དྷརྨྨ་མེ་གྷཱ། ཆོས་ཀྱི་སྤྲིན། ཞེས་སོ། །དེ་དག་ནི་སློབ་པའི་གནས་སྐབས་ཀྱིས་ཡིན་པས་བྱང་ཆུབ་སེམས་དཔའི་སའོ། །ས་བཅུ་གཅིག་པ། ས་མནྟ་པྲ་བྷཱ། ཀུན་ཏུ་འོད་ནི་མི་སློབ་པ་སངས་རྒྱས་ཀྱི་སའོ། །བྷཱུ་མཱི་ཀྲ་མ་ཎ་མྲས་གནོན་པ། བྷཱུ་མི་རྦྷཱུ་མྱཱནྟ་ར་སཾ་ཀྲ་མ་ཎཾ། ས་ནས་ས་གཞན་དུ་འཕར་བ། ཨ་བྷི་སཾ་བྷོཏྶྱ་ཏེ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཛྲོ་བ་མོ་ས་མཱ་དྷིཿ རྡོ་རྗེ་


MR26_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཏིང་ངེ་འཛིན། སྐད་ཅིག་མ་གཅིག་དང་ལྡན་པའི་ཡེ་ཤེས་དེས། བུདྡྷ་ཏྭ་མ་བཱཔྣོ་ཏི། སངས་རྒྱས་ཉིད་འཐོབ་བོ། །ཐེག་ཆེན་ལམ་གྱི་འབྲས་བུ་བཤད་པ་ལ། བོ་དྷི་མ་བྷི་སམྦུདྡྷཿ བྱང་ཆུབ་མངོན་པར་རྫོགས་པ་སངས་རྒྱས་ནས་སྐུ་བཞི་དང་ཡེ་ཤེས་ལྔའི་བདག་ཉིད་ཟག་པ་མེད་པའི་ཕུང་པོ་ལྔའི་རང་བཞིན་ཅན་ཡོན་ཏན་ཆོས་ཀྱི་དབྱིངས་དང་མཉམ་པ། ཤུ་ཙི། གཙང་། སུ་ཁཿ བདེ། ནིཏྱཿ རྟག །མ་ཧཱ་ཏྨཱ། བདག་ཉིད་ཆེན་པོ། པ་ར་མ་སྠཱཿ མཆོག་གི་གནས་ཐོབ་པའི་ཚེ། ཆོས་སྐུའི་ཡོན་ཏན་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ལས། བྱང་ཕྱོགས་སོ་བདུན། ཚད་མེད་བཞི། མངོན་ཤེས་དྲུག་ཡང་དག་རིགས་བཞི་རྣམས་ཀྱི་མིང་གོང་བསྟན་དང་འདྲ། བི་མོ་ཀྵཿ རྣམ་པར་ཐར་པ། དེ་ལ་བརྒྱད་དེ། རཱུ་བཱི་རཱུ་པཱ་ཎི་པ་ཤྱཾ་ཏྱ་ལཾ་པྲ་ཐ་མོ་བི་མོ་ཀྵཿ གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ཨདྷྱཱཏྨ་མ་རཱུ་པ་སཾ་ཛྙཱ་བ་ཧིརྡྷཱ་རཱུ་པཱ་ཎི་པ་ཤྱཾ་ཏྱ་ཡཾ་དྭི་ཏཱི་ཡོ་བི་མོ་ཀྵཿ ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །ཤུ་བྷཾ་བི་མོཀྵཾ་ཀཱ་ཡེ་ན་སཱཀྵཱ་ཏྐྲྀ་ཏྭོ་པ་སཾ་པདྱ་བི་ཧ་ར་ཏྱ་ཡི་ཏྲི་ཏཱི་ཡོ་བི་མོ་ཀྵཿ སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ཨཱ་ཀཱ་ཤཱ་ན་ནྟྱ་ཡ་ཏ་ན་མུ་པ་སཾ་པ་དྱ་བི་ཧ་ར་ཏྱ་ཡཉྩ་ཏུ་རརྠོ་བི་མོཀྵཿ ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །བི་ཛྙཱ་ནཱ་ནནྟྱཱ་ཡ་ཏ་ན་ས་མུ་པ་སཾ་པ་དྱ་བི་ཧ་ར་ཏྱ་ཡཾ་པཉྩ་མོ་བི་མོ་ཀྵཿ རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །ཨཱ་ཀིཾ་ཙིཏྱཱ་ཡ་ཏ་ན་མུ་པ་སཾ་པ་དྱ་བི་ཧ་ར་ཏྱ་ཡཾ་ཥཥྛོ་བི་མོ་ཀྵཿ ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །ནཻ་


MR26_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པ་སཾ་ཛྙཱ་ན་སཾ་ཛྙཱ་ཡ་ཏ་ན་མུ་པ་སཾ་པ་དྱ་བི་ཧ་ར་ཏྱ་ཡཾ་སཔྟ་མོ་བི་མོཀྵ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །ས་སརྦ་ཤོ་ནེ་པ་སཾ་ཛྙཱ་ན་སཾ་ཛྙཱ་ཡ་ཏ་ནཾ། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ས་མ་ཏི་ཀྲ་མྱ། ཡང་དག་པར་འདས་ཏེ། སཾ་ཛྙཱ་བཻ་དི་ཏ་ནི་རོ་དྷཾ་ཀཱ་ཡེ་ན་སཱཀྵཱ་ཏ་ཀྲྀ་ཏྭོ་པ་སཾ་པ་དྱ་བི་ཧ་ར་ཏྱ་ཡ་མཥྛ་མོ་བི་མོཀྵཿ འདུ་ཤེས་དག་ཚོར་བ་འགོག་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་རྫོགས་པ་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །ཨ་བྷི་བྷཱུ་ཡཿ ཟིལ་གྱིས་གནོན་པ། ཨ་བྷི་བྷཱུ་ཏཿ བྱས་ཀྱང་རུང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་ལ་བརྒྱད་ཡོད་དེ། ཨདྷྱཱཏྨ་མ་རཱུ་པ་སིཛྙཱ་བ་ཧིརྡྡཱ་རུ་པ་ཎི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས། བ་ཤྱཏྣི་བ་རི་ཏྱཱ་ནི་སུ་བརྞྞ་དུརྦརྞྞ་ནི་ཁ་ལུ། ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་། རཱུ་པཱཎྱ་བྷི་བྷཱུ་ཡ་ཛཱ་ནཱ ནྟྱ་བྷི་བྷཱུ་ཡ་པ་ཤྱནྡྱེ་བཾ། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུར། སཾ་ཛྙཱི་ཙ་བྷ་བ་ཏཱི་དཾ་པྲ་ཐ་མ་མ་བྷི་བྷཱ་ཡ་ཏ་ནཾ། འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ཨདྷྱཱཥྨ་མ་རཱུ་པ་སཾ་ཛྙཱ་པ་ཧིརྡྷཱ་རཱུ་པ་ཎི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས། མ་ཧངྒ་ཏ་ནི། ཆེན་པོར་གྱུར་པ་ཞེས། དེའི་སྔོན་ལྟ་བའི་དོན་པ་ཤྱནྟི་དང་། རྗེས་སུ་སུ་ཝརྞྞ་སོགས་སྔ་མ་ལྟར་སྦྱར་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པ། ཨ་དྷྱཱཏྨ་མ་རཱུ་པ་སཾ་ཛྙཱ་བ་ཧིརྡྷཱ་རུ་པ་ཎི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས། ནཱི་ལ་ནི། སྔོན་པོ་ལ་ལྟ་བ་གསུམ་པའོ། །འདིའི་སྐབས་སུ། ནཱི་ལ་བརྞྞ་ནི། ཁ་དོག་སྔོན་པོ། ནཱི་ལ་ནི་དརྴ་ནཱ་ནི། སྔོན་པོ་ལྟ་བུར་སྟོན་པ། ནི་ལ་ནིརྦྷཱ་སཱ་ནི། འོད་སྔོན་པོ་འབྱུང་བ་རྣམས་དང་། ཞེས་དང་། དྱཐཱ། འདི་ལྟ་སྟེའམ་དཔེར་


MR26_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཨུ་མ་ཀཱ་པུཥྤཾ། ཟར་མའི་མེ་ཏོག་གམ། སམྤནྣཾ་བཱ བཱ་རཱ་ཎ་སེ་ཡཾ་བསྟྲཾ་ནཱི་ལཾ། ཡུལ་ཝཱ་རཱ་ཎ་སའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ་སོགས་སྦྱར་ཏེ་དཔེར་གསུངས་སོ། །དེ་བཞིན་ནང་གཟུགས་མེད་པར་འདུ་ཤེས་པ་ཁ་དོག་ཟིལ་གནོན་ཕྱི་མ་གསུམ་ལ་འདྲ། ཕྱི་རོལ་གྱི་གཟུགས། པཱི་ཏཱ་ནི། སེར་པོ། ཁ་དོག་སེར་པོ། སེར་པོ་ལྟར་སྟོན་པ། འོད་སེར་པོ་འབྱུང་བ་ལྟ་བུར་ཀུན་ལ་རིགས་བསྒྲེ། དཔེ་ཡི་སྐབས། ཀིརྞྞི་ཀ་ར་པུཥྤཾ། དོང་གའི་མེ་ཏོག་དང་ཡུལ་ཝཱ་རཱ་ཎ་སིའི་རས་ཕུན་སུམ་ཚོགས་པ་སེར་པོ་སོགས་སྦྱར་ལ། དེ་ལྟར་སེར་པོ་ལ་ལྟ་བ་ཟིལ་གནོན་གྱི་སྐྱེ་མཆེད་བཞི་པ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས། ལོ་ཧཾ་ཏ། དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །དཔེ་ནི། བན་དུ་ཛཱི་བ་ཀ་པུཥྤཿ བན་དུ་ཛཱི་བ་ཀའི་མེ་ཏོག་དང་། བཱ་ར་ཎ་སིའི་བསྟྲཾ་ལོ་ཧི་ཏ། རས་དམར་པོའི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས། ཨ་བ་དཱ་ཏཱ་ནི། དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །དཔེ་ནི། ཨུ་ཤ་ན་སྟཱ་རཀཱ་ཡཱ་བརྞྞ། ས་བ་དཱ་ཏ། སྐར་མ་པ་སངས་ཀྱི་མདོག་དཀར་པོ་ཞེས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །ཀྲྀསྣཱ་ཏ་ཌ྄་ཡ་ནཾ། ཟད་པར་གྱི་སྐྱེ་མཆེད། དེ་ལ་བཅུ་སྟེ། ནཱི་ལ་ཀྲྀཏྶྣ་ཡ་ཏ་ནཾ། ཟད་པར་སྔོན་པོའི་སྐྱེ་མཆེད། དེ་བཞིན་དུ། ཀྲྀཏྶྣཱ་ཡ་ཏ་ནཾ། ཞེས་པ་མཇུག་ཏུ་སྦྱར་ཏེ། བཱི་ཏ། ཟད་པར་སེར་པོའི་སྐྱེ་མཆེད། ལོ་ཧི་ཏ། དམར་པོ།


MR26_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བ་དཱ་ཏ། དཀར་པོ། པྲྀ་ཐི་བཱི། ས། ཨཱ་པ། ཆུ། ཏེ་ཛཿ མེ། བཱ་ཡུ། རླུང་། ཨཱ་ཀཱ་ཤ ནམ་མཁའ། བི་ཛྙཱ་ན་ཀྲྀཏྶྣཱ་ཡ་ཏ་ནཾ། ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་དོ། །པྲྀ་ཐི་བཱི་ཀྲྀཏྶྣཱ་མི་ཏྱེ་ཀེ་སཾ་ཛཱ་ན་ཏེ་ཨིཏྱཱུརྡྷ་མ་དྷ་སྟིཪྻ་ག་དྭ་ཡ་མ་པྲ་མཱ་ཎཾ། ལ་ལར་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད། དེ་བཞིན་འབྱུང་བ་གཞན་གསུམ་དང་སྔོ་སེར་དཀར་དམར་བཞི་ལ་སྦྱར་ཏེ་ཤེས་པར་བྱའོ། །སམཱ་བཏྟིཿ སྙོམས་པར་འཇུག་པ། ན་བཱ་ནུ་པཱུརྦ་བི་ཧཱ་ར་ས་མཱ་པཏྟིཿ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། པྲ་ཐ་མཾ་དྷྱཱ་ན། བསམ་གཏན་དང་པོ། དྭཱི་ཏཱི་ཡནྡྷ་ན། བསམ་གཏན་གཉིས་པ། ཏྲི་ཏཱི་ཡདྷྱཱ་ན། བསམ་གཏན་གསུམ་པ། ཙ་ཏུརྠཾ་དྷྱཱ་ནཿ བསམ་གཏན་བཞི་པ། ནམ་མཁའ་མཐའ་ཡ ས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་བཞི། ནི་རོ་དྷ་ས་མཱ་པཏྟིཿ འགོག་པའི་སྙོམས་པར་འཇུག་པ། ཨ་ར་ཎ་ས་མཱ་དྷིཿ ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན། པྲ་ཎི་དྷི་ཛྙཱ་ནཾ། སྨོན་གནས་ཤེས་པ། སརྦ་པྲ་ཀཱ་ར་ཤུདྡྷ། རྣམ་པ་ཐམས་ཅད་དག་པ། དེ་ལ་བཞི། ཀཱ་ཡ་བི་ཤུདྡྷ། ལུས་རྣམ་པར་དག་པ། ཨུ་པ་ལམྦྷ་བི་ཤུདྡྷཿ དམིགས་པ་རྣམ་པར་དག་པ། ཙིཏྟ་བི་ཤུདྡྷ། སེམས་རྣམ་པར་དག་པ། ཛྙཱ་ནཾ་བི་ཤུདྡྷ། ཡེ་ཤེས་རྣམ་པར་དག་པ། བ་ཤི་ཏཱ། དབང་། དེ་ལ་བཅུ་སྟེ། ཨཱ་ཡུརྦ་ཤི་ཏཱ། ཚེ་ལ་དབང་བ། ཙིཏྟ་བ་ཤི་ཏཱ། སེམས་ལ་དབང་བ། པ་རི་སྐཱ་ར་བ་ཤི་ཏཱ། ཡོ་བྱད་ལ་དབང་བ། ཀརྨ་བ་ཤི་ཏཱ། ལས་ལ་དབང་བ། ཨུ་པ་པཏྟི་བ་ཤི་ཏཱ། སྐྱེ་བ་ལ་དབང་བ། ཨ་དྷི་མུཀྟི་བ་ཤི་ཏཱ། མོས་པ་ལ་དབང་བ། པྲ་ཎི་དྷཱ་ན་བ་ཤི་ཏཱ། སྨོན་ལམ་ལ་དབང་བ། རྀ་དྡྷི་བ་ཤི་ཏཱ། རྫུ་འཕྲུལ་ལ་དབང་བ། ཛྙཱ་ན་བ་ཤི་ཏཱ། ཡེ་ཤེས་ལ་དབང་བ། དྷརྨ་བ་ཤི་ཏཱ། ཆོས་ལ་དབང་བ། བ་ལཾ། སྟོབས། དེ་ལ་བཅུ་སྟེ། སྠཱ་ནཱ་སྠཱ་ན་ཛྙཱ་ན་བ་ལམ྄། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ཀརྨ་བི་པཱ་ཀ་ཛྙཱ་ན་བ་ལཾ། ལས་


MR26_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། ནཱ་ནཱ་བི་མུཀྟི་ཛྙཱ་ན་བ་ལཾ། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། ནཱ་ནཱ་དྷཱ་ཏུ་ཛྙཱ་ན་བ་ལམ྄། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས། ཨིནྡྲི་ཡ་བ་རཱ་བ་ར་ཛྙཱ་ན་བ་ལམ྄། དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས། སརྦ་ཏྲ་གཱ་མི་ནཱི་པྲ་ཏི་བནྠ་ཛྙཱ་ན་བ་ལཾ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། སརྦ་དྷཱ་ན་བི་མོཀྵ་ས་མཱ་དྷི་ས་མཱ་པ་ཏྟི་སཾ་ཀླེ་ཤ་བ་བ་དཱ་བྱུ་ཏྠཱ་ན་ཛྙ་ན་བ་ལཾ། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམ་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས། པཱུརྦ་ནི་བཱ་སཱ་ནུ་སྨྲྀ་ཏི་ཛྙཱ་ན་བ་ལཾ། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། ཙྱུ་ཏྱུ་པ་པཏྟི་ཛྙཱ་ན་བ་ལམ྄། ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཨཱ་སྲ་བཀྵ་ཡ་ཛྙཱ་ན་བ་ལཾ། ཟག་པ་ཟད་པ་མཁྱེན་པའི་སྟོབས། བཻ་ཤཱ་ར་དྱཾ།མི་འཇིགས་པ། དེ་ལ་བཞི་སྟེ། སརྦ་དྷརྨྨ་བྷི་སམྦོདྷི་བཻ་ཤཱ་རདྱམ྄། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་ལ་མི་འཇིགས་པ། སརྦཱ་སྲ་བཀྵ་ཡ་ཛྙཱ་ན་བཻ་ཤཱར་དྱམ྄། ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་ལ་མི་འཇིགས་པ། ཨནྟ་རཱ་ཡི་ཀ་དྷརྨཱ་ན་ནྱ་ཐཱ་ཏྭ་ནིཤྩི་ཏ་བྱཱ་ཀ་ར་ཎ་བཻ་ཤཱ་ར་དྱཾ། བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ། སརྦ་སམྤ་ད་དྷི་ག་མཱ་ཡ་ནཻཪྻ་ཎི་ཀ་པྲ་ཏི་བཏྟ་ཐཱ་ཏཱ་བཻ་ཤཱ་ར་དྱཾ། ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ། ཨ་སཾ་བྷིནྣཿདང་། ཨ་སཾ་སྲྀཥྚཿ མ་འདྲེས་པ། དེ་ལ་བཅོ་བརྒྱད་དེ། ནཱསྟི་ཏ་ཐཱ་ག་ཏ་སྱསྑ་ལི་ཏཾ། དེ་བཞིན་གཤེགས་པ་ལ་འཁྲུལ་བ་མེད་པ། ནཱསྟིར་བི་ཏམ྄། ཅ་ཅོ་མེད་པ། ནཱསྟི་མུ་ཥི་ཏ་སྨྲྀ་ཏི་ཏཱ། བསྙེལ་བ་མེད་པ། ནཱསཏྱ་ས་མཱ་ཧི་ཏ་ཙིཏྟཾ། སེམས་མཉམ་པར་མ་བཞག་པ་མེད་པ། ནཱསྟི་ནཱ་ནཱ་ཏྭ་


MR26_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སཾཛྙཱ། ཐ་དད་པའི་འདུ་ཤེས་མེད་པ། ནཱསྟྱ་པྲ་ཏི་སཾ་ཁྱཱ་ཡོ་བེཀྵཱ། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ། ནཱསྟི་ཙྪནྡ་སྱ་ཧཱ་ནི། འདུན་པ་ཉམས་པ་མེད་པ། ནཱ སྟི་བཱིཪྻ་སྱ་ཧཱ་ནིཿ བརྩོན་འགྲུས་ཉམས་པ་མེད་པ། ནཱསྟི་སྨྲི་ཏི་ཧཱ་ནིཿ དྲན་པ་ཉམས་པ་མེད་པ། ནཱསྟི་ས་མཱ་དྷེརྷཱ་ནིཿ ཏིང་ངེ་འཛིན་ཉམས་པ་མེད་པ། ནཱསྟི་པྲཛྙཱ་ཡཱརྷཱ་ནི། ཤེས་རབ་ཉམས་པ་མེད་པ། ནཱ སྟི་བི་མུཀྟརྷཱ་ནིཿ རྣམ་པར་གྲོལ་བ་ཉམས་པ་མེད་པ། སརྦ་ཀཱ་ཡ་ཀརྨཱ། ལུས་ཀྱི་ལས་ཐམས་ཅད། ཛྙཱ་ན་པཱུརྦཾ་ག་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟི། ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། སརྦ་བཱ་ཀྐརྨ། ངག་གི་ལས་ཐམས་ཅད། ཛྙཱ་ན་པུརྦཾ། མན་ཆད་འདྲ། སརྦ་མ་ན་སྐརྨཱ། ཡིད་ཀྱི་ལས་ཐམས་ཅད། ཛྙཱ་ན་པུརྦཾ། མན་ཆད་འདྲའོ། །ཨ་ཏཱི་ཏེ་དྷྭ་དྷྱནཱ། འདས་པའི་དུས་ལ། སཾ་ག་མ་པྲ་ཏི་ཧ་ཏཾ་ཛྙཱ་ན་དརྴ་ནཾ་པྲ་བརྟྟ་ཏ། མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ། ཨ་ནཱ་ག་ཏེ། མ་འོངས་པའི། དྷ་ནྱེ། མན་ཆད་འདྲ། པྲ་ཏྱུཏྤ ནྱཱ། ད་ལྟར་གྱི། དྷྭ་ནྱ། མན་ཆད་འདྲ། ནཱསྟི་གུཔྟཿ བསྲུང་བ་མེད་པ། དེ་ལ་གསུམ། པ་རི་ཤུདྡྷ་ཀཱ་ཡ་ས་མུ་དཱ་ཙཱ་རསྟ་ཐཱ་ག་ཏཿ དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། ནཱསྟི་ཏ་ཐཱ་ག་ཏ་སྱཱ་པ་རི་ཤུདྡྷ་ཀཱ་ཡ་ས་མུ་དཱ་ཙཱ་ར་ཏཱ། དེ་བཞིན་གཤེགས་པ་ལ། སྐུ་ཡི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ། དེའི་ཀཱ་ཡ་གཉིས་པོ་ཚབ་ཏུ་བཱ་ཀ྄་བཅུག་པ་གསུང་ལ་འདོན་པ་བསྒྱུར་བ་དང་། མ་ནཿ བཅུག་པས་ཐུགས་ལ་འདོན་པ་བསྒྱུར་ཏེ་ཤེས་པར་བྱའོ། །བསྲུང་བ་མེད་པ་བཞི་ཞེས་པ་ལྟར་ན། པ་རི་ཤུདྡྷ་ཛཱི་བ་སྟ་ཐཱ་ག་ཏཿ དེ་བཞིན་གཤེགས་པ་ལ་འཚོ་བ་ཡོངས་སུ་དག་པ་སྟེ། ནཱསྟི་ཏ་ཐཱ་ག་ཏ་སྱཱ་པ་རི་ཤུདྡྷ་ཛཱི་བ་ཏཱ། དེ་བཞིན་གཤེགས་པ་ལ་འཚོ་བ་ཡོངས་སུ་མ་དག་པ་མེད་དོ། །ཞེས་སོ། །ཨ་སཾ་བྷིནྣ་སྨྲྀ་ཏྱུ་པ་སྠཱ་ནཾ། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ། དེ་ལ་གསུམ་སྟེ། ཤུ་ཤྲཱུ་ཥ་མཱ་ཎི་ཥུ་ས་མ་ཙིཏྟ་ཏཱཿ


MR26_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ། ཨ་ཤུ་ཤྲཱུ་ཥ་མཱ་ཎེ་ཥུ་ས་མ་ཙིཏྟ་ཏཱ། གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ། ཤུ་ཤྲཱུ་ཥ་མཱ་ཎ་ཤུ་ཤྲཱུ་ཥ་མཱ་ཎེ་ཥུ་ས་མ་ཙིཏྟ་ཏཱ། གུས་པར་ཉན་པ་དང་གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ། ནཱསྟི་མུ་ཥི་ཏཿ བསྙེལ་བ་མེད་པ། སམྱཀྶཾ་བཱ་ས་ན་ཧ་ཏ། བག་ཆགས་ཡང་དག་པར་བཅོམ་པ། མ་ཧཱ་ཀ་རུ་ཎ། ཐུགས་རྗེ་ཆེན་པོ། སརྦ་ཛྙཱ་པྲ་ཀཱ་རཿ ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་དེ་བཞིན་སངས་རྒྱས་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། དེ་བཞིན་ཉིད་ཀྱི་རྣམ་པའོ། །གཟུགས་སྐུའི་ཡོན་ཏན། ལཀྵ་ཎཿ མཚན། དེ་ཡང་མཚན་བཟང་པོ་སོ་གཉིས་ནི། ཙཀྲཱཾ་ཀི་ཏ་ཧསྟ་པཱ་ད་ཏ་ལ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ། སུ་པྲ་ཏིཥྛ་ཏ་པཱ་དཿ ཞབས་ཤིན་ཏུ་གནས་པ། ཨཱ་ཡ་ཏ་པཱ་ད་པཱཥར ཎིཿ ཞབས་ཀྱི་རྟིང་པ་ཡངས་པ། ཨུ་ཙྪཾ་ཁ་པཱ་དཿ ཞབས་ཀྱི་ལོང་མོའི་ཚིག་མི་མངོན་པ། ཨེ་ཎེ་ཡ་ཛཾ་གྷཿ བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ། སྠཱི་ཏཱ་ན་བ་ན་ཏ་པྲ་ལམྦ་བ་ཧུ་ཏཱ། བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབ་པ། དཱིརྒྷཱ་གུ་ལིཿ སོར་མོ་རིང་བ། ཛཱ་ལཱ་བནྡྷ་ཧསྟ་པཱ་དཿ ཕྱག་དང་ཞབས་གཉིས་དྲ་བས་འབྲེལ་བ། ཨཻ་ཀེ་ཀ་རོ་མ་པྲ་དཀྵི་ཎཱ་བརྟྟཿ སྤུ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་བ། ཨུརྡྷཱངྒ་རོ་མཱ། སྐུའི་སྤུ་གྱེན་དུ་ཕྱོགས་པ། སཱུཀྵྨ་སུ་བརྞྞ་ཙྪ་བིཿ པགས་པ་སྲབ་ཅིང་མདོག་གསེར་མདོག་འདྲ་བ། སུ་སཾ་བྲྀཏྟ་སྐནྡྷཿ དཔུང་མགོ་ཤིན་ཏུ་ཟླུམ་པ། སིཾ་ཧ་པཱུརྦཱརྦྷ་ཀཱ་ཡཿ རོ་སྟོད་སེང་གེའི་འདྲ་བ། མྲྀ་དུ་ཏ་རུ་ཎ་ཧསྟ་པཱ་ད་ཏ་ལཿ ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ། སཔྟོཏྶ་དཿ བདུན་མཐོ་བ། སི་ཧཾ་ཧ་ནུཿ འགྲམ་པ་སེང་གེའི་འདྲ་བ། བ་བྷཱུ་ཏ་ཏ་ནུ་ཛི་ཧྭཿ ལྗགས་ཤིན་ཏུ་རིང་ཞིང་སྲབ་པ། ར་ས་ར་སཱ་གྲ་ཏཱ། རོ་བྲོ་བའི་མཆོག་དང་ལྡན་པ། སུ་ཤུཀླ་དནྟཿ ཚེམས་ཤིན་ཏུ་


MR26_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བ། ས་མ་དནྟཿ ཚེམས་མཉམ་པ། ཨ་བི་ར་ལ་དནྟཿ ཚེམས་ཐག་བཟང་བ། ཙཏྭ་རིཾ་ཤདྡནྟཿ ཚེམས་བཞི་བཅུ་མངའ་བ། ཨ་བྷི་ནཱི་ལ་ནེ་ཏྲ་གོ་པཀྵྨཱ། སྤྱན་མཐོན་མཐིང་ལ་བའི་རྫི་མ་ལྟ་བུ། ཙི་ཏཱནྟ་རཱཾ་སཿ ཐལ་གོང་རྒྱས་པ། ནྱ་བྲོ་དྷ་པ་རི་མཎྜལཿ ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ། ཀོ་ཤོ་ག་ཏ་བསྟི་གུཧྱཿ མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། ཨཱུརྞྞཱ་ཀོ་ཤཱ། མཛོད་སྤུ། ཨུཥྞཱི་ཥ་ཤི་ར་སྐ་ཏཱ། དབུ་གཙུག་ཏོར་དང་ལྡན་པ། བྲཧྨ་སྭ་རཿ ཚངས་པའི་དབྱངས། བྲ་དཀྵི་ཎཱ་བརྟྟ་ཀེ་ཤཿ དབུ་སྐྲ་གཡས་སུ་འཁྱིལ་བ། ས་མ་ལ་ལཱ་ཊཿ དཔྲལ་བའི་དབྱེས་མཉམ་པ། སུ་བརྟྟ་ཏོ་རུཿ བརླ་ལེགས་པར་ཟླུམ་པ། ཕྱི་མ་གསུམ་འདི་བྱེ་རྟོགས་སུ་ཡོད། པགས་པ་འཇམ་པ་སོགས་གསུམ་མི་འདུག བྱཉྫ་ནཿ དཔེ་བྱད། དེ་ལ་བརྒྱད་ཅུ་སྟེ། ཨཱ་ཏཱ་མྲ་ན་ཁཿ སེན་མོ་ཟངས་ཀྱི་མདོག་ལྟ་བུ། སྣི་གྡྷ་ན་ཁཿ སེན་མོའི་མདོག་སྣུམ་པ། ཏུཾ་ག་ན་ཁཿ སེན་མོ་མཐོ་བ། བྲྀ་ཏྟཱཾ་གུ་ལིཿ སོར་མོ་རྣམས་ཟླུམ་པ། ཙི་ཏཱཾ་གུ་ལིཿ སོར་མོ་རྣམས་རྒྱས་པ། ཨུ་ནུ་པཱུརྦཱཾ་གུ་ལིཿ སོར་མོ་རྣམས་བྱིན་གྱིས་ཕྲ་བ། ནི་གཱུཌྷ་ཤི་རཱ། རྩ་མི་མངོན་པ། ནི་གྲཱནྠི་ཤི་རཱཿ རྩ་མདུད་མེད་པ། གཱུ་ཌྷ་གུལྤཿ ལོང་བུ་མི་མངོན་པ། ཨ་བི་ཥ་མ་པཱ་དཿ ཞབས་མི་མཉམ་པ་མེད་པ། ས་མ་ཀྲ་མཿ གོམ་པ་སྙོམས་པ། སིཾ་ཧ་བི་ཀྲཱནྟ་གཱ་མཱི། སེང་གེའི་སྟབས་སུ་གཤེགས་པ། ནཱ་ག་བི་ཀྲཱནྟ་གཱ་མཱི། གླང་པོ་ཆེའི་སྟབས་སུ་གཤེགས་པ། བྲྀ་ཥཱ་བྷ་བི་ཀྲཱནྟ་གཱ་མཱི། ཁྱུ་མཆོག་གི་སྟབས་སུ་གཤེགས་པ། ཧཾ་ས་བི་ཀྲཱནྟ་གཱ་མཱི། ངང་པའི་སྟབས་སུ་གཤེགས་པ། ཨ་བ་ཀྲ་གཱ་མཱི། མི་ཡོ་བར་གཤེགས་པ། པྲ་དཀྵི་ཎཱ་བརྟྟ་གཱ་མཱི། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ། ཙཱ་རུ་གཱ་མཱི། མཛེས་པར་གཤེགས་པ། སུ་པ་རི་པཱུརྑོཏྟ་མཱི་གཿ དབུ་ཤིན་ཏུ་རྒྱས་པ་ཞེས་ལ་ལར་དབུ་ཟླུམ་པ་ཞེས་པ་དོན་འདྲ། སུ་པ་རི་ཎ་ཏ་ལ་ལཱ་ཊཿ


MR26_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བ་ལེགས་པར་འབྱེས་པ། པྲྀ་ཐུ་ལ་ལཱ་ཊཿ དཔྲལ་བ་དབྱེས་ཆེ་བ། བྷྲ་མ་ར་ས་དྲྀ་ཤ་ཀེ་ཤཿ དབུ་སྐྲ་བུང་བ་ལྟར་གནག་པ། ཙི་ཏ་ཀེ་ཤཿ དབུ་སྐྲ་སྟུག་པ། ཤྩཀྵྞ་ཀེ་ཤཿ དབུ་སྐྲ་འཇམ་པ། ཨ་སཾ་ལུ་ལི་ཏ་ཀེ་ཤཿ དབུ་སྐྲ་མ་འཛིངས་པ། ཨ་པ་རུ་ཥ་ཀེ་ཤཿ དབུ་སྐྲ་མི་གཤོར་བ། སུ་ར་བྷི་གེ་ཤཿ དབུ་སྐྲ་དྲི་ཞིམ་པ། སི་ཏཱ་སི་ཏ་ཀ་མ་ལ་ད་ལ་ས་ཀ་ལ་ན་ཡ་ནཿ སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རིང་བ་ལྟ་བུ། བི་ཤཱ་ལ་ནེ་ཏྲཿ སྤྱན་ཡངས་པ། བི་ཤུ་དྷ་ནེ་ཏྲཿ སྤྱན་རྣམ་པར་དག་པ། བི་ཏི་མི་ར་བི་ཤུདྡྷཱ་ལོ་ཀཿ གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ། ཙིཏ་པཀྵྨཱ། རྫི་མ་སྟུག་པ། ཨཱ་ཡ་ཏཱ་བྷྲཱུཿ སྨིན་ཚུགས་རིང་བ། ཤྩ་ཀྵྞ་བྷྲཱུཿ སྨིན་མ་འཇམ་པ། སྣིགྡྷ་བྷྲཱུཿ སྨིན་མ་སྣུམ་པ། ས་མ་རོ་མ་བྷྲཱུཿ སྨིན་མའི་སྤུ་མཉམ་པ། ས་མ་ཀརྞྞཿ སྙན་མཉམ་པ། ཨ་ནུ་པ་ཧ་ཏ་ཀརྞྞེ་ནྡྲི་ཡེཿ སྙན་གྱི་དབང་པོ་མ་ཉམས་པ། བཱི་ནཱ་ཡ་ཏ་ཀརྞྞཿ སྙན་ཤལ་སྟུག་ཅིང་རིང་བ། ཏུཾ་ག་ནཱ་སཿ ཤངས་མཐོ་བ། ཤུ་ཙི་ནཱ་སཿ ཤངས་གཙང་བ། ནཱ་དྱཱ་ཡ་ཏ་བ་ད་ནཿ ཞལ་ཧ་ཅང་ཡང་མི་རིང་བ། བི་མྦ་པྲ་ཏི་བིམྦ་དརྴ་ན་པ་ད་ནཿ ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ། མྲྀ་དུ་ཛྭི་ཧྭཿ ལྗགས་མཉེན་པ། ཏ་ནུ་ཛི་ཧྭཿ ལྗགས་སྲབ་པ། རཀྟ་ཛིཧྭཿ ལྗགས་དམར་བ། བྲྀཏྟ་དཾཥྚཱ། མཆེ་བ་ཟླུམ་པ། ཏཱིཀྵྞ་དཾཥྚ། མཆེ་བ་རྣོ་བ། ཤུཀླ་དཾཥྚཱ། མཆེ་བ་དཀར་བ། ས་མ་དཾཥྚཱ། མཆེ་བ་མཉམ་པ། ཨུ་ནུ་བཱུརྦྦ་དཾཥྚཱ། མཆེ་བ་བྱིན་གྱིས་ཕྲ་བ། ག་ཛ་གརྫི་ཏ་ཛི་མཱུ་ཏ་གྷོ་ཥཿ གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ། མ་དྷུ་ར་ཙཱ་རུ་མཉྫུ་སྭ་རཿ གསུང་སྙན་ཅིང་མཉེན་ལ་འཇམ་པ། ཏུ་ལ་ས་དྲྀ་ཤ་སུ་ཀུ་མཱ་ར་པཱ་ཎྀཿ ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ། ལ་ལ་ནི་དཔེ་བྱེད་སྐབས་སུའང་ཕྱག་རིང་ཞིང་རྒྱས་པ་ཞེས་པ་འདིར་མེད། སྣིགྦྷ་པཱ་ཎི་ལེ་ཁཿ ཕྱག་གི་རི་མོ་མདངས་ཡོད་པ། གཾ་


MR26_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱི་ར་པཱ་ཎི་ལེ་ཁཿ ཕྱག་གི་རི་མོ་ཟབ་པ། ཨཱ་ཡ་ཏ་པཱ་ཎི་ལེ་ཁཿ ཕྱག་གི་རི་མོ་རིང་བ། པྲྀཏྟ་གཱ་ཏྲཿ སྐུ་འཁྲིལ་བག་ཆགས་པ། ཨ་ནུ་པཱུརྦ་གཱ་ཏྲཿ སྐུ་རིམ་པར་འཚམ་པ། པ་རི་པཱུརྞྞ་བྱཉྫ་ནཿ མཚན་ཡོངས་སུ་རྫོགས་པ། པྲྀ་ཐུ་ཙཱ་རུ་མཎྚ་ལ་གཱ་ཏྲཿ སྐུ་ཁོ་ལག་ཡངས་ཤིང་བཟང་པོ། མྲྀ་དུ་གཱ་ཏྲཿ སྐུ་འཇམ་པ། སུ་ཀུ་མཱ་ར་གཱ་ཏྲཿ སྐུ་ཤིན་ཏུ་གཞོན་མདོག་ཅན། ཨ་དཱི་ན་གཱ་ཏྲཿ སྐུ་ཞུམ་པ་མེད་པ། ཨུཏྶ་ད་གཱ་ཏྲཿ སྐུ་རྒྱས་པ། སུ་སཾ་ཧ་ཏ་གཱ་ཏྲཿ སྐུ་ཤིན་ཏུ་གྲིམས་པ། སུ་བི་བྷ་བྷཱཾ་ག་པྲ་ཏྱཾ་གཿ ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ། བྱ་བ་ག་ཏ་ཏི་ལ་ཀ་ཀཱ་ལ་གཱ་ཏྲཿ སྐུ་ལ་སྨེ་བ་དང་གནག་བག་མེད་པ། བི་ཤུདྡྷ་གཱ་ཏྲཿ སྐུ་རྣམ་པར་དག་པ། སུ་ཙི་གཱ་ཏྲཿ སྐུ་གཙང་བ། མྲྀཥྚཱ་གཱ་ཏྲཿ སྐུ་བྱི་དོར་བྱས་པ་ལྟ་བུ། བྲྀཏྟ་ཀུཀྵིཿ དཀུ་ཟླུམ་པ། མྲྀཥྚ་ཀུཀྵིཿ དཀུ་སྐབས་ཕྱིན་པ། ཨ་གྣ་ཀུཀྵིཿ དཀུ་མ་རྙོངས་པ། ཀྵཱ་མོ་ད་རཿཕྱལ་ཕྱང་ངེ་བ། གཾ་བྷཱི་ར་ནཱ་བྷིཿ ལྟེ་བ་ཟབ་པ། པྲ་དཀྵི་ཎཱ་བརྟྟ་ནཱ་བྷིཿ ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ། ཤུ་ཙི་ས་མཱ་ཙཱ་རཿ ཀུན་སྤྱོད་གཙང་བ། ས་མནྟ་པྲཱ་སཱ་དི་ཀཿ ཀུན་ནས་མཛེས་པ། ཤྲཱི་བཏྶ་སཱ་སྟི་ཀ་ནནྡྱཱ་བརྟྟ་ལ་ལི་ཏ་བཱ་ཎི་པཱ་དཿ ཕྱག་དང་ཞབས་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ། གཞན་ཡང་པདྨ་དང་དུང་སོགས་བཀྲ་ཤིས་ཀྱི་རི་མོ་མང་པོས་མཚན་པའོ། །བརྡྷ་མཱ་ནཿ སྡོང་རོས། སངས་རྒྱས་ཀྱི་གསུངས་དབྱངས་ཡན་ལག་དྲུག་ཅུ་ནི། སྣིགྦྷཱ། མཉེན་པ། མྲྀ་དུ་ཀཱ། འཇམ་པ། མ་ནོཛྙཱ། ཡིད་དུ་འོང་བ། མ་ནོ་ར་མཱ། ཡིད་དུ་འཐད་པ། ཤུདྡྷ། དག་པ། བི་མ་ལཱ། དྲི་མ་མེད་པ། པྲ་བྷཱ་སྭ་རཿ གསལ་དབྱངས། བལྒུཿ སྙན་ཅིང་འཇེབ་པ། སྲ་བཱ་ཎཱི་ཡཱ། མཉན་པར་འོས་པ། ཨ་ནེ་ལཱ། མི་ཚུགས་པ། ཀ་ལཱ། སྙན་པ། བི་ནཱི་ཏཱ། དུལ་བ། ཨ་ཀརྐ་ཤཿ


MR26_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྩུབ་པ། ཨ་པ་རུ་ཥཱ། མི་བརླང་བ། སུ་བི་ནཱི་ཏཱ། རབ་ཏུ་དུལ་བ། ཀརྞྞ་སུ་ཁཱ། རྣ་བར་སྙན་པ། ཀཱ་ཡ་པྲཧླ་དཱ་ན་ཀ་རཱི། ལུས་སིམ་པར་བྱེད་པ། ཙིཏྟོ་དྷི་ལྱ་ཀ་རི། ཡང་ན། ཙི་ཏྟོ་ཌྜྷོ་ལྱ་ཀ་རཱི། སེམས་ཚིམ་པར་བྱེད་པ། ཧྲྀ་ད་ཡ་སནྟུཎྚི་ཀ་རཱི། སྙིང་དགའ་བར་བྱེད་པ། བྲཱི་ཏི་སུ་ཁ་ཛཱ་ན་ནཱི། དགའ་བ་དང་བདེ་བ་སྐྱེད་པ། ནིཥྤ་རི་དཱ་ཧཱ། ཡོངས་སུ་གདུང་བ་མེད་པ། ཨཱ་ཛྙེ་ཡཱ། ཀུན་ཏུ་ཤེས་པར་བྱ་བ། བི་ཛྙེ་ཡཿ རྣམ་པར་རིག་པར་བྱ་བ། བིཥྤཥྚ། རྣམ་པར་གསལ་བ། པྲེ་མ་ཎཱེ་ཡཱ། དགའ་བར་བྱེད་པ། ཨ་བྷི་ནནྡ་ནཱི་ཡཱ། མངོན་པར་དགའ་བར་བྱེད་པ། ཨཱ་ཛྙཱ་པ་ནཱི་ཡཱ། ཀུན་ཤེས་པར་བྱེད་པ། ཡུགྟཱི། རིགས་པ། ས་ཧི་ཏཱ། འབྲེལ་བ། པུ་ན་རུཀྟ་དོ་ཥ་ཛེ་ཧཱ། ཟློས་པའི་སྐྱོན་མེད་པ། སིཾ་ཧ་སྭ་ར་བེ་གཱ། སེང་གེའི་སྒྲ་ཤུགས། ནཱ་ག་སྭ་རོ་ཤབྡཱ། གླང་པོ་ཆེའི་སྒྲ་སྐད། མེ་གྷ་སྭ་རགྷོ་ཥཱ། འབྲུག་གི་སྒྲ་སྐད། ནཱ་གིནྡྲ་རུ་ཉཱ། ཀླུའི་དབང་པོའི་སྒྲ། གནྡྷརྦྷ་སཾ་གཱི་ཏི་གྷོ་ཥཱ། དྲི་ཟའི་གླུ་དབྱངས། ཀ་ལ་བིཾ་ཀ་སྭ་ར་རུ་ཏཱ། ཀ་ལ་པིང་ཀའི་དབྱངས། བྲཧྨ་སྭ་ར་རུ་ཏ་ར་བི་ཏཱ། ཚངས་པའི་སྒྲ་དབྱངས་བསྒྲགས་པ། ཛཱི་བཾ་ཛཱི་བ་ཀ་སྭ་རུ་རུ་ཏ་ར་བི་ཏཱ། ཤང་ཤང་ཏེའུའི་སྒྲ་དབྱངས་བསྒྲགས་པ། དེ་བེནྡྲ་མ་དྷུ་ར་ནིརྒྷོ་ཥཱ། ལྷའི་དབང་པོའི་དབྱངས་ལྟར་སྙན་པ། དུནྡུ་བྷི་སཱ་རཱ། རྔའི་སྒྲ། ཨ་ནུནྣ་ཏཱ། མ་ཁེངས་པ། ཨ་ན་བ་ན་ཏཱ། མི་དམའ་བ། སརྦ་ཤབྡཱ་ནུ་པྲ་བིཥྚཱ། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ། ཨ་པ་ཤབྡ་བི་གཱ་ཏཱ། ཚིག་ཟུར་ཆག་མེད་པ། ཨ་བི་ཀ་ལཱ། མ་ཚང་བ་མེད་པ། ཨ་ལཱི་ནཱ། མ་ཞུམ་པ། ཨ་དཱི་ནཱ། མི་ཞན་པ། པྲ་མུ་དི་ཏཱ། རབ་ཏུ་དགའ་བ། པྲ་སྲྀ་ཏཱ། ཁྱབ་པ། ས་ཁི་ལཱ། ཆུབ་པ། གཞན་ན་ཐབ་མེད་པ་ཞེས་ཡོད་ཀྱང་བྱམས་པའི་ཐུགས་ཀྱིས་གཞན་ལ་ཁོང་དུ་ཆུབ་པར་མཛད་པས་དོན་འདྲའོ། །ས་རི་ཏཱ། རྒྱུན་ཆགས་པ། ལ་ལི་ཏཱ། འབེལ་བ། སརྦ་སྭ་ར་པཱུ་ར་ཎཱ། སྒྲ་ཐམས་ཅད་རྫོགས་པར་བྱེད་པ། སརྦནྤེཡ་མནྟོ་ཥཱ་ཎཱི། དབང་པོ་ཐམས་


MR26_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཚིམ་པར་བྱེད་པ། ཨ་ནནྡི་ཏཱ། མ་སྨད་པ། ཨ་ཙཉྩ་ལཱ། མི་འགྱུར་བ། ཨ་ཙ་པ་ལཱ། མ་རྟབས་པ། སརྦ་པརྵ་ད་ནུ་བི་ཏཱ། འཁོར་ཀུན་ཏུ་གྲགས་པ། སརྦཱ་ཀཱ་ར་བ་རོ་རེ་ཏཱ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་སོ། །བུདྡྷ་ཀརྨཱ། སངས་རྒྱས་ཀྱི་ཕྲིན་ལས། ནི་ཏྱཿ རྟག་པ། པྲ་སྲྀ་ཏཱ། ཁྱབ་པ། ཨ་ནཱ་བོ་ག་བུདྡྷ་ཀཱཪྻ་པྲ་ཏི་པྲ་སབྡྷཿ སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པ། ཨ་ནཱ་བི་ལ་སཾ་ཀལྤཿ ཀུན་ཏུ་རྟོག་པའི་རྙོགས་པ་མེད་པ། བི་ཀལྤཿ རྣམ་པ་མི་རྟོག་པ། སརྦ་བུདྡྷ་ས་མ་ཏཱ་པྲཱཔྟཿ སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། ཨ་ཙིནྟྱ་བྱ་བ་སྠཱ་ན། རྣམ་པར་བཞག་པ་བསམ་གྱིས་མི་ཁྱབ་པ། ཏྲྱ་དྷྭ་ས་མ་ཏཱ་ནིཪྻཱ་ཏཿ དུས་གསུམ་མཉམ་པ་ཉིད་མཐར་ཕྱིན་པ། སརྦ་ལོ་ཀ་དྷཱ་ཏུ་པྲ་བྷཱུ་ཏཱ་ཀཱ་ཡཿ སྐུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ། མ་ཧཱ་བོ་དྷི་ནིརྨཱ་ཎ་ཀཱ་ཡཿ བྱང་ཆུབ་ཆེན་པོ་སྤྲུལ་པའི་སྐུ། གཞན་བཟོ་དང་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་ཡིས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་ཕན་བདེ་ལ་འགོད་པར་མཛད་པའོ། །དེ་དག་གིས་ཐེག་པ་བཤད་པ་སོང་ནས། ༈ །མཁས་བྱའི་གནས་བཅུ་པ་འདུས་བྱས་དང་། འདུས་མ་བྱས་པའི་སྐབས་ལ། སཾ་སྐྲྀ་ཏཿ འདུས་བྱས་ནི་རྒྱུ་ལས་བྱུང་བ། སྐྱེ་བ་དང་འགག་པ་ཅན་གྱི་ཆོས་ཏེ། དེ་སྐྱེ་བ་ལ་རྒྱུ་དྲུག་ནི། ཀཱ་ར་ཎ་ཧེ་ཏུཿ བྱེད་པའི་རྒྱུ། ས་ཧཱ་བྷཱུ་ཏེ་ཧེ་ཏུཿ ལྷན་ཅིག་འབྱུང་བའི་རྒྱུ། བི་བཱ་ཀ་ཧེ་ཏུཿ རྣམ་པར་སྨིན་པའི་རྒྱུ། སམྤྲ་ཡུཀྟ་ཀ་ཧེ་ཏུཿ མཚུངས་པར་ལྡན་པའི་རྒྱུ། སརྦ་ཏྲ་ག་ཧེ་ཏུཿ ཀུན་ཏུ་འགྲོ་པའི་རྒྱུ། ས་མ་བྷཱ་ག་ཧེ་ཏུཿ སྐལ་པ་མཉམ་པའི་རྒྱུ། ཞེས་སོ། །གཞན་ཡང་། པྲ་དྷཱ་ན་ཧེ་ཏུཿ རྒྱུའི་གཙོ་བོ། ཨུ་པཱ་དཱ་ན་ཧེ་ཏུཿ ཉེ་བར་ལེན་པའི་རྒྱུ། ས་ཧ་ཀཱ་རི་པྲ་ཏྱ་ཡཿ གྲོགས་བྱེད་པའི་རྐྱེན་ནམ་ལྷན་ཅིག་བྱེད་རྐྱེན། རྐྱེན་བཞི་ནི། ཧེ་ཏུ་པྲ་ཏྱ་ཡཿ རྒྱུའི་རྐྱེན། ས་མ་


MR26_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ནནྟ་ར་པྲ་ཏྱ་ཡཿ དེ་མ་ཐག་པའི་རྐྱེན། ཨཱ་ལཾ་བ་ན་པྲ་ཏྱ་ཡཿ དམིགས་པའི་རྐྱེན། ཨ་དྷི་པ་ཏི་པྲཏྱ་ཡཿ བདག་པོའི་རྐྱེན། འབྲས་བུ་ལྔ་ནི། ནིཥྱནྡ་ཕ་ལཾ། རྒྱུ་མཐུན་པའི་འབྲས་བུ། ཨ་དྷི པ་ཏི་ཕ་ལཾ། བདག་པོའི་འབྲས་བུ། པུ་རུ་ཥ་ཀཱ་ར་ཕ་ལཾ། སྐྱེས་བུ་བྱེད་པའི་འབྲས་བུ། སྐབས་གཞན་དུ་སྐྱེས་བུའི་མཐུན་ཡང་གདགས། བི་པཱ་ཀ་ཕ་ལཾ། རྣམ་པར་སྨིན་པའི་འབྲས་བུ། བི་སཾ་ཡོ་ག་ཕ་ལཾ། བྲལ་བའི་འབྲས་བུ་ཞེས་སོ། །ཨ་སཾ་སྐྲྀ་ཏཾ། འདུས་མ་བྱས། དེ་ནི་སྐྱེ་འགག་མེད་པའོ། །དེ་ལ་སོ་སོར་བརྟག་འགོག་སོགས་གསུམ་དང་། ཏ་ཏྭཾ། དེ་ཁོ་ན་ཉིད་དང་། ཏ་ཐ་ཏཱ། དེ་བཞིན་ཉིད་ལ་དབྱེར་མེད་ཀྱང་། ཆོས་ཅན་རྣམས་རང་བཞིན་སྟོང་པ་སྤྲོས་བྲལ་གྱི་དབྱིངས་ལས་མ་གཡོས་པའི་ཕྱིར་སྟོང་ཉིད་ཀྱི་དབྱེ་བ་ལ་རྣམ་ཐར་སྒོ་གསུམ་མིང་། ཤཱུ་ནྱ་ཏཱ། སྟོང་པ་ཉིད། ཨ་ནི་མིཏྟཾ། མཚན་མ་མེད་པ། ཨ་པྲ་ཎི་ཧི་ཏཾ། སྨོན་པ་མེད་པ། སྟོང་ཉིད་བཅོ་བརྒྱད་ཀྱི་མིང་། ཨདྷྱཏྨ་ཤཱུ་ནྱ་ཏཱ། ནང་སྟོང་པ་ཉིད། བ་ཧི རྡྷཱ་ཤཱུ་ནྱ་ཏཱ། ཕྱི་སྟོང་པ་ཉིད། ཨདྷྱཱཏྨ་བ་ཧིརྡྷཱ་ཤཱུ་ནྱ་ཏཱ། ཕྱི་ནང་སྟོང་པ་ཉིད། ཤཱུ་ནྱཏཱ་ཤཱུ་ནྱ་ཏཱ། སྟོང་པ་ཉིད་སྟོང་པ་ཉིད། མ་ཧཱ་ཤཱུ་ནྱ་ཏཱ། ཆེན་པོ་སྟོང་པ་ཉིད། པ་ར་མཱརྠ་ཤཱུ་ནྱ་ཏཱ།དོན་དམ་པ་སྟོང་པ་ཉིད། སཾ་སྐྲྀ་ཏ་ཤཱུ་ནྱ་ཏཱ། འདུས་བྱས་སྟོང་པ་ཉིད། ཨ་སཾ་སྐྲྀ་ཏ་ཤཱུ་ནྱ་ཏཱ། འདུས་མ་བྱས་སྟོང་པ་ཉིད། ཨ་ཏྱནྟ་ཤཱུ་ནྱ་ཏཱ། མཐའ་ལས་འདས་པ་སྟོང་པ་ཉིད། ཨ་ན་བ་རཱ་གྲ་ཤཱུ་ནྱ་ཏཱ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། ཨ་ན་བ་ཀཱ་ར་ཤུ་ནྱ་ཏཱ། དོར་བ་མེད་པ་སྟོང་པ་ཉིད། པྲ་ཀྲྀ་ཏི་ཤཱུ་ནྱ་ཏཱ། རང་བཞིན་སྟོང་པ་ཉིད། སརྦ་དྷརྨ་ཤཱུ་ནྱ་ཏཱ། ཆོས་ཐམས་ཅད་སྟོང་པ་ཉིད། སྭ་ལཀྵ་ཎ་ཤཱུ་ནྱ་ཏཱ། རང་གི་མཚན་ཉིད་སྟོང་པ་ཉིད། ཨ་ནུ་པ་ལཾ་བྷ་ཤཱུ་ནྱ་ཏཱ། མི་དམིགས་པ་སྟོང་པ་ཉིད། ཨ་བྷཱ་བ་སྭ་བྷཱ་བ་ཤཱུ་ནྱ་ཏཱ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། ཞེས་སོ། །


MR26_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྟོང་ཉིད་བཅུ་དྲུག་དང་། ཡང་དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་བསྣན་ན་སྟོང་ཉིད་བཅོ་བརྒྱད་དུ་བཞེད། གོང་གི་སྟོང་ཉིད་བཅུ་དྲུག་ཏུ་བསྟན་པ་བསྡུས་ན་བཞི་སྟེ། བྷཱ་བ་ཤཱུ་ནྱ་ཏཱ། དངོས་པོ་སྟོང་པ་ཉིད། ཨ་བྷཱ་བ་ཤཱུ་ནྱ་ཏཱ། དངོས་པོ་མེད་པ་སྟོང་པ་ཉིད། སྭ་བྷཱ་བ་ཤཱུ་ནྱ་ཏཱ། ངོ་བོ་ཉིད་སྟོང་པ་ཉིད། ཨ་ནྱ་བྷཱ་བ་ཤཱུ་ནྱ་ཏཱ། །གཞན་གྱི་དངོས་པོ་སྟོད་པ་ཉིད་དེ། དེ་ལྟར་སྟོང་ཉིད་ཉི་ཤུའོ། །དེ་ལྟར་སྟོང་པ་དང་གང་སྟོང་པའི་སྣང་བ་གཉིས་པོ་ཡེ་ནས་ངོ་བོ་ཉིད་ཀྱིས་འདུ་འབྲལ་མེད་པས། སཾ་བྲྀ་ཏི་པ་ར་མརྠ་ས་ཏྱཱཿ ཀུན་རྫོབ་དང་དོན་དམ་པའི་བདེན་པ། ཨ་དྭ་ཡཾ། གཉིས་སུ་མེད། ཨ་དྭཽ་དྷི་ཀཱ་ར། གཉིས་སུ་བྱར་མེད་པའི། དྷརྨ་དྷཱ་ཏུཿསྡྱི་ཏི་ཏྭ། ཆོས་ཀྱི་དབྱིངས་གནས་པ་ཉིད། སཾ་བིདྣི་ཤྩ་ཡཿ ལེགས་པར་རྟོགས་ཤིང་གཏན་ལ་ཕབ་པ་ན། མ་ཧཱ་ཡཱ་ན་པ་རི་གྲཱ་ཧ་ཀཿ ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་དང་། སདྡྷརྨ་པ་རི་གྲཱ་ཧ་ཀཿ དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སདྡྷརྨ་བྲྀཥྚི། དམ་པའི་ཆོས་ཀྱི་ཆར། སདྡྷརྨྨ་ཤྩ་ཙི་རསྡྱ་ཏི་ཀོ་བྷ་བ་ཏི། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར། མ་ཧཱ་ཡཱ་ན་དྷརྨྨ། ཐེག་པ་ཆེན་པའི་ཆོས། ཨེ་ཀཱ་མ་པི་ཙ་ཏུརྠཱ་དི་ཀཾ་གཱ་ཐཱ་མུ་གྲྀ་ཧྱ།ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་བཟུང་ནས། དྷརྨཱ་ནུ་དྷརྨ་པྲ་ཏི་པཏྟིཿ ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་བྱས་ན། ཨ་ནུཏྟ་རཱ་ཡཱཾ་སམྱཀྶཾ་བོ་དྷི་མ་བྷི་སཾ་བུདྡྷ་ཏྭ་པྲཱཔྟ་བྷ་བ་ཏིཿ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ཉིད་ཐོབ་པར་འགྱུར་རོ། །སརྦ་ལོ་ཀ་དྷཱ་ཏུ་སྭསྟི་ཤྲཱི་པྲ་བརྡྷ་བྷ་ཏི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཀྲ་ཤིས་པ་དང་དཔལ་རབ་ཏུ་འཕེལ་བར་འགྱུར་རོ། །མངྒ་ལཾ། འདིར་སྨྲས་པ། ཕྱིས་སུ་ནད་ཀྱིས་མནར་བ་ཡིས། །ཙོག་པུར་སྡོད་དུ་མི་སྟེར་ཞིང་། །འབྲི་ཀློག་


MR26_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མི་ནུས་པས། །འདི་འདྲའི་སེམས་ཁུར་གཏན་བྲལ་ཀྱང་། །མེ་ལུག་ས་ག་ཟླ་བ་ཡི། །ཁྱིམ་གྱི་གྲངས་ལྡན་ཚེས་ལ་ནི། །འཕྲལ་དུ་འབྲི་འདོད་སྐྱེས་པ་ལྟར། །རིམ་བྲིས་ཉེར་འཚེ་སྣ་ཚོགས་ཀྱིས། །རྦ་བས་འཁྲུགས་ཀྱང་བརྩོན་ཟིན་ཕྱིར། །འདོད་པ་མི་བཏང་རིམ་བརྩམ་པས། །ཉིན་ཞག་དྲུག་ཅུར་ལོངས་པ་ཡིས། །ཆུ་སྟོད་ཟླ་བའི་ཚེས་བཅུ་བཞིར། །གྲུབ་འགྱུར་འདི་ཡི་ལེགས་བྱས་ཀྱིས། །འགྲོ་རྣམས་ཚིག་དང་དོན་གནས་ལ། །མཁས་པའི་ཤེས་རབ་མཆོག་ཐོབ་ནས། །རྒྱལ་བའི་བསྟན་པ་གསལ་བྱེད་ཅིང་། །དེ་ཡི་མཐུ་ལས་འཇིག་རྟེན་ཁམས་ཀུན་ཏུ། །རྨོངས་མུན་དང་བྲལ་ཤེས་རབ་སྣང་བས་ཁྱབ། །བདེ་དང་བཀྲ་ཤིས་དཔལ་དང་སྐལ་བཟང་གི། ཡོན་ཏན་མ་ལུས་འབད་མེད་རྒྱས་གྱུར་ཅིག །གང་གི་ཡིད་ཀྱི་མཚོ་དང་ངག་གི་ཚལ། །དབྱངས་ཅན་ངང་པའི་བུ་མོས་མཛེས་བྱས་པས། །ས་གསུམ་ཀུན་དགར་བྱེད་པའི་སྒྲ་དབྱངས་ཅན། །སྨྲ་དབང་ཚོགས་རྣམས་ས་ཆེན་འདི་ན་མཛེས། །ཞེས་སྐད་གཉིས་ཤན་སྦྱར་བ་འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་མངའ་དབང་འབྱོར་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བོད་གངས་ཅན་གྱི་ཁྲོད་འདིར་གསལ་བར་སྤེལ་བའི་སླད་དུ་བསམ་བཞིན་སྤྲུལ་པའི་ཟློས་གར་བཟུང་བའི་སྔོན་གྱི་ལོ་ཙཱ་བ་ཆེན་པོ་དེ་དག་གི་སྐད་གཉིས་ཤན་སྦྱར་ཏེ་བསྟན་པའི་བསྟན་བཅོས་བྱེ་བྲག་ཏུ་རྟོགས་བྱེད་འདི་ཉིད། ལེགས་པར་གསུངས་པའི་བཀའ་དང་དགོངས་འགྲེལ་གྱི་གླེགས་བམ། རྒྱ་དཔེ་ལྷད་མེད་ཉིད་ལས་བཏུས་ཏེ་སྦྱར་བས་ཁུངས་བཙུན་པ་དང་། བདག་ཉིད་ཆེན་པོ་འདི་དག་གིས་སྒྲའི་དབྱངས་འཇལ་ཚུལ་ལ་གཞན་སུས་ཀྱང་འགྲན་དུ་མེད་པས་ཚིག་དོན་ལ་ནོར་འཁྲུལ་མེད་པ་དང་། དེ་བཞིན་གཤེགས་པའི་གསུང་རབ་ལས་བྱུང་བའི་མིང་གི་ཚོགས་བསྟན་བྱའི་གཙོ་བོར་མཛད་པས་འདི་དང་འབྲེལ་བ་དོན་ཆེ་བ་དང་། བོད་


MR26_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་པའི་སྒྲ་རིག་སྨྲ་བ་རྣམས་ཀྱི་མིག་ཏུ་གྱུར་ཅིང་ཐམས་ཅད་འདིའི་རྗེས་སུ་འབྲང་བས་ཡིད་ཆེས་ཚད་ཐུབ་ཀྱི་གཞུང་ཡིན་པ་དང་། བཀའ་དང་དགོངས་འགྲེལ་གྱི་གཞུང་ཚད་མར་གྱུར་པ་རྣམས་ཕལ་ཆེར་རྒྱ་གར་གྱི་ཡུལ་ནས་བསྒྱུར་བས་དེའི་སྐད་བོད་དུ་ཇི་ལྟར་བསྒྱུར་ཚུལ་ལ་ཡིད་ཆེས་ཀྱི་དང་བརྙེད་པ་སོགས་ཀྱི་དགོས་པའི་ཕྱིར་ན་གཞུང་འདི་ཉིད་གཙོ་བོར་བཟུང་ནས། གོ་རིམ་ཕྱོགས་བསྡེབས་འདི་ལྟ་བུ་ཞིག་བྱས་ན་གོ་བདེ་བ་ལ་ཕན་པ་འདུག་བསམ་ནས། སྒྱུ་ལུས་ཀྱིས་ལྕོགས་པར་དཀའ་ཡང་མགོ་མཐའ་ལྷུས་འགྲིགས་ཙམ་གྲུབ་པར་བྱས་པ་ཡིན་ལ། དེར་རྒྱས་པར་ཁ་འགེངས་ཀྱི་རིགས་རྣམས་ནི་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ཉིད་ཚད་ཐུབ་ཀྱི་གཞུང་ཡིན་ཞིང་། དེར་རྒྱལ་བའི་གསུང་རབ་ཀྱི་བརྡ་རྣམས་སྒེར་དུ་མེད་ཀྱང་། སྤྱིར་མིང་སྣ་ཚོགས་ཀྱི་མངོན་བརྗོད་ཤིན་ཏུ་རྒྱས་པ་ཡིན་ནའང་། གཞུང་འདི་ཉིད་སྔར་གསར་མའི་ལོ་ཙཱ་འགས་བསྒྱུར་བ་ལའང་ཅུང་ཟད་མ་རྟོགས་པའི་ཆ་རྣམས་ཅི་རིགས་བྱུང་མོད་ཀྱི། ཕྱིས་སུ་བརྡའ་སྤྲོད་རིག་པའི་གནས་སོགས་ལ་འགྲན་ཟླ་དང་བྲལ་བ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་རྒྱ་འགྲེལ་རྣམས་དང་བསྟུན་ནས་ལེགས་པར་གཏན་ལ་ཕབས་པའི་བསྟན་བཅོས་ལེགས་བཤད་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་ཡིད་བརྟན་ཆེ་བས་འདི་ནས་བླངས་ཏེ་བཀོད་པ་ཡིན་ལ། ད་དུང་མཁོ་ངེས་ཀྱི་སྐད་དོད་འགས་ཁ་བསྐང་ན་ལེགས་པར་འདུག་ཀྱང་། གཞུང་ཚད་ཐུབ་ལས་བཤད་པ་མ་རྙེད་ན། བློ་དཔྱད་ཀྱིས་གསར་དུ་བསྒྲིགས་ཀྱང་དོན་ལ་འགལ་བ་མེད་པ་ཙམ་དུ་གྱུར་པ་སྲིད་མོད་རྒྱ་དཔེ་དངོས་ཀྱི་ཚིག་རིས་ལྟར་བཞག་རྒྱུ་རྙེད་ན་ཡིད་བརྟན་ཆེ་བས། སླར་འཇམ་སྡུད་བཟང་གསུམ་སྙན་ངག་མེ་ལོང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སྡེབ་སྦྱོར་རིན་འབྱུང་སོགས་སྐད་གཉིས་ཤན་སྦྱར་ཡོད་པའི་གཞུང་ལས་བཏུས་ཏེ་ཟུར་དུ་ཁ་བསྐང་བྱས་ན་ལེགས་པར་གང་ཟག་བློ་ལྡན་རྣམས་ཀྱི་


MR26_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་དེ་ལྟར་འདོགས་པར་ཞུ་ཞིང་། འདིའི་གནས་གཞན་གོ་རིམ་བསྡེབ་ཚུལ་དེ་ལྟར་ངེས་ལ། འཇིག་རྟེན་གྱི་སྐབས་སུ་སྤྱི་ལ་འགྲོ་བའི་སྐོར་འདི་བྱེ་རྟོགས་དང་འཆི་མེད་མཛོད་རྩ་འགྲེལ་ལས་གསུངས་པ་ཙམ་ཅི་རིགས་བསྡུས་ནས་བཀོད་པ་ཡིན་ལ། འདི་ལ་བྱ་ཚིག་གཙོར་བཏོན་བྱ་བྱེད་ལས་གསུམ་དང་སྐུལ་ཚིག་གི་འཇུག་པ་སྡེ་ཚན་བསྡུ་ཚུལ་ལེགས་པོ་ཞིག་བྱས་ན་གོ་བདེ་བ་འོང་རྒྱུར་སྣང་ཡང་། བདག་ལ་ནི་སྐབས་འདིར་དཔེ་འདི་གཉིས་ལས་གཞན་མེད་པ་དང་། རང་ཡང་ལུས་ཁམས་རྙོགས་པས་མི་ནུས་པར་གྱུར་ཅིང་དེར་མ་ཟད་རྟགས་ཀྱི་འཇུག་པ་རྣམས་ཞིབ་ཆ་ཕོག་ན་ཤིན་ཏུ་ལེགས་མོད། སྐབས་འདིར་མ་གྲུབ་ཀྱང་སླད་ནས་རྟགས་བསྡུའི་གཞུང་རྣམས་དང་ལེགས་བཤད་ལྡེའུ་མིག་སོགས་དང་བསྟུན་ཏེ་རྟགས་མཐའི་གནད་ངེས་པར་བྱ་བ་གལ་ཆེའོ། །འོན་ཀྱང་སྐད་དོད་འདི་ཙམ་ཞིག་ཡོད་པ་འདི་རྣམས་ཁུངས་ཐུབ་ཡིད་ཆེས་ཅན་ཡིན་པ་དང་།མིང་ཆེ་ལོང་རགས་པ་ཐམས་ཅད་ཡོད་པས་འདིས་ཀྱང་གོ་ཆོད་པ་སྨོས་མ་དགོས་ལ། འདི་ལ་བརྟེན་ནས་བརྡ་སྤྲོད་པའི་གཞུང་གི་འཇུག་པ་ལ་བློ་གོམས་པར་བྱས་ན། མཐའ་ཡས་མུ་མེད་པའི་མིང་ཚིག་ཡི་གེའི་ཚོགས་ཀྱི་འཇུག་ཚུལ་ཀུན་ནས་སྨྲ་བའི་ལྗགས་བཟང་ཐོབ་པར་འགྱུར་རོ། །གཞུང་འདི་རབ་ཚེས་མེ་ལུག་ལོའི་དབྱར་ཕྱོགས་བྲིས་པ་ལ་སླད་ནས་ལྕགས་ཁྱི་ལོར་སྐད་གཉིས་ཤན་སྦྱར་གྱི་གཞུང་ཚད་ལྡན་ཁུངས་ཐུབ་འགའ་ལས་ཉེར་མཁོ་ཅི་རིགས་པས་ཁ་བསྐང་སྟེ་ལེགས་པར་གྲུབ་པར་བྱས་པའོ། །ཞེས་མི་ཕམ་རྣམ་པར་རྒྱལ་བ་མཚོ་བྱུང་བཞད་པའི་གེ་སར་གྱིས་བཀོད་པ་འདིའི་དགེ་བས་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྡོ་རྗེ་སྒྲ་དབྱངས་ངག་གི་དབང་ཕྱུག་མས་རྗེས་སུ་འཛིན་ཞིང་། མཐར་ཐུག་དེ་དང་གཉིས་སུ་མེད་པའི་གོ་འཕང་རྟག་པ་དམ་པ་འགྲུབ་པར་གྱུར་ཅིག ས་དཱ་ཤུབྷཾ་མངྒ་ལཾ། ༈ །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཀུན་མཁྱེན་རབ་གཅིག་


MR26_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤུངས་པའི་དཔྱིད། །འཇམ་དཔལ་གསང་གསུམ་ཡེ་ཤེས་ནོར་བུའི་ཏོག །མཁས་གྲུབ་གདེངས་ཅན་ཡོངས་ཀྱི་གཙུག་རྒྱན་དུ། །སྲིད་འདིར་སྣང་བ་རྗེ་བཙུན་བླ་མས་སྐྱོངས། །དེ་ནི་འཇིག་རྟེན་གསལ་བའི་ཉི་མ་སྟེ། །ལུང་རིགས་ཤར་གྱི་ས་འཛིན་རྩེར་འཐོན་ནས། །ལྔ་ཕྲག་རིག་གཞུང་པད་ཚལ་ཇི་སྙེད་པ། །དུས་ཀྱི་ཟུམ་ལ་ཉེ་ཀུན་འབྱེད་པར་མཛད། གང་དག་ཡོན་ཏན་ཆ་རྫོགས་བསྟན་འགྲོའི་མིག །མཁས་པ་ཟླ་བ་ཉ་འདྲར་བགྱིད་འདོད་ན། །མཐའ་ཀླས་ཤེས་བྱ་རྒྱ་མཚོའི་ཕྱི་མོ་ནི། །མིང་ཚིག་སྦྱོར་བ་དཀར་པོའི་ཆོས་འདིར་སྟེན། །འགྲོ་ཀུན་བདེ་སྐྱིད་བསོད་ནམས་བསགས་ལས་ཏེ། །དེ་ནི་རྒྱལ་བའི་གསུང་རབ་ཤེས་ལས་འབྱུང་། །དེ་ཡང་སྐད་གཉིས་ཡོལ་གོར་འཁྱིལ་བའི་ཕྱིར། །སྲིད་ན་ཕན་བདེ་འབྱུང་བའི་གནས་ཀྱང་འདི། །ཐ་སྙད་ལ་བརྟེན་དོན་དམ་རྟོགས་བྱས་ནས། །དེར་བསྟེན་མྱ་ངན་འདས་ལ་མི་རིང་ཕྱིར། །ངེས་པའི་ཚིག་ལ་སྤོབས་པ་ཐོབ་པ་ཡིས། །མཆོག་གི་མཐར་ཐུག་ཉིང་དགོས་བླ་ན་མེད། །བདེ་གཤེགས་བསྟན་ལ་སྲི་ཞུ་བགྱིད་ཕྱིར་དང་། །ཀུན་མཁྱེན་བླ་མའི་ཕྲིན་ལས་སྤེལ་ཕྱིར་དང་། །བློ་གསལ་དོན་གཉེར་ཅན་ལ་སྨན་ཕྱིར་སོགས། །ལྷག་བསམ་སྤྲིན་བྲལ་སྟོན་ཟླར་འགྲེམ་པ་བཞིན། །ངོ་མཚར་གླེགས་བམ་མི་ཟད་འཁྲུངས་པའི་སྤར། །འབྲས་ལྡན་ལྗོན་ཤིང་ལྟ་བུར་བསྐྲུན་པའི་དགེ། འཇམ་པའི་དབྱངས་དང་ཀུན་ཏུ་བཟང་སོགས་བཞིན། །འཁོར་གསུམ་དག་པའི་ཡོངས་སྔོའི་རྗེས་སུ་གཞོལ། །རྗོད་བྱེད་སྐད་གཉིས་སྤྲིན་ལས་བརྗོད་བྱའི་ཕུལ། །མཁས་བྱའི་གནས་བཅུའི་བདུད་རྩི་སྐྱུགས་པ་ཡིས། །སོ་སོ་རིག་བཞིའི་འབྲས་བཟང་སྐྱེད་སྲིང་པ། །རང་གཞན་འགྲོ་ཀུན་ཡོངས་སུ་སྤྱོད་པར་ཤོག །མཆོག་གསུམ་ཉི་འོད་ལྷག་པར་དར་བའི་གཟིས། །འཇིག་རྟེན་ཡང་དག་ལྟ་བའི་ལམ་བཟང་རྙེད། །རྩོད་ལྡན་སྙིགས་མའི་མུན་སྟུག་ཕམ་བྱས་ནས། །བདེ་ལེགས་མཆོག་གི་དཔལ་ལ་རྟག་རོལ་ཤོག །འཇམ་མགོན་ཆོས་ཀྱི་རྗེ་སོགས་


MR26_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས། །མཆོག་རྣམས་ཞབས་བརྟན་མཉེས་པའི་རྩེར་འཛེགས་ཤིང་། །མཁྱེན་བརྩེའི་རྒྱ་མཚོ་ཆེ་ལས་ལེགས་འོངས་པའི། །དམ་ཆོས་རིན་ཆེན་སྣོད་དུ་བདག་གྱུར་ཅིང་། །ཁྱད་པར་སྐྱེ་ཀུན་སྡོམ་གསུམ་དག་པའི་ཤིང་། །ཚོགས་གཉིས་ཡལ་འདབ་འཕགས་ནོར་འབྲས་བུས་ལྕིད། །ཉེར་འཚེ་ལས་རྒྱལ་རྒྱལ་བསྟན་སྤེལ་ནུས་པའི། །སྲིད་ཞིའི་མཁྱེན་སྟོབས་ཕུན་སུམ་ཚོགས་གྱུར་ཅིག །ཐུན་མོང་རིག་པའི་གཞལ་མེད་ཁང་དུ་སྡེ་སྣོད་གསུམ་གྱི་མཛོད་བསགས་ཏེ། །ཚུལ་ཁྲིམས་ཁྲི་ལ་ཏིང་འཛིན་རྐང་བཀོད་ཤེས་རབ་ཉེར་འཚོ་ཤིན་ཏུ་མཐོ། །ལེགས་བཤད་མཆོད་སྦྱིན་གཏོང་ཕོད་ཅན་གྱི་བསྟན་འཛིན་སྐྱེས་བུས་རབ་བཟུང་བས། །མདོ་སྔགས་ཐུབ་བསྟན་རྟག་ཁྱབ་དཔལ་གྱིས་ཀུན་ཀྱང་ཐམས་ཅད་མཁྱེན་འཐོབ་ཤོག །ཅེས་པའང་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་རྗེ་བཙུན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ཞབས་སེན་ནོར་བུའི་ཅོད་པན་གཙུག་ཏུ་ཐོབ་ཅིང་། ལྔ་ཕྲག་རིག་པའི་གནས་ལ་མོས་པ་ཙམ་སྙིང་དབུས་སུ་འཆང་བ་འཇམ་དབྱངས་དགེ་ལེགས་ཆོས་འཕེལ་ལམ། བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་དབྱངས་ཅན་དགྱེས་པའི་ལེགས་བཤད་རྒྱ་མཚོ་ཞེས་བྱ་བས་ཆོས་སྦྱིན་གྱི་མ་མར་སྤེལ་ནས། སི་ཏུ་མ་ཧཱ་ཏའི་བདག་རྐྱེན་ལས་དཔལ་ཀཿ ཐོག་ཏུ་གཞུང་བརྒྱ་ཕྲག་ལྷག་གི་འཆད་ཉན་གྱི་རྒྱུན་གསར་དུ་འཛུགས་པ་ཐོས་བསམ་ཆ་རྐྱེན་དུ་རྗེས་སུ་ཡི་རང་པའི་བློས་གཙུག་ལག་ཁང་དེ་ཉིད་དུ་བཞུགས་སུ་གསོལ་བ་དང་ཆབས་ཅིག རྗེ་བླ་མའི་བཀའ་ལྟར་ཡོན་སྦྱོར་བ་པོ་རང་ཉིད་ཀྱིས་སྨྲས་པ་བཀྲ་ཤིས་བདུད་རྩིའི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག སརྦྦ་ཐཱ་མངྒ་ལཾ་ཤྲེ་ཡ་སྶིདྡྷིརྦྷ་བ་ཏུ། །


previousཤོག་ལྷེབ་ ༥༠༡ ནས་ ༥༨༧ བྱོན།next