Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡ ནས་ ༡༠༠ བར།next

ཤོག་ལྷེབ་ ༡ ནས་ ༡༠༠ བར།


MR26_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

པྲ ཀ ཊ རཏྣ སྱཱ ད ཪྴ ནཱ མ དྭི ཤབྡ སཾ ཡོ ཛི ཏཱ བི ཧ ར ཏིསྨ། །
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས།


MR26_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཡེ་ཤེས་མེ་ལོང་དྭང་བའི་གཟུགས། །ཡིད་འོང་དགའ་བའི་ཉམས་བརྒྱར་འབར་བ་ལ། །དབྱངས་ཀྱི་རྒྱལ་མོས་ལེགས་འཁྱུད་དགའ་ཆེན་དཔྱིད། །སྙིང་ལ་བཅུད་དུ་འགུག་ཅིང་བརྟན་གྱུར་ཅིག །འདིར་ངེས་པའི་ཚིག་གི་སྤོབས་པ་ཁྱད་པར་ཅན་ཐོབ་པའི་སྒོར་གྱུར་པ་སྐད་གཉིས་ཤན་སྦྱར་ཏེ་བརྗོད་པའི་ཐོག་མར། ན་མོ་བུདྡྷཱ་ཡ། སངས་རྒྱས་ལ་ཕྱག་འཚལ་ལོ། །ན་མོ་དྷརྨཱ་ཡ། ཆོས་ལ་ཕྱག་འཚལ་ལོ། །ན་མཿསཾ་གྷཱ་ཡ། དགེ་འདུན་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་སེམས་ཀྱི་མཚན་ལ་སོགས་པའི་སྡེ་ཚན་ལས། སངས་རྒྱས་སྤྱིའི་མཚན་ལ། བུདྡྷཿ སངས་རྒྱས། བྷ་ག་ཝཱན྄། བཅོམ་ལྡན་འདས། ཏ་ཐཱ་ག་ཏཿ དེ་བཞིན་གཤེགས་པ། །


MR26_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྷན྄། དགྲ་བཅོམ་པ། སམྱཀྶཾ། ཡང་དག་པར་རྫོགས་པ། སུ་ག་ཏཿ བདེ་བར་གཤེགས་པ། ལོ་ཀ་བི་རྡ། འཇིག་རྟེན་མཁྱེན་པ། ཤཱསྟཱ། སྟོན་པ། ཛི་ན། རྒྱལ་བ། སརྦ་ཛྙཱཿ ཐམས་ཅད་མཁྱེན་པའམ་ཀུན་མཁྱེན། ནཱ་ཡ་ཀཿ འདྲེན་པ། བི་ནཱ་ཡ་ཀཿ རྣམ་པར་འདྲེན་པ། ས་མནྟ་བྷ་དྲཿ ཀུན་ཏུ་བཟང་པོ། མཱ་ར་ཛིཏ྄། བདུད་འདུལ། ལོ་ཀ་ཛིཏ྄། འཇིག་རྟེན་འདུལ། མུ་ནིཿ ཐུབ་པ། མུ་ནཱི་ནྡྲཿཐུབ་དབང་། ཤྲཱི་གྷ་ནཿ དཔལ་སྟུག ཨ་དྭ་ཡ་བཱ་དིན྄་དཱི། གཉིས་མེད་གསུང་བ། མིང་མཐའ་དིན྄་དང་དཱི། འདམ་ང་ཅན་ཏེ་རྟགས་མཐའི་རྣམ་དབྱེའི་དབང་གིས་འདི་འདྲ་དུ་མ་འོང་བ་འོག་གི་སྐབས་ཀུན་ཏུ་ཤེས་པར་བྱའོ། །དྷརྨྨ་རཱ་ཛཿ ཆོས་ཀྱི་རྒྱལ་པོ། ད་ཤ་བ་ལཿ སྟོབས་བཅུ་པ། ཥ་ཌ་བྷི་ཛྙཿ མངོན་ཤེས་དྲུག་ལྡན་ཞེས་སོགས་སོ། །སྟོན་པ་ཤཱཀྱ་ཐུབ་པའི་མཚན། ཤཱཀྱ་སིཾ་ཧཿ ཤཱཀྱ་སེང་གེ སརྦྦཱ་རྠ་སིདྡྷཿ དོན་ཀུན་གྲུབ་པ།


MR26_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཤཽ་དྡྷོ་ད་ནི་འམ། སཽདྡྷོ་ད་ནིཿ ཟས་གཙང་སྲས། ཤཱཀྱ་པུངྒ་བཿ ཤཱཀྱའི་སྐྱེས་མཆོག ཤཱཀྱ་མུ་ནིཿ ཤཱཀྱ་ཐུབ་པ། སུརྱ་བཾ་ཤཿ ཉི་མའི་རིགས། ཨཱངྒཱི་རསཿ ཉི་མའི་རྒྱུད། ཨི་ཀྵྭ་ཀུ་ཀུ་ལ་ནནྡནཿ བུ་རམ་ཤིང་པའི་རིགས་དགའ་བ། གཽ་ཏ་མཿ སོར་བཞག་གམ་རིགས་མཆོག་ཅན། ཨརྐྐ་བནྡྷུཿ ཉི་མའི་གཉེན། མཱ་ཡཱ་དེ་བཱི་སུ་ཏཿ ལྷ་མོ་སྒྱུ་འཕྲུལ་སྲས། ཞེས་སོ། །གཞན་ཡང་སངས་རྒྱས་ལ། བི་བྷུཿ ཁྱབ་བདག པྲ་བྷུཿ མངའ་བདག སྭ་ཡཾ་བྷུཿ རང་བྱུང་། མ་ཧཱཏྨཱ། བདག་ཉིད་ཆེན་པོ། ཤ་ར་ཎམ྄། སྐྱབས། བ་ར་དཿ མཆོག་སྦྱིན། ནིརྨ་ལཿ དྲི་མ་མེད་པའམ་ཡང་ན་བདག་གི་བ་མེད་པར་ཡང་འཇུག གོཔྟཱ། སྲུང་མཛད། བི་ཛ་ཡཱི། རྣམ་པར་རྒྱལ་བ་མངའ། བི་ཤྭནྟ་རཿ ཐམས་ཅད་སྒྲོལ། སརྦ་དྷརྨེ་ཤྭ་རཿ ཆོས་ཐམས་ཅད་ཀྱི་དབང་ཕྱུག ལོ་ཀེ་ཛྱཥྛཿ འཇིག་རྟེན་གྱི་གཙོ་བོ། ཏཱ་ཡི། སྐྱོབ་པ། དེ་བཱ་ཏི་དེ་བཿ ལྷ་ཡི་ཡང་ལྷ། མ་ཧཱརྵིཿ དྲང་སྲོང་ཆེན་པོ། དྷརྨྨ་སྭཱ་མཱི། ཆོས་ཀྱི་རྗེ། རྀ་ཥ་བྷཿ ཁྱུ་མཆོག པ་རི་ཎཱ་ཡ་ཀཿ ཡོངས་སུ་འདྲེན་པ། བི་རཱཊ྄། རྣམ་པར་མཛེས། དྷཱི་རཿ བརྟན་པ། གུ་ཎ་སཱ་ག་རཿ ཡོན་ཏན་རྒྱ་མཚོ། ཤ་ར་ཎྱཿ སྐྱབས་འོས། བཱ་དི་སིཾ་ཧཿ སྨྲ་བའི་སེང་གེ ན་རོཏྟ་མཿ མི་མཆོག མཱ་རཱ་བྷི་བྷཱུཿ བདུད་ཟིལ་གྱིས་གནོན། ཨཔྲ་ཏི་པུདྒ་ལཿ གང་ཟག་ཟླ་མེད་པ། བཱནྟ་དོ་ཥཿ སྐྱོན་བསལ་བ། ཧ་ཏ་བི་ཥཿ དུག་བཅོམ་པ། ཨ་ནངྒ་ཛི་ཏ། ལུས་མེད་ཐུལ། བྷ་བཱནྟ་ཀྲྀཏ྄། སྲིད་མཐར་བྱེད། ཨགྷ་ཧནྟཿ སྡིག་འཇོམས། པ་རཱརྷཿ མཆོག་དོན་འོས། བཱི་རཿ དཔའ་བ། ཤ་མི་ཏཱ། ཞི་བར་མཛད་


MR26_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤཱནྟ་པཱ་པཿ སྡིག་པ་ཞི་བ། ཤཱི་ཏཱི་བྷཱུ་ཏཿ བསིལ་བར་གྱུར་པ། ཤི་བཾ་ཀ་རཿ ཤིས་མཛད། ནིཿ རྩོད་མེད། ནེ་ཏཱཿ མཚོན་པ། ནི་ར་བ་དྱཿ ཁ་ན་མ་ཐོ་བ་མི་མངའ་བ། ནིརྦྷ་ཡཿ བསྙེངས་པ་མི་མངའ་བ། བཱི་ཏ་ཏྲྀཥྞཱ། སྲེད་པ་དང་བྲལ་བ། ནི་རཱ་དཱ་ནཱཿ ལེན་པ་མི་མངའ། བི་ཤྲུ་ཏཿ རྣམ་པར་གྲགས་པ། ཤུབྷ་དྷརྨྨཱ་ཀ་རཿ དགེ་བའི་ཆོས་ཀྱི་འབྱུང་གནས། ཤུ་ཙིཿ གཙང་བ། ཨ་ནུ་པ་མཿ དཔེ་མེད་པ། ཏྲི་ཀཱ་ལ་ཛྙཿ དུས་གསུམ་མཁྱེན་པ། བཱ་དཱི། གསུང་ལྡན། ཏྲི་དོ་ཥོ་པ་ཧཱ། ཉེར་གསུམ། འཇོམས། ཏྲི་པྲཱ་ཏི་ཧཱཪྻ་ས་མ་པནྣཿ ཆོ་འཕྲུལ་གསུམ་དང་ལྡན་པ། ཏྲི་སྐནྡྷ་པ་ཐ་དེ་ཤི་ཀཿ ཕུང་པོ་གསུམ་གྱི་ལམ་སྟོན་པ། ནིརྫྭ་རཿ ནད་མི་མངའ་བ། ཞེས་སོགས་ཡོན་ཏན་རྒྱ་མཚོའི་སྒྲ་དབྱངས་བསྒྲགས་པའི་མཚན་གྱིས་ཕྱོགས་ཀྱི་ཁོར་ཡུག་མ་ལུས་པ་ཁྱབ་ཅིང་འཇིག་རྟེན་མཐའ་དག་དགེ་བའི་དཔལ་དུ་གྱུར་པའོ། །སངས་རྒྱས་སོ་སོའི་མཚན། བཻ་རོ་ཙ་ནཿ རྣམ་པར་སྣང་མཛད། ཨ་ཀྵོ་བྷྱཿ མི་འཁྲུགས་པ། ཨ་མི་ཏཱ་བྷཿ འོད་དཔག་མེད། རཏྣ་སཾ་བྷ་བཿ རིན་ཆེན་འབྱུང་ལྡན། ཨ་མོ་གྷ་སིདྡྷིཿ དོན་ཡོད་གྲུབ་པ། བི་པ་ཤྱཱི། རྣམ་པར་གཟིགས། ཤི་ཁཱི། འམ། སི་ཥཱི། གཙུག་ཏོར་ཅན། ཀྲ་ཀུཙྪནྡཿ ལོག་པ་དད་སེལ། ཀྲ་ཀུཏྶུནྡཿ འཁོར་བ་འཇིག ཀ་ན་ཀ་མུ་ནིཿ གསེར་ཐུབ། ཀཱ་ཤྱ་པཿ འོད་སྲུངས། ཤཱཀྱ་མུ་ནིཿ ཤཱཀྱ་ཐུབ་པ། དཱི་པཾ་ཀ་རཿ མར་མེ་མཛད། པདྨ་ནེ་ཏྲཿཔདྨའི་སྤྱན། པྲ་ཧ་སི་ཏ་ནེ་ཏྲཿ སྤྱན་གསལ་རྒྱས། རཏྣ་ཤི་ཁཱི། རིན་ཆེན་གཙུག་ཏོར་ཅན། མེ་གྷ་སྭ་རཿ འབྲུག་སྒྲ། ས་ལཱི་ལ་ག་ཛ་གཱ་མཱི། གླང་པོ་ཆེ་ལྟར་འགྱིང་ཞིང་བཞུད་པ། ལོ་ཀཱ་བྷི་ལཱ་ཥཱི། འཇིག་རྟེན་མོས་པ།


MR26_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །སངས་རྒྱས་ཀྱི་ས་དང་ཡོན་ཏན་གྱི་མིང་། ས་མནྟ་པྲ་བྷཱ་བུདྡྷ་བྷཱུ་མིཿ སངས་རྒྱས་ཀྱི་ས་ཀུན་ཏུ་འོད། ཤཱི་ལ་སྐནྡྷཿ ཚུལ་ཁྲིམས་ཀྱི་ཕུང་པོ། ས་མཱ་དྷི་སྐནྡྷཿ ཏིང་ངེ་འཛིན་གྱི་ཕུང་པོ། པྲཛྙཱ་སྐནྡྷཿ ཤེས་རབ་ཀྱི་ཕུང་པོ། བི་མུཀྟི་སྐནྡྷཿ རྣམ་པར་གྲོལ་བའི་ཕུང་པོ། བི་མུཀྟི་ཛྙཱན་དཪྴ་ན་སྐནྡྷཿ རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ། དྷརྨྨ་དྷཱ་ཏུ་བི་ཤུདྡྷིཿ ཆོས་ཀྱི་དབྱིངས་རྣམ་པར་དག་པ། ཨཱ་དཪྴ་ཛྙཱ་ནམ། མེ་ལོང་ལྟ་བུའི་ཡེ་ཤེས། ས་མ་ཏཱ་ཛྙཱ་ན་མྲ། མཉམ་ཉིད་ཡེ་ཤེས། པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་མྲ། སོ་སོར་རྟོག་པའི་ཡེ་ཤེས། ཀྲྀཏྱཱ་ནུཥྛཱ་ན་ཛྙཱ་ན་མྲ། བྱ་བ་ནན་ཏན་དུ་གྲུབ་པའི་ཡེ་ཤེས། སྭ་བྷཱ་བ་ཏཱ་ཀཱ་ཡཿ ངོ་བོ་ཉིད་སྐུ། དྷརྨ་ཀཱ་ཡཿ ཆོས་ཀྱི་སྐུ། སམྦྷོ་ག་ཀཱ་ཡ། ལོངས་སྤྱོད་རྫོགས་པའི་སྐུ། ནིརྨཱ་ཎ་ཀཱ་ཡཿ སྤྲུལ་པའི་སྐུ། སངས་རྒྱས་དེ་དག་གི་ཡོན་ཏན་ཚོགས་ནི། ད་ཤ་བ་ལཾ། སྟོབས་བཅུ། ཙ་ཏུ། བཻ་ཤཱ་ར་དྱམ྄། མི་འཇིགས་པ་བཞི་ལ་སོགས་པ་འོག་ཏུ་འབྲས་ཆོས་སྐབས་སུ་འཆད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་ནི་བྱེ་བྲག་རྟོགས་བྱེད་ལས་གསུང་པས་དེར་བལྟ་བར་བྱ། འོག་ཏུའང་མདོར་བསྡུས་འཆད་དོ། །གཞན་ཡང་དེ་བཞིན་གཤེགས་པའི་ཆེ་བ་མདོ་སྡེ་ལས་བྱུང་བ། སུ་བི་ཤུདྡྷ་བུདྡྷིཿ བློ་ཤིན་ཏུ་རྣམ་པར་དག་པ། སརྦ་བུདྡྷ་ས་མ་ཏཱ་པྲཱཔྟཿ སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ལ་སོགས་བྱེ་བྲག་རྟོགས་བྱེད་དུ་བལྟ་བར་བྱ་སྟེ། མདོ་སྡེའི་སྒྲ་དོན་བསྒྱུར་ཚུལ་གྱི་སྒྲ་ཡི་ཚུལ་ཤེས་ཤིང་སངས་རྒྱས་ཀྱི་ཡོན་ཏན་བསྒྲགས་པ་བསོད་ནམས་ཆེ་བའི་ཕྱིར་རོ། །ཨ་ནནྟ་མདྷྱ་བུདྡྷ་བྷཱུ་མི་ས་མ་ཏཱ་དྷི་ག་ཏཿ མཐའ་དང་དབུས་མེད་པའི་


MR26_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད་པ། དྷརྨ་དྷཱ་ཏུ་པཪྻནྟཿ ཆོས་ཀྱི་དབྱིངས་ཀྱིས་གཏུགས་པ། དྷརྨྨ་དྷཱ་ཏུ་པ་ར་མཿ ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ཨཱ་ཀཱ་ཤ་དྷཱ་ཏུ་པཪྻ་བ་སཱ་ནཿ ནམ་མཁའི་ཁམས་ཀྱི་མཐས་ཀླས་པ། ཨ་པ་རཱནྟ་ཀོ་ཊི་ནིཥྛཿ ཕྱི་མའི་མཐའི་མུར་ཐུག་པ། ཨ་ནཱནྟ་མདྷྱ། མཐའ་དང་དབུས་མེད་པ། ཏྲྱ་དྷྭ་ས་མ་ཏཱ་ཨ་དྷི་ག་ཏཿ དུས་གསུམ་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཨ་པྲ་མཱ་ཎ་ག་ཏ་བུདྡྷ་མཱ་ཧཱཏྨྱཿ སངས་རྒྱས་ཀྱི་ཆེ་བ་ཉིད་ཚད་མེད་པ་བརྙེས་པའོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས། བིདྱཱ་ཙ་ར་ཎ་སམྤནྣཿ རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། ཨ་ནུཏྟ་ར་པུ་རུ་ཥ་དམྱ་སཱ་ར་ཐིཿ སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། ནིཥྱནྡཿས་ཏ་ཐཱ་ག་ཏ་པུཎྱ་ནཱཾ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། ཨ་བི་པྲ་ཎཱ་ཤཿཀུ་ཤ་ལ་མཱུ་ལཱ་ནཱཾ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། ཨ་ལཾ་ཀྲྀ་ཏཿཀྵཱནྟྱཱ། བཟོད་པས་བརྒྱན་པ། ཨཱ་ལ་ཡ་པུཎྱ་ནི་དྷཱ་ནཱ་ནཱཾ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། ཙི་ཏྲི་ཏོ྅་ནུ བྱཉྫ ནཻཿ དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། ཀུ་སུ་མི་ཏོ་ལཀྵ་ཎཻཿ མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། པྲ་ཏཱི་རཱུ་པོ་གོ་ཙ་རེ་ཎཿ སྤྱོད་ཡུལ་རན་པར་མཐུན་པ། ཨ་པྲ་ཏི་ཀཱུ་ལོ་དཪྴ་ནི་ན། མཐོང་ན་མི་མཐུན་པ་མེད་པ། ཨ་བྷི་ར་ཏིཿཤྲཱདྡྷཱ་དྷི་མུཀྟཱ་ནཱཾ། དད་པས་མོས་པ་རྣམས་མངོན་པར་དགའ་བ། ཨ་ན་བྷི་བྷཱུ་ཏཿཔྲ་ཛྙ་ཡཱ། ཤེས་རབ་ཟིལ་གྱིས་མི་ནོན་པ། ཨ་ན་བ་མརྡ་ནཱི་ཡོབ་ལཻཿ སྟོབས་རྣམས་ལ་བརྫི་བ་མེད་པ། ཤཱསྟཱ་སརྦྦ་སཏྭཱ་ནཱཾ། སེམས་ཅན་


MR26_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྟོན་པ། པི་ཏ་བོདྷི་སཏྭཱ་ནཱཾ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། རཱ་ཛཱ་ཨཱཪྻ་པུདྒ་ལཱ་ནཱཾ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། སཱརྠཱ་བཱ་ཧ་ཨཱ་དི་ཀརྨི་ཀཱ་ནཱཾ། ལས་དང་པོ་པ་རྣམས་ཀྱི་དེད་དཔོན། ཨ་པྲ་མེ་ཡོ་ཛྙཱ་ནེ་ན། ཡེ་ཤེས་དཔག་ཏུ་མེད་པ། ཨ་ནནྟཿཔྲ་ཏི་བྷཱ་ནི་ན། སྤོབས་པ་མཐའ་ཡས་པ། བི་ཤུདྡྷསྶྭ་རེ་ཎ། གསུང་རྣམ་པར་དག་པ། སཱ་སྭཱ་ད་ནཱི་ཡོ་གྷོ་ཥེ་ཎ། དབྱངས་སྙན་པ། ཨ་སེ་ཙ་ན་ཀོ་རཱུ་པེ་ཎ། སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། ཨ་པྲ་ཏི་ས་མཿཀཱ་ཡེ་ནཿ སྐུ་མཚུངས་པ་མེད་པ། ཨ་ལིཔྟཿཀཱ་མཻཿ འདོད་པ་དག་གིས་མ་གོས་པ། ཨ་ནུ་པ་ལིཔྟོ་རཱུ་པཻཿ གཟུགས་དག་གིས་ཉེ་བར་མ་གོས་པ། ཨཱ་སཾ་སྲིཥྚ་ཨཱ་རཱུ་པྱཻཿ གཟུགས་མེད་པ་དག་དང་མ་འདྲེས་པ། བི་པྲ་མུཀྟཿསྐནྡྷེ་བྷྱཿ ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། བི་སཾ་ཡུཀྟོ་དྷཱ་ཏུ་བྷིཿ ཁམས་རྣམས་དང་མི་ལྡན་པ། སཾ་བྲྀཏྟ་ཨཱ་ཡ་ཏ་ནཻཿ སྐྱེ་མཆེད་རྣམས་བསྡམ་པ། པྲཙྪིནྣོ་གྲནྠཻཿ མདུད་པ་རྣམས་ཤིན་ཏུ་བཅད་པ། བི་མུཀྟཿ བ་རི་དཱ་གྷཻཿ ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། མུཀྟ་ཏྲྀཥྞ་ཡཱ། སྲིད་པ་ལས་གྲོལ་བ། ཨཽ་གྷཱ་དུརྟྟཱིརྞྞཿ ཆུ་བོ་ལས་བརྒལ་བ། པ་རི་པཱུརྞྞོ་ཛྙཱ་ནེ་ན། ཡེ་ཤེས་ཡོངས་སུ་རྫོགས་པ། པྲ་ཏིཥྛི་ཏོ྅་ཏཱི་ཏཱ་ནཱ་ག་ཏ་པྲ་ཏྱུཏྤ་ནྣཱཾ་བུདྡྷཱ་ནཱཾ་བྷ་ག་ཝ་ཏཱིཛྙཱ་ནེ། འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། ཨ་པྲ་ཏིཥྛི་ཏོ་ནིརྦཱ་ཎེ། མྱ་ངན་ལས་འདས་པ་ལ་མི་གནས་པ། སྠི་ཏོ་བྷཱུ་ཏ་ཀོ་ཊྱཱཾ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སྡྱི་ཏཿསརྦ་ས་ཏྭ་ལློ་ཀ་ནཱི་ཡཱ་ཡཱཾ་བྷཱུ་མཽ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་


MR26_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། ཨ་ནནྟ་ཤི་ཤྱ་ག་ཎ་སུ་བི་ནཱི་ཏཿ སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་མངའ་བ། སརྦ་སཏྭཱ་ཤ་ཡ་སུ་བིདྷི་ཛྙཱཿ སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལེགས་པར་བསྒྲུབ་པ་ཤེས་པ། ཨ་ནཱ་བྷོ་ག་བུདྡྷ་ཀཱཪྻ་པྲ་ཏི་པྲ་སྲབྡྷཿ སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པ་ཞེས་པ་ལ་སོགས་པའོ། །ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟར། ཤཱུ་རཾ་ག་མོ་ནཱ་མ་ས་མཱ་དྷིཿ དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན། རཏྣ་མུ་དྲཱ་ནཱ་མ་ས་མཱ་དྷིཿ རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན། སུ་ཙནྡྲོ་ནཱ་མ་ས་མཱ་དྷིཿ ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན། སིཾ་ཧ་བི་ཀྲཱྀ་ཌི་ཏོ་ན་མཱ་ས་མཱ་དྷིཿ སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན། དེ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལས་བྱུང་བའི་ཏིང་ངེ་འཛིན་གྱི་མིང་རྣམས་ཤེས་པར་འདོད་ན་བྱེ་བྲག་རྟོགས་བྱེད་དུ་བལྟ་བར་བྱའོ། །བྱང་ཆུབ་སེམས་དཔའ་སྤྱིའི་མཚན་དུ། བོ་དྷི་ས་ཏྭཿ བྱང་ཆུབ་སེམས་དཔའ། མ་ཧཱ་ས་ཏྭཿ སེམས་དཔའ་ཆེན་པོ། ཛི་ན་པུ་ཏྲཿ རྒྱལ་བའི་སྲས། ཛི་ནཱ་དྷཱ་རཿ རྒྱལ་བའི་གཞི། ཛི་ནཱཾ་ཀུ་རཿ རྒྱལ་བའི་མྱུ་གུ། བི་ཛེ་ཏཱ། རྣམ་པར་རྒྱལ་བྱེད། དྷཱི་མཱན྄། བློ་ལྡན། ཨུཏྟ་མ་དྱུ་ཏིཿ གསལ་མཆོག །མ་ཧཱ་ཡ་ཤཿ གྲགས་ཆེན། བི་ཀྲཱནྟཿ རྩལ་ལྡན། པ་ར་མཱཪྻཿ འཕགས་མཆོག །སཱརྠ་བཱ་ཧཿ དེད་དཔོན། ཀྲྀ་པཱ་ལུཿ སྙིང་རྗེ་ཅན། མ་ཧཱ་པུཎྱཿ བསོད་ནམས་ཆེ། ཨཱི་ཤྭ་རཿ དབང་ཕྱུག །དྷརྨྨི་ཀཿ ཆོས་དང་ལྡན་པ། ཇི་ནོར་སཿ རྒྱལ་བའི་ཐུགས་ཀྱི་སྲས། དྷརྨྨ་ཏོ་ནིརྒ་ཏཿ ཆོས་ལས་བྱུང་བ། ནིརྫིཏཿ ངེས་པར་


MR26_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ། མུ་ཁ་ཏོ་ཛཱ་ཏཿ ཞལ་ནས་སྐྱེས་པ། ཞེས་སོ། །བྱེ་བྲག་ཏུ། ཨ་བ་ལོ་ཀི་ཏེ་ཤྭ་རཿ སྤྱན་རས་གཟིགས་དབང་ཕྱུག མཻ་ཏྲཻ་ཡཿ བྱམས་པ། ཨཱ་ཀཱ་ཤ་གརྦྷཿ ནམ་མཁའི་སྙིང་པོ། ས་མནྟ་བྷ་དྲཿ ཀུན་ཏུ་བཟང་པོ། བཛྲ་པཱ་ཎིཿ ལག་ན་རྡོ་རྗེ། མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཿ འཇམ་དཔལ་གཞོན་ནུར་གྱུར་པ། སརྦ་ནི་བ་ར་ཎ་བི སྒམྦྷིཿ སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། ཀྵི་ཏི་གརྦྷཿ སའི་སྙིང་པོ། མ་ཧཱ་སྠཱ་མ་པྲཱཔྟཿ མཐུ་ཆེན་ཐོབ། རཏྣ་ཀེ་ཏུཿ རིན་པོ་ཆེའི་ཏོག རཏྣ་མུ་དྲཱ་ཧསྟཿ ལག་ན་ཕྱག་རྒྱ་རིན་པོ་ཆེ། རཏྣ་མུ་ཀུ་ཊཿ ཅོད་པན་རིན་པོ་ཆེ། རཏྣ་ཙཱུཌཿ གཙུག་ན་རིན་པོ་ཆེ། རཏྣ་ཀུ་ཊཿ རིན་ཆེན་བརྩེགས་པ། རཏྣཱ་ཀ་རཿ རིན་ཆེན་འབྱུང་གནས། ཏྣ་ཤི་ཁ་རཿ རིན་པོ་ཆེའི་རྩེ་མོ། རཏྣ་དྷྭ་ཛཿ རིན་ཆེན་རྒྱལ་མཚན། བཛྲ་གརྦྷཿ རྡོ་རྗེའི་སྙིང་པོ། རཏྣ་གརྦྷཿ རིན་པོ་ཆེའི་སྙིང་པོ། ཤྲཱི་གརྦྷཿ དཔལ་གྱི་སྙིང་པོ། ས་མནྟ་ནེ་ཏྲཿ ཀུན་ཏུ་མིག པདྨ་ནེ་ཏྲཿ པདྨའི་མིག སིཾ་ཧ་བི་ཀྲཱྀ་ཌི་ཏཿ སེང་གེ་རྣམ་པར་རོལ་པ། མ་ཧཱ་གྷོ་ཥ་སྭ་ར་རཱ་ཛ། སྒྲ་ཆེན་པོའི་དབྱངས་ཀྱི་རྒྱལ་པོ། གཾ་བྷཱི་ར་གྷོ་ཥ་སྭ་ནཱ་དི་ཏཿ ཟབ་མོའི་དབྱངས་ཀྱི་ང་རོ་སྒྲོགས་པ། སིཾ་ཧ་ནཱ་ད་ནཱ་དིཿ སེང་གེའི་སྒྲ་སྒྲོགས། སུ་མ་ཏི་ཀུ་མཱ་ར་བྷཱུ་ཏཿ བཟང་པོའི་བློ་གྲོས་གཞོན་ནུར་གྱུར་པ། དུརྡྷཪྵ་ཀུ་མཱ་ར་བྷཱུ་ཏ། ཐུབ་དཀའ་གཞོན་ནུར་གྱུར་པ།ག་ག་ན་གཉྫཿ ནམ་མཁའ་མཛོད། ཨ་མོ་གྷ་དཪྴཱི། མཐོང་བ་དོན་ཡོད་ལ་སོགས་པ་བྱེ་བྲག་རྟོགས་བྱེད་དུ་བལྟ་བར་བྱའོ། །ན་མོ་གུ་རུ་དེ་བ་ཌཱཀྐི་ནཱི་བྷྱཿ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་གཙོ་བོ་ལྷའི་མཚན།


MR26_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་དྷཱ་རཿ རྡོ་རྗེ་འཆང་། ཨཱ་དི་ཏ་ནཱ་ཐཿ གདོད་མའི་མགོན་པོ། ཨཱ་དི་བུདྡྷཿ ཐོག་མའམ་དང་པོའི་སངས་རྒྱས། ཤྲཱི་ཧེ་རུ་ཀཿ དཔལ་ཧེ་རུ་ཀའམ་དཔལ་ཁྲག་འཐུང་། བཛྲ་ཧེ་རུ་ཀཿ རྡོ་རྗེ་ཁྲག་འཐུང་། བཛྲ་མ་ཧཱ་ཀྲོ་དྷཿ རྡོ་རྗེ་ཁྲོ་བོ་ཆེན་པོ། ཡ་མཱནྟ་ཀཿ གཤིན་རྗེའི་གཤེད། ཡ་མཱ་རིཿ གཤིན་རྗེའི་དགྲ ཡ་མཱནྟ་ཀྲྀཏ྄། གཤིན་རྗེའི་མཐར་བྱེད། བཛྲ་བྷེ་ར་ཝཿ རྡོ་རྗེ་འཇིགས་བྱེད། བུདྡྷ་ཧེ་རུ་ཀཿ སངས་རྒྱས་ཧེ་རུ་ཀཿ ཧ་ཡ་གྲཱྀ་བཿ རྟ་མགྲིན། པདྨཱཾ་ཏ་ཀྲྀཏ྄། པདྨ་མཐར་བྱེད།པདྨ་མ་ཧཱ་བ་ཤཾ པདྨ་དབང་ཆེན། པདྨ་ཧེ་རུ་ཀཿ པད་མ་ཧེ་རུ་ཀཿ པདྨ་ནིརྟེ་ཤྭ་རཿ པདྨ་གར་གྱི་དབང་ཕྱུག ཝཱ་གཱི་ཤྭ་རཿ གསུང་གི་དབང་ཕྱུག ཀཱ་ལ་ཙཀྲཿ དུས་ཀྱི་འཁོར་ལོ། །ཙཀྲ་སམྦ་རཿ འཁོར་ལོ་སྡོམ་པ། སམྦ་རཿ བདེ་མཆོག མ་ཧཱ་སུ་ཁཿ བདེ་བ་ཆེན་པོ། སཾ་སིདྡྷིཿ ཡང་དག་གྲུབ་པ། མཱ་ཡཱ་སམྦ་རཿ སྒྱུ་མ་བདེ་མཆོག སརྦ་བུདྡྷ་ས་མ་ཡོ་གཿ སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ། ཧེ་བཛྲཿ ཀྱེ་རྡོ་རྗེའམ་དགྱེས་པ་རྡོ་རྗེ། གུ་ཧྱ་ས་མཱ་ཛཿ གསང་བ་འདུས་པ། མ་ཧཱ་མཱ་ཡཿསྒྱུ་མ་ཆེན་པོ། བུདྡྷ་ཀ་པཱ་ལིཿ སངས་རྒྱས་ཐོད་པ། བཛྲ་ཨ་མྲྀ་ཏཿ རྡོ་རྗེ་བདུད་རྩི། རཏྣ་ཧེ་རུ་ཀཿ རིན་ཆེན་ཁྲག་འཐུང་། མ་ཧཱ་བ་ར་མ་ཧེ་རུ་ཀཿ ཆེ་མཆོག་ཧེ་རུ་ཀཿ བཛྲ་ཀཱི་ལཿ རྡོ་རྗེ་ཕུར་པ། བཛྲ་ཀུ་མཱ་རཿ རྡོ་རྗེ་གཞོན་ནུ། ཀརྨ་ཧེ་རུ་ཀཿ ཀར་མ་ཧེ་རུ་ཀཿ ཀརྨ་དེ་བཿ ཕྲིན་ལས་ཀྱི་ལྷ། གུ་རུ་བིདྱཱ་དྷཱ་རཿ བླ་མ་རིག་འཛིན། བིདྱཱ་དྷཱ་ར་རཱ་ཛཿ རིག་འཛིན་རྒྱལ་པོ། བཛྲ་དྷརྨྨ། རྡོ་རྗེ་ཆོས། བྲ་ཧེ་བཛྲཿ དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧཿ དཔལ་གྱི་སེང་གེ པདྨཱ་ཀ་རཿ པདྨ་འབྱུང་གནས། པདྨ་སཾ་བྷ་ཝཿ


MR26_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ལས་ཡང་དག་པར་བྱུང་བའམ་པདྨ་འབྱུང་བ། ཌཱ་ཀི་ཤྭ་རཿ མཁའ་འགྲོའི་དབང་ཕྱུག །སིདྡྷ་རཱ་ཛཿ གྲུབ་པའི་རྒྱལ་པོ། མཉྫུ་ཤྲཱི་མི་ཏྲཿ འཇམ་དཔལ་བཤེས་གཉེན། ནཱ་གཱརྫུ་ནཿ ཀླུ་སྒྲུབ། ཧཱུྃ་ཀཱ་རཿ ཧཱུྃ་མཛད། བི་མ་ལ་མི་ཏྲཿ དྲི་མེད་བཤེས་གཉེན། པྲབྷཱ་ཧསྟིཿ འོད་ཀྱི་གླང་པོ། དྷ་ན་སཾསྐྲྀ་ཏཿ ནོར་གྱི་ལེགས་བྱས་སོགས་སུ་འགྱུར་རོ། ཤཱནྟིཾ་གརྦྷཿ ཞི་བའི་སྙིང་པོ། རམྦི་གུཧྱ་ཙནྡྲཿ ཉི་ཟླ་གསང་བ། ཤཱནྟ་རཀྟི་ཏཿ ཞི་བ་འཚོ། བཻ་རོ་ཙ་ནཿ རྣམ་སྣང་མཛད། བྲཧྨ་དེ་བ་པུཥྤཿ ཚངས་པ་ལྷའི་མེ་ཏོག་ལ་སོགས་པ་དང་། ས་ར་ཧཿ མདའ་བསྣུན། ཀུ་ཀུ་རཱི། ཁྱི་མོ་ཅན། བི་རཱུ་པཿ ངན་པ་སྟེ་བརྟུལ་ཞུགས་ཆེ་བ། ཀྲྀཥྞ་པཱ། ནག་པོའི་ཞབས། བཛྲ་གྷཎྚ་པཿ རྡོ་རྗེ་དྲིལ་བུ་པ། ལཱུ་ཧི་པཿ ཉ་ལྟོ་བ། བུདྡྷ་གུཧྱཿ སངས་རྒྱས་གསང་བ། ཨཱ་ནནྡ་གརྦྷཿ ཀུན་དགའ་སྙིང་པོ། ཏིལླི་པཿཏིལ་བརྡུང་། ནཱ་རོ་པཿ བྲམ་ཟེའི་རིགས་མཆོག་གྱུར་ཞིག་གི་རུས་ཀྱི་མིང་ལས་མཚན་ཐོགས། ལ་ལི་ཏ་བཛྲཿ རོལ་པའི་རྡོ་རྗེ། ཤྲཱི་དྷཱ་རཿ དཔལ་འཛིན། བུདྡྷ་ཛྙཱ་ནཿ སངས་རྒྱས་ཡེ་ཤེས་ལ་སོགས་པའོ། །མཱ་ཏྲི། དང་། མ་མ།མ་མོ། ཨ་བྷི་སཾ་རཱ་ཛཿ མངོན་རྫོགས་རྒྱལ་པོ། བྷཱ་བ་མཱ་ཏྲི། སྲིད་པ་མ་མོ། གུ་ཧྱ་ཛྙཱ་ན་ཧེ་རུ་ཀཿ གསང་བ་ཡེ་ཤེས་ཧེ་རུ་ཀ ཨུཏྟ་ར་ཧེ་རུ་ཀཿ བླ་མེད་ཧེ་རུ་ཀ སརྦ་དུཥྚཱནྟ་ཀཿ དྲེགས་པ་ཀུན་འདུལ། ཀྲྀཥྞ་བ་ལྱཱ། སྟོབས་ལྡན་ནག་པོ་ཞེས་སོགས་སོ། །རིགས་ཀྱི་ཡུམ། བཛྲ་དྷཱ་ཏྭཱི་ཤྭ་རཱི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། དྷཱ་ཏྭཱི་ཤྭ་རཱི། དབྱིངས་ཕྱུག་མ། ས་མནྟ་བྷ་དྲཱ། ཀུན་ཏུ་བཟང་མོ། བུདྡྷ་ལོ་ཙ་ནཱི། སངས་རྒྱས་སྤྱན་མ། མཱ་མ་ཀཱི བདག་ཉིད་མའམ་སྙེམས་མ་སྒྲ་སོར་ཡང་བཞག པཎྚ་ར་བཱ་སི་ནཱི། གོས་དཀར་


MR26_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མོ། ཏཱ་རཱའམ། ཏཱ་རེ་སྒྲོལ་མ། བཛྲ་ཌཱ་ཀི་ནཱི། རྡོ་རྗེ་མཁའ་འགྲོ་མ། བཛྲ་བཻ་རོ་ཙ་ནི། རྡོ་རྗེ་རྣམ་པར་སྣང་མཛད་མ། བཛྲ་བྷ་ར་ཧི། རྡོ་རྗེ་ཕག་མོ། རྙིང་མ་པ་དག བྷ་ར་ཧི། ཞེས་སུའང་འབོད། བཛྲ་ཡོ་གི་ནཱི། རྡོ་རྗེ་རྣལ་འབྱོར་མ། རཏྣ་ཌཱ་ཀི་ནི། རིན་ཆེན་མཁའ་འགྲོ་སོགས། པདྨ་ཀརྨ་སོགས་ལའང་དེ་བཞིན་སྦྱར། སྭ་ར་སྭ་ཏཱི། དབྱངས་ཅན་མ། དེ་ལ་ས་ར་སྭ་ཏཱི། མཚོ་ལྡན་མ་ཡང་ཟེར། ཀུ་རུ་ཀུལླེ། རིགས་བྱེད་མ། བཱ་སུ་དྷཱ་རཱ། ནོར་རྒྱུན་མ། ཙུནྡེ། སྐུལ་བྱེད་མ། བཛྲ་ཤྲྀ་རངླཱ་རྡོ་རྗེ་ལུ་གུ་རྒྱུད་མ་སོགས་མཐའ་ཡས་སོ། །ན་མོ་གུ་རུ་དེ་བ་མན་ཆད་ནས་འདི་ཡན་ཆད་བྱེ་རྟོགས་སུ་མེད་ཀྱང་ཅུང་ཟད་འདིར་བསབ་པ་ཡིན་ནོ། །ཨེ་ཀ་ཛཱ་ཊཱི། རལ་གཅིག་མ། མཱུརྡྡྷཱ་ཊ་ཀཿ གཙུག་སྤྱོད་མ། བཛྲ་བྷྲྀ་ཀུ་ཊི། རྡོ་རྗེ་ཁྲོ་གཉེར་ཅན། ཨཱཪྻ་བྷྲྀ་ཀུ་ཊིཿ འཕགས་མ་ཁྲོ་གཉེར་ཅན། བཛྲཱ་མྦུ་ཛཱ། རྡོ་རྗེ་པདྨ། བཛྲཱངྐུ་ཤཱི། རྡོ་རྗེ་ལྕགས་ཀྱུ་མ། ཨོ་ཛཿཔྲཏྱཱ་ཧཱ་རི་ཎཱི། སོ་སོར་མདངས་འཕྲོག་མ། ཧཱ་ས་བ་ཏཱི། བཞད་ལྡན་མ། རཏྣོ་ལྐཱཿ རིན་ཆེན་སྒྲོན་མ། སརྦ་ཙཀྲཱ། འཁོར་ལོ་ཐམས་ཅད་མ། ཨཱ་དྷཱ་ར་ཎཱི། ཀུན་འཛིན་མ། ར་ཏི་རཱ་གཱ། དགའ་བའི་འདོད་ཆགས་མ། རཏྣོ་ཏྟ་མཱ། མཆོག་གི་རིན་ཆེན་མ། རཏྣ་པཪྵཱ། རིན་ཆེན་ཆར་འབེབས་མ། ཨ་ནུ་ར་ག་ཎཱི། མཉེས་བྱེད་མ། སནྟོ་ཥ་ཎཱི། དགྱེས་བྱེད་མ། མ་ཧཱ་དྷི་པ་ཏཱི། བདག་མོ་ཆེན་མོ། སུ་ར་ཏ་སུ་ཁ་ཨཱ་ཀརྵ་ཎཱི། དགྱེས་པ་མཆོག་གི་བདེ་བ་སྤྱན་འདྲེན་མ། པྲཱི་ཏི་ཧརྵཱ། དགའ་བས་ཚིམ་མ། སཱ་ཧ་སྲཱ་བརྟྟཱ། སྟོང་འཁྱིལ་མ། སཱ་དྷུ་མ་ཏཱི། ལེགས་པའི་བློ་གྲོས་མ། སིདྡྷོཏྟ་མཱ། གྲུབ་མཆོག་མ། དྷཱ་ར་ཎཱི་མུ་དྲཱ། གཟུངས་ཀྱི་ཕྱག་རྒྱ་མ། བཛྲ་སཏྭ་ཛྙཱ་ན་མུ་དྲཱ། རྡོ་


MR26_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ། མ་ཧཱ་ཏུཥྚི་ཛྙཱ་ན་མུ་དྲཱ། དགྱེས་པ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ། མ་ཧཱ་པྲ་བྷཱ་མཎྜལ་བྱཱུ་ཧ་ཛྙཱ་ན་མུ་དྲཱ། འོད་ཆེན་པོའི་དཀྱིལ་འཁོར་བཀོད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ། སརྦ་དྷརྨ་ས་མ་ཏཱ་ཛྙཱ་ན་མུ་དྲཱ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ། ཞེས་སོགས་བྱེ་བྲག་རྟོགས་བྱེད་དུ་བལྟ་བར་བྱའོ། །ཁྲོ་བོ་ཆེན་པོ་བཅུའི་མཚན་སོགས་ཉེར་མཁོ་ཅུང་ཟད་རང་གིས་བཀོད་པ། ཨུཥྞཱི་ཥ་ཙཀྲ་ཝརྟིཿ གཙུག་ཏོར་འཁོར་ལོས་སྒྱུར་བ། སུམྦྷ། གནོད་མཛེས། ནི་སུམྦྷཿ ངེས་པར་གནོད་མཛེས། ཧཱུྃ་ཀཱ་རཿ ཧཱུྃ་མཛད། བི་ཛ་ཡཿ རྣམ་པར་རྒྱལ་བ། པྲཛྙཱནྟ་ཀྲྀཏ྄། ཤེས་རབ་མཐར་བྱེད། ནཱི་ལ་དཎྚཿ དབྱུག་སྔོན། ཡ་མཱནྟ་ཀྲྀཏ྄། གཤིན་རྗེ་མཐར་བྱེད། ཨ་ཙ་ལཿ མི་གཡོ་བ། ཧ་ཡ་གྲཱི་བཿརྟ་མགྲིན། པདྨནྟ་ཀྲྀཏ྄། པདྨ་མཐར་བྱེད། ཊཱཀྐཱི་རཱ་ཛཿ འདོད་པའི་རྒྱལ་པོ། ཨ་པ་ར་ཛི་ཏཿ གཞན་གྱིས་མི་ཐུབ་པ། ཨ་མྲྀ་ཏ་ཀུཎྚ་ལི། བདུད་རྩི་ཐབ་སྦྱོར་རམ། བདུད་རྩི་འཁྱིལ་བ། བིགྷྣཱཾ་ཏ་ཀྲྀཏ྄། བགེགས་མཐར་བྱེད། ཏྲཻ་ལོཀྱ་བི་ཛ་ཡཿ ཁམས་གསུམ་རྣམ་རྒྱལ། མ་ཧཱ་བ་ལཿ སྟོབས་པོ་ཆེ། ཞེས་སོ། །ཨུཙྪུཥྨཾ། འཆོལ་བ་སྟེ་སྨེ་བ་བརྩེགས་པ། བཀའ་ཉན་གྱི་རིགས་ཚངས་སོགས་འཇིག་རྟེན་སྐྱོང་བ་རྣམས་འོག་ཏུ་འཆད། མ་ཧཱ་ཀཱ་ལཿ ནག་པོ་ཆེན་པོ། ནཱ་ཐཿ མགོན་པོ། དེ་བཱི། ལྷ་མོ། མ་ཧཱ་ཤྲཱི་དེ་བཱི། དཔལ་ལྷ་མོ་ཆེན་མོ། ཨཱ྇རྱ་ཛཾ་བྷ་ལཿ འཕགས་པ་རྨུགས་འཛིན་ཏེ་མཚན་སོར་བཞག །ཤཾ་ཀ་རཿ བདེ་བྱེད་དེ་དབང་ཕྱུག་ཆེན་པོ། དེའི་སྲས། སུ་བྷ་གཿ ལེགས་ལྡན། བཛྲ་སཱ་དྷཱུཿ རྡོ་རྗེ་ལེགས་པ་སྟེ་དམ་ཅན་དུ་གྲགས་པ། རཱ་ཧུ་ལཿ


MR26_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྒྲ་གཅན་འཛིན། བིཥྚི་པཱ་ལཿ འཇུག་ཕོད་ཅན་ཏེ་གཟའ་ཁྱབ་འཇུག །བིཥྞུ་རཱ་ཛཿ ཁྱབ་འཇུག་རྒྱལ་པོའང་དེའོ། །ལི་བྱིན་ཧཱ་རཿ སོར་བཞག་སྟེ་རྒྱལ་པོ་བེ་ཧ་ར། དེ་བཞིན་དྲེགས་པ་རྣམས་ཀྱི་མིང་གཞན་ལས་ཤེས་པར་བྱ། ཨཱཛྙཱ་ཀ་རཿ བཀའ་ཉན། དྷཱརྨ་པཱ་ལཿ ཆོས་སྐྱོང་། བ་སུ་དེ་བཿ ནོར་ལྷ། བྷཱུ་མི་པ་ཏིཿ ས་བདག་གམ་གནས་བདག་གམ་གཞི་བདག ནི་དྷི་པ་ཏིཿ གཏེར་བདག ཙེ་ཊ་ཀཿ མངག་གཞུག ཀིཾ་ཀ་རཿ ཅི་བགྱི་སྟེ་མངག་གཞུག་པ་དེ་སྒྲ་བསྡུ་བའི་བརྡས་གིང་ཞེས་འབོད། ལྷ་རྣམས་ཀྱི་མཆོད་པའི་མིང་། པཱུ་ཛཿ མཆོད་པ། ཨུ་པ་ཙཱ་ར། ཉེར་སྤྱོད། ཨརྒྷཾཿ མཆོད་ཡོན། པཱདྱཾ། ཞབས་བསིལ་ཏེ་ཆུ་གཉིས་སམ། ཨཱཉྩ་མ་ནཾ། ཞལ་བསིལ། འཐོར་འཐུང་ལའང་འཇུག པྲོ་ཀྵ་ཎཾ། བསང་གཏོར་རམ་འཐོར་འཐུང་ཡང་ངོ་། །ཨུ་པ་སྤྲྀ་ཤྱཿ ཉེ་རེག ཨུ་པ་སྤརྴཿ འང་ཉེ་རེག་གོ། ཉེ་རེག་ནི་འཐོར་འཐུང་དང་ཁྲུས་ལ་སོགས་པ་བགྱི་བའི་ཆུ་སྟེ་བསང་གཏོར་དུ་འདུའོ། །པུཥྤཾ། མེ་ཏོག བཛྲ་པུཥྤེ། རྡོ་རྗེ་མེ་ཏོག་མ།དེ་བཞིན་སྦྱར་ཏེ། དྷཱུ་པཾ། བདུག་སྤོས། ཨཱ་ལོ་ཀེ སྣང་གསལ། དཱི་པཾ། མར་མེའམ་སྒྲོན་མེ། གནྡྷེ། དྲི་ཆབ། ནེ་བི་ཏྱཾ། ལྷ་བཤོས། ཤབྡཿ སྒྲའམ་རོལ་མོ། ལཱ་སྱཻ། སྒེག་མོ། གཱི རྟཱི། གླུ་མ། མཱ་ལྱཾ། ཕྲེང་བ་མ། ཧཱ་སྱཻ། བཞད་མ། ནིརྟཱི། གར་མ། ཀཱ་མཾ། འདོད་མ་སྟེ་སྙོམས་འཇུག་གིས་མཆོད་པ་བྱེད་པ་དེ་དག་ལ་མཉེས་ཤིང་ཚིམ་པའི་དོན་གྱིས། ཐིག་ལེ་སྦྱར་བ་དུས་འཁོར་རྒྱུད་སོགས་ཀྱི་དགོངས་པའོ། །རཱུ་པཾ། གཟུགས། ཤབྡཿ སྒྲ། གནྡྷཿ དྲི། ར་སཿ རོ། སྤརྴཿ


MR26_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ། དྷརྨ་དྷཱ་ཏུཿ ཆོས་དབྱིངས། མྲྀ་དཾ་གི རྔ་ཟླུམ་མ། མུ་ར་ཛེ། རྫ་རྔ་མ། བཾ་སེ། གླིང་བུ་མ། ཏམྦུ་རཱི། པི་ཝང་མ། ཞེས་དང་། རྒྱལ་སྲིད་བདུན་ནི། མ་ཎི་རཏྣཾ། ནོར་བུ་རིན་པོ་ཆེ། ཙཀྲ་རཏྣཾ། འཁོར་ལོ་རིན་པོ་ཆེ། ཨ་ཤྭ་རཏྣཾ། རྟ་མཆོག་རིན་པོ་ཆེ། ཧསྟི་རཏྣཾ། གླང་པོ་རིན་པོ་ཆེ། སྟྲཱི་རཏྣཾ། བུད་མེད་རིན་པོ་ཆེ་སྟེ་བཙུན་མོ། གྲཱི་ཧ་པ་ཏི་རཏྣཾ། ཁྱིམ་བདག་རིན་པོ་ཆེ། པ་རི་ཎཱ་ཡ་ཀ་རཏྣཾ། བློན་པོ་རིན་པོ་ཆེ། ཞེས་སོ། །ཁ་ཅིག་ཏུ་བློན་པོའི་ཚབ་དམག་དཔོན་འབྱུང་བ་ལྟར་ན། སེ་ནཱ་ནཱི་རཏྣཾ། དམག་དཔོན་རིན་པོ་ཆེ། ཞེས་སྦྱར་རོ། །བཀྲ་ཤིས་རྫས་བརྒྱད་ནི། ཨ་དརྴཿ མེ་ལོང་། ད་དྷིཿ ཞོ། སིནྡྷུ་རཾ། ལི་ཁྲི། ཤཾ་ཁཿ དུང་། སིདྡྷརྠཿ དོན་གྲུབ་སྟེ་ཡུངས་ཀར། ས་ཧ་སྲ་བཱིཪྻཿ ནུས་པ་སྟོང་ལྡན་ཏེ་དཱུརྦ། ཤྲཱི་པ་ལཿ དཔལ་འབྲས་ཏེ་བིལ་བ། གོ་རོ་ཙ་ནཿ གླང་བཅུད་དེ་གི་ཝང་ངོ་། །བཀྲ་ཤིས་རྟགས་བརྒྱད། ཙྪཏྲ། གདུགས། སུ་བརྑ་མཏྶཿ གསེར་ཉ། ཀུམྦྷཿ བུམ་པ། པདྨཿ པད་མ། ཤཾ་ཁཿ དུང་། ཤྲཱི་བཏྶཿ དཔལ་བེའུ། དྷྭ་ཛཿ རྒྱལ་མཚན། ཙཀྲཿ འཁོར་ལོ།དེ་རྣམས་སོ་སོའི་མིང་གཞན་གྱིས་བརྗོད་ཀྱང་དོན་འདྲའོ། །གཞན་ཡང་། པཏཱ་ཀཱཿ བ་དན། བི་ཏཱ་ནཾ། བླ་བྲེ། ཙཱུརྞྞཾ། ཕྱེ་མ། པུཥྤ་པུ་ཊཾ། མེ་ཏོག་གི་ཕུར་མ། གནྡྷ་པུ་ཊཾ། སྤོས་ཀྱི་ཕུར་མ། བི་ལེ་པ་ནཾ། དང་། ཨུ་པ་ལེ་པ་ནཾ། དྲི་བཟང་གི་ལྡེ་གུའི་བྱུག་པ། བི་ཏཱ་ན་བི་ཏ་ཏཾ། བླ་བྲེར་བྲེས་པ། ས་མུཙྪི་ཏཙྪ་ཏྲ་དྷྭ་ཛ་པ་ཏཱ་ཀཱ གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། ཀིཾ་ཀ་ཎཱི་ཛཱ་ལཾ་མུ་ཁ་རཱ། དྲིལ་བུ་གཡེར་ཁའི་དྲྭ་བ་འཁྲོལ་བ། ཧེ་མ་དཱ་མཾ་གསེར་གྱི་ཆུན་པོའམ་ཕྲེང་བ། མུཀྟ་དཱ་མཾ།


MR26_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་གི་ཆུན་པོ། མ་ཎི་དཱ་མཾ། ནོར་བུའི་ཆུན་པོ། ཧེ་མ་ཛཱ་ལཾ། གསེར་གྱི་དྲྭ་བ། པཊྚ་དཱ་མཾ། དར་གྱི་ལྡ་ལྡི་ཞེས་དར་མདོག་སྣ་ཚོགས་གཅུས་ཤིང་འཕྲེད་ལ་གཞལ་ཡས་ཁང་གི་མགུལ་པ་འཁོར་བ་ཞེས་རྒྱ་འགྲེལ་དག་ལས་བཤད། པྲ་ལམྤི་ཏཾ། རབ་ཏུ་དཔྱངས་པ། ལམྤ་ཏེ། འཕྱང་། པྲ་ལམྦ་ཏེ། རབ་ཏུ་འཕྱང་། ཨ་བྷི་པྲ་ལམྦ་ཏེ། མངོན་པར་རབ་ཏུ་འཕྱང་། མ་ཧཱི་ཡ་ཏེ། མཆོད་པ། ཨ་བྷྱརྷིཏཾ། མངོན་པར་མཆོད་པ་དང་དྲིན་ཆེ་བ་དང་བཙུན་པར་བྱེད་ལྟ་བུར་འཇུག །སཾ་པཱུ་ཛི་ཏཾ། ལེགས་པར་མཆོད་པ། མ་ཧི་ཏཾ། མཆོད་པར་བྱས། པཱུ་ཛྱ་པཱུ་ཛི་ཏཾ། མཆོད་པར་འོས་པས་མཆོད་པ། དྷཱུ་པ་ནིརྡྷཱུ་པི་ཏཾ། བདུག་སྤོས་ཀྱིས་བདུག་པ། གནྡྷ་མཱ་ལྱ་ན་མ་ཧཱི་ཡ་ཏེ། དྲི་དང་ཕྲེང་བས་མཆོད་པ། མེ་ཏོག་སོགས་ཀྱིས། ཨ་བྷི་པྲ་ཀི་རནྟི་སྨ། མངོན་པར་རབ་ཏུ་གཏོར། ཨ་བྷྱ་བ་ཀི་རནྟི་སྨ། མངོན་པར་གཏོར། ཀཱ་མ་གུཎཿ འདོད་པའི་ཡོན་ཏན། ཨ་ནུཏྟ་ར་པཱུ་ཛཿ བླ་ན་མེད་པའི་མཆོད་པ། པཱུ་ཛ་མེ་གྷ། མཆོད་པའི་སྤྲིན། ས་མུ་དྲཱ། རྒྱ་མཚོ། སྥ་ར་ཎཿ ཁྱབ་པའམ་འཕྲོ་བ། ན་མཿ འདུད་པའམ་ཕྱག་འཚལ་བ། ན་མ་སྱཱ། རིམ་གྲོ། ཨརྩྩཿ བསྙེན་བཀུར། ཤུ་ཤྲུ་ཥ། དང་། པ་རི་ཙཪྻཱཿ བཀུར་སྟི། ཨུ་པ་སིཿ བསྙེན་པ་སྟེ་དགེ་བསྙེན་ལའང་འཇུག སྟོཏྟྲ། དང་། སྟུ་ཏིཿ བསྟོད་པ་སོགས་ཀྱི་སྒྲ་རྣམས་ཀྱང་མཆོད་པར་འགྱུར་རོ། །གསང་སྔགས་ནང་གི་མཆོད་པ། ཨ་མྲྀ་ཏཿ བདུད་རྩི། བ་ལིཿ གཏོར་མ། པ་ལིཾ་ཏཿ གཏོར་མ་སྟེ་བཟའ་བས་སྟོབས་དང་ལྡན་པར་བྱེད་པའི་དོན་ནོ། །རཀྟཿ ཁྲག །གཞན་ཡང་ཀླད་པ་ལ་


MR26_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །གོ་མཱཾ་སཿ བ་གླང་གི་ཤ་དེ་བཞིན། ཀུ་ཀུ། ཁྱི། དནྟཱིཿ སོ་ཅན་ཏེ་གླང་པོ་ཆེ། ཧ་ཡཿ རྟ། ན་རཿ མི་ཡི་ཤ་ལྔ། ཤ་ལྔ་ནི། གོ་ཀུ་ད་ཧ་ན། ཞེས་པའི་མིང་ཐོག་གིས་མཚོན་ཏེ་གཞུང་རྣམས་སུ་གོང་ལྟར་བཤད། བི་མུ་ཤུ་མར་ལྔ་བདུད་རྩི་ལྔ་ཡིན་ཏེ། བིཊཿ དྲི་ཆེན། མཱུ་ཏྲཿ དྲི་ཆུ། ཤུ་ཀྲ། ཁུ་བ། མཱཾ་ས། ཤ་ཆེན་གྱི་དྭངས་མའམ། ཡང་ན། མཛྫཿ རྐང་། ཡང་ན། མསྟ་གཿ ཀླད་པ། རཱ་གའམ། རཀྟཿ ཁྲག་སྟེ་པདྨ་རཀྟ་དང་བཅས་པ་བདུད་རྩི་ལྔའོ། །གུ་ཧྱ་པཱུ་ཛཿ གསང་བའི་མཆོད་པ། ཡོ་གཿ སྦྱོར་བ། ག་ཎཿ སྦྱོར་བའམ་ཚོགས། མཱ་ར་ཡཿ བསྒྲལ་བ། ཏ་ནཿསྒྲོལ་བ། ཏ་ཏྭཾ་པཱུ་ཛཿ དེ་ཁོ་ན་ཉིད་མཉམ་ཉིད་ཀྱི་མཆོད་པའོ། །སྔགས་ལས་གསུང་བ་གསང་བའི་བརྡ། ཌཱ། སྐྱེས་པ། ཌཱི། བུད་མེད། ཕཱི། ཤ་པི།བཏུང་བ་སོགས་དང་། ཟན་ལ་ཚེ། ཆང་ལ་གལ་སོགས་སུ་བརྗོད་པ་རྣམས་གཞན་ལས་ཤེས། ལྷ་ལ་མཆོད་པའམ་ལྷའི་རྒྱན་དང་ཕྱག་མཚན་ཅི་རིགས་བརྗོད་པ། མུ་ཀུ་ཊཿ དབུ་རྒྱན་ཏེ་རིན་པོ་ཆེའི་རྩེ་ཕྲན་ནམ་སྲོག་ཞུའམ་ཅོད་པན་ཞེས་གྲགས་པ། རྩ་བ་བཻཌཱུཪྻ་སོགས་ཀྱི་ཁྱུད་མོས་བསྡམ་པའོ། །གྲཻ་བེ་ཡཾ། དང་། ཧརྴཿ མགུལ་རྒྱན་མགུལ་གདུབ་ཀྱང་ཟེར། དེའི་མིང་། ཀཎྛ་བྷ་ར་ཎཾ། མགུལ་རྒྱན་ཡང་ཟེར་ཏེ། མགུལ་དུ་རིན་པོ་ཆེའི་རྒྱན་འཁོར་བའོ། །ཀརྑི་ཀཾ རྣ་ཆའམ་རྣ་རྒྱན། ཧསྟ་བྷ་ར་ཎཾ། ཕྱག་གི་རྒྱན། དེ་ལ། ཀེ་ཡཱུ་རཾ། དཔུང་རྒྱན་ཏེ་རིན་པོ་ཆེའི་དཔུང་གདུབ་བོ། །ཨ་པ་པ་ཀཿ ལག་གདུབ་སྟེ་མཁྲིག་མའི་རྒྱན། ནིཥྐ། དང་། ཧཱ་རཿ དོ་ཤལ་ཏེ། མུ་ཏིག་སོགས་ཀྱི་རྒྱན་ཕྲེང་ལྟེ་འོག་སླེབས་པ། ཨརྡྷ་ཧཱ་རཿ དོ་ཤལ་ཕྱེད་པ་སྟེ་སེ་མོ་དོ་ཞེས་


MR26_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབོད་པ་ནུ་མའི་བར་དུ་སླེབས་པ། པཱ་དཱ་བྷ་ར་ཎཾ། རྐང་རྒྱན་དང་། པཱ་དཱ་ངྒ་དཾ། རྐང་གདུབ་སྟེ་ལོང་ཚིགས་ཀྱི་རྒྱན་འཁོར་བའོ། །མེ་ཁ་ལཿ འོག་པགས་སམ་སྐེ་རགས། ཤྲྀཾ་ཁ་ལཿ སྐེད་འཆིང་ངམ་ལུ་གུ་རྒྱུད་དེ། སྐ་རགས་ནི་རིན་པོ་ཆེའི་ཁྲིས་ཅན་རིན་ཆེན་གྱི་དྲྭ་བ་དཔྱངས་པའོ། །རྒྱན་སྤྱི་མིང་། ཨ་ལང་ཀཱ་རཿ རྒྱན་ཞེས་སོ། །བསྟྲཾ། གོས་སམ་ན་བཟའ། བ་ས་ནཿ ན་བཟའ། པྲཱ་བཱ་རཿ སྟོད་གོས་ཏེ་དར་གྱི་སྟོད་གཡོགས། ཨནྟ་རི་ཡཾ། སྨད་གཡོགས་ཏེ་སྨད་དཀྲིས་པའི་གོས།དབུ་རྒྱན་ལ་དཔྱང་བའི། པཊྚ། དར་དཔྱངས། རྒྱབ་འཕེན། ནང་གོས་ཕུ་དུང་ཐུང་དུ་དཔུང་པའི་བར་སླེབས་པ་ཞེས་སུའང་བཤད། ཕྱག་མཚན་ནི། བཛྲ། རྡོ་རྗེ། རཏྣ། རིན་པོ་ཆེ། མ་ཎི། ནོར་བུ། པདྨ། སོར་བཞག ཁཤྒ། རལ་གྲི ཨངྒུ་ཤཿ ལྕགས་ཀྱུ། པཱ་ཤཿ ཞགས་པ། ཤྲིཾ་ཁ་ལཱ། ལྕགས་སྒྲོག གྷཎྚཱཿ དྲིལ་བུ། ཀརྟི་ཀཱ གྲི་གུག ཌཱ་མ་རུ་ཀ ཅང་ཏེའུ། ཏྲི་ཤཱུ་ལ། རྩེ་གསུམ། ཁ་ཊྭཱཾ་ག ཁཊྭཾ། མུངྒརཿ ཐོ་བ། དཎྚཿ དབྱུག་པ། པཱ་ར་ཤུཿ དགྲ་སྟའམ་སྟ་རེ། ག་ཛ་ཙརྨ། གླང་པོའི་པགས་པ། མཱ་ར་ཤི་རོ། བདུད་ཀྱི་མགོ ཀ་པཱ་ལ། ཐོད་པ། མུ་ས་ལ། གཏུན་ཤིང་། ག་དཱ། བེ་ཅོན། ཏི་ར་དཎྚཿ ཞིང་དབྱུག ཀཱི་ལ། ཕུར་པ། སོགས་སྣ་ཚོགས་དང་། གཞན་མདའ་སོགས་མཚོན་ཆའི་སྐབས་སོགས་སུ་བཤད་པ་རྣམས་སོ། །ཁྲོ་བོའི་རྒྱན་ཆས་ལ། མུ་ཀུ་ཊ། ཅོད་པན། ཀ་པཱ་ལ་མཱ་ལཱ། ཐོད་ཕྲེང་། མུཎྚ་མཱ་ལཱ། སོགས་ཀྱང་མགོ་ཕྲེང་། ཨརྡྷ་ཙནྡྲ། ཟླ་ཕྱེད། ཀུཎྚ་ལཾ། རྣ་རྒྱན། རུ་ཙ་ཀ ལག་གདུབ། ནཱུ་པཱུ་ར། རྐང་གདུབ། བྷསྨ། ཐལ་བ། ཡ་ཛྙོ་པ་བཱི་ཏ། མཆོད་ཕྱིར་


MR26_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས། བྱ་གྷྲ་ཅརྨ་ནི་པས་ནཱ། སྟག་གི་པགས་པའི་ཤམ་ཐབས། ནཱ་གཱ་ལཾ་ཀ་ར་དང་། སརྦཱ་བྷཱ་ར་ཎ། སྦྲུལ་རྒྱན། གསང་སྔགས་ཀྱི་གཞུང་ལས་བྱུང་བའི་མིང་ཆེ་ལོང་རགས་པ། ཏནྟྲཿ རྒྱུད། དེ་ལ་ཀྲྀ་ཡ་ཏནྟྲཿ བྱ་བའི་རྒྱུད། དེ་བཞིན་དུ། ཨུ་པ་ཡ། ཐབས་ཏེ་སྤྱོད་པ། ཡང་ན། ཨུ་བྷ་ཡ་ཏནྟྲཿ གཉིས་ཀའི་རྒྱུད་དེ་བྱ་རྒྱུད་དང་རྣལ་འབྱོར་རྒྱུད་གཉིས་ཆར་གཏོགས་པ། ཨུཏྟ་ར་ཏནྟྲཿ རྒྱུད་བླ་མ། ཡོ་གཿ རྣལ་འབྱོར། མ་ཧཱ་ཡོ་གཿ རྣལ་འབྱོར་ཆེན་པོ། ཨ་ནུ་ཡོ་གཿ རྗེས་སུ་རྣལ་འབྱོར། ཨ་ཏི་ཡོ་གཿ ཤིན་ཏུ་རྣལ་འབྱོར། ཞེས་སོ། །རྒྱུད་དེ་དག་གི་གཞུང་དོན། དྲྀཥྚཿ ལྟ་བ། ཙཱཪྻ། སྤྱོད་པ། མཎྚ་ལཾ། དཀྱིལ་འཁོར། ཨ་བྷི་ཥཱིཉྩ། དབང་། ས་མ་ཡཿ དམ་ཚིག ས་མཱ་དྷིཿ ཏིང་འཛིན། པཱུ་ཛཿ མཆོད་པ། མནྟྲཿ སྔགས། མུ་དྲཱ། ཕྱག་རྒྱ། སཱ་དྷ་ན། སྒྲུབ་པ། ཀཱརྨཿ ཕྲིན་ལས་སོ། །ཨུཏྤཱ་ཏ་ཀྲ་མཿ བསྐྱེད་པའི་རིམ་པ། སནྟིཀྲ་མཿ རྫོགས་པའི་རིམ་པ། མ་ཧཱ་སནྟྷིཿ རྫོགས་པ་ཆེན་པོ། ཤུདྡྷཿ ཀ་དག །བཱི་དྷྲཾ། ཀ་དག་གམ་ཡེ་དག ཨ་ནཱ་བྷོ་གཿ དང་། ནི་རཱ་བྷོ་གཿ འབད་མེད་དམ་ལྷུན་གྲུབ། ཙཎྚ་ལཱི། གཏུམ་མོ། མཱ་ཡཱ་གཱ་ཏྲཾ། སྒྱུ་ལུས། ཨཱ་བྷཱ་སྭ་རཱ། འོད་གསལ། སྭཔྣ། རྨི་ལམ། ཨ་མུ་ཏྲའམ། ཨནྟརཿ བར་དོ། སཾ་ཙཱ་རཿ འཕོ་བ། ཥ་ཌཾ་ག་ཡོ་གཿ སྦྱོར་བ་ཡན་ལག་དྲུག་པ། པྲ་ཏྱཱ་ཧ་རཿ སོར་སྡུད། དྷྱཱ་ནཿ བསམ་གཏན། པྲ་ཎཱ་ཡ་མཿ སྲོག་རྩོལ། དྷཱ་ར་ཎ། འཛིན་པ། ཨ་ནུསྨྲྀ་ཏི། རྗེས་དྲན། ས་མཱ་དྷི། ཏིང་འཛིན། ཞེས་སོ། །སྔགས་ལ་ཉེར་མཁོའི་མིང་ཅི་རིགས། ཀལྤ། རྟོག་པ། བི་དྷིཿ ཆོ་ག །མཎྜལ་བི་དྷིཿ དཀྱིལ་ཆོག །


MR26_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ས་ཆོག་སོགས་ལ་འགྲེ། པུ་ར་ག་ཏ། དང་། པཱུརྦ་ཀཱ སྔོན་འགྲོ པྲ་ཡོ་གཿ སྦྱོར་བ། མཽ་ལཾ། དངོས་གཞི། པྲྀཥྚཾ། མཇུག་གམ་རྗེས། ཨུ་པ་སཾ་ཁྱཱ་ནཾ། ཁ་སྐོང་བ། བི་དྷཱ་ནཾ། ཆོ་ག་ཞིབ་མོ། ལག་ལེན། ཨུ་པ་དེ་ཤཿ གདམས་པའམ་མན་ངག་གམ་ལུང་ཕོག་པའང་། ཨཱམྣཱ་ཡཿ མན་ངག སིདྡྷོ་པ་ནཱི་ཏཿ གྲུབ་པས་བསྟན་པའམ་བརྟགས་པ། གུཧྱཾ། གསང་བ། ར་ཧ་སྱཾ། གསང་ཆེན། མུཥྚི་ཡོ་གཿ མཁྱུད་སྤྱད། བཛྲ་གྷཎྚ། རྡོ་རྗེ་དྲིལ་བུ། ནོ་པི་ཀཿ སྒྲུབ་ཐབས། ཀརྨ་ག་ཎཿ ལས་ཚོགས། སཾ་ཁྱཱ་མཱ་ལ། བགྲང་ཕྲེང་། ཌཱ་མ་རུཿ ཅང་ཏིལ། ས་མི་དྷཿ ཡམ་སྲེག་ཤིང་། ཨིནྡྷ་ནཾ། བུད་ཤིང་། ཨགྣི་ཀུཎྚཿ མེ་ཐབ། པཱུརྑཱ་ཧུ་ཏིཿ བཀང་བླུག ཤྲུ་བ་ཀཾ བླུག་གཟར། པཱ་ཏཱི། དགང་གཟར། ཀཱི་ལཿ ཕུར་པའམ་ཕུར་བུ། མེ་ཐབ་སོགས་སམ་གནས་ཁང་གི་ཡང་། བེ་དི་ཀཱ ཁ་རན་ནམ་ཁ་ཁྱེར། ཨ་བྷྱནྟ་ར་པཊྚི་ཀཱ ནང་རིམ། བ་ཧི་པཊྚི་ཀཱ ཕྱི་རིམ། ཨཱ་པྱཱ་ཡ་ནཾ། ཡོངས་སུ་རྒྱས་བྱ། པྲ་ཏྱཱ་ཡ་ནཾ། ཕྱིར་གླན་པ། སྟུ་པཿ དང་། ཙེ་ཏྱཾ། མཆོད་རྟེན། ལེ་པཿ རྙོང་ངམ་བྱུག་པའམ་སྐྱང་ནུལ། ག་བྱཾ། བ་བྱུང་སྟེ་བ་ཡི་འོ་མ་སོགས་སྤྱི་ཡི་མིང་། གོ་བི་ཤྲ་ཊ། བ་ལྕི། གོ་མ་ཡཾ། བ་རྙི་སྟེ་ལྕི་བ། དེ་སྐམ་པོ་ལ། ཀརཱི་ཥཾ། ལྕི་སྐམ་མོ། ཀུ་ཤ་པ་བི་ཏྲ་དྷཱ་ར་ཀཿ ཀུ་ཤ་གཙང་སྲེལ། ཡཛྙོ་པ་བཱི་ཏཾ། མཆོད་ཕྱིར་ཐོགས། པྲི་པུཎྚ་ག་ཙིཧྣི་ཏཾ། ཐལ་བའི་སོར་རིས་གསུམ་མཚན། ཤྲྀངྒ་ཊ་ཀ་ག་ཏྲི་ཧྣི་ཏཾ། སུམ་མདོའི་རིས་མཚན་ཅན། ཨ་ཛི་ནཱཾ། གཡང་གཞི་འམ་པགས་པ། ཛ་ཊཱ་བ་ལམྤི་ཏཾ། རལ་པ་འཕྱང་།


MR26_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པཊྚི་སཾ། རྩེ་གསུམ་ཁ་གདངས། ཨཱ་ལཱི་ཌྷཾ། གཡས་བརྐྱང་། པྲ་ཏྱ་ལྀ་ཌྷཾ། གཡོན་བརྐྱང་། ས་མ་པ་དཾ། མཉམ་པའི་སྟབས་ཏེ་རྐང་པ་གཉིས་གཤིབས་ནས་རྐྱོང་བའོ། །བི་ཤཱ་ཁཿ ས་ག་སྟེ་རྐང་པ་གཉིས་ཀྱི་བར་དུ་མཐོ་གང་བཞག་པའོ། །མཎྜལ་ཀཾ ཟླུམ་པོ་སྟེ་རྐང་པ་གཉིས་ཟླུམ་པོའི་རྣམ་པར་བྱས་པའོ། །མདའ་འཕེན་པའི་འདུག་སྟངས་ཀྱི་གནས་ལྔ་ཞེས་པའང་འདི་ཡིན་ལ་གར་སོགས་ཀྱི་སྐབས་སུའང་ཤེས་པར་བྱའོ། །པ་རི་ཀ་རཿ སྐྱིལ་ཀྲུང་། ཨརྡྡྷཾ་པ་རི་ཀ་རཿ ཕྱེད་སྐྱིལ། ཨ་བ་ལོ་ཀི་ཏཿ ལྟ་སྟངས། ཏིཥྛ་བི་ཀྲནྟཿ འདུག་སྟངས། བི་ཀྲནྟཿ སྟབས། ཙོད་ནཾ། བསྐུལ་བ། བི་དརྦྷ་ཎཾ། སྨྲོས་པ། ཡ་ཐ་ཡོ་གཾ ཇི་ལྟར་རིགས་པའམ་ཇི་ལྟར་འབྱོར་བ། ཨ་བི་ཀ་ལཿ མ་ཚང་བ་མེད་པ། དྲ་བྱཿ རྫས། མནྟྲཿ སྔགས། དྷྱཱ་ན། བསམ་གཏན། ཡནྟྲཿ འཁྲུལ་འཁོར། ཛཱ་པ྄ཿ བཟླས་པ། ཞེས་དང་། ས་མ་ཡ་མུ་དྲཱ། དམ་ཚིག་གི་ཕྱག་རྒྱ་དེ་བཞིན། ཛྙཱ་ནཾ། ཡེ་ཤེས། ཀརྨ། ལས་ལ་མུ་དྲཱ་སྦྱར་བ་དང་། མ་ཧཱ་མུ་དྲཱ། ཕྱག་རྒྱ་ཆེན་པོའོ། །མནྟྲཱི། སྔགས་པ། བིདྱཱ་མནྟྲ་དྷཱ་རཿ རིགས་སྔགས་འཆང་། སཱ་དྷྱཾ། བསྒྲུབ་བྱ། སཱ་དྷ་ཀཿ སྒྲུབ་པ་པོ། ཨུཏྟ་ར་སཱ་དྷ་ཀཿ སྒྲུབ་པའི་གྲོགས་མཆོག ཧོ་མཿ སྦྱིན་སྲེག ཧོ་མོ་པ་ཀ་ར་ཎཾ། སྦྱིན་སྲེག་གི་ཡོ་བྱད། ཧོ་ཏཱ། སྦྱིན་སྲེག་བྱེད་པ། ཧ་བ་ནཾ། བསྲེག་པ། ཛུ་ཧ་ཡཱ་ཏྲ། སྦྱིན་སྲེག་བྱའོ། །ཨ་བྷི་ཥེ་ཀཿ དང་། ཨ་བྷི་ཥིཀྟཿ དབང་བསྐུར་བ། ཤེ་ཀ དབང་། ཨ་བཱ་ཧ་ནཾ། སྤྱན་དྲངས་པ། ཨཱ་ཀརྵ་ཎཾ། དགུག་པ། བི་ས་རྫ་ནཾ། སླར་གཤེགས་སུ་གསོལ་བ། ཀྲྀ་ཏཱ་བ་དྷིཿ མཚམས་བཅད་པ། སཱི་མཱ་བདྡྷཿ


MR26_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཅད་པ། བནྡྷ་ནཾ། བཅིང་བ། ཨུཙྩཱ་ཊ་ནཾ། དགར་བ། གརྦཿ བསྙེམས་པའི་ཚུལ་ཏེ་ང་རྒྱལ། ས་མཱ་དཱ་ནཾ། ཡང་དག་པར་བླངས་པའམ་ཡི་དམ། སཾ་གུ་ཧ་ཡཾ། ལེགས་པར་སྦེད་པའམ་གསང་ཐུབ་པ། གུཔྟཿ སྦས་པ་པའམ་བསྲུང་བ། ཨ་དྷིཥྛཱ་ནཾ། བྱིན་རླབས། ཨ་དྷིཥྛཱ་ན་འདི་ལྷག་པར་གནས་པ་སྟེ་བྱ་བ་རྩོམ་པ་ལའང་འཇུག །མཱ་ཏྲཿ དྲོད་ཚད་དེ་རྣལ་འབྱོར་བའི་དྲོད་ཚད་སོགས་ཀྱིའོ། །མནྟྲ་ཙཪྻྻཱ། སྔགས་ཀྱི་སྤྱོད་པའོ། །ཨུ་པ་ཙཱ་རཿ བྱ་བའི་ཆོ་གའམ། ཉེར་སྤྱོད་དམ། ཡོ་བྱད་ཅེས་སྐབས་དང་སྦྱར། ཡ་མཿ སྡོམ་པ་སྟེ་གཏན་ཁྲིམས། ནི་ཡ་མཿ རེས་འགའ་བའི་སྡོམ་པ། ཀྲྀཙྪ། དཀའ་ཐུབ། ཡཛྙཿ མཆོད་སྦྱིན། ས་མཱ་ཙཱ་ར། ཀུན་སྤྱོད། སུ་པྲ་ཏིཥྛ། རབ་གནས། ཙཽཀྵ་ས་མུ་དྲཱ་ཙཱ་རཿ གཙང་སྦྲ་སྤྱོད་པ། མེ་དྷྱཿ གཙང་མ། སྔགས་ཀྱི་ལས་ཀྱི་ཁ་བསྒྱུར་ལ། ས་པ་རི་ཝཱ་རཿ འཁོར་དང་བཅས་པ། ཨེ་ཧྱེ་ཧི། ཚུར་བྱོན། ས་མཱ་ཛཿ འདུས་ཤིག ཨ་མུ་ཀཿ ཆེ་གེ་མོ། རཀྵཿ སྲུང་བ། ཤཱནྟིཾ། ཞི་བ། པུཥྚིཾ། རྒྱས་པ། པ་ཤཱཾ། དབང་། དེ་དག་ལ་ཀུ་རུ་སྦྱར་བས་གྱིས་ཤིག་ཅེས་པའི་དོན། ཨ་ཀཪྵཱ་ཡ། དགུག་པ། པཱ་ཤ་མཱ་ན་ཡ། ཡིད་དབང་དུ་བྱེད་པ། མཱ་ར་ཡ། བསད་པ། སཏྭཾ་བྷ་ཡ། མནན་པ། ཨུཙྪཱ་ཊ་ཡ། བསྐྲད་པ། ནཱ་ཤ་ཡ། ཞི་བ། ཨུནྨ་ད་ཡ། སྨྱོ་བ། བྷ་ཏི་ར་ཡ། ལྐུག་པ། བི་དཱེ་ཥཱ་ཡ། དབྱེ་བ། བྷེ་དཱ་ཡ། ཡང་འབྱེད་པ། མོ་ཧ་ཡ། རྨོངས་པ་སྟེ། དེ་སོགས་གང་འདོད་པའི་ལས་ཀྱི་ཁ་བསྒྱུར་དང་། ཞི་བ་དང་སྲུང་བ་དང་དབང་དང་རྒྱས་པར་མཐའ་རྟེན་སྭཱ་ཧཱ། སྦྱར། ཡང་ན། རྒྱས་པར་


MR26_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ། དབང་ལ་ཧོ། དགུག་པར་ཛ། བསད་པ་སོགས་དྲག་པོར་ཧཱུྃ་ཕཊ། ཡང་ན་དབྱེ་བསྐྲད་ལ་ཕཊ། མནན་པར་ནན། སོགས་མན་ངག་དང་སྦྱར་ཏེ་བཟླའོ། །མནྟྲཾ། སྔགས། བིདྱཱ། རིག་པ། དྷཱ་ར་ཎཱི། གཟུངས་ཏེ། གསང་སྔགས་རིག་སྔགས་གཟུངས་སྔགས་ལའང་དོན་གྱིས་གོ་བས་སྐད་དོད་དེས་ཆོག་པའི་སྐབས་ཡོད་དོ། །ཤཱནྟི་ཀཾ། ཞི་བ། པཽཥྚི་ཀཿ རྒྱས་པ། བ་ཤཱི་ཀ་ར་ཎཿ དབང་དུ་བྱེད་པ། ཨཱ་བྷི་ཙ་རུ་ཀཿ དྲག་ཤུལ་སྤྱོད་པ། ཨཱ་བྷི་ཙཱཪྻ། མངོན་སྤྱོད། དྲག་པོའི་ལས་ཀྱི་བྱེ་བྲག །སྟམྦྷ་ནཾ། རེངས་བྱེད། ཛམྦྷ་ནཿ རྨུགས་བྱེད། མོ་ཧ་ནཾ། རྨོངས་བྱེད། ཨོ་ཧ་ནཾ། འཁྲུལ་བྱེད། ཀྲྀ་ཏྱཱ། གཤེད་བྱེད། ཀརྨཿ བསྒྱུར་བའི་ལས། ཀི་ར་ཎཿ གཡེངས་བྱེད། ཀཱ་ཁོརྡྷཿདང་། ཁོརྡཿ བྱད། བེ་ཏཱ་ཌཿ རོ་ལངས། ཙིཙྪཿ སེམས་བསྒྱུར་བ། པྲེ་ཥ་ཀཿ རྦོད་གཏོང་། ཞེས་སོ། །དངོས་གྲུབ་ཐོབ་པའི་མིང་། སིདྡྷིཿ དངོས་གྲུབ། པ་ར་ད། དམ་པ་སྦྱིན་པའམ་མཆོག་སྦྱིན་པ། ས་མརྡྡ་ཀཿ ཡང་དག་འབྱོར་བྱེད། ཀཱ་མ་བིདྱཱ་དྷཱ་ར། འདོད་པའི་རིག་འཛིན། རཱུ་པ་ཀ་ཀི་བདྱཱ་དྷཱ་རཿ གཟུགས་ཀྱི་རིག་འཛིན། ཁེ་ཙ་ར། མཁའ་སྤྱོད། ཨཉྫ་ནཾ། མིག་སྨན། གུ་ལི་ཀཱཾ། རིལ་བུ། ཁཌྒཿ རལ་གྲི བེ་ཏཱ་ཌཿ རོ་ལངས། ནི་དྷིཿ གཏེར། ཨ་དྲྀ་ཥ། མི་སྣང་བ། ཡཀྵཱི། གནོད་སྦྱིན་མོ། ར་ས་ཡཱ་ནཿ བཅུད་ཀྱིས་ལེན། ཨ་དྷོ་པྲི་ཐྭཱི། ས་འོག ཛརྟྒྷཱ་ཀ་རཿ རྐང་མགྱོགས། རྀདྡྷིཿ རྫུ་འཕྲུལ། ཨ་བྷི་ཛྙཱཿ མངོན་ཤེས། ཨལྤ་ཀརྨཿ ལས་ཕྲན། མ་ཧཱ་ཀརྨཿ ལས་ཆེན་པོ། པྲ་ཀཱ་མྱམ་རཱུ་པི་ཀཿ འདོད་དགུར་བསྒྱུར་བའི་གཟུགས་ཅན། བིདྱཱ་དྷཱ་ར་རཱ་ཛཿ རིག་འཛིན་


MR26_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱལ་པོ། པྲ་ས་ནཾ། གསལ་སྟོན་ཏེ་པྲ། པ་ར་མ་སིདྡྷིཿ མཆོག་གི་དངོས་གྲུབ། ཅེས་སོ། །དེ་དག་གི་སྔགས་ཆོག་རྣམས་ལ་ཉེ་བར་མཁོ་བའི་བརྡ་ཁྱད་ཅུང་ཟད་བཤད་ནས། ༈ །ད་ནི་མཁས་བྱའི་གནས་བཅུའི་རིམ་པ་དང་མཚུངས་པར་ཉེར་མཁོའི་སྐད་དོད་ཅི་རིགས་བསྡེབས་པ་ལ། སྐནྡྷ། ཕུང་པོ། ཨུ་པཱ་དཱ་ན་སྐནྡྷ། ཉེ་བར་ལེན་པའི་ཕུང་པོ། རཱུ་པ་སྐནྡྷ། གཟུགས་ཀྱི་ཕུང་པོ། བེ་ད་ན་སྐནྡྷཿ ཚོར་བའི་ཕུང་པོ། དེ་བཞིན་ཕུང་པོའི་སྐད་དོད། ཞབས་སུ་སྦྱར་བའི། སཾ་ཛྙཱཿ འདུ་ཤེས། སཾ་སྐཱ་ར། འདུ་བྱེད། བི་ཛྙཱ་ནཾ། རྣམ་ཤེས། ཕུང་པོ་ལྔ་པོ་དེ་དག་གི་མཚན་ཉིད་ཀྱང་། རཱུ་པྱ་ཏེ། གཟུགས་སུ་རུང་བ། ཨ་ནུ་ཏི། ཉམས་སུ་མྱོང་བ། ཙི་ཏྲཱི་ཀཱ་རཿ མཚན་མར་འཛིན་པ། སཾ་ཛྙཱ་ན་ནཱ། འདུས་ཏེ་ཤེས་པར་བྱེད་པ། མཚུངས་ལྡན་འདུ་ཤེས་ཀྱི་དབང་དུའོ། །བི་ཛྙཱ་ན་ནཱ་ལཀྵ་ཎཾ། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་དོ། །གཟུགས་ཀྱི་ཕུང་པོ་ནི། སྤཪྴ་རཱུ་པ་ཎཱ། རེག་པས་གཟུགས་སུ་རུང་བ། དེ་ཤ་ནི་རཱུ་པ་ཎཱ། ཡུལ་བརྟག་པས་གཟུགས་སུ་རུང་བ་སྟེ། དེ་གཉིས་ཀྱི་སྒོ་ནས་གཟུགས་ཉིད་དུ་བཞག་པའོ། །ཨཱ་ཤྲ་ཡ། རྟེན་དུ་གྱུར་པ། བྷཱུ་ཏ་རཱུ་པ་ཎ་ཏ། གཟུགས་སུ་ཡོད་པའི་ཕྱིར་རམ་བཞག་ཏུ་རུང་བའི་ཕྱིར། གཟུགས་ཕུང་ལ་དབྱེ་ན་རྒྱུ་གཟུགས་བཞི་དང་འབྲས་གཟུགས་བཅུ་གཅིག་ལས། དང་པོ། ཙ་ཏྭཱ་རི་མ་ཧཱ་བྷཱུ་ཏཱ་ནི། འབྱུང་བ་ཆེན་པོ་བཞི་སྟེ། པྲི་ཐི་བཱི་དྷཱ་ཏུ། སའི་ཁམས། དེ་བཞིན་ཁམས་ཀྱི་སྐད་དོད་དྷཱ་ཏུཿ ཞབས་སུ་སྦྱར་ལ། ཨ་པྲ། ཆུ། ཏེ་ཛོ། མེ། བཱ་ཡུཿ རླུང་ངོ་། །དེ་དག་གི་མཚན་ཉིད། ཀཀྑ་ཊ་ཏྭཾ། སྲ་བ་ཉིད། དེ་བཞིན་དུ་ཏྭཾ་ཞེས་པ་ཉིད་ཀྱི་དོན་ཡིན་པས་ཞབས་


MR26_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཞག་ལ། དྲ་བ། གཤེར་བ། ཨུཥྞ། ཚ་བ། ལ་གྷུ། ཡང་བ། ས་མུ་དཱི་ར་ཎ་ཏྭཾ། གཡོ་བ་ཉིད་དོ། །ཨུ་པཱ་དཱ་ཡ་རཱུ་པཾ། རྒྱུར་བྱས་པའི་གཟུགས། ཛ་ན་ནི། སྐྱེད་པ། ནི་ཤྲེ་ཡཿ རྟེན་པ། སྡྱཱ་ནཾ། གནས་པ ། ཨུ་པ་སྟམྦྷ། རྟེན་པ། ཨུ་པ་བྲྀ་ཧ་ནཾ། འཕེལ་བར་བྱེད་པའོ། །བྷཽ་ཏི་ཀ་རཱུ་པཾ། འབྱུང་བ་ལས་གྱུར་པའི་གཟུགས། འབྲས་གཟུགས་ལ་དབང་ལྔ་ཡུལ་ལྔ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་བཅུ་གཅིག་ཡོད་པ་ལས། དབང་པོ་ལྔ་ནི། རཱུ་པ་པྲ་སཱ་དཿ གཟུགས་དང་བ་ཞེས་སོ། །ལྔ་པོ་གང་ཞེ་ན། ཙཀྵུ་རིནྡྲི་ཡཾ། མིག་གི་དབང་པོ། དེ་བཞིན་ཨིནྡྲི་ཡཾ་ཞེས་པ་དབང་པོའི་སྐད་དོད་རྗེས་སུ་བཞག་པ་དང་མཚམས་སྦྱར་བ་ཀུན་ལ་འདྲ། ཤྲོ་ཏ། རྣ་བ། གྷྲཱ་ན། སྣ། ཛི་ཧྭ། ལྕེ། ཀཱ་ཡ། ལུས་སོ། །ཡུལ་ཅན་འདི་དག་ལ། ཧྲྀ་ཥཱི་ཀཾ དགའ་བྱེད་ཀྱང་ཟེར། ཡུལ་ལྔ་ནི། རཱུ་པཾ། གཟུགས་ཏེ་སྦྱི་མིང་བྱེ་བྲག་ཏུ་མིག་གི་ཡུལ་ལ་བཏགས་པའོ། །ཤབྡཿ སྒྲ། གནྡྷཿ དྲི། ར་སཿ རོ། སྤརྴཿ འམ། སྤྲྀཥྚ་བྱཾ། རེག་བྱའོ། །དེ་ལྔ་ལ། ཨིནྡྲི་ཡཱཪྠཱཿ དབང་དོན་ཞེས་བྱའོ། །མིག་ཡུལ་གཟུགས་ཀྱི་དབྱེ་བ་ལ། ཁ་དོག་དང་དབྱིབས་གཟུགས་གཉིས། དང་པོ། བརྞྞ་རཱུ་པཾ། ཁ་དོག་གི་གཟུགས་ནི། ནཱི་ལཾ། སྔོན་པོ། ཤྱཱ་མཿ སྔོ་བསངས། པཱི་ཏཾ། སེར་པོ། ལོ་ཧི་ཏཾ། དམར་པོ་ལེ་བརྒན་ཀྱང་ཟེར། གཞན་ཡང་རཀྟ་ཁྲག་མདོག །རཱ་གཿ སོགས་ཀྱང་དམར་པོའི་མིང་དུ་འགྱུར་བའང་ཡོད། རོ་ཧི་ཏ། དམར་པོ། ཨ་བ་དཱ་ཏཾ། དཀར་པོ། ཤྭེ་ཏ། མདོག་དཀར། ཤྱེ་ཏ། དཀར་སྣུམ། སི་ཏ། ཡིད་སྡེབ་སྟེ་དཀར་པོ། གཽ་རཿ དཀར་པོ། ཤུཀླཿ


MR26_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། ཤུ་བྷྲ། དགེ་བྱེད་དེ་དཀར་པོ། ཤུ་ཙི། དཀར་གསལ་ཏེ་འདི་རྣམས་གང་ཡང་དཀར་པོའི་མིང་དུ་རུང་ངོ་། །གཞན་ཡང་དཀར་པོའི་མིང་དུ། བ་ལཱཀྵཿ མིག་སྟོབས་དང་། བི་ཤ་དཿ གཞན་གཅོད་ཅེས་སུའང་བཤད་དོ། །ཨརྫུ་ན། དཀར་དངས་ཏེ་འདི་སྲིད་སྒྲུབ་ལའང་འཇུག ཀྲྀཥྞ། ནག་པོ། རེས་སྔོན་པོ་ལའང་འཇུག ཨ་སི་ཏཿ དཀར་མིན། ཀཱ་ལ། ནག་པོ། མེ་ཙ་ཀཿ ནག་ལྷང་། འདི་གང་ཡང་ནག་པོའི་མིང་ངོ་། །ཧ་རི་ཏ། ལྗང་གུ པ་ལཱ་ཤ་དང་། པཱ་ལ་ཤ གཉིས་ཀ་ལོ་མའི་མདོག་སྟེ་ལྗང་གུ ཧ་རི་ཏ། ལོ་མ་ཁ་སྟེ་དེའང་གོང་འདྲའོ། །ཁ་དོག་དེ་དག་གི་བྱེ་བྲག་གི་ཆ་ཤས་ནི། པཱཎྚ་རཿ སྐྱ་བསངས། དྷ་བ་ལཿ དང་། པཎྜུ་རཾ། སྐྱ་བོ། ཧ་རི་ཎཿ རི་དྭགས་མདོག་སྟེ་དཀར་སེར། པཱཎྜུཿ ངང་པ། པཱཎྜུ་རཿ སེར་སྐྱ། དྷཱུ་ས་རཿ འོལ་ཁ་སྟེ་དཀར་སེར་མི་གསལ་བའི་མིང་། གཽ་རཿ སེར་ཤང་། ཧ་རི་དྲཱ་བྷཿ ཡུང་བའི་མདོག ཤོ་ཎ། དམར་དངས་ཏེ་ཨུཏྤལ་དམར་པོའི་ཁ་དོག་ལྟར་རྒྱ་ཚོས་དྭངས་པའི་མིང་ངོ་། །ཨ་རུ་ཎཿ དམར་མོག་སྟེ་དམར་པོ་མི་གསལ་བའི་མིང་། བཱ་ཊ་ལཿ དམར་སྐྱ། ཤྱཱ་བཿ ཇ་ཁ་སྟེ་སེར་ནག ཀ་པི་ཤཿ སྤྲེལ་མདོག་གོ དྷཱུ་མྲཿ དམར་ནག་འདྲེས་པ་དུད་ཁའོ། །དྷཱུ་མ་ལ། མཆིན་ཁ། ཀ་ཌཱ་རཿ དམར་སེར། ཀ་པི་ལཿ སེར་སྨུག །པིངྒཿ གི་ཝཾ་མདོག བི་ཤཾ་གཿ དུར་ཁ། ཀ་དྲུཿ གསེར་མདོག པིངྒ་ལཿ དམར་སེར་རམ་སེར་སྐྱའོ། །ཙི་ཏྲཾ། སྣ་ཚོགས་ཏེ། ཁྲ་བོའམ་ཁུ་བྱུག་མགྲིན་པའི་མདོག་ཅེས་ཀྱང་བཤད། སྒྲ་འདི་ངོ་མཚར་བ་སོགས་ལའང་འཇུག ཤ་བ་ལཿ ཁྲ་བོའམ་


MR26_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྲེ་བོའམ་སྟག་རིས་སམ་འདྲེས་པ། ཀརྦུ་རཿ བཀྲ་བ་སྟེ་ཁྲ་བོའོ། །སུ་བརྞཾ། ཁ་དོག་གམ་མདོག་བཟང་པོ། དུརྦ་ཎཾ། ཁ་དོག་ངན་པའམ་མདོག་མི་སྡུག་པ། མདོག་གི་མིང་ཐམས་ཅད་ཀྱང་སྤྱིར་ཡོན་ཏན་རྐྱང་པ་བརྗོད་ཚེ་ཕོ་ཡི་རྟགས་མཐའ་ཅན་ཡིན་ཡང་། ཡོན་ཏན་ཅན་དང་སྦྱོར་ཚེ་བརྗོད་བྱའི་རྟགས་གསུམ་ག་འཇུག་གོ། ཡན་ལག་གི་ཁ་དོག་ནི། ཨ་བྷྲཾ། སྤྲིན། མེ་གྷཿ ཆུ་འབེབས་ཏེ་སྤྲིན། གཞན་ཡང་སྤྲིན་གྱི་མིང་སྣ་ཚོགས་ཀྱི་བརྗོད་པས་དེ་ཡི་མདོག་ཅེས་སྦྱར་ཡང་དེ་ཉིད་ལས་མི་འདའོ། །དྷཱུ་མཿ དུ་བ། ར་ཛཿ རྡུལ། མ་ཧི་ཀཱཿ ཁུག་སྣ། ཙྪ་ཡཱཿ གྲིབ་མ། ཨཱ་ཏཱ་པཿ ཉི་མ། ཨཱ་ལོ་ཀཿ སྣང་བ། ཨནྡྷ་ཀཱ་རཿ མུན་པའོ། །འདི་རྣམས་ལ་མིང་གཞན་ཡོད་པ་འོག་ཏུ་སྟོན་ནོ། །སཾ་སྡྱཱ་ན་རཱུ་པཾ། དབྱིབས་གཟུགས། དེ་ལ། དཱིརྒྷཾ། རིང་པོ། ཧྲ་སྭཾཿ ཐུང་ངུ་། བྲྀཏྟཾ། ལྷམ་པ། སཾ་བྲྀཏྟཿ དང་། པ་རི་མཎྚ་ལཾ། ཟླུམ་པོ། ཤཱ་ཏཾ། ཕྱལ་ལེ་བའམ་མཉམ་པ། བི་ཤཱ་ཏཾ། ཕྱལ་ལེ་བ་མ་ཡིན་པའམ་མི་མཉམ་པ། ཨུནྣ་ཏཾ། མཐོ་བ། ཨ་བན་ཏཾ། དམའ་བ། ཙ་ཏུ་ར་སྲཾ། གྲུ་བཞི། ཙ་ཏུ་པཱཪྴྭཾ། ངོས་བཞི། ཁལླ་ཀཾ གྲུ་གསུམ། ཙནྡྲ་ཀཿ ཟླ་གམ། གཞན་ཡང་ནར་མོ་ལ་སོགས་པའོ། །ས་ནི་དརྴ་ནཾ། བསྟན་དུ་ཡོད་པ། ཨ་ནི་དརྴ་ནཾ། བསྟན་དུ་མེད་པ་ཞེས་སོ། །སྒྲ་ཡི་དབྱེ་བ་ལ། ཨུ་པཱཏྟཿཟིན་པའི། མ་ཧཱ་བྷཱུ་ཏ། འབྱུང་བ་ཆེན་པོའི། ཧེ་ཏུ་ཀ རྒྱུ་ལས་བྱུང་བ། ས་ཏྭཱ་ཁྱོ་ས་ཏྭཱ་ཁྱ། སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་མི་སྟོན་པ། མ་ནོ་ཛྙཱ་མ་ནོ་ཛྙཱཤྩ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ། ཨ་ནུ་པཱཏྟ་མ་ཧཱ་བྷཱུ་ཏ་ཧེ་ཏུ་ཀཿ མ་ཟིན་


MR26_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ལའང་སེམས་ཅན་དུ་སྟོན་མི་སྟོན་ཡིད་དུ་འོང་མི་འོང་གོང་འདྲ། དྲི་ཡི་དབྱེ་བ་ལ། སུ་གནྡྷཿ དྲི་བཟང་བའམ་ཞིམ་པ། དུ་རྒནྡྷཿ དྲི་ང་བའམ་ངན་པ། སུ་ར་བྷི། དྲི་ཞིམ་པ། པཱུ་ཏི་གནྡྷིཿ དྲི་མི་ཞིམ་པ། ས་མ་གྷནྡྷཿ དྲི་མཉམ་པ། བི་ཥ་མ་གནྡྷཿ དྲི་མི་མཉམ་པའམ་དྲི་དུག་པ། ཤ་རྗེན་སོགས་ཀྱི་དྲིའི་མིང་། བི་སྲཾ། འདོར་བའི་དྲི། ཨཱ་མ་གནྡྷི། ནད་དྲི་ཞེས་སོ། །རོ་ཡི་དབྱེ་བ་ལ། མ་དྷུ་རཿ མངར་བ། དེའི་ཕྱིར་སྦྲང་རྩི་ལ་བྱེ་བྲག་ཏུ་འཇུག་པའང་ཡོད། ཨམླ། སྐྱུར་བ། ལ་བ་ཎཿ ལན་ཚྭ། ཀ་ཊུ་ཀཿ ཚ་བ། ཏིཀྟཿ ཁ་བ། འདི་སྤྱི་མིང་བྱེ་བྲག་ལ་འཇུག་པས་སྨན་ཏིཀྷ་ཞེས་འབོད་པ་ཡིན། ཀ་ཥཱ་ཡཿ བསྐ་བ། ཏུ་བ་རཿ ནད་ལ་འཚེ་ཞེས་པའང་བསྐ་བའོ། །ཆང་གི་རོ་འདྲ་བ་སོགས་སོ་སོའི་མིང་ལ་རོ་དང་འདྲ་བའི་རྐྱེན་སྦྱར་བས་ཤེས་སོ། །རེག་བྱ་ལ། ཤྩཀྵྞ་ཏྭཾ། འཇམ་པ། ཀརྐ་ཤ་ཏྭཾ། རྩུབ་པ། གུ་རུ་ཏྭཾ། ལྕི་བ། ལ་གྷུ་ཏྭཾ། ཡང་བ། ཤཱི་ཏཾ། གྲང་བའམ་བསིལ་བ། བུ་ཀྵཱ། བཀྲེས་པ། ཛི་གྷཏྶཱ། བཀྲེས་པའམ་ལྟོགས་པ། པི་པཱ་སཱཿ སྐོམ་པ། ཀོ་མ་ལཾ། མཉེན་པ། ཤྩ་ཐམ྄། ལྷོད་པ། ཨ་ཤྩཐཾ། ལྷོད་པ་མིན་པ། སཾ་ཧ་ཏཿ དམ་པ། ཏྲྀཔྟིཿ ཚིམ་པ། བྱཱ་དྷིཿ ན་བ། ཛ་རཱ། རྒ་བ། མ་ར་ཎཿ འཆི་བ། ཤྲ་མཿ ངལ་བ། བི་ཤྲ་མཿ ངལ་སོས་པ།ཨཱུརྫཱ། སྤུངས་སྐྱེས་པའམ་པགས་རྩ་སྐྱེས་པ་ཞེས་སོ། །དྷརྨྨཱ་ཡ་ཏ་ནི་ཀཾ་རཱུ་པཾ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས། དེ་ལ་ལྔ་སྟེ། ཨཱ་བྷི་སཾ་ཀྵེ་པི་ཀཾ བསྡུས་པ་ལས་གྱུར་པ། ཨཱ་བྷྱ་བ་ཀཱ་ཤི་ཀཾ མངོན་པར་སྐབས་ཡོད་པ། ས་མཱ་དཱ་ནི་ཀཾ། ཡང་དག་


MR26_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླངས་པ་ལས་བྱུང་བ། ཨ་བི་ཛྙཱ་པྟིཿ རྣམ་པར་རིག་བྱེད་མིན་པའང་དེའོ། །པ་རི་ཀལྤི་ཏཾ། ཀུན་བརྟགས་པ། བོ་་ཏྭི་ཀཾ། དབང་འབྱོར་བ་སྟེ། རྗེས་སུ་རཱུ་པ་སྦྱར་བའི་གཟུགས་ཞེས་སུ་འགྱུར། བེ་ད་ནཱ། ཚོར་བ། ཨ་ནུ་བྷ་བ་ཏི། མྱོང་བར་བྱེད།ཚོར་བའི་ཕུང་པོའི་དབྱེ་བ་ལ། སུ་ཁཿ བདེ་བ། དུཿཁཱ། སྡུག་བསྔལ། ཨ་དུཿཁ་སུ་ཁཱ། བདེ་བ་ཡང་མིན་སྡུག་བསྔལ་ཡང་མ་ཡིན་པ་སྟེ་བཏང་སྙོམས། ཨུ་པེཀྵཱ། བཏང་སྙོམས་སོ། །ཙཀྵུ་སཾ་སྤཪྴ་ཛཱ་བེ་ད་ནཱ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ། དེ་བཞིན་དུ། ཤོཏྲ། གྷྲཱ་ཎ། ཛི་ཧྭཱ། ཀཱ་ཡ། མ་ནཿ རྣམས་ལ། སཾ་སྤཪྴ་ཛཱ་བེ་ད་ནཱ། སྦྱར་བས། རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་སུ་འགྱུར་རོ། །དེ་དག་ལ་བདེ་སྡུག་བཏང་སྙོམས་སྦྱར་བས་བཅོ་བརྒྱད་དུ་འགྱུར་རོ། །སུ་ཁ་ཀཱ་ཡི་ཀཱི ལུས་ཀྱི་བདེ་བ། དུཿཁཿ ཀཱ་ཡི་ཀཱི ལུས་ཀྱི་སྡུག་བསྔལ། སུ་ཁ་ཙཻ་ཏ་སི་ཀཱི སེམས་ཀྱི་བདེ་བ། དུཿཁ་ཙཻ་ཏ་སི་ཀཱི། སེམས་ཀྱི་སྡུག་བསྔལ། མི་ཥཱ། ཟང་ཟིང་། སཱ་མི་ཥཱ། ཟང་ཟིང་དང་བཅས་པ། ནི་རཱ་མི་ཥཱ། ཟང་ཟིང་མེད་པ། ཨཱ་མི་ཥཱ། ཟང་ཟིང་ངམ་ཤའམ་ཟས་ལའང་འཇུག །གྲེ་དྷཱ་ཤྲི་ཏཱ། ཞེན་པ་ལ་བརྟེན་པ། ནཻཥྐྲ་མྱཱ་ཤྲི་ཏཱཿ མངོན་འབྱུང་བརྟེན་པ། ཞེས་སོ། །སཾ་ཛྙཱ། འདུ་ཤེས། དེ་ལ། པ་རཱི་ཏྟཱ། ཆུང་ངུ་། མ་ཧཱདྦྷཱུ་ཏ། ཆེན་པོར་གྱུར་པ། ཨཔྲ་མཱ་ཎཱ། ཚད་མེད་པ་ཞེས་དང་། སཱཾ་བྱ་བ་ཧཱ་རི་ཀཾ ཀུན་ཏུ་ཐ་སྙད་འདོགས་པ་ཞེས་རྟ་གླང་སོགས་ཆོས་སྣ་ཚོགས་སུ་འདོགས་པའོ། །དེ་ལ་དབྱེ་ན། ཙཀྵུ་སཾ་སྤརྴ་ཛཱ་སཾ་ཛྙཱ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་


MR26_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་རྣ་བ་སོགས་ལ་སྦྱར་ཏེ་ཤེས་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ལ་སེམས་དང་མཚུངས་པར་ལྡན་པ་དང་། ལྡན་མིན་འདུ་བྱེད་གཉིས་ལས་དང་པོ་ལ། ཙཻ་ཏ་སི་ཀཱ་དྷརྨཱཿ སེམས་ལས་བྱུང་བའི་ཆོས། སྤཪྴཿ རེག་པ། འདུ་ཤེས་དང་ཚོར་བ་གོང་དུ་བཤད། མ་ན་སྐཱ་རཿ ཡིད་ལ་བྱེད་པ། ཙེ་ཏ་ནཱ། སེམས་པ། ཙྪནྡཿ འདུན་པ། ཨ་དྷི་མོཀྵཿ མོས་པ། ཨདྷི་མུཀྟིཿ བྱས་ཀྱང་འདྲའོ། །སྨྲྀ་ཏིཿ དྲན་པ། པྲཛྙཱཿ ཤེས་རབ། ས་མཱ་དྷཱིཿ ཏིང་འཛིན་རྣམས་སེམས་སྤྱིའི་འཁོར་ཏུ་འབྱུང་བའི་སེམས་བྱུང་ངོ་། །འདི་སོགས་གོང་དུའང་ཡོད་མོད་འདིར་སྟབས་གཅིག་བྲིས་པ་དེ་འདྲ་གོང་འོག་ཀུན་ཏུ་ཡོད་དོ། །ཤྲདྡྷཱ། དད་པ། ཧྲཱིཿ ངོ་ཚ་ཤེས་པ། ཨ་པ་ཏྲཱ་པྱཾ། ཁྲེལ་ཡོད་པ། ཨ་ལོ་བྷཿཀུ་ཤ་ལ་མཱུ་ལཾ། མ་ཆགས་པའི་དགེ་བའི་རྩ་བ། དེ་བཞིན། ཨ་དྭེ་ཥཿ ཞེ་སྡང་མེད་པ། ཨ་མོ་ཧཿ གཏི་མུག་མེད་པ། དགེ་རྩ་གསུམ་མོ། །བཱིཪྻཾ། བརྩོན་འགྲུས། པྲ་སྲབྡྷིཿ ཤིན་ཏུ་སྦྱངས་པ། ཨ་པྲ་མཱ་དཿ བག་ཡོད་པ། ཨུ་པེཀྵཱ། བཏང་སྙོམས། ཨ་ཧིཾ་སཱ། མི་འཚེ་བ། དེ་རྣམས་དགེ་བའི་སེམས་བྱུང་ངོ་། །རཱ་གཿ འདོད་ཆགས། པྲ་ཏི་གྷཿ ཁོང་ཁྲོ་བ། མཱ་ནཿ ང་རྒྱལ། འདི་ལ་དབྱེ་བ་བདུན་དུ་དབྱེ་སྟེ། ཨ་དྷི་མཱ་ནཿ ལྷག་པའི་ང་རྒྱལ། མཱ་ནཱ་ཏི་མཱ་ནཿ ང་རྒྱལ་ལས་ཀྱང་ང་རྒྱལ། ཨ་སྨི་མཱ་ནཿ ངའོ་སྙམ་པའི་ང་རྒྱལ། ཨ་བྷི་མཱ་ནཿ མངོན་པའི་ང་རྒྱལ། ཨཱུ་ན་མཱ་ནཿ ཅུང་ཟད་སྙམ་པའི་ང་རྒྱལ། མི་ཐྱཱ་མཱ་ནཿ ལོག་པའི་ང་རྒྱལ་ཏེ་དྲུག་དང་བསྡོམ་ནས་སོ། །ཨ་བིདྱཱ། མ་རིག་པ། དྲྀཥྚིཿ ལྟ་བ། སཏྐཱ་ཡ་དྲྀཥྚིཿ འཇིག་ཚོགས་ལ་ལྟ་བ། ཨནྟ་གྲཱ ཧ་དྲྀ ཥྚིཿ མཐར་འཛིན་པར་ལྟ་བ། མི་ཐྱཱ་དྲྀཥྚིཿ ལོག་པར་ལྟ་བ།


MR26_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དྲིཥྚི་པཱ་ར་མཪྴཿ ལྟ་བ་མཆོག་ཏུ་འཛིན་པ། ཤཱི་ལ་བྲ་ཏ་པ་རཱ་མཪྵཿ ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། བི་ཙི་ཀིཏྶཱ། ཐེ་ཚོམ་རྣམས་རྩ་ཉོན་ནོ། །ཀྲོ་དྷཿ ཁྲོ་བ། ཨུ་པ་ནཱ་ཧཱཿ ཁོན་དུ་འཛིན་པ། མྲཀྵཿ འཆབ་པ། པྲ་དཱ་སཿ འཚིག་པ།ཨིརྵཱ། ཕྲག་དོག མཏྶཪྻཾ། སེར་སྣ། མཱ་ཡཱ། སྒྱུ། ཤཱ་དྷྱཾ། གཡོ། མ་དཿ རྒྱགས་པ། བི་ཧིཾ་སཱཿ རྣམ་པར་འཚེ་བ། ཨ་ཧྲཱི་ཀྱཾ། ངོ་ཚ་མེད་པ། ཨ་ན་པ་ཏྲཱ་པྱཾ། ཁྲེལ་མེད་པ། ཨ་ཤྲདྡྷཾ། མ་དད་པ། ཀཽ་ཤཱི་དྱཾ། ལེ་ལོ། པྲ་མཱ་དཿ བག་མེད་པ། མུ་ཥེ་ཏ་སྨྲྀ་ཏི་ཏཱ། བརྗེད་ངས་པ། བི་ཀྵེ་པ། གཡེང་བ། ཨ་སམྤྲ་ཛྙཱ་ནྱཾ་ནཾའང་། ཤེས་བཞིན་མ་ཡིན་པ། ཨཽདྡྷ་ཏྱཾ། རྒོད་པ། ཀཽ་ཀྲྀ་ཏྱཾ། འགྱོད་པ་སྟེ་དེ་རྣམས་ཉེ་ཉོན་ནོ། །སཏྱཱ་ནཾ། རྨུགས་པ། མིདྡྷཾ། གཉིད། བི་ཏརྐཿ རྟོག་པ། བི་ཙཱ་རཿ དཔྱོད་པ་སྟེ་གཞན་འགྱུར་བཞིའོ། །ལྡན་མིན་འདུ་བྱེད་ཉེར་བཞི་ནི། པྲཱཔྟིཿ འཐོབ་པ། ཨ་པྲཱཔྟིཿ འཐོབ་པ་མེད་པ། ཨ་སཾཛྙཱ། འདུ་ཤེས་མེད་པའི། ས་མཱ་པཏྟིཿ སྙོམས་པར་འཇུག་པ། ནི་རོ་དྷ། འགོག་པ། སྙོམས་འཇུག་གི་སྐད་དོད་གོང་བཞིན་ནོ། །ཨ་སཾ་ཛྙཱི་ཀཾ འདུ་ཤེས་མེད་པ་པ། ཛཱི་བི་ཏ། སྲོག ནི་ཀཱ་ཡ་ས་བྷཱ་ག རིགས་མཐུན་པ། ཛཱ་ཏིཿ སྐྱེ་བ། ཛ་རཱཿ རྒ་བ། སྠི་ཏིཿ གནས་པ། ཨ་ནི་ཏྱ་ཏཱ། མི་རྟག་པ། ནཱ་མ། མིང་གི ཀཱ་ཡ། ཚོགས། དེ་བཞིན། བ་ད། ཚིག བྱཉྫ་ན། ཡི་གེའམ་གསལ་བྱེད། ཨཀྵ་རཾ། འགྱུར་མེད་དེ་ཡི་གེ བརྞཿ བརྗོད་པ་སྟེ་དེ་གསུམ་ཡི་གེའི་མིང་ངོ་། །ཨེ་བཾ་བྷཱ་གཱི་ཡཱ། དེ་ལྟ་བུའི་ཆ་དང་མཐུན་པ་ནི། པྲྀ་ཐ་གྫཱ་ན། སོ་སོའི་སྐྱེ་བོ། པུངྒ་བཿ གང་ཟག པྲ་བྲྀཏྟིཿ འཇུག་པ། པྲ་ཏི་ནི་ཡ་མཿ


MR26_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ངེས་པ། ཡོ་གཿ འབྱོར་འབྲེལ། ཛཱ་བ། མགྱོགས་པ། ཨ་ནུ་ཀྲ་མཿ གོ་རིམ། ཀཱ་ལཿ དུས། དེ་ཤཿ ཡུལ། སཾ་ཁྱཱ། གྲངས། བྷེ་དཿ ཐ་དད་པའམ་བྱེ་བྲག་སྟེ་སྤྱི་བྱེ་བྲག་གི་བྱེ་བྲག་ཀུན་ལའོ། །སཱ་མ་གྲཱི། འདུ་འཕྲོད་དམ་ཚོགས་པ། པྲ་བནྡྷཿ རྒྱུན། ཨ་ནྱ་ཐཱ་ཏྭཾ། གཞན་དུ་གྱུར་པ། པྲ་བནྡྷོ་པ་ར་མཿ རྒྱུན་ཆད་པ་ཞེས་སོ། །སྐབས་འདིར་ལྡན་མིན་འདུ་བྱེད་ཀྱི་བྱེ་བྲག དུས་དང་ཕྱོགས་དང་གྲངས་ཀྱི་རྣམ་གྲངས་ལས་དུས་ནི་འོག་ཏུ་དུས་ལ་མཁས་པའི་སྐབས་སུ་བཤད། ཕྱོགས་བྱེ་བྲག་པ་འཇིག་རྟེན་བཤད་པའི་སྐབས་སུ་འགོད་ལ། ཕྱོགས་སྤྱི་ཡི་མིང་ནི། དིཀ྄་ཕྱོགས། དི་ཤ྄་དང་། དི་ཤའང་ཕྱོགས། ཀ་ཀུ་། དང་། ཀུ་ཀུ་བྷཿ ཉི་སྟོན་ནམ་རླུང་རྒྱས། ཀཱཥྛཿ དང་། ཀཱཥྛཱ། གསལ་གནས། ཨཱ་ཤཱཿ ཀུན་ཁྱབ། ཧ་རི་ཏ། དང་། ཧ་རི་ཏཿ འཕྲོག་བྱེད་ཅེས་སོ། ༈ །།ཕྱོགས་ཀྱི་བྱེ་བྲག པཱུརྦྦཱ། དང་། པྲཱ་ཙཱི། ཤར། དཀྵི་ཎཱ། དང་། ཨ་པཱ་ཙི། ལྷོ། པཤྩི་མཱ། དང་། པྲ་ཏཱི་ཙི། ནུབ། ཨུཏྟ་རཱ། དང་། ཨུ་དཱི་ཙཱི། བྱང་། པཱུརྦྦ་དཀྵི་ནཱ། ཤར་ལྷོ། དཀྵི་ཎ་པཤྩི་མཱ། ལྷོ་ནུབ། པཉྩི་མོཏྟ་རཱ། ནུབ་བྱང་། ཨུཏྟ་ར་པཱུརྦཱ། བྱང་ཤར། ཨ་དྷཿ འོག ཨཱུརྡྡཱཾ། སྟེང་། མ་དྷྱ། དབུས། ཨནྟཿ མཐའ། གཞན་ཡང་ཕྱོགས་སྐྱོང་བའི་མིང་གིས། ཨཻནྡྲཱི། དབང་པོའི་ཕྱོགས་ཏེ་ཤར། ཡཱ་མྱཱ། གཤིན་རྗེའི་ཕྱོགས་ཏེ་ལྷོ། བཱ་རུ་ཎཱི། ཆུ་ལྷའི་ཕྱོགས་ཏེ་ནུབ། ཀཽ་བེ་རཱི། ལུས་ངན་གྱི་ཕྱོགས་ཏེ་བྱང་། ཨགྣེ་ཡཱི། མེ་ཡི་ཕྱོགས་ཏེ་ཤར་ལྷོ། ནཻ་རྀ་ཏཱི། བདེན་བྲལ་ཕྱོགས་ཏེ་ལྷོ་ནུབ། བཱ་ཡ་ཝཱི། རླུང་གི་ཕྱོགས་ཏེ་ནུབ་བྱང་། ཨཻ་ཤཱ་ནཱི། དབང་ལྡན་ཕྱོགས་


MR26_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བྱང་ཤར་རོ། །མཚོ་སྐྱེས་དང་པད་དཀར་ས་མོ་ས་སོགས་ཕྱོགས་ཀྱི་གླང་པོ་དང་། ཆུ་འཛིན་དང་དམར་སེར་སོགས་གླང་མོ་རྣམས་ཀྱི་མིང་ཨ་མ་ར་ཀོ་ཥར་བལྟ་བར་བྱའོ། །ཨུ་པ་རིཿ སྟེང་། ཨ་དྷོ། འོག ཨ་དྷ་རཿ འོག་མ། པུ་རཿ སྔོན། པུ་ར་ཏཿ མདུན་དུ། ཨ་གྲཿ དང་། ཨ་གྲ་ཏཿ མདུན་ནམ་རྩེ་མོ། དཀྵི་ཎཱ། གཡས། བཱ་མཿ གཡོན། ཏི་རཿ ཐད་ཀ ཕྱོགས་ལ་ལྟོས་ནས་ཉེ་བའི་མིང་། ས་མཱི་པཿ ཉེ་བ། ནི་ཀ་ཊཿ ཉེ་ལོགས། ཨཱ་སནྣཿ ཉེ་འཁོར། སནྣི་ཀྲྀཥྚིཿ དྲུང་ན་མོའམ་ཉེ་བ། ས་ནཱི་ཌཿ གནས་མཚུངས། ས་དེ་ཤ ཕྱོགས་མཚུངས་པ་སྟེ་གཅིག་པ། ཨ་བྷྱཱ་སཿ གློས་སམ་གློར། ས་བི་དྷཿ ཐན་ཀོར། ས་མཪྻཱ་དཿ ཐོ་སྐོར། ས་བེ་ཤཿ ཐོ་ཕྱི། ཨུ་པ་ཀཎྛཿ མགྲིན་ཉེ་སྟེ། ཁ་ཐུག་ལ་ཁད་ཟེར་བ་ལྟ་བུ། ཨནྟི་ཀཿཐ་སྐོར། ཨ་བྷྱརྞྞཿ ཉན་སྐོར། ཨ་བྷྱ་གྲཿ གཞོགས། ཨ་བྷི་ཏཿ དྲུང་ཞེས་སོ། །ཤིན་ཏུ་ཉེ་བའི་མིང་། ནེ་དིཥྚཾ། རྒྱུད་དུ་བཅར་བ། ཨནྟི་ཀ་ཏ་མཾ། ཤིན་ཏུ་ཉེ་བ། ཨ་ཏི་སཾ་ནི་དྷི། ཤིན་ཏུ་བཅར་བ། ཨནྟི་ཥ་དུ། ཉེ་དྲུང་། ས་དསྟ་མཾ། ཆེས་ཉེ་བ། ཨནྟི་ཏ་མཾ། ཉེ་དྲག་པ། ཨནྟ་མཾ། ཆེས་བཅར་བ་ཞེས་སོ། །བར་ཐག་རིང་བའི་མིང་། དཱུ་རཾ། ཐག་རིང་བ། བི་བྲ་ཀྲྀཥྚཾ། ཁད་འགྱངས་པའམ་བསྐལ་པ། ད་བཱི་ཡས྄། དང་། ད་བཱི་ཡཿ ཆེས་འགྱངས་པ། ད་བིཥྛཾ། ཆེས་ཐག་རིང་བ། སུ་དཱུ་རཾ། ཤིན་ཏུ་རིང་བ། ཞེས་སོ། །ཕྱོགས་གཟུགས་ཅན་གྱི་ཆ་ལས་བཏགས་པ་ལས་རིང་པོའི་མིང་། དཱིརྒྷཾ། ཆུར་རིང་བ། ཨཱ་ཡ་ཏཾ། སྲིད་དུ་རིང་བ། ཐུང་ངུའི་མིང་། བཱ་མ་ནཿ ཐུང་ངུ་། ནྱ་ཙ྄། དང་། ནྱད྄། དམའ་བ། མོ་རྟགས་ལ་ནཱི་ཙཱི།


MR26_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནཱི་ཙཿ དམན་པ། ཁརྦྦཿ ཐུང་བ། ཧྲ་སྭཿ འཕང་དམའ་བ། བནྡྷུ་རཾ། མཐོ་ཞིང་དམའ་བ་སྟེ་མཐོ་ཡང་གཞན་ལས་ཅུང་དམའ་བའོ། །མཐོ་བའི་མིང་། ཨུཙྪཿ མཐོ་བ། པྲཱ་ཤངྐུཿ རབ་སྣང་། ཨུནྣ་ཏཿ མཐོན་པོ། ཨུ་ད་གྲཿ རྩེ་མཐོན། ཨུཙྪི་ཏཿ བསྒྲེངས་པ། ཏུངྒཿ དཔངས་མཐོ་བ། འགྲེལ་པར། ཨུ་ཏུངྒཿ འང་ངོ་། །མི་དྲང་ཞིང་གུག་པའི་མིང་། ཨ་བཱ་གྲཾ། རྩེ་མོ་ཐུར་དུ་གཞོལ་བ། ཨ་བ་ན་ཏཾ། དམའ་བར་དུད་པ། ཨཱ་ན་ཏ། གུག་པ། ན་ཏཾ། དུད་པ། ཨ་རཱ་ལཾ། ཡོན་པོ། བྲྀ་ཛི་ནཾ། ཀྱོག་པོ། ཛི་ཧྨཾ། གཅུ་པོ། ཨཱུརྨི་མ་ཏ། མི་དྲང་བ། ཀུཉྩི་ཏཾ། འཆུས་པ། ན་ཏཾ། རྒུར་བ། ཨཱ་བིདྡྷཾ། འཁྱོག་པོ། ཀུ་ཊི་ལཾ། ཀྱག་ཀྱོག བ་ཀྲཾ ཀྱོག་པ། བེལླེ་ཏ། དགྱེ་དགུ་ཅན། གྣཾ། མི་བཤན་པ་ཞེས་སོ། །དྲང་པོའི་མིང་། རྀ་ཛུཿ དྲང་པོ། ཨ་ཛིཧྨཿ མ་འཁྱོགས་པ། པྲ་གུ་ཎཿ བཤན་པ། ཞེས་སོ། །དབྱིབས་ཀྱི་ཁྱད་པར་ལས། བརྟྟུ་ལཾ། ཟླུམ་པོ་སྟེ་རིལ་བུ་ལྟ་བུ། དེའི་མིང་དུ། ནིསྟ་ལཾ། མི་བརྟན་པ་སྟེ་བཞག་སར་མི་སྡོད་པས་སོ། །བྲྀཏྟཾ། རིལ་མོ། ཀོ་ཎཿ གྲ་སྟེ་གྲ་བཞི་ཟེར་བ་ལྟ་བུ། ཏི་རཾ། ངོས་སམ་འགྲམ། ཏ་ལཾ་དང་། པཱཪྴྭ། ངོས། ཨུཏྶཾ་ག ཁོངས་སམ་གསེབ་བམ་མའི་པང་ལྟ་བུའི་པང་། ཨཱསྟཱ་རཿ གྲལ། པཱ་ལིཿ ཟུར། པྲ་བེ་ཤཿ འབེབ་པའམ་ཤོང་བ།ས་མྦྲྀ་ཏཿ རུབ་པ་སྟེ་ཁ་རུབ་པ་ལྟ་བུ། ཞེས་སོ། །གཞན་དབྱིབས་ཀྱི་མིང་གོང་དུའང་ཡོད་དོ། །ལྗོན་ཤིང་སོགས་ཆུ་ཞེང་ཚད་མཉམ་པའི་མིང་། ནི་གྷཿ ཀུན་མཉམ། འབྲུ་རྣམས་གྱེན་དུ་སྤུང་པའམ་བརྩེགས་པའི་མིང་། ཨུཏྐཱརཿ ཕྱུར་བུ།


MR26_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀཱ་རཿ སྤུང་པ། མིང་འདི་དག་ཡུལ་འབྱོར་ལྡན་གྱི་ལོ་ཏོག་འཇོམས་པར་བྱེད་པའི་གཡུལ་ལའང་འཇུག་ཅེས་བཤད། པཽརྦཱ་པཪྻ། སྔ་ཕྱི། ཨ་པཱུརྦ་མ་ཙ་ར་མཾ། སྔ་ཕྱི་མེད། སཱུཀྵྨཾ། ཕྲ་མོའམ་ཞིབ་མོ། སྡྱཱུ་ལཾ། སྦོམ་པའམ་རགས་པ། ད་བྷྲཾ། ཉུང་བའམ་ཆུང་བ། ཨ་ད་བྷྲཾ། མི་ཉུང་བའམ་མི་ཆུང་བ། ཀྲྀ་ཤ ཕྲ་མོ། ཀྵུ་དྲ། ཕྲན་ཚེགས། ཏ་ནུཿ ཆུང་ངུའམ་ཕྲ་བ། བིསྦ་ལཱི། ཟེག་མ། ཨུཏྐཱུ་ལ་ནི་ཀཱུ་ལཾ། ཤང་ཤོང་ངམ་འབར་འབུར་རམ་མཐོ་དམན། ཁརཿ མཁྲང་བ། ཀྲཱུརཿ འཐས་པ། པ་རུ་ཥཾ། རུད་རུད་པོ། རཱུཀྵ། ཧུད་ཧུད་པོ། ཨཱ་ཡཱ་མཾ། མཆུར། བིསྐམྦྷེ་ཎ། ཞེང་དུའམ་སྦོམས་སུའམ་ཟབས་སུ། བིསྟཱ་རཾ། ཞེང་དུའམ་རྒྱར། དཻརྒྷཾ། སྲིད་དུ། ཨཱ་རོ་ཧ་པ་རི་ཎཱ་ཧ་སཾ་པནྣ། མཆུ་དང་ཞེང་དུ་ལྡན་པ། ཨཱ་རོ་ཧཿ འཁྲུན་ཏམ་འཕང་ངམ་སྲིད། པ་རི་ཎཱ་ཧཿ ཞེང་ངམ་སྦོམས་སམ་ཁོ་ལག སྠི་ཏཿ ཁྱོན། ཨཱ་རོ་ཧ་པ་རི་ཎ་ཧཿ ཆུ་ཞེང་གབ་པ། ཨ་ནུ་ཀཱུ་ལཿ མཐུན་པ། པྲ་ཏི་ཀཱུ་ལཾ། མི་མཐུན་པ། པྲ་ཏི་ལོ་མཿ རྗེས་སུ་མི་མཐུན་པའམ། ལུགས་སུ་མི་འབྱུང་བ།ཨ་ནུ་ལོ་མཿ རྗེས་སུ་མཐུན་པའམ་ལུགས་སུ་འབྱུང་བ། ཨ་ནུ་སྲོ་ཏོ་གཱ་མཱི། ཆུའི་འབབ་ཕྱོགས་སུ་འགྲོ་བ། པྲ་ཏེ་སྲོ་ཏོ་གཱ་མཱི། ཆུའི་བཟློག་ཕྱོགས་སུ་འགྲོ་བ། བྱ་སྟཾ། སོ་སོའམ་རེ་རེ། ས་མ་སྟཾ། བསྡུས་པའམ་མཐའ་དག །ཨཱ་ཡཿ འབྱུང་བའམ་འདུ་བ། དུརླ་བྷཿ རྙེད་པར་དཀའ་བའམ་དཀོན་པ། སུ་ལ་བྷཿ རྙེད་སླ་བའམ་མོད་པ། ཨ་དྷི་མཱ་ཏྲཾ། ཆེ་བའམ་རབ། མཱ་དྷྱཾ། འབྲིང་། མྲྀ་དུཿ ཆུང་ངུའམ་ཐམ། སུཿསཱ་དྷྱཾ། སྒྲུབ་སླ་བ། དུཿསཱ་དྷྱཾ། སྒྲུབ་དཀའ་བ། དུརྦྷ་བཿ


MR26_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བས་བྱུང་བ། སུ་བྷ་བཿ སླ་བས་བྱུང་བ། ཨཱི་ཥཏྦྷ་བཿ བདེ་བླག་ཏུ་འབྱུང་བ། ཨཱི་ཥཏྐ་རཿ བདེ་བླག་ཏུ་བྱེད་པ། དུཿཀ་རཿ བྱེད་དཀའ་བ། སུ་ཀ་རཿ བྱེད་སླ་བ། སྲོ་ཏཿ རྒྱུན་ཏེ་ཆུ་ཡི་རྒྱུན་ལྟ་བུ། པྲ་བ་ཧཿ རྒྱུན།དཎྚ་ཀཾ རྒྱུན་ཆགས། ཨཱ་རཾ། ཚུ་རོལ། པཱ་རཾ། ཕ་རོལ། པྲ་བརྟྟ་ནཾ། འཇུག་པ། ནི་བརྟྟ་ནཾ། ལྡོག་པའམ་བཟློག་པ། ཨ་ནུ་གུ་ཎྱཾ། རྗེས་སུ་མཐུན་པ། ཨ་ནུ་བཱ་ཏཿ རྫི་ཕྱོགས། པྲ་ཏི་བཱ་ཏཿ རྫི་ཕྱོགས་མ་ཡིན་པ། ས་མ་ནུ་པ་ཤྱ་ཏིཿ རྗེས་སུ་མཐོང་། ནས་ན་ནུབ་ཤྱ་ཏི། རྗེས་སུ་མི་མཐོང་། ཨ་ནུ་ལོ་མི་ཀཱི མཐུན་པ་ཞེས་སོ། ༈ །གྲངས་ཀྱི་རྣམ་གྲངས་ལ། སཾ་ཁྱཱ། གྲངས། མཱ་ཎཿ ཚད། ཨེ་ཀཿ གཅིག དྭི། དང་། དྭཽ། གཉིས། ཏྲི། དང་། ཏྲ་ཡ།ཏྲཱི་ཎི། གསུམ། ཙ་ཏྭཱ་རི། དང་། ཙ་ཏྭ་རུ། ཙ་ཏུ་ར྄། བཞི། པཉྩ་ན྄། པཉྩ། ལྔ། ཥཊ྄། དང་། ཥཥ྄། དྲུག །སཔྟན྄། སཔྟ། བདུན། ཨཥྚོ། དང་། ཨཥྚ། བརྒྱད། ན་བན྄། དང་། ན་བ། དགུ། ད་ཤནྲ། དང་། ད་ཤ བཅུའོ། །ཨེ་ཀ་ད་ཤཿ ཤ་ནྲའང་སྟེ་ཤའམ་ན་སྲོག་མེད་རྗེས་སུ་སྦྱར་བ་གང་རུང་འདམ་ང་ཅན་བཅོ་བརྒྱད་བར་དུའོ། །འདི་དག་སྐྱེས་པའི་རྟགས་ཀྱི་དཔེ་སྟེ་རྟགས་གཞན་གཉིས་ཀྱང་འཇུག་གོ་བཅུ་གཅིག དྭཱ་ད་ཤཿ བཅུ་གཉིས། ཏྲ་ཡོ་ད་ཤཿ བཅུ་གསུམ། ཙ་ཏུཪྡ་ཤཿ བཅུ་བཞི། པཉྩ་ད་ཤཿ བཅོ་ལྔ། ཥོ་ཌ་ཤཿ བཅུ་དྲུག སཔྟ་ད་ཤཿ བཅུ་བདུན། ཨཥྚཱ་ད་ཤཿ བཅོ་བརྒྱད། ཨེ་ཀོ་ན་བིཾ་ཤ་ཏིཿ ཉི་ཤུར་གཅིག་ཆགས་པ་སྟེ་བཅུ་དགུ དེ་བཞིན། ཨཱུ་ན་བིངྴ་ཏི། ཉི་ཤུར་མ་ལོངས་པ་སྟེ་བཅུ་དགུ།


MR26_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཀནྣ་བིཾ་ཤ་ཏི། གཅིག་གིས་དམན་པའི་ཉི་ཤུ། སྟེ་དེ་གསུམ་གང་རུང་དེ་བཞིན་འོག་མ་ལའང་ཤེས་པར་བྱ། བིཾ་ཤ་ཏིཿ ཉི་ཤུ། ཨེ་ཀ་བིཾ་ཤ་ཏིཿ ཉི་ཤུ་རྩ་གཅིག དྭཱ་བིཾ་ཤ་ཏིཿ ཉེར་གཉིས། ཏྲ་ཡོ། ཙ་ཏུར྄། པཉྩ། ཥཊ྄། སཔྟ། ཨཥྚཱ། རྣམས་ལ་བིཾ་ཤ་ཏིཿ སྦྱར་བས། ཉེར་གསུམ་སོགས་སུ་ཤེས་པར་བྱའོ། །ཨེ་ཀོ་ན་ཏྲིཾ་ཤ་ཏིཿ ཉེར་དགུའོ། །ཏྲིཾ་ཤཏ྄། སུམ་ཅུ། དེ་ནས། ཨེ་ཀ་ཏྲིཾ་ཤཏ྄། སུམ་ཅུ་རྩ་གཅིག དེ་ནས་དྭ་ཏྲ་ཡོ་ཙ་ཏུར་སོགས་གོང་བཞིན་གྱི་སྦྱར་བ། ཨེ་ཀོ་ན་ཙ་ཏྭཱ་རིཾ་ཤཏ྄། སོ་དགུའོ། །ཙ་ཏྭཱ་རིཾ་ཤཏ྄། བཞི་བཅུ་ཐམ་པ། དེ་ནས། ཨེ་ཀ་ཙ་ཏྭཱ་རི་ཤཏ྄། ཞེ་གཅིག དེ་ནས། དྭཱ་ཏྲ་ཡ་ཙ་དུཤ྄ པཉྩ་ཥ་ཊ་སཔྟ་ཨཥྚཱ་རྣམས་ལ་ཙ་ཏྭཱ་རིཾ་ཤཏ྄་སྦྱར་ནས་རིམ་བཞིན་དང་། ཨེ་ཀོ་ན་པཉྩ་ཤཏ྄། ཞེ་དགུ པཉྩཱ་ཤཏ྄། ལྔ་བཅུ། དེ་ནས། ཨེ་ཀ་པཉྩ་ཤཏ྄། ང་གཅིག་སོགས། དྭཱ་ཏྲི་ཙ་ཏུཥ྄། པཉྩ། ཥ་ཊ་སཔྟ་ཨཥྚཱ་རྣམས་ལ་པཉྩ་ཤ་ཏ་སྦྱར་བས་ང་གཉིས་སོགས་ཡིན། ཨེ་ཀོནྣ་ཥཥྛིཿ ང་དགུ། ཥཥྛིཿ དྲུག་ཅུ། ཨེ་ཀ་ཥཥྛིཿ རེ་གཅིག །དྭཱ་ཏྲི་ཙ་ཏུཿ པཉྩ། ཥཊ྄་སཔྟ་ཨཥྚ་རྣམས་ལ་ཥཥྛིཿ སྦྱར་བས་རེ་དགུ་བར་དང་། ཨེ་ཀོནྣཱ་སཔྟ ཏིཿ རེ་དགུ སཔྟ་ཏིཿ བདུན་ཅུ། ཨེ་ཀ་སཔྟ་ཏིཿ བདུན་ཅུ་རྩ་གཅིག དྭཱ་ཏྲི་ཙ་ཏུས྄་པཉྩ། ཥཊ་སཔྟ་ཨཥྚ་ལ། སཔྟི་སྦྱར་བ་དང་། ཨེ་ཀོནྣཱ་ཤཱི་ཏི། དོན་དགུ ཨཱ་ཤཱི་ཏིཿ བརྒྱད་ཅུ། ཨེ་ཀཱ་ཤཱི་ཏི། གྱ་གཅིག དྭཱ་ཤཱི་ཏི། གྱ་གཉིས། ཏྲྱཱ་ཤཱི་ཏི། གྱ་གསུམ། ཙ་ཏུ་རཱ་ཤཱི་ཏི། གྱ་བཞི། པཉྩཱ་ཤཱི་ཏི། གྱ་ལྔ། ཥ་ཌཱ་ཤཱི་ཏིཿ གྱ་དྲུག སཔྟ་ཤཱི་ཏི། གྱ་བདུན། ཨ་ཤྷཱཤཱི་ཏིཿ གྱ་བརྒྱད། ཨེ་ཀོནྣ་བ་ཏི། གྱ་དགུ། ན་བ་ཏིཿ དགུ་བཅུ། ཨེ་ཀོ་ན་བ་ཏིཿ གོ་གཅིག དེ་བཞིན་དྭཱ། ཏྲི་ཙ་དུ་རཱ།


MR26_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་ཥ་ཊ་སཔྟ། ཨཥྚ་རྣམས་ལ་ན་བ་ཏི་སྦྱར་བས་གོ་བརྒྱད་བར་དུའོ། །ཨེ་ཀོནྣ་ཤ་ཏཾ། གོ་དགུ། ཤ་ཏཾ། བརྒྱ་ཐམ་པའོ། །དང་པོ་གཉིས་པ་སོགས་ཟེར་ན། པྲ་ཐ་མཾ། དང་པོ། དྭི་ཏཱི་ཡཾ། གཉིས་པ། ཏྲི་ཏཱི་ཡཾ། གསུམ་པ། ཙ་ཏུརྠཱཾ། བཞི་པ། པཉྩ་མཾ། ལྔ་པ། ཥཥྛ་མཾ། དྲུག་པ། སཔྟ་མཾ། བདུན་པ། ཨཥྛ་མཾ། བརྒྱད་པ། ན་བ་མཾ། དགུ་པ། ད་ཤ་མཾ། བཅུ་པའོ། །དྭི་གུ་ཎཾ། ཉིས་འགྱུར་ཞེས་སོ། །གཞན་ཡང་། ཨརྡྷྱཾ། ཕྱེད། ཨ་དྷྱརྡྷྱཾ། ཕྱེད་དང་གཉིས། ཨརྡྷ་ཏྲི་ཏཱི་ཡཾ།ཕྱེད་དང་གསུམ། ཨརྡྷུཥྚཿ ཕྱེད་དང་བཞི། ཏྲི་ཏཱི་ཡ་བྷཱ་གཿ སུམ་ཆ། ཙ་ཏུརྠ་བྷཱ་གཿ བཞི་ཆ། ཙ་ཏུརྠཱཾ་ཤཿ འང་བཞི་ཆའོ། །པཉྩ་མ་བྷཱ་གཿ ལྔ་ཆའོ། །དེ་ཡང་བཅུ་མ་ལོང་བའི་བར་དུ་གནས་དང་པོ་ཟེར། བཅུར་ལོང་བ་ལ། པཾཀྟིཿ བཅུ་ཡི་མིང་ངོ་། །དེ་ནས་བཅུ་ཕྲག་བཅུ་ལ་བརྒྱ། བརྒྱ་ཕྲག་བཅུ་ལ་སྟོང་སོགས་འཇིག་རྟེན་དང་མངོན་པའི་རྩིས་ཀྱིས་བཅུ་འགྱུར་དུ་བརྩི་བས། དང་པོ་འཇིག་རྟེན་པ་ལྟར་ན། ཨེ་ཀཿ གཅིག ད་ཤ བཅུ། ཤ་ཏཾ། བརྒྱ། ས་ཧ་སྲཾ། སྟོང་། ཨ་ཡུ་ཏཾ། ཁྲི། ལཀྵཾ། འབུམ། ནི་ཡུ་ཏཾ། ས་ཡ། ཀོ་ཊིཿ བྱེ་བ། ཨརྦུ་དཾ། དུང་ཕྱུར། འདི་ཡན་འཆི་མེད་མཛོད་ནས། དུང་ཕྱུར་བཅུ་ལ། ཁརྦྦཾ། ཐུང་ངུ་། དེ་བཅུ་ལ། ནི་ཁརྦྦཾ། ངེས་ཐུང་། དེ་བཞིན་བཅུ་འགྱུར་བྱས་ཏེ། པདྨཾ། པད་མ། མ་ཧཱ་པདྨཾ། པད་མ་ཆེན་པོ། ཤཾ་ཁཿ དུང་། ས་མུ་དྲ། རྒྱ་མཚོ། ཨདྷྱཾ། མཐའ་ལེགས། མ་དྷྱཾ། དབུས་ལེགས། པཱ་རཱརྡྷཾ། གཞན་ཕྱེད། ཨ་མྲྀ་ཏཾ། བདུད་རྩི། སཾ་ཁྱཾ། གྲངས་ཅན་ཏེ་གནས་ཉི་ཤུ་བཤད། དེ་ཕན་ཆད་གྲངས་མེད་དུ་བརྗོད་ཅེས་བཤད། བརྒྱ་དང་སྟོང་གི་ཕ་རོལ་གྱི་གྲངས་སམ་བགྲང་བྱ་ལ། པར་ཤྴ་ཏ་ཏཱ།


MR26_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལས་ཕ་རོལ་ལམ་བརྒྱ་ལས་ལྷག་པ། པ་རསྶ་ཧ་སྲ། འམ། སྲཱཿ སྟོང་ལས་ཕ་རོལ་ལམ་སྟོང་ལས་ལྷག་པ་ཞེས་སོ། །བྱེ་བྲག་རྟོགས་བྱེད་དུ་འཇིག་རྟེན་པའི་གྲངས་གནས་བརྩི་ཚུལ། ཨེ་ཀཾ གཅིག ད་ཤ བཅུ། ཤ་ཏཾ། བརྒྱ། ས་ཧ་སྲཾ། སྟོང་། ཨ་ཡུ་ཏཾ། ཁྲི། ལཀྵཾ། འབུམ། ནི་ཡུ་ཏཾ། ས་ཡ། ཀོ་ཊཱི། བྱེ་བ། ཡང་ན། ཨརྦུ་དཾ། བྱེ་བ། ནྱརྦུ་དཾ། དུང་ཕྱུར། པདྨཾ། ཐེར་འབུམ། ཁརྦཾ། ཤུ་རྡོགས། ནི་ཁརྦཾ། མཆོག་ཉལ། མ་ཧཱ་པདྨཾ། སྐྱང་འཕྱེས། ཤངྐུཿ བྱེ་མ་ནབ་ནུབ། ས་མུ་དྲཾ། ཐིག་འབུམ་མམ་མཚོ་ཡས། མ་དྷྱཾ། ལྷབས། ཨཏྟཿ ཕྱོར། པ་རཱརྡྷཿ ཛི། ཞེས་གསུངས་སོ། །ཆོས་མངོན་པ་ལས་གསུངས་པ་ལྟར་ན། ཨེ་ཀཾ གཅིག ད་ཤ བཅུ། ཤ་ཏཾ། བརྒྱ། ས་ཧ་སྲཾ། སྟོང་། པྲ་བྷེ་དཿ ཁྲི། ལཀྵམ྄། འབུམ། ཨ་ཏི་ལཀྵཿས་ཡ། ཀོ་ཊཱི། བྱེ་བ། མ་དྷྱཿ དུང་ཕྱུར་རོ། །དེ་ནས། དུང་ཕྱུར་སོགས་བཅུ་འགྱུར་བྱས་པ་རིམ་བཞིན། ཨ་ཡུ་ཏཿ ཐེར་འབུམ། མ་ཧཱ་ཡུ་ཏཿ ཐེར་འབུམ་ཆེན་པོ། ན་ཡུ་ཏཿ ཁྲག་ཁྲིག མ་ཧཱ་ན་ཡུ་ཏཿ ཁྲག་ཁྲིག་ཆེན་པོ། པྲ་སུ་ཏཿ རབ་བཀྲམ། མ་ཧཱ་པྲ་སུ་ཏཿ རབ་བཀྲམ་ཆེན་པོ། ཀཾ་ཀ་རཿ གཏམས། མ་ཧཱ་ཀཾ་ཀ་རཿ གཏམས་ཆེན་པོ། བིམྦ་རཿ དཀྲིགས། མ་ཧཱ་བིམྦ་རཿ དཀྲིགས་ཆེན་པོ། ཨཀྵོ་བྷྱཿ མི་འཁྲུགས། མ་ཧཱ་྅ཀྵོ་བྷྱཿ མི་འཁྲུགས་ཆེན་པོ། བི་བཱ་ཧཿ ཁྱད་ཕྱིན། མ་ཧཱ་བི་བཱ་ཧཿ ཁྱད་ཕྱིན་ཆེན་པོ། ཨུཏྶངྒཿ པང་སྟེང་། མ་ཧཱོཏྶངྒཿ བང་སྟེང་ཆེན་པོ། བཱ་ཧ་ནཿ དེད་འདྲེན། མ་ཧཱ་བཱ་ཧ་ནཿ དེད་འདྲེན་ཆེན་པོ། ཏི་ཊི་བྷཿ མཐའ་སྣང་། མ་ཧཱ་ཏི་ཊི་བྷཿ མཐའ་སྣང་ཆེན་པོ། ཧེ་ཏུཿ རྒྱུ་རིག མ་ཧཱ་ཧེ་ཏུཿ རྒྱུ་རིག་ཆེན་པོ། ཀ་ར་བྷཿ


MR26_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འོད་མཛེས། མ་ཧཱ་ཀ་ར་བྷཿ འོད་མཛེས་ཆེན་པོ། ཨིནྡྲཿ དབང་པོ། མ་ཧེནྡྲ། དབང་པོ་ཆེན་པོ། ས་མཱཔྟཿ ལེགས་ཕྱིན། མ་ཧཱ་ས་མཱཔྟཿ ལེགས་ཕྱིན་ཆེན་པོ། ག་ཏིཿ རྟོགས་འགྲོ། མ་ཧཱ་ག་ཏིཿ རྟོགས་འགྲོ་ཆེན་པོ།ནི་མྦ་ར་ཛཿ འབྱིང་རྡུལ། མ་ཧཱ་ནིམྤ་ར་ཛཿ འབྱིང་རྡུལ་ཆེན་པོ། མུ་དྲཱཿ རྒྱ་རྟགས། མ་ཧཱ་མུ་དྲཱཿ རྒྱ་རྟགས་ཆེན་པོ། བ་ལཾ། སྟོབས་འཁོར། མ་ཧཱ་བ་ལཾ། སྟོབས་འཁོར་ཆེན་པོ། སཾ་ཛྙཱ། བརྡ་ཤེས། མ་ཧཱ་སཾ་ཛྙཱ། བརྡ་ཤེས་ཆེན་པོ། བི་བྷཱུ་ཏཿ རྣམ་འབྱུང་། མ་ཧཱ་བི་བྷཱུ་ཏཿ རྣམ་འབྱུང་ཆེན་པོ། བ་ལཱཀྵཾ། སྟོབས་མིག མ་ཧཱ་བ་ལཱཀྵཾ། སྟོབས་མིག་ཆེན་པོ། དེ་སྟེང་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ལ་ཆེན་པོ་སྦྱར་བས་ང་དགུ་དང་གྲངས་གནས་དྲུག་ཅུ་སོན་པ་ལ། ཨ་སཾ་ཁྱཱཾ། གྲངས་མེད་པ་ཞེས་བྱའོ། །ཨ་པྲ་མཱ་ཎཾ། ཚད་མེད་པ། ཨ་པྲ་མེ་ཡཾ། དཔག་ཏུ་མེད་པ། ཨ་པ་རི་མི་ཏཾ། བསྐྱོད་དུ་མེད་པ། ཨ་པ་རི་མ་ཎཱཾ། དཔག་ཡས། ཨ་ཏུལླྱཾ། གཞལ་དུ་མེད། ཨ་མཱ་པྱཾ། གཞལ་གྱིས་མི་ལང་བ། ཨ་ཙིནྟྱཾ། བསམ་གྱིས་མི་ཁྱབ་པ། ག་ཎོ་ཎཱ་ས་མ་ཏི་ཀྲནྟཿ བགྲང་བ་ལས་འདས་པའི། ཞེས་སོ། །གཞན་ཕལ་པོ་ཆེའི་གྲངས་ཀྱི་ལེའུ་ལས་བྱུང་བའི་གྲངས་ཀྱི་མིང་། ཐེར་འབུམ། ཁྲག་ཁྲིག དཀྲིགས། གཏམས། ཡིད་ཡལ། མཆོག་ཡས། བན་བུན། ཕྱར་ཕྱུར། སོགས་ཀྱི་སྐད་དོད་དང་། སྡོང་བཀོད་ལས་བྱུང་བའི་གྲངས་དང་། རྒྱ་ཆེར་རོལ་པ་ལས་བྱུང་བའི་བྱེ་བ་ཕྲག་བརྒྱ་ན་ཐེར་འབུམ། ཐེར་འབུམ་ཕྲག་བརྒྱ་ན། ཁྲག་ཁྲིག་སོགས་གྲངས་ཀྱི་མིང་གི་སྐད་དོད་རྣམས་སྒྲ་བྱེ་བྲག་རྟོགས་བྱེད་ལས་ཤེས་པར་བྱའོ། ༈ །ཡང་རྡུལ་ཕྲ་


MR26_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལས་བསྒྲེས་ཏེ་གྲངས་བཞག་པ་ལ། བ་ར་མཱ་ཎུཿ རྡུལ་ཕྲ་རབ། ཨ་ཎུཿ རྡུལ་ཕྲན། ལོ་ཧ་ར་ཛཿ ལྕགས་རྡུལ། ཨ་གྲ་ཛཿ ཆུ་རྡུལ། ཤ་ཤ་ར་ཛཿ རི་བོང་གི་རྡུལ། ཨ་བི་ར་ཛཿ ལུག་རྡུལ། གོ་ར་ཛཿ གླང་རྡུལ། བཱ་ཏཱ་ཡ་ནཙྪི་དྲ་ར་ཛཿ ཉི་ཟེར་གྱི་རྡུལ། ལིཀྵཱ། སྲོ་མ། ཡཱུ་ཀཿ ཤིག ཡ་བཿ ནས། ཨུངྒ་ལི་པརྦཿ སོར། ཙ་ཏུརྦིཾ་ཤ་ཏི་གུ་ཎཿ ཞེས་པ། དེ་ཉི་ཤུ་རྩ་བཞིར་བསྒྱུར་བ་ནི། ཧསྟཿ ལག་པ་ཞེས་ཁྲུ་གང་། དྷ་ནུཿ གཞུ་སྟེ་འདོམ། པཉྩ་ཤ་ཏཱ་ནི། དེ་ལྔ་བརྒྱར། ཀྲོ་ཤཿ རྒྱང་གྲགས། དེ་བརྒྱད་ལ། ཡོ་ཛ་ནཾ། དཔག་ཚད། དེ་བཞིན་གླང་པོ་ཐ་མལ་པ་བཅུའི་སྟོབས་ཀྱིས་སྤོས་ཀྱི་གླང་པོའི་སྟོབས་སོགས་བསྒྲེ་བ་མདོ་ལས་གསུངས་པའི་སྐད་དོད་ཅི་རིགས་བྱེ་བྲག་རྟོགས་བྱེད་ན་ཡོད་དོ། །འཆི་མེད་མཛོད་ལས། ཀིཥྐུཿ ལག་ཚད་དེ་ཁྲུ། དེ་བཞི་བརྒྱ་ལ། ནལྦ། སྟེ་འཆིང་བྱེད་ཟེར། དྷ་ནུཿ གོང་བཞིན་གཞུ་འདོམས། དེ་སྟེང་ལ་ཀྲོ་ཤ་སྟེ་རྒྱང་གྲགས། དེ་གཉིས་ལ། ག་བྱཱུ་ཏིཿ སྟེ་བ་ལང་བགྲོད་ཅེས་བྱ་སྟེ་དེས་ན་ན་ལྦ་དང་། ག་བྱཱུ་ཏི་གཉིས་བགྲོད་ལམ་གྱི་ཚད་ཁོ་ན་བརྗོད་པར་གསུངས། གཞུ་འདོམས་བཅུའི་ཁྱོན་གྱི་རྒྱལ་པོའི་ལམ་ལ་དྲིལ་བུའི་ལམ་མམ་ཚོགས་འགྲོའང་ཟེར། ༈ །ད་ནི་ཚད་ལ་སྲང་སོགས་ལ་འདེགས་པ་དང་། བྲེ་སོགས་ལ་གཞལ་བ་དང་། སོར་མོ་སོགས་ཀྱིས་གཞལ་ལུགས་དང་གསུམ་དུ་ཡོད་པ་ལས། ཚད་ཀྱི་མིང་ནི་འདིའི་གཤམ་དུ་འཆད། ཨུབྡཱ་ནཾ། སྟེ་འདེགས་ཚད་ལ། ཀུཉྫཿ མ་རུ་སྟེ། མིང་གཞན་ནག་འཛིན་དང་སྲང་གི་ས་བོན་ཀྱང་ཟེར་བ། མདའ་རྒྱུས་ཀྱི་འབྲས་བུ་དམར་རུ་མགོ་ནག་དེ་ལྔ་ལ། མཱ་ཥ་ཀཿ སྲན་ཁྲེའུའི་ཚད་ཅེས་བྱ། སྲན་ཚད་བཅུ་དྲུག་ལ། ཨཀྵཿ


MR26_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཀཪྵཿ ཞེས་ཞོ་ཚད། དེ་བཞི་ལ། པ་ལཾ་སྟེ་སྲང་། སུ་བརྞཿ ཞེས་གསེར་ཏེ་གསེར་ཞོ་གང་། བིསྟཿ འབུལ་ཞོ་གང་ཡང་ཟེར་ཏེ་དེའི་ཚད་ཀྱི་མིང་ངོ་། །གསེར་པ་ལ་ཞེས་དོན་དུ་གསེར་སྲང་གང་གི་མིང་དེ་ལ། ཀུ་རུ་བིསྟཿ སྟེ་སྒྲ་ངན་འབུལ་ཞོ་གང་ཟེར། པ་ལ་བརྒྱ་ཐམ་པ་ལ། ཏུ་ལཱ། ཞེས་བྱ་སྟེ། འདེགས་ཚད་དོ། །ཏུ་ལཱ་ཉི་ཤུ་ལ། བྷཱ་ར། ཞེས་བྱ་སྟེ་ཁུར་ཚད་དོ། །དེ་བཅུ་ལ། ཨཱ་ཙི་ཏཿ ཀུན་བསགས་ཟེར། དེར་མ་ཟད་ཤ་ཊ་ཀའི་ཁུར་སྲང་ཉི་ཁྲིའི་ཚད་ཅན་ལའང་དེ་སྐད་བརྗོད་དོ། །པ་ཎཿ དོང་ཙེའི་མིང་། ཀྲྀཥྞ། དང་། ཨཱ་པ་ཎ། ཡང་དེའི་མིང་ངོ་། །ཟངས་སོགས་ཀྱི་ཀྲྀཥྞ་ལྔ་ནི་མཱ་ས་ཡིན། དངུལ་གྱི་ཀྲྀཥྞ་ལ་གཉིས་མཱ་ཤ་ཀ་ཡིན་པས། དངུལ་མཱ་ས་བཅུ་དྲུག་གི་ཚད་ནི་དངུལ་གྱི་ཀརྵའོ་ཞེས་ཚད་ཀྱི་མིང་ཡིན་པས་དངུལ་ཀརྵ་གང་ལས་བྱས་པའི་དོང་ཙེ་ནི། ཀཱཪྵཱ་པ་ཎཿ ཞེས་ཐ་སྙད་བྱས་པ་ཡིན། གསེར་དངུལ་སོགས་ཀྱི་དོང་ཙེའི་མིང་འདི། ཀཪྴ་པ་ན། དང་། ཀཱཪྵཱ་པ་ཎ། ཞེས་འབོད་ཀྱང་སྒྲ་ཟུར་སྦྱར་ལུགས་ལས། དོན་འདྲ་སྟེ། དངུལ་ཞོ་ཚད་དམ་གསེར་ཞོ་བའི་དོང་ཙེ་ཟེར། ཞོ་ཞེས་པ་གོང་བསྟན་ལྟར་བྱས་པའི་ཞོ་ཚད་ཡིན་གྱི། དེང་སང་བོད་དུ་ཡོད་པའི་རྒྱ་ཐུར་གྱི་ཞོ་ཚད་དང་མི་འདྲ་བར་ཤེས་དགོས་ལ། དེ་འདྲའི་གསེར་གྱི་དོང་ཙེ་འདི་རྒྱ་གར་གྱི་རྒྱལ་པོ་རྨ་བྱའི་རིང་ལ་བྱས་ཞེས་འདུལ་བར་འབྱུང་། བདག་གིས་དེའི་ཚད་ནི་གོང་བསྟན་ལྟར་བྱས་ཏེ་གཞལ་བས་དེང་སང་རྒྱ་ཐུར་འབྲིང་ཙམ་གྱི་ཞོ་དོ་སྐར་དྲུག་འདུག སྲང་ཆེན་ཞོ་དོ་སྐར་དོའམ་ཞོ་དོ་རང་ཡིན་འདུག །མདོར་ན་དམར་རུ་མགོ་ནག་བརྒྱད་ཅུའི་ལྗིད་དང་མཉམ་པའི་གསེར་གྱི་དོང་ཙེ་ཡིན་པས་ནོར་སོ་མེད། དམར་རུ་ལྔ་


MR26_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནས་འབྲུ་བཅུ་གཉིས་ལྗིད་མཉམ་སྟེ་རྒྱ་ཐུར་གྱི་སྐར་མ་བཞི་ཙམ་ཡིན་འདུག །ཞོའམ་ཚད་དེ་ཙམ་གྱི་གསེར་གྱི་དོང་ཙེ་ལ་ཀཪྵཱ་པ་ཎ་ཟེར་བ་ཀཪྵ་ཚད་དང་པ་ཎ་དོང་ཙེའི་མིང་ཡིན་ཞེས་གསུངས། འདི་གོ་ན་འདུལ་བའི་ཀརྵ་པ་ཎའི་བཞི་ཆ་བརྐུས་ན། མ་བྱིན་ལན་གྱི་ཕམ་པ་འབྱུང་བར་གསུངས་པ་བདེ་བླག་ཏུ་གོ་ནུས་པས་ཀཪྵཱ་པ་ཎི་ཞེས་པའི་སྒྲ་འགྲོན་བུ་ལ་གོ་བས། མགོ་སྙོགས་མང་པོ་སློང་མི་དགོས་པར་མངོན་ནོ། །དེའི་རིན་ཐང་ཡང་། རཱ་ཡ་མུ་ཀུ་ཊས་འགྲེལ་པ་ཚིག་གི་ཟླ་བ་རྩོམ་དུས། དངུལ་མ་རུ་གཉིས་ལ་གཎྚ་ཀ་བཅུའི་རིན་ཐང་དང་། མ་རུ་སོ་གཉིས་ལ་དངུལ་ཀཪྵཱ་སྟེ་དངུལ་ཞོ་ཞེས་བྱའོ། །འགྲོན་བུ་བརྒྱད་ཅུའི་རིན་ཐང་ཅན་ལ། མཱ་ཤ་ཀ་དང་། ཀ་པརྡྡ་ཀ་པཎཿ ཞེས་བྱ་ཞིང་། དེ་ཟངས་ཀྱི་དོང་ཙེ་གཅིག་དང་རིན་ཐང་མཉམ་པ་དང་། དེ་བཅུ་དྲུག་ལ། དངུལ་གྱི་ཀཪྵཱ་པ་ཎའི་ཐ་སྙད་བྱེད་དོ་ཞེས་གསུངས། པ་ཎཿ རྐྱང་པ་ཟངས་ཊམ་སྟེ་ཟངས་ཀྱི་དོང་ཙེ་ལ་ཡང་སྒེར་མིང་དུ་བཏགས་པ་ཡིན་པར་བཤད་དོ། །བྲེ་སོགས་ལ་འཇལ་ཚད་ནས་འབྲུ་ནས་རིམ་རྩིས་ཀྱི་ཚད་གཞུང་གཞན་ལས་བཤད་པ་ཡོད་ཀྱང་འདིར་མ་སྨོས་ལ། ཨཱ་ཌྷ་ཀཿ བྲེ་བོ་ཆེ། དེ་ལས་ཅུང་ཆུང་བརྗོད་ན། ཨཱ་ཌྷི་ཀཱ། ཞེས་སོ། །ཨཱ་ཌྷ་ཀཿ བཞི་ལ། དྲོ་ཎཿ ཞོ་ཞེས་བྱ། དེ་བཅུ་དྲུག་ལ། ཁཱ་རཱི། ཁལ། དྲོ་ཎ་ཉི་ཤུ་ལ། ཀུམྦྷཿ སྟེ་བུམ་པ། ཞེས་བྱ། བུམ་པ་བཅུ་ལ། བཱ་ཧ། སྟེ་འདྲེན་པ་ཞེས་བྱ། ཡང་གཞན་དུ། ཁཱ་རིའི་བཞི་ཆ་ལ། མཱ་ལཱི། ཞེས་ཕྲེང་ཚད། དེའི་བཞི་ཆ་ལ། དྲོ་ཎ། སྟེ་ཞོ་ཚད་ཀྱི་བྲེ་བོ། དེའི་བཞི་ཆ། ཨཱ་ཌྷ་ཀཿ བྲེ་ཆེན། དེའི་བཞི་ཆ་ལ། པྲསྠཿ སྟེ་བྲེ་ཆུང་། དེའི་བཞི་ཆ། ཀུ་ཌ་བཿ སྟེ་ཕུལ། ཀུ་ཊ་པཿ ཡང་


MR26_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། དེའི་བཞི་ཆ། ནི་ཀུཉྩ་ཀཿ སྟེ་སྦར་གང་། སྦར་གང་དེའི་མིང་གཞན། པྲ་སྲྀ་ཏཿ སྟེ་རབ་སྤེལ་ཀྱང་ཟེར་རོ། །གཞུང་གཞན་ལས་ནས་འབྲུ་འབྲིང་བ་སྟོང་དང་ཉིས་བརྒྱ་གོ་དྲུག་ལ་ཁྱོར་བ་གང་ཞེས་བཤད་པ་ཡོད། པཱ་ད་རྐང་པ་སྟེ་བཞི་ཆའི་མིང་། ཨཾ་ཤ ཆ་ཤས། བྷ་ག ཆ། པཎྚ་ཀ་ཤས་སོ། །སོར་མོ་སོགས་ཀྱིས་གཞལ་བྱའི་ཚད་རྡུལ་ཕྲ་རབ་ལས་བསྒྲེས་ཏེ་འཇོག་ཚུལ་གྱི་མིང་གོང་དུ་སོང་། འོག་ཏུ་ལུས་ཀྱི་མིང་གི་སྐོར་དུ་མཐོ་སོགས་ཀྱི་ཚད་ཀྱང་འཆད་པར་འགྱུར་རོ། །གཞན་དུས་འཁོར་སོགས་ཀྱི་དཔག་ཚད་སོགས་འཇོག་ཚུལ་མི་མཐུན་པ་ནི་དེ་དག་ལས་ཤེས་པར་བྱའོ། །བྱེ་བྲག་རྟོགས་བྱེད་ཀྱི་འདུལ་བ་ལས་བྱུང་བའི་མིང་གི་སྐོར་ན། ཀ་བརྡ་ཀཿ འགྲོན་བུ། ཀཱ་ཀ་ཎི༔ འགྲོན་བུ་ཉི་ཤུའི་རིན། མ་ཥཱ་ཀཿ མ་ཤ་ཀཿ སྟེ་འགྲོན་བུ་བརྒྱད་ཅུའི་རིན། ཀཱཪྵཱ་པ་ཎཿ ཀརྵ་པ་ཎ་སྟེ་འགྲོན་བུ་སྟོང་དྲུག་བརྒྱའི་རིན་ཞེས་གསུངས་སོ། །བྲེ་སྲང་སོ་སོར་སོགས་ཀྱིས་གཞལ་བའི་ཚད་སྤྱི་མིང་། ཡཽ་ཏ་བཾ། དག་བྱེད། དྲུ་བ་ཡཾ། ཤིང་ཚད། ཕཱ་ཡཾ། ཚད་བྱེད། མཱ་ནཾ། འཇལ་བྱེད་ཅེས་སོ། །༈ རྣམ་ཤེས་ཀྱི་ཕུང་པོ་ལ། ཙི་ཏ། དང་། ཙིཏྟ། སེམས། མ་ན། ཡིད། བིཛྙཱ་ནཾ། རྣམ་པར་ཤེས་པ། ཨཱ་ལ་ཡ། ཀུན་གཞི། ཨཱ་ལ་ཡ་བི་ཛྙཱ་ནཾ། ཀུན་གཞིའི་རྣམ་ཤེས། ཨཱ་དཱ་ན་བིཛྙཱ་ནཾ། ལེན་པའི་རྣམ་པར་ཤེས་པ། ཀླིཥྚ་མ་ན། ཉོན་མོངས་པ་ཅན་གྱི་ཡིད། ཙཀྵུ་རྦི་ཛྙཱ་ནཾ། མིག་གི་རྣམ་པར་ཤེས་པ། དེ་བཞིན་གོང་ལྟར། ཤྲོ་ཏྲ། གྷྲཱ་ཎ། ཛི་ཧྭ། ཀཱ་ཡ། འང་སྦྱར། མཱ་ནོ་བི་ཛྙཱ་ནཾ། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཤེས་པར་བྱའོ། །གནས་གསུམ་པ་སྐྱེ་མཆེད་བཅུ་གཉིས་ཀྱི་མིང་ནི། ཨཱ་ཡ་ཏ་ནཾ། སྐྱེ་མཆེད།


MR26_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྵུ་རཱ་ཡ་ཏ་ནཾ། མིག་གི་སྐྱེ་མཆེད། རཱུ་པཱ་ཡ་ཏ་ནཾ། གཟུགས་ཀྱི་སྐྱེ་མཆེད་སོགས་གོང་ལྟར་སྦྱར་བ་དང་། མ་ན་ཨཱ་ཡ་ཏ་ནཾ། ཡིད་ཀྱི་སྐྱེ་མཆེད། དྷརྨཱ་ཡ་ཏ་ནཾ། ཆོས་ཀྱི་སྐྱེ་མཆེད་བར་དུའོ། །མཁས་བྱའི་གཉིས་པ་ཁམས་བཅོ་བརྒྱད་ཀྱི་མིང་ནི། དྷཱ་ཏུཿ ཁམས་དེ་ལ་དབྱེ་ན། ཙཀྵུརྡྷ་ཏུཿ མིག་གི་ཁམས། རཱུ་པ་དྷཱ་ཏུཿ གཟུགས་ཀྱི་ཁམས། ཙཀྵུརྦི་ཛྙཱ་ན་དྷཱ་ཏུཿ མིག་གི་རྣམ་པར་ཤེས་པའི་ཁམས་ནས། མ་ནོ་དྷཱ་ཏུཿ ཡིད་ཀྱི་ཁམས། དྷརྨ་དྷཱ་ཏུཿ ཆོས་ཀྱི་ཁམས། མ་ནོ་བི་ཛྙཱ་ན་དྷཱ་ཏུཿ ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་དེ་བཞིན་སྦྱར་བར་བྱའོ། །ཆོས་ཁམས་ཀྱི་མིང་ལ། ཚོར་འདུ་སོགས་གོང་དུ་སོང་། ཨ་སཾ་སྐྲྀ་ཏཾ། འདུས་མ་བྱས། དེ་ལ་བཞི་སྟེ། ནམ་མཁའ་དང་། པྲ་ཏི་སཾ་ཁྱཱ་ནི་རོ་དྷཿ སོ་སོར་བརྟག་པའི་འགོག་པ། ཨ་པྲ་ཏི་སཾ་ཁྱཱ་ནི་རོ་དྷཿ སོ་སོར་བརྟག་པ་མ་ཡིན་པའི་འགོག་པ། ཏ་ཐ་ཏྭ། དེ་བཞིན་ཉིད་དོ། །ཁམས་ཀྱི་རབ་དབྱེའི་སྐབས་ཀྱི་མིང་འགའ་ལས། སཾ་སྐྲྀ་ཏ། འདུས་བྱས། ཨ་སཾ་སྐྲྀ་ཏཾ། འདུས་མ་བྱས། སཱ་སྲ་བཿ ཟག་པ་དང་བཅས་པ། ཨ་ནཱ་སྲ་བཿ ཟག་པ་མེད་པ། བི་ཛྙཱ་པྟཱི། རྣམ་པར་རིག་བྱེད་མིན་པ། རཱུ་པ་ཀཾ གཟུགས་ཅན། ཨ་རཱུ་པ་ཀཿ གཟུགས་ཅན་མིན་པ། ས་པྲ་ཏིགྷཿ ཐོགས་བཅས། ཨ་པྲ་ཏི་གྷཿ ཐོགས་མེད། ཤྲེ་ཡཿ དགེ ཨ་ཤྲེ་ཡཿ མི་དགེ་བ། ཨ་ན་བྱཱ་ཀ་ར་ཎཿ ལུང་མ་བསྟན། བ་ཧིཿ ཕྱི། ཨནྟཿ ནང་། ས་ལམྦྷི། དམིགས་བཅས། ཨ་ལམྦྷི། དམིགས་མད། ནི་ཏྱཾ། རྟག་པ། ཨ་ནི་ཏྱཾ། མི་རྟག་པ། དྲྀགྒྷེ་ཡཾ། དང་། དཪྴན་པྲ་ཧ་ཏ་བྱཾ། མཐོང་བས་སྤང་བར་བྱ་བ། བྷཱ་བ་ནཱ་ཧེ་ཡཾ། དང་། བྷཱ་བན་པྲ་ཧཱ་ཏ་བྱཾ། སྒོམ་པས་སྤང་བར་བྱ་བ། ཞེས་སོ། །གཞན་ཡང་། ཨཽ་པ་ཙ་ཡི་ཀཿ རྒྱས་


MR26_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བ། བི་པཱ་ཀཿ རྣམ་པར་སྨིན་པ། པ་ཀོ སྨིན་པ། བཱ་སནཱ། བག་ཆགས། པཱ་རི་བཱ་སི་ཏཿ ཡོངས་སུ་བསྒོས། ནི་ཤྩི་ཏཿ བསགས་པ། པྲ་བཱ་ཧཿ རྒྱུན། ཨ་ནུ་བནྡྷཿ རྒྱུན་ཆགས་པ། པྲ་ཏི་སནྡྷིཿ ཉིང་མཚམས་སྦྱོར་བ། ཨ་པྲ་ཏི་སནྡྷིཿ མཚམས་སྦྱོར་བ་མེད་པ། སཾ་སཱརཿ འཁོར་བ། ས་མ་ནུ་བནྡྷཿ རྗེས་སུ་འབྲང་བ། ཙིཏྟཱ་ནུ་པ་རི་བརྟྟི། སེམས་ཀྱི་རྗེས་སུ་འབྲང་བ། ཨ་ནུ་སཾ་ཧི་ཏཾ། རྗེས་སུ་འབྲེལ་བ། ས་མ་གྲ་སཱ་མ་གྲཱི། འདུ་བའམ་ཚོགས་པ། ཨ་ནུ་སྱུ་ཏི། རྗེས་སུ་འབྲེལ་པ། ཙ་ཡཿ བསོག་པའམ་འཕེལ་བ། ཨ་པ་ཙ་ཡཿ འགྲིབ་པའམ་འབྲི་བ། བི་ག་ཏཿ བྲལ་བ། ས་མམྦཱ་ག་ཏཿ ལྡན་པ། ཨ་བ་དྷཱ་ར་ཎཾ། ངེས་པར་འཛིན་པའམ་དབྱེ་བ། ཨ་ནུ་སནྡྷི། མཚམས་སྦྱོར་བ། སཱ་ནུ་ཙཱ་རཿ འཁོར་དང་བཅས་པ། དཽཥྛུ་ལྱཾ།གནས་ངན་ལེན། སཱ་སྲ་བ་ཛྙཱ་ནཾ། ཟག་པ་དང་བཅས་པའི་ཤེས་པ། ཨ་ནཱ་སྲ་བ་ཛྙཱ་ནཾ། ཟག་པ་མེད་པའི་ཤེས་པ། ཞེས་སོ། ༈ །མཁས་པའི་གནས་བཞི་པ་རྟེན་འབྲེལ་གྱི་མིང་། པྲ་ཏཱི་ཏྱ་ས་མུ་སྦཱད། རྟེན་ཅིང་འབྲེལ་བར་འབྱུང་བ། ཨ་སྨི་སཾ་ཏཱི་དཾ་བྷ་བ་ཏི། འདི་ཡོད་པས་འདི་འབྱུང་། ཨ་སྱོཏྤ་དཱ་དི་ད་མུཏྤ་ཏྱེ་ཏེ། འདི་སྐྱེས་པའི་ཕྱིར་འདི་སྐྱེ། དེ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཨ་བིདྱཱ། མ་རིག་པ། སཾ་སྐཱ་རཿ འདུ་བྱེད། བི་ཛྙཱ་ནཾ། རྣམ་ཤེས། ནཱ་མ་རཱུ་པཾ། མིང་གཟུགས། ཥ་ཌཱ་ཡ་ཏ་ནཾ། སྐྱེ་མཆེད་དྲུག སྤཪྴཿ རེག་པ། བེ་ད་ནཱ། ཚོར་བ། ཏྲིཥྞཱ། སྲེད་པ། ཨུ་པཱ་དཱ་ནཾ། ལེན་པ། བྷ་བཿ སྲིད་པ། ཛཱ་ཏིཿ སྐྱེ་བ། ཛ་རཱ་མ་ར་ཎཾ། རྒ་ཤི་ཞེས་སོ། །གཞན་ཡང་། ཤོ་ཀཿ མྱ་ངན། པ་རི་དེ་བཿ སྨྲེ་སྔགས་འདོན་པ། དུཿཁཾ། སྡུག་བསྔལ།


MR26_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བ། དཽ་རྨྱན་སྱཾ། ཡིད་མི་བདེ་བ། ཨུ་པཱ་ཡཱ་སཿ འཁྲུག་པ་ཞེས་སོ། །མཁས་བྱའི་གནས་ལྔ་པ་གནས་གནས་མིན་གྱི་སྐབས་སུ་བཤད་པའི་རྣམ་གྲངས་སུ་གཏོགས་པའི་མིང་ལ། སྠཱ་ནཱ་སྠཱ་ན། གནས་དང་གནས་མ་ཡིན་པ། སཔྟ་པ་ར་ཏནྟྲ། གཞན་དབང་བདུན། ༈ །གནས་དང་གནས་མིན་གྱི་ཚུལ་མཐའ་དག་ཤེས་པར་བྱེད་པ། རིག་པའི་གནས་ལྔའི་སྐོར་ལས། གནས་ལྔ་རིག་པ། དེ་ལ་དབྱེ་ན། ཤིལྤ་ཀརྨ་སྠཱ་བིདྱཱ། བཟོའི་གནས་ཀྱི་རིག་པ། ཙི་ཀིཏྶ་བིདྱཱ། གསོ་བའི་རིག་པ། ཤབྡ་བིདྱཱ། སྒྲའི་རིག་པ། ཧེ་ཏུ་བིདྷྱཱ། གཏན་ཚིགས་ཀྱི་རིག་པའམ། པྲ་མཱ་ཎ་བིདྱཱ། ཚད་མའི་རིག་པ། ཨཱདྷྱཱ་ཎ་བིདྱཱ། ནང་གི་རིག་པའོ། །དེ་རྣམས་སྤྱིའི་མིང་དུ། བིདྱཱ། རིག་པའི་གནས་ཞེས་བྱའོ། །སྡོམ་ནི། ལྔ་རིག་བཟོ་ཡི་བྱེ་བྲག་ལ། ཡིག་མཁན་རི་མོ་ལྷ་བཟོ་ཚོན། །ཐིག་ཚོས་ནོར་བུ་ཕྲེང་བརྒྱུད་མཁན། །ཐག་ཚེམ་ཀོ་ལྤགས་ལྷྭམ་ཤིང་རྟ། །ཤིང་བཟོ་རྫ་འབྲེག་མགར་རྡོ་བཟོ། །སྒྱུ་རྩལ་རིག་གནས་རིག་བྱེད་བརྟག ཟློས་གར་སྐར་རྩིས་རྒྱུ་མཚན་དཔྱད། །འཚོ་ཚིས་ཞིང་ལས་ཕྱུགས་སྐྱོང་ཟས། །ཚོད་རྩེད་ལུགས་དང་གཡུལ་འགྱེད་གཟིངས། །ཞེས་པ་ལྟར། ལྔ་རིག་གི་དང་པོ་བཟོ་གནས་ལ། ཀ་རུཿ བཟོ། ཀཱ་རུཿ བཟོ་མཁན། ཤིལྤཾ། བཟོ། ཤིལྤཱི། བཟོ་བོ། དེ་གཉིས་སྒྱུ་རྩལ་སོགས་བཟོ་གནས་སྤྱི་ལ་འཇུག ཤྲེ་ཎིཿ བཟོ་བོའི་ཚོགས། བཟོ་བོའི་ཚོགས་ཀྱི་གཙོ་བོའི་མིང་། ཀུ་ལ་ཀཿ རིགས་ཅན། ཀུ་ལི་ཀཿ རིགས་ལྟོས། ཀུ་ལ་ཤྲེཥྛཱི། རིགས་གཙོ་ཞེས་སོ། །དེའི་བྱེ་བྲག །ཡིག་མཁན་གྱི་མིང་། ལི་པི་ཀ་རཿ ཡིག་མཁན། ཨཀྵ་ར་ཙ་ཎཿ ཡི་གེ་པ། ཨཀྵ་ར་ཙུཉྩུཿ དྲུང་ཡིག་པ།


MR26_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཁ་ཀཿ བྲིས་མཁན། མཽ་དྲི་ཀཿ དང་། ཀཱ་ཡསྠཿ ཡི་གེ་པའམ་ཡིག་མཁན། ཞེས་སོ། །ཡི་གེའི་དབྱིབས་ཀྱི་མིང་། ལི་ཁི་ཏཾ། བྲིས་པ། ཨཀྵ་ར་སཾ་སྠཱ་ནཾ། ཡི་གེའི་དབྱིབས། ལི་པུཿ ཡིག་འབྲུ། ལི་པི། ཡི་གེ །འདོད་འཇོར་མིང་འདི་བཞི་ཀ་ཡི་གེ་འབྲི་བ་ལ་བཤད། བདུད་རྩིར་སྔ་མ་གཉིས་ཡི་གེའི་དབྱིབས་དང་། ཕྱི་མ་གཉིས་ཡི་གེ་འབྲི་བ་ལ་བཤད་དོ། །བྲིས་མཁན་དེའི་ཆ་བྱད། མ་ཥིཿ དང་། མ་སི། སྣག་ཚ། མེ་ལཱ་དང་། མ་སི་ཛ་ལཾ། སྣག་ཆུ། དེའི་མིང་། པཏྟྲཱ་ཉྫ་ནཾ། བྱང་བུའི་མིག་སྨན། ཞེས་སོ། །མེ་ལཱམྦུ། སྣག་བུམ། དེའི་མིང་། མཱ་སི་མ་ཎི། སྣག་ཚའི་ནོར་བུ། མི་ལཱ་ནནྡ། སྣག་ཚ་དགའ། པརྞྞ་ཀཱུ་པི་ཀཱ ཡི་གེའི་ཁྲོན་པ། ཞེས་སོ། །ཀ་ལཱ་མཾ། དང་། ལེ་ཁ་ནཱི། སྨྱུག་གུ ཁ་ཅིག་སྙུག་གུ་ཞེས་བྲིས་འདུག དེའི་མིང་། བརྞ་ནཱུ་ལཱི། ཡི་གེ་འབྲི་བྱེད། བརྞཱ་ངྐཱ། ཡི་གེ་མཚོན་བྱེད། ཨཀྵ་ར་ནཱུ་ལི་ཀཱ། འབྲི་སྨྱུག་གོ གནྡྷ་ཀཱུ་ཊཱི། འབྲི་གཞིའམ། ཤོག་བུ། ལི་པི་ཕལ་ཀཿ ཡིག་ཤིང་། སྤྲིང་ཡིག་གི་མིང་། ལེ་ཁཱ་བཱ་ཙི་ཀཿ འཕྲིན་ཡིག དེའི་མིང་། ཧཱ་ར་ཀའང་ངོ་། །སྤྲིང་ཡིག་གི་མིང་དུ། བརྞ་དཱུ་ཏཿ ཡི་གེའི་ཕོ་ཉ། སྭ་སྟི་མུ་ཁཿ ཤིས་བརྗོད་ཅན་ཟེར། ཀཱ་ཙ་ན་ཀཱི སྤྲིང་ཡིག དེའི་མིང་། ཏཱ་ལི་ཀཿ འང་ངོ་། །སྤྲིང་ཡིག་འཆིང་བྱེད་ལ། ཀཱ་ཙ་ནཾ། ཞེས་སོ། །མུ་དྲཱ་རྒྱ་སྟེ་དེ་ནི་ཡིད་ཆེས་བྱེད་པའོ། །ཞེས་བཤད། ཙི་ཏྲ་ཀཱ་རཿ རི་མོ་མཁན་དེ་ལ། རངྒཱ་ཛི་བཿ ཚོན་རྩིས་འཚོ་བའང་ཟེར། ལེ་ཁཿ རེ་ཁ་ཞེས་རི་མོ་སྤྱི་ཡི་མིང་ཡིན་ཡང་ཡི་གེ་ལ་སྒེར་མིང་དུའང་འཇུག དེ་ནི་བྱེ་བྲག་ལྷའི་སྐུ་བརྙན་རི་མོ་འབྲི་བ་ལ། དེ་བ་ཀཱ་རཿ


MR26_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཟོ་བ། བརྙན་བཟོ་བའང་ཟེར། པ་ཊཿ ཐང་ཀའམ་བུ་དོན་ཏེ་རས་བྲིས། དེའི་བཟོ་སྤྱད། པིར། ཚོན་ཀོང་། རངྒཿ ཚོན་རྩི། ཚོན་རྩིའི་བྱེ་བྲག །སིནྡྷུ་རཾ། ལི་ཁྲི། ལཀྵཱ། རྒྱ་སྐྱེགས། ཨ་ལཀྟཿ རྒྱ་ཚོས་ཏེ་རྒྱ་སྐག་གི་མིང་། དེའི་མིང་གཞན་ཡང་ཡོད། མཉྫི་ཥྛཱཿ བཙོད། བ་ཏྟངྒཱ། རྨ་ཤིང་། ཀུ་སུཾ་བྷཿ ལེ་བརྒན་རྩི། ནཱི་ལཱི། རམས། རཱ་ཛཱ་པཊྚཾ། མཐིང་ཤིང་། ཧ་རིདྲཱ། ཡུང་བ། ཧ་རི་ཏཱ་ལཾ། བ་བླ། མ་ནཿཤི་ལཱ། སྡོང་རོས། ཏུཏྠཱ་ཀཾ སྤངས་མ། ཧིཾ་གུ་ལཾ། མཚལ། རད་སྟམྤ་ནཾ།མཚུར། ག་བྱཾ་དྲྀ་ཊཿ སྦྱིན། སུ་བརྞྞ་དྲ་བཿ གསེར་གྱི་འཇི་བ་སྟེ་གསེར་འདུལ་ཆུ། རས་ཀརྨཿ གསེར་ཆུ། བཱ་ར་དཾ། དངུལ་ཆུ། གཻ་རི་ཀཱ བཙག མཀྐོ་ལཾ། ས་དཀར། སརྫ་ར་སཿ པྲརྩི་སྟེ་གཡེའུ་ཞེས་པར་ཡང་འབོད། མིང་འདི་སྤོས་དཀར་ལའང་འཇུག་སྟེ་པྲ་རྩིའི་གཙོ་བོ་ཡིན་པས་སོ། །ཀཱ་ཡུ་ཥཾ། ནག་མཚུར། སུ་དྷཱ། རྡོ་ཐལ། ཀཀྑ་ཌིཿ ཀ་ཀ་རི། ཀ་པིདྠཱ། ཀ་པི་ད་ཅེས་སོ། །སཱུ་ཏྲ་དྷཱ་རཿ ཐིག་མཁན་ཏེ་མདོ་འཛིན་པའང་ཟེར། དེའི་ལག་ཆའམ། སྤྱད་ཆ། སཱུ་ཏྲཾ། ཐིག་སྐུད།ཀཱི་ལ་ཀཾ ཕུར་བུ། ཐིག་ཤིང་། བསྐོར་ཆའམ་མཐང་སྐོར། གནས་ཁང་དང་རས་བྲིས་སོགས་ལ་ཆ་བཅད་པའི་མིང་། ས་སྱཾ་དང་། ཤུདྡྷནྟ། དང་། ཀཀྵྱ། རེའུ་མིག་ཅེས་སོ། །ནིརྞྞི་ཛ་ཀ ཚོས་མཁན། དེ་ལ། ར་ཛ་ཀཿ བཙོ་བླག་མཁན་ཡང་ཟེར། རཀྟཿ ཞེས་པ་གོས་ཀྱིས་བཙོས་པའི་སྐད་དོད་ཡིན་པས་ཁ་དོག་བསྒྱུར་བའི་དོན་ཏོ། །ཨ་རཀྟཿ ཁ་མ་བསྒྱུར་བ། པ་རི་ཎཱ་མཾ། བསྒྱུར་བ་སྟེ་ཚོས་ཀྱིས་བསྒྱུར་བ་སོགས་ལའོ། །ཤིང་ཤུན་སོགས་ཀྱིས་བཙོས་པ་ལ་དེ་དང་དེས་བཙོས་པ་ཞེས་དང་། དེས་བཙོས་


MR26_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དེ་ཕན་རྐྱེན་གྱིས་བསྒྲུབ་པའང་ཡོད་དོ། །མ་ཎི་ཀཱ་རཿ ནོར་བུ་མཁན་ཏེ། ནོར་བུ་བཀྲུ་ཕྱི་དང་མིག་ཕུག་པ་སོགས་བྱེད་པ། མཱ་ལཱ་ཀཱ་རཿ ཕྲེང་བ་བྱེད་པ་སྟེ། མེ་ཏོག་ཕྲེང་བརྒྱུད་པ། མ་ལཱི་ཀཿ མེ་ཏོག་མཁན། སྠ་པ་ཏི། ཕྱ་མཁན་ཏེ་ཁང་པའི་ཕ་གུ་བརྩིགས་མཁན། གནས་བདག་པ་ཞེས་ཁང་པ་བྱེད་མཁན་ལའང་ངོ་། །སཱུ་ཙི་ཀཿ ཚེམ་བུ་མཁན། དེའི་མིང་། ཏུནྣ་བ་ཡཿ ཚེམ་བུ་པ། སཱུ་ཙི་ཀརྨྨཱ། ཚེམ་བུའི་ལས་སམ། འདྲུབ་པའམ། སྐུད་རིས་ཀྱང་ཟེར། སོ་ཙི་ཀཿ ཁབ་ལས་མཁན། སེ་བ་ནཾ། ཚེམ་བུ། སཱི་བ་ནཾ། འཚེམ་པ། སྱཱུ་ཏིཿ འཚེམ་བྱེད། སྱཱུ་ཏཿ བཙེམས། གོས་སོགས་འདྲལ་བའི་མིང་། བི་ད་རཿ འདྲ་བ། སྥུ་ཊ་ནཾ། གཤོག་པ། བྷི་དཱ། དབྱེ་བ། གཅོད་པའི་མིང་། བནྡྷ་ནཾ། གཅོད་པ། ཙྪེད་ནཾ། གཏུབས་པ། ཞེས་སོ། །ད་ནི་བཟོ་སྤྱད། སཱུ་ཙི། ཁབ། བུང་བའི་ཁབ་སོགས་འབིགས་མཁན་གྱི་མིང་། ཨཱ་བིདྷཿ ཀུན་འབིགས། ཤསྟྲཱི། གྲི་ཆུང་། སཱུ་ཏྲཾ། སྐུད་པ། ༈ ཙརྨྨ་ཀཱ་རཱ། ཀོ་ལྤགས་མཁན། རེས་ལྷམ་མཁན་ལའང་འཇུག པཱ་དུ་ཀྲྀཏ྄། ལྷམ་མཁན། མཽ་ཙི་ཀཿ ལྷམ་མཁན། ཙརྨྨཱ་བེ་ད་ནཱི། ཀོ་བ་འབིགས་བྱེད་སྙུང་བུའི་མིང་སྟེ་འབིག་གམ་འབུག་ཀྱང་ཟེར། ཨ་རཱཿ གསོར་རམ་སྙུང་བུ། ར་ཐ་ཀཱ་རཿ ཤིང་རྟ་མཁན། ཀོ་ལྤགས་མཁན་དང་རེས་ལྷམ་མཁན་ལའང་འཇུག་གསུངས། ཏཱ་ཀྵཱ། བཞོག་མཁན་དེ་ཤིང་བཟོ་དེའི་མིང་། པ་ལ་གཎྚཿ དང་། བརྡྷི་ཀི ཤིང་བཟོ། ཏྭཥྚྀ། དང་། ཏྭཥྚ། འཇོག་མཁན། ཀཱཥྛ་ཏཀྵ་ཏ྄། ཤིང་གཞོག་པ། དེ་ལ་ཤིང་རྟ་མཁན་ཡང་ཟེར་བ་ཡོད། གྲོང་ལ་རག་ལས་


MR26_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཁན་ལ། གྲཱ་མ་ཏ་ཀྵཿ གྲོང་གི་ཤིང་མཁན། རག་མ་ལས་ལ། ཀཽ་ཊ་ཏ་ཀྵཿ ཁྱིམ་གྱི་ཤིང་མཁན་ཡང་ཟེར། དེའི་སྤྱད་ཆ། ཀྲ་ཀ་ཙཿ སོག་ལེ། ཀ་ར་པ་ཏྲྀ། ལག་གཤོག ཤིང་གཤོག་པའི་སོག་ལེ་སོགས་ཀྱི་མིང་། བྲྀཀྵཱ་ད་ནཿ ཤིང་ཟ། བྲྀཀྵ་བྷེ་དཱི། ཤིང་གཞོག་ཅེས་ཟེར། ཤིང་སྟེང་ལ། ཨུངྒྷ་ནཾ། གཞོག་གདན། གསོར་གྱི་མིང་། ལཱ་སྥོ་ཊ་ནཱི། གསོར། བྷེ་ད་ནཱི། འབིགས་བྱེད། བྷེ་དྷ་ནི་ཀཱ འབིག་གསོར། ཞེས་སོ། །བི་དྷཿ འབིགས་པ། བིདྷི་ཏཿ ཕུག་པ། ག་བྱཾ་དྲྀ་ཊཾ། སྦྱིན་ཏེ་སྦྱར་བར་བྱེད་པའི་དམ་ཅན་ནོ། །སྭ་དྷི་ཏིཿ སྟ་མོའམ། སྟེའུ། ཀུ་ཋ་རི་ཀཱ སྟ་རེ། བེ་ཎུ་ཀཱ་རཿ སྨྱུག་མ་མཁན་ཏེ་མདའ་མཁན། ཀུམྦྷ་ཀཱ་རཿ བུམ་པ་མཁན་ཏེ་རྫ་མཁན། ཀུ་མཱ་ལཿ རྫ་མཁན། དེའི་ལག་ཆ། ད་ཏྚཱརཿ འཁོར་ལོ། ཌཎྜཿ དབྱིག་གུ ཀྵུ་རིན྄། དང་། ཀྵུ་རཱི། འབྲེག་མཁན་ནམ་སྤུ་གྲི་ཅན། དེའི་མིང་། དི་པཱ་ཀཱིརྟྟིཿ ཉིན་མོའི་ལས་ཅན། མུཎྜ་ནཾ་དང་། མུཎྜིན྄་དང་། མུཎྜཱི། སྐྲ་འབྲེག་པའམ་སྐྲ་མཁན། མུཎྚི་ཏཾ། སྐྲ་བྲེགས་པ། པ་རི་པཱ་པི་ཏཾ། སྐྲ་བཞར་བ། ཞེས་སོ། །ནཱ་པི་ཏཿ ཀུན་འགྲོ། ཨནྟཱ་བ་ཤཱ་ཡཱི། མཐར་གནས་པ། བྷཱཎྜི་པུ་ཊ་ཀཿ སྣོད་ཁ་སྦྱོར་ཅན་ཀྱང་ངོ་། །དེའི་སྤྱད་ཆ། ཀྲྀ་པཱ་ཎི། ཆན་གྲིའམ་སྤུ་གྲི། ཀརྟྟ་རཱི། འབྲེག་སྤྱད་དམ་དྲ་གྲི་དང་སྐྲ་གྲིའང་ཟེར། ཏནྟྲ་པཱ་ཡཿ ཐག་པའམ་ཐག་མཁན། ཏནྟུ་བཱ་ཡཿ ཞེས་ཀྱང་ངོ་། །ཀུ་བིནྡཿ ཐག་པ། དེ་དང་ཚེམ་བུ་པ་སོགས་ཀྱི་ལག་ཆ། བཟོ་རྒྱུ། ཀ་ཙཿ སྲིན་བལ། ཀཱརྤྤཱ་ཡ། རས་བལ། རོ་མཿ སྤུའམ། བལ། རས་བལ་སོགས་ཀྱི་འདབ་བུའི་མིང་། པི་ཙུཿ བལ་འདབ།


MR26_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱུ་ལཿ འདབ་བུ། པི་ཙུ་ཏཱུ་ལཿ ཞེས་འབོད་པའང་ཡོད། སཱུ་ཏྲཾ། སྲད་བུའམ་སྐུད་པ། ཏནྟུ། དང་། ཏ་བ། སྣལ་མ། ཨཱ་ཏཱ་ནི། རྒྱུ། བི་ཏཱ་ནཾ། སྤུན། སཱུ་ཏྲ་ཏནྟུ། སྣལ་སྐུད། ཐགས་ཀྱི་སྤུན་འཇུག་རྒྱུའི་སྣལ་མ་དཀྲིས་པ་ལ། ཏྲ་ས་རཿ སྐྱོད་བྱེད། ཡང་ན། ཏ་ས་ར། ཞེས་བོད། སཱུ་ཏྲ་བེཥྚ་ནཾ། གྲུ་གུ་ཞེས་སོ། །ཨཱུ་ཏཾ། ཐག་བྲན་པ། སྱུ་ཏཾ། ཐག་བརྐྱང་བ། བཱ་ཎིཿ དང་། ཨུ་ཏཾ། དང་། ཝ་ཏི། ཐག་འཐག་པ། བྱུ་ཏིཿ གོས་འཐག་པ། ཨཱུ་ཏིཿ འཐག་པ། ཐག་ཐགས་པའི་བཏགས་མའི་མིང་། བེ་མ་ན྄། ན་མ། བེ་མཱ། དང་། བེ་མཾ། ཐག་བཟང་། པཱ་པ་དཎྜཿ བཏགས་མ། ནཱ་ལིཿ སོན་པ། ཏུ་རིཿ ཚིག་པ། བཱ་ནཾ། ཐག་རན། པྲ་པཱ་ཎཱི། ཐག་བྲན་པའི་དབྱུག་པ། དེ་དང་བྲལ་མ་ཐག་པ་ལ། ནིཥྤྲ་པཱ་ཎི། སྟེ་བཏགས་སོ་མ། ཞེས་སོ། །ཀརྨ་ཀཱ་རཿ ལས་བྱེད་དེ་མགར་བ་སྤྱི་ཡི་མིང་། ཀརྨ་ཀཱ་རཿ མགར་བ། སཽ་བརྞྞ་ཀཱ་རཿ གསེར་མགར། སཽ་བརྞྞ་ཀཿ གསེར་སྤྱོད་ཀྱང་སྔ་མའི་མིང་ངོ་། །སྭརྞྞ་ཀཱ་རཿ གསེར་བཟོ་བ། ཀ་ལཱ་དཿ གསེར་མགར། རུཀྨ་ཀཱ་ར་ཀཿ གསེར་ལས་པ། ཞེས་དང་། དེ་ལ། ནཱ་ཌིནྡྷ་མཿ སྦུ་གུས་འབུད་པའང་ཟེར། ལོ་ཧ་ཀཱ་རཿ ལྕགས་མགར། ཨ་ཡ་སྐཱ་རཿ ལྕགས་ལས་པ། བྱོ་ཀཱ་རཿ ལྕགས་བཟོ་བ། ཟངས་དང་མཁར་བ་སོགས་ཀྱི་བཟོ་བྱེད་པ་ལ། ཤཽ་ལྤི་ཀཿ ཟངས་མཁན་ནམ་ཟངས་མགར། ཏཱ་མྲ་ཀུཊྚ་ཀཿ ཟངས་གཅོད་པ། ཀཾ་ས་ཀཱ་རཿ མཁར་མགར་ཏེ་དེས་འགྲེ། དེའི་སྤྱད་ཆ། མུངྒ་རཿ ཐོ་བ། སཾ་དེ་ཤི་ཀ སྐམ་པ། སནྡཾ་ཤཿ སྐམ་པ་དང་ཚེར་བཟུང་ལའང་འཇུག མཱུ་ཥཱ། ལུགས་ཀོང་སྟེ་མུ་


MR26_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཥཱ་ཀོ་རོའང་ཟེར་བཞུ་སྣོད་དོ། །དེ་ལ། ཏེ་ཛ་སཱ་བརྟྟྲ་ནཱི། འོད་ཅན་བཞུ་སྣོད་དང་། ཨཱ་བརྟྟ་ནཱི། ཀུན་འཁྱིལ་ཡང་ཟེར། རི་མོ་འབྲི་བའམ་གསེར་ཞུ་མ་ཞུ་བརྟག་པའི་ཐུར་མ། ཨཱི་ཥི་ཀཱ གསེར་ཐུར། ཏཱུ་ལི་ཀཱ། དཔྱད་ཐུར། ཊངྐ་ཎ་ཀྵཱ་རཿ ཚྭ་ལ། དེའི་མིང་གཞན་ཡང་ཡོད། བྷསྟྲཱ། སྦུད་པ། ཙརྨཱཔྲ་ས་བི་ཀཱ། ཀོ་བའི་ཁོལ་མོ། མགར་རྒྱུ་གསེར་སོགས་གོང་སྨོས་དང་མིང་འདྲ། གསེར་མགར་རྣམས་ལ་ཡོད་པའི་ལྕགས་མདའི་དབྱིབས་ཅན་ལྕགས་ཀྱི་ཞོ་ཆའི་མིང་། ནཱ་རཱ་ཙཱི། ལྕགས་ཞོ། ཨེ་ཥ་ཎཱི། ཚོལ་བྱེད། ཨེ་ཥ་ཎི་ཀཱ ལྕགས་སྲང་། གསེར་བཏགས་པའི་རྡོའི་མིང་། ཤཱ་ཎཿ གསེར་རྡོ། ནི་ཀ་ཥཿ གསེར་རྡེའུ། ཀ་ཥཿ གསེར་དཔྱད། གསེར་གཏུབ་བྱེད་ལོ་མ་ལྟ་བུའི་གྲིའི་མིང་། པྲཤྩ་ནཿ ཆན་གྲི། པ་ཏྲ་པ་ར་ཤུཿ ལོ་མའི་སྟ་རི་ཞེས་སོ། །དྲྀ་ཤངྐཱ་རཿ རྡོ་བཟོ། ཊངྐ། རྡོ་བརྐོ་བའི་གཟོང་། པཱ་ཥཱ་ཎ་དཱ་ར་ཎཿ རྡོ་བ་འཇོམས་བྱེད། ཁཱ་ཏ་རཱུ་པ་ཀཱ་ར། རྐོ་མཁན་ནམ་ཚུད་མོ་མཁན་ཡང་ཟེར་ཏེ། གཟུགས་སྣ་ཚོགས་བརྐོ་བ། ཁ་ན་ཀཿ རྐོས་མཁན་ཏེ་སྤར་སོགས་བརྐོ་བ། ༈ སྒྱུ་རྩལ་གྱི་མིང་ལ། ཀ་ལཱ། སྒྱུ་རྩལ། དེའི་དབྱེ་བ་དྲུག་ཅུ་སྟེ། ལི་པིཿ ཡི གེ མུ་དྲཱ། ལག་རྩིས། སཾ་ཁྱཱ། གྲངས་ཅན། ག་ཎ་ནཱ། རྩིས། མུཥྚི་བནྡྷཿ འཛིན་སྟངས། ཤི་ཁཱ་བནྡྷཿ ཐོར་ཚུགས། པཱ་ཏ་བནྡྷ། གོམས་སྟབས། ཨཾ་ཀུ་ཤ་གྲ་ཧཿ ལྕགས་ཀྱུས་བསྒྱུར་ཐབས། ས་རཽ། རལ་གྲིའི་ཐབས། པཱ་ཤ་གྲ་ཧ། ཞགས་པས་གདབ་པ། ཏོ་མར་གྲ་ཧ། མདའ་མོ་ཆེ་འཕེན་ཐབས། ཨིཥྛ་སཏྲ་ཙཱཪྻྻ། འཕོང་གི་སློབ་དཔོན། ཨུ་པ་ས་ནཾ། ཀྱང་དེའོ། །ནིཪྻ་ཎཾ། མདུན་དུ་སྣུར་བ། ཨ་པ་ཡཱ་ནཾ། ཕྱིར་སྣུར་བ། ཙྪེདྱཾ། གཅད་པ། བྷེ་དྱཾ།


MR26_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དྲལ་བ། བྷེ་དྱཾ། དབུགས་པ་ཞེས་དང་། མདའ་སྐྱེན་པའི་ཚུལ་ལ། དཱུར་བེ་དྷཿ རྒྱངས་ནས་ཕོག་པ། ཤབྡ་བེ་དྷཿ སྒྲ་གྲགས་པར་ཕོག་པ་ཞེས་གཟུགས་མ་མཐོང་ཡང་སྐད་གྲགས་པར་འཕང་ན་ཕོག་པ། མརྨ་བྷེ་དྷཿ གནད་དུ་ཕོག་པ། ཨཀྵུ་ཎ་བེ་དྷཿ མི་འཆོར་བར་ཕོག་པ། ཌ྄ྀ་ཌྷ་པྲ་ཧཱ་རི་ཏཱ། ཚབས་ཆེ་བར་ཕོག་པ་སྟེ། པཉྩ་སུསྡྱཱ་ནེ་ཥུ་ཀྲྀ་ཏཱ་བི་སཾ་བྲྀཏྟཿ འཕོང་གི་གནས་ལྔ་ལ་བྱང་བར་གྱུར་ཏོ་ཞེས་སོ། །མདའ་འཕེན་པ་ལས་གདང་ཡ་ག་དང་ཟླུམ་པོ་སོགས་རྐང་སྟབས་ལྔ་ཡོད་པར་འཆི་མེད་མཛོད་ལས་གསུངས། ལཾ་གྷི་ཏཾ། མཆོངས་པ། སཱ་ལཾ་བྷཿ གྱད་ཀྱི་འཛིན་སྟངས། ཛ་བི་ཏཾ། བང་། པླ་བི་ཏཾ། རྐྱལ། ཏ་ར་ཎཾ། རྒལ་བ། ཧསྟི་གྲཱི་བཱ། གླང་པོ་ཆེའི་གཉར་ཞོན་པ། ཨ་ཤྭ་པྲྀཥྛཿ རྟ་ལ་ཞོན་པ། རཱ་ཐཿ ཤིང་རྟའི་ཐབས། དྷ་ནུ་སྐ་ལ་ཥ།མདའ་གཞུ། བཱ་ཧུ་བྱཱ་ཡཱ་མཿ འགྱེད་སྟབས་ཏེ་འདི་རྣམས་ལུས་ཀྱི་སྒྱུ་རྩལ་ཡིན་ནོ། །ནརྟྟ་ཀཿ གར་མཁན་ནམ་བྲོ་མཁན་གྱི་མིང་། ན་ཊཿ གར་རམ་བྲོ། རོལ་མོའི་ཆ་བྱད་འཛིན་པའི་སྒྱུ་རྩལ་གྱི་མིང་ལ། བྷེ་རི། རྔ་བོ་ཆེ། མྲྀ་དངྒཱ། རྫ་རྔ། དུནྡུ་བྷིཿ རྔ། མུ་ར་ཛཱ། རྫ་རྔ་ཆེན་པོའམ་རྔ་ཟླུམ། པ་ཎ་བཿ འཁར་རྔ། ཏུ་ན་བཿ པི་ཝཾ་རྒྱུད་གཅིག་པ། ཛྷ་རྫྷ་རཱི། རྫ་རྔ་ཁ་གཅིག་པ། ཛྷལླ་རཱི། ལྕགས་ཀྱི་སིལ་འཁྲོལ། ཤ་མྱཱ། ཁར་དཀྲོལ། བལླ་རཱི། པི་ཝང་རྒྱུད་གསུམ་པ། མུ་ཀུནྡཿ རྔ་མུ་ཀུན་ད། ཏུཪྻཾ།སིལ་སྙན། སཾ་གཱི་ཏིཿ གླུ་དབྱངས། ཏཱ་ཌཱ་བ་ཙ་རཿ ཕེག་རྡོབ་པ། བཱདྱཾ། རོལ་མོའི་སྒྲ། བཾ་སཿ གླིང་བུ་སྟེ་འདི་རྣམས་བརྡུང་བ་དང་དཀྲོལ་བ་དང་འབུད་པའི་བྱ་བ་ལ་མཁས་པ་ནི་རྒྱུ་རྩལ་ལོ། །ངག་ཏུ་གླུ་དབྱངས་ལེན་པ་ལ་དབྱངས་བདུན་ཏེ། མ་དྷྱཱ་མ། བ་ར་


MR26_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ། རྀ་ཥབྷཿ དྲང་སྲོང་། གཱནྡྷཱ་རཿ ས་འཛིན་པ། ཥཛྫཿ དྲུག་ལྡན་པ། པཉྩ་མཿ ལྔ་པ། དྷཻ་བ་ཏཿ བློ་གསལ། ནི་ཥཱ་དཿ འཁོར་ཉན་ནོ། །གར་འཆམས་པའི་ཚེ་ཉམས་ཀྱི་འགྱུར་བ་བརྒྱད་དམ་དགུའི་མིང་ནི། ཤྲྀཾ་གཱ་རཿ སྟེགས་པའམ་སྒེག་པའམ་མཛེས་པ། བཱི་རཿ དཔའ་བ། བཱི་བཏྶཱཿ མི་སྡུག་པ། འདིའི་མིང་མཐའ་ས་ཐུང་བ་དང་སཾ་ཞེས་ཀྱང་དོན་འདྲའོ། །ཧཱ་སྱཾ། བཞད་གད། བྷ་ཡཱ་ན་ཀཿ འཇིགས་སུ་རུང་བའམ་རྔམས་པ། ཀ་རུ་ཎཿ སྙིང་རྗེ་བ། ཨདྦྷུ་ཏཾ། བརྔམས་པའམ་དམ་པའམ་རྨད་བྱུང་སྟེ། ངམ་པ་ཞེས་པ་ངོ་མཚར་བ་ལ་སེམས་ཀྱིས་ཆེད་ཆེར་བྱས་པའི་མིང་། དེས་ན་རྔམ་པ་དང་ནོར་བར་མི་བྱའོ། །ཤཱནྟཿ ཞི་བའོ། །རཽ་དྲཾ། དྲག་ཤུལ། ཏཱཎྚ་བཿ གར་གྱི་མིང་། ར་སཿ རོའམ་ཉམས་ཀྱི་མིང་ངོ་། །དེ་རྣམས་སྒྱུ་རྩལ་དྲུག་ཅུ་རྩ་བཞིའོ། །༈ རིག་པའི་གནས་བཅོ་བརྒྱད་དུ་གྲགས་པའི་མིང་། གནྡྷརྦྦཿ རོལ་མོ། བཻ་ཤི་ཀཾ འཁྲིག་ཐབས། བཱརྟྟཱ། འཚོ་ཚིས། སཱཾ་ཁྱཱ། གྲངས་ཅན། ཤབྡཿ སྒྲ། ཙི་ཀིཏྶི་ཏཾ། གསོ་དཔྱད། ནཱི་ཏི། ཆོས་ལུགས་ཏེ་ལུགས་ཀྱི་བསྟན་བཅོས་ལྟ་བུ། ཤིལྤཾ། བཟོ། དྷ་ནུ་བེ་ད། གཞུའི་རིག་པ་སྟེ་འཕོང་དཔྱད། ཧེ་ཏུཿ གཏན་ཚིགས། ཡོ་གཿ རྣལ་འབྱོར་ཏེ་སྒོམ་པ། ཤྲུ་ཏིཿ ཐོས་པ། སྨྲྀ་ཏིཿ དྲན་པ། ཛྱོ་ཏི་ཥཾ། སྐར་མའི་དཔྱད། ག་ཎི་ཏཾ། རྩིས་ཏེ། གྲངས་དང་ལག་རྩིས་ལྟ་བུ། མཱ་ཡཱ། མིག་འཕྲུལ། པུ་རཱ་ཎཾ། སྔོན་གྱི་རབས། ཨི་ཏི་ཧཱ་ས་ཀཾ སྔོན་བྱུང་བ་ཞེས་སོ། །བྲམ་ཟེའི་གཙུག་ལག་དང་ལས་ཀྱི་མིང་ལས། བེ་དཿ རིག་བྱེད་དེ། རིག་བྱེད་སྤྱི་ཡི་མིང་། རིག་བྱེད་བཞི་ནི། རྀགྦེདཿ ངེས་བརྗོད་ཀྱི་རིག་བྱེད། ཡ་ཛུ་རྦེདཿ མཆོད་སྦྱིན་གྱི་


MR26_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད། སཱ་མ་བེ་དཿ སྙན་ཚིག་གི་རིག་བྱེད། ཨ་ཐརྦ་བེ་དཿ སྲིད་སྲུང་གི་རིག་བྱེད། ཞེས་སོ། །གཞན། ནི་གྷཎྚུཿ སྒྲ་ངེས་པར་བརྗོད་པ། ཀཻ་ཊ་བྷཿ ཤེས་གསལ། ཨཱ་ཡུརྦེ་དཿ ཚེའི་རིག་བྱེད་དོ། །ཡང་། རྀ་ཙཱ་ག྄། ངེས་བརྗོད། ས་མཱན྄། སྙན་ཚིག ཡ་ཛུ་སྲ། མཆོད་སྦྱིན་ཏེ། གསུམ་དང་། ཡང་། ཤྲུ་ཏིཿ ཐོས་པ། བེ་དཿ རིག་བྱེད། ཨཱམྣཱ་ཡཿ མན་ངག ཏྲ་ཡཱི་དྷརྨ། གསུམ་ཅན་ཆོས་ཏེ། རིག་བྱེད་གསུམ་གྱི་ཆོ་གའི་མིང་ངོ་། །ཡང་རིག་བྱེད་ཀྱི་ཡན་ལག་དྲུག་ནི། ཤི་ཀྵཱ། བསླབ་པ། བྱཱ་ཀ་ར་ཎཾ། བརྡ་སྤྲོད། ནི་རུཀྟཾ། ངེས་ཚིག །ཙྪནྡོ་བི་ཙི་ཏི། སྡེབ་སྦྱོར་རྣམ་དབྱེ། ཀལྤཿ རྟོག་པ། ཛྱོ་ཏི་ཥཾ། སྐར་རྩིས་སོ། །དེ་དྲུག་གི་སྤྱི་མིང་། ཨངྒཾ། ཡན་ལག་ཅེས་སོ། །ཨོཾ་ཡིག་གི་མིང་དུ། སྲུང་བྱེད་ཅེས་དང་། པྲ་ཎ་བ། རབ་བསྔགས་ཞེས་ཟེར་རོ། །བྲམ་ཟེ་ལས་དྲུག་ནི། ཨི་ཛྱའམ། ཡ་ཛ་ནཾ། མཆོད་སྦྱིན། ཡཱ་ཛ་ནཾ། མཆོད་སྦྱིན་བྱེད་དུ་འཇུག་པ། ཨ་དྷྱཱ་ཡ་ནཾ། ཚིག་འདོད་པའམ་ཀློག་པ། ཨཱ་དྷྱཱ་ས་ནཾ། ཚིག་འདོན་དུ་འཇུག་པ། དཱ་ནཾ། སྦྱིན་པ། པྲ་ཏི་གྲ་ཧཿཚུལ་བཞིན་ལེན་པ་ཞེས་སོ། །མཆོད་སྦྱིན་སྤྱིའི་མིང་། ཡ་ཛྙཿ མཆོད་སྦྱིན། ས་བཿ དག་བྱེད། ཨ་དྷྭ་རཿལམ་འཛིན་ནམ་འཁྱོགས་མེད། ཡཱ་ག །ལྷ་མཆོད། སཔྟ་ཏནྟུཿ རྒྱུད་བདུན་པ། མ་ཁཿ འོད་བྱེད། ཀྲ་ཏུཿ འབྲས་བྱེད་ཟེར་རོ། །དེའི་བྱེ་བྲག་མང་ཞིང་། ཨཤྭ་མེ་དྷ་ཡ་ཛྙཱཿ རྟ་གཙང་མའི་མཆོད་སྦྱིན། པུ་རུ་ཥ་མེ་དྷ ཡ་ཛྙཿ སྐྱེས་བུ་གཙང་མའི་མཆོད་སྦྱིན། ཡ་ཛྙཱ་ཨིཥྚ། མཆོད་སྦྱིན་བྱས་ཞེས་སོ། །མཆོད་སྦྱིན་ཆེན་པོ་ལྔ་ནི། རིག་བྱེད་ཀྱི་ཆོ་ག་ཀློག་ཏུ་འཇུག་


MR26_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། པཱ་ཋཿ ཀློག་ལྡན། བྲཧྨ་ཡ་ཛྙཱཿ ཚངས་པའི་མཆོད་སྦྱིན། མེ་ལ་སྲེག་བླུག་བྱེད་པ་ནི། ཧོ་མཿ སྦྱིན་སྲེག །དེ་ལ། དེ་བ་ཡ་ཛྙཱཿ ལྷའི་མཆོད་སྦྱིན་ཟེར། དེ་བཞིན་དུ། ཁྱིམ་དུ་མགྲོན་གསར་འོངས་པར་གནས་མལ་བཟའ་བཏུང་སོགས་སྦྱིན་པ་ནི། ས་བཪྻྻ། ཚིམ་བྱེད། དེ་ལ། ནྲྀ་ཡ་ཛྙཿ མིའི་མཆོད་སྦྱིན། མཚུན་གྱི་ལྷ་ལ་ཆུ་དང་ཟན་གྱིས་མཆོད་པ། ཏརྤྤ་ཎཾ། མཚུན་གསོལ། དེ་ལ་པི་ཏྲྀ་ཡ་ཛྙཿ མཚུན་གྱི་མཆོད་སྦྱིན། ལྷ་དང་འབྱུང་པོ་ས་དང་བར་སྣང་ལ་གནས་པ་རྣམས་ལ་ཟན་སྦྱིན་པ་ནི། བ་ལི། གཏོར་མ། དེ་ལ། བྷཱུ་ཏ་ཡ་ཛྙཿ འབྱུང་པོའི་མཆོད་སྦྱིན་ཞེས་སོ། །བེ་ད་ནཱ་དྷྱཱ་པ་ཡ་ཏི། རིག་བྱེད་ཀློག་ཏུ་འཇུག་པ་ཞེས་སོ། །རིག་བྱེད་རྣམས་ཡུལ་དུར་ཁྲོད་གྲོང་མཐའ་ཕྱུགས་ལྷས་སོགས་སུ་ཀློག་པ་དང་སློབ་པ་སྤང་། དུས་ཚེས་གཅིག་དང་བརྒྱད་དང་བཅུ་བཞི་གནམ་སྟོང་བཞི་ལ་འཛེམ་པར་བཤད་པས་འདི་བཞི་སྒྲ་སློབ་པའི་དུས་གཉན་ཞེས་ཡོངས་སུ་གྲགས་ཀྱང་རིག་བྱེད་སྤྱི་ཡི་དུས་གཉན་དུ་ཡང་འདོད་དོ་ཞེས་མཁས་པ་དག་གསུངས། བརྒྱད་བཅུ་བཞི་བཅོ་ལྔ་གསུམ་ལ་ལྷ་རྣམས་འདུ་བས་དེ་དུས་ཤེར་ཕྱིན་སོགས་འཆད་པ་ཕན་ཡོན་ཆེ་ཞིང་ལེགས་པར་མདོ་ལས་གསུངས། ཚེས་གཅིག་རིག་གནས་སྤྱིའི་དུས་གཉན་ཏེ་འཛེམ་པར་ཡང་བཤད་དོ། །བརྟག་པའི་སྐོར་ལ། བཱསྟུ་བིདྱཱཿ ཁྱིམ་པ་བརྟག་པའི་དཔྱད། ཨངྒ་མ་ཎི་བིདྱཱ། ཤ་མཚན་གྱི་དཔྱད། བི་ལྱཱ་དྷྱཱ་ཡཿ སྨེ་བའི་དཔྱད། བ་ཡ་ས་བིདྱཱ། ཁྭ་སྐད་ཤེས་པ། ཤ་ཀུ་ན་བིདྱཱ། ལ་ཉེའམ་ལྟས་ཀྱི་རིག་པ། ཛྱོ་ཏི་བིདྱཱ། སྐར་མའི་རིག་པ། ས་མུ་དྲ་ལཀྵ་ཎཾ། རྒྱ་མཚོའི་མཚན་ཉིད་ཀྱི་དཔྱད། དེས་མཚོན་པས། ས་གཞི་དང་། ཆུ་བོ་དང་། རྟ་དང་། སྐྱེས་


MR26_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ། བུད་མེད་ཀྱི་མཚན་ཉིད་སོགས་བརྟག་པ་བརྒྱད་དུ་གྲགས་པ་དང་། གཞན་ཡང་བརྟག་པ་སྣ་ཚོགས་པ་དག་ཀྱང་རྒྱུ་མཚན་ནམ་མཚན་མའི་བསྟན་བཅོས་ཏེ་དེ་དག་བཟོ་རིག་པའི་ཁོང་དུ་གཏོགས་པ་ཡིན་ནོ། ༈ །ན་ཊ་ནཾ། ཟློས་གར། ནཱ་ཊཱ།ཟློས་གར་མཁན། ཏཱཎྜ་བཾ། གར། ནཱ་ཊྱཾ། བྲོ་དང་ཟློས་གར་དང་གླུ་གར་རོལ་མོ་གསུམ་ལ་ཐུན་མོང་དུའང་འཇུག དེ་བཞིན། ཏཽཪྻྻ་ཏྲི་ཀཾ སིལ་སྙན་གསུམ་པ་ཞེས་པའང་ངོ་། །ལཱ་སྱཾ། ནྲྀ་ཏྱཾ། བྲོ་གར། ནྲྀ་ཏཾ། གར་རྩེད། ནརྟྟ་ནཾ། གར་འཆམས་འདི་ཀུན་ཀྱང་ཟློས་གར་གྱི་མིང་དུ་འཇུག བྷྲ་ཀུ་ས། སྐྱེས་པས་བུད་མེད་ཀྱི་ཆས་བྱས་པའི་གར་མཁན་གྱི་མིང་སོགས་དང་། གར་མཁན་མཁས་པ་ལ། བྷཱ་བ། སོགས་སོ་སོའི་མིང་འབོད་དུ་མ་འཆི་མེད་མཛོད་ལས་གསུངས། ནརྟྟ་ཀཱི། གར་མཁན་མ། ལཱ་སི་ཀཱ རོལ་སྒེག་མའོ། །ཏཏྟྭཾ། ཞེས་པ་རྒྱས་ལྡན་ཏེ་གླུ་གར་རོལ་མོ་རྣམས་དལ་བའི་མིང་། དེ་རྣམས་མྱུར་བ་ལ། ཨོ་གྷཿ ཞེས་ཚོགས་པའོ། །དེ་རྣམས་བར་མ་ལ། གྷ་ནཾ། སྟེ་སྣུན་བྱེད་དོ། །དེ་གསུམ་ལ་ལག་སྟབས་ཀྱིས་ཚོད་འཛིན། ཏཱ་ལཿ སྟེ་གནས་བྱེད་ཞེས་བྱའོ། །གླུ་གར་རོལ་མོ་མཚུངས་པར་བསྒྲིག་པ། ལ་ཡཿ སྟེ་འགྲིག་ཆགས་སོ། །བརྒྱ་དང་བརྒྱད་ཀྱི་བྱ་བས་རྫོགས་པའི། ལག་པ་བརྟན་པ་ཞེས་པའི་མཐར་ཐུག་པའི་ཀ་སོགས་སོ་གཉིས་ཀྱི་མིང་ཅན་ཡན་ལག་བསྐྱོད་པའི་སྟབས་རྣམས་ཀྱི་སྤྱི་མིང་། ཨངྒ་ཧཱ་རཿ ཡན་ལག་བསྒྱུར་བ། ཨངྒ་བི་ཀྵེ་པཿ ཡན་ལག་བསྐྱོད་པ། གར་བྱེད་ཚེ་ལག་པས་མཚོན་ཆ་སོགས་མཚོན་པར་བྱེད་པའི་མིང་། བྱཉྫ་ཀཿ གསལ་བྱེད། ཨ་བྷི་ན་ཡཿ མངོན་


MR26_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། གར་ཉམས་མངོན་ཚུལ་ནི། སྭཱ་ཏྟྭི་ཀཿ ཡིད་བྱེད་ཅན། དེའི་དབྱེ་བ། སྟམྦྷཿ རེངས་པའམ་བེམ་དངོས། སྭེ་དཿ རྡུལ་པ། རོ་མཱཉྩཿ བ་སྤུ་ལྡང་བ། སྭ་ར་བྷེ་དཿ དབྱངས་ཀྱི་དབྱེ་བ། པེ་པ་ཐུཿ འདར་བ། བཻ་བརྞྱཿ ཡི་གེ་འཁྲུལ་བ། ཨ་ཤྲུཿམཆི་མ་འཛག་པ། པྲ་ལ་ཡཿ ཉམས་པ་བརྒྱད་དོ། །གར་གྱི་ཉམས་དགུ་ནི་གོང་དུའང་བརྗོད་མོད་འདིར་གར་གྱི་ཉམས་བརྒྱད་ཀྱི་མིང་གི་བྱེ་བྲག་ལ། སྒེག་པ་ལ། ཤྲྀ་གཾ་རཱཿ གཅིག་པུ་སྟེ། ཤུ་ཙིཿ གཅིང་པ་དང་། ཨུཛྫཱ་ལཿ འབར་བ་དག་ནི་སྒེག་ཉམས་འཆད་བྱེད་ཡིན་གྱི་མིང་གི་རྣམ་གྲངས་མིན་ཞེས་འདོད་འཇོ་དང་དཀའ་འགྲེལ་ལས་བཤད། རྣམ་བཤད་བདུད་རྩི་སོགས་ལས་སྒེག་པའི་མིང་གི་རྣམ་གྲངས་སུ་བཤད། དཔའ་བ་ལ། བཱི་རཿ ཁོ་ན་སྟེ། ཨུཏྶཱ་ཧ་བྀརྡྡ་ནཿ སྤྲོ་བ་འཕེལ་བ་ཞེས་པ་དཔའ་བ་འཆད་བྱེད་ཡིན་གྱི་མིང་དངོས་མིན་པར་འདོད་འཇོ་སོགས་ལས་བཤད། རྣམ་བཤད་བདུད་རྩི་ལས་གཉིས་ཀ་རྣམ་གྲངས་སུ་བྱས་སོ། །སྙིང་རྗེ་ལ། ཀཱ་རུ་ཎཱ། སྙིང་རྗེ། ཀཱ་རུ་ཎྱཾ། ཐུགས་རྗེ། ཨགྷྲྀ་ཎཱ། བརྩེ་བ། ཀྲྀ་པཱ། བརྩེ་སེམས། ད་ཡཱ། སྙིང་བརྩེ། ཨ་ནུ་ཀམྤཱ། རྗེས་སུ་ཆགས་པ། ཨ་ནུ་ཀྲོ་ཤཿ རྗེས་སུ་བརྩེ་བ་རྣམས་སོ། །དགོད་པ་ལ། ཧ་སཿ དགོད་པ། ཧཱ་སཿ བཞད་མོའམ་གད་མོ། ཧཱ་སྱཾ། བཞད་གད། མི་སྡུག་པའི་མིང་། བཱི་བྷཏྶཾ། ཏྶཿ ཏྶཱ། བཱི་བྷཱ་ཏྶཱ། མི་སྡུག་པ། བི་ཀྲྀ་ཏཾ། ཏཿ ཏཱ། རྣམ་པར་གྱུར་པ། རྨད་བྱུང་གི་མིང་། བིསྨ་ཡཿ ངོ་མཚར། ཨ་བྷི་བིསྨ་ཡཿ ཡ་མཚན་ཆེ། ཨདྡྷུ་ཏཾ། རྨད་བྱུང་། ཨཱ་ཤྩཪྻཾ། མཚར་ཆེ། ཙི་ཏྲཾ། ཕུལ་བྱུང་། འཇིགས་རུང་གི་མིང་། བྷཻ་ར་བཾ། འཇིགས་བྱེད། དཱ་རུ་ཎཾ། མི་


MR26_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་པ། བྷཱི་ཥ་ཎཾ། འཇིགས་རུང་། བྷཱི་མཾ། འཇིགས་པ། བྷཱི་ཥྨཾ། སྔངས་བྱེད། གྷོ་རཾ། སྐྲག་བྱེད། བྷ་ཡཱ་ན་ཀཾ རྔམས་པ། བྷ་ཡངྐ་རཾ། འཇིགས་མཛད། པྲ་ཏི་བྷ་ཡཾ། སོ་སོར་འཇིགས། དྲག་ཤུལ་གྱི་མིང་ལ། རཽ་དྲཾ། དྲག་པོ། ཨུ་གྲཾ། དྲག་ཤུལ་ལོ། ༈ །བཟོ་རིག་ཏུ་གཏོགས་པ་སྐར་རྩིས་ཀྱི་སྐོར་གྱི་མིང་ཅི་རིགས་བརྗོད་པ་ལ་གྲངས་དང་། དུས་ཀྱི་མིང་ནི་གོང་འོག་ཏུ་བསྟན། འདིར་སྐར་རྩིས་པའི་མིང་ལ། སཱཾ་བ་ཏྶ་རཿ ལོ་ཤེས། ཛྱོ་ཏི་ཥི་ཀཿ སྐར་མཁན། ཛྱོ་ཏི་ཥཾ། ཞེས་པ་སྐར་རྩིས་ཀྱི་གཞུང་ལ་འཇུག དཻ་བ་ཛྙཿ ལྷ་ཤེས་སམ་ལྟས་ཤེས། ག་ཎ་ཀཿ རྩིས་པ། མཽ་ཧུརྟྟི་ཀཿ དུས་ཤེས། མཽ་ཧུརྟྟཿ དུས་མཁྱེན། ཛྙཱ་ནཱི། ཡེ་མཁྱེན། ཀཱརྟྟཱནྟྲི་ཀཿ ལྟས་རྟོགས་པ་ཞེས་སོ། །ཁྱིམ་བཅུ་གཉིས་ཀྱི་མིང་། རཱ་ཤི ཁྱིམ། ལགྣཾ། དུས་སྦྱོར། ཏཏྐཱ་ལཿ དེའི་དུས་ཞེས་སོ། །བྱེ་བྲག་ཏུ། མེ་ཥཿ ལུག །བྲྀ་ཥཿ གླང་། མི་ཐུ་ནཿ འཁྲིག་པ། ཀརྐ་ཊཿ སྦལ་པ། སིདྷཿ སེང་གེ ཀནྱཱ། བུ་མོ། ཏཱུ་ལ། སྲང་། བྲྀཤྩི་ཀཿ སྡིག་པ། དྷ་ནུཿ གཞུ། མཱ་ཀ་རཿ ཆུ་སྲིན། ཀུམྦྷཿ བུམ་པ། མཱི་ནཿ ཉ་ཞེས་སོ། །གཟའ་དགུའི་མིང་ལ། སཱུ་རཿ དང་། ཤཱུ་རཿ ཉི་མ། སཱུཪྻྻཿ འོད་འགྱེད། ཨཱཪྱ་མཱ། སྟེན་བྱེད། ཨཱ་དི་ཏྱཿ མི་གཅོད་སྐྱེས། དྭཱ་ད་ཤཱཏྨཿ བཅུ་གཉིས་བདག་པོ། དི་བ་ཀཱ་རཿ ཉིན་བྱེད། བྷཱ་སྐཱ་རཿ འོད་བྱེད། ཨ་ཧ་སྐཱ་རཿ སྣང་བྱེད། བྲདྷྣཿ རབ་རིབ་འཇོམས། བྲ་བྷཱ་ཀ་རཿ རབ་གསལ་བྱེད། བི་བྷཱ་ཀ་རཿ རྣམ་གསལ་བྱེད། བྷཱ་སྭ་ཏ྄། ཏ་མ། བྷཱ་སྭཱན྄། འོད་ལྡན། བི་བྷཱ་སཏྲ་ཏམ། བི་བྷཱ་སྭཱན྄། རྣམ་གསལ། བི་བ་


MR26_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྭཏ྄། ཡང་ན། བི་བ་སྭཱན྄། རྣམ་གནས། སཔྟཱ་ཤྭཿ རྟ་བདུན། ཧ་རིད་ཤྭཿ རྟ་ལྗང་ཅན། ཨུཥྞ་རསྨིཿ ཚ་ཟེར་ཅན། བི་ཀརྟྟ་ནཿ རྣམ་བཅད། ཨརྐྐཿ མཆོད་འོས། མཱརྟྟཎྜཿ མ་ཟླུམ། མི་ཧི་རཿ ཆར་འབེབས། ཨ་རུ་ཎཿ འོད་འགྲོ པཱུ་ཥན྄། ན་མ། ཥཱ། རྒྱས་བྱེད། དྱུ་མ་ཎིཿ ནམ་མཁའི་ནོར་བུ། ཏ་ར་ཎིཿ སྒྲོལ་བྱེད། མིཏྟྲཿ བཤེས་གཉེན། ཙི་ཏྲ་བྷཱ་ནུཿ སྣ་ཚོགས་འོད་ཟེར། བཻ་རོ་ཙ་ནཿ རྣམ་པར་སྣང་བྱེད། བི་བྷཱ་བ་སུཿ འོད་ནོར་ཅན། གྲ་ཧ་པ་ཏིཿ གཟའི་བདག་པོ། ཏྭི་ཥཱམྤ་ཏིཿ འོད་བདག །ཨ་ཧབ་ཏིཿ ཉིན་མོའི་བདག་པོ། བྷཱ་ནུཿ འོད་ཅན། ཧཾ་སཿ འཇོམས་བྱེད། ས་ཧ་སྲཱཾ་ཤུཿ འོད་སྟོང་ཅན། ཏ་པ་ནཿ གདུང་བྱེད། ས་བི་ཏྲི། འམ། ཏཱ། འོད་འབྱིན་ནམ་ཆུ་འབྱིན། ར་བིཿ གྲགས་ལྡན། ཙཎྜཱ་ཤུཿ གཏུམ་པོའི་འོད། མ་ཧི་རཿ མཆོད་ཚུལ། ཀཱ་ལ་ཀྲྀཏ྄། དུས་བྱེད། པདྨ་པཱ་ཎིཿ པད་མའི་ལག ཁ་མ་ཎིཿ མཁའ་ནོར། ཨཾ་ཤུ་མ་ཏྲ། མཱ་ན྄། འོད་ལྡན། ཨཾཤུ་མཱ་ལིན྄་ལཱི། དང་། ཀི་ར་ཎ་མཱ་ལིན྄་ལཱི། འོད་ཕྲེང་ཅན། དི་ན་མ་ཎིཿ ཉིན་མོའི་ནོར་བུ། དི་ན་པྲ་ཎཱི། ཉིན་མོའི་དབང་པོ། དི་ན་ཀ་རཿ ཉིན་མོར་བྱེད་པ། ཞེས་སོ། །ཉི་མའི་འཁོར། མཱ་ཋ་རཿ གནས་བྱེད་ལ་སོགས་པའོ། །གཟའ་ཟླ་བའི་མིང་། ཙནྡྲཿ ཟླ་བ། ཙནྡྲ་མ་སྲ་མཱ། སིམ་བྱེད། འདི་འདྲ་གཉིས་ཡོད་ཚད་འདམ་ང་ཅན་ཡིན་པས་གང་བརྗོད་ཀྱང་འདྲ་བ་གོང་འོག་ཀུན་ཏུ་ཤེས་པར་བྱའོ། །ཨིནྡུཿ དབང་པོ། ཧི་མཱངྴུཿ བསིལ་ཟེར་ཅན། ཀུ་མུད་བཱནྡྷ་བཿ ཀུ་མུད་གཉེན། བིདྷུཿ ཁྱད་པར་འཐུང་། སུ་དྷཱཾ་ཤུཿ བདུད་རྩིའི་འོད། ཤུ་དྷྲཱཾ་ཤུཿ འོད་དཀར་ཅན། ཨོཥ་དྷཱི་ཤཿ རྩིའི་དབང་པོ། ནི་ཤཱ་པ་ཏིཿ མཚན་མོའི་བདག་པོ། ཨཔྫཿ རྒྱ་


MR26_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས། ཛེ་བཱ་ཏྲི་ཀཿ འཚོ་བྱེད། སོ་མཿ ཆགས་བྱེད། ཀློག་ཚུལ་གཞན། སོ་མ་ན྄་དང་། སཽ་མཱ། ཞེས་ཀྱང་ངོ་། །གླཽཿ འགྲིབ་བྱེད། མྲྀ་གཱཾ་ཀཿ རི་དྭགས་མཚན། ཀ་ལཱ་ནི་དྷིཿ ཆ་གཏེར། དྭི་ཛ་རཱ་ཛཿ གཉིས་སྐྱེས་རྒྱལ་པོ། ཤ་ཤ་དྷ་རཿ རི་བོང་འཛིན། ན་ཀྵ་ཏྲེ་ཤཿ རྒྱུ་སྐར་དབང་པོ། ཀྵ་པཱ་ཀ་ར། མཚན་མོར་བྱེད་པ་ཞེས་སོ། །གཟའ་མིག་དམར་གྱི་མིང་། ཨངྒཱ་ར་ཀཿ མིག་དམར། ཀུ་ཛཿ ས་སྐྱེས། བྷཽ་མཿ ས་ལས་སྐྱེས། ལོ་ཧི་ཏཱངྒཿ ལུས་དམར། མ་ཧཱི་སུ་ཏཿ ས་གཞིའི་བུ། མངྒ་ལཿ བཀྲ་ཤིས། འཆི་མེད་མཛོད་འགྲེལ་དུ་འདི་ཙམ་གསུངས། གཞན་གཟའ་རྣམས་ཀྱི་མིང་གི་མངོན་བརྗོད་དུ་མ་ཡོད་པར་སྣང་ངོ་། །ལྷག་པའི་མིང་། བུ་དྷཿ ལྷག་པ། སཽ་མྱཿ ཟླ་སྐྱེས། རཽ་ཧི་ཎེ་ཡཿ སྣར་མའི་བུ། ཕུར་བུའི་མིང་། བྲྀ་ཧསྤ་ཏིཿལྷ་བདག་སྟེ་ཕུར་བུ། སུ་རཱ་ཙཱཪྻྻཿ ལྷའི་སློབ་དཔོན། གཱིཥྤ་ཏིཿ དབྱངས་བདག །དྷི་ཥ་ཎཿ བློ་ལྡན། གུ་རུཿ བླ་མ། ཛཱི་བཿ འཚོ་བྱེད་། ཨཱཾ་གི་ར་སཿ འགྲོ་བྱེད་རྒྱུད། བཱ་ཙསྤ་ཏིཿ དང་། བཱཀྤཏིཿ སྨྲ་བའི་བདག་པོ། ཙི་ཏྲ་ཤི་ཁཉྜི་ཛཿ སྣ་ཚོགས་གཙུག་ཕུད་ཀྱི་བུ། པ་ཝ་སངས་ཀྱི་མིང་། ཤུཀྲཿ དཀར་པོའམ་ཁུ་བ་སྟེ་པ་སངས། དཻ་ཏྱ་གུ་རུཿ ལྷ་མིན་བླ་མ། ཀཱ་བྱཿ དང་། ཀ་བི་སུ་ཏཿ སྙན་ངག་མཁན་གྱི་བུ། ཨུ་ཤ་ན་སྲ་ནཱཿ མཛེས་ལྡན། བྷཱརྒ་བཿ ངན་སྤོང་བུ། ཀ་བིཿ སྙན་ངག་མཁན། སྤེན་པའི་མིང་། ཤ་ནིཤྩ་རཿ དང་། ཤ་ནིཿ དང་། མནྡཿ དལ་འགྲོ་སྟེ་སྤེན་པ། སཽ་རིཿ དང་། ཤཽ་རིཿ ཉི་མའི་བུ། ཙྪཱ་ཡཱ་སུ་ཏཿགྲིབ་མའི་བུ། ནཱི་ལ་བ་ས་ས྄། སཱཿ གོས་སྔོན་ཅན། སྒྲ་གཅན་གྱི་མིང་། རཱ་ཧུཿསྒྲ་གཅན། ཏ་མ་ས྄། མཱཿ མུན་


MR26_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སྭརྦྷཱ་ནུཿ མཐོ་རིས་གསལ་བྱེད། སཻདྷི་ཀེ་ཡཿ སེང་གེ་མོའི་བུ། བི་དྷུནྟུ་དཿ ཟླ་བ་འཇོམས། ཞེས་སོ། །ཀེ་ཏུཿ མཇུག་རིངས་སོ། །ཀེ་ཏུ་ཞེས་པ་འདི་ཏོག་ལའང་འཇུག་པ་ཡོངས་གྲགས་ལས་རྒྱལ་མཚན་ལ་ཡོངས་གྲགས་ཀྱིས་འཇུག་པ་མིན་ཡང་འཆི་མེད་མཛོད་ཀྱི་སྒྲ་གཅིག་དོན་མང་གི་སྡེ་ཚན་དུ་རྒྱལ་མཚན་ལ་ཡང་འཇུག་པར་བཤད་འདུག རྒྱུ་སྐར་སྤྱིའི་མིང་། ནཀྵ་ཏྲཾ། རྒྱུ་སྐར། རྀ་ཀྵཾ། འགྲོ་བྱེད། བྷཾ། འོད་ཅན། ཏཱ་རཱ། སྐར་མ། ཏཱ་ར་ཀཱ། སྒྲོལ་བྱེད། ཨུ་ཌུཿ འཕུར་བྱེད་ཅེས་སོ། །ཐ་སྐར་སོགས་རྒྱུ་སྐར་ཉེར་བདུན་སྤྱི་མིང་། དཱཀྵཱ་ཡ་ཎཱི། གསལ་བའི་བུ་མོ། བྱེ་བྲག་སོ་སོའི་མིང་། ཨ་ཤྭི་ནཱི། ཐ་སྐར། དེའི་མིང་། ཨ་ཤྭ་ཡུ་ཛ྄་ཀ྄ རྟ་ལྡན་མ། ཨ་ཤྭི་ནཱི། རྒོད་མ་ཅན་ཟེར། བྷ་ར་ཎཱི། བྲ་ཉེ། ཀརྟྟི་ཀཱཿ སྨིན་དྲུག རོ་ཧི་ཎཱི། སྣར་མྲ། མྲྀ་ག་ཤི་ར་སྲ་རཱཿ མགོ དེའི་མིང་། མྲྀ་ག་ཤཱིཪྵཾ། སྨལ་པོ། མྲྀ་ག་སི་རཱཿ རི་དྭགས་མགོ ཨ་གྲ་ཧཱ་ཡ་ཎཱི། ལོའི་ཐོག་མ་ཟེར། ཨཱ་རྡྷཱ། ལག །པུ་ནརྦྦ་སུཿ ནབས་སོ། །པུཥྱཿ རྒྱས་བྱེད་དེ་རྒྱལ། དེའི་མིང་། སི་དྷྱཿ གྲུབ་པ། ཏིཥྱཿ ཚིམ་བྱེད་ཟེར། ཨ་ཤླེ་ཥཱ། སྐག མ་གྷཱ། མཆུ། པཱུརྦ་ཕ ལྒུ་ནཱི་ནྱཽ། གཉིས་ཚིག །གྲེ། ཨུཏྟ་ར་ཕལྒུ་ནཱི་ནྱཽ། དབོ། སྦོ་ཞེས་ཀྱང་འབོད། ཧསྟཿ ཏཱ། མེ་བཞི། ཙི་ཏྲཱ། ནག་པ། སྭཱ་ཏིཿ ས་རི། བི་ཤཱ་ཁཱ་འམ་ཁེ། ས་ག དེའི་མིང་། རཱ་དྷཱ། སྒྲུབ་བྱེད་མ། ཨ་ནུ་རཱ་དྷཱ། ལྷ་མཚམས། ཛྱེཥྛཱ། སྣྲོན། མཱུ་ལཾ། སྣྲུབ། པཱུརྦྦཱ་ཥཱ་ཌྷཱ། ཆུ་སྟོད། ཨུཏྟ་རཱ་ཥཱ་ཌྷཱ། ཆུ་སྨད། ཤྲ་བ་ཎཿ དང་། ཎཱ། གྲོ་བཞིན། ཨ་བྷི་ཛི་ཏ། བྱི་བཞིན། དྷ་ནིཥྛཱ། ནོར་ལྡན་ཏེ་མོན་གྲེ། དེའི་མིང་། ཤྲ་བིཥྛཱ། ཐོས་མཆོག་ཀྱང་ཟེར། ཤ་ཏ་བྷི་ཥཛ྄། ཥ་ཀ྄འང་། མོན་གྲུ།


MR26_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པཱུརྦྦ་བྷ་དྲ་པ་དཱའམ་དེ། ཁྲུམས་སྟོད། ཨུདྷ་ར་བྷ་དྲ་པ་དཱ་དེ། ཁྲུམས་སྨད། ཁྲུམས་སྟོད་སྨད་ཀྱི་མིང་། པྲོཥྛ་པ་དཱ། ཁྲུམས། བྷ་དྲ་པ་དཱཿ བ་ལང་རྐང་ཞེས་སོ། །རེ་བ་ཏཱི། ནམ་གྲུ། ཞེས་སོ། །བྱེ་རྟོགས་ན་མོན་གྲེ་དང་མོན་གྲུའི་མིང་བསྣོལ་བ་རྗེས་སུ་ཡིག་སྐྱོན་ཡིན་ནམ་དེ་ལྟར་ངེས་པ་གང་ཡིན་བརྟག །སྐར་མ་གཞན་བརྟན་པའི་མིང་། དྷྲུ་བཿ བརྟན་གནས། ཨཽཏྟཱ་པཱ་དིཿ རྐང་སྟེང་བུ་ཟེར། རི་བྱིའི་མིང་། ཨ་གསྟྱཿ རི་འདོར། ཀུམྦྷ་སཾ་བྷ་བཿ བུམ་པ་སྐྱེས། མཻ་ཏྲཱ་བ་རུ་ཎྀཿ མཛའ་བོ་ཆུ་ལྷའི་བུ། ཞེས་ཟེར། རི་བྱིའི་ཆུང་མའི་མིང་། ལོ་པཱ་མུ་དྲཱ། ཟིལ་གནོན་རྒྱ་ཅན་མ། ས་དྷརྨྨ་ཎཱི། ཆོས་མཚུངས་མ་ཞེས་སོ། །དྲང་སྲོང་བདུན་པོ་སྤྱི་མིང་། ཙི་ཏྲ་ཤི་ཥཎྚིན྄་ནམ། ནཿ སྣ་ཚོགས་གཙུག་ཕུད་ཅན་རྣམས། དྲང་སྲོང་སོ་སོའི་མིང་།མ་རཱི་ཙིཿ འོད་ཟེར་ཅན། ཨ་ཏྲིཿ རྒྱུན་ཤེས། པུ་ལ་སྟིཿ འོད་ཡངས། པུ་ལ་ཧཿ ལྷ་མིན་འཇོམས། ཀྲ་ཏུཿ མཆོད་སྦྱིན་ཅན། བ་སིཥྛཿ མཆོག་གནས། ཨངྒི་རཱཿ འགྲོ་བྱེད་ཅེས་སོ། །ཨངྐུའི་རི་མོའི་གྲངས་ཀྱི་མངོན་བརྗོད་ཟླ་བ་རི་བོང་ཅན་སོགས་སོ་སོའི་མིང་བཞིན་ནོ། །ཐིག་ལེ་ལ། ཁཾ། ཞེས་སོ། །ལི་ཁི་ཏཾ། འབྲི། སཾ་ཁྱཱ་ཏཾ། བགྲངས་པ། བཱིམྶཱ། བསྣན་པ། སཾ་བརྩྩན། བསྲེ་བ། སཾ་ཀ་ལ་ན། བསྡོམ་པ། བརྟཱ། བསྒྱུར་བ། གུ་ཎི་ཏཾ། བསྒྱུར་བའམ་སྤེལ་བ། བརྡྡ་ནཿ སྤེལ་བ། པྲ་ཏི་ཚིནྣཾ། བཅད་པའམ་བགོད་པ། ཨ་ཛ་ཧཱཾ། དོར་བ། ཨ་པ་ཙ་ཡཿ དང་། ཨ་པ་ཀརྵཿ འགྲིབ་པའམ་འབྲིད་པ། ཞེས་དང་། བི་ལུཔྟཿ ཕྲི་བ། ལོ་པཿ དང་། ལུ་ཙ། དབྱི་བ། བེ་ཤ ཕབ་པ། པྲཱཔྟི། ཐོབ་པ། ལཱ་བྷཿ རྙེད་པ། ག་ཎ་ནཱི་ཡཾ།


MR26_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་བྱ། ག་ཎེ་ཡཾ། བརྩི་བྱ། ག་ཎི་ཏཾ། བརྩིས་པ། ཙྪ་ཡཿ གྲིབ་ཚོད་དེ་ཐུར་གྲིབ་སོགས་སོ། །གཞན་བྱེད་སྦྱོར་སོགས་ཀྱི་མིང་གཞན་དུ་ཤེས་པར་བྱའོ། །གཟའ་སྐར་རྣམས་གནས་པའི་གཞི་རླུང་གི་འཁོར་ལོ་ལ། གོ་ལཿ ཞེས་སྒྲ་སོར་བཞག་སྟེ།རིལ་མོའམ་ཟླུམ་པོའི་དོན་དུ་འཇུག །ཕྱིས་ཀྱི་ལོ་ཙཱ་བ་དག་གིས་སྒང་བཤོང་དང་ལྕི་ཡང་དང་མཐོ་རིས་འཛིན་སོགས་སུ་བསྒྱུར་བའང་ཡོད། ༈ །རྒྱུ་མཚན་ནམ་མཚན་མའི་རིག་པའི་སྐོར་ལ། གོང་བཤད་ཁྱིམ་ས་བརྟག་པ་སོགས་དང་། གཞན་ཡང་། ནི་མིཏྟཾ། མཚན་མའམ་ལྟས། ཤ་ཀུ་ནཾ། ལ་ཉེའམ་ལྟས། ནིརྒྷཱ་ཏཿ གནམ་གྲུམ་པའི་སྒྲ་དྲག་པོ། ཨུལྐཱ་པཱ་ཏཿ སྐར་མདའ་ལྷུང་བ། གྲ་ཧཿ གཟས་འཛིན་ཏེ་ཉི་ཟླ་གཟས་བཟུང་བ། དེའི་མིང་གཞན། ཨུ་པ་རཱ་གཿ ཉེར་འཚེའང་ཟེར། ཨིནྡྲ་ཙཱ་པཾ། དབང་གཞུ་སྟེ་འཇའ། སཱུཪྻྻ་པ་རི་བེ་ཤཾ ཉི་མ་འཁྱིམས་པ། ཛྱོ་ཏི་ཥཾ། སྐར་མའི་ཡི་གེ་སྟེ་གཞུང་། དེ་ལས་ལྟས་སྣ་ཚོགས་བཤད་པའི་ཕྱིར་རོ། །སྭཔྣཱ་དྷྱཱ་ཡཿ རྨི་ལྟས་ཀྱི་སྤྱད་དམ་དཔྱད། ཤ་ཀུ་ན་རུ་ཏཾ། བྱ་སྐད་ཀྱི་བརྡའ། བིཥྚིཿ འཇུག་ཕོད་དེ་གཟའ་ཡི་མིང་སྤྱི་དང་བྱེ་བྲག་སྐར་མ་དུ་བ་ཅན་ལའང་སྦྱར། བྱ་ཏཱི་པཱ་ཏཿ རྣམ་པར་ལྟུང་བྱེད། ཨ་རིཥྚཾ། འཆི་ལྟས། དུཥྤྲེ་ཀྵི་ཏཾ། གནོད་ལྟས། དུ་ཤྪཱ་ཡཱ། གནོད་གྲིབ། ཨུཏྤཱ་ཏཿ ལྟས་སུ་བྱུང་བ། ལགྣཱ། དུས་འབྱོར་བ། ཡོ་གཿ སྦྱོར་བ། དཎྚ་བྷཱ་སཿ བྲེང་ངེས་སྣང་བ། ཞེས་སོ། །ས་གཡོས་པའི་མིང་ལ། བྷཱུ་མི་ཙ་ལཿ ས་གཡོ་བ། ཀམྤི་ཏཿ འགུལ། པྲ་ཀམྤི་ཏཿ རབ་ཏུ་འགུལ། སམྤྲ་ཀམྤི་ཏཿ ཀུན་ཏུ་རབ་ཏུ་འགུལ། ཙ་ལི་ཏཿ གཡོས། དེའི་སྔོན་དུ་པྲ་སྦྱར་ན་རབ་ཏུ་གཡོས། སཾ་པྲ་སྦྱར་ན་ཀུན་ཏུ་རབ་ཏུ་


MR26_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས། བི་དྷི་ཏཿ ལྡེག དེ་ལ་པྲ་སོགས་སྦྱར་བ་གོང་བཞིན། རབ་ལྡེག ཀུན་ཏུ་རབ་ལྡེག ཀྵུ་བྷི་ཏཿ འཁྲུགས། དེ་ལ་རབ་ཏུ་དང་ཀུན་ཏུ་རབ་ཏུ་འཁྲུགས་སྦྱར་ལུགས་གོང་བཞིན། ར་ཎི་ཏཿ འུར་འུར། དེ་ལ་རབ་འུར་སོགས་གོང་བཞིན།གརྫི་ཏཿ ཆེམ་ཆེམ། དེ་ལ་གོང་བཞིན། རབ་ཏུ་ཆེམ་ཆེམ་སོགས་ཤེས་པར་བྱའོ། །ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ་བ་སོགས་དྲུག་ལ། པཱུརྦཱ་དིག྄ ཤར་ཕྱོགས་ཅེས་པ་ལྟ་བུ་ལ། ཨ་བ་ན་མ་ཏི། དམའ་བ། ཨུནྣ་མ་ཏི། མཐོ་བ་སྦྱར་ཏེ་ཤེས་པར་བྱ། ཨནྟཱ། མཐའ། མདྷྱཱ། དབུས་སོ། །ཨ་པྲ་ཀམྤྱཾ། མི་བསྐྱོད་པའམ་མི་བསྒུལ་བའམ་བསྐྱོད་མི་ནུས་པའོ། །ནཻ་མིཏྟི་ཀཿ ལྟས་མཁན། བཻ་པཉྩི་ཀཿ མཚན་མཁན་ཞེས་སོ། ༈ །འཚོ་ཚིས་ཀྱི་སྐོར་ལ་ཟས་གོས་གནས་མལ་བགྱིད་པ། གོས་བགོ་བ། ཟས་ཟ་བ། བསྐུ་མཉེ་དང་གཉིད་སོགས་ལུས་ལ་ལེགས་པར་བྱ་བ་བགྱིད་པ། ཞིང་ལས་ཕྱུགས་སྐྱོང་ཚོང་དང་ལག་བཟོ་བྱེད་པ་སོགས་འཚོ་ཐབས་སུ་གྱུར་པ་ཐམས་ཅད་ཀྱང་དེར་གཏོགས་པས་ཤིན་ཏུ་མང་ཡང་། གཞན་རྣམས་སོ་སོའི་སྡེ་ཚན་དུ་བཤད། སྐབས་འདིར་ཅི་རིགས་བཀོད་པ་ལ། ཛཱི་བ་ནཾ། འཚོ་ཚིས། ཨཱ་ཛཱི་བཿ ཀུན་འཚོ། བཱརྟྟཱ། གསོན་བྱེད། བྲྀཏྟཿ འཚོ་བྱེད། བརྟྟ་ནཾ། སོ་ནམ། ཛཱི་བི་ཀཱཿ འཚོ་ཐབས་ཏེ་དེ་རྣམས་འཚོ་ཚིས་སྤྱི་ཡི་མིང་ངོ་། །དེའི་བྱེ་བྲག་ཞིང་ལས་ཀྱི་སྐོར་ལ། ཀྵེ་ཏྲཱ་ཛཱི་བཿ ཞིང་ལས་ཀྱིས་འཚོ་བ། ཀྲྀ་ཥིཿ ཞིང་ལས་སམ་རྨོ་བརྐོ དེ་ལ། ཨ་ནྲྀ་ཏཾ། བདེན་མིན་ཅན་ཟེར། དེ་ཡང་། གཡོག་ལ་ཁྱི་ཡི་འཚོ་ཐབས་ཞེས། གཉིས་སྐྱེས་རྣམས་ཀྱིས་སྨད་པར་བརྗོད། །འཚེ་དང་སྐྱོན་མང་གནས་ཉིད་ཀྱིས། །


MR26_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལས་ལ་ནི་བདེན་མིན་བརྗོད། །ཅེས་བཤད་དོ། །ཀཪྵི་ཀཿ ཞིང་པ། ཀཱ་རི་ཡང་རུང་། ཀྲྀཥ་ཀཿ སོ་ནམ་པ། ཀྲྀ་ཥཱི་བ་ལཿ རྨོ་རྐོ་མཁན། ཀརྨཱནྟི་ཀཿ ལས་ཀྱི་མཐའ་པའང་ཟེར། སྲན་མ་སོགས་འབྲུ་སྐྱེ་བའི་ཞིང་གི་མིང་། བྲཻ་ཧེ་ཡཾ། འབྲུ་ས། བྱེ་བྲག་ཏུ་ཞིང་སོ་སོའི་མིང་། ཤཱ་ལེ་ཡཾ། ཤཱ་ལིའི་ས། ཡ་བྱཾ། ནས་ཞིང་། ཡ་བ་ཀྱཾ། སོ་བའི་ཞིང་། ཥཥྚི་ཀྱཾ། དྲུག་ཅུ་པའི་ཞིང་། ཏིལ་སོགས་སྐྱེ་བའི་ཞིང་ལ་མིང་གཉིས་གཉིས་ཏེ། ཏི་ལྱཾ། ཏི་ལས། ཏཻ་ལཱི་ནཾ། ཏིལ་ཞིང་། མཱ་ཥྱཾ། སྲན་ཁྲེའུའི་ས། མཱ་ཥཱི་ཎཾ། མོན་སྲན་ཁྲེའུའི་ཞིང་། ཨུ་མྱཾ། ཟར་མའི་ས། ཨཽ་མཱི་ནཾ། ཟར་མའི་ཞིང་། ཨ་ཎ་བྱཾ། ཙི་ཙིའི་ས། ཨཱ་ཎ་བཱི་ནཾ། ཙི་ཙིའི་ཞིང་། བྷངྒྱཾ། གསོ་མའི་ས། བྷཱངྒཱི་ནཾ། གསོ་མའི་ཞིང་། གཞན་སྲན་མ་སོགས་སྐྱེ་བའི་ཞིང་སོ་སོའི་མིང་། མཽངྒཱི་ནཾ། སྲན་སྡེའུ་འམ། སྲན་ལྗང་གི་ས། ཀཽ་དྲ་བཱི་ཎཾ། ཙི་ཙེའི་ས། ཀཽ་ལ་ཏྠཱི་ནཾ། མོན་སྲན་ན་གུའི་ས། མཱ་སྲྀ་བཱི་ནཾ། མ་སྲྀ་བའི་ས། ཙཱ་ན་ཀཱི་ནཾ། སྲན་ཆེན་གྱི་ས། བྲཻ་ཡཾ་ག་བཱི་ནཾ། ཁྲེ་ཞིང་ཞེས་སོ། །ཞིང་ས་སྤྱིའི་མིང་། ཀེ་དཱ་རཿ ཞིང་ས།ཀྵེ་ཏྲཾ། ཞིང་། བ་པྲཿ འདེབས་ས། ཞིང་པའི་ཚོགས། ཞེས་སོ། །ཞིང་ས་བཟང་ངན་སོགས་ཀྱི་ཁྱད་པར་གྱི་མིང་། སུཀྵེ་ཏྲ། ཞིང་བཟང་པོ། ཀུ་ཀྵེཏྲ། ཞིང་ངན་པ། ན་དཱི་མཱ་ཏྲྀ་ཀཿ ཞིང་ཆུ་མ། ཨ་ནུ་པཿ སེར་ཅན་ནམ་གཤེར་ཆེ་བ། དེ་བ་མཱ་ཏྲྀ་ཀཿཆར་མ། ཨ་དེ་བ་མཱ་ཏྲྀ་ཀཿ ཆར་མ་མ་ཡིན་པའམ་གནམ་སྡོད་མ་ཡིན་པ་ཞེས་བྱའོ། །ལོ་ཏོག་མི་སྐྱེ་བའི་ས་ངན་མིང་། ཨཱུ་ཐཱ་རཱཿ དང་། ཀྵཱ་ར་མྲྀཏྟི་ཀཱཿ ཚ་སྒོ་ཅན། ཛངྒ་ལཱ། དགོན་དུང་། པྲ་ཏི་ཀུཥྚཱ། ཐ་ཆད་དམ་ཐ་བ་ཅན། པཱ་པ་བྷཱུ་མི། སྡིག་པ་ཅན་གྱི་ས།


MR26_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱུ་ཥ། ས་ངན་ཞེས་སོ། །ལོ་ཏོག་སྐྱེ་ས་མི་བརྟན་པའི་སའི་མིང་། ཨཱུ་ཥ་བ་ཏ། བཱ་ན། སྲེག་ལྡན། ཨཱུ་ཥ་རཿ ཚན་ཅན་ཞེས་སོ། །ཞིང་སའི་སྐྱོན་ནི། པཱ་ཥཱ་ཎཿརྡོ། ཤརྐ་རཱ། གསེག་མ། ཀ་ཋ་ལླཿ གྱོ་མོ། ཨིཥྚ་ཀཿ སོ་ཕག ཤི་ལཱ་ཏ་ལཾ། རྡོ་ལེབ། ཨུ་པ་ལཾ། ཕ་ཝོང་ངམ་རྡོ་བ་སོགས་བསལ་བྱའོ། །པྲྀ་ཐི་བཱི་ཨོ་ཛཿདང་། ཨུརྦྦ་རཱ། ས་གཤིན་ས་སྟེ་རུང་བའམ་བཟང་པོའོ། །འདི་དག་ཞིང་སར་མ་ཟད་ས་ཕྱོགས་གཞན་ལའང་དེ་ལྟར་ཤེས་པར་བྱ། ཞིང་འདེབས་མཁན་གྱི་མིང་། ཀརྵ་ཀཿ ཞིང་པ། ཀྲྀ་ཥ་ཀཿ སོ་ནམ་པ། ཀྲྀ་ཥཱི་པ་ལཿ རྨོ་བརྐོ་མཁན་ཏེ་ཞིང་ལས་མཁན་ནོ། །ཀྲྀ་ཥི་ཀརྨྨཱནྟཿ ཞིང་ལས་ཀྱི་མཐའ། འདེབས་རྒྱུའི་མིང་། བཱི་ཛཱ། ས་བོན། པཱུ་ཏི་བཱི་ཛཾ། ས་བོན་རུལ་བ། བཱི་ཛཱ་པ་ཊུ། ས་བོན་གྲུང་པོ་སྟེ་སྐྱོན་མེད་པ། བཱི་ཛཱ་ཀྲྀ་ཏཾ། ས་བོན་བཏབ་པ། བཱི་ཛཾ་བཱ་པ་ཡ་ཏི། ས་བོན་འདེབས་སུ་འཇུག་པ། ཞེས་སོ། །ས་བོན་མང་ཉུང་འཇལ་བའི་ཚད་ལས་ཞིང་ས་ལ། དྲཽ་ཎི་ཀཿ ཞོ་ཚད་མ། ཨཱ་ཌྷ་ཀི་ཀཿ བྲེ་ཚད་མ། པྲཱསྡྱི་ཀཿ བྲེའུ་ཚད་མ། ཀཽ་ཌ་བི་ཀཿ ཕུལ་ཚད་མ། ཁཱ་རཱི་ཀཿ ཁལ་ཚད་མ་ཟེར། དེར་མ་ཟད་འབྲས་ཚད་དེ་ཙམ་བཙོས་པ་ལའང་མིང་དེ་ལྟར་འདོགས་སོ། །ཞིང་གི་སར་བསལ་རྒྱུ། ལོཥྚ། དང་། ལོཥྚཱ་ནི། བོང་བའམ་བོ་ཐོ། ལེཥྚུ། དང་ལེཥྚ་དཿ ས་གོང་། བོང་བ་རྡུང་བྱེད་ཐོ་བའི་མིང་། ཀོ་ཊཱི་ཤཿ སྤོ་རྡུང་ངམ་རྩེ་མོ་ཅན། ལེཥྚུ་བྷེ་ད་ནཿ བོང་བ་བཤིག་བྱེད། ལེཥྚུ་གྷྣཿ ས་འཇོམས་ཞེས་སོ། །བསལ་བྱ་འཇག་མའི་མིང་། པྲཱ་ཛ་ནཾ། འཇག་མ། ཏོ་ད་ནཾ། གཟིར་བྱེད། ཏོ་ཏྲི། སྣུན་བྱེད་ཅེས་སོ། །རྩ་སོགས་རྐོ་བྱེད་ཏོག་རྩེའི་མིང་། ཁ་ནི་ཏྲཾ། ཏོག་རྩེ།


MR26_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བ་དཱ་ར་ཎཾ། རྐོ་བྱེད། ལྡུམ་དང་རྩ་སོགས་རྐོ་བྱེད་ཏོག་རྩེ་སོགས་ཀྱི་མིང་། སྟམྦ་གྷྣཿ རྐོ་མ། སྟམྦ་གྷ་ནཿ རྩ་འབྱིན། འབྲེག་བྱེད་ཟོར་བའི་མིང་། དཱ་ཏྲཾ། ཟོར་བ། ལ་བི་ཏྲཾ། རྔ་བྱེད། ཅེས་སོ། །གཉའ་ཤིང་དང་གཤོལ་མདའ་སྦྲེལ་བའི་ཐག་པའི་མིང་། ཨཱ་བནྡྷཿ སྦྲེལ་ཐག ཡོ་ཏྲཾ། འཆིང་བྱེད། ཡོཀྟྲཾ། སྦྱོར་བྱེད་ཅེས་དང་། ཡུ་གཿ གཉའ་ཤིང་། ཞེས་སོ། །གཤོལ་ལམ་ཐོང་པ་སྤྱི་མིང་། སཱི་ར། ཐོང་གཤོལ། ཧ་ལཾ། གཤོལ་ལམ་ཞིང་དོར་རམ་རྨོས་འདོར་ཡང་ཟེར། ལཱངྒ་ལཿ ཐོང་པ། གོ་དཱ་ར་ཎཾ། ས་འཇོམས་ཟེར། གཤོལ་མགོའི་མིང་། ཕ་ལཾ། གཤོལ་མགོ ནི་རཱི་ཤཾ་དང་། ཀུ་ཊ་ཀཾ ཀཱུ་རིང་ཡང་རུང་། ཐོང་མགོ གཤོལ་སོའི་མིང་། ཕཱ་ལཿ གཤོལ་སོ། །ཀྲྀ་ཥི་ཀཿ རྨོ་བྱེད། སྥཱ་ལཿ ཐོང་ལྕགས། ཀུ་ཤཱི། ཐོང་ལྕགས་ཞེས་སོ། །གཉའ་ཤིང་ལ་སྦྲེལ་ཐག་བཅིང་བའི་གཟེར་གྱི་མིང་། ཤ་མྱཱ། འདུལ་བྱེད། ཡུ་ག་ཀཱི་ལ་ཀཿ གཉའ་ཤིང་གི་གཟེར་ཞེས་སོ། །གཤོལ་མདའི་མིང་། ཨཱི་ཤཱ གཤོལ་མདའ། ཧ་ལ་བཾ་ཤཿ དང་། ཧ་ལ་དཎྚ། དང་། ལཱངྒ་ལ་དཎྚཿ གཤོལ་དབྱུག་ཟེར། མེ་དི་ནཱི། ས། པཱཥཱི། ལུད་དེ་ཞིང་ལ་སྐྱེལ་རྒྱུའི་ལུད་དོ། །ཞིང་རྨོས་པའི་མིང་། ཀྲྀཥྚཾ། རྨོས་པ། ཀྲྀ་ཥཱི་བ་ལཿ ཞིང་རྨོད་པ། ཀྲྀ་ཥ་ཏི། རྨོའམ་རྨེད་པ། སཱི་ཏྱཾ། ཕྲུ་རློག་པ། ཧ་ལྱཾ། གཤོལ་བཏབ་པ་ཟེར། ས་བོན་བཏབ་ནས་རྨོས་པར། གོང་ལྟར་ས་བོན་བཏབ་པ་དང་། ཨུ་པྟ་ཀྲྀཥྚཾ། བཏབ་ནས་རྨོས་པ་ཟེར། ཞིང་ལན་གསུམ་རྨོས་པའི་མིང་། ཏྲི་ཧ་ལྱཾ། ལན་གསུམ་རྨོས། དེ་ལ། ཏྲི་གུ་ཎཱ་ཀྲྀ་ཏཾ། སུམ་ལོག་བྱས་པ། ཏྲི་ཏཱི་ཡ་ཀྲྀ་ཏཾ། གསུམ་བྱས་སམ་གསུམ་རྨོས། ཏྲི་སཱི་ཏྱཾ། སུམ་དུལ་མ། དྭི་ཧ་ལྱཾ། ལན་གཉིས་རྨོས་


MR26_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེ་ལ་དྭི་གུ་ཎ་སོགས་སྔ་མ་ལྟར་སྦྱར། སམྦི་ཀྲྀ་ཏཾ། ཉིས་དུལ་བྱས་པའང་ངོ་། །རྨོས་རོལ་གྱི་རི་མོའི་མིང་། སཱི་ཏཱ། རོལ། ལཱངྒ་ལ་པདྡྷ་ཏིཿ རོལ་སྒལ་ཟེར། ཨངྐུ་རཿ མྱུ་གུ། སྟམྦ། ལྗང་ཕོན། གུཙྪ། ལྗང་ཕུང་། སྡོང་བུའི་མིང་། ནཱ་ཌཱི། མགུལ་པ། ནཱ་ཌ྄ཾ། ངར་བ། ཀཱཎྚ། སྡོང་པོ། གྲ་མའི་མིང་། ཤཱུ་ཀཿ གྲ་མ། ཤུངྒ། སྙེ་རྩེའང་ངོ་། །ཀིཾ་ཤཱ་རུཿ ངན་འཚེ་སྟེ་གྲ་མ། ས་སྱ་ཤུ་ཀཾ ལོ་ཏོག་གི་གྲ་མ། མཉྫ་རཱི། དང་། ཀ་ཎི་ཤཾ སྙེ་མའམ་དོག་པ། ས་སྱ་མཉྫ་རཱི། ལོ་ཏོག་གི་སྙེ་མ། ཤ་མཱི། གོང་བུ། སིམྦཱ། སྒང་བུ་སྟེ། སྲན་མ་སོགས་ཀྱི་གོང་བུའོ། །ཏུ་ཥ། ཕུབ་མ་སྟེ་འབྲུའི་ཤུན་པའོ། །འབྲུ་སྤྱིའི་མིང་། བྲཱི་ཧིཿ འབྲུ། དྷཱ་ནྱཾ། གསོ་བྱེད། སྟམྦྷ་ཀ་རིཿ ལྗང་ཕུང་བྱེད་པ། ཞེས་སོ། །ལཱུ་ན་དང་། ལ་བཿ ཞིང་སོགས་བརྔ་བ། ཨ་བྷི་ལ་བཿ འབྲེག་པ། ལ་བ་ནཾ། གཅོད་པ། ཁཱ་ནུ། བཅད་འཕྲོའམ་ཁྱེའུ་ཁ་སྟེ་བཅད་འཕྲོ་ཀུན་ལ་འཇུག །ཏོཀྨཿ ནས་ཀྱི་སྲུས། བ་ལཱ་ལཾ། སོག་མ། ཀ་ཎཿ ཎཱའང་། གཟེག་མ་སྟེ་ནས་སོགས་ཀྱི་དུམ་གྲུག་ལའང་འཇུག སྙིང་པོ་མེད་པའི་འབྲུའི་མིང་ལ། པུ་ཥཾ། སྤུན་སྟོང་། པུ་སཾ། ཁོང་སྟོང་སྟེ་སྦུན་པ། ཀ་ཌངྒརཿ སྙིང་པོ་མེད་པ་ཟེར། རྩ་སོགས་བསལ་ནས་ཤུན་པ་ཙམ་ལུས་པའི་འབྲུའི་མིང་། རྀདྡྷཾ། འབྱོར་པའི་འབྲུ། ཨཱ་བ་སི་ཏཾ། ཀུན་ཏུ་རྫོགས་པ། པཱུ་ཏཾ། འབྲུ་གཙང་སྦུན་བྲལ། དེ་ལ། བ་ཧུ་ལཱི་ཀྲྀ་ཏཾ། གད་དར་བྱས་སམ། ཤུན་དོར་འབྲུ་ཟེར། གོང་བུ་ཅན་སྲན་མ་སོགས་ཀྱི་འབྲུ་སྤྱི་མིང་། ཤ་མཱི་དྷཱ་ནྱཾ། གོང་བུ་ཅན་གྱི་འབྲུ་ནས་གྲོ་སོགས་གྲམ་ཅན་གྱི་འབྲུའི་སྤྱི་མིང་། ཤཱུ་ཀ་དྷཱ་ནྱཾ། གྲ་མའི་འབྲུ་ཞེས་སོ། །ཨུཉྩྪ་ཤི་ལཾ། ཐུན་བུ་འཐུ་


MR26_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བ། དེ་ལ། རྀ་ཏཾ། བདེན་པའང་ཟེར། ཤི་ལེཉྩ། ཞེས་འབོད་པ་ཡོད། བསླངས་པའི་མིང་། མྲྀ་ཏཾ། ཤི་བ། མ་བསླངས་པའི་མིང་། ཨ་མྲྀ་ཏཾ། མ་ཤི་བ་ཟེར། ཁ་ལཾ། གཡུལ་ཁ། དེར་སོ་བ་སོགས་བརྡུང་བའི་ཕྱིར་ཕྱུགས་འདོགས་པའི་ཤིང་ལ། མེ་དྷིཿ བརྟོད་ཤིང་ཟེར། འབྲུའི་བྱེ་བྲག་གི་མིང་འབྲུའི་སྡེར་གསལ། འབྲུ་སོགས་བརྡུང་བའི་གཏུན་ཤིང་གི་མིང་། མུ་ས་ལ། དང་མུ་ཥ་ལཿ གཏུན་ཤིང་། གཏུན་གྱི་མིང་། ཨུ་དུ་ཁ་ལཾ། གཏུན་ཁུང་། ཨུ་ལཱུ་ཁ་ལཾ། གཏུན། དེ་ལ་ཨ་ཡོ་྅་ཀྲཿ ལྕགས་རྩེ་ཅན་ཡང་ཟེར། སོ་བ་སོགས་གད་བྱེད་པའི་མིང་། ནིཥྤཱ་བཿ གཙང་བྱེད། པ་བ་ནཾ། གད་བྱེད། པ་བཿ དག་བྱེད་དེ། འདི་རྣམས་འབྲུ་འཕྱར་བཀྲ་བ་སོགས་ལའང་སྦྱོར་དུ་རུང་ངོ་། །སུ་བྷིཀྵ་དང་། སུ་དྷཱ་རཿ ལོ་ལེགས་པའམ་སྐྱ་རྒྱལ་བ་ཞེས་སོ། ༈ །འཚོ་ཚིས་ཀྱི་བྱེ་བྲག་ཕྱུགས་སྐྱོང་བ་ལ། པཱ་ཤུ་པཱ་ལྱཾ། ཕྱུགས་སྐྱོང་བ་དེའི་ལྷས་སོགས་གནས་ཀྱི་མིང་དུ་གསལ། ཨཱ་བྷཱི་རཿ རྫི་བོ། པལླ་བཿ ཕྱུགས་རྫི། གོ་བ། ཕྱུགས་རྫིའམ་འབྲོག་པ་ལ་ཡང་འཇུག །གོ་བཱ་ལ། ཕྱུགས་སྐྱོང་ངམ་པ་ལང་རྫི། དེ་ལ། གོ་སཾ་ཁྱཿ ཕྱུགས་བགྲང་བའང་ཟེར། པྲ་ཛཿ ལྷས་ཏེ་ཕྱུགས་ལྷས། ཕྱུགས་ལྷས་སུ་ཕྱུགས་ཀྱི་ཟ་འཕྲུག་ལ་ཕན་ཕྱིར་ཤིང་བཙུགས་པའི་མིང་། ཤི་བ་ཀཿ ཞི་བྱེད་ཟེར། ཀཱི་ལ་ཀཿ ཤིང་ཕུར། ཕྱུགས་འདོགས་ཐག་ལ། དཱ་མན྄་དང་། དཱ་མ་དང་། དཱ་མཱ། འདོག་ཐག སནྡཱ་ནཾ། གདང་ཐག དཱ་མ་ནཱི། རྐང་ཐག་གམ། སྒྱིད་ཐག་སྟེ་བཞོ་མི་བཅུག་པ་ལའོ། །པཱ་ཤུ་རཛྫུཿ ཕྱུགས་ཐག་སྟེ་བེའུ་དང་རྟ་སོགས་རྐང་ཐག །དེ་ལ་བནྡྷ་ནཱི། འཆིང་བ་ཞེས་ཀྱང་འབོད། པཱ་ད་བནྡྷ་ནཾ། རྐང་པ་འཆིང་བ་ཞེས་པ་བ་ལང་མ་ཧེ་བོང་བུ་ར་ལུག་


MR26_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤྱི་ལ་འཇུག་པའི་མིང་དུའང་བཤད། ཞོ་བསྲུབ་དབྱུག་པར། བཻ་ཤཱ་ཁ། ས་ག་སྤྱོད། མནྠཿ ཞོ་སྲུབ། མནྜཱ་ནཿ སྲུབ་མ། མནྠ་ནཿ ཞོ་དཀྲུགས། མནྠ་དཎྜཿ སྲུབ་དབྱུག་གམ་ཞོ་སྐྱ། ནེ་ཏྲཾ། སྲུབ་ཐག སྲུབ་སྣོད་ལ། མནྠ་ནཱི། སྲུབ་སྣོད། གརྒྒའི་སྒྲ་ཅན་ཞེས་སོ། །ཞོ་དཀྲུགས་འཐེན་པའི་དོན་དུ་ཀ་བ་སོགས་ལ་བཅིངས་པའི་མིང་དུ། ཀུ་ཐ་རཿ འགྲོ་འཆིང་། དཎྚ་བིཥྐམྦྷཿ སྲུབ་མ་བཅིང་བ་ཞེས་སོ། །ནསྟི་ཏཿ སྣ་ཕུག་པ། ན་སྱོ་ཏཿ སྣ་ཐག་ཅན། སྒྲའི་རྒྱ་མཚོ་ལས། ན་སྟོ་ཏཿ ཞེས་བཤད། རསྨིཿ སྣ་ཐག་དང་རྟའི་སྲབ་སྐྱོགས་ལའང་འཇུག ད་མཿ བཏུལ་བ། དུ་ཧ་དང་། དོ་ཧ་ན྄། དང་། དོ་ཧ་ནཿ དང་། དུགྡྷཾ། བཞོ་བའམ་འཇོ་བ། མནྠཿབསྲུབ་པ་སྟེ་འོ་མ་དཀྲོགས་པ། མི་མོ་དང་བ་མོ་སོགས་མངལ་འཛིན་ཕྱིར་འཁྲིག་སྦྱོར་མིང་། པྲ་ཛ་ནཿ ཤེ་སྦྱོར་བ། ཨུ་པ་ས་རཿ ཉེར་འགྲོ་ཞེས་སོ། །འཚོ་ཚིས་ཀྱི་བྱེ་བྲག་ཟས་སྦྱོར་བ་ལ། ཕྱུགས་ལས་བྱུང་བའི་དཀར་གསུམ་གྱི་ཟས་ཀྱི་རིགས་ལས། འོ་མའི་མིང་། ཀྵཱི་རཱཾ། ནུ་ཞོའམ་འོ་མ། དུགྡྷཾ། བཞོས་པ། པ་ཡཿ འོ་མའོ། །མར་དང་ཞོ་སོགས་འོ་མ་ལས་བྱུང་བ་སྤྱིའི་མིང་། པ་ཡ་སྱཾ། འོ་མ་ལས་བྱུང་བ་ཞེས་སོ། །འོ་མ་དེ་བསྐོལ་བའི། པཱ་ཡ་སཾ། འོ་ཐུག རྩམ་པ་དང་འབྲས་སོགས་སྦྱར་བ་སྐ་མོ། འོ་མ་བསྐོལ་ནས་ཞོ་རྩི་བླུག་སྟེ་བསྙལ་བའི། ད་དྷི། ཞོ། ཞོ་མ་ཆགས་པ་ལ། ཏྲ་པ་སྱཾ། ཞོ་སླ་མོ། ད་དྷི་མཎྚཾ། ཞོ་ཁ་ཆུ་སྟེ་ཞོ་ལས་བྱུང་བའི་ཆུ། དེ་ལ། མསྟུ། འང་ཟེར། མཎྚཾ། ཁུ་བ་སྟེ་འབྲས་ཁུ་དང་ཞོ་ཁ་ཆུ་སོགས་སྐབས་སུ་གང་བབ་པར་བསྒྱུར་ཏེ་དང་པོའི་ཁུ་བ་མ་བསླད་པའོ། །མཱ་ས་རཿ ཟན་ཁུ། ཨཱ་ཙཱ་མཿ


MR26_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཁུ། བི་སྲཱ་བཿ ཆན་ཁུ། ལ་ལར། ནིཿཔྲཱ་བ། ཞེས་བཀླགས། སོ་སོའི་མཐར་མཎྜ་སྦྱར་བའང་ཡོད། འོ་མ་བསྲུབ་སྟེ་བྱུང་བའི། ན་བ་ནཱི་ཏཾ། མར་གསར། ན་བོ་གྷྲྀ་ཏཾ། མར་གསར་རམ་གསར་བྱུང་། ཞོ་བཅས་དཀྲོག་པའི་མར་ལ། ཧཻ་ཡརྒ་བཱི་ནཾ། དང་བའི་མར་ཟེར། གྷྲྀ་ཏི་དང་། གྷི་ཏཾ། མར། རེས་མར་ཞུན་ལའང་འཇུག སརྦྦི། མར་བསྐོལ་བ་སྟེ་བཞུས་པའི་མིང་། སརྦྦི་མཎྚ། མར་གྱི་ཉིང་ཁུ་སྟེ་མར་ཁུ། ཧ་བི་ས྄། ཧ་བིཿ མར་ཁུ། ཨཱ་ཛྱཾ། མར་ཞུན། གྷོ་ལཾ། དང་ཨ་རིཥྚཾ། དར་བ། དེའི་མིང་དུ། དཎྜཱ་ཧ་ཏཾ། དབྱུག་བསྣུན། ཀཱ་ལ་སེ་ཡཾ། བུམ་པ་སྐྱེས། གོ་ར་སཿ ཞོ་དཔྱད་ཟེར། དར་བའི་བྱེ་བྲག ཏ་ཀྲཾ ཆུ་རྐང་གཅིག་པ་སྟེ་ཞོ་ཆ་གསུམ་ཆུ་ཆ་གཅིག་ཅན་ནོ། །ཨུ་ད་ཤྭིཏ྄། ཆུ་འཕེལ་ཏེ་ཞོ་ཕྱེད་ཆུ་ཕྱེད། མ་ཐི་ཏཾ། བསྲུབ་པ་སྟེ་ཆུ་མ་འདྲེས་པའི་དར་བའོ། །ཀཱུརྩྩི་ཀཱ། ཕྲུམ། དེ་ལ་ཀྵཱི་ར་བི་ཀྲྀ་ཏི། འོ་མའི་རྣམ་འགྱུར་ཀྱང་ཟེར། འདི་ལ་དར་བ་དང་འོ་མ་སྦྱར་བའི་ཕྲུམ་དང་། ཞོ་དང་འོ་མ་སྦྱར་བའི་ཕྲུམ་གཉིས་ཡོད། ཞོ་དང་རྩམ་པ་སྦྱར་བ། ད་དྷི་སཀྟ་བཿ ཞོ་ཟན། དེ་ལ་ཀ་རམྦྷཿ ཆུ་ཐོབ། ཀ་རཾ་བཿ ཆུ་སྒྲོགས་ཟེར། རྩམ་པ་དང་མར་ཁུ་སྦྱར་བ། འོལ་སྐོམ་ཟེར། འོལ་སྐོམ་ནང་མངར་གསུམ་བཏབ་པ་ཞོ་དང་བསྲེས་པ་ཞོ་ཟན་ཟས་མཆོག་ཏུ་གྲགས་པའི་སྦྱིན་སྲེག་སོགས་ཀྱི་མཆོད་རྫས་ཁྱད་པར་ཅན་ནོ། །ཀི་ལཱ་ཌ། ཆུར་བ། ཆུར་ཁུ། པི་ཡཱུ་ཥ། སྤྲིའོ། །ཏིལ་སོགས་འབྲུ་ལས་བྱུང་བའི་མར། ཏཻ་ལཾ། འབྲུ་མར་སོགས་སོ། །བཟའ་བཏུང་གི་ཟས་སྦྱོར་བ་ལ། བྱེད་པ་པོའི་མིང་། ཨནྟི་ཀཿ གཡོས་པ། ཨཱ་རཱ་ལི་ཀཿ ལག་བདེ་བ། པོ་རོག་བ། མ་ཆེན་ནམ་གཡོས་དཔོན། ཨཽ་ད་ནི་ཀཿ ཟས་སྦྱོར་བྱེད། ཨཱནྡྷ་སི་ཀཿ ཟས་བྱེད། བལླ་བཿ ཐབ་ཀ་བ།


MR26_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སཱུ་དཿ ཕྱག་ཚང་བ་སྟེ་ཟས་གཉེར། སཱུ་པ་ཀཱ་རཿ ཕྱག་ཚང་ཚང་མང་བའམ་གཡོས་མཁན། བྷྲཻཾ་ག་རི་ཀཿ ཕྱག་ཚང་སྐྱེམས་མལ་བ། གུ་ཎཿ ཟས་མ་དང་བྱན་མོ་སོགས་ཟེར། ཨཤྨནྟཾ་དང་། ཨ་སྭནྟཾ། ཐབ། ཨུདྡྷཱ་ནཾ། མེ་ཐབ། ཨ་དྷི་ཤྲ་ཡ་ཎཱི། ཐབ་ཀཿ ཙུལླི། སྒྱེད་པུ། ར་ས་བ་ཏཱི། ཐབ་ཚང་། ཨནྟི་ཀཱ གཡོས་པ། མ་ཧཱ་ན་སཾ། ཚང་མང་སྟེ་ཐབ་ཚང་གི་མིང་། ཧ་སནྟིཿ མེར་མ་སྟེ་མེ་ལེན་པའི་ལྕགས་སྣོད་ཀྱི་མིང་། ཧ་ས་ནཱི། མེ་སྣོད་དེ་ལ་ཨངྒཱར་ཤ་ཀ་ཊཱི། སོལ་མའི་སྣོད་སོགས་ཀྱང་ཟེར། རྩ་ཤིང་ལྕི་བ་སོགས་ཀྱི་བུད་ཤིང་ལ། ཨིནྡྷུ་ནཾ། འཚེད་ཤིང་དང་མེ་རྒྱུའང་ཟེར། ས་མིཏ྄། བུད་ཤིང་། ཨ་ར་ཎིཿ གཙུབ་ཤིང་། མ་ཐ་ནཿ བསྲུབ་པའམ་བཙུབ་པ། ཨངྒཱར། སོལ་བ་སྐབས་འདིར་སོལ་མེ་ལའང་འཇུག དེའི་མིང་།ཨ་ལཱ་ཏཾ། འཛིན་མེད། ཨལྨུ་ཀཾ འབར་ཟིན་ཀྱང་ངོ་། །ཨམྤརཱ་ཥཾ། རྔོད་སླང་། ཨཾ་གཱ་ར་སྡྱ་པ་ནཾ། ཞུགས་སླང་། ཤ་ཀ་ཊི་ཀཱ དང་། པ་ཙ་ནི་ཀཱ དོག་ལེའམ་སླང་། བྷྲཱཥྚྲ། རྔོད་རྫ། ཀནྡུཿ ཁུར་སླང་དེ་ཁུར་བ་བྱེད་པའི་སྣོད། སྦེ་ད་ནཱི། ཐེ་བོའང་དེའི་མིང་ངོ་། །ཀརྐ་རཱི། ཆུ་སྣོད། དེ་ལ་ཨཱ་ལུཿ འགྲོ་ལྡན། ག་ལིནྟི་ཀཱ། འཛག་ལྡན་ཟེར། ཆུ་སྣོད་ཆེན་པོ་ལ། ཨ་ལིཉྫ་རཿ སྣོད་པོ་ཆེ། མ་ཎི་ཀཿ སྒྲ་ལྡན་ཞེས་སོ། །སྡྱཱ་ལི། ཕྲུ་བ་སྟེ་རྫ་མ། དེའི་མིང་། པི་ཋཱ་རཱི། ཕྲུ་སྣོད་ཀྱང་ངོ་། །ཨུ་ཁཱཿ གཡོས་སྣོད། པི་ཋ་རཿ འཚེད་སྣོད། ཀུཎྜཾ། གཡོས་རྫ་སྣོད་སྤྱད་ཀྱི་མིང་སྣ་ཚོགས་གཞན་དུ་གསལ། ཀཾ་སཿ སྐོམ་གྱི་སྣོད། དརྦྦཱི། སྐྱ་བ་སྟེ་ཟས་སམ་ཚོན་སོགས་དཀྲུགས་པའི་ཐུར་མ། ཤ་ལཱ་ཀཱ། ཐུར་མ་སྟེ་ཟས་ཡིན་ན་དཀྲུགས་པ་སོགས་ཀྱི་ཐུར་


MR26_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མ། དེ་བཞིན་ཚོན་དང་། མགར་བ་སོགས་ཀྱི་བཟོ་སྤྱོད་སོགས་ཐུར་མ་ཀུན་ལ་འཇུག ལཉྩཿ གབ་རྩེ་སྟེ་སྣོད་ཕལ་ཆེར་ལ་འཇུག དེའི་མིང་གཞན། ས་མུ་དྷཿ ཟ་མ་ཏོག་སོགས་ཟེར་བ་སྣོད་སྤྱད་སྤྱིའི་སྐོར་དུ་འོག་ནས་འབྱུང་ངོ་། །ཁ་ཛཱ་ཀཱ། ཡོག་བྱེད་དེ་དཀྲུག་ཐུར་གྱི་མིང་། ཀམྤིཿ སྲུབ་བྱེད། ཏརྡྡཱུཿ གཟར་བུ། དཱ་རུ་ཧསྟ་ཀཿ ཤིང་སྐྱོགས། ཀ་ཕ་ལི་ཀཱ་དང་། ཀ་ཊཙྪུཿ ནལ་ཟེ་སྟེ་སྐྱོགས་སམ་གཟར་བུ། ཞེས་སོ། །ཕྱེ་བཏགས་པའི་སྤྱད་ཆ། ནི་ཤ་དཱ་ཤི་ལཱ། མཆིག་གམ་གཏུན་གྱི་གཞི་སྟེ་གཏུན་ཁུང་། ནི་ཤ་དཱ་པུ་ཏྲཿ མཆིག་གུའམ་གཏུན་བུ། ཤི་ལཱ་པུ་ཏྲའང་དེའོ། །གྷ་རཊྚཿ རང་ཐག ཞེས་སོ། །ཟས་ཀྱི་བྱེ་བྲག་སྦྱོར་བའི་མིང་ལ། ཨུདྡྷྀ་ཏཾ། བཏུས་པའམ་ཕྱུངས་པའམ་བཅུས་པ། དྷ་རྫི་ཏཱ། བརྔོས་པ། སུ་པ་རི་དྷ་རྫི་ཏཱ། ལེགས་པར་བརྔོས་པ། ཀྵོ་དཿ ཕྱེར་བཏགས་པ།ཙཱུརྞྞཿ ཕྱེ་མ་སྟེ་བཏགས་པའི་ཕྱེ་མ་དེའི་མིང་། པིཉྫ་ལཿ འཛིངས་པའང་ཟེར། ནས་སོགས་བརྔོས་པའི་མིང་ལ། བ་ཧུ་རི། དང་། དྷཱ་ལ་དང་། དྷཱ་ནཱ། གསུམ་ཀ་ཡོས་ཀྱི་མིང་། ལཱ་ཛཱ་དང་། ལཱ་ཛ། འབྲས་ཡོས། ཨཀྵ་ཏཾ། མ་ཉམས་པ་སྟེ་འབྲས་མ་གྲུག་པ་དང་ཤིང་ཐོག་སོགས་མ་ཉམས་པའོ། །འབྲས་བརྔོས་ནས་བརྡུང་བའི་བྱིས་པའི་ཟས་ཀྱི་མིང་། པྲྀ་ཐུགཿ བྱིས་པའི་ཟས། ཙི་པི་ཊཿ འབའ་འཇི་ཟེར། མ་སྨིན་པའི་འབྲུ་བརྔོས་པ་ལ། ཨ་པ་ཀཱཾ མ་སྨིན་ཟས། པཽ་ལི། སྲུས་ཟེར། དེ་ལ། ཨ་བྷྱོ་ཥཿ མེ་ཕུར་དང་། ཨ་བྷྱཱུ་ཥཿ ལག་ཕུར་ཀྱང་ཟེར། ནས་སོགས་ཕྱེར་བཏགས་ཟིན་པའི་མིང་ལ། ས་ཏུ་དང་། སཀྟུ་དང་། རྩམ་པའམ་ཕྱེ། ཟན་གྱི་མིང་། བྷིསྶཱཿ ཟན། བྷཀྟཾ། ཟས། ཨནྡྷཿ བཟའ་བ། ཨནྣཾ། ཟ་མ། ཨོ་ད་ནཿ ལྟོ། དཱི་དི་བིཿ བཞེས་པ། ཞེས་སོ། །


MR26_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀུལྨཱ་སཿ ཟན་དྲོན། ཨོ་ད་ནཿ བྷ་ཀྟཾ། འབྲས་ཟན་ལའང་འཇུག ཀཎི་ཀཿ བག་ཕྱེའོ། །བསྲེག་པའི་ཟན་ལ། བྷིསྶཊྚཱ། བསྲེག་ཟན། དགྡྷི་ཀཱ མེ་བསྲེག་མ། གྲོ་སོགས་རྗེན་ཕྱེ་བཙོས་སམ་བསྲེག་པའི། པིཥྚ་དང་། པཱུ་བཿ ཁུར་བའི་མིང་སྟེ་གྲོ་སོགས་ཟན་གོང་བསྲེག་སོགས་ཀྱི་མིང་ངོ་། །དེ་ལ། པིཥྚ་ཀཿ བཞེས་སྤྲོའང་ངོ་། །ཨཱ་པཱུ་བི་ཀཿ ཁུར་བ་མཁན། དེ་ལ། ཀཱནྡ་བི་ཀཿ ཁུར་སླང་ཅན། བྷཀྵ་ཀཱ་རཿ བཅའ་བ་བྱེད་པ་ཟེར། ཁུར་བ་འཚེད་པ་ལ། རྀ་ཛཱི་ཥཾ། ཁུར་བ་བཙོས་པ།པཥྚ་པ་ཙ་ནཾ། ཁུར་བ་འཚེད་པ། ཨཱ་པཱུ་བཿ སྣུམ་ཁུར། མཎྜཿ ཁུར་སྐྱ། ལཏྟུ་ཀཾ། ལ་དུ་སྟེ་གྲོན་ཟན་མར་ཁུར་བཙོས་པའི་བཅའ་བ། མོ་ད་ཀཾ ལ་དུ། པེ་ཡཱ། དང་། པེ་ཛ། དང་། ལ་བཾ་གཿ རྣམས་འཐུག་པ། ཡ་བཱ་གཱུ། ནས་ཐུག་སོགས་རྒྱུ་སོ་སོའི་མིང་། དང་སྦྱར། པཱ་ཡ་སཾ། འོ་ཐུག ཏབ་ནཾ། སྐྱོ་མ། ཨུཥྞི་ཀཱ སྐྱོ་ཚ། ཤྲཱ་ཎཱ། སྐྱོ་ཐང་སྟེ་དེ་གཉིས་ཕྱེ་ཐུག་སླ་བའི་མིང་། མནྠཱ། ཕྱེ་མའམ་འདག་གུ་སྟེ་ཐུག་པ་སྐ་མོའི་ལྡེ་གུའོ། །བི་ལེ་བཱི། ཕྱེ་ཐུག ཏ་ར་ལཱ། ཁྱབ་བྱེད་ཀྱང་དེའི་མིང་། འཇམས་ཞེས་པ་པའང་རྩམ་པའི་ཐུག་པའི་མིང་ངོ་། །ཀྲྀ་ས་རཿ སྦྱར་ཐུག་དེ་སོགས་ཟས་ཀྱི་བྱེ་བྲག་སྦྱར་ཚུལ་ལས་མང་དུ་འགྱུར་རོ། །མཱཾཿཔ་ཙ་ནཱི། དང་། མཱཾ་ས་པ་ཙ་ནཱི། ཤ་བཙོས་པ། གྷྲྀ་ཏཾ་མཱཾ་ས་པཱ་ཀཿ ཤ་མར་ཁུར་བརྔོས་པ། མཱཾ་ས་ད་ཧཿ ཤ་བསྲེག་པ། མཱཾཿཔཱ་ཀཿ དང་། མཱཾ་ས་པཱ་ཀཿ ཤ་ཚོས་པ། མཱཾ་ས་པཀྟི། ཤ་འཚེད་ཅེས་སོ། །གཞན་ཤ་ཐུག་སོགས་རང་མིང་སྦྱར་ཏེ་ཤེས། ཨུཏྟ་པྟཾ། ཤ་སྐམ་པ། ཚིལ་དང་ཁྲག་སོགས་ལུས་ཀྱི་ཆ་ཤས་མིང་དུ་སོང་། ཟས་ལ་བྲོད་པ་སྐྱེད་པ་ཚོད་མའི་སྡེ་ཚན་ལ། ཤི་གྲུཿ ཚོད་


MR26_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱེད་པ། ཏེ་མ་ནཾ། ཚོད་མ། དེའི་མིང་གཞན། ནིཥྛཱ་ནཾ། རྟག་གནས། བྱཉྫ་ནཾ། བྱན་ཞེས་ཀྱང་ཟེར་རོ། །སཱུ་པ། སྲན་ཚོད། སྔོ་ཚོད་སོགས་རྒྱུའི་ཕྱེ་བས་དུ་མར་འགྱུར་བ་རང་མིང་གིས་སོ། །ཚོད་མའི་རྒྱུ་ལོ་མ་ལ། ཤཱ་ཀཾ ལོ་མ། ཧ་རི་ཏ་ཀཾ ལོ་སྔོན། ཤི་གྲུའང་ངོ་། །ཚོད་མའི་ངར་བ་ལ། ནཱ་ལི་ཀཱ། ལོ་སྡོང་། ཀ་ཌམྦཿ དང་། ཀ་ལམྦཿ ཆུ་འཕྱང་། ཟས་དང་སྦྱར་བའི་སྤོད་ཀྱི་མིང་ལ། པ་རི་བྱ་ཡཿ སྤོད། བེ་ས་བཱ་རཿ དང་བེ་ཥ་བཱ་རཿ སྤོད། ཨུ་པ་སྐ་རཿ རོ་སྒྱུར་ཏེ་སྤོད་ཀྱི་མིང་ངོ་། །སྤོད་ཀྱི་བྱེ་བྲག་ལ།སྒ་པི་ལིང་ཕོ་རིས་སོགས་ཀྱི་རོ་ཚ་བ་དང་། ལན་ཚྭ་དང་། ཨམླ། སྐྱུར་པོ་སྟེ་དེའི་རིགས་རྩ་བ་དང་བསེ་ཡབ་སོགས་དང་། རྒུན་ཆུ་དང་། རྒུན་ཆང་། སྦྲང་རྩི་ཀ་ར་བུ་རམ་སོགས་མངར་བའི་རིགས་དང་། ཁ་བ་སྐ་བ་སོགས་ཇི་ལྟར་འོས་འོས་སུ་སྦྱར་རོ། །ཟས་ཞིམ་པའི་མིང་། སྭཱ་དུ། ཞིམ་པ་སྟེ་འདི་ཡིད་འོང་དང་སྦྲང་རྩི་ལའང་འཇུག ཟས་ཀྱི་བྱེ་བྲག་བཏུང་བ་ཆང་གི་མིང་ལ། སུ་རཱ། ཆང་སྟེ་ལྷག་པར་འབྲུ་ཆང་ལ་འཇུག མ་དྱཾ། མྱོས་བྱེད། ཧཱ་ལཱ། འཁྲུལ་བྱེད། ཧ་ལི་པྲི་ཡཱ། གཤོལ་ལྡན་མཉེས། ཀཱ་བྱཾ། ཁུང་། མ་དི་རཱ། དགའ་བྱེད། པ་རི་སྲུཏ྄། དང་། པ་རི་སྲུཏཱ། ཡོངས་འཛག བ་རུ་ཎཱཏྨ་ཛཱ། ཆུ་བདག་སྐྱེས། གནྡྷོ་ཏྟ་མཱ། དྲི་མཆོག པྲ་སནྣཱ། རབ་དྭངས། ཨི་རཱ། འདོད་བྱེད། ཀཱ་དམྤ་རཱི། ཀ་དམྦ་སྐྱེས། ཞེས་སོ། །ཆང་འཐུང་འདོད་པར་བྱེད་པའི་ཕྱིར་ཆང་དང་ལྷན་ཅིག་བཟའ་བར་བྱ་བའི་མིང་། ཨ་པ་དཾ་ཤཿ ཆང་པ་གཅེས་སོ། །ཆང་ཁང་གི་མིང་། ཤུཎྜཱ། ཆང་ཚང་སྟེ་འདི་ཆང་ལའང་འཇུག །པཱ་ནཾ། ཆང་མ་ལ། མ་དསྠཱ་ནཾ། ཆང་གནས། པཱ་ན་སྠཱ་ནཾ། ཆང་ལོ། ཞེས་ཀྱང་ངོ་། །ཆང་ཡང་ཡང་འཐུང་བའི་ལུགས་ཀྱི་མིང་།


MR26_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མ་དྷུ་བཱ་རཱཿ ཆང་གི་ལུགས། མ་དྷུ་ཀྲ་མ། ཆང་གི་རིམ་པ་ཟེར། ཆང་གི་བྱེ་བྲག་ལ་མ་དྷུ་ཀའི་མེ་ཏོག་ལས་བྱས་པའི་ཆང་ལ། མ་དྷྭཱ་ས་བཿ མེ་ཏོག་ཆང་ཞེས་དང་། མཱ་དྷ་བ་ཀཿ སྦྲང་བུས་ཆང་། མ་དྷུ། སྦྲང་ཆང་། མཱ་དྷྭཱི་ཀཾ མངར་ཆང་། ཞེས་དང་། ཀློག་ཚུལ་གཞན། མཱ་རྫྭཱི་ཀཾ རྒུན་ཆང་ཞེས་སོ། །མཻ་རེ་ཡཾ། སྦྱར་བའི་ཆང་སྟེ་ཀ་སིཏྠ། ཀརྦུ་ར། སྦྲང་རྩི། བུར་སྦྲང་རྣམས་ཚད་བཞིན་སྦྱར་བ་ལའང་འཇུག །མྲྀ་དྲཱི་ཀཱ རྒུན་ཆང་། ཀཉྫི་ཀཱ རྩབ་མོ་ཞེས་སྐྱུར་ནས་ཚ་བར་སོང་བ་འདྲ་སྙམ། ཤཱིདྡྷུ། བུར་ཆང་། ཨཱ་ས་བ། མ་བསྐོལ་བའི་བུར་ཆང་། ཀཱི་ཎཱཾ། ཕབས། དེ་ལ་ན་གྣ་ཧཱུཿ ཆང་རྩི་ཡང་ངོ་། །མེ་ད་ཀཿ ཆང་སྙིགས་ཏེ་སྦང་མ། ཛ་ག་ལཿ སྦང་མ། ཆང་གི་ཉིང་ཁུའི་མིང་། ཀཱ་རོཏྟརཿ འབྲུ་ཚད། ཀཱ་རོཏྟ་མཿ དང་པོའི་ཆང་། སུ་རཱ་མནྜཿ ཆང་གི་ཉིང་ཁུ། ཞེས་སོ། །ཆང་བྱེད་མཁན་ནམ་ཆང་འཚོང་མཁན་མིང་། སཽཎྚི་ཀཿའམ་ཤཽཎྚི་ཀཿ ཆང་ཚོང་བ། མཎྚ་ཧཱ་རཿ དང་། མཎྚ་ཧ་ར་ཀཿ ཉིང་ཁུ་འཕྲོག་བྱེད་དམ། ཆང་མཁན། ཀལླ་བཱ་ལཿ ཆང་འཚོང་། ཆང་རའི་མིང་། ཨཱ་པཱ་ནཾ། ཆང་ར། པཱ་ན་གོཥྛི། ཆང་ལྷས། པཱ་ན་གོཥྛི་ཀཱ ཆང་ཁང་། ཞེས་སོ། །ཆང་ཕོར་གྱི་མིང་། ཙ་ཥ་ཀཾ ཆང་ཕོར། པཱ་ན་པཱ་ཏྲཾ། བཏུང་ཕོར། ས་ར་ཀཿ ཕོར་པ། ཨ་ནུ་ཏརྵ་ཎཾ། རྗེས་སུ་ཚིམ་བྱེད་ཅེས་སོ། །ཆང་སྙོལ་བའི་མིང་། སནྡྷཱ་ནཾཿ ཆང་སྙོལ་བ། ཨ་བྷི་ཥ་བཿ ཆང་སྦྱོར་བ་ཞེས་སོ། །ཆང་སོགས་ཀྱིས་མྱོས་པའི་མིང་། མཏྟཿ མྱོས་པ། ཤཽཎྚཿ བཟི་བ། ཨུཏྒ་ཊཿ རྒྱགས་པ། ཀྵཱི་བཿར་རོ་བ། ཞེས་སོ། །གཞན་ཡང་བཟའ་བཏུང་


MR26_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་མིང་ལ། ཨི་ཀྵུཿབུར་ཤིང་། གུ་ཌཿ བུ་རམ། མཱ་ཀྵི་ཀཾ དང་། མ་དྷུཿ སྦྲང་རྩི། བྷྲཱ་མ་རཾཿ བུང་བའི་སྦྲང་རྩི། ཀྵོ་ཌཾ་མ་དྷུ། སྦྲང་བུའི་སྦྲང་རྩི། ཨ་ནེ་ཌ་ཀཾ སྦྲང་རྩི་མ་བསྐོལ་བ། ལ་བ་ཎཾ། ལན་ཚྭ། དཱ་ཌི་མཾ། སེའུ། ཞེས་པ་སེ་འབྲུ། ཤུཎྜཱི། སྒ། ཨརྡ྄་ཀཾ སྒེའུ་གཤེར་ཏེ་སྒ་རློན་པ། ཨམླ། སྐྱུར་པོ། ཙཀྲཾ དང་། ཤ་ལུ་ཀ། ཤུའང་། ཚ་སྟེ་ཁ་ཚ་བའི་རིགས། དྲཱ་ཀྵཱ། རྒུན་འབྲུམ། པ་ཀ་ར་སཿ དྲོན་ཤ། དྲཱ་ཀྵཱ་པཱ་ན་ཀཾ རྒུན་ཆུ། སྣི་གྫྒཾ། སྣུབ་པ། ཞེས་འདུག་པ། བསྣུབ་པར་བྱ་བའི་ཚོད་མ་སོགས་ཡིན་ནམ། ཡང་ན་སྣུམ་པ་སྟེ་མར་ཁུ་སོགས་སོ། །ཨཱ་ལུ། མོན་པའི་དྭོ་བ། ལ་ཤུ་ནཾ། སྒོག་སྐྱའམ་བྱི་ཀུ། ལ་ཏརྐཿ མེ་མོའམ་སྒྲེའུ། གྲྀཉྫ་ན་ཀཾ ཀེའུ། པ་ལཱཎྚུ། ཀུན་དོང་། དེ་དེ་རྣམས་སྒོག་རིགས་སོ། །རཱ་ཛིཀཱ སྐེ་ཚེ། གུགྒུ་ལཿ ཡུངས་མ། ཏྲ་ཡུ་སཾ། ག་གོན། ཀརྐ་ཊི་ཀཿ རྒྱལ་མོ་ག་གོན། ཨཱ་ལཱ་བཱུཿ ཀུ་བ། བཱ་ལ་མཱུ་ལཾ། ལ་ཕུག་གསར་པའམ་གཞོན་ནུ། མ་ཧཱ་མཱུ་ལཾ། ལ་ཕུག་ནར་སོན་པའམ་ཆེན་པོ། བཎྚི་ལུཿ དོ་བའི་རྡོག་མ་ཞེས་སོ། །ཞར་བྱུང་ཟས་སྟོན་ལ། པཱཉྩ་མི་ཀཾ ལྔ་སྟོན། ཨཱཥྚ་མི་ཀཾ བརྒྱད་སྟོན། ཙཱ་ཏུཪྡ་ཤི་ཀཾ། བཅུ་བཞི་སྟོན། པཱཉྩ་ད་ཤི་ཀཾ ཉ སྟོན། ཨཱ་ཊ་ས་བ་ནཻ་ཏྱེ་ཀཾ རྟག་རེས་འཁོར། ནི་མནྟྲཎ་ཀཾ མགྲོན་དུ་བོས་པ། ཨཽཏྤཱ་ཏི་ཀཾ འཕྲལ་ལ་བོས་པ་ཞེས་སོ། །༧ཟས་མ་ཟོས་པ་ལས། ཟ་འདོད་པའི་མིང་། ཀྵུ་དྷཱ། དང་། ཀྵུ་དྷི་ཏཿ བཀྲེས་པ། ཀྵུ་དྷྲ་ཏ྄། དང་། ཀྵུ་དྷྲ། དང་། བུ་བྷུ་ཀྵི་ཏཿ ལྟོགས་པ། ཨ་ཤ་ནཱ་ཡཱ། ཟ་འདོད། བུ་་ཀྵཱ། ཟས་འདོད། ཛི་གྷཱཏྶུཿ བྲུ་བ་ཚ་བ། ཨ་ཤ་ནཱ་ཡི་ཏཿ ཟས་ལ་བསྐམ་པ། ཏྲྀ་ཥ། དང་། ཏྲྀཊ྄། སྐོམ་པ། ཏརྵཿ ཁ་སྐོམ་པ་སྟེ་དེའི་མིང་། པི་པཱ་སཱ། འཐུང་འདོད། ཨུ་དནྱཱ། ཆུ་འདོད་ཀྱང་ཟེར། ཨནྣཾ། བཟའ་བ། པཱནྣཾ། བཏུང་བ། བཅའ་བ་བལྡག་པ། གཞིབ་པ།


MR26_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་སི་ཏ། ཟོས་པ། པཱི་ཏ། འཐུངས། ཁཱ་དི་ཏཱ། འཆོས། སྭཱ་དི་ཏཱ། མྱངས། མང་པོས་སྣོད་གཅིག་ལས་བཏུང་བའི་མིང་། ས་པཱི་ཏིཿ ཐུན་མོང་གི་བཏུང་བ། ཏུ་ལྱ་པཱ་ནཾ། མཉམ་པའི་བཏུང་བ། དེ་བཞིན། སགྔྷཿ ཐུན་མོང་གི་ཟས། ས་ཏ་བྷོ་ཛ་ནཾ། ཀུན་གྱི་བཟའ་བ་ཞེས་སོ། །ཟས་ཡིད་འོང་སྤྱི་ལ། བིཥྚ་ཀཿ བཞེས་སྤྲོའང་ཟེར། འདི་ཁུར་བ་ལའང་འཇུག ཟས་དེ་དག་ཟ་བའི་མིང་། གྲཱ་སཿཟ་བ། ཛི་གྔྷི། ཟ་བ། བྷཀྵི་ཏཾ། ཟོས་པ། ཙརྦྦི་ཏཾ། ཟ་བར་བྱས། ལིཔྟཾ། ཟོས། པྲཏྱ་བ་སི་ཏཾ། བཟའ་བར་བྱས། གི་ལི་ཏཾ། བཟས། ཁཱ་དི་ཏཾ། འཆས། མྶཱ་ཏཾ། བཟའ་བྱས། ཨ་བྷྱ་བ་ཧྲྀ་ཏཾ། གསོལ་བྱས། བྷོ་ཛ་ནཾ། དང་། ཀྟཾ། ལོངས་སྤྱོད་པ། ཛེ་མ་ནཾ། ཟ་བྱེད། གླསྟཾ། དང་། ཀ་བ་ལཿ འཆང་བའམ་ཁམ་བྱེད་དེ་ཟ་བ། ཨཱ་ལོ་པ། ཁམ། ཨུཏྤིཎྚཾ། སྦགས་པའམ་ནོས་པ། ལེ་བཿ དང་།ལེ་ཧཿ རོ་མྱང་བ། ཨཱ་ཧཱ་རཿ གསོལ་བའམ་བཞེས་པ། ཨནྣཾ། བཟའ་བར་བྱས་པ། ཛགྔྷཾ། གསོལ། གྲསྟཾ། བཞེས་པ། ཨ་ཤི་ཏཾ། བཞེས་པ། ནི་གྷ་སཿ ངེས་པར་ཟ་བ། ནྱཱ་དཿ ཟ་བར་བྱེད་པ་ཞེས་སོ། །བྱེ་བྲག་ཏུ། ཨནྣཱ་ད། ཟན་ཟ་བ། ཀྵཱིར་པ། འོ་མ་འཐུང་བ་སོགས་སོ། །ཟས་སྐོམ་གྱིས་ངོམས་པའི་མིང་། སཽ་ཧི་ཏྱཾ། འགྲངས་པ། ཏརྦྤཎཾ། ངོམས་པ། ཏྲིཔྟཿ དང་། ཏྲིཔྟིཿ ཚིམ་པའམ་རྒྱས་པ། གཞན་ཡང་ཆོག་པའི་མིང་ལ། ཀཱ་མཾ། ངོམས། པྲ་ཀཱ་མཾ། རབ་ཚིམ། ནི་ཀཱ་མཾ། ངེས་པར་ཆོག་པ། པཪྻྻ་པྟཾ། ཆོག་པ། ཨིཥྚཾ། འདོད་པ་གང་བ། ཡ་ཐེ་མྶི་ཏཾ། ཇི་ལྟར་འདོད་པ་ཞེས་སོ། །ཕེ་ཀཿ ཟས་ལྷག །ཕེ་ལཱ། སྡེར་ཞབས། ཀྟ་ས་མུཛྫྙི་ཏཾ། ཟས་ཀྱི་ལྷག་མ། ཕེ་ནིཿ ཟ་འཕྲོ། ཨུཙྪིཥྚ། ལྷག་མ་ཀུན་ལའོ། །ཀ་ཥཊྚཿ སྙིགས་མའམ་ཚིགས་མ་ཀུན་ལའོ། །


MR26_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚོང་བྱེད་པའི་མིང་གི་སྐོར་ལ། བ་ཎི་ཀཱ ཚོང་པ། དེའི་མིང་། བཻ་དེ་ཧ་ཀཿ ལུས་བྲལ་སློབ་མ། མཱརྠ་བཱ་ཧཿ དེད་དཔོན། ནཻ་ག་མཿ ངེས་འགྲོ་ཅན། བཱ་ཎི་ཛཿ ཚོང་དཔོན། པཱ་ཎི་ཛ྄། དང་། པཱ་ཎི་ཀྲ ཚོང་པ། བཎྱཱ་ཛཱི་པཿ ཟོང་འཚོང་། ཨཱ་པ་ཎི་ཀཿ ཟོང་ཐོགས་པ། ཀྲ་ཡ་བི་ཀྲ་ཡི་ཀཿ ཉོ་འཚོང་བཞེས་སོ། །ཚོང་པའི་ལས་ཀྱི་མིང་། བཱ་ཎི་ཛྱཾ། ཚོང་བྱེད་པ། བ་ཎི་ཛྱཱཿ ཚོང་གི་ལས། ཞེས་སོ། །ཚོང་གི་ལས་ལ་ཞུགས་པ་ལ། བི་པ་ཎཿ རྣམ་པར་འཚོང་བ། བི་ཀྲ་ཡཿ འཚོང་བ་ཞེས་སོ། །ཚོང་པའི་རང་བཞིན་བརྗོད་པ་ལ། སཏྱཱ་ནྲྀ་ཏཾ། བདེན་བརྫུན་ཅན། བ་ཎི་གྦྷཱ་བཿ ཚོང་བའི་རང་བཞིན་ཅན་ཞེས་སོ། །བཱ་ཎི་ཛྱཾ། ཚོང་བའི་དངོས་པོ་ཞེས་ཀྱང་ངོ་། །བི་ཀྲ་ཡི་ཀཿ འཚོང་མཁན། བི་ཀྲི་ཏྲྀ། དང་། བི་ཀྲེ་ཏཱ། འཚོང་པ་པོ། ཀྲཱ་ཡ་ཀཿ ཉོ་བྱེད། ཀྲ་ཡི་ཀཿ ཉོ་མཁན། ཀྲེ་ཏཱ། དང་། ཀྲེ་ཏྲྀ། ཉོ་བ་པོ། བུ་ལོན་གྱི་མིང་། རྀ་ཎཾ། བུ་ལོན། པཪྻྻ་དཉྩ་ནཾ། འབུན་སྐྱེད། ཨུདྡྷཱ་ར། གཟུང་བ་ཞེས་སོ། །འབུན་སྐྱེད་ཀྱིས་འཚོ་ཚིས་བྱེད་པའི་མིང་། ཨརྠ་བྲ་ཡོ་གཿ ནོར་རབ་ཏུ་སྦྱོར་བ། ཀུ་སཱི་དཾ། འབུན་གཏོང་བ། བྲྀདྡྷི་ཛཱི་བ་ཀཱ སྐྱེད་འཕེལ་གྱིས་འཚོ་ཐབས་པ། གཞན་ཡང་། བྲྀདྡྷ་ཛཱི་བ། སྐྱེད་ཀྱིས་འཚོ་བ། བཱརྡྡྣ་ཥི། བེད་འཚོང་མཁན། བཱརྡྷུཥི་ཀཿ འབུན་སྐྱེད་མཁན། ཀུ་སཱི་དི་ཀཿ ལོག་འཚོ་ཅན་ཡང་ཟེར་རོ། །ཡཱ་ཙི་ཏ་ཀཾ བསྐྱིས་པའམ་གཡར་བ། བརྗེ་འཕྲུལ་གྱིས་ཐོབ་པའི་ནོར་གྱི་མིང་། ཨ་བ་མི་ཏྱ་ཀཾ བརྗེས་པའི་ནོར་ཟེར། ཀྲེ་ཡཾ། ཕར་བཙོང་རྒྱུའི་ཟོང་ངམ་ནོར། བ་ཎྱཾ། འཚོང་ཟོང་། བི་ཀྲེ་ཡཾ། འཚོང་དགོས་ཟེར། བཙོང་རྒྱུ་དེ་ཚོང་འདུས་སོགས་སུ་དངོས་སུ་བཀྲམ་པ་ལ། ཀྲ་ཡྻཾ། འཚོང་བྱ་ཟེར། ཚུར་ཉོས་པའི་ནོར་ལ། མཱུ་ལྱཾ། རིན་ཐང་། ཨ་བ་ཀྲ་ཡཿ བཙོང་བའི་རིན་ཟེར།


MR26_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནཱི་བི། རིན་རྩའམ་སྤོག་རྩ། པ་རི་པ་ཎཾ། ཡོངས་བསྒྱུར་ཞེས་ཟོང་རྩའམ་སྤོག་རྩ། དེ་ལ། མཱུ་ལ་དྷ་ནཾ། རྩ་བའི་ནོར་ཞེས་ཀྱང་བྱའོ། །བརྗེ་ལེན་བྱེད་པ་ལ། ནཻ་མེ་ཡཿ བརྗེ་བ། ནི་མ་ཡཿ བསྒྱུར་བ། པྲ་ཏི་དཱ་ནཾ། སོ་སོར་སྦྱིན་པ། པ་རི་དཱ་ནཾ། གཏད་ལེན་བྱེད་པ། པ་རཱི་བརྟྟཿ ཡོངས་སུ་བསྒྱུར་བ་ཟེར། པྲ་ཏི་དཱ་ནཾ། སླར་གཏད་དེ་རེས་བཅོལ་བ་ལ་ཡང་འཇུག་གོ། བརྗེ་འཕྲུལ་གྱིས་རྙེད་པ་ཐོབ་པའི་མིང་། བསྣཿ རྙེད་པ། ལཱ་བྷཿ རྙེད་པ། ཕ་ལཾ། ཁེ་རྙེད། ཅེས་སོ། །འབུན་ནམ་བུ་ལོན་གྱིས་ནོར་འཕེལ་བའི་མིང་། ཨུཏྟ་མརྞྞཿ མཆོག་གི་བུ་ལོན་ཞེས་ཟེར། བུ་ལོན་ལེན་མཁན་ནམ་བུ་ལོན་གྱིས་ནོར་ཟད་པའི་མིང་། ཨ་དྷ་མརྞྞཿ དམན་པའི་བུ་ལོན་པ་ཞེས་སོ། །ཚོང་གི་དུས་སུ་ངེས་པར་འདི་ཙམ་དགོས་ཟེར་བ་སོགས་བདེན་པར་སྨྲས་པའི་ངག་གི་མིང་། སཏྱཱ་བ་ནཾ། བདེན་འཇུག །སཏྱཾ་ཀཱ་རཿ བདེན་བྱེད། སཏྱཱ་ཀྲི་ཏིཿ ངེས་པར་བྱེད་པ་ཞེས་སོ། །གཞན་ལག་ཐུས་འཚོ་བ་རྣམས་ཀྱི་མིང་སོ་སོའི་མིང་གིས་གསལ་ལོ། །རྩེད་མོ་བྱ་བའི་མིང་གི་སྐོར་ལ། ཀེ་ལིཿ རྩེད་མོ། ཀྲཱྀ་ཌཱ། དང་། ཀྲཱི་ཌ་ཏི། བརྩེ་བ། བི་ཀྲཱི་ཌ་མཱ་ན། རྣམ་པར་བརྩེ་བ། རི་རཾ་སཱ། རྩེ་འདོད། ཞེས་དང་། དེས་གཡེང་བ་འཕེལ་བས། པྲ་མཱ་ད། བག་མེད་པ། མཏྟཿ མྱོས་པ། ཀཽ་ཏུ་ཧ་ལཾ། ལྟས་མོར་ཆེ་བ། ཀོ་ཏུ་ཀཾ མཚར་ཆེ་བ། ཀུ་ཏུ་ཀཾ ངོ་མཚར་བ། ཀུ་ཏུ་ཧ་ལཾ། ཡ་མཚན་པ་འདི་རྣམས་ཀྱང་མཚར་རྩེད་ལྟ་བུ་ལའང་འཇུག བུད་མེད་རྣམས་ཀྱི། བི་ལཱ་སཿ འཇོ་སྒེག །བི་བྦོ་ཀཿ རྣམ་ཁེངས། བི་བྷྲ་མཿ རྣམ་འཕྲུལ། ལ་ལི་ཏཾ། རོལ་པ། ཧེ་ལཱ། སྒེག་འཆོས། འཇོ་བག་གམ་འཆོས་པ། ལཱི་ལཱཿ རྩེད་འཇོ། ཧཱ་སྱཾ། དགོད་པ་སོགས་ཀྱི་མིང་འདི་རྣམས་ཀྱང་རྩེད་འཇོའི་སྐབས་སུ་དེའི་མིང་དུ་འཇུག འཇོ་སྒེག་ལ་སོགས་


MR26_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྣམས་ཀྱི་སྤྱི་མིང་། ཧཱ་བ། སྦྱིན་བྱེད་ཅེས་བྱའོ། །མཛའ་བོ་སོགས་ཀྱི་རྩེད་མོ་བྱ་བ་ལ། དྲ་བཿ འཛག་པ། ཀྲཱྀ་ཌཱ། ཀྱལ་ཀའམ་ཀུ་རེའམ་རྩེ་བ། པ་རི་ཧཱ་སཿ བཞད་གད། ནརྨྨ་ན྄། རྩེ་ཚུལ། བི་སྤརྡྷཱ། རྣམ་པར་འགྲན་པ། དེཿ དང་། ཏེཿ གཉིས་གང་ཡང་རྩེ་བའི་དོན་དུ་འཇུག །སྦེད་པའི་ཟོལ་ཅན་གྱི་རྩེད་མོའི་མིང་། བྱཱ་ཛཿ ཟོལ་སྦྱོར། ལཀྵཾ། མཚོན་བྱེད། ཨ་པ་དེ་ཤ ལོག་སྟོན། གུཔྟཿ སྦས་པ་སོགས་སྦེད་པ་ལ་དངོས་མིང་ངོ་། །བྱིས་པ་རྣམས་ཀྱི་རྩེད་མོ་ལ། ཁེ་ལཱ། བྱིས་རྩེད། ཀཱུརྫྫ་ནཾ། ཀུ་རེ་ཞེས་སོ། །རྩེ་བའི་ཆ་བྱད་རྣམ་པ་མང་པོ་ཡོད་པ་ལས། ཨ་ཀྵ་ཀྲཱྀ་ཌཱ། ཤོའམ་ཆོ་ལོས་རྩེ་བ། བྷཱརྟྟཿ ཆོ་ལོ་མཁན། ཨཀྵ་དེ་བི་ན྄། བཱི། རྒྱན་པོ་མཁན། ཀི་ཏ་བཿ ཤོ་རྩེད་པའམ་རྒྱན་འགྱེད་པ། ཨཀྵ་དྷཱུརྟྟཿ ཤོ་འགྱེད་པ། དྱུ་ཏ་ཀྲིཏ྄། རྒྱན་པོ་པ། ཀེ་ཏ་བཾ། སྐུག་འཇོག་པའམ་རྒྱན་ལ་རྩེག་པ། པ་ཎཿ རྒྱན་འགྱེད། པ་ཎཿ རྒྱལ། དེ་ལ། གླ་ཧཿ སྐུག་ཀྱང་ཟེར། དྱུ་ཏཾ། རྒྱན་པོ། དེ་ལ། ཨཀྵ་བ་ཏཱི། ཤོ་ཅན་ཞེས་སོ། །ཁང་པར་ཚོགས་ནས་རྒྱན་འགྱེད་པའི་མིང་། ས་བྷི་ཀཱ། རྒྱན་པོའི་རྩ་བ། དྱུ་ཏ་ཀ་ར་ཀཱཿ རྒྱན་པོ་བྱེད་པ་ཞེས་སོ། །ཨཀྵ། དང་།ཨཀྵཱ། ཤོ། དེ་བ་ན། འམ། ནཱ། ཆོ་ལོ། མཎྚ་ལཾ། རྒྱན་པོའི་ཆོ་ལོ། པཱ་ཤ་ཀའམ་ཀཱ། འཆིང་བྱེད་ཅེས་སོ། །ཤོ་འཕེན་པའི་གདན་ལ། ཨཥྚཱ་པཱ་དཾ། རྐང་བརྒྱང་དམ་གནས་བརྒྱད། ཤཱ་རི་ཕ་ལཾ། ཤོ་གདན། ཤོ་ཀུན་ནས་འདྲེན་པའི་མིང་། པ་རི་ཎཱ་ཡཿ ཡོངས་འདྲེན་ཞེས་སོ། །ཤོ་ཕན་ཚུན་མཉམ་པའི་མིང་། ལགྣ་ཀའམ་ཀཱཿ ཕམ་རྒྱལ་མཉམ་པ། པྲ་ཏི་འམ་བྷཱུ་བཿ སོ་སོར་གྱུར་པ་ཞེས་སོ། །ལུག་ཐུག་དང་བྱ་གག་སོགས་སྲོག་ཆགས་འཐབ་པའི་ཐ་སྙད་ཅན་གྱི་རྒྱན་པོ་རྩེ་བའི་མིང་། པྲཱ་ཎི་དྱུ་ཏཾ། སྲོག་ཆགས་རྒྱན་པོ།


MR26_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཱ་ཧྭ་ཡཿ ཀུན་ནས་བཏགས་པ་ཞེས་སོ། །ཀནྡུཿ ཕོ་ལོང་སྟེ་སྒང་བུགས་སམ་པགས་པའི་གོང་བུ་སོགས་དར་བཏུམ་ཕོན་པོ་ནམ་མཁར་འཕང་ནས་རྐང་ལག་གིས་གྱེན་དུ་འཕང་སྟེ་སར་མི་ལྷུང་བར་བྱེད་པའི་རྩེད་མོ། པྲ་ཧེ་ལི་ཀཿ ལྡེའུ་འམ་སྐུ་ལྐ། གཞན་རྩེད་མོའི་བྱེ་བྲག་ཤེད་འགྲན་པ། ཤགས་འགྱེད་པ། ཨུག་ཤུད། ཁྲས། རྒྱལ་པོ། མིག་མང་ལ་སོགས་པ་ཤིན་ཏུ་མང་ངོ་། །མཽཥྚཱ། ཁུ་ཚུར་གྱི་རྩེད་མོ། བཱ་ལླ་བཱ། ཐལ་ལྕག་གི་རྩེད་མོ། དཱཎྜཱ། དབྱུག་པའི་རྩེད་མོ། མཽ་ཥ་ལི་ཀཱ། གཏུན་ཤིང་གི་རྩེད་མོ་སོགས་ཏེ་དེ་ཕན་གྱི་རྐྱེན་ལས་རྟགས་མཐའ་སྣ་ཚོགས་ཕྱེས་པའོ། །རྩེད་མོའི་འབྲས་བུ། ར་མ་ཏིཿ དགའ་བ། པ་རི་ཙཱ་ར་ཡ་ཏི། དགའ་མགུར་སྤྱོད་ཅེས་སྤྱི་མིང་བྱེ་བྲག་ལ་འཁྲིག་པ་ལ་མི་གོ་བར་ཅི་དགར་སྤྱད་པ་ཙམ་ལ་གོ་བར་བྱའོ། །དརྦི་ཏཿ རྒྱགས་པའམ་དྲེགས་པའང་རྒྱལ་ཐོབ་པ་སོགས་ཀྱི་གནས་སྐབས་ཙམ་ལ་གོ་བར་བྱའོ། ༈ །དེ་ནས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་རྣམས་ཀྱང་སྤྱི་རིགས་ནས་ཡིད་བཟོར་གཏོགས་པས་ལུགས་སྲོལ་གྱི་མིང་ལ། སཾ་སྠཱ། ལུགས་ཀ མཪྻྻ་དཱ། སྲོལ་ཀ དྷཱ་ར་ཎཱ། ཡུལ་ཆོས། སྠི་ཏིཿ ལུགས་ཞེས་སོ། །དེ་ཡང་དྲང་སྲོང་ཆེན་པོ་དང་། མཁས་པ་རྣམས་ཀྱིས་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་མཛད་པའི་གཞུང་དང་། བཀའ་ལུང་དང་རིགས་བྱེད་ལས་བྱུང་བའི་གཞུང་བཞིན་བྱ་དགོས་པས་བཀའ་ལུང་གི་མིང་ལ། ཨ་བ་བཱ་དཿ གདམས་པ།ནིརྡེ་ཤཿ ངེས་བསྟན། ནི་དེ་ཤཿ ཉེར་བསྟན། ཤཱ་ས་ནཾ། བསྟན་པ། ཤིཥྚིཿ བཀའ་ལུང་། ཨཱ་ཛྙཱ། བཀའ་ཞེས་སོ། །ལུགས་བྱེད་པའི་གཙོ་བོ། རཱ་ཛྱམ྄། རྒྱལ་པོའི་སྲིད་དམ་ཐབས། རཱ་ཛྱེ་ཤཱ་ཪྻཱ་དྷི་པ་ཏྱཾ་ཀཱ་ར་ཡ་ཏི། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་འགྱུར།


MR26_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སམྨཱ་ཛྱཾ། རྒྱལ་སྲིད་རྒྱས་པ། སཱརྦ་བྷཽ་མཿ ས་ཀུན་ལ་དབང་བའི་རྒྱལ་པོ། ཙ་ཏུ་རནྟཾ་བི་ཛི་ཏ་བཱཾ། མཐའ་བཞིར་རྣམ་པར་རྒྱལ་བ། ཨ་དྷྱཱ་བ་ས་ཏི། རྣལ་དུ་བཀོད། བཀའ་ལུང་ལས་ཇི་ལྟར་བྱུང་བ་བཞིན་དུ་འོས་ཤིང་རིགས་པའི་ལམ་ལ་གནས་དགོས་པས་ལུགས་ཀྱི་འོས་བབ་ཀྱི་མིང་། ཨ་བྷྲེ་ཥཿ མ་ཉམས་པ། ནྱཱ་ཡཿ རིགས་པ། ཀལྤཿ ཐོབ་ཐང་། དེ་ཤ་རཱུ་པཾ། སྟོན་པའི་རང་བཞིན་ནམ་ལེགས་སྟོན། ས་མཉྫ་སཾ། ཡང་དག་མཉམ་མམ་དེ་ཉིད་ཅན། ཨུ་ཙི་ཏཾ། འོས་པ་ཞེས་སོ། །རྒྱལ་པོའི་ཁྲིམས་ཀྱི་མིང་། ཤཱསྟྲཾ། ཁྲིམས་ཨཱ་ཛྙ་ཤཱསྟྲཾ། བཀའ་ཁྲིམས། དྷརྨྨ་ཤཱསྟྲཾ། ཆོས་ཁྲིམས། ཀྲི་ཡཱ་ཀཱ་རཿ ཁྲིམས་སུ་བྱས་པ། ཨཱ་དྷིཿ ཡུལ་སྲོལ་ལམ་མཚམས་བཟུང་བ། དེ་ཡཿ བཙན་པ་སྟེ་ཚིག་བཙན་པ་སོགས། པྲ་ཀོ་ཥཱཿ ཁྲ་མའམ་བཀའ་ཁྲ། ཐོབ་ཐང་ལས་བྱུང་བའི་རྫས་ཏེ་འོས་བབ་ལྡན་པའི་མིང་། ཡུཀྟཾ། སྦྱར་ལྡན་ནམ་རིགས་པ། ཨཽ་པ་ཡི་ཀཾ ཐབས་དང་ལྡན་པ། ལ་བྷྱེ། རྙེད་བྱའམ་འཐོབ་བྱ། བྷ་ཛ་མཱ་ནཾ། བསྟེན་བྱའམ་འོས་བབ་ཅན། ཨ་བྷི་ནཱི་ཏཾ། མངོན་པར་དྲངས་པའམ་འཐད་ལྡན། ནྱཱ་ཡྻཾ། རིགས་པ་ཅན། ཞེས་སོ། །ཐོབ་ཐང་དང་འོས་བབ་ཏུ་གྱུར་པ་འདི་དང་འདིའོ་ཞེས་ངེས་པར་བྱེད་པའི་མིང་། སཾ་པྲ་དྷཱ་ར་ཎཱ། ཡང་དག་པར་རབ་ཏུ་འཛིན་པ་སྟེ། གཞན་དུ་གྲོས་བྱེད་པར་བསྒྱུར་བའང་སྣང་། ས་མརྠ་ནཾ། བགྲོ་བའམ་སྤྱོད་པ་ཞེས་སོ། །རྒྱུ་མཚན་དང་བྲལ་བའི་ལུགས་ཀྱི་མིང་། བི་ལཀྵ་ནཾ། མཚན་ཉིད་བྲལ་བའམ་དགོས་པ་མེད་པ། ལུགས་དང་འགལ་བར་སྤྱོད་པའི་མིང་། ཨཱ་གས྄། གཿ ཉེས་པ། ཨ་པ་རཱ་དྷཿ ནོངས་པ། མནྟུཿ སྐྱོན་ཅན་ཞེས་སོ། །དེ་ལྟར་ཁྲིམས་ལས་འདས་པ་ལ་བཙོན་སོགས་འཆིང་བའི་མིང་། ཨུ་དྡཱ་ནཾ། འཛིན་པ། བནྡྷ་ནཾ།


MR26_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བ། ཉེས་ཅན་ལ་ཆད་པ་གཅོད་པའི་མིང་། དཎྚཿ ཆད་པ་དང་བཀའ་ཆད་སོགས་སོ། །ཀུ་དཎྚཾ། མི་བསད་པའི་སྟོངས་སམ་མི་རིགས་པའི་ཆད་པ། ཉེས་ཅན་ལ་བསྟན་བཅོས་ནས་བྱུང་བ་ལྟར་ཉིས་འགྱུར་གྱི་ཆད་པ་འབེབ་པའི་མིང་། དྭི་པཱ་དྱཾ། ཆ་གཉིས་པ་ཞེས་སོ། །ཐོབ་ཐང་དང་འོས་བབ་ལས་ཉམས་པའི་མིང་། བྷྲཾ་ཥཿ ཉམས་པ་ཞེས་སོ། །རྒྱལ་པོའི་དཔྱ་ཁྲལ་ལ། བྷཱ་ག་དེ་ཡཿ ཐོབ་ཆ། ཀུཎྚཾ། དཔྱ། པྲ་ཏྱ་ཡཿ དཔྱའམ་བླ་སྐྱེས། ཀ་རཿ དཔྱ་ཐང་། ཀཱ་རཿ ཁྲལ། བ་ལིཿ དཔྱ་ཁྲལ། ཚོང་ཁྲལ་དང་ལམ་ཁྲལ་སོགས་རྒྱལ་པོར་འཇལ་དགོས་རིགས་ལ། ཤུལྐཿ ཤོ་གམ། རྒྱལ་པོ་དང་གྲོགས་བཤེས་སོགས་ལ་བཟའ་བ་ཕུལ་བྱུང་སྟོབས་པའི་མིང་། པྲཱ་བྷྲྀ་ཏཾ། ལེགས་སྐྱེས། པྲ་དེ་ཤ་ནཾ། སྟོན་མོའི་སྐྱེས། ཞེས་སོ། །རྒྱལ་པོ་སོགས་ལ། དབུལ་བར་བྱ་བའི་མིང་། ཨུ་པཱ་ཡ་ནཾ། འབུལ་བ། ཨུ་པ་གྲཱ་ཧྱཾ། ཕྱག་རྟེན། ཨུ་པ་ཧཱ་རཿ རྣམ་བཞག ཨུ་པ་དཱ། མདུན་འཇོག་ཅེས་སོ། །གཞན་ཡང་བུ་མོའི་དུས་སྟོན་ཞེས་གཉེན་སྟོན་གྱི་དུས་སུ་སྦྱིན་བྱའི་དངོས་པོའི་མིང་། ཡཽ་ཏ་ཀཿ གཉེན་བྱེད་པའི་སྐྱེས། ཡཽ་ཏུ་ཀཾ ཟུང་གི་འབྲེལ། ཡུ་ཏ་ཀཾ གཉེན་སྐྱེས་ཞེས་སོ། །གཞན་རྣལ་འབྱོར་པ་དང་དགེ་སྦྱོང་སོགས་སུ་ཡང་རུང་ལའང་སྦྱིན་བྱའི་རྫས་ཀྱི་མིང་། དཱ་ཡཿ སྦྱིན་བྱ། ཧ་ར་ཎཾ། སྟེར་བྱ་ཞེས་སོ། །ཤིན་ཏུ་གཅེས་པ་སྟེར་དཀའ་བ་སྦྱིན་པའི་མིང་། ཀཱ་མྱ་དཱ་ནཾ། གཅེས་པ་སྦྱིན་པ།པྲ་བཱ་ར་ཎཾ། སྦྱིན་པ་མཆོག །མ་ཧཱ་དཱ་ནཾ། སྦྱིན་པ་ཆེན་པོ། ཞེས་སོ། ༈ །རྒྱལ་རིགས་སོགས་གཡུལ་འགྱེད་ནས་རང་ཕྱོགས་རྒྱལ་བའི་དོན་སྒྲུབ་པའི་མིང་གི་སྐོར་ལ། ཡུ་དྡྷཾ། གཡུལ། ར་ཎཿ གཡུལ་ངོ་། ཨཱ་ཡོ་དྷ་ནཾ། གཡུལ་འགྱེད་པ། སཾ་ཡཏ྄། གཡུལ་


MR26_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོད། ཨཱ་ཛི། གཡུལ་བཀྱེ། ས་མཱི་ཀཾ། འགྱེད་པ། ས་མཱ་རཿ གསོད་བཅས། པྲ་དྷ་ནཾ། རབ་གསོད། པྲ་བི་དཱ་ར་ཎཾ། རབ་འཇོམས། མྲྀ་དྷཾ། འཆི་བྱེད། ཨཱ་སྐནྡྷ་ནཾ། སྐེམ་བྱེད། སཾ་ཁྱཾ། གྲགས་བྱེད། སཾ་པ་རཱ་ཡ། འཐབ་མོ་འགྱེད་པ། ས་མཱ་གྷ་ཏཿ ཡང་དག་བརྡེག་པ། ཨ་བྷི་མརྫྫཿ མངོན་ཉིད། ཡུདྷྲ་དང་ཡུ་ཏྲ། འཛིངས། ཨ་ནཱི་ཀ འཐབ་མོ། ཀ་ལ་ཧ། རྩོད་པ། སཾ་པྲ་ཧཱ་རཿ ཕན་ཚུན་འགྱེད་པ། སཾ་སྥོ་ཊཿ དང་། སཾ་སྤེ་ཊཿ དམག་འགྱེད། སཾ་གྲཱ་མ། གཡུལ་ལམ་འཁྲུག་པ། ཨཱ་ཧ་བཿ དམག་འཁྲུག བི་གྲ་ཧ། འཐབ་འཛིང་། ཀ་ལིཿ འཐབ་རྩོད་སོགས་སོ། །སེ་ནཱ། དམག་གི་མིང་། སྡེ་ལའང་འཇུག བྷ་ཊཿ དམག་མི། ཡོ་དྷ་དང་། ཡོདྡྷྀ། འཐབ་མོ་པའང་དེའོ། །སེ་ནཱ་ནཱི། དམག་དཔོན། དེ་ལ། བཱ་ཧི་ནཱི་པ་ཏིཿ དཔུང་གི་བདག་པོའང་ཟེར། དཔུང་ཚོགས་པའི་མིང་ལ། སཻ་ནྱཾ། དཔུང་གི་ཚོགས་སམ་སྡེ་ཅན། སཻ་ནི་ཀཱཿ དཔུང་འདུས་པ། ཙ་མཱུཿ དགྲ་ཟ། པ་རཱུ་ཐ་ནཱི། འཐབ་ར་ཅན། པྲྀ་ཏ་ནཱ། སྐྱོང་བྱེད། ཨ་ནཱི་ཀི་ནཱི། དམག་ཚོགས། གཞན་ཡང་། དྷྭ་ཛི་ནཱི། རྒྱལ་མཚན་ཅན། བཱ་ཧི་ནཱི། རྟ་ཅན། ཞེས་བཤད། བ་ལཾ།དཔུང་། ཙ་ཀྲཾ ཚོགས་པ། ཨ་ནཱི་ཀཾ དཔུང་ཚོགས་ཞེས་སོ། །ཙ་ཏུཥྐ་སེ་ནཱངྒཿ དཔུང་ཚོགས་ཡན་ལག་བཞི། ཙ་ཏུ་རཾ་ག་བ་ལ་ཀཱ་ཡཿ དཔུང་གི་ཚོགས་ཡན་ལག་བཞི་པ། དེ་གང་ཞེ་ན། ཧསྟི་ཀཱ་ཡཿ གླང་པོ་ཆེའི་ཚོགས། དེ་བཞིན་ཚོགས་པའི་སྐད་དོད་ཀཱ་ཡ་འཇུག་ཏུ་སྦྱར་བའི། ཨ་ཤྭ། རྟ། ར་ཐཿ ཤིང་རྟ། པཏྟི་ཀཱ་ཡ། རྐང་ཐང་ངམ་དཔུང་བུ་ཆུང་གི་ཚོགས་སོ། །དེའི་བྱེ་བྲག ར་ཐི་ཀཿ ཤིང་རྟ་ཅན། ར་ཐི་ན། ཤིང་རྟ་པ། ར་ཐྱཱ། ཤིང་རྟའི་ཚོགས། དེ་ལ། ར་ཐ་ཀ་ཌྷྱཱ། ཤིང་རྟའི་སྡེ་ཡང་ཟེར། ཧསྟི་ཀཾ གླང་པོའི་


MR26_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། ཧསྟི་པ་ཀཿ གླང་པོ་ཞོན་པ། ཨ་ཤྭ་རོ་ཧ། རྟ་ཞོན་ཏེ་རྐྱ་མི། སཱ་དི་ནྲ། རྟ་པ། བཱ་ཧི་ནཱི། རྟ་པའི་ཚོགས། པཱ་དཱ་ཏིཿ རྐང་ཐང་། པཏྟིཿ རྐང་འགྲོ། པ་དགཿ རྐང་པས་རྒྱུ། པཱ་དཱ་ཏི་ཀཿ དཔུང་བུ་ཆུང་། པཱ་དཱ་པི་ཀཿ རྐང་སྲུང་། པ་དཱ་ཛིཿ རྐང་དམག །པངྒཿ རྐང་འགྲོས་པ། པ་དི་ཀཿ རྐང་རྒྱུ། པཱ་དཱ་ཏཿ ཡང་དེར་འཇུག་ཅེས་བཤད། པཱ་དཱ་ཏཾ། རྐང་ཐང་ཚོགས། དམག་དཔུང་དུ་མི་གཏོགས་པ་རང་ཉིད་འཚོ་བའི་དོན་དུ་དམག་གི་གླ་བརྔན་ཟ་བའི་དམག་མིའི་མིང་། ཤསྟྲཱ་ཛཱི་བཿ མཚོན་ཆས་འཚོ་བ། ཀ་ཎྚྀ་པྲཥྚཿ མདའ་འཛིན། ཨཱ་ཡུ་དྷཱི་ཡཿ འཁྲུག་མི། ཨཱ་ཡུ་དྷི་ཀཿ མཚོན་གྱིས་འཚོ་བ་ཟེར། ཀྲྀ་ཏ་ཧསྟཿ ལག་གོམས་པའམ་འཕོང་སྐྱེན་པ། ཨ་པ་རཱདྡྷ་པྲྀཥ་ཏྲཱཿ ནོངས་པའི་མདའ་ཅན་ནམ་ཉམས་པའི་མདའ་ཅན་ཏེ། འཕང་ཚད་ཕོག་པས་འབེན་ནོངས་པའམ་ཉམས་པར་བྱེད་པའི་དོན་ནོ། །དྷ་ནྭི་ན྄་དང་དྷ་ནྭཱི། གཞུ་ཅན། དྷ་ནུཥྨཏ྄་ཏམ ཥྨཱན྄། བྱས་ཀྱང་རུང་། གཞུ་ལྡན། འདི་འདྲ་འདྲ་མིན་བྱུང་བ་ཚིག་མཐའ་རྣམ་དབྱེའི་རྐྱེན་སོགས་ལས་འགྱུར་ཚུལ་དུ་གོ་དགོས་སོ། །གཞན་ཡང་དེ་དག་གི་མིང་། དྷཱ་ནུཥྐཿ གཞུ་པ་དང་གཞུ་འཛིན་སོགས་སུ་ཤེས་པར་བྱའོ། །གཱཎྚ་བཱན྄། བ་ཏ྄། མདའ་ལྡན། གཱཎྜཱི་རཿ མདའ་པ། ཤཱཀྟཱི་ཀཿ མདུང་ཅན། ཤཀྟི་ཧི་ཏི། མདུང་མཚོན་ཅན། ཡཱཥྚཱི་ཀཿ དབྱུག་པ་ཅན། ནཻ་སཏྲིཾ་ཤི་ཀཿ རལ་གྲི་ཐོགས་པ། ཨ་སི་ཧེ་ཏིཿ རལ་གྲིའི་མཚོན་ཅན། པ་ར་ཤྭ་དྷི་ཀཿ དགྲ་སཏྭ་ཅན། པྲཱ་སི་ཀཿ ཐག་མདུང་ཅན། ཀཽནྟི་ཀཿ འཕང་མདུང་ཐོགས་པ། ཙརྨྨིན྄ ཙརྨྨཱི། ཕུབ་ཅན། པ་ཏཱ་ཀི་ན་ཀཱི བ་དན་ཅན། བཻ་ཛ་ཡནྟི་ཀཿ རྒྱལ་མཚན་ཐོགས་པ་ཞེས་སོ། །དམག་དཔུང་འདེགས་པའི་སྔོན་དུ་རྟ་སོགས་མཆོད་སྦྱིན་ཆེན་པོ་དགུའི་དུས་


MR26_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སུ། རྒྱལ་པོ་མཚོན་ཆ་ཐོགས་པ་རྣམས་ཀྱི་མཚོན་ཆ་དང་རྟ་སོགས་སྔགས་ཀྱི་མཐུས་ནུས་པ་སྤ་བར་བྱེད་པའི་ཆོ་གའི་མིང་ལ། ལོ་ཧཱ་བྷི་ཧཱ་རཿ མཚོན་ཆ་མངོན་པར་སྦྱོར་བ་ཞེས་སོ། །ཕ་རོལ་གྱི་དཔུང་སྐྲག་ཕྱིར་སྒྲ་ཆེན་པོ་སྒྲོགས་པའི་མིང་། ཀྵྭེ་ཌཱ། ང་རོ་སྒྲོགས་པ། སིཾ་ཧ་ནཱ་དཿ སེང་གེའི་སྒྲ་ཞེས་སོ། །གྷ་ཊཱ་དང་གྷ་ཊ་ནཱ། གླང་པོ་སོགས་འདུ་བའོ། །བྱ་བ་ཅི་ལ་ཡང་སུས་མི་བཟློག་པ་དང་དོགས་པ་མེད་པར་འབད་པའི་སྙིང་སྟོབས་ཕུན་སུམ་ཚོགས་པས་བྱ་བ་བྱེད་པ་པོ་ལ། ནིརྦཱཪྻཿ འགོག་ཏུ་མེད་པ། ནིརྡྷཱཪྻཿ ངེས་པར་འཛིན་པ་ཟེར། ཕོངས་སམ་རྒུད་ཀྱང་རྣམ་འགྱུར་མི་མངོན་པ། སཏྟྭཾ། སྟེ་སྙིང་སྟོབས་སུ་བཤད་དོ། །དེར་དཔོན་རྣམས་ཀྱི། བ་ལཾ། སྟོབས། ཤུཥྨཾ། བརྟུལ་ཕོད་པ། པྲཱ་ཎ། དབུགས་ཕྱིན་ནམ། རྩལ་ཞེས་ཀྱང་རུང་། ཤྲཽཪྻྻཾ། དཔའ་བ། སྡྱཱ་མ། སྲན་ཐུབ་པ། པ་རཱ་ཀྲ་མཿཕ་རོལ་གནོན་པ། ས་ཧ། བཟོད་པའམ་བརྟུལ་བ། ཏ་ར་སྲ། ཤུགས་ཅན། དྲ་བི་ཎཾ། འགྲུས་པ་རྣམས་དང་། ནུས་པའི་མིང་། ཤཀྟིཿ སོགས་ཀྱིས་བརྗོད་པ་ཡིན་ནོ། །ཤིན་ཏུ་དཔའ་བའི་མིང་། བི་ཀྲ་མ། རྣམ་གནོན་ནམ་རྩལ་ཆེན། ཤཱུ་ར། དཔའ་བོ། བཱི་ར། དཔའ་བོའམ་རྟུལ་ཕོད། བི་ཀྲཱནྟཿ རྣམ་གནོན། ཛི་ཏྭ་ར། རྒྱལ་བ་ཞེས་བྱའོ། །བཱི་ར་པཱ་ནཾ། དཔའ་བོས་བཏུང་བ་ཞེས་གཡུལ་དུ་ངལ་བསེལ་བའི་སྦྲང་ཆང་དང་དཔའ་བསྐྱེད་པའི་དཔའ་བྱེད་ཤིང་སོགས་ཀྱི་བཏུང་བའི་མིང་ངོ་། །གཡུལ་ལས་རྒྱལ་ཐབས་ལ། ཧ་ཋཿ འཁྲུག་ཐབས།དེ་ལ། བ་ལཱཏྐཱ་རཿ དཔུང་གི་ཐབས། པྲ་ས་བྷཿ ཚོགས་ཀྱི་བློའང་ཟེར། སྑ་ལི་ཏཾ། ངན་ཐབས། ཚ་ལཾ། སྒྱུ་ཐབས། ཨུ་པ་སརྒྒ། ལྟས་ཏེ་འབྱུང་བ་ཆེན་པོའི་རྣམ་འགྱུར་དགེ་མི་དགེའི་ལྟས། དེ་ལ། ཨ་ཛྱ་ནྱཾ། བསྐྱེད་བྱ་མིན་པ། ཨུཏྤཱ་ཏཿ ལྟས་ཆེན་པོ་ཟེར། དེ་རྣམས་


MR26_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སོགས་ཀྱི་སྒོ་ནས་རྒྱལ་བར་བྱེད་པའོ། །དམག་གི་ཆས་ལ། པ་ཏཱ་ཀཱ དམག་གི་རུ་དར་རམ་འཕན། པ་ཏཱ། བ་དན། པ་ཊ་ཧཿ དམག་གི་རྔ། བཱ་ཧ་ནཾ། བཞོན་པ་ཞེས་སོ། །གོ་ཆ་སྤྱིའི་མིང་། ཏ་ནུ་ཏྲཾ། ལུས་སྐྱོབ། བརྨྨན྄་རྨྨ། གོ་ཆ། དཾ་ཤ་ནཾ། ཁྲ་བ། ཨུ་ར་ཤྪ་དཿ བྲང་གཡོགས། ཀངྐ་ཊ་ཀཿ གོ ཛ་ག་རཿ མཚོན་སྒྲིབ། ཀ་བ་ཙཿ གོ་ཁྲབ། ཞེས་དང་གཞན་ཡང་། ཡོ་གཿ སྦྱོར་བྱེད། ཀངྐ་ཊཿ རླུང་བསྒྲིབ། སནྣཱ་ཧཿ ཡོངས་འཆིང་སྟེ་གོ་ཆ་ཞེས་ཀྱང་བཤད། གོས་སོགས་གཡང་ལུགས་སུ་གྱོན་པའམ་ལྷོད་པོར་གྱོན་པའི་མིང་། ཨཱ་མུཀྟཿ ཀུན་ཏུ་གྲོལ་བ། པྲ་ཏི་མུཀྟཿསོ་སོར་གྲོལ་བ། བི་ནདྡྷཿ མ་བཅིངས་པ། ཨ་བི་ནདྡྷཿ མ་བསྡམ་པ། གོ་གྱོན་པའི་མིང་། སནྣདྡྷཿ གོ་གྱོན་པ། བརྨྨི་ཏ། གོ་བགོས་པ། སཛྫཿ གོ་ཆ་པ།ཨཱུ་ཌྷ་ཀངྐ་ཊཿ ཞུབ་ཅན། དཾ་ཤི་ཏཿ གོ་ཆས་ཅན་ཟེར། གོ་ཁྲབ་ཅན་ཚོགས་པའི་མིང་། ཀཱ་བ་ཙི་ཀཾ ཞུབ་ཅན་ཚོགས། ཞེས་སོ། །གོ་ཁྲབ་ཀྱི་སྐེད་ཆིངས་གི་མིང་། སཱ་ར་ས་ནཾ། བརྟན་གསལ་ལམ་སྐེད་ཆིངས། འདི་མེ་ལོང་ལྟ་བུའི་བྲང་སྐྱོབ་ལའང་འཇུག ཨ་དྷི་ཀཱངྒཾ། ལུས་འཆིང་ཞེས་སོ། །གོ་ཆའི་བྱེ་བྲག་གི་མིང་ལ། ཀཉྩུ་ཀཿ གོ་ཆ་ནང་ཚང་ཅན་ཏེ། བཱ་ར་བཱ་ཎཿ མདའ་སྐྱོབ་ཀྱང་དེའི་མིང་ངོ་། །ཤཱིརྵ་ཎྱཾ། རྨོག ཤཱིརྵ་ཀཾཿ རྨོག་གི་ཚེམ་བུའམ་རྨོག་ཞུ། ཤི་རསྟྲཾ། མགོ་སྐྱོབ་ཀྱང་ངོ་། །བརྨྨ་དང་། སནྣཱ་ཧ། གོ་ཆ། དཾ་ཤ་ནཾ། ཁྲབ། བཊྚི་ཀཱ་སནྣཱ་ཧ། ཁྲབ། བཱ་ལི་ཀཱ་སནྣཱ་ཧ། ཚེམ་ཚེམ། ཀངྒ་ཊ་ཀཿ གོ ཀ་བ་ཙ། གོ་ཁྲབ། དེ་ལ་ཡ་ལད་ཀྱང་ཟེར། ཀ་ཐ་ཏི་དང་། ཀཱ་བ་ཙི་ཀ གོ་ཁྲབ་པའམ་ཞུབ་ཅན་ཚོགས་པའམ་ཁྲབ་ལའང་ངོ་། །ཞུབ་ཅན་ཞེས་གོ་བགོས་པའི་མིང་། བརྨྨི་ཏཿ


MR26_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བགོས་པ། སཛྫ་གོ་ཆ་པ། ཕ་ལ་ཀཿ ཕུབ། ཕ་ལཾ། དང་། ཕ་རཾ། ལག་ཕུབ། ཙརྨྨཿ གོ་ཕུབ། སཾ་གྲཱ་ཧཿཕུབ་ལུང་། ཁེ་ཊ་ཀཿ ཕུབ་ཟླུམ་མོ། །ཨཱ་ཡུ་དྷཾ། མཚོན་ཆ། པྲ་ཧར་ཎཾ། ལག་ཆ། ཤསྟྲི། མཚོན། ཨསྟྲཾ། བརྡེག་ཆ་སྟེ་དེ་རྣམས་མཚོན་གྱི་ལག་ཆ་སྤྱིའི་མིང་ངོ་། །སྐབས་འགར། གྲི་སོགས་བཟུང་ནས་བསྣུན་པའི་མཚོན་རྣམས་ཀྱི་མིང་། ཤསྟྲཾ། མདའ་སོགས་འཕེན་རྒྱུའི་མཚོན་ཆ་ལ། ཨསྟྲཾ། ཞེས་བཤད་པ་ཡོད་ཀྱང་སྤྱིར་ཁྱད་མེད་པར་འཇུག་གོ ཁཌྒ། རལ་གྲི དེའི་མིང་། ཨ་སི། འདེབ་བྱེད། ཙནྡྲ་ཧཱ་སཿ ཟླ་བར་དགོད་པ། རིཥྚིཿ རྡེག་ཆ་རྀཥྚིཿ གཅོད་བྱེད། ཀཽ་ཀྵེ་ཡ་ཀཿ གློ་འདོགས་སམ་དཀུ་སྐྱོབ། མཎྚ་ལཱ་གྲཿ རྩེ་ཟླུམ། ཀ་ར་པཱ་ལཿ ལག་སྐྱོང་། ཀྲྀ་པཱ་ཎཿ གྲི་རིང་། གཞན་དུ། ཏ་ལ་བཱ་རིཿ དང། རོཎྚ་ཀཿ ཞེས་ཀྱང་བཤད་དོ། །ཀ་ར་བཱ་ལ། དང་། ཀ་ཌིནྟ་ལ། རལ་གྲི།རྒུ་པོ། ནིསྟྲི་ཤཾ སུམ་ཅུ་བརྒལ་ཞེས་རལ་གྲི་སོར་སུམ་ཅུ་ལས་རིང་བའི་མིང་། ཏྶ་རུཿ རལ་གྲིའི་ཆང་ཟུང་། མེ་ཁ་ལཱ། དཔའ་ལུང་ཞེས་སོ། །མདའ་ཡི་མིང་ལ། ཤ་རཿ མདའ། ཀ་ལམྤཿ ཉག་ཕྲན། པ་ཏྲིན྄་དང་། པ་ཏྲཱི། སྒྲོ་ལྡན། པྲྀཥཏྐཿ འཚེ་བྱེད། བཱ་ཎཿ སྒྲ་སྒྲོགས། ཨ་ཛཧགི་མ། དྲང་འགྲོ ཁ་གཿ མཁའ་འགྲོ། བི་ཤི་ཁཿ ཁྱད་པར་རྩེ་མོ། ཨཱ་ཤུ་གཿ མྱུར་འགྲོ། མཱ་རྒ་ཎཿ འབེན་ཚོལ། རོ་བཿ རྨོངས་བྱེད། ཨི་ཥུཿ གསོད་འདོད། ཙི་ཏྲ་པུཾ། ལྟོང་མཛེས། ས་རཿ མདའ་མོ་ཞེས་སོ། །ཤརྦྦ་ལཱཿ མདའ་བོ་ཆེ། ཏོ་མཱ་ར་དང་། དྲོ་མཱ་རཾ། གཟིར་གསོད་དེ་དེ་ཡང་མདའ་བོ་ཆེ། པྲ་ཀྵྭེ་ཌ་ནཿ ལྕགས་མདའ། ནཱ་རཱ་ཙཿམི་ཟན་ཏེ་ལྕགས་མདའ། ཨརྡྷརྣཱ་རཱ་ཙ། མདའ་ཕྱེད་ལྕགས་ལས་བྱས་པ། བཏྶ་དཏྣ་ཀཿ མདེའུ་བེའུ་སོ་འདྲ་བ། ཏི་ལ་ཀོ་ཙ་པ་ཀཾ མདེའུ་ཟུར་བཞི་པ། བྷལླ། སྟེའུ་ཀ་མ། མུངྒ་


MR26_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཀཱ། མདེའུ་བྱེའུ་སྙིང་མ། ལིཔྟཿ དུག་མདའ། དེ་ལ། དིགྔྷ་ཀཿ བསྒོས་པ་ཅན་ཡང་ཟེར། ལག་མདའ་ཁྲུ་ཚད་མའི་མིང་། བྷིནྡི་པཱ་ལཿ འབིགས་སྐྱོང་། སྲྀ་ཀཿ སྒྲུབ་བྱེད་ཟེར། པཀྵཿ མདའ་སྒྲོ། བཱ་ཛཿ འདབ་མ། ནི་རསྟཿ མདའ་འཕང་བ། ཏཱུ་ཎ། མདའ་དོང་། ཨུ་པཱ་སཾ་གཾ། མདའ་དོང་། ཧཱུ་ཎཱི་རཿ གང་བ་ཅན་ནམ་སག་ཐག ཏཱུ་ཎཱི། སྟག་རལ། དེ་ལ། ཨི་ཥུ་དྷིཿདང་། པཱ་ཎ་དྷིཿ མདའ་འཛིན་ཡང་ཟེར། ནི་ཥངྒ། མདའ་ཤུབས། དྷ་ནུཿ གཞུ། དྷ་ནུས྄་དྷ་ནཱུ་བྱས་ཀྱང་རུང་ངོ་། །ཙཱ་བཿ འོད་མ་ཅན་དང་། དྷནྭན྄་དང་དྷ་ནྭ། གནམ་རུའང་གཞུའི་མིང་། གཞན་ཡང་། ཤ་རཱ་ནཾ། མདའ་སྐུལ། ཀོ་དཎྚཾ། འོད་མ། ཀཱརྨ་མཱུ་ཀཾ ལས་ཅན། ཨིཥྭཱ་སཿ མདའ་སྐྱོད་ཟེར། རྣ་ཅན་གྱི་གཞུའི་མིང་། ཀཱ་ལ་པྲིཥྚཾ། རྒྱབ་ནག བི་ཛ་ཡཱ་ཁྱཾ། རྣམ་རྒྱལ་ཅན། སྲིད་སྒྲུབ་ཀྱི་གཞུའི་མིང་། གཱཎྜཱི་བཿ འགྲམ་ཅན། གཱཎྚི་བཿ འགྲམ་ལྡན། གཱཎྚིཿ འང་ངོ་། །ཤ་ཤྭ་ཏ་ལས་མིང་འདི་དག་གཞུ་སྤྱི་ལའང་འཇུག་པར་བཤད་ཅེས་འབྱུང་། ཀོ་ཊིཿ གཞུ་མཆོག་དང་། ཨ་ཊ་ནཱིཿ འང་མཆོག་མ། ལསྟ་ཀཿ ཆངས་ཟུང་། ཛྱཱ། རྒྱུད། མཽརྦྦཱི། གཞུ་རྒྱུད་དེ་མཱུརྦ་ཞེས་པའི་རྩ་ལས་བྱས་པ་ལ་ཨཎ་བྱིན་པའོ། །ཤིཉྫི་ནཱི། སྒྲ་ལྡན། གུ་ཎཿ རྒྱུད་ཐག་གོ། ལཀྵྱཾ་དང་། ལཀྵྱོ་དང་། ལཀྵཾ།  འབེན། ཤ་ ་བྱཾ། མདའ་སྒྲིབ་ཀྱང་ངོ་། །གཞུ་རྒྱུད་ཀྱིས་བརྡུང་བ་སྐྱོབ་ཕྱིར་པགས་པ་སོགས་ལས་བྱས་པ་ལག་ངར་ལ་གོན་པའི་མིང་། གོདྷཱ། ལག་གཟན། ཏ་ལཾ། ལག་འབྲག ཛྱཱ་གྷཱ་ཏེ་བཱ་ར་ཎཿ རྒྱུད་བརྡུང་། སྒྲིབ་བྱེད་ཟེར། མུངྒ་རཿ ཐོ་བ། གྷ་ནཿ འཇོམ་བྱེད། དྲུ་གྷ་ནཿ ཤིང་འཇོམས་ཀྱང་དེའི་མིང་དུ་འགྱུར། པ་རི་གྷཿ ཡོངས་འཇོམས་ཏེ་ལྕགས་ཀྱིས་དཀྲིས་


MR26_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱུག་པ་གཏུན་ཤིང་གི་དབྱིབས་ཅན་གྱི་མིང་། དེ་ལ། པ་རི་གྷཱ་ཏནཿ ཀུན་འཇོམས་ཀྱང་ཟེར། དུས་འཁོར་དང་དབྱངས་འཆར་རྒྱུད་ལས། མེ་ང་གི་མཚམས་ཀྱི་རེ་ཁ་འདའ་མི་རུང་བའང་མིང་འདིས་བསྟན། པ་ར་ཤུ། སཏྭ་རེ། པ་ར་ཤྭ་དྷཿ སཏྭ་གྲི། འདིའི་ཤ་ས་ཡིག་ཏུ་ཀློག་པ་དང་། པ་ར་ཤུ། ཞེས་ཀློག་པའང་ཡོད། ཀུ་ཋཱ་རའམ་རཱི། དགྲ་སཏྭ། སྭ་དྷི་ཏིཿ སྟ་མོ། པྲ་ཛྱ། བསྐྱོད་པའང་ངོ་། །གྲི་ཆུང་གི་མིང་། ཙྪཱུ་རི་ཀཱ ཆུ་གྲི། ཨ་སི་པུ་ཏྲཱི། དང་། ཨ་སིདྷེ་ནུ་ཀཱ། དང་། ཤསྟྲི། གྲི་གུའམ་གྲི་ཆུང་ངོ་། །ཨཱི་ལཱིཿ དང་། ཨཱི་ལི། སྐེད་གྲི། ཨི་ལཱི། གྲི་ཐུང་། འདི་དག་ལ་ཀ་ར་བཱ་ལི་ཀཱ ལག་སྲུང་ཞེས་ཀྱང་ཟེར། རལ་གྲི་སོགས་ཀྱི་རྩེ་མོ་ལ། ཀོ་ཊིཿ དང་། པཱ་ལིཿ དང་། པཱ་ལི། རྩེ་མོ། ཀཱོ་ཎཿ དང་། ཨ་ཤྲིཿ རྩེ་ཟུར། ཨ་ཤྲཿ གྲ་ཟེར། ཀུནྟ། མདུང་། ཐག་མདུང་ལ་ཡང་འཇུག ཤ་ལྱཾ། གསོར་མདུང་། ཤངྐུ། ཕུར་བུ་སྟེ་དེ་ཡང་སྔ་མའི་མིང་། པྲཱ་ས། རབ་འཕེན་ཞེས་ཐག་མདུང་ངམ་མདུང་སྟེ། ཡུ་བ་ལ་ཐག་པ་བཏགས་ནས་འཕེན་པའི་མདུང་ཡིན་པས་འཕང་མདུང་ཡང་ཟེར། ཌཱ་བྷྲཱ། འཕང་མདུང་། ཤཀྟིཿ ནུས་པའི་མིང་དེ་མདུང་ཐུང་ལའང་འཇུག ཀ་ཎ་ཡཿ རྡོ་རྗེ་རྩེ་གཅིག ཀྵུ་ར་པྲ། སྟེ་ཁ་ཉ། ཤཱུ་ལཾ། གསལ་ཤིང་། ཏྲི་ཤཱུ་ལཾ། མདུང་རྩེ་གསུམ་པ། བྷིཎྚི་པཱ་ལཿ མཚོན་རྩེ་གཅིག་པ། སྒྱོག ཨགྣི་ཤ་རཿ མེ་མདའ་འང་སྟེ་དེ་ཆེན་པོ་ལ་མེ་སྒྱོགས་ཀྱང་ཟེར། མེ་མདའི་མིང་དུ་ཡུལ་སྐད་བོག་ཀྱང་ཟེར། དེ་ལ་སོགས་པ་མཚོན་ཆའི་རིགས་སྣ་ཚོགས་སོ། །དཔུང་གི་བཀོད་པའི་མིང་། བྱཱུ་ཧཿ བཀོད་པ། བ་ལི་བིནྱཱ་སཿ དཔུང་ཚོགས་བཀོད་པ། དེ་ལ་བཞི་སྟེ། དཎྜཿ དབྱུག་པ། བྷོ་གཿ སྦྲུལ་གཟུགས། མཎྜལཿ དཀྱིལ་འཁོར།


MR26_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་སཾ་ཧ་ཏཿ འབྱེར་བ་ཞེས་སོ། །དེ་དག་གི་དོན་ཡང་། འཕྲེད་ལ་བརྐྱང་བ་དབྱུག་པ་ལྟ་བུ། དཔུང་རྣམས་ཕན་ཚུན་རྗེས་སུ་འཇུག་ཅིང་ཀུན་ཏུ་འཁོར་བ་སྦྲུལ་གཟུགས་ལྟ་བུ། བཀོད་པ་གསུམ་པོ་ཀུན་མཚུངས་པར་ཚང་བ་དཀྱིལ་འཁོར་ལྟ་བུ། གླང་པོ་སོགས་དཔུང་རྣམས་ཐ་དད་པར་འཇུག་པ་འབྱེར་བ་ཞེས་པ་དང་། དེ་དག་སོ་སོའི་ནང་གི་དབྱེ་བ་ཡང་། དང་པོ་ལ་རབ་འཇོམས་སོགས་བཅུ་བདུན། སྦྲུལ་གཟུགས་ལ་བ་ལང་གཅིན་སོགས་ལྔ། དཀྱིལ་འཁོར་ཅན་ལ་ཀུན་བཟང་དང་རྒྱལ་དཀའ་གཉིས། འབྱེར་བ་ལ་ཟླ་གམ་སོགས་དབྱེ་བ་མང་དུ་ཡོད་པར་འཆི་མེད་མཛོད་སོགས་ལས་བཤད་དོ། །དམག་དཔུང་རྣམས་ལམ་བར་དུ་སྡོད་གནས་ཀྱི་མིང་། ནི་བེ་ཤཿ དམག་ཁྱིམ། ཤི་བི་རཾ། དམག་ར། སྐནྡྷཱ་པཱ་རཿ དཔུང་སྒྲིབ་ཅེས་སོ། །དམག་དཔུང་སྲུང་བྱེད་མེལ་ཙེ་བྱེད་མཁན་སོགས་ཀྱི་མིང་། སརྫྫ་ནཾ། དམག་སྲུང་། ཨུ་པ་རཀྵ་ནཾ། སྲུང་མི། གུལྨཿ སྲུང་བྱེད་ཅེས་སོ། །ཕ་རོལ་གྱི་གནོད་པ་ལས་ཤིང་རྟ་བསྲུང་ཕྱིར། དཔུང་གི་མཐར་གནས་པའི་མིང་། བ་རི་དྷི་སྡྱཿ ཉེར་གནས། པ་རི་ཙ་རཿ ཡོངས་སྤྱོད་པ། མིང་འདི་དག་སུ་བྷཱུ་ཏི་སོགས་ཀྱིས་གཡུལ་གྱི་དུས་སུ་ཉེ་འཁོར་དུ་གནས་པའི་གླང་པོ་དང་། ཉེར་མཁོའི་ཡོ་བྱད་འཛིན་མཁན་དང་། དམག་མི་ལ་ཆད་པ་བྱེད་མཁན་གྱི་དམག་དཔོན་ལའང་འཇུག་ཅེས་བཤད། དཔུང་ཚོགས་བཀོད་པ་གཅིག་པ་རྗེས་མའི་མིང་། པྲཏྱཱ་སཱ་རཿ སླད་འབྲང་།བྱཱུ་ཧ་བཱརྞྞིཿ བཀོད་པའི་རྟིང་མ་དམག་དཔུང་གི་རྒྱབ་ཏུ། གཞུ་འདོམས་ཉིས་བརྒྱས་བར་ཆོད་པའི་ས་ན། རང་གི་དཔུང་རྗེས་སུ་འཛིན་པའི་དོན་དུ་རྒྱལ་པོ་དཔུང་བཅས་གནས་པ་དེའི་མིང་། པྲ་ཏི་གྲ་ཧཿ རྗེས་སུ་འཛིན་པ། པ་རི་གྲ་ཧ། ཡོངས་སུ་འཛིན་པ་ཟེར།


MR26_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ལ་སོགས་པ་སྟོང་ཕྲག་རེའི་དཔུང་དང་ལྡན་པའི་རྗེ་བོའི་མིང་། སཱ་ཧ་སྲཱཿ འམ། ས་ཧ་སྲི་ན྄། སྟོང་དམག་ཅན་ཟེར། གླང་པོ་གཅིག་ཤིང་རྟ་གཅིག་རྟ་གསུམ་རྐང་ཐང་ལྔ་བཅས་ཀྱི་མིང་། པཏྟིཿ འགྲོ་ཤེས། འགྲོ་ཤེས་གསུམ་ལ། སེ་ནཱ་མུ་ཁཾ། དམག་སྒོ། དེ་བཞིན་སྔ་མ་སུམ་འགྱུར་ལ་ཕྱི་མར་བྱས་ཏེ། གུལྨཿ འགེལ་བྱེད། ག་ཎཿ ཚོགས་པ། བཱ་ཧི་ནཱི། རྟ་ཅན། པྲྀ་ཏ་ནཱ། སྐྱོང་བྱེད། ཙ་མཱུཿ ཟ་བྱེད། ཟ་བྱེད་གསུམ་ལ། ཨ་ནཱི་ཀི་ནཱི། ཚོགས་ཅན། ཚོགས་ཅན་བཅུ་ནི། ཨཀྵོ་ཧི་ཎཱི། འཁོར་ལོའི་ཚོགས་ཅན་ནམ། དབང་པོའི་རྟོགས་པ་ཅན་ཞེས་བྱའོ། །དེ་ལྟར་འཁོར་ལོའི་ཚོགས་ཅན་གྱི་དཔུང་ཚོགས་ལ། གླང་པོ་ཆེ་ཁྲི་གཉིས་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུ་ཡོད་ལ། རྟ་ཡང་དེ་དང་གྲངས་འདྲའོ། །ཤིང་རྟ་དེའི་སུམ་འགྱུར་གྱིས་མང་བས་ཁྲི་དྲུག་ལྔ་སྟོང་དྲུག་བརྒྱ་བཅུ་ཡོད། རྐང་ཐང་འབུམ་ཕྲག་གཅིག་དང་དགུ་སྟོང་སུམ་བརྒྱ་ལྔ་བཅུ་ཡོད་དོ། །དུས་འཁོར་བསྡུས་རྒྱུད་ལས། རིགས་ལྡན་དྲག་པོའི་དཔུང་གྲངས་ཨཀྵོ་ཧི་ཎི་དྲུག་དང་ཞེས་གསུངས་སོ། །དགྲ་ཡི་སྟེང་དུ་གདོང་གཏད་ནས་མི་ལྡོག་པར་འགྲོ་བ་ལ། ཨ་བྷྱ་མི་ཏྲྱཿ དགྲ་ལ་གཏད་ནས་འགྲོ་བ། ཨ་བྷྱ་མི་ཏྲཱི་ཡཿ དགྲ་ལ་རྒོལ་ནུས་པ། ཨ་བྷྱ་མི་ཏྲཱི་ཎཿ མངོན་དུ་རྒོལ་ནུས། ཀཱ་མངྒཱ་མཱི། ཇི་ལྟར་འདོད་བཞིན་འགྲོ་བ། ཨ་ནུ་ཀཱ་མཱི་ན། ཇི་འདོད་འགྲོ། ར་ཎ་ཤཽཎྚཿ གཡུལ་ངོར་འདོར་བའམ་བརྟུལ་བ། ཤིན་ཏུ་ཕུལ་བྱུང་བའི་སྟོབས་རྩལ་ལྡན་པ་ལ། ཨཱུརྫྫ་སྭ་ལཿ ཤིན་ཏུ་སྟོབས་ལྡན། ཨཱུརྫྫ་སྭིན྄་སྭཱི། ཕ་རོལ་གནོན་པ་ཅན། ཨུ་ར་སྭཏ྄་སྭཱན྄། སྟོབས་ལྡན། ཨུ་ར་སི་ལཿ སྟོབས་མཆོག ཨ་ཏྱནྟཱི་ནཿ ཏེ་བོར་མཆོངས་པ། རྒྱལ་བའི་ངང་ཚུལ་ཅན་གྱི་མིང་། ཛེ་ཏྲྀ་དང་ཛེ་ཏཱ་དང་ཛིཥྞུ།


MR26_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། རྒྱལ་བའི་ཚུལ་ཞེས་པར་ཡང་འཇུག་གོ གཡུལ་དུ་བརྗིད་པ་ལ། སཱཾ་ཡུ་གཱི་ནཿ གཡུལ་དུ་ལེགས་པའམ་བརྗིད་པ་ཞེས་སོ། །འཇིགས་མེད་པའོ་སྙམ་ཉམས་ང་མེད་པ་གཡུལ་དུ་ཆས་པ་ཙམ་གྱིས་དགྲ་ཟིལ་གྱིས་གནོན་པའི་མིང་ཨ་བྷི་ཀྲ་མཿ མངོན་པར་གནོན་པ་ཞེས་སོ། །བཀྲ་ཤིས་པའི་གླུ་དབྱངས་དང་རོལ་མོ་སོགས་ཀྱིས་མཚན་མོའི་མཐར་རྒྱལ་པོ་མནལ་ས ད་པར་བྱེད་མཁན་གྱི་མིང་། བཻ་ཏཱ་ལི་ཀཿ ཀཱཿ གླུ་དབྱངས་མཁན། བོ་དྷ་ཀ་རཿ རཱཿ སད་བྱེད། ཚོགས་ཀྱིས་རྒྱུ་ཞིང་རྒྱལ་པོ་སོགས་ཀྱི་མདུན་དུ་དྲིལ་བུ་བརྡུང་ནས་བསྟོད་པ་བྱེད་མཁན་སློང་མོ་བའི་མིང་། ཙཱ་ཀྲི་ཀཿ ཀཱཿ ཚོགས་སྤྱོད། གྷཱཎྚི་ཀཿ ཀཱཿ དྲིལ་བུ་ཅན། ཤྲཱ་བ་ཀཿ ཀཱཿ ཐོས་བྱེད། གླིང་བུ་བསྒྱུར་ཞིང་རྒྱལ་པོ་སོགས་ལ་བསྟོད་པ་བྱེད་མཁན་སློང་མོ་བའི་མིང་། མཱ་ག་དྷཿ དྷཱཿ སློང་མོ་མཁན་ནམ་ཡང་ན་ཡུལ་དབུས་སྐྱེས། མ་དྷུ་ཀཿ ཀཱཿ དབྱངས་སྙན། རྒྱལ་པོ་སོགས་གཡུལ་ངོར་ཆས་པའི་ཚེ་དཔའ་བ་སོགས་ཀྱི་བསྟོད་པ་སྒྲོགས་པར་བྱེད་མཁན་གྱི་མིང་། བིནྡི་ན྄། བནྡི་ནཿ བསྔགས་བྱེད། སྟུ་ཏི་པཱ་ཋ་ཀཿ ཀཱཿ བསྟོད་པ་ཀློག་པ། མནའ་སྦྲེལ་བ་སོགས་ཀྱིས་གཡུལ་ངོར་མི་ལྡོག་པར་འཇུག་པ་པོའི་མིང་། སཾ་ཤཔྡ་ཀཿ ཀཱཿ བདེན་པའི་མནའ་ཅན། གཡུལ་དུ་དཔའ་བོ་དག་གིས་བདག་སྔོན་དུ་མཆིའོ་ཞེས་ཕན་ཚུན་སྒྲོགས་ཤིང་མཆོངས་པའི་མིང་། ཨ་ཧཾ་པཱུརྦི་ཀཱ བདག་སྔ་སྒྲོགས་པ། གཡུལ་སོགས་དུས་སུ་ང་རྒྱལ་གྱིས་རང་ཉིད་ཁེངས་པར་བྱེད་པའི་སྐྱེས་བུའི་མིང་། ཨ་ཧོ་པུ་རུ་ཥི་ཀཱ། མཚར་ཅན་སྐྱེས་པ། དེ་བཞིན་དུ་ཕན་ཚུན་དུ་ཁྱོད་ལས་བདག་མཆོག་གོ་ཞེས་སྒྲོགས་ཤིང་ང་རྒྱལ་བྱེད་པའི་མིང་། ཨ་ཧ་མ་ཧ་མི་ཀཱ། དང་


MR26_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་པ། གང་ཞིག་ངེས་པར་གཡུལ་དུ་ཆས་པར་བྱེད་པའི་མིང་། ཨ་བྷི་ཥེ་ཎ་ནཾ། མངོན་པར་ཆས་བྱེད་ཅེས་སོ། །དཔུང་ཚོགས་བཞི་ག་གོ་གྱོན་ཞིང་ཆས་པའི་མིང་། སརྦྦཱ་བྷི་སཱ་རཿ ཐམས་ཅད་མངོན་པར་ཆབ། སརྦྦཽ་གྷཿ ཀུན་བྲེལ་བ། སརྦ་སནྣ་ཧ་ནཾ། ཐམས་ཅད་གོ་ཆ་བདོག་པ། དམག་དཔུང་གི་ལས་རབ་འབྱམས་ཀྱིས་ཁྱབ་པར་བྱེད་པའི་མིང་། ཨཱ་སཱ་རཿ ཁྱབ་འགྲོ། པྲ་སཱ་ར་ཎཱི། རབ་སྐྱོང་། གཡུལ་གྱི་སར་གླང་པོ་སོགས་རྒྱུག་པས་ཤིན་ཏུ་འཇིགས་པར་བྱེད་པའི་མིང་། བཱི་རཱ་ཤཾ་ས་ནཾ། དཔའ་བོས་བསྔགས་པ། གཡུལ་སོགས་ཤིན་ཏུ་འདྲེས་ཤིང་འཁྲུགས་པའི་མིང་། ས་མུཏྤིཉྩཿ ཀུན་ཏུ་འཁྲུགས་པ། པིཉྫ་ལཿ འཛིངས་པ། གཡུལ་དུ་འཐབ་མོ་བ་རྐང་ཐང་ཕན་ཚུན་ཤོག་གཉིས་ཀྱིས་བདག་གིས་ཁྱོད་འཐག་པར་བྱའོ། །ཞེས་ཁྲོ་ཚིག་སྔོན་དུ་འགྲོ་བའི་འབོད་པའི་མིང་། ཀྲནྡ་ནཾ། འབོད་པ། སཾ་རཱ་བཿ དྲག་ཏུ་འབོད་པ། གླང་པོའི་མགྲིན་པ་ནས་སྒྲ་འབྱིན་པའི་མིང་། པྲྀཾ་ཧི་ཏཾ། སྐད་སྒྲོགས་པ། ཀ་རི་གརྫྫི་ཏཾ། གླང་པོ་སྒྲ་འབྱིན་པ། གཞུ་རྒྱུད་ཀྱི་སྒྲའི་མིང་། བིསྥཱ་རཿ རྒྱུད་ཀྱི་སྒྲ། གཡུལ་དུ་སྒྲོགས་པའི་རྔ་ལ། པ་ཊ་ཧཿ དམག་རྔ། ཨཱ་ཌམྤ་རཿ གཡུལ་གྱི་རྔ་ཆེན། གཡུལ་དུ་དམག་དཔོན་གང་དུ་འགྲོ་བ་ཤེས་པའི་དོན་གྱིས་རུ་དར་གྱི་མིང་། པ་ཏཱ་ཀཱ། དམག་དར་རམ་འཕན། བཻ་ཛ་ཡནྟྲི། རྣམ་རྒྱལ་ལམ་རུ་དར། ཀེ་ཏ་ནཾ། ཤེས་བྱེད། དྷྭ་ཛཾ། རྒྱལ་མཚན་ཞེས་སོ། །ཡུལ་འབྱོར་ལྡན་གྱི་ལོ་ཏོག་སོགས་འཇོམས་པའི་མིང་། ཨ་བ་མརྫྫཿ ཀུན་ཏུ་འཐག་པ། པཱི་ཌ་ནཾ། འཚེ་བའམ་འཚེར་བ་ཞེས་སོ། །ནུས་པ་མེད་པར་བྱ་ཕྱིར་བསྣུན་པའི་མིང་། ཨ་བྷྱ་བ་སྐནྡ་ནཾ། རྨས་པར་བྱེད་པ། ཨ་བྷྱཱ་སཱ་ད་ནཾ། ཉམས་བྱེད་ཅེས་སོ། །


MR26_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཀྱི་ཁྱད་པར་ལ། པུ་རོ་གཿ སྔོན་འགྲོ ཨ་གྲེ་ས་རཿ མདུན་འགྲོ པྲཥྛཿ གདོང་མའམ་སྔོན་མ། ཨ་གྲ་ཏཿས་རཿ སྣ་འདོར་བ། པུ་རཿས་རཿ དང་། པུ་རོ་ག་མཿ སོགས་མདུན་ནམ་སྔོན་དུ་འགྲོ་བ། ཨ་ནུ་བླ་བཿ རྗེས་སུ་འགྲོ་བ། ས་ཧཱ་ཡཿ ཕྱི་འབྲང་། ཨ་ནུ་ཙ་རཿ རྗེས་འབྲང་། ཨ་དྷི་ས་རཿ རྟིང་དུ་འབྲང་བ། མནྠ་རཿ འགྲོས་བུལ་བ། མནྡ་ག་མཱི། དལ་འགྲོས་པ། ཛཾ་གྷཱ་ལ། མྱུར་མགྱོགས་ཅན། ཏ་ར་སྭི་ན྄། མགྱོགས་པ། བེ་གཱི། མྱུར་བ་པོ། ཏྭ་རི་ཏཿ མྱུར་པོ། ཛ་བ་ནཿ མགྱོགས་འགྲོ པྲ་ཛ་བི་ན྄། རབ་ཏུ་མྱུར་བ། ཛ་བཿ རྒྱུག་པ། ཨ་ཏི་ཛ་བཿ ཤིན་ཏུ་རྒྱུག་པ། ཞེས་བྱའོ། །ལག་འཐམ་ནས་འཛིང་པའི་མིང་། བཱ་ཧུ་ཡུདྡྷཾ། དཔུང་འཛིངས། ནི་ཡུདྡྷཾ། གྱད་འཐབ། ཕན་ཚུན་ཤིན་ཏུ་འདྲེས་ནས་འཁྲུགས་པའི་མིང་། ཏུ་མུ་ལཾ། དཔུང་འདྲེས་པ་ཞེས་སོ། །དཔུང་འདེགས་པའི་མིང་། ཡཱ་ཏྲཱ། འདེགས་པ། ག་མ་ནཾ། དང་། ག་མཿ འགྲོ་བའམ་འགྱོགས་པ། པྲ་ཛྱཱ། སྐྱོད་པ། ཨ་བྷི་ནིརྱཱ་ཎཾ། མངོན་པར་འགྲོངས་ལ་སྠཱ་ནཾ། རབ་ཏུ་ཞུགས་པ་ཞེས་སོ། །པྲ་ཙ་ཀྲཾ། དཔུང་འཕྲད་པ། ཙ་ལི་ཏཾ། གཡུལ་དུ་ཞུགས་པའི་མིང་ངོ་། །གཡུལ་དུ་སྙིང་སྟོབས་ཆུང་བ་རྣམས། མོ་ཧ། དྲན་ཉམས་སམ་རྨོངས་པ། ཀཤྨ་ཧཿ བོག་པ། མཱུརྩྪཱ། བརྒྱལ་བ་དང་། ཞུམ་པ་སོགས་སྤྱི་ལྟར་སྦྱར། ཨུདྡྲཱ་བ། བྲོས་སམ་ཞོགས་པ། དྲ་བཿ བྲོས་པ་སཾ་དྲཱ་བ། འུར་ཞོགས་སོགས་ཀྱི་མིང་ངོ་། །སཾ་དྲ་བཿ ཀུན་ཏུ་བྲོས། པྲ་དྲཱ་བཿ རབ་ཏུ་བྲོས་པ། བི་དྲ་བཿ རྣམ་པར་བྲོས་པ། ཨ་བ་ཀྲ་མཿ ཕྱིར་ལོག་པ། ཨ་པ་ཡཱ་ནཾ། འབྲོས་བྱེད། ནཥྚཿ ཡིབས་པ། དེ་ལ། ཏི་རོ་ཧི་ཏཿ མི་སྣང་བར་གྱུར་པའང་ཟེར། པ་རཱ་


MR26_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཡཿ འཕམ་པ། པ་རཱ་ཛི་ཏཿ གཡུལ་ཕམ་པ་སྟེ། པ་རཱ་སྔོན་མའི་ཛི་ཕམ་པ་ལ་འཇུག་པར་བཤད་དེ། ཕ་རོལ་རྒྱལ་བའི་དོན་ཏོ། །པ་རཱ་བྷཱུ་ཏཿ ཕ་རོལ་རྒྱལ་བ། གསོད་པའི་མིང་། མཱ་ར་ཎཾ། གསོད་པ། བ་དྷཿ སྲོག་གཅོད་པ། མ་ཐ། དང་། མ་དྲ། འཇོམས་པ་ཞེས་དང་གཞན་ཡང་། ནིརྦྦཱ་པ་ནཾ། གཞོམ་པ། པྲ་མཱ་པ་ཎཾ། རབ་འཚེ། ནི་བརྷ་ཎཾ། ངེས་འཇོམས། ནི་སྟརྷ་ཎཾ། ངེས་པར་འཐག་པ། བི་ཤ་ས་ནཾ། རྣམ་པར་འཐག་པ། ཀྵ་ཎ་ནཾ། སྒྲོལ་བ། ཨུཛྫཱ་ས་ནཾ། འཆི་བར་བྱེད་པ། ནི་གྲརྒ་ནྠ་ནཾ། འཐག་པ། པྲ་ཏི་གྷཱ་ཏ་ནཾ། སོ་སོར་འཐག་པ། པྲ་མ་ཐ་ནཾ། རབ་ཏུ་འཇོམས་པ། པ་ར་བརྫྫ་ནཾ། འདོར་བ་རྣམས་ཀྱང་གསོད་པའི་མིང་དུ་རུང་ངོ་། །བི་དྷྭནྶ། རྣམ་པར་འཇིག་པའོ། །གཞན་ཡང་གནོད་པ་བྱེད་པའི་རྣམ་གྲངས། བི་ཤཱ་ར་ཎཾ། རྣམ་པར་འཚེ་བ། པྲ་བཱ་ས་ནཾ། འཚེ་བ། ནི་ཀཱ་ར་ཎཾ། ངེས་པར་འཚེ་བ། བ་རཱ་ས་ནཾ། བསྣུན་པ། ནི་སུ་ད་ནཾ། འཚོག་པ། ནི་ཧི་ས་ནཾ། གཞུ་བ། ནིརྦྦཱ་ས་ནཾ། མནར་བ། སཾ་ཛྙ་པ་ནཾ། གཙེས་པ། ནི་ཧ་ན་ནཾ། ངེས་བསྣུན་ནམ་ངེས་མནར། ཨུཏྦཱས་ནཾ། ཀུན་ཏུ་འཚེ་བ་ཞེས་སོ། །འདི་ཐམས་ཅད་གསོད་པའི་མིང་གི་རྣམ་གྲངས་སུ་བཤད་འདུག་ཀྱང་གསོད་པ་ཁོ་ནར་འཇུག་པ་མ་ངེས་པས་འདིར་ལོགས་སུ་ཕྱེ་ནས་བཀོད་པའོ། །དམག་རྒྱལ་བའི་མིང་ལ། ཛེ་ཡཿ རྒྱལ་བྱ། ཛ་ཡྻཿ རྒྱལ་ནུས། ཛཻ་ཏྲ། རྒྱལ་བྱེད། ཛེ་ཏི་དང་། ཛེ་ཏཱ། རྒྱལ་བྱེད་ཅན། ཛིཥྞུཿ རྒྱལ་བར་བྱེད་པ། ཕ་རོལ། ཨ་པཱ་ས་ནཾ། ཁ་བཏགས་པ། ཀྲ་ཐ་ནཾ། བརླག་པར་བྱེད། བིཉྫཿ གསོད་པར་བྱེད། ཨཱ་ལམྦྷཿ ཀུན་བརླག །བི་ཤ་རཿ རྣམ་པར་གསོད། གྷཱ་ཏཿ འཇོམས། ཨུབྡནྠཿ ཕུང་བར་བྱེད་ཅེས་སོ། །ཛ་ཡ་ནཿ རྒྱལ་བྱེད། ཛ་ཡཿ རྒྱལ་བ། བི་ཛ་ཡཿ


previousཤོག་ལྷེབ་ ༡ ནས་ ༡༠༠ བར།next