Nitartha Digital Library
Tibetan
 
previousབསྐལ་བཟང་སངས་རྒྱས་སྟོང་དབང་།next

བསྐལ་བཟང་སངས་རྒྱས་སྟོང་དབང་།

བསྐལ་བཟང་སངས་རྒྱས་སྟོང་གི་བྱིན་རླབས་དབང་གི་རིམ་པ་མཆོག་ལམ་མྱུར་བགྲོད་མི་ནུབ་བསྟན་པའི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཡ་ཨཱ་དྷིཥྛ་ན་བི་དྷི་ཥིཉྩ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་དབང་གི་ཆོ་ག་ཞེས་བྱ་བ། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འཕགས་པ་མ་རིག་མུན་སེལ་གྱི་དབང་བསྐུར་སྐལ་ལྡན་མྱུར་གྲོལ་གྱི་གཞུང་ལས། །དེ་ནས་དུས་གསུམ་སངས་རྒྱས་སྟོང་གི་སྐུའི་ཙཀ་ལི་ཐོགས་ཤིང་༔ བསྐལ་པའི་དུས། སྟོན་པའི་སྐུ་མདོག་ཕྱག་མཚན། སྨོན་ལམ་གྱི་མཛད་པ། ཆོས་ཀྱི་འཁོར་ལོ་སོགས་ཀྱི་ཚིགས་སུ་བཅད་པའི་མཐར་མཚན་སྔགས་སྦྱར་ཞིང་དབང་བསྐུར་བར་བྱའོ༔ ཞེས་པའི་དོན། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་དབང་བསྐུར་པའི་ཐོག་མར་གསོལ་བ་འདེབས་པའི་རིམ་པ་ནི། ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ་མཎྜལ་དབུལ་རྣམ་ཐར་དང་ལོ་རྒྱུས་བཤད་བྱིན་དབབ། དེ་ནས་གསོལ་བ་འདི་ལྟར་གདབ། ཧཱུྃ། བྱམས་མགོན་འཕགས་པ་སྤྱན་རས་གཟིགས། །གང་ལ་གང་འདུལ་དེར་སྟོན་པའི། །བདེ་གཤེགས་བསྐལ་བཟང་སངས་རྒྱས་ཀྱི། །བྱིན་རླབས་དབང་གི་སྨིན་གྲོལ་སྩོལ། །ཞེས་ལན་གསུམ་ཞུ། དེ་ནས་སློབ་དཔོན་གྱིས་ཙཀ་ལི་ཐོགས་ཤིང་དབང་བསྐུར་བ་ནི་འཁོར་བ་འཇིག་གི་སྐུ་ཐོགས་ལ། ཧཱུྃ། ཀ་ཤའི་རྒྱལ་པོའི་ཕོ་བྲང་སྐུ་བལྟམས་ཤིང་། །སྐུ་ཚེ་བཞི་ཁྲི་བསྟན་པ་བརྒྱད་ཁྲིར་གནས། །འདུས་པ་གསུམ་ལ་ཁྲི་ཕྲག་བཅུ་བདུན་གྲོལ། །སྐུ་མདོག་དཀར་པོ་ས་གནོན་མཉམ་གཞག་ཅན། །སངས་རྒྱས་འཁོར་བ་འཇིག་གི་དབང་བསྐུར་བས། །སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་བུདྡྷ་སཾ་པྲ་བྷྱ་ཏ་ཨ་བྷི་ཥིཉྩ་ཧཱུྃ། གསེར་ཐུབ་ཀྱི་སྐུ་ཐོགས་ལ། ཧཱུྃ། གྲོང་ཁྱེར་ལྔ་པར་བྲམ་ཟེའི་རིགས་ལས་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་ལོ་སྟོང་གནས། །འདུས་པ་གསུམ་ལ་ཁྲི་ཕྲག་བཅོ་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན་མཉམ་གཞག་ཅན། །སངས་རྒྱས་གསེར་ཐུབ་ཆེན་པོས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་བུདྡྷ་ཀནྐ་མུ་ནི་ཨ་བྷི་ཥིཉྩ་ཧཱུྃ། །འོད་སྲུང་གི་སྐུ་ཐོགས་ལ། ཧཱུྃ། ཙི་ཏ་ན་རུ་བྲམ་ཟེའི་རིགས་ལ་བལྟམས། །སྐུ་ཚེ་ཉི་ཁྲི་བསྟན་པ་བདུན་ཁྲིར་གནས། །འདུས་པ་གསུམ་ལ་ཁྲི་ཕྲག་བཅུ་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན་མཉམ་གཞག་ཅན། །སངས་རྒྱས་འོད་སྲུང་ཆེན་པོའི་དབང་བསྐུར་བས། །སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་བུདྡྷ་ཀ་ཤྱ་པ་ནི་ཨ་བྷི་ཥིཉྩ་ཧཱུྃ། ཐུབ་དབང་གི་སྐུ་ཐོགས་ལ། ཧཱུྃ། སེར་སྐྱའི་གནས་སུ་ཤཱཀྱའི་གདུང་ལ་འཁྲུངས། །སྐུ་ཚེ་ལོ་བརྒྱ་བསྟན་པ་ལྔ་སྟོང་གནས། །སྟོང་དང་ཉིས་བརྒྱ་ལྔ་བཅུ་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན་མཉམ་གཞག་ཅན། །སངས་རྒྱས་ཐུབ་དབང་ཆེན་པོས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་བུདྡྷ་ཤཱཀྱ་མུ་ནི་ཨ་བྷི་ཥིཉྩ་ཧཱུྃ། བྱམས་པའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་པོའི་ཕོ་བྲང་བྲམ་ཟེའི་རིགས་ལ་བལྟམས། །སྐུ་ཚེའི་ཚད་ནི་བརྒྱད་ཁྲི་བཞི་སྟོང་ལ། བསྟན་པ་བརྒྱད་ཁྲི་བར་དུ་གནས་པར་འགྱུར། །འདུས་པ་གསུམ་ལ་དུང་ཕྱུར་ཕྲག་ཉེར་བདུན། །བྱེ་བ་བཅུ་གསུམ་སྨིན་ཅིང་གྲོལ་བར་མཛད། །སྐུ་མདོག་དམར་པོ་ས་གནོན་མཉམ་གཞག་ཅན། །རྒྱལ་བ་བྱམས་པ་མགོན་པོས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་བུདྡྷ་མཻ་ཏྲི་ནཱ་ཐ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྐུ་ཐོགས་ལ། ཧཱུྃ། གྲོང་ཁྱེར་མེ་ཏོག་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་བྱེ་བར་གནས། །དུང་ཕྱུར་བཅུ་བདུན་ཐེར་འབུམ་གྲོལ་བར་མཛད། །སྐུ་མདོག་དཀར་པོ་ས་གནོན་མཉམ་གཞག་ཅན། །དེ་བཞིན་གཤེགས་པ་སེང་གེས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་ཨ་བྷི་ཥིཉྩ་ཧཱུྃ། རབ་གསལ་གྱི་སྐུ་ཐོག་ལ། ཧཱུྃ། རྒྱུ་སྐར་ཅན་དུ་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་དགུ་བསྟན་པ་བརྒྱད་ཁྲིར་གནས། །འདུས་པ་གསུམ་ལ་དུང་ཕྱུར་བཅོ་བརྒྱད་དང་། །བྱེ་བ་ཉེར་བདུན་བྱང་ཆུབ་ས་ལ་སྦྱོར། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རབ་གསལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་ཀ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཐུབ་པའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་བླ་མར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་ལོ་སྟོང་གནས། །འདུས་པ་གསུམ་ལ་དུང་ཕྱུར་ཕྲག་དགུ་དང་། །ཉན་ཐོས་ཁྲི་ཚོ་བྱང་ཆུབ་ལམ་ལ་སྦྱོར། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཐུབ་པ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་མུ་ནི་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། པདྨ་དཀར་པོར་བྲམ་ཟེའི་རིགས་ལ་བལྟམས། །སྐུ་ཚེ་ལྔ་ཁྲི་བསྟན་པ་ལོ་སྟོང་གནས། །ཐེར་འབུམ་དྲུག་ཅུ་དུང་ཕྱུར་ཕྲག་དྲུག་དང་། །བྱེ་བ་ཕྲག་དགུ་འཕགས་པའི་ས་ལ་བཀོད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མེ་ཏོག་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཕུ་ལ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། །མེ་ཏོག་གཉིས་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་སྤངས་པ་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་ཕྲག་དགུ་བསྟན་པ་དུང་། །བྱེ་བ་བཅུ་གསུམ་དུང་ཕྱུར་ཕྲག་གཉིས་སྨིན། །སྐུ་མདོག་མཐིང་ཀ་ས་གནོན༴ སངས་རྒྱས་མེ་ཏོག་གཉིས་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དཱི་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ། སྤྱན་ལེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཟང་བྱེད་ཡུལ་དུ་བྲམ་ཟེའི་རིགས་ལ་བལྟམས། །སྐུ་ཚེ་བདུན་ཁྲི་བསྟན་པ་དུང་ཕྲག་གསུམ། །འབུམ་ཚོ་དྲུག་དང་སྟོང་ཕྲག་བཅུ་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྤྱན་ལེགས་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ནཻ་ཏ་ཨ་བྷི་ཥིཉྩ་ཧཱུྃ། དེད་དཔོན་གྱི་སྐུ་ཐོགས་ལ། ཧཱུྃ། གྲོང་ཁྱེར་མཆོག་མཛེས་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་སྟོང་བསྟན་པ་དགུ་ཁྲིར་གནས། །འབུམ་ཚོ་བཅོ་བརྒྱད་འདུས་པ་གསུམ་ལ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དེད་དཔོན་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ལག་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། འགྲོ་བའི་ཡུལ་དུ་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དུང་བཞི་བསྟན་པ་བྱེ་བར་གནས། །འདུས་པ་གསུམ་ལ་གྲངས་མེད་ཐར་པར་བཀོད། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་ལག་ཆེན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་པཱ་ནི་ཨ་བྷི་ཥིཉྩ་ཧཱུྃ། སྟོབས་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གྲོང་ན་བྲམ་ཟེའི་རིགས་ལ་བལྟམས། །སྐུ་ཚེ་བཞི་ཁྲི་བསྟན་པ་བརྒྱད་ཁྲི་དང་། །བཞི་སྟོང་བར་དུ་མི་ནུབ་རྒྱལ་མཚན་འཛུགས། །འདུས་པ་གསུམ་ལ་སུམ་འབུམ་ཁྲི་བཅས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དེ་བཞིན་གཤེགས་པ་སྟོབས་ཆེན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་བ་ལ་ཨ་བྷི་ཥིཉྩ་ཧཱུྃ། རྒྱུ་སྐར་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། འཛམ་བུའི་ཆུ་ཀླུང་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་བྱེ་བ་ཕྲག་བརྒྱད་བྱེ་བ་བསྟན། །འདུས་པ་གསུམ་ལ་ཐེར་འབུམ་འབུམ་ཕྲག་གསུམ། །དུང་ཕྱུར་བཅུ་བདུན་བྱང་ཆུབ་ལམ་ལ་བཀོད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྒྱུ་སྐར་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཥ་ཏྲ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། རྩི་སྨན་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་པོའི་རིགས་ལ་རྩ་ཅན་གྲོང་དུ་བལྟམས། །སྐུ་ཚེའི་ཚད་ནི་བདུན་ཁྲི་བདུན་སྟོང་སྟེ། །བསྟན་པ་མི་ནུབ་དྲུག་ཁྲིའི་བར་དུ་རྒྱས། །འདུས་པ་ལན་གྲངས་དུང་ཕྱུར་ཉི་ཤུ་ལ། །བྱེ་བ་བཅུ་བདུན་འཕགས་པའི་ས་ལ་བཀོད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྩི་སྨན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཨཽ་ཥ་དྷི་ཨ་བྷི་ཥིཉྩ་ཧཱུྃ། སྙན་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གསལ་བའི་གྲོང་དུ་རྒྱལ་པོའི་རིགས། །སྐུ་ཚེ་སུམ་འབུམ་བསྟན་པ་བྱེ་བ་གཉིས། །འབུམ་དགུ་ཁྲི་བཞི་བྱང་ཆུབ་ས་ལ་བཀོད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྙན་པ་ཏོག་གི་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡག་ཤ་ཀྵུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། རྒྱལ་པོའི་གདུང་ལ་བདེ་དགའི་གྲོང་ན་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་དགུ་ཁྲིར་གནས། །དུང་ཕྱུར་ཉེར་བདུན་བྱེ་བ་བཅོ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་འོད་ཆེན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། །གྲོལ་བའི་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་པོའི་གདུང་ན་ཟླ་བ་ཅན་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་འབུམ་ཕྲག་ལྔ། དུང་ཕྱུར་ཉེར་བཞི་ཁྲི་ཕྲག་བཅོ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གྲོལ་བའི་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུཀྟི་ཀནྡྷ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་སྣང་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཆོས་བཟང་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་བརྒྱ་བསྟན་པ་བཞི་ཁྲི་དང་། །བརྒྱད་སྟོང་བར་དུ་མི་ནུབ་རྒྱལ་མཚན་འཛུགས། །ཁྲི་གསུམ་འབུམ་དགུ་འདུས་པ་གསུམ་ལ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྣམ་པར་སྣང་མཛད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བེ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དུང་བདུན་བསྟན་པ་དུང་གསུམ་སྟེ། །འབུམ་གཅིག་ཁྲི་བརྒྱད་ཐེར་འབུམ་གསུམ་བཅས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཉི་མའི་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་གརྦྷེ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་པོའི་རིགས་ལ་རིན་ཆེན་མཆོག་ན་འཁྲུངས། །སྐུ་ཚེ་དྲུག་སྟོང་བསྟན་པ་ཁྲི་གཅིག་སྟོང་། །འདུས་པ་བཞི་ལ་བྱེ་བ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན་མཉམ༴ དེ་བཞིན་གཤེགས་པ་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། འོད་འཕྲོའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་པོའི་རིགས་ལ་རྡུལ་བཟང་གྲོང་ན་བལྟམས། སྐུ་ཚེ་ལོ་འབུམ་བསྟན་པ་འབུམ་གསུམ་གནས། །ས་ཡ་ཉེར་བཞི་བྱང་ཆུབ་ལམ་ལ་བཀོད། སྐུ་མདོག་དམར་པོ་ས་གནོན་མཉམ༴ དེ་བཞིན་གཤེགས་པ་འོད་འཕྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་པཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ། །འོད་བཟང་གི་སྐུ་ཐོགས་ལ། ཧཱུྃ། བྲམ་ཟེའི་རིགས་ལ་སྐར་འོད་གྲོང་ན་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་ལྔ་སྟོང་བར་དུ་བཞུགས། །མི་ནུབ་བསྟན་པ་བཞི་ཁྲིའི་བར་དུ་གནས། །ཐེར་འབུམ་ལྔ་དང་དུང་བདུན་བྱེ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དེ་བཞིན་གཤེགས་པ་འོད་བཟང་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། མྱ་ངན་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྒྱལ་རིགས་ཤེས་རབ་སྦྱིན་གྱི་གྲོང་ན་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་སུམ་འབུམ་གནས། །ཁྲི་དགུ་འབུམ་དགུ་འཕགས་པའི་ས་ལ་བཀོད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མྱ་ངན་མེད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ཤོ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སྐར་རྒྱལ་གྱི་སྐུ་ཐོགས་ལ། ཧཱུྃ། ཙམ་པའི་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་སུམ་ཁྲི་ཉིས་སྟོང་ལ། །བསྟན་པ་དམ་ཆོས་བདུན་ཁྲིའི་བར་དུ་གནས། །བྱེ་བ་ཕྲག་བརྒྱད་དུང་ཕྱུར་ཉེར་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྐར་རྒྱལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཀྵ་ཏྲ་རཱ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རབ་གསལ་གྱི་སྐུ་ཐོགས་ལ། ཧཱུྃ། གླིང་ལྡན་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་བཞི་ཁྲི་ཆིག་སྟོང་ལ། །དམ་ཆོས་བསྟན་པ་ཉི་ཁྲི་ཆིག་སྟོང་གནས། །བྱེ་བ་ཉེར་གཅིག་དུང་གསུམ་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རབ་གསལ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་པྲ་ཀ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཕྲེང་ཐོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འབྱུང་གནས་གྲོང་དུ་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་བྱེ་བར་གནས། །དུང་ཕྱུར་ཉེར་དྲུག་བྱེ་བ་བཅུ་བདུན་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཕྲེང་ཐོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ལེ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཨུཏྤ་ལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་བྱེ་བར་གནས། །དུང་ཕྱུར་བྱེ་བ་དྲུག་ཅུ་གྲོལ་ལམ་བཀོད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡོན་ཏན་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། དོན་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྙིང་པོ་མཆོག་ན་བྲམ་ཟེའི་རིགས་ལ་བལྟམས། །སྐུ་ཚེ་ལོ་བརྒྱ་བསྟན་པ་དུང་ལ་གནས། ཁྲི་བདུན་བྱེ་བ་བྱང་ཆུབ་ལམ་ལ་བཀོད། །སྐུ་མདོག་མཐིང་ག་ས་གནོན༴ དེ་བཞིན་གཤེགས་པ་དོན་གཟིགས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨརྠ་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། མར་མེའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཛེས་པར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་འབུམ་གཉིས་གནས། །ཁྲི་དྲུག་བྱེ་བ་བཅུ་གཅིག་གྲོལ་བར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ རྫོགས་པའི་སངས་རྒྱས་མར་མེས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱ་ལོ་ཀེ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བསྟན་པ་དགུ་ཁྲིར་གནས། །ཐེར་འབུམ་ལྔ་དང་བྱེ་བ་གསུམ་བཅས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཐུ་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷ་བཱ་ཏི་ཨབྷི་ཥིཉྩ་ཧཱུྃ། སྨན་པའི་སྐུ་ཐོགས་ལ། ཧཱུྃ། བརྟུལ་ཞུགས་གྲུབ་པར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲིའི་བར་དུ་རབ་བརྟན་ཅིང་། །བསྟན་པ་ས་ཡ་གཉིས་དང་འབུམ་ལྔར་གནས། །ས་ཡ་བདུན་ཕྲག་བྱེ་བ་དྲུག་རྣམས་སྨིན། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་སྨན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷཻ་ཥ་ཛྱཻ་ཨ་བྷི་ཥིཉྩ་ཧཱུྃ། དེས་པའི་སྐུ་ཐོགས་ལ། ཧཱུྃ། བྲམ་ཟེའི་རིགས་ལ་ལེགས་འབྱོར་གྲོང་ན་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བསྟན་པ་སྟོང་། །དུང་ཕྱུར་ཕྲག་བདུན་བྱེ་བ་བཅོ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ རྫོགས་པའི་སངས་རྒྱས་དེས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤཱནྟ་ཨ་བྷི་ཥིཉྩ་ཧཱུྃ། མཛོད་སྤུའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་དཔལ་འབར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་བདུན་ཁྲིར་གནས། །དུང་ཕྱུར་ཕྲག་དགུ་བྱེ་བ་གསུམ་བཅས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དེ་བཞིན་གཤེགས་པ་མཛོད་སྤུས་དབང༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀུ་རུ་རོ་མ་ཨ་བྷི་ཥིཉྩ་ཧཱུྃ། བརྟན་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྒྲ་སྒྲོགས་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉི་ཁྲི་བསྟན་པ་ཉི་ཁྲི་དང་། །བརྒྱད་སྟོང་བར་དུ་མི་ནུབ་རྒྱལ་མཚན་འཛིན། །ས་ཡ་བཅུ་བདུན་འབུམ་ཚོ་དང་བཅས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བརྟན་ལྡན་ཆེན་པོས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ར་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ལྷ་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ལྡན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་བརྒྱ་བསྟན་པ་བྱེ་བར་གནས། །འདུས་པ་གཅིག་ལ་ཐེར་འབུམ་ཕྲག་གཅིག་གྲོལ། །སྐུ་མདོག་སེར་པོ་ས་གནོན་མཉམ་གཞག་ཅན། །སངས་རྒྱས་ལྷ་དཔལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷེ་ཝ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། གདུལ་རྐང་གི་སྐུ་ཐོགས་ལ། ཧཱུྃ། འབྱོར་སྒྲུབ་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་ཕྲག་བརྒྱད་བསྟན་པ་ནི། །དུང་ཕྱུར་གཅིག་དང་བྱེ་བ་་ཕྲག་བརྒྱད་གནས། །འབུམ་ཚོ་བཅུ་དྲུག་བྱང་ཆུབ་ལམ་ལ་བཀོད། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གདུལ་རྐང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཛི་ཏ་པཱ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། ཟླ་གདན་གྲོང་དུ་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་གསུམ། །འབུམ་ཕྲག་བཅུ་བཞི་བྱང་ཆུབ་ལམ་ལ་བཀོད། །སྐུ་མདོག་ལྗང་གུ་ས་གནོན༴ ཡོན་ཏན་རྒྱལ་མཚན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར༴ ཨོཾ་བུདྡྷ་གུ་ན་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་ལྔ་འབུམ་གནས། །སངས་རྒྱས་བཞི་བཅུའི་གདུལ་བྱ་འདིས་སྨིན་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྒྲ་གཅན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ཧུ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། མཛེས་ལྡན་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་བདུན་ཁྲིར་གནས། འདུས་པ་ལན་གཅིག་འབུམ་ཚོ་གྲོལ་བར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་ཚོགས་ཆེན་དབང་༴ སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར༴ ཨོཾ་བུདྡྷ་མ་ཧཱ་གཱ་ན་ཨ་བྷི་ཥིཉྩ་ཧཱུྃ། །ཚངས་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་སུམ་སྟོང་གནས། །དུང་ཕྱུར་བཅུ་བདུན་ཐེར་འབུམ་བྱེ་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཚངས་པའི་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། ཚིགས་བརྟེན་གྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྒྱས་པར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་ལྔ་སྟོང་ལ། །བསྟན་པ་མི་ནུབ་བཞི་ཁྲིའི་བར་དུ་གནས། །བྱེ་བ་གསུམ་དང་ས་ཡ་དགུ་རྣམས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཚིགས་བརྟེན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཝ་ཏི་བི་དྲ་ཨ་བྷི་ཥིཉྩ་ཧཱུྃ། མི་སྒྱིངས་པའི་སྐུ་ཐོགས་ལ། ཧཱུྃ། བྲམ་ཟེའི་རིགས་ལ་འགྲོ་དགའི་གྲོང་ན་འཁྲུངས། སྐུ་ཚེ་སྟོང་ཕྲག་བརྒྱད་ཁྲི་བསྟན་བརྒྱད་ཁྲི། །དུང་ཕྱུར་ཁྲི་ཚོ་དྲུག་དང་སྟོང་ཕྲག་གཅིག །ཁྲི་ཕྲག་བཅོ་ལྔ་སྟོང་ཕྲག་བཅུ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མི་སྒྱིངས་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་བུདྡྷ་ཨ་ཛྲེམྦྷི་ཨ་བྷི་ཥིཉྩ་ཧཱུྃ། འོད་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། གསེར་འོད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་ལྔ་བསྟན་པ་ཐེར་འབུམ་བདུན། །དུང་ཕྱུར་གཅིག་དང་བྱེ་བ་ཉི་ཤུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འོད་མཛད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། ལྷུན་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་པར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་སྟོང་བསྟན་པ་སུམ་ཁྲི་དང་། །ཉིས་སྟོང་བར་དུ་མི་ནུབ་རྒྱལ་མཚན་འཛུགས། །དུང་ཕྱུར་ཉེར་བཞི་བྱང་ཆུབ་ལམ་ལ་བཀོད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ལྷུན་གྲུབ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་མེ་རུ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེའི་སྐུ་ཐོགས་ལ། ཧཱུྃ། རྣམ་པར་ཕྱེ་བའི་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་འབུམ་དང་བསྟན་པ་སུམ་ཁྲིར་གནས། །ཐེར་འབུམ་ཕྲག་དགུ་སྨིན་ཅིང་གྲོལ་བར་མཛད། །སྐུ་མདོག་སེར་པོ་ས་གནོན༴ དེ་བཞིན་གཤེགས་པ་རྡོ་རྗེས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། སྡོམ་པ་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། ཙན་དན་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་ཕྲག་གཉིས། །འབུམ་ཕྲག་བཅོ་བརྒྱད་བྱང་ཆུབ་ལམ་ལ་སྦྱོར། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྡོམ་པ་ཅན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤཱི་ལ་ཝན་ཨ་བྷི་ཥིཉྩ་ཧཱུྃ། མི་སྙིགས་པའི་སྐུ་ཐོགས་ལ། ཧཱུྃ། དགྲ་འཇོམས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་བྱེ་བར་གནས། །འབུམ་ཕྲག་ཉེར་གཉིས་ཁྲི་ཕྲག་བཅུ་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མི་སྙིགས་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ཀཱ་ཥ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། མཚམས་བརྟན་ཡུལ་དུ་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་བརྒྱད་སྟོང་ལ། །བསྟན་པ་མི་ནུབ་བདུན་ཁྲིའི་བར་དུ་གནས། །དུང་ཕྱུར་བརྒྱད་དང་བྱེ་བ་བཅུ་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་པོ་ཆེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་སྤྱན་གྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་བརྒྱད་སྟོང་ལ། །དམ་ཆོས་བསྟན་པ་ལྔ་ཁྲི་དྲུག་སྟོང་གནས། །དུང་ཕྱུར་བཅུ་བཞི་བྱེ་བ་ཕྲག་ལྔ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་པདྨའི་སྤྱན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུད་དྷ་ཀ་མ་ལ་ནཻ་ཊ་ཨ་བྷི་ཥིཉྩ་ཧཱུྃ། སྟོབས་བདེའི་སྐུ་ཐོགས་ལ། ཧཱུྃ། བཟང་མཆོག་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་དྲུག་སྟོང་ལ། དམ་ཆོས་བསྟན་པ་བརྒྱད་སྟོང་བར་དུ་གནས། །སྟོང་ཕྲག་དགུ་དང་ཁྲི་ཕྲག་བཅུ་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྟོབས་བདེ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལ་སུ་ཥ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ཟླ་བར་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་ཉི་ཁྲི་ཉིས་སྟོང་བསྟན་ལྔ་ཁྲི། །དུང་ཕྱུར་ཕྲག་དགུ་བྱེ་བ་བཞི་རྣམས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མེ་ཏོག་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤེ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་དགྱེས་ཀྱི་སྐུ་ཐོགས་ལ། ཧཱུྃ། ནོར་མཆོག་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ལོ་འབུམ་བསྟན་པ་ནི། །ལྔ་ཁྲི་དང་ནི་བདུན་སྟོང་བར་དུ་གནས། །འདུས་པ་གསུམ་ལ་ཐེར་འབུམ་ཉེར་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡེ་ཤེས་དགྱེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཏི་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། གཟི་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། མཆོག་སྦྱིན་འབྱོར་ལྡན་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་ལྔ་འབུམ་བསྟན་པ་ཉི་ཁྲིར་གནས། །ཁྲི་ཚོ་ཉེར་གཉིས་སྟོང་ཕྲག་ལྔ་རྣམས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དེ་བཞིན་གཤེགས་པ་གཟི་ཆེན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཏེ་ཛ་ཨབྷི་ཥིཉྩ་ཧཱུྃ། །ཚངས་པའི་སྐུ་ཐོགས་ལ། ཧཱུྃ། གསེར་མདོག་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་གཅིག་སྟོང་ཕྲག་གཉིས། །དམ་ཆོས་བསྟན་པ་བཞི་སྟོང་བར་དུ་གནས། །འདུས་པ་གཅིག་ལ་བྱེ་བ་ཕྲག་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཚངས་པ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲ་ཧྨ་ཨ་བྷི་ཥིཉྩ་ཧཱུྃ། འོད་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཉམས་དགའི་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བརྒྱད་ཁྲིར་གནས། །འདུས་པ་གསུམ་ལ་ཐེར་འབུམ་བཅུ་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འོད་དཔག་མེད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མི་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཀླུ་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་སྣ་ཚོགས་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེའི་ཚད་ནི་བདུན་ཁྲི་དྲུག་སྟོང་ལ། །བསྟན་པ་མི་ནུབ་ལོ་སྟོང་བར་དུ་གནས། །ཁྲི་ཕྲག་ཉེར་གཉིས་སྟོང་ཕྲག་བཅུ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཀླུ་བྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾབུདྡྷ་ནཱ་ག་ར་ན་ཨ་བྷི་ཥིཉྩ་ཧཱུྃ། བརྟན་པར་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཟང་མཆོག་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཐེར་འབུམ་བསྟན་པ་རིན་ཆེན་ནི། །སྟོང་ཕྲག་བྱེ་བ་ཕྲག་བརྒྱ་ལྔ་བཅུར་གནས། །དུང་ཕྱུར་བདུན་དང་བྱེ་བ་ཕྲག་བཅུ་བདུན། །ཐེར་འབུམ་གཅིག་རྣམས་སངས་རྒྱས་ས་ལ་སྦྱོར། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བརྟན་པར་གཤེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏྲིརྡྷ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། དོན་ཡོད་མཐོངས་ཀྱི་སྐུ་ཐོགས་ལ། ཧཱུྃ། གསལ་བ་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་བརྒྱ་བསྟན་པ་སྟོང་དུ་གནས། །དུང་ཕྱུར་བཅོ་བརྒྱད་བྱེ་བ་བཅུ་བཞི་དང་། །ཐེར་འབུམ་གཅིག་རྣམས་སངས་རྒྱས་ས་ལ་བཀོད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དོན་ཡོད་མཐོངས་ཀྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མོ་གྷ་ཨ་དཪྵ་ཨ་བྷི་ཥིཉྩ་ཧཱུྃ། བརྩོན་འགྲུས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཙམ་པའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་སུམ་སྟོང་གནས། །འདུས་པ་གཅིག་ལ་དགྲ་བཅོམ་བརྒྱད་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བརྩོན་འགྲུས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བིརྱ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། བཟང་སྐྱོང་གི་སྐུ་ཐོགས་ལ། ཧཱུྃ། དགའ་བ་རབ་སྦྱིན་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉི་ཁྲི་འདུས་པ་ལན་གཅིག་སྟེ། །བསྟན་པ་རིན་ཆེན་ཉི་ཁྲི་ཆིག་སྟོང་གནས། །ཐེར་འབུམ་གཅིག་དང་དུང་ཕྱུར་ཕྲག་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བཟང་སྐྱོང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་དྲ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། དགའ་བོའི་སྐུ་ཐོགས་ལ། ཧཱུྃ། འབྱོར་ལྡན་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་བརྒྱད་ཁྲི་བཞི་སྟོང་ངོ་། །བསྟན་པ་རིན་ཆེན་དགུ་ཁྲིའི་བར་དུ་གནས། །དུང་ཕྱུར་ཕྲག་བཅུ་བྱེ་བ་དང་བཅས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ རྫོགས་པའི་སངས་རྒྱས་དགའ་བོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནནྟ་ཨ་བྷི་ཥིཉྩ་ཧཱུྃ། འཆི་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྫུ་འཕྲུལ་གཟི་བརྗིད་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེའི་ཚད་ནི་བརྒྱད་ཁྲིའི་བར་དུ་གནས། །བསྟན་པ་འབུམ་ཕྲག་བརྒྱད་དང་དྲུག་ཅུ་སྟེ། །དུང་ཕྱུར་དགུ་དང་བྱེ་བ་ཉེར་གཅིག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འཆི་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེ་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། མདངས་ཐོས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བརྒྱད་སྟོང་བསྟན་བརྒྱད་ཁྲི། །དུང་ཕྱུར་ཕྲག་དྲུག་བྱེ་བ་གསུམ་རྣམས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སེང་གེ་རྒྱལ་མཚན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེདྷེ་ཀེ་ཏུ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་བའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་སྤྱོད་པའི་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེའི་ཚད་ནི་མི་ལོ་བརྒྱད་ཁྲི་སྟེ། །བསྟན་པ་འབུམ་ཕྲག་བརྒྱ་དང་དྲུག་ཅུར་གནས། །དུང་ཕྱུར་དགུ་དང་བྱེ་བ་ཉེར་གཅིག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་རྒྱལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྷ་དགའི་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་བྱེ་བ་བསྟན་པ་བྱེ་ཕྲག་གསུམ། འདུས་པ་གསུམ་ལ་བྱེ་ཕྲག་ཉེར་གསུམ་གྲོལ། སྐུ་མདོག་སེར་པོ༴ དེ་བཞིན་གཤེགས་པ་ཆོས་ཀྱི༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་ཏུ་དགའ་བའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། འགྲོ་དོན་གྲུབ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་འབུམ་ལ་གནས། །དུང་ཕྱུར་བཅུ་དང་བྱེ་ཕྲག་བཅོ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མཆོག་ཏུ་དགའ་བའི་རྒྱལ་པོའི་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྲ་ར་ཏ་རཱ་ཛ་ཨབྷི་ཥིཉྩ་ཧཱུྃ། །ཁ་ལོ་སྒྱུར་བའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཛོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་ཕྲག་གསུམ། །དུང་ཕྱུར་བཅོ་བརྒྱད་བྱེ་བརྒྱད་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཁ་ལོ་སྒྱུར་གྱིས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུ་ཁ་བིཪྟ་ར་ཨ་བྷི་ཥིཉྩ་ཧཱུྃ། དགྱེས་པར་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་མངོན་དགར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་བྱེ་བར་གནས། །དུང་ཕྱུར་ཕྲག་དགུ་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དགྱེས་པར་གཤེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སྲི་ལ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཆུ་ལྷའི་སྐུ་ཐོགས་ལ། ཧཱུྃ། ཡིད་བཟང་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བསྟན་པ་ཉི་ཁྲིར་གནས། །འདུས་པ་བྱེ་བ་བརྒྱ་དང་བརྒྱད་ཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་ཆུ་ལྷས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ལགས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྤོས་ལྡན་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉི་ཁྲི་ལྔ་སྟོང་ལ། །དམ་པའི་ཆོས་ཀྱི་བསྟན་པ་ཁྲི་ལ་གནས། །དུང་ཕྱུར་ཕྲག་གསུམ་བྱེ་ཕྲག་བཅོ་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་ལགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་པཱ་ནི་ཨ་བྷི་ཥིཉྩ་ཧཱུྃ། སྤོས་ཀྱི་གླང་པོའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྤོས་ཀྱི་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་བདུན་ཁྲིར་གནས། །དུང་ཕྱུར་བཅོ་བརྒྱད་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྤོས་ཀྱི་གླང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷཱུ་པེ་ཧསྟི་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཙམ་པ་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དུང་ཕྱུར་ཕྲག་དགུ་སྟེ། །བསྟན་པ་དུང་དགུ་བྱེ་བ་ཕྲག་དགུར་གནས། །དུང་ཕྱུར་བཅུ་དགུ་བྱེ་བ་ཉེར་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རྣམ་པར་གཟིགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས་སྨིན༴ ཨོཾ་བུདྡྷ་བི་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། འབྲུག་སྒྲའི་སྐུ་ཐོགས་ལ། ཧཱུྃ། གནས་དགའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་འབུམ་ལ་གནས། །དུང་ཕྱུར་ཉེར་གཉིས་བྱེ་བ་ཕྲག་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འབྲུག་གི་སྒྲ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་ག་ཤཔྟ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་སེམས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཐའ་ཡས་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་སྟོང་བསྟན་པ་ཁྲི་བཞི་སྟོང་། །ཁྲི་བརྒྱད་འབུམ་དང་ས་ཡ་བདུན་རྣམས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་ལེགས་སེམས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་སེན་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཡིད་བཟང་གི་སྐུ་ཐོགས་ལ། ཧཱུྃ། ལྟ་ན་སྡུག་པའི་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་བསྟན་པ་དྲུག་ཁྲིར་གནས། །དུང་ཕྱུར་ཕྲག་དྲུག་བྱེ་བ་བཅོ་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡིད་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ནོ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། དྲི་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། ནོར་ཅན་གཟི་ལྡན་གྲོང་ན་བྲམ་ཟེའི་རིགས། །དྲུག་ཁྲི་ལྔ་སྟོང་བསྟན་པ་ཉི་ཁྲིར་གནས། །འབུམ་ཕྲག་གཅིག་དང་ཁྲི་ཚོ་བཅུ་བདུན་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དྲི་མ་མེད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་མཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་མེད་པར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་ས་ཡ་གཉིས། །འབུམ་ཕྲག་གཅིག་དང་དུང་ཕྱུར་བཅུ་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དེ་བཞིན་གཤེགས་པ་ཟླ་བས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སོ་མ་ཨ་བྷི་ཥིཉྩ་ཧཱུྃ། གྲགས་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། དམིགས་པ་དགའ་བར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་ལྔ་སྟོང་གནས། །འདུས་པ་གསུམ་ལ་ཐེར་འབུམ་ཕྲག་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དེ་བཞིན་གཤེགས་པ་གྲགས་ཆེན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། གཙུག་ན་ནོར་བུའི་སྐུ་ཐོགས་ལ། ཧཱུྃ། འོད་གསལ་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་བྱེ་བར་གནས། །དུང་ཕྱུར་བཅུ་གཅིག་བྱེ་བ་ཉི་ཤུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན་མཉམ་གཞག་ཅན། །སངས་རྒྱས་གཙུག་ན་ནོར་བུས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་ཙུར་ན་ཨ་བྷི་ཥིཉྩ་ཧཱུྃ། དྲག་ཤུལ་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། བདེ་སྐྱིད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་དགུ་ཁྲིར་གནས། །དུང་ཕྱུར་ཕྲག་གསུམ་བྱེ་བ་བཅུ་གཅིག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དྲག་ཤུལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུ་གྲ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བརྒྱད་སྟོང་བསྟན་བྱེ་བདུན། །ས་ཡ་ཕྲག་གསུམ་འབུམ་ཕྲག་བཅུ་བདུན་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྟོབས་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། ལྗོན་པའི་སྐུ་ཐོགས་ལ། ཧཱུྃ། ཙམ་པ་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་བརྒྱད་བསྟན་པ་བདུན་ཁྲིར་གནས། །དུང་ཕྱུར་ཕྲག་བཅུ་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དེ་བཞིན་གཤེགས་པ་ལྗོན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྲུ་མ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་རྒྱལ་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། སྨན་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་འབུམ་ལ་གནས། །དུང་ཕྱུར་ཉེར་གཅིག་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྣམ་པར་རྒྱལ་ཅན་དབང་༴ སྐལ་ལྡན་བུ་རྣམས། །ཨོཾ་བུདྡྷ་བི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་བརྩེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཟང་སྦྱིན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་ཉི་ཁྲིར་གནས། །དུང་ཕྱུར་བཅུ་གཉིས་བྱེ་བ་ཕྲག་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཤེས་རབ་བརྩེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲཛྙཱ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཤིང་རྟ་གཟི་བརྗིད་ཡུལ་ན་བྲམ་ཟེར་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་བརྒྱད་ཁྲིར་གནས། །ཁྲི་ཚོ་བཅུ་གཉིས་སྟོང་ཕྲག་བཅུ་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ལེགས་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་དགའ་བར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བདུན་སྟོང་བསྟན་དགུ་ཁྲི། །འདུས་པ་གསུམ་ལ་བྱེ་ཕྲག་ཉེར་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བློ་གྲོས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཡན་ལག་སྐྱེས་ཀྱི་སྐུ་ཐོགས་ལ། ཧཱུྃ། གནས་དགའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་ཁྲི་ཉིས་སྟོང་། །འདུས་པ་གསུམ་ལ་དུང་ཕྱུར་ཉེར་གཅིག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ འཕགས་པ་ཡན་ལག་སྐྱེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ག་ཛ་ཏི་ཨ་བྷི་ཥིཉྩ་ཧཱུྃ། བློ་མཐའ་ཡས་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ལྡུག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་ཕྲག་དྲུག །འདུས་པ་གསུམ་ལ་དུང་ཕྱུར་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ འཕགས་པ་བློ་མཐའ་ཡས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷཱི་ཨ་ནནྟ་ཨ་བྷི་ཥིཉྩ་ཧཱུྃ། གཟུགས་བཟང་གི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་དྲུག་སྟོང་གནས། །དུང་ཕྱུར་བཅུ་དྲུག་ཐེར་འབུམ་དང་བཅས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་གཟུགས་བཟང་དབང་༴ སྐལ་ལྡན་བུ་རྣམས་སྨིན༴ ཨོཾ་བུདྡྷ་རཱུ་པ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། མཁྱེན་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། བདེ་བ་བཀོད་པར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བརྒྱད་སྟོང་བསྟན་དྲུག་ཁྲི། །དུང་ཕྱུར་ཕྲག་དྲུག་བྱེ་བ་གསུམ་རྣམས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཁྱེན་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། བཻཌཱུརྱ་ཡི་འོད་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་སུམ་ཁྲིར་གནས། །དུང་ཕྱུར་བཅོ་བརྒྱད་བྱེ་བ་བཅུ་གཅིག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རས་མི་ཨ་བྷི་ཥིཉྩ་ཧཱུྃ། བརྟུལ་ཞུགས་བརྟན་གྱི་སྐུ་ཐོགས་ལ། ཧཱུྃ། ཉི་མ་འདོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་དུང་གསུམ་གནས། །འདུས་པ་གསུམ་ལ་དུང་ཕྱུར་བཅོ་བརྒྱད་དང་། །འབུམ་ཚོ་གཅིག་དང་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བརྟུལ་ཞུགས་བརྟན་གྱིས་དབང་༴ སྐལ་ལྡན་བུ་རྣམས་སྨིན༴ ཨོཾ་བུདྡྷ་མྲྀ་དུ་བ་ལཱ་ཧསྠི་ར་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགྲ་འདུལ་ཡུལ་དུ་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་བྱེ་བར་གནས། །དུང་ཕྱུར་བཅོ་ལྔ་བྱེ་བ་བཅོ་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བཀྲ་ཤིས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མངྒ་ལ་ཨ་བྷི་ཥིཉྩ་ཧཱུྃ། བདེན་པའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། དགའ་སྒྲོགས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་ཕྲག་བརྒྱད། །འདུས་པ་གསུམ་ལ་དུང་ཕྱུར་ཉེར་གཅིག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བདེན་པའི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ཏྱ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྒྱས་པར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་བརྒྱ་བསྟན་པ་ཁྲི་ལྔ་སྟོང་། །ཁྲི་ཚོ་བཅུ་དགུ་སྟོང་ཚོ་བཅུ་བདུན་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དེ་བཞིན་གཤེགས་པ་པདྨས་དབང་༴ སྐལ་ལྡན་བུ་རྣམས་སྨིན༴ ཨོཾ་བུདྡྷ་ཀ་མཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། སྲེད་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། མཚམས་བརྟན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བསྟན་པ་སུམ་ཁྲིར་གནས། །འདུས་པ་གསུམ་ལ་དུང་ཕྱུར་ཉི་ཤུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྲེད་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས་སྨིན༴ ཨོཾ་བདྡྷ་ཏྲི་ཎ་ན་ཧི་སུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཡན་ལག་བཟང་གི་སྐུ་ཐོགས་ལ། ཧཱུྃ། ཡེངས་དགའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བཞི་ལ་རབ་གནས་ཤིང་། །བསྟན་པ་མི་ནུབ་བརྒྱད་ཁྲི་བཞི་སྟོང་གནས། །དུང་ཕྱུར་ཉེར་བདུན་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡན་ལག་བཟང་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧསྟེ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབྱུང་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འབྱོར་ལྡན་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུ་བསྟན་དེ་བཞིན། །འདུས་པ་གསུམ་ལ་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡེ་ཤེས་འབྱུང་གནས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་འོད་འཕྲོའི་སྐུ་ཐོགས་ལ། ཧཱུྃ། སྨན་གྱི་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ལ། །དམ་ཆོས་བསྟན་པ་སྟོང་ཕྲག་བདུན་ཅུ་གསུམ། །དུང་ཕྱུར་ཉེར་དགུ་བྱེ་བ་ང་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་འོད་འཕྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་པྲ་བྷ་པྲ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཚངས་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། དགའ་བར་སྒྲོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ། །དམ་ཆོས་བསྟན་པ་བྱེ་བའི་བར་དུ་གནས། །དུང་ཕྱུར་ཉེར་གསུམ་བྱེ་བ་སོ་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཚངས་སྦྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་འབྱུང་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། གྲོང་ཁྱེར་བཟང་པོར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ལ། །དེ་ཉིད་ལྔ་འགྱུར་བར་དུ་བསྟན་པ་གནས། །བྱེ་བ་གཉིས་དང་ཁྲི་ཕྲག་ཉེར་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་འབྱུང་གནས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏ་ཎ་སཾ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ལྡུག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་སྟོང་བསྟན་པ་སུམ་འགྱུར་གནས། །དུང་ཕྱུར་ཕྲག་བཞི་བྱེ་བ་གསུམ་རྣམས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ལྷ་ཡི་མེ་ཏོག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ཕུ་ལ་ཨ་བྷི་ཥིཉྩ་ཧཱུྃ། དོན་ལེགས་སེམས་དཔའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རབ་གསལ་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་གྱ་བཞི་བསྟན་པ་སྟོང་ཕྲག་ནི། །དགུ་བཅུ་རྩ་གཉིས་བར་དུ་གནས་པར་འགྱུར། །འདུས་པ་གསུམ་ལ་ཁྲི་ཚོ་ཉེར་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དོན་ལེགས་སེམས་དཔས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་སུ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། བློ་རྟོགས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་སུམ་ཅུ་སོ་དྲུག་ལ། །བསྟན་པ་སྟོང་ཕྲག་བདུན་ཅུ་ཐམ་པར་གནས། །བྱེ་བ་བརྒྱད་ཅུ་གྱ་གསུམ་སྨིན་གྲོལ་མཛད། །སྐུ་མདོག་དཀར་པོ་ས་གནོན༴ ཆོས་ཀྱི་དབང་ཕྱུག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་བྱེ་བར་གནས། །ཁྲི་ཕྲག་དྲུག་རྣམས་འགྲོ་བ་སྨིན་གྲོལ་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བློ་གྲོས་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། སྤོབས་པའི་སྐུ་ཐོགས་ལ། ཧཱུྃ། རྡུལ་བྲལ་གྲོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་བྱེ་བ་གཉིས། །བྱེ་ཁྲི་སུམ་བརྒྱ་བྱེ་བ་སོ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྤོབས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་ཏི་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། གསེར་ལྡན་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་དང་བསྟན་པ་སུམ་སྟོང་རྒྱས། །ཁྲི་སྟོང་སུམ་བརྒྱ་བརྒྱད་ཅུ་གྱ་སུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ རྡོ་རྗེ་རྒྱལ་མཚན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་རྣམ་འདྲེན་གྱི་སྐུ་ཐོགས་ལ། ཧཱུྃ། མཐོང་ན་དགའ་བའི་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་སྟོང་ཕྲག་བཅུ་གཉིས་བསྟན་ལྔ་ཁྲི། །བྱེ་བ་ལྔ་བཅུ་རྩ་དྲུག་གྲོལ་བར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ འཇིག་རྟེན་རྣམ་འདྲེན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་བི་ནཱ་རཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་རོལ་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ་ལྷ་ཡིས་མཆོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་སྟོང་སྟོང་ཕྲག་བཅུ་གཅིག་བསྟན། །སྟོང་ཚོ་ལྔ་དང་ཁྲི་ཕྲག་བཅུ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྣམ་པར་རོལ་ལྡན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ན་ས་ར་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། མུན་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། པདྨས་བརྒྱན་གྱི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལ། །བསྟན་པ་སྟོང་ཕྲག་ལྔ་བཅུར་ལེགས་པར་གནས། །བྱེ་བ་དྲུག་ཅུ་རྩ་བཞི་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མུན་བྲལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་མོ་ཨ་པ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་བ་སྒྲ་གཅན་གྱི་སྐུ་ཐོགས་ལ། ཧཱུྃ། བཟང་པོའི་འབྱུང་གནས་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུ་རབ་བརྟན་ཅིང་། །བསྟན་པ་དམ་ཆོས་ཕལ་ཆེར་ཕྱིར་ཞིང་གནས། །འདུས་པ་གསུམ་ལ་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ རྒྱལ་བ་སྒྲ་གཅན་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ཛ་ཡ་རཱ་ཧུ་ལ་ཨ་བྷི་ཥིཉྩ་ཧཱུྃ། རི་བོའི་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། རྒྱལ་བ་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉེར་གཉིས་བསྟན་བྱེ་བ། །འདུས་པ་གསུམ་ལ་བྱེ་བ་སོ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ རི་བོའི་རྒྱལ་མཚན་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། བདེ་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་རྩ་བཞི་ལ། །དམ་ཆོས་བསྟན་པ་བྱེ་བ་ཕྲག་གསུམ་གནས། །དུང་ཕྱུར་གཉིས་དང་བྱེ་བ་བདུན་ཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཚོགས་ཆེན་དམ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ན་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། ཟླ་བ་མེ་ཏོག་བཟང་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་གནས། །ཁྲི་ཕྲག་བརྒྱད་དང་དུང་ཕྱུར་བཞི་རྣམས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རིན་ཆེན་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་གརྦ་ཨ་བྷི་ཥིཉྩ་ཧཱུྃ། མཐོར་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཟང་མཆོག་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་སྟོང་ཕྲག་དྲུག་ཅུ་བསྟན། །བྱེ་བ་བདུན་ཅུ་དོན་བདུན་དུང་བཅས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཤིན་ཏུ་མཐོར་གཤེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ན་ཧསྟ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། སྐར་རྒྱལ་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་སྒྲོན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་བདུན་བརྟན་ཞིང་། །དམ་ཆོས་བསྟན་པ་བྱེ་བ་དྲུག་ཅུ་གཉིས། །བྱེ་བ་ལྔ་དང་དུང་ཕྱུར་དང་བཅས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྐར་རྒྱལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་རཱ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རུ་རིངས་ཀྱི་སྐུ་ཐོགས་ལ། ཧཱུྃ། དཔལ་ལྡན་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བྱེ་བར་གནས། །འདུས་པ་གསུམ་ལ་བྱེ་བ་ཕྲག་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རུ་རིངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤྲྀང་ག་བི་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་སྒྲོན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉེར་གཅིག་བསྟན་ལྔ་འགྱུར། །དུང་ཕྱུར་གཉིས་དང་བྱེ་བ་ཉེར་གཅིག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡོན་ཏན་གྲགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། འོད་ལྡན་ཉི་ཟླའི་སྐུ་ཐོགས་ལ། ཧཱུྃ། འབྱོར་པ་དྲག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་དྲུག་བརྟན་ཅིང་། །བསྟན་པ་བྱེ་བ་ཕྲག་གཉིས་བར་དུ་གནས། །འདུས་པ་གསུམ་ལ་བྱེ་བ་བཅུ་བདུན་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ འོད་ལྡན་ཉི་ཟླའི་དབང་མཆོག་འདི་བསྐུར་བས། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་ཙན་དྲ་པྲ་བྷ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ལ། །དམ་ཆོས་བསྟན་པ་བྱེ་བའི་བར་དུ་གནས། །བྱེ་བ་ཕྲག་གཉིས་བཞི་བཅུ་རྩ་དྲུག་་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཉི་མའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། སྐར་མཁན་གྱི་སྐུ་ཐོགས་ལ། ཧཱུྃ། དགའ་བས་བལྟ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་གསུམ། །བྱེ་བ་གཅིག་དང་ཁྲི་ཕྲག་དགུ་རྣམས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྐར་མཁན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་རཱ་ཨུ་པ་དེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་རྒྱུད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་བྱེ་ཕྱེད་གཉིས། །འདུས་པ་གསུམ་ལ་སྟོང་ཕྲག་བཅོ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སེངྒེའི་ཏོག་གིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེདྷ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། དུས་མཁྱེན་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། མཐོང་ན་དགའ་བར་བྲམ་ཟེའི་རིགས་ལ་བལྟམས། །སྐུ་ཚེ་ལྔ་བརྒྱ་བསྟན་པ་ཉིས་སྟོང་གནས། །འདུས་པ་གསུམ་ལ་བྱེ་བ་ཞེ་བདུན་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དུས་མཁྱེན་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡ་དྷ་ཛྙཱ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དཔལ་གྱི་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། སྐྱེ་བོ་དགའ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ལྔ་བཅུ་བསྟན་པ་འབུམ། །ཁྲི་ཚོ་བཅུ་དགུ་སྟོང་ཕྲག་བཞི་རྣམས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དཔལ་གྱི་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤྲཱི་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། སྲིད་མཐའ་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགའ་བས་མཐོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་བརྒྱ་བསྟན་པ་བྱེ་བར་གནས། །བྱེ་བ་གཅིག་དང་ཁྲི་ཚོ་བཅུ་བདུན་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྲིད་མཐའ་གཟིགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རུ་ཙི་ཨནྟ་བ་ཤྱ་ཨ་བྷི་ཥིཉྩ་ཧཱུྃ། གློག་གི་འོད་གྱི་སྐུ་ཐོགས་ལ། ཧཱུྃ། སྨན་གྱི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས་། །སྐུ་ཚེ་ཉིས་སྟོང་བསྟན་པ་སྟོང་ཕྲག་བཅུ། །འདུས་པ་གསུམ་ལ་བདུན་བརྒྱ་ཉི་ཤུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གློག་གི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུལྐ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། གསེར་གྱི་རི་བོའི་སྐུ་ཐོགས་ལ། ཧཱུྃ། དྲག་བྱེད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་སྟོང་བསྟན་པ་སྟོང་ཕྲག་ནི། །སུམ་ཅུ་སོ་གཉིས་བར་དུ་ལེགས་པར་གནས། །འདུས་པ་གསུམ་ལ་སྟོང་ཕྲག་དོན་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གསེར་གྱི་རི་བོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རུ་ག་མ་མེ་རུ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེས་བྱིན་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། སྐུ་ཚེ་སྟོང་བཅུ་བསྟན་པ་བརྒྱད་ཁྲིར་གནས། འབུམ་ཕྲག་བརྒྱ་དང་ཉེར་ལྔ་སྨིན་གྲོལ་མཛད། སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སེང་གེ་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། མི་ཐུབ་རྒྱལ་མཚན་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྒྱན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་དུང་སྟོང་གནས། །བྱེ་བ་ཕྲག་ལྔ་དུང་ཕྱུར་དང་བཅས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མི་ཐུབ་རྒྱལ་མཚན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུ་ནྱ་ན་ར་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་དགའ་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལྡན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་ལ། །དམ་ཆོས་བསྟན་པ་བྱེ་བ་ཕྲག་གཉིས་གནས། །འདུས་པ་གསུམ་ལ་བྱེ་བ་བཅུ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཆོག་དགའ་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་ར་ཏ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། བརྩོན་འགྲུས་བརྟན་པའི་སྐུ་ཐོགས་ལ། ཧཱུྃ། དགའ་སྡུག་གྲོང་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་གསུམ་དང་བསྟན་པ་ནི། །བྱེ་བ་བཅུ་བཞིའི་བར་དུ་ལེགས་པར་གནས། །དུང་ཕྱུར་བཅུ་དྲུག་བྱེ་བ་དྲུག་ཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བརྩོན་འགྲུས་བརྟན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བིདྱ་སྠི་ར་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པ་རྫོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡུལ་བཟང་དབུས་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་དུ་བཞུགས། །བསྟན་པ་ལྔ་ཁྲི་དྲུག་སྟོང་བར་དུ་གནས། དུང་ཕྱུར་ཕྲག་གསུམ་བྱེ་བ་རེ་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གྲགས་པ་རྫོགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་མནྟ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། རྙེངས་དང་བྲལ་བའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྒྱན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་སོ་དྲུག་བསྟན་བརྒྱད་འགྱུར། །འདུས་པ་གསུམ་ལ་ཐེར་འབུམ་ཉེར་གཅིག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྙེངས་བྲལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙིཏྟ་ཨ་ས་ཨ་བྷི་ཥིཉྩ་ཧཱུྃ། མཆོད་འོས་ལྷའི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་བློ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ལ། །བསྟན་པ་སྟོང་ཕྲག་བཅུ་ལ་གནས་པར་འགྱུར། །སྟོང་ཕྲག་དྲུག་དང་དོན་བདུན་སྨིན་གྲོལ་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མཆོད་འོས་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་པཱུ་ཙ་ཨཱུ་པ་བ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྒྲོན་མ་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། དགའ་བ་བཟང་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་ལ། །བསྟན་པ་བྱེ་བའི་བར་དུ་རྒྱས་པར་འགྱུར། །བྱེ་བ་གསུམ་དང་དུང་དྲུག་སྨིན་གྲོལ་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྒྲོན་མ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཏ་ར་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་དགའ་བའི་སྐུ་ཐོགས་ལ། ཧཱུྃ། རིགས་ནི་བྲམ་ཟེ་འཇིག་རྟེན་དགའ་བར་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལ། །བསྟན་པ་དེ་ཉིད་ལྔ་འགྱུར་བར་དུ་གནས། །བརྒྱད་ཅུ་གྱ་བཞི་སྟོང་ཕྲག་གསུམ་བཅས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་དགའ་བས་དབང་༴ ། སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ར་ཏ་ཨ་བྷི་ཥིཉྩ་ཧཱུྃ། སྤོས་དྲི་ཞིམ་པའི་སྐུ་ཐོགས་ལ། ཧཱུྃ། སྤོས་རྒྱན་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ལ། །བསྟན་པ་བྱེ་བ་གཉིས་ཀྱི་བར་དུ་གནས། །འདུས་པ་གསུམ་ལ་བྱེ་བ་ཕྲག་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤོས་དྲི་ཅན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷཱུ་པེ་ནིར་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་མཆོག་འཛིན་གྱི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་རྒྱན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་གསུམ་བསྟན་པ་ལྔ་བརྒྱར་གནས། །འདུས་པ་གསུམ་ལ་དུང་ཕྱུར་ཉེར་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡོན་ཏན་་མཆོག་འཛིན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་བྷ་ར་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། མུན་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལྡན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་བརྒྱ་བསྟན་པ་སྟོང་ཕྲག་ནི། །བཞི་བཅུ་ཞེ་དྲུག་བར་དུ་རྒྱས་པར་འགྱུར། །དུང་ཕྱུར་ཕྲག་བརྒྱད་བྱེ་བ་སོ་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མུན་པ་བྲལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏ་མོ་ཨ་པ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་འགྲམ་གྱི་སྐུ་ཐོགས་ལ། ཧཱུྃ། དགེ་ལྡན་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་ལོ་གྲངས་སྟོང་ལ་འཚོ་བར་འགྱུར། །དམ་ཆོས་བསྟན་པ་བདུན་ཅུའི་བར་དུ་གནས། །འདུས་པ་གཅིག་ལ་སྟོང་ཕྲག་བརྒྱད་ཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན་མཉམ༴ སངས་རྒྱས་སེང་གེའི་འགྲམ་གྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་ཧཱ་ནུ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྙིང་པོར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་སྟོང་ཕྲག་བཅུ། །འདུས་པ་གསུམ་ལ་ཐེར་འབུམ་བཅོ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། སྐྱོན་རབ་ཞི་བའི་སྐུ་ཐོགས་ལ། ཧཱུྃ། དགའ་བྱེད་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་དྲུག་ལ་བཞུགས། །བསྟན་པ་བྱེ་བ་གཉིས་ལ་རབ་ཏུ་རྒྱས། །འདུས་པ་སྟོང་ཕྲག་བརྒྱད་དང་གྱ་དྲུག་སྒྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྐྱོན་རབ་ཞི་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དོ་ཥྱ་པ་ར་ཤིནྟིང་ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩི་འཚོང་གི་སྐུ་ཐོགས་ལ། ཧཱུྃ། བཟང་ལྡན་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་རྩ་དྲུག་ལ། །དེ་ཡི་བསྟན་པ་བྱེ་བའི་བར་དུ་གནས། །འདུས་པ་གསུམ་ལ་ཐེར་འབུམ་ཉེར་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བདུད་རྩི་འཚོང་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མྲྀ་ཏ་ཀྲི་ཏ་ན་ཨ་བྷི་ཥིཉྩ་ཧཱུྃ། མིའི་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། དགའ་བ་རྩོག་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱ་དང་དྲུག་ཅུ་ལ། །དམ་ཆོས་བསྟན་པ་བྱེ་བ་གཉིས་ལ་གནས། །བྱེ་བ་དྲུག་ཅུ་རེ་གསུམ་དུང་བཅས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མིའི་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཤི་ཏཾ་ཨ་བྷི་ཥིཉྩ་ཧཱུྃ། ཤིན་ཏུ་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྐྱིད་པར་ལྡན་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བརྒྱ་བསྟན་པ་བྱེ་བ་བརྒྱད། །དུང་ཕྱུར་གཅིག་དང་བྱེ་བ་ང་བདུན་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཤིན་ཏུ་གཟིགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ནིི་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། རབ་རྒྱན་གྱི་སྐུ་ཐོགས་ལ། ཧཱུྃ། མཆོད་པའི་རྟེན་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་རྩ་དགུ་ལ། །བསྟན་པ་མི་འགྱུར་བྱེ་བའི་བར་དུ་གནས། །དུང་ཕྱུར་གཉིས་དང་བྱེ་བ་བཅུ་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རབ་ཏུ་རྒྱན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་བྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ནོར་བུའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ལེགས་རྒྱས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་གསུམ། །འདུས་པ་བྱེ་བ་སྟོང་ཕྲག་ཉེར་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ནོར་བུའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རི་བོ་བརྩེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཙན་དན་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུར་འཚོ་ཞིང་བཞེས། །བསྟན་པ་སྟོང་ཕྲག་དགུ་བཅུར་རབ་ཏུ་རྒྱས། །བྱེ་བ་བདུན་ཅུ་དོན་དགུ་སྨིན་གྲོལ་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རི་བོ་བརྩེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་འབྱུང་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྒྱན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་སྟོང་ཕྲག་བཅུ། །འདུས་པ་གསུམ་ལ་དུང་གཅིག་བྱེ་བ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ ཆོས་ཀྱི་འབྱུང་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། །ཚེ་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྣམ་རྒྱན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སྟོང་ཕྲག་ཉེར་གཉིས་བསྟན་སུམ་འགྱུར། །སྟོང་ཕྲག་གྱ་དགུ་བྱང་ཆུབ་ལམ་ལ་བཀོད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཚེ་སྦྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱ་ཡུ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་འབྱུང་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཟླ་བ་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་བརྒྱའི་བར་དུ་རབ་བརྟན་ཅིང་། །བསྟན་པ་སྟོང་ཕྲག་བདུན་ཅུའི་བར་དུ་གནས། །བྱེ་བ་གྱ་གཅིག་དུང་གཉིས་སྨིན་གྲོལ་མཛད། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་འབྱུང་གནས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་དབང་མཚུངས་ཀྱི་སྐུ་ཐོགས་ལ། ཧཱུྃ། རྣམ་པར་བལྟས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱ་ལ་རབ་གནས་ཤིང་། །བསྟན་པ་བྱེ་བ་བརྒྱད་ཅུར་མི་ནུབ་རྒྱས། །བྱེ་བ་རེ་བཞི་དུང་ཕྱུར་ཕྲག་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྐྱེ་དབང་མཚུངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཏི་ཥིཉྩ་ཏརྟུ་ཨ་བྷི་ཥིཉྩ་ཧཱུྃ། སྟོབས་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་འོད་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་རྩ་བཞི་ལ། །བསྟན་པ་དེ་ཡི་སུམ་འགྱུར་རྒྱས་པར་འགྱུར། །འདུས་པ་གསུམ་ལ་ཐེར་འབུམ་ཉེར་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྟོབས་གཤེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལེ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་འདྲེན་བློ་གནས་སྐྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་གཟི་བརྗིད་དག་ན་རྒྱལ་པོའི་རིགས། །སྐུ་ཚེ་སྟོང་ཕྲག་ཉེར་བཞིའི་བར་དུ་གནས། །བསྟན་པ་སྟོང་ཕྲག་ལྔ་བརྒྱའི་བར་དུ་གནས། འདུས་པ་གཉིས་ལ་དགྲ་བཅོམ་གྲངས་མེད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྣམ་འདྲེན་བློ་གནས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ནཱ་ཀ་ར་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། གདུགས་མཛེས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ཕུང་པོར་རྒྱལ་པོའི་རིགས་སུ་བལྟམས། །སྐུ་ཚེ་སྟོང་ཕྲག་ཉེར་ལྔ་བྱེ་བ་བསྟན། །དུང་ཕྱུར་གཅིག་དང་བྱེ་བ་གོ་བདུན་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གདུགས་མཛེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙྪ་ཏྲ་ཀཱ་ན་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་གཙོ་བོའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལྡན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་གཉིས་བྱེ་བ་བཅུ་ཡི་བསྟན། །བྱེ་བ་དགུ་བཅུ་སྟོང་ཕྲག་བརྒྱད་ཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མགོན་པོའི་གཙོ་བོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ཐ་ནཱ་ག་ཨ་བྷི་ཥིཉྩ་ཧཱུྃ། ཤིན་ཏུ་འཕགས་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་ལྡན་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉེར་བཞི་བསྟན་བྱེ་གནས། །འདུས་པ་གསུམ་ལ་བྱེ་བ་སུམ་ཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཤིན་ཏུ་འཕགས་དཔལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ནི་བི་ནི་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། སེང་གེ་སྒྲའི་སྐུ་ཐོགས་ལ། ཧཱུྃ། ས་བདག་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅུ་ལ་བསྟན་པ་སྟོང་། །འདུས་པ་གསུམ་ལ་སྟོང་ཕྲག་ཉེར་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སེང་གེའི་སྒྲ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སིངྷ་རུ་ཏ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་རོལ་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་དཔལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་རྩ་བཞི་ལ། །དེ་ཡི་བསྟན་པ་ཉིས་འགྱུར་དག་ཏུ་གནས། །བྱེ་བ་གཉིས་དག་སྟོང་ཕྲག་ཉེར་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྣམ་རོལ་ལྡན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་མུཀྟི་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཀླུའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། གླང་པོར་མཐོང་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བརྒྱད་བརྒྱ་བསྟན་པ་སྟོང་ཉིས་བརྒྱ། །དུང་ཕྱུར་གཉིས་དང་བྱེ་བ་བཅུ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཀླུ་ཡི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ག་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་རི་བོའི་སྐུ་ཐོགས་ལ། ཧཱུྃ། རི་ཡི་མཐོངས་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་བརྒྱད་བསྟན་པ་བྱེ་བ་གསུམ། །སྟོང་ཕྲག་གོ་ལྔ་སྨིན་གྲོལ་ལམ་ལ་བཀོད། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མེ་ཏོག་རི་བོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་པ་མེ་རུ་ཨ་བྷི་ཥིཉྩ་ཧཱུྃ། གླུའི་དགའ་བའི་སྐུ་ཐོགས་ལ། ཧཱུྃ། མེ་འོད་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སུམ་ཁྲིའི་བར་དུ་རབ་ཏུ་བརྟན། །དམ་ཆོས་ལོ་གྲངས་སྟོང་ཕྲག་བདུན་ཅུར་གནས། །དུང་ཕྱུར་གཅིག་དང་བྱེ་བ་བཞི་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཀླུ་ཡི་དགའ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ག་ར་ཏ་ཨ་བྷི་ཥིཉྩ་ཧཱུྃ། སྤོས་ཀྱི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། དགའ་བས་མཐོང་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ། །བསྟན་པ་འབུམ་ཕྲག་བརྒྱ་ཡི་བར་དུ་གནས། །བྱེ་བ་དོན་དགུ་དུང་ཕྱུར་གསུམ་རྣམས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སྤོས་ཀྱི་དབང་ཕྱུག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷུ་པེ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ། ཤིན་ཏུ་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། དགའ་དཔལ་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་ཉིས་སྟོང་བསྟན་པ་བདུན་ཁྲིར་གནས། །དུང་ཕྱུར་བཅུ་དང་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཤིན་ཏུ་གྲགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ནི་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། སྤོས་ཀྱི་ལྷའི་སྐུ་ཐོགས་ལ། ཧཱུྃ། འོད་པོ་ཆེ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་དགུ་སྟོང་སྟོང་ཕྲག་བདུན་ཅུ་བསྟན། །དུང་ཕྱུར་ཉེར་བདུན་བྱེ་བ་དྲུག་རྣམས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྤོས་ཀྱི་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་དྷཱུ་པེ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ཕྲེང་ཐོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགའ་སྡུག་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུ་བསྟན་བྱེ་གསུམ། །དུང་ཕྱུར་བརྒྱད་དང་བྱེ་བ་བཅོ་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཡོན་ཏན་ཕྲེང་ཐོགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་མ་ལེ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། ཀླུའི་ལག་པའི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་བཅུ་བསྟན་པ་བྱེ་བ་བརྒྱད། །འདུས་པ་གསུམ་ལ་བྱེ་བ་ང་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཀླུ་ཡི་ལག་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ག་པཱ་ཎ་ཨ་བྷི་ཥིཉྩ་ཧཱུྃ། མིག་རྒྱན་པའི་སྐུ་ཐོགས་ལ། ཧཱུྃ། མཆོད་རྟེན་མཆོད་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་དྲུག་ལ། །བསྟན་པ་བྱེ་བའི་བར་དུ་རྒྱས་པར་འགྱུར། །དུང་ཕྱུར་ཉེར་གཅིག་བྱེ་བ་བཞི་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མིག་གི་རྒྱན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཀྵཱུ་བྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་སྦྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཅུད་ལྡན་གྲོང་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ལ་གནས་ཤིང་བསྟན་པ་ནི། །སྟོང་ཕྲག་བཅུ་བཞིའི་བར་དུ་གནས་པར་འགྱུར། །སྟོང་ཕྲག་བརྒྱད་ཅུ་སྨིན་གྲོལ་ལམ་ལ་བཀོད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ལེགས་སྦྱངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་དུ་ཛྫ་བུ་དྷ་ཨ་བྷི་ཥིཉྩ་ཧཱུྃ། ཟིལ་གནོན་ཡེ་ཤེས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགའ་འོད་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བརྒྱ་གཉིས་བསྟན་པ་བྱེ་བ་བདུན། །འདུས་པ་གསུམ་ལ་བྱེ་བ་སོ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཟིལ་གནོན་ཡེ་ཤེས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་དྷི་གུ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། མཐའ་ཡས་སྤྱན་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འོད་གསལ་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་གསུམ་ལ། །བསྟན་པ་བདུན་ཕྲག་བདུན་ཅུའི་བར་དུ་གནས། །དུང་ཕྱུར་བརྒྱ་དང་བྱེ་བ་ཉེར་བདུན་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཐའ་ཡས་སྤྱན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་བ་ཧྲི་ཙཀྵུ་ཨ་བྷི་ཥིཉྩ་ཧཱུྃ། བདེན་པར་གསུང་གི་སྐུ་ཐོགས་ལ། ཧཱུྃ། དམངས་ལྡན་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུ་རབ་བརྟན་ཅིང་། །བསྟན་པ་སྟོང་ཕྲག་ཉི་ཤུའི་བར་དུ་གནས། །དུང་ཕྱུར་གསུམ་དང་བྱེ་བ་དགུ་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བདེན་པར་གསུང་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ཏྱ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། སྨན་གྱི་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་འབུམ་ཕྲག་དྲུག་ཅུ་བསྟན་འབུམ་གསུམ། །འདུས་པ་གསུམ་ལ་བྱེ་བ་གྱ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཉི་མའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ངེས་པའི་བློའི་སྐུ་ཐོགས་ལ། ཧཱུྃ། དགའ་སྡུག་ཡུལ་ན་བྲ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་བཅུ་བསྟན་པ་ཉིས་འགྱུར་གནས། །དུང་ཕྱུར་གཉིས་དང་བྱེ་བ་བཞི་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ངེས་པའི་བློ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་ར་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། མཐའ་ཡས་གཟུགས་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། མཆོད་པའི་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བར་གནས། །དུང་ཕྱུར་གཅིག་དང་བྱེ་བ་བཅོ་ལྔ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཐའ་ཡས་གཟུགས་ལྡན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་ནཱ་ཧྲི་རཱུ་པ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རྣམ་སྣང་གི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྫོགས་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་གསུམ། །དུང་ཕྱུར་གཉིས་དང་བྱེ་བ་བཅུ་རྣམས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རྣམ་པར་སྣང་མཛད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ཏོག་གི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་བྱེ་བར་གནས། །དུང་ཕྱུར་གཉིས་དང་བྱེ་བ་དོན་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རིན་ཆེན་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཐེ་ཚོམ་རྣམ་སྤོང་གི་སྐུ་ཐོགས་ལ། ཧཱུྃ། བཀྲ་ཤིས་ཅན་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སུམ་བརྒྱ་བསྟན་པ་སྟོང་ཕྲག་གཉིས། །དུང་ཕྱུར་གཅིག་དང་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཐེ་ཚོམ་རྣམ་སྤོང་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཏྭ་ཏི་བི་ཧེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་འདས་པའི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་དགའ་བར་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་གནས། །འདུས་པ་གསུམ་ལ་བྱེ་བ་ཕྲག་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་འདས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ཨ་ཏི་ཏ་ཨ་བྷི་ཥིཉྩ་ཧཱུྃ། རྟོགས་པར་མཛད་པའི་སྐུ་ཐོགས་ལ། ཧཱུྃ། དགའ་བ་སྤྲིན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བརྒྱད་ཅུའི་བར་དུ་གནས། །བསྟན་པ་མི་ནུབ་བྱེ་བ་གཉིས་ལ་རྒྱས། །འདུས་པ་བྱེ་བ་སུམ་ཅུ་སོ་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རྟོགས་པར་མཛད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀྵུ་ཏྲ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། མཆོག་མའི་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེའི་ཚད་ནི་སྟོང་ཕྲག་དགུ་བཅུ་དགུ། །བསྟན་པ་བྱེ་བ་བཅུ་ཡི་བར་དུ་གནས། །དུང་ཕྱུར་གཉིས་དང་བྱེ་བ་བཞི་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མེ་ཏོག་རྒྱལ་མཚན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥ་པ་དྷཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། རི་དབང་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། དགའ་བ་མཐོང་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བར་གནས། །འདུས་པ་གསུམ་ལ་སྟོང་ཕྲག་ཉེར་གཅིག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རི་དབང་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་ཥིཉྩ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་མཐོང་བར་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་དྲུག་ཁྲིའི་བར་དུ་ལེགས་པར་གནས། །བསྟན་པ་སྟོང་ཕྲག་བརྒྱད་ཅུའི་བར་དུ་གནས། །འདུས་པ་གསུམ་ལ་སྟོང་ཕྲག་གོ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། དོན་མཛད་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཨུཏྤལ་འདབ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེའི་ཚད་ནི་བྱེ་བ་བཞི་བཅུ་དྲུག །བསྟན་པ་སྟོང་ཕྲག་བརྒྱད་བཅུ་དྲུག་ལ་གནས། །བྱེ་བ་གོ་དྲུག་དུང་ཕྱུར་གཅིག་རྣམས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དོན་མཛད་གཟིགས་ཀྱིས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་ཀཱརྱ་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པ་མཐའ་ཡས་ཀྱི་སྐུ་ཐོགས་ལ། ཧཱུྃ། ངེས་ཤེས་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེའི་ཚད་ནི་དྲུག་འབུམ་གཉིས་ལ་གནས། །བསྟན་པ་རིན་ཆེན་བྱེ་བ་གསུམ་དུ་གནས། །དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ གྲགས་པ་མཐའ་ཡས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིརྟི་དྷ་བ་ཧྲཱི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ལྷའི་སྐུ་ཐོགས་ལ། ཧཱུྃ། ཨུཏྤལ་རྒྱན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ལ། །བསྟན་པ་སྟོང་ཕྲག་དགུ་བཅུའི་བར་དུ་གནས། །དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དོན་གནས་མཁྱེན་པའི་སྐུ་ཐོགས་ལ། ཧཱུྃ། བརྒྱན་པའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བའི་བར་དུ་རབ་བརྟན་ཅིང་། །བསྟན་པ་སྟོང་ཕྲག་དགུ་བཅུ་རྩ་དགུ་རྒྱས། །བྱེ་བ་དྲུག་ཅུ་རྩ་གསུམ་སྨིན་གྲོལ་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དོན་གནས་མཁྱེན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་ཏིཥྛི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། བློ་ནི་རྫོགས་པའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འོད་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེའི་ཚད་ནི་སྟོང་ཕྲག་བདུན་ཅུ་དྲུག །།དམ་ཆོས་བསྟན་པ་བྱེ་བ་ཉེར་གསུམ་རྒྱས། །དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བློ་རྫོགས་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བུདྷ་ས་མཱསྟ་ཨ་བྷི་ཥིཉྩ་ཧཱུྃ། མྱ་ངན་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། མདངས་འཕགས་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་དགུ་ཁྲིར་གནས། །འདུས་པ་གཉིས་ལ་སྟོང་ཕྲག་ང་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མྱ་ངན་མེད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དུཿཁ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། དྲི་མ་བྲལ་བའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བརྒྱན་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་བར་དུ་གནས། །བསྟན་པ་བྱེ་བ་སྟོང་ལ་རབ་དུ་རྒྱས། །འདུས་པ་གསུམ་ལ་དུང་ཕྱུར་བཅུ་ཕྲག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དྲི་མ་བྲལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནིར་ཨ་པ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་པའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རྒྱན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བསྟན་པ་སུམ་སྟོང་གནས། །འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ། སངས་རྒྱས་ཚངས་པའི་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། སའི་དབང་ཕྱུག་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཅན་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་གསུམ། །དུང་ཕྱུར་ཕྲག་གཉིས་སྟོང་ཕྲག་བདུན་བཅས་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ས་ཡི་དབང་ཕྱུག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷུ་མི་ཤྭ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་སྤྱན་གྱི་སྐུ་ཐོགས་ལ། ཧཱུྃ། སེམས་བྲལ་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་བསྟན་བྱེ་གཉིས། །བྱེ་བ་ཕྲག་གཉིས་སྟོང་ཕྲག་བཅུ་རྣམས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མེ་ཏོག་སྤྱན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཕུ་ལ་ཙཀྵུ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་མཛེས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་སྣ་ཚོགས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་ལྔ། དུང་ཕྱུར་གཉིས་དང་སྟོང་ཕྲག་གསུམ་བཅས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྣམ་པར་མཛེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ནི་ཀཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། མདངས་མཐོན་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བར་དུ་བཞུགས། །བསྟན་པ་བྱེ་བ་ཉི་ཤུ་རབ་ཏུ་རྒྱས། །འདུས་པ་གསུམ་ལ་དུང་གཉིས་བྱེ་ལྔ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཆོས་འོད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཀུན་ནས་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་ལྷ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་བདུན་ཅུ་རྩ་བཞི་ལ། །བསྟན་པ་བྱེ་བ་དགུ་ལ་རྒྱས་པར་འགྱུར། །དུང་ཕྱུར་ཉེར་གཉིས་བྱེ་བ་ལྔ་རྣམས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཀུན་ནས་གཟིགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སརྦ་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་འོད་གསལ་གྱི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་མཐོང་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བསྟན་པ་དགུ་ཁྲི་དྲུག་སྟོང་གནས། །དུང་ཕྱུར་གཉིས་དང་བྱེ་བ་དོན་དྲུག་་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཡོན་ཏན་འོད་གསལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་པྲ་བྷ་ནི་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ཚོགས་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅུ་ལ་ལེགས་འཚོ་ཞིང་། །བསྟན་པ་བྱེ་བ་སྟོང་ཕྲག་དགུ་བཅུ་དགུ། །འདུས་པ་གསུམ་ལ་དུང་ཕྱུར་ཕྲག་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཟླ་བའི་ཞལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙནྜ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ། རིནཆེན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཙུག་ན་རིན་ཆེན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་གསུམ། །དུང་ཕྱུར་བཅུ་གཉིས་བྱེ་བ་གསུམ་རྣམས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རིན་ཆེན་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ཏོག་གི་སྐུ་ཐོགས་ལ། ཧཱུྃ། སྣ་ཚོགས་བརྩེགས་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་འབུམ་ལ་འཚོ་ཞིང་བཞེས། །བསྟན་པ་རིན་ཆེན་བྱེ་བའི་བར་དུ་གནས། །ཐེར་འབུམ་གཅིག་དང་དུང་ཕྱུར་བཅུ་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རིན་ཆེན་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པའི་བླ་མའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་བརྒྱད་སྟོང་ལ། །བསྟན་པ་བཞི་ཁྲིའི་བར་དུ་འགྲོ་རྣམས་སྒྲོལ། །ཐེར་འབུམ་གཉིས་དང་བྱེ་བ་ལྔ་རྣམས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གྲགས་པའི་བླ་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་རུ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། འོད་བྱེད་ཀྱི་སྐུ་ཐོགས་ལ། ཧཱུྃ། དང་བཅོམ་རབ་རྒྱན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་ཁྲི་ལ་གནས། །འདུས་པ་གསུམ་ལ་དུང་ཕྱུར་ཉེར་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་བྱེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་ཀྵ་ཡཾ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། བལྟ་བའི་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་ཁྲི་དང་བརྒྱད་སྟོང་བསྟན་དེ་བཞིན། །དུང་ཕྱུར་ཉེར་གཅིག་བྱེ་བ་ཕྲག་བརྒྱད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གཟི་བརྗིད་དཔག་མེད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མི་ན་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དུས་མཁྱེན་གྱི་སྐུ་ཐོགས་ལ། ཧཱུྃ། ཀརྨ་དགའ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་ལྔ་ཁྲིར་གནས། །དུང་ཕྱུར་ཉེར་ལྔ་བྱེ་བ་ཕྲག་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དུས་མཁྱེན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡ་དྷ་ཛྙཱ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྐུ་ཐོགས་ལ། ཧཱུྃ། ཉམས་དགའི་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅོ་བརྒྱད་ལ་ནི་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྐུ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། མཁས་བློའི་སྐུ་ཐོགས་ལ། ཧཱུྃ། མཆོག་བརྩེགས་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དྲུག་ཁྲིར་གནས། །བྱེ་བ་སྟོང་ཕྲག་ཉི་ཤུ་སྨིན་གྲོལ་མཛད། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་མཁས་བློས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བུདྷ་པ་ཏྲུ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་བ་དགའི་སྐུ་ཐོགས་ལ། ཧཱུྃ། འོད་ལྡན་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་དགུ་ཁྲིར་གནས། །ཁྲི་ཕྲག་དགུ་རྣམས་སྨིན་གྲོལ་ལམ་ལ་བཀོད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རྒྱལ་བ་དགའ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ཏ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་བལྟ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དུང་ཕྱུར་དང་། །བྱེ་བ་ཕྲག་བརྒྱད་བར་དུ་གནས་པར་འགྱུར། །འདུས་པ་བརྒྱད་ཅུར་དུང་ཕྱུར་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡོན་ཏན་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། བཟང་མཆོག་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བར་དུ་བཞུགས། །བསྟན་པ་བདུན་ཁྲི་དྲུག་སྟོང་བར་དུ་རྒྱས། །ཐེར་འབུམ་བརྒྱ་དང་ཉི་ཤུ་རྩ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཟླ་བའི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མཐའ་ཡས་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བར་དུ་འཚོ། །བསྟན་པ་བདུན་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་སུམ་བཅུར་ཐེར་འབུམ་ཕྲག་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཐུ་སྟོབས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་རྩལ་མཐའ་ཡས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཆོས་ཀྱི་བཀོད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་ཉི་ཁྲི་ཉིས་སྟོང་བསྟན། །འབུམ་ཚོ་བཅོ་ལྔ་སྨིན་གྲོལ་ལམ་ལ་བཀོད། །སྐུ་མདོག་དམར་པོ་ས་གནོན༴ མཐུ་རྩལ་མཐའ་ཡས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷ་ཝ་དྷ་བ་ཧྲི་ཨཱ་ཧ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་སྐུ་ཐོགས་ལ། ཧཱུྃ། འོད་རྒྱན་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། སྐུ་ཚེའི་ཚད་ནི་དུང་ཕྱུར་ཕྲག་དྲུག་ལ། །བསྟན་པ་བྱེ་བ་ཕྲག་བརྒྱད་བར་དུ་རྒྱས། །འདུས་པ་བརྒྱད་བཅུར་དུང་ཕྱུར་ཉི་ཤུ་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ རྫོགས་པའི་སངས་རྒྱས་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། དྲི་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་ཆེན་པོར་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་དགུ་ཁྲི་དྲུག་སྟོང་བྱེ་བ་བསྟན། །དུང་ཕྱུར་ཉེར་བདུན་བྱེ་བ་བཅུ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དྲི་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནིརྨ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། དོན་ཐམས་ཅད་གཟིགས་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཕུང་པོར་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་སྟོང་བར་དུ་བཞུགས། །བསྟན་པ་སུམ་ཁྲི་དྲུག་སྟོང་བར་དུ་གནས། །འདུས་པ་ཉི་ཤུར་ཁྲི་ཕྲག་བཅུ་རྣམས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དོན་གཟིགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་སརྦ་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། དཔའ་བོའི་སྐུ་ཐོགས་ལ། ཧཱུྃ། མཚུངས་མེད་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བྱེ་ལྔ་བསྟན་པ་བཞི་ཁྲིར་གནས། །འདུས་པ་དྲུག་ལ་བྱེ་བ་ཉེར་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དེ་བཞིན་གཤེགས་པ་དཔའ་བོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ར་ཨ་བྷི་ཥིཉྩ་ཧཱུྃ། འབྱོར་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། བསམ་ཞིང་སྟེར་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་ཐེར་འབུམ་བསྟན་པ་ཐེར་འབུམ་ཕྲག །བཞི་བཅུའི་བར་དུ་མི་ནུབ་རྒྱལ་མཚན་འཛུགས། །འདུས་པ་བཞི་བཅུར་ཐེར་འབུམ་ཉི་ཤུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་འབྱོར་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡོ་ག་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྐྱེ་བོས་མཆོད་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་བདུན་ཁྲིར་གནས། །འབུམ་ཕྲག་གཅིག་དང་བྱེ་བ་ལྔ་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བསོད་ནམས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཎྱ་ཨ་བྷི་ཥིཉྩ་ཧཱུྃ། སྒྲོན་མའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཛོད་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་དགུ་སྟོང་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་བཞི་བཅུར་དུང་ཕྱུར་བཅུ་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྒྲོན་མ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་ར་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་འོད་འཕྲོའི་སྐུ་ཐོགས་ལ། ཧཱུྃ། དོན་གནང་ཡུལ་ན་རྒྱལ་པོའི་རིགས་སུ་འཁྲུངས། །སྐུ་ཚེ་ལོ་སྟོང་བརྒྱད་ཁྲི་བཞི་སྟོང་ལ། །བསྟན་པ་ས་ཡ་ཕྲག་དགུར་རྒྱས་པར་འགྱུར། །དུང་ཕྱུར་གསུམ་དང་བྱེ་བ་ཕྲག་དྲུག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་འོད་འཕྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་པྲ་བྷ་པྲ་ཏི་ཨ་བྷི་ཥིཉྩ་ཧཱུྃ། བློ་ཡངས་ཀྱི་སྐུ་ཐོགས་ལ། ཧཱུྃ། རྒྱ་མཚོའི་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་གནས། །འདུས་པ་ལན་དགུར་དུང་གསུམ་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན་མཉམ༴ སངས་རྒྱས་བློ་ཡངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཾ་བུ་དྷ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་སྐྱེས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་དགའ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་དྲུག་ཁྲིར་གནས། །འདུས་པ་གསུམ་ལ་དུང་ཕྱུར་བཅོ་བརྒྱད་དང་། །འབུམ་ཚོ་གཅིག་དང་བྱེ་བ་བཅུ་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ལེགས་སྐྱེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་པུཪྵ་ཨ་བྷི་ཥིཉྩ་ཧཱུྃ། ནོར་ལྷའི་སྐུ་ཐོགས་ལ། ཧཱུྃ། ཏོག་གི་ཡུལ་ན་བྲམ་ཟེའི་རིགས་སུ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་རྣམས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ནོར་ལྷ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཡིད་གཉིས་སྤོངས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཉམས་དགའི་ཡོན་ཏན་རྒྱན་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་ཁྲི་བསྟན་པ་དགུ་སྟོང་གནས། །འདུས་པ་དགུ་ལ་དུང་ཕྱུར་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡིད་གཉིས་སྤོངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ན་ཛྙཱ་ཏྭ་ཏི་ཨ་བྷི་ཥིཉྩ་ཧཱུྃ། འཛིན་པ་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་མཐོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དྲུག་ཁྲི་སུམ་སྟོང་ལ། །བསྟན་པ་ལྔ་ཁྲི་ལྔ་སྟོང་བར་དུ་གནས། །ཐེར་འབུམ་སྟོང་དང་བྱེ་བ་ཕྲག་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ འཛིན་པ་དཔག་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མ་ནི་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། མཆོག་སྲེད་ཀྱི་སྐུ་ཐོགས་ལ། ཧཱུྃ། བདེ་གསལ་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་དགུ་བཅུ་ཉན་ཐོས་དྲུག་ཁྲི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཆོག་སྲེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྲ་ཏྲི་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཆགས་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། གདུལ་དཀའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དྲུག་ཁྲི་དྲུག་སྟོང་ལ། །དེ་ཡི་བསྟན་པ་དགུ་ཁྲི་དྲུག་སྟོང་རྒྱས། །འདུས་པ་གསུམ་ལ་དུང་ཕྱུར་ཉེར་གཅིག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་ཆགས་མེད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ག་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། མི་གནས་པའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་མཆོག་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ལྔ་སྟོང་བསྟན་ལྔ་ཁྲི། །འདུས་པ་བཅུ་ལ་ཐེར་འབུམ་ཕྲག་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མི་གནས་པ་ཡིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། དེར་གནས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འབྱུང་གནས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་སྟོང་བསྟན་པ་ཁྲི་བརྒྱད་སྟོང་། །འདུས་པ་བརྒྱད་ཅུར་དུང་ཕྱུར་བརྒྱད་ཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དེར་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ཐ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཆེན་གཙོ་བོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གསལ་བར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིན་གཅིག་བསྟན་པ་དུང་ཕྲག་བཞི། །བྱེ་བ་ཕྲག་དྲུག་བར་དུ་རབ་དུ་རྒྱས། །འདུས་པ་གཅིག་ལ་འབུམ་ཕྲག་བརྒྱད་ནི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཚོགས་ཆེན་གཙོ་བོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ན་མ་ཧཱ་ན་ཨ་བྷི་ཥིཉྩ་ཧཱུྃ། འགྲོ་བའི་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། འོད་མཐའ་ཡས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་དྲུག་སྟོང་བར་དུ་གནས། །བསྟན་པ་དུང་ཕྱུར་ཕྲག་བཞི་རབ་ཏུ་རྒྱས། །དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་རྣམས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གྲོལ་བའི་འོད་ཟེར་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཏི་རས་མི་ཨ་བྷི་ཥིཉྩ་ཧཱུྃ། ཕལ་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། ཉམས་དགའ་ཡོན་ཏན་ཅན་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་དང་ཆིག་སྟོང་བསྟན་པ་འབུམ། །ས་ཡ་གཉིས་དང་འབུམ་བཅུ་སྨིན་གྲོལ་མཛད། སྐུ་མདོག་དམར་པོ༴ སངས་རྒྱས་ཕན་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཧི་ཏི་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་བའི་སྐུ་ཐོགས་ལ། ཧཱུྃ། མཆོད་པའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་བརྒྱ་བསྟན་པ་ཁྲི་ཉིས་སྟོང་། །འདུས་པ་ལྔ་ལ་འབུམ་ཕྲག་ལྔ་རྣམས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དེ་བཞིན་གཤེགས་པ་རྒྱལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་མཐའ་ཡས་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་བརྒྱ་བསྟན་པ་བདུན་སྟོང་གནས། །འདུས་པ་ཉེར་གཉིས་དུང་ཕྱུར་ཉེར་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ གཟི་བརྗིད་མཐའ་ཡས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་དྷ་ཝ་ཧྲི་ཨ་བྷི་ཥིཉྩ་ཧཱུྃ། དོན་གྱི་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། འབྱོར་བ་གཟི་བརྗིད་ཅན་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དུང་ཕྱུར་དྲུག །ས་ཡ་གཅིག་དང་འབུམ་ཕྲག་བཅུ་བདུན་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དོན་གྱི་བློ་གྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྨན་པའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། བདེ་སྐྱིད་གླིང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་ཁྲི་དྲུག་སྟོང་། །འདུས་པ་བཅུ་ལ་ཐེར་འབུམ་ཕྲག་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྨན་པའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷི་ཥ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཐབས་སྤངས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྐྱོན་བྲལ་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་དེ་བཞིན་རྒྱས། །དུང་ཕྱུར་བཅུ་གཉིས་ས་ཡ་གསུམ་བཅས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཐབས་སྤངས་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུ་པ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རིམས་ནད་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། བག་ཆགས་ཆུང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་སྟོང་བསྟན་པ་སུམ་ཁྲི་དང་། །བཞི་སྟོང་བར་དུ་ཡོངས་སུ་རྒྱས་པར་འགྱུར། །ཐེར་འབུམ་བཞི་བཅུ་ཞེ་ལྔ་སྨིན་གྲོལ་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རིམས་ནད་མེད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ར་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། ལེགས་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། སྡུག་ཅིང་ཉམས་དགའི་ཡུལ་ན་རྒྱལ་པོའི་རིགས། །ཚེ་ལོ་སུམ་སྟོང་བསྟན་པ་དེ་བཞིན་གནས། །འདུས་པ་སུམ་བཅུར་ཐེར་འབུམ་སུམ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལེགས་སྦྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། གྲགས་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་བྱིན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བརྒྱད་སྟོང་གནས། །འདུས་པ་སོ་དྲུག་འབུམ་ཕྲག་སོ་དྲུག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གྲགས་སྦྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིརྟི་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་བྱེ་བར་གནས། །འདུས་པ་བཅུ་གཅིག་བྱེ་བ་འབུམ་ཚོ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མེ་ཏོག་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སྐྱེས་བུ་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འབྱུང་གནས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་ཉི་ཁྲི་དྲུག་སྟོང་བསྟན། །དུང་ཕྱུར་གསུམ་དང་བྱེ་བ་དྲུག་རྣམས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྐྱེས་བུ་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་སྡེའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མཐའ་ཡས་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་ལྔ་སྟོང་བཞི་ཁྲི་བསྟན། །འདུས་པ་བཅུ་བཞིར་འབུམ་ཚོ་ཞེ་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རྡོ་རྗེ་སྡེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་སིན་ནི་ཀཱ་ཨ་བྷི་ཥིཉྩ་ཧཱུྃ། ཕལ་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྤོས་ལྡན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་སྟོང་བསྟན་པ་དྲུག་སྟོང་ལ། །འདུས་པ་ཉི་ཤུ་ཐེར་འབུམ་ཕྲག་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཕལ་ཆེན་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧཉྩ་མ་ཧཱ་དཱ་ན་ཨ་བྷིིི་ཥིཉྩ་ཧཱུྃ། ཞི་བའི་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། རབ་ཏུ་ཞི་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་ལ་བསྟན་པ་བྱེ་བར་གནས། །འདུས་པ་བཅུ་དྲུག་ཐེར་འབུམ་བཅུ་དྲུག་གྲོལ། སྐུ་མདོག་དཀར་པོ་ས་གནོན༴ ཞི་བའི་བློ་གྲོས་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤནྟིང་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྤོས་ཀྱི་གླང་པོའི་སྐུ་ཐོགས་ལ། ཧཱུྃ། སྤོས་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་ལྔ་སྟོང་བསྟན་དེ་བཞིན། །འདུས་པ་བཅུ་གཉིས་དུང་ཕྱུར་བཅུ་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྤོས་ཀྱི་གླང་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧ་ཏི་དྷཱུ་པེ་ཨ་བྷི་ཥིཉྩ་ཧཱུྃ། སྲེད་མེད་ཀྱི་བུའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དགུ་ཁྲིར་གནས། །འདུས་པ་གྱ་བཞིར་དུང་ཕྱུར་ཉི་ཤུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྲེད་མེད་བུ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏྲི་ཎ་ན་ཧི་སུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། དེས་པའི་སྐུ་ཐོགས་ལ། ཧཱུྃ། དག་པའི་གཟི་བརྗིད་གྲོང་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་སྟོང་བསྟན་པ་ཁྲི་ཆིག་སྟོང་། །འདུས་པ་གསུམ་ལ་འབུམ་དགུ་སྨིན་གྲོལ་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དེས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནིར་ཨ་བྷི་ཥིཉྩ་ཧཱུྃ། མི་ཚུགས་པའི་སྐུ་ཐོགས་ལ། ཧཱུྃ། ཚུགས་པ་མེད་པའི་འཁོར་ལོར་བྲམ་ཟེའི་རིགས། །སྐུ་ཚེ་སུམ་སྟོང་བསྟན་པ་བཞི་ཁྲིར་གནས། །དུང་ཕྱུར་གཅིག་དང་བྱེ་བ་བཅོ་བརྒྱད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མི་ཚུགས་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡ་ནེ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཉི་ཟླའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །བྱེ་བ་འབུམ་ཚོ་བརྒྱད་ཅུ་རྩ་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཉི་ཟླ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། གློག་གི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། འོད་རྟག་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ཆིག་སྟོང་བསྟན་ཁྲི་བཞི་སྟོང་། །འདུས་པ་དྲུག་ཅུར་འབུམ་ཚོ་དྲུག་ཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གློག་གི་ཏོག་གི་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུལྐ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། མཆོད་པའི་སྐུ་ཐོགས་ལ། ཧཱུྃ། བལྟ་ན་ཡིད་འོང་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དྲུག་ཁྲིར་གནས། །འདུས་པ་བཅུ་ལ་དུང་ཕྱུར་བཅུ་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཆོད་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ཙ་ཨ་བྷི་ཥིཉྩ་ཧཱུྃ། དཔལ་སྦས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཟླ་བའི་ཏོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་འབུམ་ལ་བསྟན་པ་བྱེ་བ་བདུན། །འདུས་པ་བཅུ་དྲུག་ཐེར་འབུམ་སུམ་ཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དཔལ་སྦས་དམ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤྲཱི་གུཔྟ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ཉི་མའི་སྐུ་ཐོགས་ལ། ཧཱུྃ། འོད་མཐའ་ཡས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་བརྒྱ་བསྟན་པ་ཁྲི་ལ་གནས། །འདུས་པ་བཅུ་དྲུག་དུང་ཕྱུར་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡེ་ཤེས་ཉི་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་སཱུརྱ་ཨ་བྷི་ཥིཉྩ་ཧཱུྃ། དོན་གྲུབ་ཀྱི་སྐུ་ཐོགས་ལ། ཧཱུྃ། བསམ་པ་ཇི་ལྟ་བཞིན་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་སྟོང་ཉིས་ཁྲི་བརྒྱད་སྟོང་གནས། །དུང་ཕྱུར་གཅིག་དང་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དོན་གྲུབ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ལྷུན་པོ་བརྩེགས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བར་གནས། །འདུས་པ་བཅུ་དྲུག་ཁྲི་ཕྲག་བཅུ་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ལྷུན་པོ་བརྩེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་ཀུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། དགྲ་འདུལ་གྱི་སྐུ་ཐོགས་ལ། ཧཱུྃ། འཇིགས་བྲལ་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ལ་བསྟན་པ་དུང་ཕྱུར་གཅིག །བྱེ་བ་བཞི་ཡི་བར་དུ་རྒྱས་པར་འགྱུར། །འདུས་པ་སོ་དྲུག་བྱེ་བ་སྟོང་ཕྲག་གྲོལ། སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དགྲ་འདུལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ར་མ་ཀ་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་སྐུ་ཐོགས་ལ། ཧཱུྃ། པདྨ་དཀར་པོར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བར་དུ་བཞུགས། །བསྟན་པ་འབུམ་ཕྲག་གཅིག་ལ་རབ་ཏུ་རྒྱས། །དུང་ཕྱུར་དགུ་དང་བྱེ་བ་ཕྲག་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་པདྨ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་ཨ་བྷི་ཥིཉྩ་ཧཱུྃ། དགྲ་བཅོམ་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། དྲང་སྲོང་དེད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅོ་བརྒྱད་ཐེར་འབུམ་བརྒྱད་ཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དགྲ་བཅོམ་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ར་ཧ་ཏ་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འགྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྤོབས་པའི་དཔལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་བསྟན་ཁྲི་བརྒྱད་སྟོང་། །འདུས་པ་བཅུ་ལ་ཐེར་འབུམ་ཉི་ཤུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་འགྲོས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཉོན་མོངས་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། འཇམ་པའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་དང་དྲུག་སྟོང་བར་དུ་བཞུགས། །བསྟན་པ་དྲུག་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་གསུམ་ལ་བྱེ་བ་ཞེ་གཅིག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཉོན་མོངས་བྲལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྷཾ་པཱ་ཨ་བྷི་ཥིཉྩ་ཧཱུྃ། འདམ་བུའི་སྐུ་ཐོགས་ལ། ཧཱུྃ། བརྩེ་དགའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་དགུ་སྟོང་གནས། །འདུས་པ་བཅུ་གསུམ་བརྒྱད་ཁྲི་སྨིན་པར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་འདམ་བུས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སངྐ་སུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། སྤོས་བཟང་གི་སྐུ་ཐོགས་ལ། ཧཱུྃ། འོད་མཐའ་ཡས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་བརྒྱད་བསྟན་པ་དུང་བདུན་རྒྱས། འདུས་པ་བཅུ་བཞིར་དུང་ཕྱུར་ཉི་ཤུ་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤོས་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷཱུ་པེ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཡུལ་འཁོར་རང་གི་སྐུ་ཐོགས་ལ། ཧཱུྃ། ལེགས་གསུང་གཟི་བརྗིད་གྲོང་ན་བྲམ་ཟེའི་རིགས། སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །འདུས་པ་སོ་བརྒྱད་ཁྲི་ཕྲག་ཉིས་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡུལ་འཁོར་རང་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱིཥྟཾ་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ལྷ་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྷ་དགའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་ཁྲི་དྲུག་སྟོང་བསྟན། །དུང་ཕྱུར་ཕྲག་གཅིག་བྱེ་བ་ཕྲག་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་ལྷ་གྲགས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། སྲིད་མཐའ་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་ལྷ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་དང་དྲུག་སྟོང་བར་དུ་འཚོ། །ཆོས་ཀྱི་བསྟན་པ་ཁྲི་དང་དྲུག་སྟོང་རྒྱས། །འདུས་པ་བཞི་བཅུར་ཐེར་འབུམ་བཅོ་ལྔ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྲིད་མཐའ་གཟིགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏྲི་ཎ་ཨནྟ་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་སྐུ་ཐོགས་ལ། ཧཱུྃ། བཀོད་ལྡན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་དང་བརྒྱད་སྟོང་བར་དུ་འཚོ། །ཆོས་ཀྱི་བསྟན་པ་སུམ་ཁྲི་ཉིས་སྟོང་རྒྱས། །དུང་ཕྱུར་གཅིག་དང་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འབར་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བརྒྱད་སྟོང་བར་དུ་འཚོ། །ཆོས་ཀྱི་བསྟན་པ་སུམ་ཁྲི་ལྔ་སྟོང་རྒྱས། །འདུས་པ་གསུམ་ལ་ཁྲི་འབུམ་བཅོ་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྒྲ་གཅན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ཧུ་ལ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་སྟོང་བསྟན་པ་བདུན་ཁྲིར་གནས། །འདུས་པ་ཉེར་ལྔ་ཐེར་འབུམ་སུམ་ཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེ་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། རྣམ་ཤེས་རྣམ་རོལ་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བཞི་ཁྲི་བསྟན་པ་འབུམ་ལ་རྒྱས། །འདུས་པ་ཉི་ཤུ་བྱེ་བ་འབུམ་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སེང་གེ་རྒྱལ་མཚན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བསམ་གཏན་དགྱེས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཞི་བ་ཉི་དགའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེའི་ཚད་ནི་བྱེ་བ་ཕྲག་གཉིས་ཏེ། །བསྟན་བ་བདུན་ཁྲི་སུམ་སྟོང་བར་དུ་རྒྱས། །འདུས་པ་དགུ་ལ་ཁྲི་དགུ་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བསམ་གཏན་རྒྱས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྡྷྱ་ན་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། རྫོགས་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མཐའ་ཡས་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་བྱེ་བར་གནས། །འདུས་པ་བཅུ་གཅིག་ཐེར་འབུམ་ཕྲག་གཅིག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རྫོགས་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་མསྟ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རྣམ་བར་རོལ་པའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་དཔག་མེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཐེར་འབུམ་བར་དུ་རབ་འཚོ་ཞིང་། །བསྟན་པ་དུང་ཕྱུར་ཕྲག་གཅིག་བྱེ་བ་བཞི། བྱེ་བ་ཕྲག་བཞི་དུང་ཕྱུར་ཕྲག་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རྣམ་པར་རོལ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ལ་ལི་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་རིན་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་མཐའ་ཡས་གྲོང་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་དང་བརྒྱད་སྟོང་བསྟན་བརྒྱད་ཁྲི། །འདུས་པ་བཅུ་གསུམ་དུང་ཕྱུར་བཅོ་བརྒྱད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡོན་ཏན་རིན་ཆེན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་གུ་ན་ཨ་བྷི་ཥིཉྩ་ཧཱུྃ། དགྲ་བཅོམ་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། རྨད་བྱུང་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་བརྒྱ་བསྟན་པ་སྟོང་ལ་གནས། །འདུས་པ་བཅུ་ལ་དུང་ཕྱུར་བཅུ་དྲུག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དགྲ་བཅོམ་གྲགས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨརྷ་ཏེ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་ངེས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བརྒྱད་ཁྲི་སུམ་སྟོང་བསྟན། །འདུས་པ་ལན་དྲུག་བྱེ་བ་ཕྲག་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་པདྨའི་ངེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་ནི་ར་ཨ་བྷི་ཥིཉྩ་ཧཱུྃ། མཛོད་སྤུ་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་གཟི་བརྗིད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དགུ་སྟོང་གནས། །འདུས་པ་དྲུག་ལ་བྱེ་བ་འབུམ་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཛོད་སྤུ་ལྡན་གྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀུ་རུ་རོ་མ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྤོབས་པ་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོངས་དགའི་ཡིད་འོང་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དུང་ཕྱུར་གཅིག་དང་བྱེ་ཕྲག་བཞི་། །བསྟན་པ་རིན་ཆེན་བརྒྱད་ཁྲིའི་བར་དུ་རྒྱས། །ས་ཡ་གསུམ་དང་འབུམ་ཕྲག་བཅུ་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤོབས་པ་གྲགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་ཏི་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ནོར་བུའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །དུང་ཕྱུར་ཕྲག་དགུ་བྱེ་བ་ཕྲག་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྡོ་རྗེ་ནོར་བུས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ། ཚེ་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། དཔལ་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ཆིག་སྟོང་བསྟན་དེ་བཞིན། །འདུས་པ་འབུམ་ལ་བྱང་སེམས་དཔག་མེད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཚེ་དཔག་མེད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱ་ཡུར་ཨ་མ་ནི་ཨ་བྷི་ཥིཉྩ་ཧཱུྃ། ནོར་བུ་བཀོད་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་པ་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་བདུན་ཁྲིར་གནས། །འདུས་པ་ལྔ་ལ་ཁྲི་ཕྲག་བཅུ་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ནོར་བུ་བཀོད་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་ནེ་པ་ཨ་བྷི་ཥིཉྩ་ཧཱུྃ། དབང་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། མདངས་འགྲོའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་སྟོང་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་བཅུ་བཞིར་འབུམ་ཚོ་ཕྲག་གཉིས་གྲོལ། སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དབང་ཆེན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཥིཉྩ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་འབྱུང་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ལྡན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་སྟོང་བར་དུ་འཚོ། །བསྟན་པ་ཁྲི་ཚོ་བདུན་སྟོང་བར་དུ་རྒྱས། །དུང་ཕྱུར་གཅིག་དང་བྱེ་བ་ཕྲག་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཡོན་ཏན་འབྱུང་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། ལྷུན་པོ་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཚུལ་ཁྲིམས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་སུམ་ཁྲི་སུམ་སྟོང་ལ། །བསྟན་པ་བདུན་ཁྲི་སུམ་སྟོང་བར་དུ་རྒྱས། །འདུས་པ་བརྒྱད་ལ་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལྷུན་པོ་གྲགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་བཅུ་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཚུངས་མེད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བཞི་ཁྲིའི་བར་དུ་རབ་འཚོ་ཞིང་། །བསྟན་པ་སུམ་ཁྲི་བཞི་སྟོང་བར་དུ་གནས། །འདུས་པ་བཅུ་བཞིར་འབུམ་ཕྲག་རེ་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འོད་ཟེར་བཅུ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་སྨི་ད་ཤ་ཨ་བྷི་ཥིཉྩ་ཧཱུྃ། མ་སྨད་པའི་སྐུ་ཐོགས་ལ། ཧཱུྃ། མཆོད་རྟེན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་ཁྲི་དྲུག་སྟོང་། །དུང་ཕྱུར་ལྔ་བརྒྱ་དུང་ཕྱུར་ཉི་ཤུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མ་སྨད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མཏྭ་ཨ་དྷ་ཏ་ཡ་ཨ་བྷི་ཥིཉྩ་ཧཱུྃ། གླང་པོའི་འགྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་སྟོང་བསྟན་པ་དེ་བཞིན་རྒྱས། །དུང་ཕྱུར་ཕྲག་གཉིས་བྱེ་བ་བདུན་ཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གླང་པོའི་འགྲོས་ཀྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ག་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཡིད་འཐད་ཀྱི་སྐུ་ཐོགས་ལ། ཧཱུྃ་འོད་དཀོར་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བསྟན་པ་སུམ་སྟོང་གནས། །འདུས་པ་བཅུ་བཞིར་དུང་ཕྱུར་གྱ་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡིད་འཐད་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཨཱུ་པ་བ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། ཏོག་གི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་སྟོང་བསྟན་པ་སྟོང་། །དུང་ཕྱུར་ཕྲག་གཅིག་བྱེ་བ་ཕྲག་བརྒྱད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། ཞི་བའི་སྐུ་ཐོགས་ལ། ཧཱུྃ། སྐྱོན་མེད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་ཁྲི་དང་ལྔ་སྟོང་བསྟན། །དུང་ཕྱུར་ཕྲག་གསུམ་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཞི་བ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤནྟིང་ཨ་བྷི་ཥིཉྩ་ཧཱུྃ། རབ་གསལ་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ཏོག་གི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་ཕྲག་གཉིས་བསྟན་དེ་བཞིན། །ས་ཡ་དགུ་དང་འབུམ་ཕྲག་བཅུ་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རབ་གསལ་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ནི་ར་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཁ་ལོ་བསྒྱུར་བའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གསལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་སྟོང་ལ་གནས། །དུང་ཕྱུར་ཕྲག་བརྒྱད་བྱེ་བ་ཕྲག་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཁ་ལོ་སྒྱུར་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཥ་བཪྟི་ཨ་བྷི་ཥིཉྩ་ཧཱུྃ། དགའ་བའི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་དབྱངས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་བྱེ་བར་གནས། །འདུས་པ་ལྔ་ལ་དུང་ཕྱུར་ཕྲག་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དགའ་བའི་དབང་ཕྱུག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ཏ་ཤྭ་ཝ་ཨ་བྷི་ཥིཉྩ་ཧཱུྃ། གཙུག་ན་རིན་པོ་ཆེའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་བརྩེགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་སྟོང་བསྟན་པ་བཞི་སྟོང་རྒྱས། །ས་ཡ་གསུམ་དང་འབུམ་ཕྲག་བཅུ་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ གཙུག་ན་རིན་པོ་ཆེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཙུར་ཎ་ཨ་བྷི་ཥིཉྩ་ཧཱུྃ། རྙེངས་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། ཚེ་སྦྱིན་གྲོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་ཉིས་སྟོང་ལ། །བསྟན་པ་རིན་ཆེན་བརྒྱད་ཁྲིའི་བར་དུ་གནས། །འདུས་པ་གཅིག་ལ་དཔག་ཏུ་མེད་པ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྙེངས་བྲལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་པ་སྨྲ་ར་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། ཕུང་པོ་གྲོལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་ཕྲག་ལྔ་བསྟན་པ་དུང་། །འདུས་པ་བདུན་ཅུར་བྱེ་བ་ཉེར་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རིན་ཆེན་སྙིང་པོས་དབང་བསྐུར་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ། དྲི་མེད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་སྟོང་བསྟན་པ་ཁྲི་དྲུག་སྟོང་། །དུང་ཕྱུར་གཉིས་དང་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཟླ་བའི་ཞལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ། དྲི་མ་དང་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། ཚེར་མ་མེད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉི་ཁྲི་བརྒྱད་སྟོང་བཞི་ཁྲི་བསྟན། །འདུས་པ་སུམ་ཅུར་འབུམ་ཚོ་ཕྲག་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དྲི་མ་བྲལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནིར་ཨ་པ་ཨ་བྷི་ཥིཉྩ་ཧཱུྃ། ཞི་བའི་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་བཞི་སྟོང་རྒྱས། །འདུས་པ་རེ་དགུར་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཞི་བའི་གཟི་བརྗིད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤནྟིང་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དགའ་བའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་རྩ་གསུམ་ལ། །བསྟན་པ་མི་ནུབ་བརྒྱད་ཁྲིའི་བར་དུ་གནས། །བྱེ་བ་སྟོང་ཕྲག་དོན་དྲུག་སྨིན་པར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དགའ་བའི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ཏ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་ལྷའི་སྐུ་ཐོགས་ལ། ཧཱུྃ། དགའ་བྱེད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ལ། །བསྟན་པ་སྟོང་ཕྲག་དགུ་བཅུ་རྩ་གསུམ་རྒྱས། །འདུས་པ་རེ་དྲུག་བྱེ་ཕྲག་རེ་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྒྲ་གཅན་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་རཱ་ཧུ་ལ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་འདྲེན་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་རྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་ལོ་སྟོང་གནས། །འདུས་པ་བརྒྱད་ཅུར་བྱེ་བ་ཉི་ཤུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་འདྲེན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ནཱར་ཀ་ཨ་བྷི་ཥིཉྩ་ཧཱུྃ། ལྷ་དགའི་སྐུ་ཐོགས་ལ། ཧཱུྃ། ལྷ་རྒྱན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གསུམ། །བསྟན་པ་སྟོང་ཕྲག་བདུན་བཅུ་གཉིས་ལ་རྒྱས། །འདུས་པ་སོ་དྲུག་དུང་ཕྱུར་ཉེར་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ལྷ་དགའ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ར་ཏ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུ་རྩ་གསུམ་ལ། །བསྟན་པ་སྟོང་ཕྲག་བརྒྱད་བཅུའི་བར་དུ་རྒྱས། །དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། མཛེས་པར་གཤེགས་པའི་སྐུ་ཐོགས་ལ། ཧཱུྃ། གདུངས་ཤིང་དགའ་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བྱེ་བ་སྟོང་ཕྲག་དགུ་བཅུ་བསྟན། །འདུས་པ་སོ་དྲུག་བྱེ་བ་དྲུག་བཅས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མཛེས་པར་གཤེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་ན་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་ཕྱོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལྡན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་བརྒྱ་བསྟན་པ་སྟོང་ཕྲག་བཅུ། །འདུས་པ་བཅུ་ལ་བྱེ་ཕྲག་ཉི་ཤུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སེང་གེའི་ཕྱོགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་དིཀྐ་ཨ་བྷི་ཥིཉྩ་ཧཱུྃ། ཤིན་ཏུ་མཐོང་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྷ་སྤྲུལ་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཞི་བཅུ་ཐམ་པ་ལ། བསྟན་པ་སྟོང་ཕྲག་དགུ་བཅུའི་བར་དུ་རྒྱས། །འདུས་པ་རེ་དྲུག་བྱེ་ཕྲག་ཞེ་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཤིན་ཏུ་མཐོང་གཤེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ནི་ནི་གཙྪ་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་བའི་དབང་པོའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་འཕགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་སྟོང་བར་དུ་རབ་བརྟན་ཅིང་། །བསྟན་པ་སྟོང་ཕྲག་བདུན་ཅུ་གཉིས་ལ་རྒྱས། །འདུས་པ་བཅུ་དྲུག་བྱེ་བ་བཅུ་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྐྱེ་བའི་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཏི་ཨིནྟྲ་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། ངེས་པའི་མདངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་སྟོང་ཕྲག་བཅུ་ལ་བཞུགས། །བསྟན་པ་རིན་ཆེན་སྟོང་ཕྲག་གཉིས་ལ་གནས། །འདུས་པ་དགུ་བཅུ་བྱེ་ཕྲག་ཉི་ཤུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བློ་གྲོས་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟིགས་འཕགས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་གཉིས་བསྟན་པ་ལོ་སྟོང་རྒྱས། །བྱེ་བ་སྟོང་ཕྲག་བཅོ་བརྒྱད་སྨིན་པར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འཕྲུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་སྟོང་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་ཐེར་འབུམ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ རིན་ཆེན་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་ཤིང་རྟའི་སྐུ་ཐོགས་ལ། ཧཱུྃ། སྐར་མའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་སྟོང་ཉེར་གསུམ། །དུང་ཕྱུར་ཕྲག་གཅིག་བྱེ་བ་གྱ་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སྐལ་ལྡན་ཤིང་རྟ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་ག་ཝ་ཏི་ཐ་ཨ་བྷི་ཥིཉྩ་ཧཱུྃ། ཀུན་ཏུ་རྒྱལ་བའི་སྐུ་ཐོགས་ལ། ཧཱུྃ། བདེ་རྒྱན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བྱེ་བར་གནས། །འདུས་པ་བརྒྱད་ལ་དུང་ཕྱུར་ཉི་ཤུ་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཀུན་ཏུ་རྒྱལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སརྦ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དགའ་བ་བཀོད་པའི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་མཐོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་སྟོང་ཕྲག་བཅུ་གཉིས་བསྟན། །འདུས་པ་གཉིས་ལ་ཁྲི་ཕྲག་ཞེ་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དགའ་བ་བཀོད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ཏ་ནོ་པ་ཨ་བྷི་ཥིཉྩ་ཧཱུྃ། སྟེགས་ནི་མཛད་པའི་སྐུ་ཐོགས་ལ། ཧཱུྃ། བདེ་བ་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་དགུ་བཅུ་དགུ་ལ་བཞུགས། །བསྟན་པ་སུམ་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་རེ་དྲུག་བྱེ་ཕྲག་བཅོ་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྟེགས་ནི་མཛད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧསྟ་ཀརྱ་ཨ་བྷི་ཥིཉྩ་ཧཱུྃ། སྤོས་ཀྱི་གླང་པོའི་སྐུ་ཐོགས་ལ། ཧཱུྃ། སྤོས་གསལ་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅོ་ལྔ་འཚོ་ཞིང་བཞུགས། །བསྟན་པ་སྟོང་ཕྲག་དགུ་བཅུ་རྩ་དགུར་རྒྱས། །འདུས་པ་སོ་དྲུག་བྱེ་བ་ཞེ་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྤོས་ཀྱི་གླང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧ་ཏི་དྷུ་པེ་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་འོད་འཕྲོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ལྡན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་བརྒྱ་བསྟན་པ་ལོ་སྟོང་གནས། །འདུས་པ་ཁྲི་བཞིར་དུང་ཕྱུར་རེ་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བློ་གྲོས་འོད་འཕྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་པྲ་བྷ་པྲ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རི་བོའི་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། མཆོད་རྟེན་རྨད་བྱུང་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སྟོང་བཅུ་བསྟན་པ་སྟོང་ཕྲག་བཅུ། །འདུས་པ་རེ་དྲུག་བྱེ་བ་ཕྲག་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ རི་བོའི་རྒྱལ་མཚན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་སྤོས་བཟང་གི་སྐུ་ཐོགས་ལ། ཧཱུྃ། སྤོས་རྒྱན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ས་ཡ་ཕྲག་བཅུ་གསུམ། །སངས་རྒྱས་འདི་ཡི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དག་ནི་མཐའ་ཡས་སྨིན་པར་གྱུར། །སྐུ་མདོག་མཐིང་ག་ས་གནོན༴ རིན་ཆེན་སྤོས་བཟང་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་དྷཱུ་པེ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་བསྟན་གྱི་སྐུ་ཐོགས་ལ། ཧཱུྃ། དྲག་ཤུལ་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་འབུམ་གཉིས་བསྟན་པ་བརྒྱད་ཅུར་རྒྱས། །དུང་ཕྱུར་གཅིག་དང་བྱེ་བ་ཞེ་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཆོས་བསྟན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་སྠཱ་ར་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་དྲག་ཤུལ་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མ་སྨད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་བརྒྱ་བསྟན་པ་སྟོང་ཕྲག་གཉིས། །དུང་ཕྱུར་གསུམ་དང་བྱེ་བ་ལྔ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ གཟི་བརྗིད་དྲག་ཤུལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་ཨུ་གྲ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་ནོར་བུའི་སྐུ་ཐོགས་ལ། ཧཱུྃ། པདྨ་ཀ་རའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་སྟོང་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་ལ། །འགོག་པ་ཐོབ་པ་བརྒྱད་ཅུ་བརྒྱད་ཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཆོས་ཀྱི་ནོར་བུས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ། མཆོག་ན་བཟང་པོ་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། པདྨའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་འབུམ་ལ་བསྟན་པ་བདུན་ཁྲིར་གནས། །དུང་ཕྱུར་ཕྲག་གཉིས་བྱེ་བ་ཕྲག་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ མཆོག་ན་བཟང་པོ་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྲ་བྷ་དྲ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། བདེ་གཤེགས་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉེར་གཉིས་བསྟན་པ་སུམ་བརྒྱ་གནས། །འདུས་པ་སོ་དྲུག་སྐལ་ལྡན་སྐྱེ་འགྲོ་འདུས། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བདེ་གཤེགས་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཥ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་དབྱངས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅུ་དྲུག་བརྒྱད་ཁྲི་བསྟན། །དུང་ཕྱུར་གཅིག་དང་བྱེ་བ་དྲུག་ཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཚངས་དབྱངས་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲ་ཧྨ་གོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེ་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་མཐོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་སྟོང་ལ་རྒྱས། །འབུམ་ཕྲག་དྲུག་ཅུ་རྩ་གསུམ་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སེང་གེ་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེང་ཧ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། མཚུངས་མེད་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་མཛད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་བརྒྱ་བསྟན་པ་བརྒྱད་འགྱུར་རྒྱས། །འདུས་པ་ལན་གྲངས་བཞི་བརྒྱ་བརྒྱད་ཅུ་ལ། །རྡུལ་བྲལ་ཕྱིར་མི་ལྡོག་པ་དཔག་མེད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཚུངས་མེད་དཔལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏརྟུ་ན་ཧི་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། ལེགས་པར་སྐྱེས་ཀྱི་སྐུ་ཐོགས་ལ། ཧཱུྃ། དད་པའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་སྟོང་སུམ་ཁྲི་དྲུག་སྟོང་བསྟན། །འདུས་པ་བརྒྱད་ཅུར་བྱེ་ཕྲག་དགུ་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ལེགས་པར་སྐྱེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་པུར་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཐུབ་མེད་ཚོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཚན་རྒྱན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བསྟན་པ་བརྒྱད་ཁྲིར་གནས། །འདུས་པ་བཞི་ཁྲིར་བྱེ་བ་བཞི་ཁྲི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཐུབ་པ་མེད་པའི་ཚོགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུ་ནེ་ན་ཧི་ག་ན་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པ་བཤེས་གཉེན་གྱི་སྐུ་ཐོགས་ལ། ཧཱུྃ། གྲགས་འཕགས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་ཆིག་སྟོང་འཚོ་བར་འགྱུར། །དམ་ཆོས་བསྟན་པ་ཉི་ཁྲི་ཉིས་སྟོང་རྒྱས། །འདུས་པ་རེ་དྲུག་བྱེ་བ་སོ་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ གྲགས་པའི་བཤེས་གཉེན་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ། ཨོཾ་བུདྡྷ་ཀིཪྟི་མི་དྲ་ཨ་བྷི་ཥིཉྩ་ཧཱུྃ། བདེན་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཛེས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་དགུ་སྟོང་རྒྱས། །འདུས་པ་བྱེ་སྟོང་དུང་ཕྱུར་བཅུ་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བདེན་པ་ཆེན་པོས་༴ སྐལ་ལྡན་བུ་རྣམས༴ ། ཨོཾ་བུདྡྷ་པ་ཏྱ་ཨ་བྷི་ཥིཉྩ་ཧཱུྃ། དཀའ་ཐུབ་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། མགོན་མེད་ཚིམ་པར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ལ་བསྟན་པ་དགུ་འབུམ་རྒྱས། །འདུས་པ་བདུན་ལ་བྱེ་བ་སོ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དཀའ་ཐུབ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏ་པ་སཱ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། ལྷུན་པོའི་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་འཕགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་གནས། །དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན་མཉམ༴ ལྷུན་པོའི་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་བརྩེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་འཕགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་སུམ་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡོན་ཏན་བརྩེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། མཆོད་པ་གྲགས་པའི་སྐུ་ཐོགས་ལ། །ཧཱུྃ། འཇིག་རྟེན་དད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་དག་ཏུ་བཞུགས། །བསྟན་པ་སུམ་ཁྲི་ཉིས་སྟོང་བར་དུ་གནས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མཆོད་པ་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཙ་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། རྣམ་ངེས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བསྟན་ཁྲི་གཅིག །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཆོས་ཀྱི་གྲགས་པས༴ སྐལ་ལྡན་བུ་རྣམས༴ ། ཨོཾ་བུདྡྷ་དྷརྨཱ་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། སྦྱིན་པའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཤིན་ཏུ་དགའ་བར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་དག་ཏུ་བཞུགས། །བསྟན་པ་ཉི་ཁྲི་སྟོང་གཅིག་བར་དུ་གནས། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་ལ། །དེ་དག་ཀུན་ལ་ཐེར་འབུམ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྦྱིན་པའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དཱ་ན་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། གློག་གི་སྦྱིན་པའི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་སྣང་བྱེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་སྟོང་བསྟན་པ་དྲུག་སྟོང་གནས། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་ལ། །དགྲ་བཅོམ་ཐེར་འབུམ་བདུན་ཅུ་དྲུག་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གློག་གི་སྦྱིན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུལྐ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། བདེན་པར་གསུང་པའི་སྐུ་ཐོགས་ལ། ཧཱུྃ། མཆོད་པའི་གནས་ན་བྲམ་ཟེའི་རིགས་ལ་འཁྲུངས། །བདུན་ཁྲི་བདུན་སྟོང་ཉིས་ཁྲི་ཆིག་སྟོང་བསྟན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བདེན་པར་གསུང་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ཏྱ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་འཚོ་བྱེད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཐམས་ཅད་འབྱོར་ལྡན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་སྟོང་དགུ་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་བདུན་ཏེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མགོན་པོ་འཚོ་བྱེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་བྷི་ཥ་ཨ་བྷི་ཥིཉྩ་ཧཱུྃ། ན་ཚོད་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། རྟག་འདོད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཆིག་སྟོང་བསྟན་པ་སུམ་སྟོང་རྒྱས། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ན་ཚོད་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀུ་མ་ཏ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་པའི་ཚོགས་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། གསེར་རེའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་སྟོང་བསྟན་པ་དྲུག་སྟོང་རྒྱས། །འདུས་པ་ལན་གྲངས་ལྔ་སྟོང་ཀུན་ལ་ཡང་། །སྐྱེ་བ་ལྡོག་པ་ཁྲི་ཚོ་ཁྲི་ཚོ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ལེགས་པའི་ཚོགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ག་ན་ཨ་བྷི་ཥིཉྩ་ཧཱུྃ། རྣམ་ངེས་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཆོད་ངེས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅོ་བརྒྱད་བར་དུ་འཚོ། །བསྟན་པ་བདུན་ཁྲི་བདུན་སྟོང་བར་དུ་གནས། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་བཅས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ རྣམ་པར་ངེས་པའི་བློ་གྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ནིར་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྲིད་མཐའ་ནོར་བུའི་སྐུ་ཐོགས་ལ། ཧཱུྃ། དགའ་དད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དུང་བཅུ་ཉིས་ཁྲི་ཉིས་སྟོང་བསྟན། །དགུ་ཁྲི་དགུ་སྟོང་བར་དུ་རྒྱས་པར་འགྱུར། །འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྲིད་མཐའ་ནོར་བུས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙི་ཨཎྜ་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ། དགྱེས་པའི་སྐུ་ཐོགས་ལ། ཧཱུྃ། སེམས་སྦྱངས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་གྲངས་བྱེ་བ་སུམ་ཅུ་གཉིས། །བསྟན་པ་ལོ་གྲངས་བྱེ་བ་ཕྲག་གཅིག་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་རྩ་གསུམ་སྟེ། །བྱེ་བ་ཕྲག་ནི་གཉིས་གཉིས་འདུས་པ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་དགྱེས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། དྲག་ཤུལ་ངེས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་གཅིག་བཞི་སྟོང་བསྟན་པ་ནི། །བཞི་ཁྲི་དྲུག་སྟོང་བར་དུ་རྒྱས་པར་འགྱུར། །འདུས་པ་དག་ནི་ལན་གྲངས་བདུན་ཅུ་སྟེ། །བྱེ་བ་སྟོང་ཕྲག་དག་དང་མཐའ་ཡས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སེང་གེའི་འོད་ཟེར་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་སྣང་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་ཚད་མེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བསྟན་པ་ནི། །ཆིག་ཁྲི་བདུན་སྟོང་བར་དུ་རབ་ཏུ་རྒྱས། །འདུས་པ་གཅིག་ལ་བྱེ་ཕྲག་ཆིག་ཁྲི་དང་། །ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་གྲོལ་བར་འགྱུར། །སྐུ་མདོག་དམར་པོ་ས་གནོན༴ རྣམ་པར་སྣང་མཛད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ། གྲགས་མཆོག་གི་སྐུ་ཐོགས་ལ། ཧཱུྃ། གྲགས་པའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་ཉིས་སྟོང་བར་དུ་བཞུགས། །བསྟན་པ་སྟོང་ཕྲག་བཅུ་བདུན་བར་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་དང་ཞེ་བཞི་ལ། །བྱེ་བ་སྟོང་སྟོང་དག་ནི་གྲོལ་བར་འགྱུར། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གྲགས་པ་མཆོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིཪྟི་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་རབ་གཞུངས་པའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་ལྟ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ལ་ཆིག་ཁྲི་ཉིས་སྟོང་བསྟན། བརྒྱད་ཅུ་རྩ་དྲུག་འདུས་པ་དཔག་མེད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཐུགས་རབ་གཞུངས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙིཏྟ་པ་ར་བནྟ་ཨ་བྷི་ཥིཉྩ་ཧཱུྃ། ནོར་བུ་ཟླ་བའི་སྐུ་ཐོགས་ལ། ཧཱུྃ་མིག་གི་མཐོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཆིག་ཁྲི་ཉིས་སྟོང་སྟོང་བཅུར་བསྟན་། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་བྱེ་བ་ཕྲག་ནི་བརྒྱ་བརྒྱ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ནོར་བུ་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས་སྨིན༴ ཨོཾ་བུདྡྷ་མ་ཎི་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། དྲག་ཤུལ་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ་རྟག་འོད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲིའི་བར་དུ་འཚོ་ཞིང་བཞེས། །བསྟན་པ་སྟོང་ཕྲག་བཞི་བཅུ་རྩ་དྲུག་རྒྱས། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དྲག་ཤུལ་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྲ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། བརྟུལ་ཞུགས་ཐུབ་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ་དགའ་བས་ཚིམ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བདུན་ཅུའི་བར་དུ་གནས། །བསྟན་པ་སྟོང་ཕྲག་དྲུག་ཅུ་རྩ་དགུར་རྒྱས། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །བྱེ་ཕྲག་དགུ་བཅུ་ཉིས་བརྒྱ་བརྒྱ་སྟོང་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བརྟུལ་ཞུགས་ཐུབ་མེད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་དུ་བ་ལཱ་ཧ་མུ་ནེ་ནོ་ཨ་བྷི་ཥིཉྩ་ཧཱུྃ། འགྲོ་བས་མཆོད་ཀྱི་སྐུ་ཐོགས་ལ། ཧཱུྃ། སེམས་སྦྱངས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བདུན་སྟོང་དག་ཏུ་འཚོ། །དམ་ཆོས་བསྟན་པ་ལོ་སྟོང་རྒྱས་པར་འགྱུར། །འདུས་པ་བརྒྱད་ཅུ་རྩ་བཞི་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་བཅོ་བརྒྱད་བཅོ་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན་མཉམ༴ སངས་རྒྱས་འགྲོ་བས་མཆོད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཏ་པཱུ་ཙ་ཨ་བྷི་ཥིཉྩ་ཧཱུྃ། ནོར་བུའི་ཚོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཀུན་འཕགས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་དག་ཏུ་འཚོ། །བསྟན་པ་མི་ནུབ་སྟོང་ཕྲག་བཞི་བཅུར་རྒྱས། །འདུས་པ་བཞི་བརྒྱ་བདུན་ཅུ་རྩ་དྲུག་ལ། །ཕ་རོལ་ཕྱིན་པ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ནོར་བུའི་ཚོགས་ཀྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་ག་ན་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་བླ་མའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འཕགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་ཉིས་སྟོང་ཉིས་སྟོང་བསྟན། །འདུས་པ་བརྒྱ་དང་བཅུ་དྲུག་ཀུན་ལ་ཡང་། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་བླ་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་རུ་ལོ་ཀ་ཨ་བྷི་ཥིཉྩ་ཧཱུྃ། གླང་ཆེན་སེང་གེའི་སྐུ་ཐོགས་ལ། ཧཱུྃ། མདངས་སྡུག་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ལ། །བསྟན་པ་བྱེ་བ་ཕྲག་ལྔ་དག་ལ་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་སེམས་སྦྱངས་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གླང་ཆེན་སེང་གེས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་ཧ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་སྐུ་ཐོགས་ལ། ཧཱུྃ། སྙིང་པོ་རྟག་བརྟན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེའི་ཚད་ནི་བདུན་ཁྲི་བཞི་སྟོང་ལ། །དམ་ཆོས་བསྟན་པ་བདུན་ཁྲི་བཞི་སྟོང་རྒྱས། །འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། ཤེས་རབ་སྣང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་ལ། །འཇིག་རྟེན་མ་ཆགས་ནོར་བ་དཔག་མེད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ རིན་ཆེན་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་སྦེད་ཀྱི་སྐུ་ཐོགས་ལ། ཧཱུྃ། དག་པས་རྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སྟོང་ཕྲག་བཅུ་ལ་རྒྱས། །འདུས་པ་བརྒྱ་ལ་དགྲ་བཅོམ་ཕྱིར་མི་ལྡོག །བྱེ་བ་འབུམ་ཕྲག་ཚང་བ་ཤ་སྟག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྒྲ་གཅན་སྦེད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ཧུ་ལ་གུཔྟ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་རྒྱ་མཚོའི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བརྒྱད་སྟོང་བསྟན་བརྒྱད་ཁྲི། །འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་རྒྱ་མཚོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་སཱ་ག་ར་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། འཕྲུལ་མེད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་བཅོ་བརྒྱད་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཁྲི་སུམ་ཁྲི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འོད་ཟེར་ལྡན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རབ་ཏུ་ཞི་བའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཛེས་མཆོད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དགུ་ཁྲི་ཉིས་སྟོང་ལ། །བསྟན་པ་སྟོང་ཕྲག་ཉི་ཤུ་རྩ་གཉིས་གནས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །དགྲ་བཅོམ་དགེ་འདུན་བྱེ་བ་བཅུ་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ རབ་ཏུ་ཞི་བའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་ཤནྟིང་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། དགའ་འབྱུང་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་བདུན་ཁྲི་ཉིས་སྟོང་ལ། །བསྟན་པ་སྟོང་ཕྲག་བཅོ་ལྔའི་བར་དུ་གནས། །འདུས་པ་ལན་གྲངས་སུམ་ཅུ་རྩ་གཉིས་ཏེ། །ཐེར་འབུམ་ཕྲག་ནི་ལྔ་ལྔ་གྲོལ་བར་འགྱུར། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འཇིག་རྟེན་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། མྱ་ངན་མེད་པའི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་ཚངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ལ་བསྟན་པ་བདུན་ཁྲིར་གནས། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མྱ་ངན་མེད་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དུཿཁ་ཧི་ཨ་བྷི་ཥིཉྩ་ཧཱུྃ། ཤུགས་བཅུའི་སྐུ་ཐོགས་ལ། ཧཱུྃ། མཐོང་མཆོག་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉི་ཁྲི་ཉིས་སྟོང་ལ། །བསྟན་པ་སྟོང་ཕྲག་བཅུ་དྲུག་བར་དུ་གནས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་འབུམ་ཕྲག་རེ་རེ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་ཤུགས་བཅུས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལཱ་ཧ་ད་ཤ་ཨ་བྷི་ཥིཉྩ་ཧཱུྃ། སྟོབས་རྒྱས་ཀྱི་སྐུ་ཐོགས་ལ། །ཧཱུྃ། དགའ་བའི་དབྱངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉིས་ཁྲི་ཉིས་སྟོང་ལ། །དེ་ཡི་བསྟན་པ་བདུན་ཁྲི་བཞི་སྟོང་རྒྱས། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ངར་མི་འཛིན་པ་ཉིས་འབུམ་ཉིས་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྟོབས་རྒྱས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལྱ་ནུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། ལེགས་པར་བརྟེན་སྦེད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་སྟོང་བསྟན་པ་དྲུག་ཁྲི་སྟོང་། །འདུས་པ་ལན་གྲངས་བརྒྱ་དང་བཅུ་དྲུག་ལ། །བྱེ་བ་ཕྲག་ནི་བརྒྱ་དང་གསུམ་གསུམ་སྟེ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཐུ་དཔལ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་བུ་བྷ་ཝ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། མཐུ་ནི་ཐོབ་པའི་སྐུ་ཐོགས་ལ། ཧཱུྃ། ལེགས་གནས་མཆོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་བདུན་ཁྲི་བཞི་སྟོང་ལ། །བསྟན་པ་སྟོང་ཕྲག་དགུ་བཅུ་རྩ་གཉིས་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་ཐེར་འབུམ་ཕྲག་ནི་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མཐུ་ནི་ཐོབ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷ་ཝ་ཏཔྟ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་ནི་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་བ་དག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་སུམ་ཁྲི་ཉིས་སྟོང་ལ། །བསྟན་པ་སྟོང་ཕྲག་བཞི་བཅུའི་བར་དུ་གནས། །འདུས་པ་དག་ནི་ལན་གྲངས་བཞི་བཅུ་སྟེ། །བྱེ་བ་ཕྲག་ནི་ཉིས་ཁྲི་ཉིས་ཁྲི་གྲོལ། སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཐུ་ནི་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཨ་བུ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། མཆོད་རྟེན་མཆོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་གཅིག་བསྟན་པ་ཉིས་ཁྲི་དང་། །སུམ་སྟོང་བར་དུ་མི་ནུབ་རྒྱལ་མཚན་འཛིན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱ་བརྒྱ་གྲོལ་བར་འགྱུར། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། བདེན་པར་སྤྱོད་པའི་སྐུ་ཐོགས་ལ། ཧཱུྃ། བདེན་པར་འདོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དགུ་སྟོང་རྒྱས། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བདེན་པར་སྤྱོད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ཏྱ་ཙརྱ་ཨ་བྷི་ཥིཉྩ་ཧཱུྃ། དགེ་མཆོག་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། མི་འཇིགས་བརྫིས་མེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་སུམ་སྟོང་བསྟན། །འདུས་པ་དག་ནི་སུམ་ཅུ་རྩ་དྲུག་སྟེ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དགེ་མཆོག་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་ལེ་ཤཱ་གྲ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་རྒྱལ་གྱི་སྐུ་ཐོགས་ལ། ཧཱུྃ། མཚན་སྤྲས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བར་དུ་འཚོ། །བསྟན་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་རྒྱས། །འདུས་པ་ལན་གྲངས་དྲུག་ཅུ་རྩ་གཉིས་ཏེ། །འཆིང་བ་བཅད་པ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྐལ་རྒྱལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་ག་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྣང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་བརྟན། །བསྟན་པ་བདུན་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་དགུ་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། གློག་གི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་བརྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉིས་ཁྲི་སུམ་སྟོང་ལ། །དེ་ཡི་བསྟན་པ་དགུ་འབུམ་བར་དུ་གནས། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གློག་གི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུལྐ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་རྒྱ་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། མཚན་མོ་རྒྱས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་སྟོང་ལ་རྒྱས། །འདུས་པ་ལན་གྲངས་བདུན་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་རྒྱ་ཆེན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་གུ་ན་ཤ་ཏ་ཨ་བྷི་ཥིཉྩ་ཧཱུྃ། རིན་པོ་ཆེའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བཞི་སྟོང་བར་དུ་འཚོ། །བསྟན་བ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་ལ། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་དྲུག་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་པོ་ཆེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། དཔལ་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། པདྨ་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཆིག་སྟོང་བསྟན་དེ་བཞིན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དཔལ་འོད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤྲཱི་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། བདུད་འདུལ་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉིས་ཁྲི་ཉིས་སྟོང་ལ། །བསྟན་པ་བཞི་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཐེར་འབུམ་ཕྲག་ནི་གཉིས་ཏེ་གྲོལ་བར་འགྱུར། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བདུད་འདུལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མཱ་ར་བྷི་ན་ཡ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། གོ་ཆ་བགོས་པའི་སྐུ་ཐོགས་ལ། ཧཱུྃ། ལྟ་ན་མཛེས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་བདུན་ཁྲི་ལྔ་སྟོང་ལ། །དེ་ཡི་བསྟན་པ་བདུན་ཁྲི་ལྔ་སྟོང་རྒྱས། །འདུས་པ་བྱེ་བཞི་དྲུག་ཅུ་རྩ་དྲུག་ལ། །བརྒྱད་ཁྲི་བརྒྱད་ཁྲི་དག་ནི་གྲོལ་བར་འགྱུར། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གོ་ཆ་བགོས་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཝརྨ་སནྡྷ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་ཕྱག་གི་སྐུ་ཐོགས་ལ། ཧཱུྃ། ངེས་དོན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དྲུག་ཁྲི་ཉིས་སྟོང་ལ། །བསྟན་པ་དགུ་བཅུ་རྩ་དགུ་དག་ལ་རྒྱས། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །བྱ་བ་ཕྲག་ནི་བཅུ་བཅུ་གྲོལ་བར་འགྱུར། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སེང་གེའི་ཕྱག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། རྟོགས་རྒྱའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བར་དུ་རྒྱས། །བསྟན་པ་སྟོང་ཕྲག་བཅུ་བཞིར་རྒྱལ་མཚན་འཛིན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མེ་ཏོག་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཕུ་ལ་བྷ་དྲ་ཨ་བྷི་ཥིཉྪ་ཧཱུྃ། རིན་ཆེན་མཐོན་པོའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ཚོགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ཡིན་ཉི་ཁྲི་སུམ་སྟོང་བསྟན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཐེར་འབུམ་ཕྲག་ནི་བཅུ་བཅུ་གྲོལ་བར་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རིན་ཆེན་མཐོན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཧསྟ་ཨ་བྷི་ཥིཉྩ་ཧཱུྃ། རྒྱ་མཚོའི་སྐུ་ཐོགས་ལ། ཧཱུྃ། མཐུ་རྩལ་སྙིང་པོར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དྲུག་ཁྲི་དགུ་སྟོང་ལ། །བསྟན་པ་བརྒྱད་ཁྲིའི་བར་དུ་རྒྱས་པར་འགྱུར། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དེ་བཞིན་གཤེགས་པ་རྒྱ་མཚོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱ་ག་ར་ཨ་བྷི་ཥིཉྩ་ཧཱུྃ། ས་འཛིན་གྱི་སྐུ་ཐོགས་ལ། ཧཱུྃ། ལེགས་པར་དུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉིས་ཁྲི་ཉིས་སྟོང་ལ། །བསྟན་པ་ལོ་གྲངས་སྟོང་ཕྲག་བཅུ་བདུན་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་ས་འཛིན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷུ་མི་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། དོན་གྱི་བློ་མངའ་བའི་སྐུ་ཐོགས་ལ། ཧཱུྃ། དོན་ལྡན་སྒྲ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ཉིས་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སྟོང་ཕྲག་བཅོ་བརྒྱད་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དོན་གྱི་བློ་མངའ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་བུདྡྷ་པཱ་ཨ་བྷི་ཥིཉྩ་ཧཱུྃ། དཔལ་ལྡན་ལེགས་པའི་ཡོན་ཏན་གྱི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་ངན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་བརྒྱ་ནི་རྩ་ལྔ་སྟེ། །ཀུན་ལ་དུང་དང་བྱེ་བ་རེ་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དཔལ་ལྡན་ལེགས་པའི་ཡོན་ཏན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤྲཱི་ཝ་ཏི་གུ་ན་སུ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ཚོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་བརྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ལ་བསྟན་པ་སྟོང་དུ་གནས། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །བྱེ་བ་བརྒྱ་ཕྲག་དག་ནི་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡོན་ཏན་ཚོགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ག་ན་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་མེའི་སྐུ་ཐོགས་ལ། ཧཱུྃ། བློ་ལྡན་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དགུ་ཁྲི་དགུ་སྟོང་ལ། །དེ་ཡི་བསྟན་པ་སུམ་ཁྲི་ཉིས་སྟོང་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་དྲུག་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་མེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཨཀ་ནེ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་འདས་པའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྒོམ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉིས་ཁྲི་སུམ་སྟོང་ལ། །བསྟན་པ་བདུན་ཁྲི་བཞི་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བཅུ་དགུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སྟོང་སྟོང་གྲོལ་བར་འགྱུར། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་འདས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀེ་ཨ་ཏཱི་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། ཟླ་བ་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཉིས་སྟོང་བར་དུ་བཞུགས། །བསྟན་པ་སྟོང་ཕྲག་དགུ་བཅུ་རྩ་ལྔ་རྒྱས། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་བརྒྱ་རྩ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་ཟླ་བས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་ནི་སྙན་པའི་སྐུ་ཐོགས་ལ། ཧཱུྃ། ཆོས་ལྟའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་ཉིས་འབུམ་རྒྱས། །འདུས་པ་ལན་གྲངས་བཞི་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་ཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དབྱངས་སྙན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གོ་ཥ་ཡ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་པའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཚངས་པས་ལྟ་བའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་འབུམ་ལ་བསྟན་པ་དགུ་ཁྲི་རྒྱས། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་གསུམ་བཅུ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཚངས་པའི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཅན་གཙོ་བོའི་སྐུ་ཐོགས་ལ། ཧཱུྃ། རྟག་པའི་བློ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅོ་བརྒྱད་སྟོང་བཅུ་བསྟན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་སྟོང་སྟོང་གྲོལ་བར་འགྱུར། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཚོགས་ཅན་གཙོ་བོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ན་ནཱ་ག་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བླ་མ་དགྱེས་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བཞི་ཁྲི་དྲུག་ཁྲི་དྲུག་སྟོང་བསྟན། །འདུས་པ་དག་ནི་ལན་གྲངས་བརྒྱད་ལ་ཡང་། །དགྲ་བཅོམ་དག་ནི་ཐེར་འབུམ་གྲོལ་བར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། དྲག་ཤུལ་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། དཀའ་ཐུབ་དྲག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཉི་ཁྲི་བརྒྱད་སྟོང་ལ། །བསྟན་པ་སྟོང་ཕྲག་བཅུ་དགུའི་བར་དུ་རྒྱས། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་བཅུ་བཅུ་གྲོལ་བར་འགྱུར། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དྲག་ཤུལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། ཕྱག་བྱས་མཆོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཆིག་སྟོང་བར་དུ་རྒྱས། །བསྟན་པ་སྟོང་ཕྲག་བརྒྱད་ཅུའི་བར་དུ་གནས། །འདུས་པ་ལན་གྲངས་གསུམ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉིས་ཁྲི་ཉིས་ཁྲི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཆོས་ཀྱི་དབང་ཕྱུག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། མཆོད་ཅིང་བཀུར་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཐེར་འབུམ་ཕྲག་གསུམ་བསྟན། །འདུས་པ་ལན་གྲངས་དག་ནི་བརྒྱ་ལ་ཡང་། །དགྲ་བཅོམ་ཐེར་འབུམ་རེ་རེ་གྲོལ་བར་འགྱུར། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གཟི་བརྗིད་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། ཆོས་ཀྱི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་བསྟན་དེ་བཞིན། །འདུས་པ་ལན་གྲངས་བཅུ་བཞི་ཀུན་ལ་ཡང་། །དགྲ་བཅོམ་དག་ནི་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ཏོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བྱེ་ཁྲི་སོ་དྲུག་བསྟན། །འདུས་པ་གྲངས་མེད་བྱང་སེམས་དཔག་མེད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རིན་ཆེན་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཅན་གསལ་བའི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་རྒྱ་མཚོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བརྒྱད་ཁྲི་བཞི་སྟོང་བསྟན། །འདུས་པ་གསུམ་ལ་ཐེར་འབུམ་ཉེར་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཚོགས་ཅན་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷ་ན་ནི་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པ་མཐའ་ཡས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་ལྔ་སྟོང་རྒྱས། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །དགྲ་བཅོམ་ཐེར་འབུམ་སྨིན་གྲོལ་ལམ་ལ་བཀོད། །སྐུ་མདོག་དམར་པོ་ས་གནོན༴ གྲགས་པ་མཐའ་ཡས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་བ་ཧྲི་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་དོན་ཡོད་ཀྱི་སྐུ་ཐོགས་ལ། ཧཱུྃ། དོན་ཡོད་རྟག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བྱེ་བ་གནས། །འདུས་པ་དྲུག་ལ་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ འོད་ཟེར་དོན་ཡོད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མོ་གྷ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་དྲང་སྲོང་གི་སྐུ་ཐོགས་ལ། ཧཱུྃ། ཀུན་ཏུ་རྒྱས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་ལོ་སྟོང་གནས། །འདུས་པ་གཉིས་ལ་དགྲ་བཅོམ་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལྷ་ཡི་དྲང་སྲོང་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་རྀ་ཥི་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་དབང་གི་སྐུ་ཐོགས་ལ། ཧཱུྃ། སྐྱེ་བོ་དགའ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལྔ་ལ་ཁྲི་ལྔ་སྨིན་གྲོལ་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྐྱེ་དབང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཏི་ཥིཉྩ་ཨ་བྷི་ཥིཉྩ་ཧཱུྃ། དགེ་འདུན་བསྟན་གྱི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་བསྟན་ན་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་ལོ་འབུམ་བསྟན་པ་དེ་བཞིན་རྒྱས། འདུས་པ་གཅིག་ལ་དགྲ་བཅོམ་སུམ་འབུམ་གྲོལ། སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དགེ་འདུན་བརྟན་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སདྒྷ་ཤ་ས་ན་ཨ་བྷི་ཥཉྩ་ཧཱུྃ། ཕྱོགས་བཟང་གི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ངོས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་དང་ཆིག་སྟོང་བསྟན་དེ་བཞིན། །འདུས་པ་ཉེར་དགུ་བྱེ་ཕྲག་ལྔ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཕྱོགས་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་དྲ་དིཀ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཏོག་མཆོག་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་སྟོང་བསྟན་པ་བརྒྱད་ཁྲིར་གནས། །དུང་ཕྱུར་བཅུ་དྲུག་ཐེར་འབུམ་སྨིན་གྲོལ་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མེ་ཏོག་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ། ཡུལ་འཁོར་མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་བདུན་ཁྲི་བདུན་སྟོང་ལ། །བསྟན་པ་ལོ་སྟོང་བར་དུ་རབ་ཏུ་རྒྱས། །འདུས་པ་བཅུ་དྲུག་བྱེ་ཕྲག་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཡུལ་འཁོར་མེ་ཏོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྟཾ་པཱུ་པ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཆོས་ཀྱི་བློ་གྲོས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེའི་ཚད་ནི་བདུན་ཁྲི་དགུ་སྟོང་ལ། །དུང་ཕྱུར་བདུན་དང་ཐེར་འབུམ་སྨིན་གྲོལ་མཛད། །སྐུ་མདོག་དཀར་པོ་ས་གནོན༴ ཆོས་ཀྱི་བློ་གྲོས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རླུང་ཤུགས་ལྟར་མགྱོགས་པའི་སྐུ་ཐོགས་ལ། ཧཱུྃ། ཤིན་ཏུ་གནས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དགུ་བཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ རླུང་གི་ཤུགས་ལྟར་གཤེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཝ་ཡུ་བ་ལཱ་ཧ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་བསམ་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་ཆེན་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་ཁྲི་བདུན་སྟོང་། །འདུས་པ་བཅུ་བཞིར་འབུམ་འབུམ་གྲོལ་ལམ་བཀོད། །སྐུ་མདོག་དམར་པོ་ས་གནོན༴ ལེགས་བསམ་གྲགས་པ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་པེན་ཏི་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། སྣང་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། ཀརྨའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ལྔ་སྟོང་ལོ་སྟོང་བསྟན། །འདུས་བརྒྱད་ཐེར་འབུམ་སུམ་ཅུ་སུམ་ཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྣང་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱ་ལོ་ཀེ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ལྷ་ཚོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཚོན་ཆ་བཟང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བསྟན་པ་སྟོང་ལ་རྒྱས། །དུང་ཕྱུར་ཐེར་འབུམ་བྱེ་བ་ཕྲག་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལྷ་ཚོགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ག་ན་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་བསྲུང་གི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ལྡན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་སུམ་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་བཅུ་བཞི་ཀུན་ལ་ཡང་། །དུང་ཕྱུར་ཕྲག་ནི་བཅུ་གསུམ་བཅུ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་བསྲུང་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་རཀྵྱ་ཨ་བྷི་ཥིཉྩ་ཧཱུྃ། དོན་གྱི་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཆོས་གསལ་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཉེར་དགུ་དེ་དག་ཀུན་ལ་ཡང་། །སྟོང་ཕྲག་བཅུ་གསུམ་བཅུ་གསུམ་སྨིན་གྲོལ་བཀོད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དོན་གྱི་བློ་གྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། མཉམ་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཟིལ་གྱིས་མི་ནོན་པ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་དང་དགུ་སྟོང་བདུན་ཁྲི་བསྟན། །འདུས་པ་དགུ་པ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཉམ་མེད་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སོ་མ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། གྲོགས་བསྟན་གྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པར་གནས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅོ་ལྔར་བྱེ་ཕྲག་འབུམ་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གྲོགས་བསྟན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཧྲི་ད་སྠི་ར་ཨ་བྷི་ཥིཉྩ་ཧཱུྃ། འོད་གནས་མཚུངས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་བཅོམ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ལྔ་སྟོང་བྱེ་བ་བསྟན། །འདུས་པ་བཅུ་གཅིག་བྱེ་ཕྲག་སྟོང་སྟོང་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འོད་གནས་མཚུངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་ཏིཥྛ་ཪྟཪྟུ་ཨ་བྷི་ཥིཉྩ་ཧཱུྃ། ནོར་བུའི་ཞབས་ཀྱི་སྐུ་ཐོགས་ལ། ཧཱུྃ། ནོར་བུ་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་དྲུག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་བཅུ་བདུན་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ནོར་བུའི་ཞབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་པཱ་ད་ཨ་བྷི་ཥིཉྩ་ཧཱུྃ། ཐར་པའི་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྣམ་ཐར་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་ཆིག་སྟོང་ལྔ་སྟོང་བསྟན། །འདུས་པ་ལན་དགུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཐར་པའི་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་ནི་ཨ་བྷི་ཥིཉྩ་ཧཱུྃ། ངོ་བཟང་ཀྱི་སྐུ་ཐོགས་ལ། ཧཱུྃ། ཐུབ་པ་མེད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་སྟོང་བསྟན་པ་འབུམ། །བྱེ་བ་སྟོང་ཕྲག་ཉེར་གཉིས་སྨིན་གྲོལ་མཛད། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ངོ་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུ་ཁ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། བློ་བཟང་གི་སྐུ་ཐོགས་ལ། ཧཱུྃ། སངས་རྒྱས་སྤྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་དགུ་ཁྲི་བསྟན་པ་བྱེ་བ་རྒྱས། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སོ་དྲུག་སོ་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བློ་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་དྲ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཀུན་ཏུ་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། སྒྲིབ་པ་མེད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་འབུམ་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་དྲུག་ས་ཡ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཀུན་ཏུ་གཟི་བརྗིད་ཆེན་པོ་ལ་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སརྒ་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་མཆོག་གི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་དམ་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དགུ་ལ་དུང་ཕྱུར་དགུ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་མཆོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། མཚུངས་པར་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། བདེ་བ་མཐོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་ལྔ་བཅུ་རྩ་དྲུག་སྟེ། །ཀུན་ལ་བྱེ་བ་བདུན་སྟོང་བདུན་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཚུངས་པར་གནས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷཪྟུ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། བདེན་པར་གསུང་གི་སྐུ་ཐོགས་ལ། ཧཱུྃ། ཀུན་ཏུ་སྐར་མདའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་བཅུ་བཞིར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བདེན་པར་གསུང་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ཏྱ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། བློ་བཟང་གི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་རྣམ་འཕྲོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བདུན་ཅུ་རྩ་ལྔ་ལ། །འབུམ་ཕྲག་སུམ་ཅུ་རྩ་དྲུག་རྩ་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བློ་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་དྲ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། སྟོབས་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། མ་སྨད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་ཕྲག་གསུམ་བསྟན་དེ་བཞིན། །འདུས་པ་ལན་གྲངས་བདུན་ཅུ་རྩ་གཉིས་ལ། །འབུམ་ཕྲག་སུམ་ཅུ་རྩ་གསུམ་རྩ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྟོབས་སྦྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལྱ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། དབྱངས་མཆོག་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བསྟན་དེ་བཞིན། །འདུས་པ་བཅུ་དྲུག་བྱེ་བ་གོ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་དྲི་ལྡན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །འདུས་པ་དགུ་ལ་ཐེར་འབུམ་ཕྲག་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མེ་ཏོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབྱུང་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་འབྱུང་གནས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་དྲུག་བྱེ་བ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཡེ་ཤེས་འབྱུང་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཀཱ་ར་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལོ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་དྲུག་དུང་ཕྱུར་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མེ་ཏོག་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཕུ་ལ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་ཕོ་ཉའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉི་ཁྲི་ཆིག་སྟོང་བསྟན་པ་ཁྲི། །འདུས་པ་བཅུ་བདུན་ཁྲི་ཕྲག་རེ་རེ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡོན་ཏན་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། གྲགས་བདག་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་དང་ཉིས་སྟོང་བྱེ་བར་བསྟན། །འདུས་པ་ལན་གྲངས་ཉི་ཤུ་རྩ་དགུ་ལ། །བྱེ་བ་དྲུག་ཅུ་དྲུག་ཅུ་སྨིན་གྲོལ་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རིན་ཆེན་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པ་རྨད་བྱུང་གི་སྐུ་ཐོགས་ལ། ཧཱུྃ། ལྔ་ཡི་ཕོ་ཉའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་སྟོང་ལ་རྒྱས། །འདུས་པ་བཅུ་བཞི་ཁྲི་ཕྲག་རེ་རེ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ གྲགས་པ་རྨད་བྱུང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིརྟི་ཨརྷ་ཏ་ཨ་བྷི་ཥིཉྩ་ཧཱུྃ། མི་ཚུགས་པའི་སྐུ་ཐོགས་ལ། ཧཱུྃ། ལྟ་ན་སྡུག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་སུམ་སྟོང་ལ། །དེ་ཡི་བསྟན་པ་དྲུག་སྟོང་བར་དུ་རྒྱས། །འདུས་པ་དྲུག་ཅུ་བྱེ་ཕྲག་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མི་ཚུགས་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཡ་ནེ་ལ་ཨ་བྷི་ཥིཉྩ་ཧཱུྃ། སྙེམས་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་སྟོང་ཉིས་ཁྲི་ཆིག་སྟོང་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྙེམས་མེད་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུད་དྷ་ཡ་ཤ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་གཟི་བརྗིད་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་ལ་ཀུན་ཏུ་ཡང་། །ཐེར་འབུམ་ཕྲག་ནི་བདུན་ཅུ་བདུན་ཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཉི་མའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུཪྻཔྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་པར་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཉམ་པ་མ་སྨད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་བདུན་སྟོང་དག་ཏུ་བཞུགས། །བསྟན་པ་ཉིས་ཁྲི་བདུན་སྟོང་བར་དུ་རྒྱས། །འདུས་པ་བཅོ་ལྔར་ཁྲི་ཕྲག་རེ་རེ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཚངས་པར་གཤེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་མཐུ་རྩལ་གྱི་སྐུ་ཐོགས་ལ། ཧཱུྃ། སྔོན་འགྲོའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་བརྒྱད་སྟོང་རྒྱས། །འདུས་པ་ལན་བརྒྱད་བྱེ་བ་ལྔ་ལྔ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ལྷ་ཡི་མཐུ་རྩལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ནུ་བྷ་ཝ་བཱ་ཨཱ་ཧ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་དགྱེས་ཀྱི་སྐུ་ཐོགས་ལ། །ཧཱུྃ། དགའ་བ་དད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་སྟོང་དགུ་ཁྲི་དགུ་སྟོང་བསྟན། །འདུས་པ་སོ་གཅིག་སུམ་ཁྲི་སུམ་ཁྲི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་དགྱེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ལྷ་བདེན་གྱི་སྐུ་ཐོགས་ལ། ཧཱུྃ། ལྷས་མཆོད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཆིག་སྟོང་བར་དུ་བཞུགས། །བསྟན་པ་བདུན་ཁྲི་བརྒྱད་སྟོང་བར་དུ་རྒྱས། །འདུས་པ་ལན་སྟོང་ཐེར་འབུམ་དྲུག་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ལྷ་བདེན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ས་ཏྱ་ཨ་བྷི་ཥིཉྩ་ཧཱུྃ། ནོར་བུའི་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་མཛེས་བྱའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེའི་ཚད་ནི་ལྔ་བཅུ་ལྔ་སྟོང་ལ། །བསྟན་པ་ལྔ་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བཞི་བཅུ་རྩ་དགུ་ལ། །བྱེ་བ་ལྔ་བཅུ་རྩ་གསུམ་རྩ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ནོར་བུའི་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ཕུང་པོར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཉེར་གཉིས་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་དཔལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཉྫཱ་ན་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། བཅིངས་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་མཐའ་ཡས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་ཁྲི་དྲུག་སྟོང་། །འདུས་པ་སོ་གསུམ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བཅིངས་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་དུ་བ་ལཱ་ཧསྠི་ར་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། འགྲོ་བའི་གཟི་བརྗིད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་ཐེར་འབུམ་རྒྱས། །འདུས་པ་བདུན་བཅུ་ཉིས་འབུམ་ཉིས་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ལྷ་ཡི་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་ཐུབ་ཀྱི་སྐུ་ཐོགས་ལ། ཧཱུྃ། ལེགས་བསམ་གྲགས་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བར་དུ་འཚོ། །བསྟན་པ་རིན་ཆེན་ཁྲི་དང་བཞི་སྟོང་རྒྱས། །འདུས་པ་ཉེར་བཞི་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཚངས་ཐུབ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་མུ་ནྱེ་ཨ་བྷི་ཥིཉྩ་ཧཱུྃ། དལ་གྱིས་བཞུད་ཀྱི་སྐུ་ཐོགས་ལ། ཧཱུྃ། དགའ་བས་འགྲོ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་བདུན་སྟོང་ལ། །དེ་ཡི་བསྟན་པ་ལྔ་ཁྲིའི་བར་དུ་རྒྱས། །འདུས་པ་ལན་ནི་དགུ་བཅུ་ཀུན་ལ་ཡང་། །འབུམ་ཕྲག་དྲུག་ཅུ་དྲུག་ཅུ་སྨིན་གྲོལ་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དལ་བཞུད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤ་ནཻ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། བརྟུལ་ཞུགས་དཀའ་ཐུབ་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་ཆེན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་དྲུག་ཁྲི་ཉིས་སྟོང་ལ། །བསྟན་པ་དྲུག་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་བཅུ་དྲུག་ཐེར་འབུམ་སྟོང་སྟོང་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ བརྟུལ་ཞུགས་དཀའ་ཐུབ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་དུ་བ་ལཱ་ཧ་ཏ་པ་པཱ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། ཀླུ་ཡི་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཁྲི་དང་དྲུག་སྟོང་བསྟན། །འདུས་པ་བཅུ་དྲུག་ཉིས་ཁྲི་ཉིས་ཁྲི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འོད་ཟེར་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་ན་བྲམ་ཟེའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་བདུན་སྟོང་རྒྱས། །འདུས་པ་གསུམ་ལ་ཐེར་འབུམ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། ཙམ་པ་ཀའི་སྐུ་ཐོགས་ལ། ཧཱུྃ། སྤོས་ལྡན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་སུམ་ཁྲི་བདུན་སྟོང་ལ། །བསྟན་པ་རིན་ཆེན་ཁྲི་དང་བརྒྱད་སྟོང་རྒྱས། །འདུས་པ་ལན་གྲངས་བྱེ་བ་བཅུ་ལ་ནི། །བྱེ་བ་ཕྲག་ནི་བཅུ་དགུ་བཅུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཙམ་པ་ཀ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙམ་པ་ཀ་ཨ་བྷི་ཥིཉྩ་ཧཱུྃ། དགའ་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། དགའ་མཆོག་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་སྟོང་བསྟན་པ་ལྔ་ཁྲིར་རྒྱས། །འདུས་པ་བཅུ་ལ་ཁྲི་དང་བརྒྱད་སྟོང་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དགའ་མཛད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ཏ་ཀརྱ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཅན་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། ཚོགས་ལྡན་གསལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲི་རྒྱས། །འདུས་པ་བཅུ་བཞིར་དུང་ཕྱུར་བཅུ་བདུན་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཚོགས་ཅན་བཟང་པོས་དབང་བསྐུར༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ན་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། དབང་པོའི་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་རྒྱལ་མཚན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་འབུམ་ཁྲི་དང་དྲུག་སྟོང་བསྟན། །འདུས་པ་བཅུ་དྲུག་དུང་ཕྱུར་བརྒྱད་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དབང་པོའི་རྒྱལ་མཚན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨིཎྜ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དགྱེས་པ་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་སྟོང་རྙེད་སྣང་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་སྟོང་བསྟན་པ་འབུམ་ལ་རྒྱས། །འདུས་པ་ཉེར་གཅིག་ཉན་ཐོས་འབུམ་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དགྱེས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། སྣ་མའི་མེ་ཏོག་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་གཟི་བརྗིད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དུང་བརྒྱད་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་སྟོང་དྲུག་འབུམ་དྲུག་ཁྲི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྣ་མའི་མེ་ཏོག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྲི་ཎ་ན་ར་པུཥྤེ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཅན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཁ་ལོ་སྒྱུར་བའི་འོད་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་དྲུག་དགུ་ཁྲི་དགུ་ཁྲི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཚོགས་ཅན་འོད་ཀྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ན་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཀུན་ནས་གྲགས་པའི་དབང་པོའི་སྐུ་ཐོགས་ལ། ཧཱུྃ། ཤིན་ཏུ་མཛེས་ན་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་དྲུག་བརྒྱ་བསྟན་པ་དེ་བཞིན་གྲོལ། འདུས་པ་གསུམ་ལ་ཐེར་འབུམ་ཐེར་འབུམ་གྲོལ། སྐུ་མདོག་དཀར་པོ་ས་གནོན༴ ཀུན་ནས་གྲགས་པའི་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སརྦ་ཀིརྟི་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། མང་འགྲོའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་ཡིད་འོང་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་དགུ་སྟོང་བར་དུ་བཞུགས། །བསྟན་པ་བདུན་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་ཉེར་གཅིག་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མང་འགྲོ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ཧུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། དོན་ཡོད་ལ་ངེས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ངེས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་དང་ཆིག་སྟོང་བསྟན་དེ་བཞིན། །འདུས་པ་ལན་དྲུག་ཉན་ཐོས་འབུམ་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དོན་ཡོད་ལ་ངེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མོ་གྷ་ནི་ར་ཨ་བྷི་ཥིཉྩ་ཧཱུྃ། ཁྱུ་མཆོག་གི་སྐུ་ཐོགས་ལ། ཧཱུྃ། ལྷས་མཆོད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་དུང་བདུན་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཁྱུ་མཆོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡུ་ཐ་པ་ར་ཨ་བྷི་ཥིཉྩ་ཧཱུྃ། ལག་བཟང་གི་སྐུ་ཐོགས་ལ། །ཧཱུྃ། ལྷ་ཡི་མཆོད་རྟེན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བདུན་ཁྲི་བསྟན། །འདུས་པ་ཉེར་གཉིས་ཀུན་ལ་དགྲ་བཅོམ་པ། །བྱེ་ཕྲག་སུམ་ཅུ་རྩ་བརྒྱད་རྩ་བརྒྱད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལག་བཟང་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་ཏ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། ནོར་དགའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་ཁྲི་ཆིག་སྟོང་བསྟན། །བཅུ་གཅིག་བྱེ་བ་བཅུ་གཅིག་བཅུ་གཅིག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། བསམ་པས་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། བསམ་པས་ཡང་དག་འཕགས་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་སྟོང་ཁྲི་དང་ཉིས་སྟོང་བསྟན། །བཅུ་གཉིས་བྱེ་བ་བཅུ་བདུན་བཅུ་བདུན་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བསམ་པས་སྦྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེ་ཏི་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ཕུང་པོར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་ལ་ས་ཡ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བསོད་ནམས་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུནྱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཐར་པའི་དབྱངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ལྔ་སྟོང་བྱེ་བ་བསྟན། །འདུས་པ་ལྔ་བཅུར་ཁྲི་དང་བརྒྱད་སྟོང་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རིན་ཆེན་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་གོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་སྡེའི་སྐུ་ཐོགས་ལ། ཧཱུྃ། མི་ཕྱེད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་ཁྲི་ཆིག་སྟོང་བསྟན། །འདུས་པ་བཅུ་བཞི་དེ་དག་ཀུན་ལ་ཡང་། །ཉན་ཐོས་བྱེ་བ་རེ་རེ་སྨིན་གྲོལ་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྡོ་རྗེའི་སྡེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་སིན་ནི་ཀ་ཨ་བྷི་ཥིཉྩ་ཧཱུྃ། འབྱོར་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། ཐམས་ཅད་འབྱོར་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལྔ་ལ་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འབྱོར་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡོ་ག་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྟོབས་ཅན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་ལྔ་ཁྲིར་རྒྱས། །འདུས་པ་ལྔ་བཅུར་དུང་ཕྱུར་ལྔ་ལྔ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེདྷ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། དྲི་མེད་སྤྱན་གྱི་སྐུ་ཐོགས་ལ། ཧཱུྃ། མི་སྡུག་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་བཅུ་དྲུག་ཁྲི་ནི་བདུན་སྟོང་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དྲི་མ་མེད་པའི་སྤྱན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནུ་ར་ན་ཧི་ཙཀྵུ་ཨ་བྷི་ཥིཉྩ་ཧཱུྃ། འོད་སྲུང་གི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་བཟང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ནི་བཞི་སྟོང་བར་དུ་བཞུགས། །བསྟན་པ་ཁྲི་དང་དྲུག་སྟོང་བར་དུ་རྒྱས། །འདུས་པ་དགུ་བཅུ་དེ་དག་ཀུན་ལ་ཡང་། །བྱེ་བ་དགུ་བཅུ་རྩ་བཞི་རྩ་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་སྲུང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཀྵ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། བློ་གསལ་གྱི་སྐུ་ཐོགས་ལ། ཧཱུྃ། གསལ་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ནི་བཞི་སྟོང་བར་དུ་བརྟན། །དེ་ཡི་བསྟན་པ་ཁྲི་ནི་དྲུག་སྟོང་རྒྱས། །འདུས་པ་སོ་གཉིས་ཐེར་འབུམ་བརྒྱད་བརྒྱད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བློ་གསལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བུདྡྷ་ནི་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འགྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་རྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་བདུན་སྟོང་ཁྲི་གསུམ་བསྟན། །འདུས་པ་བཅུ་གསུམ་བྱེ་སྟོང་བཅུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་འགྲོས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་དྲག་ཤུལ་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། ཀུན་ཏུ་གཟི་བརྗིད་ཅན་ན་བྲམ་ཟེའི་རིགས། །སྐུ་ཚེ་ལྔ་ཁྲིི་དྲུག་སྟོང་བསྟན་དེ་བཞིན། འབུམ་ཚོ་བཅོ་བརྒྱད་ཁྲི་དྲུག་སྨིན་གྲོལ་མཛད། སྐུ་མདོག་སེར་པོ་ས་གནོན༴ གཟི་བརྗིད་དྲག་ཤུལ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། སྐུ་ཚེ་དྲུག་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་བཞིར་བྱེ་བ་བཅུ་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། སྒྲོལ་མཛད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་སུམ་སྟོང་རྒྱས། །འདུས་པ་དགུ་བཅུར་ཐེར་འབུམ་བརྒྱད་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཉི་མའི་འོད་ཟེར་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། དྲི་མ་མེད་པའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མི་འཁྲུག་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་ཉིས་སྟོང་བསྟན་དེ་བཞིན། །འདུས་པ་བཞི་བཅུར་བྱེ་བ་བཞི་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དྲི་མ་མེད་པའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནིར་ན་ཧི་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་རྣམ་པར་མཛེས་པའི་སྐུ་ཐོགས་ལ། ཧཱུྃ། ཤིན་ཏུ་རྣམ་མཛེས་ཡུལ་ན་བྲམ་ཟེའི་རིགས། །དྲུག་ཁྲི་ལྔ་སྟོང་བྱེ་བ་བཅུ་བཞི་བསྟན། །འདུས་པ་ཞེ་བརྒྱད་སུམ་ཁྲི་སུམ་ཁྲི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ གཟི་བརྗིད་རྣམ་པར་མཛེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་བི་སུ་ནི་ཨ་བྷི་ཥིཉྩ་ཧཱུྃ། ཁེངས་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྫོགས་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །དགུ་ཁྲི་བདུན་སྟོང་དགུ་ཁྲི་དྲུག་སྟོང་བསྟན། །འདུས་པ་སུམ་ཅུར་ཁྲི་ཕྲག་རེ་རེ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཁེངས་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ནཱ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། སྦྲང་རྩིའི་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ། ཡིད་དུ་འོང་བའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་ལྔ་སྟོང་བསྟན་དེ་བཞིན། །འདུས་པ་ང་དགུར་དུང་ཕྱུར་དྲུག་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྦྲང་རྩིའི་ཞལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་དྷུ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། དྲི་མེད་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་ཁྲི་དང་སུམ་སྟོང་བསྟན། །འདུས་པ་དྲུག་ལ་ཐེར་འབུམ་ལྔ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཟླ་བའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། གློག་འབྱིན་གྱི་སྐུ་ཐོགས་ལ། ཧཱུྃ། ཉི་མའི་བློ་གྲོས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བསྟན་པ་ཁྲི། །འདུས་པ་དོན་ལྔ་བྱེ་བ་དོན་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གློག་འབྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུལྐ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞི་བར་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བློ་བརྟན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བསྟན་དེ་བཞིན། །འདུས་པ་ཉེར་གཅིག་དེ་དག་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་བཅུ་གཅིག་བཅུ་གཅིག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཞི་བར་གཤེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤནྟིང་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། མི་འཁྲུགས་པའི་སྐུ་ཐོགས་ལ། ཧཱུྃ། འོད་ལྡན་ཡུལ་ན་རྒྱལ་རིགས་སྐུ་ཚེ་ནི། །བརྒྱད་ཁྲི་དྲུག་སྟོང་ཁྲི་ནི་བཞི་སྟོང་བསྟན། །འདུས་པ་བཅུ་དྲུག་བྱེ་བ་སོ་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མི་འཁྲུག་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཨཱ་ཡུར་དྷ་ཨ་བྷི་ཥིཉྩ་ཧཱུྃ། དགྲ་བཅོམ་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། དེ་བཞིན་གཤེགས་པའི་སྤྱན་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བདུན་སྟོང་བྱེ་བ་བསྟན། །འདུས་པ་བརྒྱད་ཅུ་རྩ་བཞི་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་སུམ་ཁྲི་སུམ་ཁྲི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དགྲ་བཅོམ་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིརྟི་ཨ་ར་ཧ་ཏེ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་ཡོན་ཏན་གྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་ཁྲི་ནི་བདུན་སྟོང་བསྟན། །འདུས་པ་སོ་གསུམ་དེ་དག་ཀུན་ལ་ཡང་། །ཉན་ཐོས་ཐེར་འབུམ་ཕྲག་ནི་བདུན་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཆོས་ཀྱི་ཡོན་ཏན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཞིང་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་ཆེན་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་ཆིག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་རེ་དྲུག་དྲུག་འབུམ་དྲུག་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཞིང་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀྵེ་ཏྲ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། བཀོད་པའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་སྟོང་བརྒྱད་ཁྲི་བདུན་སྟོང་བསྟན། །འདུས་པ་བདུན་ཅུ་ས་ཡ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བཀོད་པའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནེ་པ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། མངོན་འཕགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྷ་བརྩེགས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བདུན་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་དྲུག་ཁྲི་དགུ་སྟོང་རྒྱས། །འདུས་པ་བཅུ་ལ་ས་ཡ་གཉིས་རེ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ མངོན་པར་འཕགས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཾ་ཨཱརྱ་ཨ་བྷི་ཥིཉྩ་ཧཱུྃ། སྦྱིན་སྲེག་འོད་འཕྲོའི་སྐུ་ཐོགས་ལ། ཧཱུྃ། ཚངས་པའི་ཏོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་བསྟན་དེ་བཞིན། །འདུས་པ་གྱ་ལྔ་བྱེ་བ་བཅུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སྦྱིན་སྲེག་འོད་འཕྲོ་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧོ་མ་པྲ་བྷ་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། པདྨ་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ཁྲི་དང་དགུ་སྟོང་ལ། །དེ་ཡི་བསྟན་པ་དགུ་ཁྲི་དགུ་སྟོང་རྒྱས། །འདུས་པ་ཉེར་བདུན་དུང་ཕྱུར་བརྒྱད་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་པདྨའི་དཔལ་གྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་བཀོད་པའི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་བཀོད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེའི་ཚད་ནི་བདུན་ཁྲི་སུམ་སྟོང་ལ། །དེ་ཡི་བསྟན་པ་ཁྲི་ནི་དགུ་སྟོང་རྒྱས། །འདུས་པ་དོན་ལྔ་དེ་དག་ཀུན་ལ་ཡང་། །ཉན་ཐོས་བྱེ་བ་བཅུ་བདུན་བཅུ་བདུན་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ རིན་ཆེན་བཀོད་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་ནེ་ས་ཨ་བྷི་ཥིཉྩ་ཧཱུྃ། ཤིན་ཏུ་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། བཟང་པོ་བྱེ་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་ཆིག་སྟོང་དགུ་སྟོང་བསྟན། །འདུས་པ་ཞེ་དགུ་ས་ཡ་ལྔ་ལྔ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཤིན་ཏུ་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ནི་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་མཆོག་གི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ཆེན་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་བརྒྱད་ཅུར་དུང་ཕྱུར་བརྒྱད་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རིན་ཆེན་མཆོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་ཤིན་ཏུ་གཞུངས་པའི་སྐུ་ཐོགས་ལ། ཧཱུྃ། ལྷུན་པོའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་འབུམ་ལ་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་བརྒྱད་ཅུར་དུང་ཕྱུར་བརྒྱད་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཐུགས་ནི་ཤིན་ཏུ་གཞུངས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙིཏྟ་བ་ན་ཏ་ཨ་བྷི་ཥིཉྩ་ཧཱུྃ། འོད་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་དཔག་མེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་བྱེ་བ་ལྔ། །འདུས་པ་རྒྱ་བཞིར་བྱེ་བ་གྱ་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་དཔག་མེད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་བ་རྒྱ་མཚོའི་སྐུ་ཐོགས་ལ། ཧཱུྃ། རྒྱ་མཚོ་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བྱེ་བ་སྟོང་། །འདུས་པ་བརྒྱད་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྒྱལ་བ་རྒྱ་མཚོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཡ་སཱ་ག་ར་ཨ་བྷི་ཥིཉྩ་ཧཱུྃ། ཚངས་པའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་སྒྲོན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་དེ་བཞིན་བསྟན། །འདུས་པ་བརྒྱད་ཅུ་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཚངས་པའི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་གདུགས་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་འཕྲོ་རྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་སྟོང་ཕྲག་བཅུ་ནི་བསྟན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཟླ་གདུགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཙྪེ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། འོད་ནི་འཕྲོ་བའི་སྐུ་ཐོགས་ལ། ཧཱུྃ། ལེགས་པར་གསུང་ལྡན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་ཉིས་སྟོང་བར་དུ་བཞུགས། །བསྟན་པ་སུམ་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་དྲུག་ཅུར་དགྲ་བཅོམ་གྲངས་མེད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ འོད་ནི་འཕྲོ་བ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་པྲ་ཏི་ཨ་བྷི་ཥིཉྩ་ཧཱུྃ། དྲི་མེད་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་བར་དུ་བརྟན། །བསྟན་པ་ཉིས་ཁྲི་ཉིས་སྟོང་བར་དུ་འཕེལ། །འདུས་པ་བརྒྱད་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དྲི་མེད་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནིར་ན་ཧི་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། གྲགས་པའི་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བར་དུ་བརྟན། །བསྟན་པ་བྱེ་བ་བདུན་བཅུ་དྲུག་ཏུ་རྒྱས། །འདུས་པ་བཅོ་ལྔར་དགྲ་བཅོམ་དཔག་མེད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡེ་ཤེས་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། ཀུན་ཏུ་རྒྱལ་བའི་སྐུ་ཐོགས་ལ། ཧཱུྃ། བདེན་པའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བར་དུ་བརྟན། །བསྟན་པ་སྟོང་ཕྲག་བཅུ་བཞིར་རབ་ཏུ་རྒྱས། །འདུས་པ་གཉིས་ལ་ཁྲི་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཀུན་ཏུ་རྒྱལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ཤྭ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་རྒྱ་མཚོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉི་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། གྲགས་ཅན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅོ་བརྒྱད་བསྟན་པ་སྟོང་། །འདུས་པ་གསུམ་སྟེ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན་མཉམ༴ སངས་རྒྱས་རྣམ་པར་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ནི་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བ་རྒྱས་པའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་སུམ་སྟོང་རྒྱས། །འདུས་པ་སུམ་ཅུ་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཟླ་བ་རྒྱས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་པུཥྟ་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྣམ་རྒྱན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སྟོང་ཕྲག་བཅུ་བདུན་བར་དུ་བརྟན། །བསྟན་པ་སྟོང་ཕྲག་དགུ་བཅུ་རྩ་ལྔ་སྟེ། །འདུས་པ་བཞི་ལ་ཐེར་འབུམ་དྲུག་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ པདྨའི་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། བརྟུལ་ཞུགས་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་རྣམ་ངེས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བར་དུ་བརྟན། །བསྟན་པ་བརྒྱད་ཁྲི་དགུ་སྟོང་བར་དུ་རྒྱས། །འདུས་པ་དགུ་སྟེ་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བརྟུལ་ཞུགས་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་དུ་བ་ལཱ་ཧ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། སྒྲོལ་མའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་སུམ་སྟོང་བརྒྱད་ཁྲི་བསྟན། །འདུས་པ་བརྒྱད་ཅུ་གྱ་དྲུག་ཀུན་ལ་ཡང་། །བྱེ་བ་བརྒྱ་ཕྲག་བཅུ་གསུམ་བཅུ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྒྲོལ་མའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏ་ར་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། གློག་གི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། རྟག་མཐོང་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་སྟོང་བར་དུ་བརྟན། །བསྟན་པ་ཉིས་ཁྲི་སུམ་སྟོང་བར་དུ་རྒྱས། །འདུས་པ་རེ་བརྒྱད་དགྲ་བཅོམ་གྲངས་མེད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གློག་གི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུལྐ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། བཟང་དགའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེའི་ཚད་ནི་ས་ཡ་ཕྲག་བརྒྱད་ལ། །དེ་ཡི་བསྟན་པ་བདུན་ཁྲི་ཉིས་སྟོང་སྟེ། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་བརྒྱད་ཅུ་བརྒྱད་ཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་ཟེར་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། སྐར་མཁན་གྱི་སྐུ་ཐོགས་ལ། ཧཱུྃ། གསེར་ཀྱི་གཟི་བརྗིད་ལྡན་ན་བྲམ་ཟེའི་རིགས། སྐུ་ཚེ་འབུམ་ལ་བསྟན་པ་ཆིག་སྟོང་སྟེ། འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། བྱེ་བ་ཕྲག་ནི་སྟོང་ཚོ་བཅུ་བཅུ་གྲོལ། སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྐར་མཁན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་ར་ཨུ་པ་དྷྱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པ་རྫོགས་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་གྲགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་སུམ་སྟོང་བར་དུ་བརྟན། །བསྟན་པ་བདུན་ཁྲི་ཉིས་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གྲགས་པ་རྫོགས་ལྡན་དབང་བསྐུར༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིརྟི་ས་མ་ས་ཏ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། གསེར་གྱི་སྙིང་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དག་ནི་དགུ་ཁྲིའི་བར་དུ་འཚོ། །བསྟན་པ་བདུན་ཁྲི་བརྒྱད་སྟོང་བར་དུ་རྒྱས། །འདུས་པ་ཉེར་བརྒྱད་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་པདྨའི་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། དེ་བཞིན་གཤེགས་རྒྱལ་གྱི་སྐུ་ཐོགས་ལ། ཧཱུྃ། ནམ་སོའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་དགུ་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་དགུ་ཁྲིའི་བར་དུ་རྒྱས། །འདུས་པ་དྲུག་ཅུ་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཚོ་རེ་རེ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་རྒྱལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏ་ཐཱ་ག་ཏ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སྤྱན་མཛེས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཉམས་དགའ་མིག་སྡུག་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སྟོང་ཕྲག་བཅུ་བདུན་བར་དུ་བརྟན། །དེ་ཡི་བསྟན་པ་ལོ་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤྱན་མཛེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཀྵུ་ཀ་ན་ཨ་བྷི་ཥིཉྩ་ཧཱུྃ། རྙོག་པ་མེད་པའི་དོན་གྱི་སྐུ་ཐོགས་ལ། ཧཱུྃ། ནོར་རྒྱན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་རྒྱས། །དེ་ཡི་བསྟན་པ་སུམ་ཁྲི་ལྔ་སྟོང་ལ། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ རྙོག་པ་མེད་པའི་དོན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀལྐ་ན་ཧི་ཨཪྠ་ཨ་བྷི་ཥིཉྩ་ཧཱུྃ། དྲག་ཤུལ་སྡེའི་སྐུ་ཐོགས་ལ། ཧཱུྃ། དྲག་ཤུལ་ལྡན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་ཁྲི་བསྟན་པ་དགུ་སྟོང་རྒྱས། །འདུས་པ་ལན་གྲངས་བདུན་ཏེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དྲག་ཤུལ་སྡེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྲ་སིན་ནི་ཀ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་དྲུག་སྟོང་བྱེ་བ་བསྟན། །འདུས་པ་ལན་གྲངས་དྲུག་ཅུར་དཔག་མེད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ བསོད་ནམས་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷཔུ་ཎྱ་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་རྩལ་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། རྣམ་རྒྱལ་གཟི་བརྗིད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་བསྟན་པ་ཉིས་སྟོང་རྒྱས། །འདུས་པ་ལན་བཅུ་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཐུ་རྩལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷཱ་ཝ་ཨ་ཧ་ཨ་བྷི་ཥིཉྩ་ཧཱུྃ། ཐོགས་མེད་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་གདུལ་དཀའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་དགུ་སྟོང་བསྟན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ ཐོགས་མེད་བློ་གྲོས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཽ་ཤི་ཀ་བུདྡྷ་ནོ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་ལྷའི་སྐུ་ཐོགས་ལ། ཧཱུྃ། ཆུ་ལྷས་མཆོད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་དྲུག་དྲུག་སྨིན་གྲོལ་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྒྲ་གཅན་ལྷ་ཡིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ཧུ་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། ཆོས་ཀྱི་ཕུང་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་དྲུག་ཁྲི་སུམ་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་རེ་རེ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་ཕུང་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་མགོན་པོ་ཁ་ལོ་སྒྱུར་བའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་ཁ་ལོ་སྒྱུར་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉི་ཁྲི་ཉིས་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་དྲུག་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ མགོན་པོ་ཁ་ལོ་སྒྱུར་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ནཱ་ཐཱ་བིརྟ་མུ་ཥ་བྷི་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་དབང་མཚུངས་ཀྱི་སྐུ་ཐོགས་ལ། ཧཱུྃ། དབང་པོའི་རྒྱལ་མཚན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་གྲངས་བརྒྱ་དང་ཉི་ཤུ་ལ། །ཉན་ཐོས་དགྲ་བཅོམ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྐྱེ་དབང་མཚུངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུར་ཀ་ཥིཉྩ་ཏརྟུ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་དགའ་བའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མེ་ཏོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་འཛིན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་བདུན་ཁྲི་སུམ་སྟོང་རྒྱས། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྒྲ་གཅན་འཛིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ཧུ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། རྩི་སྨན་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། སྨན་ལྡན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཤུ་ཉིས་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྩི་སྨན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཎི་པ་བྷི་ཥི་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། རྒྱུ་སྐར་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ཟླ་བའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཉིས་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་དགུ་བཅུ་དྲུག་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རྒྱུ་སྐར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཀྵ་ཊ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། སྨན་པའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ཀུན་གནས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སྟོང་ཕྲག་བཅོ་བརྒྱད་བསྟན། །འདུས་པ་ལན་གཅིག་ཆོས་ཀྱི་འཁོར་ལོ་ལ། །བྱེ་བ་ཕྲག་ནི་དགུ་བཅུ་གོ་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྨན་པའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷྱཻ་ཥ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་གླང་པོའི་སྐུ་ཐོགས་ལ། ཧཱུྃ། གླང་པོ་རིན་ཆེན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་སྟོང་བདུན་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བསོད་ནམས་གླང་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཎྱ་ཧ་ཏི་ཨ་བྷི་ཥིཉྩ་ཧཱུྃ། གཅོད་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། གསལ་མཐོང་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་དོན་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གཅོད་པར་མཛད་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙྪེ་དཱ་ན་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། རྣམ་གྲགས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྣམ་པར་གྲགས་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ནི་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། ཏོག་གི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སྟོང་ཕྲག་བཅུ་གཉིས་བར་དུ་རྒྱས། །དེ་ཡི་བསྟན་པ་ལོ་སྟོང་བར་དུ་གནས། །འདུས་པ་དྲུག་ཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཉི་མའི་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུརྱ་ཨཾ་ཤུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་མཛོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཆིག་སྟོང་བདུན་ཁྲི་བསྟན། །འདུས་པ་བཅུ་དྲུག་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཆོས་མཛོད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་བཀོད་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བློ་གྲོས་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་དབང་མཚུངས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཏོག་དབང་རྒྱལ་མཚན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་ཁྲི་བསྟན་པ་བརྒྱད་ཅུར་རྒྱས། །འདུས་པ་བརྒྱད་ལ་དགྲ་བཅོམ་དཔག་མེད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཡོན་ཏན་དབང་མཚུངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཥིཉྩ་དྷརྟུ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་སྡེའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ལྡན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བརྒྱད་སྟོང་བར་དུ་བརྟན། །བསྟན་པ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་གནས། །འདུས་པ་ལན་གྲངས་ཉེར་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྡོ་རྗེའི་སྡེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་སིན་ནི་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་བརྩེགས་པའི་སྐུ་ཐོགས་ལ། ཧཱུྃ། ཤེས་རབ་བརྩེགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་སྟོང་ཕྲག་བཅོ་ལྔ་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཤེས་རབ་བརྩེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲཛྙཱ་ཀུ་ཊ་ཨ་བྷི་ཥིཉྩ། ལེགས་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལེགས་པར་རབ་གནས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སྟོང་ཕྲག་བཅུ་གཅིག་བར་དུ་བརྟན། །དེ་ཡི་བསྟན་པ་བདུན་ཁྲི་དྲུག་སྟོང་རྒྱས། །འདུས་པ་དགུ་བཅུར་ཐེར་འབུམ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ལེགས་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། བློ་སྦྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལེགས་བརྩེགས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་དྲུག་ཁྲི་བསྟན། །འདུས་པ་བདུན་ཅུར་བྱེ་བ་བཅུ་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བློ་སྦྱངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བུདྡྷ་ཤྲཱ་མ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་པའི་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྒྲ་སྙན་གྲགས་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་ཁྲི་སྟོང་ཕྲག་ཉེར་བདུན་བསྟན། །འདུས་པ་ལྔ་ལ་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཚངས་པའི་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་མཆོག་མའི་སྐུ་ཐོགས་ལ། ཧཱུྃ། ལག་མཆོག་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་བརྟན། །དེ་ཡི་བསྟན་པ་སྟོང་ཕྲག་བཅུ་དྲུག་རྒྱས། །ཉི་ཤུར་བྱེ་བ་ཉེར་གཉིས་ཉེར་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་མཆོག་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། འབྲུག་སྒྲ་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། གྲགས་པའི་དབྱངས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཉིས་སྟོང་བར་དུ་བརྟན། །བསྟན་པ་སྟོང་ཕྲག་བཅུ་བདུན་བར་དུ་རྒྱས། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་སུམ་ཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ འབྲུག་གི་སྒྲ་དབྱངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་གྷ་སྭ་ར་པཱ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། མངོན་པར་གཤེགས་ཏོག་གི་སྐུ་ཐོགས་ལ། །ཧཱུྃ། ཏོག་གི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་ཁྲི་བསྟན་པ་དྲུག་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མངོན་པར་ཏོག་གཤེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཾ་ཛྙཱ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཏོག་གི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ཕུང་པོའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེའི་ཚད་ནི་སུམ་ཁྲི་སུམ་སྟོང་ལ། །དེ་ཡི་བསྟན་པ་སྟོང་ཕྲག་ཉེར་གཉིས་རྒྱས། །འདུས་པ་ལན་གྲངས་ཉི་ཤུ་རྩ་ལྔ་སྟེ། །བྱེ་བ་ཕྲག་ནི་བརྒྱད་བཅུ་བརྒྱད་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཏོག་གི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀྵུ་ཏྲ་པྲ་བྷི་ཨ་བྷི་ཥིཉྩ་ཧཱུྃ། མི་འདྲེན་དགེ་བའི་སྐུ་ཐོགས་ལ། །ཧཱུྃ། དགེ་བ་ལྡན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བདུན་ལ་རབ་བརྟན་ཅིང་། །དེ་ཡི་བསྟན་པ་དགུ་འབུམ་ཉི་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཕྱིར་མི་ལྡོག་པ་དགུ་འབུམ་དགུ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མི་འདྲེན་དགེ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཀ་ཀ་ལེ་ཤ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་ཚངས་པའི་སྐུ་ཐོགས་ལ། །ཧཱུྃ། དགའ་སྡུག་ཚངས་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉི་ཁྲི་ཆིག་སྟོང་ཉིན་གཅིག་བསྟན། །འདུས་པ་ལན་གཅིག་དགྲ་བཅོམ་གྲངས་མེད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མགོན་པོ་ཚངས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་བྲཧྨ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་མགོན་པོའི་སྐུ་ཐོགས་ལ། ཧཱུྃ། མཆོག་འཛིན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་ཉི་ཁྲིར་རྒྱས། །འདུས་པ་ཉི་ཤུར་ཐེར་འབུམ་དགུ་དགུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་མགོན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ནཱ་ཐ་ཨ་བྷི་ཥིཉྩ་ཧཱུྃ། སྤྱན་སྡུགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྟ་ན་སྡུག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྤྱན་སྡུགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཀྵུཙྪེ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཀླུས་ནི་བྱིན་པའི་སྐུ་ཐོགས་ལ། ཧཱུྃ། ཀླུ་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་ལོ་བརྒྱ་བསྟན། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །འབུམ་ཕྲག་དག་ནི་སུམ་ཅུ་སུམ་ཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཀླུས་ནི་བྱིན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བིཉྩ་ཏ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། བདེན་པའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། གསལ་བའི་ཏོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་འབུམ་དགུ་ཁྲི་བརྒྱད་སྟོང་བསྟན། །འདུས་པ་སུམ་ཅུར་བྱེ་བ་བརྒྱ་བརྒྱ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བདེན་པའི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ཏྱ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་བརྒྱན་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ལེགས་པར་རྒྱན་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དུང་ཕྱུར་ཕྲག་ནི་བརྒྱད་བརྒྱད་གྲོལ་བར་འགྱུར། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མགོན་པོ་བརྒྱན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་ཨ་ལངྐ་ར་ཨ་བྷི་ཥིཉྩ་ཧཱུྃ། ཞུམ་པ་མེད་པའི་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། དབྱངས་ལྡན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་སུམ་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཅུ་ལ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཞུམ་པ་མེད་པའི་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ན་ཏ་ན་ཧི་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་གཟི་བརྗིད་བཟང་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་གསུམ་བཅུ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། དབྱངས་དགའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་ཉིས་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དབྱངས་སྦྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སྙིང་པོའི་སེང་གེའི་སྐུ་ཐོགས་ལ། ཧཱུྃ། སེང་གེའི་སྒྲ་ཚོགས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་སྟོང་ཕྲག་བརྒྱ། །འདུས་པ་བརྒྱད་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སྙིང་པོའི་སེང་གེ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གརྦྷ་སེདྷ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་སྣ་ཚོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་ཅུར་འབུམ་ཕྲག་གྱ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འོད་ཟེར་སྣ་ཚོགས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་བིཤྭ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་དཔའ་བོའི་སྐུ་ཐོགས་ལ། ཧཱུྃ། ས་ཡི་མཆོད་རྟེན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་སུམ་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཡེ་ཤེས་དཔའ་བོ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་བྷི་ར་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྣང་བའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བསྟན་པ་འབུམ། །འདུས་པ་བཅུ་གཅིག་དེ་དག་ཀུན་ལ་ཡང་། །བྱེ་བ་ཁྲི་ཕྲག་གསུམ་གསུམ་སྨིན་གྲོལ་མཛད། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་པདྨའི་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་རྒྱས་པ་དྲུག་ཅུའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་ཉིས་ཁྲི་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་ལྔ་ལྔ་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ མེ་ཏོག་སུམ་ཁྲི་དྲུག་ཅུས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤ་བུདྡྷ་ད་ཤཥྛ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་རྩལ་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རྩལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་སུམ་ཁྲི་བསྟན། །འདུས་པ་བཅོ་བརྒྱད་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་རེ་རེ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཐུ་རྩལ་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷ་ཝ་ཨ་ཧ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བཞི་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བསོད་ནམས་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཎྱ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། གཟུགས་མཆོག་གི་སྐུ་ཐོགས་ལ། ཧཱུྃ། ལེགས་བསམ་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་སུམ་ཁྲིར་རྒྱས། །འདུས་པ་དྲུག་ཅུ་རྩ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གཟུགས་མཆོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱུ་པ་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། སྐར་མཁན་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་འོད་ལྡན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྐར་མཁན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་ར་ཨུ་པ་དེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་སྒྲོན་མའི་སྐུ་ཐོགས་ལ། ཧཱུྃ། ཉི་མའི་སྒྲོན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་དགུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཟླ་བའི་སྒྲོན་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཏཱ་ར་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་སྡུག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བདུན་ཁྲི་བསྟན། །འདུས་པ་བརྒྱད་ཅུ་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གཟི་བརྗིད་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་ཀུ་ཊ་ཨ་བྷི་ཥིཉྩ། ཧཱུྃ། བྱང་ཆུབ་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་ཏོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བྱང་ཆུབ་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བོ་ཏི་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་པོ་མི་ཟད་པའི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་མི་ཟད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་སུམ་སྟོང་དྲུག་ཁྲི་བསྟན། །འདུས་པ་བཅུ་གཅིག་ཐེར་འབུམ་དགུ་དགུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སྙིང་པོ་མི་ཟད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གརྦྷ་ན་ར་ཀྵ་ཡཾ་ཨ་བྷི་ཥིཉྩ་ཧཱུྃ། རྟོགས་པའི་སྤྱན་གྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་གནས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་ལན་གྲངས་སོ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རྟོགས་པའི་སྤྱན་གྱིས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀྵུ་ཏྲ་ཙཀྵུ་ཨ་བྷི་ཥིཉྩ་ཧཱུྃ། ཡན་ལག་རྒྱས་ཀྱི་སྐུ་ཐོགས་ལ། ཧཱུྃ། རྣམ་པར་དག་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་ཆིག་སྟོང་དགུ་ཁྲི་བསྟན། །འདུས་པ་བཅུ་བདུན་དེ་དག་ཀུན་ལ་ཡང་། །ཉན་ཐོས་ཁྲི་ཕྲག་དྲུག་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡན་ལག་རྒྱས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཾ་གྷ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཡུལ་འཁོར་ཤེས་རབ་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་འབྱུང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དགུ་སྟོང་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཡུལ་འཁོར་ཤེས་རབ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རིཥྟ་པྲཛྙཱ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་མཆོག་མའི་སྐུ་ཐོགས་ལ། ཧཱུྃ། ཐམས་ཅད་མཆོག་ཕྱིན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མགོན་པོ་མཆོག་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ཐ་ཨ་གྲ་མཱ་ཏཱ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་ཚིམ་བྱེད་ཀྱི་སྐུ་ཐོགས་ལ། ཧཱུྃ། རིམས་ནད་མེད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་ལོ་སྟོང་རྒྱས། །འདུས་པ་རེ་གཉིས་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ གཟི་བརྗིད་ཚིམ་བྱེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་དུཥྱ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། རྨད་བྱུང་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བདུན་ཅུ་དོན་དྲུག་ལ། བསྟན་པ་བརྒྱད་ཁྲིའི་བར་དུ་མཐའ་རུ་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཤེས་རབ་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲཛྙཱ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། འཇམ་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡིད་དུ་འོང་བའི་དབྱངས་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འཇམ་དབྱངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མཱཉྫུ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། ཆགས་པ་མེད་པའི་མཛོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་བརྩེགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་དགུ་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་གཅིག་བཅུ་གཅིག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཆགས་པ་མེད་པའི་མཛོད་ཀྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ག་ན་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། གཙོ་བོས་བྱིན་གྱིས་སྐུ་ཐོགས་ལ། ཧཱུྃ། སྐྱེ་བོས་མཆོད་རྟེན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལྔ་ཁྲི་བསྟན་པ་སུམ་ཁྲིར་རྒྱས། །འདུས་པ་སུམ་ཅུ་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཞི་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གཙོ་བོས་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ག་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། གཙོ་བོའི་སྐུ་ཐོགས་ལ། ཧཱུྃ། མཆོད་པས་མཆོག་ཏུ་ལྡན་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དེ་བཞིན་གཤེགས་པ་གཙོ་བོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ག་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་མཐུ་རྩལ་གྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་ལྟ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བརྒྱད་སྟོང་རབ་བརྟན་ཅིང་། དེ་ཡི་བསྟན་པ་བདུན་ཁྲི་བཞི་སྟོང་རྒྱས། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཐུ་རྩལ་ཡེ་ཤེས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷཱ་བ་ཛྙཱ་ན་ཨཱ་ཧ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་མགོན་པོ་འོད་འཕྲོས་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ལེགས་མཆོད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཉན་ཐོས་ཐེར་འབུམ་ཐེར་འབུམ་གྲོལ་བར་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ འཇིག་རྟེན་མགོན་པོ་འོད་འཕྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ནཱ་ཐ་པྲ་བྷ་པྲ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྙིང་པོའི་དབང་པོའི་སྐུ་ཐོགས་ལ། ཧཱུྃ། དབང་པོའི་ཏོག་དང་ལྡན་ན་རྒྱལ་པོའི་རིགས། །སྐུ་ཚེ་ཁྲི་སྟོང་བསྟན་པ་ཆིག་ཁྲི་སྟོང་། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྙིང་པོའི་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨིཎྜ་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། ཤུགས་འཆང་གི་སྐུ་ཐོགས་ལ། ཧཱུྃ། ཆོས་ཀྱི་རྒྱལ་མཚན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་སུམ་སྟོང་རབ་བརྟན་ཅིང་། །དེ་ཡི་བསྟན་པ་ཐེར་འབུམ་གསུམ་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཤུགས་འཆང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལ་ཧ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། སྐར་རྒྱལ་གྱི་སྐུ་ཐོགས་ལ། ཧཱུྃ། འོད་འཕྲོ་འོད་ལྡན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྐར་རྒྱལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་ག་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། འོད་ནི་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། ནོར་འབྱོར་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་དྲུག་ཁྲི་བསྟན། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་འོད་ནི་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པ་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། མཆོད་ཅིང་བཀུར་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་སུམ་སྟོང་བར་དུ་རྒྱས། །དེ་ཡི་བསྟན་པ་བརྒྱད་ཁྲི་སུམ་སྟོང་གནས། །འདུས་པ་གྱ་བཞི་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གྲགས་པ་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིརྟི་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། གཟུགས་ནི་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། ཐར་པ་དགའ་ན་རྒྱལ་པོའི་རིགས་ལ་འཁྲུངས། སྐུ་ཚེ་བདུན་ཁྲི་བཞི་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གཟུགས་ནི་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱུ་པ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། མཚུངས་མེད་རྒྱལ་པའི་སྐུ་ཐོགས་ལ། ཧཱུྃ། དང་བའི་རྒྱལ་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་འབུམ་ཕྲག་ཉི་ཤུའི་བར་དུ་བསྟན། །དེ་ཡི་བསྟན་པ་དགུ་ཁྲི་ཉིས་སྟོང་རྒྱས། །འདུས་པ་བརྒྱད་ཅུར་ཐེར་འབུམ་ཐེར་འབུམ་་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མཚུངས་མེད་རྒྱལ་བ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏརྟུ་ན་ཧི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དོན་ནི་གྲུབ་པའི་སྐུ་ཐོགས་ལ། ཧཱུྃ། ཐར་པར་འབྱོར་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དོན་ནི་གྲུབ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མོ་གྷ་སི་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྡེའི་སྐུ་ཐོགས་ལ། ཧཱུྃ། ཟོད་པར་དཀའ་བའི་ཡུལ་ན་བྲམ་ཟེའི་རིགས། །སུམ་ཁྲི་དྲུག་སྟོང་ཉིས་ཁྲི་ཆིག་སྟོང་བསྟན། །འདུས་པ་དྲུག་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྡེ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་སིན་ནི་ཀ་ཨ་བྷི་ཥིཉྩ་ཧཱུྃ། ནོར་ལྷའི་བུའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་འབྱུང་བའི་ཡུལ་ན་བྲམ་ཟེའི་རིགས། །དགུ་ཁྲི་བཞི་སྟོང་དགུ་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ནོར་ལྷའི་བུ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་ན་སུ་ཏྲ་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། མཚུངས་མེད་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། མཆོད་པས་བརྒྱན་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་དགུ་ཁྲི་བསྟན། །འདུས་པ་་བརྒྱད་ཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཚུངས་མེད་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏརྟུ་ཀིརྟི་ན་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་རྒྱལ་པའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་བ་དགའ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བདུན་ཁྲི་དྲུག་སྟོང་བསྟན། །འདུས་པ་བརྒྱ་བཞིར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མགོན་པོ་རྒྱལ་བ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་བི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རྒྱ་ཆེན་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་བར་དུ་འཚོ། །བསྟན་པ་ཉིས་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རྒྱ་ཆེན་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཤ་ཏ་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། སྐར་མའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་རབ་ཏུ་འཚོ། །བསྟན་པ་བདུན་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་བདུན་བཅུ་རེ་རེ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ བསོད་ནམས་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཎྱ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་རྟག་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་སྟོང་དགུ་བཅུ་རྩ་དྲུག་བསྟན། །འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་ཟེར་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། སྨྲ་འདོན་གྱི་སྐུ་ཐོགས་ལ། །ཧཱུྃ། མྱ་ངན་རྣམ་པར་འཚངས་ན་རྒྱལ་པོའི་རིགས། །སྐུ་ཚེ་བྱེ་སྟོང་བདུན་བཅུ་དྲུག་ནི་བསྟན། །འདུས་པ་མཐའ་ཡས་དགྲ་བཅོམ་དཔག་མེད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྨྲ་འདོན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སྭཱ་དྷྱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སྒྲོན་མེའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། བཟང་ལྡན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་དྲུག་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྒྲོན་མེའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དི་པ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་བརྩེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་ལྡན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་སུམ་སྟོང་རྒྱས། །འདུས་པ་གསུམ་ལ་དུང་ཕྱུར་བཅོ་བརྒྱད་དང་། །འབུམ་ཕྲག་གཅིག་དང་བྱེ་བ་བརྒྱ་རྣམས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་བརྩེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ལྷ་མཆོག་གི་སྐུ་ཐོགས་ལ། ཧཱུྃ། ཡན་ལག་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་ཁྲི་ལ་རྒྱས། །འདུས་པ་ལན་བཅུ་ས་ཡ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ལྷ་མཆོག་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་པ་ར་ཨ་བྷི་ཥིཉྩ་ཧཱུྃ། སའི་བདག་པོའི་སྐུ་ཐོགས་ལ། ཧཱུྃ། ཤེས་རབ་འཕགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་ཁྲི་དང་བཞི་སྟོང་བསྟན། །འདུས་པ་བཅུ་བཞི་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ས་ཡི་བདག་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷུ་མི་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རྣམ་གྲོལ་བརྙེས་པའི་སྐུ་ཐོགས་ལ། ཧཱུྃ། ཟིལ་གྱིས་མི་གནོན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་བསྟན་པ་དྲུག་ཁྲིར་རྒྱས། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་ཉི་ཤུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ རྣམ་གྲོལ་རྙེས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷི་བ་མུག་ཏི་ཡཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། གཙུག་གི་གསེར་གྱི་སྐུ་ཐོགས་ལ། ཧཱུྃ། དྲན་པའི་གཙུག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་བདུན་ཁྲི་ཕྲག་རེ་རེ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གཙུག་གི་གསེར་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙུརྣ་རུཀྨ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་དྲུག་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྒྲ་གཅན་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ཧུ་ལ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཐུབ་དཀའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་བའི་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དུང་ཕྱུར་རེ་རེ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཐུབ་དཀའ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏ་ས་པཱ་ཨ་བྷི་ཥིཉྩ་ཧཱུྃ། ཐུབ་གསལ་གྱི་སྐུ་ཐོགས་ལ། ཧཱུྃ། རབ་ཏུ་ཞི་བའི་སྟོབས་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་དྲུག་དུང་ཕྱུར་བརྒྱད་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཐུབ་གསལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུ་ནི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། དཀའ་བ་རྣམ་སྣང་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་བདུན་དུང་ཕྱུར་དགུ་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཟླ་བའི་འོད་ཟེར་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། གསེར་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། གསེར་གྱི་འོད་ཅན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་རྣམས་ལ་དགྲ་བཅོམ་དཔག་མེད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གསེར་འོད་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རུཀྨ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། ཚོགས་ཀྱི་དབང་པོ་མཚུངས་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་འབུམ་བསྟན་པ་ལོ་སྟོང་རྒྱས། །འདུས་པ་དགུ་བཅུར་དུང་ཕྱུར་དགུ་དགུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ལེགས་བྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་དབང་པོའི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་ཡུལ་འཁོར་རིགས་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བདུན་ཁྲི་བསྟན། །འདུས་པ་བཅུ་བདུན་ས་ཡ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་གདུགས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགེ་བའི་རྒྱལ་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་སྟོང་བསྟན་པ་ཁྲི་ལ་རྒྱས། །འདུས་པ་སོ་དྲུག་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཆོས་གདུགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཙྪ་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་ལག་སྐྱེས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལག་བདག་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཉེར་བརྒྱད་དུང་ཕྱུར་ལྔ་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ བསོད་ནམས་ལག་སྐྱེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཎྱ་བྷུ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཆགས་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་འབྱུང་གནས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་དྲུག་དག་ལ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཆགས་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ག་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་གྱ་ནོམ་གྱི་སྐུ་ཐོགས་ལ། ཧཱུྃ། གྱ་ནོམ་མཐའ་ཡས་གྲོང་ན་བྲམ་ཟེའི་རིགས། སྐུ་ཚེ་བཞི་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་སུམ་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོས་གནོན༴ ཡེ་ཤེས་གྱ་ནོམ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཡོ་ཤ་ལ་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་ཞིབ་མོའི་སྐུ་ཐོགས་ལ། ཧཱུྃ། ཉམས་དགའ་འབྱུང་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་ལྔ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་རྩ་བརྒྱད་རྩ་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བློ་གྲོས་ཞིབ་མོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་སཱུཀྵ་མ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བྱིན་ཐམས་ཅད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་བདག་པོའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་སུམ་སྟོང་དེ་བཞིན་བསྟན། །འདུས་པ་སུམ་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གཟི་བྱིན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སརྦ་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། རྩི་སྨིན་གྱི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་མེད་པའི་འོད་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དྲུག་ཅུར་དུང་ཕྱུར་དགུ་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྩི་སྨན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཎི་ཏ་བྷཻཥ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་གྲོལ་བའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཏོག་གི་རྒྱལ་མཚན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་ལྔ་སྟོང་དེ་བཞིན་བསྟན། །འདུས་པ་བཅོ་བརྒྱད་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ རྣམ་པར་གྲོལ་བའི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་མུཀྟི་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཀྱི་མཛོད་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་སྦེད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་སུམ་ཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འོད་ཀྱི་མཛོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀུ་རུ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་དེ་བཞིན་རྒྱས། །འདུས་པ་སུམ་ཅུར་དུང་ཕྱུར་བདུན་བདུན་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། འཇིགས་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། འཇིགས་མཆོག་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་དྲུག་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འཇིགས་མཛད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུ་ཀ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། ཆུ་བོ་སྤོང་གི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་དྲུག་ཁྲི་བསྟན། །འདུས་པ་ལན་གྲངས་དྲུག་སྟེ་ཀུན་ལ་ཡང་། །ཐེར་འབུམ་དྲུག་ཅུ་དྲུག་ཅུ་གྲོལ་བར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཆུ་བོ་སྤོང་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཎི་ཧེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཐོགས་མེད་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། ཚོགས་གསལ་ཡུལ་ན་བྲམ་ཟེའི་རིགས་ལ་ཁྲུངས། །སྐུ་ཚེ་སུམ་ཁྲི་སུམ་སྟོང་སུམ་ཁྲི་བསྟན། །འདུས་པ་བཅུ་གསུམ་ལྔ་འབུམ་ལྔ་འབུམ་གྲོལ། །སྐུ་མདོག་དཀར་པོ༴ སངས་རྒྱས་ཐོགས་མེད་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཽ་ཤི་ཀ་ཀིརྟི་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། བདེན་པའི་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། བདེན་པའི་ཏོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ལྔ་སྟོང་བར་དུ་འཚོ། །བསྟན་པ་དགུ་ཁྲི་ཉིས་སྟོང་བར་དུ་རྒྱས། །འདུས་པ་ལྔ་བཅུར་ལྔ་འབུམ་ལྔ་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བདེན་པའི་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ཏྱ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་སྙན་གྱི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་བཟང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་བཅུར་དུང་ཕྱུར་དུང་ཕྱུར་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དབྱངས་སྙན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་ཡ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རི་དབང་མཚུངས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྣ་ཚོགས་རྗེས་འབྲེལ་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་བརྒྱད་ཅུར་དཔག་མེད་སྨིན་གྲོལ་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རི་དབང་མཚུངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་ཥིཉྩ་ཏརྟུ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་བརྩེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་སྣ་ཚོགས་བཟང་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་བརྒྱད་སྟོང་དེ་བཞིན་བསྟན། །འདུས་པ་སོ་གཉིས་དུང་ཕྱུར་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཆོས་བརྩེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཐར་པའི་གཟི་བྱིན་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བྱིན་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་ང་དགུ་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཐར་པའི་གཟི་བྱིན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་ཏེ་ཛ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ལེགས་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་བྲལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་དྲུག་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ལེགས་མཛད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཀརྱ་ཨ་བྷི་ཥིཉྩ་ཧཱུྃ། རབ་ཏུ་ཞི་བའི་སྐུ་ཐོགས་ལ། ཧཱུྃ། རབ་ཏུ་ཞི་དུལ་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་ནི་ཉིས་སྟོང་བར་དུ་འཚོ། །བསྟན་པ་ཉིས་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་བཅུ་གཅིག་དུང་ཕྱུར་ལྔ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ རབ་ཏུ་ཞི་བའི་སྐུ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་ཤནྟིང་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཡིད་དུ་འོང་བའི་གསུང་གི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་ཡིད་དུ་འོང་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་སུམ་སྟོང་དེ་བཞིན་བསྟན། །འདུས་པ་སོ་གཉིས་དུང་ཕྱུར་ལྔ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཡིད་དུ་འོང་བའི་གསུང་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཨཱུ་པ་ཝ་གཱི་ཨ་བྷི་ཥིཉྩ་ཧཱུྃ། བློ་སྦྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། འགྲོས་སྟོབས་བཟང་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་རྩ་བརྒྱད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བློ་སྦྱོང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དུཛྫ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཆུ་ལྷའི་སྐུ་ཐོགས་ལ། ཧཱུྃ། ཀླུ་དབྱངས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་བཅུ་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་དྲུག་དྲུག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཆུ་ཡི་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷེ་ཝ་ས་ཡེ་ཨ་བྷི་ཥིཉྩ་ཧཱུྃ། འགྲོ་བས་མཆོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཙ་ལའི་དབང་པོའི་ཡུལ་ན་བྲམ་ཟེའི་རིགས། སྐུ་ཚེ་བཞི་ཁྲི་བསྟན་པ་བརྒྱད་ཁྲིར་རྒྱས། །འདུས་པ་སོ་བརྒྱད་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འགྲོ་བས་མཆོད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཏ་པཱུ་ཙ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་ལོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། གསེར་གྱི་ལོགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་སུམ་ཁྲིར་རྒྱས། །འདུས་པ་སོ་དྲུག་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སེང་གེའི་ལོགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་མི་ཐྱ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་མཐུ་རྩལ་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་མཐུ་རྩལ་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་སུམ་སྟོང་སུམ་ཁྲི་བསྟན། །འདུས་པ་རེ་དྲུག་ས་ཡ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཆོས་ཀྱི་མཐུ་རྩལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨ་ཨ་ནུ་བྷ་བ་ཨཱ་ཧ་ཨ་བྷི་ཥིཉྩ་ཧཱུྃ། བསྐལ་བ་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་སྡུག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་བཞིར་ཐེར་འབུམ་བཅུ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བསྐལ་པ་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་ག་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། མི་འཁྲུགས་པའི་མདོག་གི་སྐུ་ཐོགས་ལ། ཧཱུྃ། འོད་དཔལ་མཐོ་རིས་མཆོད་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་བརྒྱད་ཁྲིར་རྒྱས། །འདུས་པ་ལན་གྲངས་འབུམ་སྟེ་ཀུན་ལ་ཡང་། །བྱེ་བ་འབུམ་ཕྲག་བརྒྱད་ཅུ་བརྒྱད་ཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མི་འཁྲུགས་པ་ཡི་མདོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཨ་ཡུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་རྒྱལ་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་ལ་དུང་ཕྱུར་དགུ་དགུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གཟི་བརྗིད་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། རྟོགས་མཛད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་ཉིས་སྟོང་བར་དུ་བརྟན། །དེ་ཡི་བསྟན་པ་ཁྲི་ནི་བརྒྱད་སྟོང་རྒྱས། །འདུས་པ་བཅོ་བརྒྱད་ཐེར་འབུམ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རྟོགས་མཛད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀྵུ་ཏྲ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། །སྤྱན་ལེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་འབུམ་ཕྲག་བཀོད་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་སུམ་ཁྲིར་རྒྱས། །འདུས་པ་ལྔ་བཅུར་བྱེ་ཁྲི་རེ་རེ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤྱན་ལེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཀྵུ་ཀ་ན་ཨ་བྷི་ཥིཉྩ་ཧཱུྃ། དོན་གནས་བློ་མངའི་སྐུ་ཐོགས་ལ། ཧཱུྃ། དོན་མཐའ་བཀོད་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལྔ་ཁྲི་སུམ་སྟོང་དེ་བཞིན་རྒྱས། །འདུས་པ་ལྔ་བཅུར་ཐེར་འབུམ་བཅུ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དོན་གནས་བློ་མངའ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་ཏིཥྛ་བུདྡྷ་པཱ་ཨ་བྷི་ཥིཉྩ་ཧཱུྃ། སྣང་བའི་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། སྣང་མཐའ་གཟི་བརྗིད་བཀོད་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བདུན་ཁྲི་བསྟན། །འདུས་པ་བཅུ་ལ་དུང་ཕྱུར་བདུན་བདུན་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སྣང་བའི་འོད་ཟེར་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱ་ལོ་ཀེ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། སྤོས་ཀྱི་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། དྲི་བསུང་གཟི་བརྗིད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལྔ་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་དྲུག་བཅུ་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སྤོས་ཀྱི་གཟི་བརྗིད་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷུ་པེ་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཀུན་ཏུ་དགའ་བར་མཛད་པའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་མཐོང་ངོམ་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བདུན་ཁྲི་བསྟན། །འདུས་པ་བདུན་ཅུར་དུང་ཕྱུར་བདུན་བདུན་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཀུན་ནས་དགའ་བར་མཛད་པས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སརྦ་ར་ཏ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། དོན་ཡོད་པར་བཤད་པའི་སྐུ་ཐོགས་ལ། ཧཱུྃ། གྲིབ་མེད་གཟི་བརྗིད་བཀོད་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་བརྒྱད་སྟོང་དྲུག་ཁྲི་བསྟན། །འདུས་པ་ཉེར་དྲུག་དུང་ཕྱུར་དྲུག་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དོན་ཡོད་བཤད་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་བྷ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བ་བཅོམ་པའི་སྐུ་ཐོགས་ལ། ཧཱུྃ། ཚེར་མ་མེད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལྔ་ཁྲི་དྲུག་སྟོང་བར་དུ་བསྟན། །དེ་ཡི་བསྟན་པ་དྲུག་ཁྲི་དྲུག་སྟོང་རྒྱས། །འདུས་པ་གསུམ་ལ་བྱེ་བ་ཕྲག་བརྒྱ་དང་། །ཉེར་བཞི་སྨིན་གྲོལ་བྱང་ཆུབ་ལམ་ལ་བཀོད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཁྲོ་བ་བཅོམ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀྲོ་ཏ་བྷ་ག་ཨ་བྷི་ཥིཉྩ་ཧཱུྃ། གཟུགས་མཆོག་གི་སྐུ་ཐོགས་ལ། ཧཱུྃ། ཡན་ལག་མཆོད་གནས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བརྒྱད་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་བཅུ་བཞི་བཅུ་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གཟུགས་མཆོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱུ་པ་པ་ར་ཨ་བྷི་ཥིཉྩ་ཧཱུྃ། ལེགས་བཤད་ཀྱི་སྐུ་ཐོགས་ལ། ཧཱུྃ། འགྲོས་ཆེན་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བརྒྱད་སྟོང་དེ་བཞིན་བསྟན། །འདུས་པ་ཉེར་ལྔ་དུང་ཕྱུར་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ལེགས་བཤད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་བྷ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ། རབ་སྦྱིན་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་ཉིས་ཁྲི་བསྟན། །འདུས་པ་བཅོ་བརྒྱད་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རབ་སྦྱིན་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་དཱ་ན་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། འོད་གཙང་གི་སྐུ་ཐོགས་ལ། ཧཱུྃ། འཕགས་པས་གཟིགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་ཁྲི་དྲུག་སྟོང་། །འདུས་པ་ལན་གྲངས་བཅོ་བརྒྱད་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་བདུན་བཅུ་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་གཙང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་པ་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་ཉི་མའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བར་དུ་འཚོ། །བསྟན་པ་ལྔ་ཁྲི་ལྔ་སྟོང་བར་དུ་རྒྱས། །འདུས་པ་བདུན་ཅུར་བྱེ་བ་ང་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལྷ་ཡི་ཉི་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་སཱུརྱ་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། ཤེས་རབ་སྐར་མདའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བདུན་ཁྲི་བསྟན། །འདུས་པ་དྲུག་ཅུར་ཐེར་འབུམ་བཅུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཤེས་རབ་སྦྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲཛྙཱ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། མཉམ་གཞག་བདག་ཉིད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཀུན་ནས་གྲགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་དགུ་ཁྲི་བསྟན། །འདུས་པ་བརྒྱད་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ མཉམ་གཞག་བདག་ཉིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་མ་བྱ་ཝ་སྠཱ་ན་མ་མ་ཨ་བྷི་ཥིཉྩ་ཧཱུྃ། གཟི་མདངས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་མདངས་འགྲོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བདུན་ཁྲི་བཞི་སྟོང་བསྟན། །འདུས་པ་སུམ་ཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གཟི་མདངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ཛྭ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་རིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། དྲང་སྲོང་ཕྲུག་གུའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བདུན་ཁྲི་བསྟན། །འདུས་པ་བརྒྱད་ཅུ་རྩ་བཞི་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་བཞི་བཅུ་བཞི་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རྒྱལ་རིགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཡ་ཡུག་ཏ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་ཤིང་རྟའི་སྐུ་ཐོགས་ལ། ཧཱུྃ། འཇིགས་མེད་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་བདུན་ཁྲི་དྲུག་ཁྲི་དྲུག་སྟོང་བསྟན། །འདུས་པ་ང་དྲུག་དུང་ཕྱུར་དྲུག་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྐལ་ལྡན་ཤིང་རྟས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་ག་ཝ་ཏི་ར་ཐ་ཨ་བྷི་ཥིཉྩ་ཧཱུྃ། གསེར་མཆོག་གི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་བདུན་ཐེར་འབུམ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གསེར་མཆོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རུཀྨ་པ་ར་ཨ་བྷི་ཥིཉྩ་ཧཱུྃ། རྣམ་རོལ་གཙུག་གི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་མཐོངས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ཉིས་སྟོང་ལྔ་ཁྲི་བསྟན། །འདུས་པ་ཞེ་གཅིག་ས་ཡ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ རྣམ་པར་གྲོལ་བའི་གཙུག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ནི་མུཀྟི་ཙུ་རྣ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། སྐར་མདའ་སྣང་ལྡན་ཡུལ་ན་རྒྱལ་པའི་རིགས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་བརྒྱད་ཅུ་དྲུག་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཆོས་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྤོས་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། འགྲོ་བས་དད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་སུམ་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་དགུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤོས་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷཱུ་པེ་ཏིཥྠ་ཨ་བྷི་ཥིཉྩ་ཧཱུྃ། དྲེགས་པའི་སྐུ་ཐོགས་ལ། ཧཱུྃ། མཁས་པའི་བློ་གྲོས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་སྟོང་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་བདུན་བཅུར་ཐེར་འབུམ་ལྔ་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དྲེགས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་མཛོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་མཐའ་ཡས་བཀོད་ན་རྒྱལ་རིགས་ཚེ། །བརྒྱད་ཁྲི་དྲུག་སྟོང་ཁྲི་ནི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་བཅུ་བཞི་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་མཛོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་སྟོང་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །འབུམ་ཕྲག་དྲུག་བཅུ་དྲུག་བཅུ་སྨིན་གྲོལ་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཚངས་པར་གཤེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཙན་དན་གྱི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་བརྟན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཙན་དན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙན་དན་ཨ་བྷི་ཥིཉྩ་ཧཱུྃ། མྱ་ངན་མེད་པའི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་བྲལ་ན་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་སུམ་ཁྲི་སུམ་སྟོང་བར་དུ་བརྟན། །དེ་ཡི་བསྟན་པ་ཁྲི་དང་དགུ་སྟོང་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མྱ་ངན་མེད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དུཿཁ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། བདག་མེད་ལྡན་ན་བྲམ་ཟེའི་རིགས་འཁྲུངས་ཚེ། །ཉིས་ཁྲི་ཉིས་སྟོང་ཉིས་ཁྲི་ཆིག་སྟོང་བསྟན། །འདུས་པ་ལོ་གཉིས་ཉན་ཐོས་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སེང་གེའི་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། ཡུལ་འཁོར་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཁྲི་ནི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་བཅུ་གཉིས་ལན་གྲངས་ཀུན་ལ་ཡང་། །ཉན་ཐོས་སྟོང་ཕྲག་བཅོ་ལྔ་བཅོ་ལྔ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡུལ་འཁོར་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཥྟཾ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་འབྱུང་བའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་དྲུག་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅོ་བརྒྱད་བཅོ་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་པདྨའི་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་གྷརྦྷ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་མཐའ་ཡས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་གཟི་བརྗིད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དྲུག་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ གཟི་བརྗིད་མཐའ་ཡས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་དྷ་ཝ་ཧྲི་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་འོད་ཟེར་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། ལྷ་དད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་བཅུར་འབུམ་ཕྲག་དྲུག་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ལྷ་ཡི་འོད་ཟེར་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་རསྨི་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མེ་ཏོག་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་ལོ་སྟོང་རྒྱས། །འདུས་པ་བཅུ་དྲུག་ས་ཡ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཤེས་རབ་མེ་ཏོག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲཛྙཱ་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ། མཁས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཁྲི་ནི་བཞི་སྟོང་བསྟན། །འདུས་པ་བཅུ་བཞི་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མཁས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ཀྲུ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབྱོར་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འབྱོར་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་དགུ་སྟོང་རྒྱས། །འདུས་པ་དགུ་ལ་ས་ཡ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་འབྱོར་ལྡན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཡོ་ག་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཚངས་དབྱིག་གི་སྐུ་ཐོགས་ལ། ཧཱུྃ། དབྱིག་སྣང་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་གྱ་བརྒྱད་དུང་ཕྱུར་བརྒྱད་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཚངས་པའི་དབྱིག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་དཎྜ་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་ན་རིན་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་རྒྱལ་པོའི་རིགས་ལ་འཁྲུངས། སྐུ་ཚེ་སུམ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་བཞིར་ས་ཡ་དྲུག་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཕྱག་ན་རིན་ཆེན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་པ་ཎི་ཨ་བྷི་ཥིཉྩ་ཧཱུྃ། དབང་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། དབང་པོའི་རྒྱན་བཀོད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་འབུམ་བསྟན་པ་བྱེ་བར་རྒྱས། །འདུས་པ་སུམ་བཅུ་རྩ་དྲུག་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་དྲུག་བཅུ་དྲུག་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དབང་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཥིཉྩ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རྫོགས་པར་གསུངས་པའི་སྐུ་ཐོགས་ལ། ཧཱུྃ། བཀོད་ཆེན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་གྱ་བཞིར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྫོགས་པར་གསུངས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ར་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་གསུང་གི་སྐུ་ཐོགས་ལ། ཧཱུྃ། ཤིན་ཏུ་ལྟ་ན་གསལ་བར་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་གནས། །འདུས་པ་བདུན་ཅུ་རྩ་བརྒྱད་ཀུན་ལ་ཡང་། །འབུམ་ཕྲག་བརྒྱད་ཅུ་རྩ་བརྒྱད་རྩ་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཆོག་གསུང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་ཝཱ་ཨ་བྷི་ཥིཉྩ་ཧཱུྃ། མཆོད་འོས་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་བསྟན་པ་ཁྲི། །འདུས་པ་གྱ་བཞི་དུང་ཕྱུར་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཆོད་འོས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ཙ་ཨཱུ་པ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། སྐར་རྒྱལ་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལྔ་བཅུར་ཐེར་འབུམ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྐར་རྒྱལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་ག་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་སྐུ་ཐོགས་ལ། ཧཱུྃ། ཉི་མའི་འོད་བཀོད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེའི་ཚད་ནི་བརྒྱད་ཁྲིའི་བར་དུ་འཚོ། །དེ་ཡི་བསྟན་པ་དགུ་ཁྲི་དྲུག་སྟོང་རྒྱས། །འདུས་པ་གོ་དྲུག་དུང་ཕྱུར་རེ་རེ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཉི་མ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་ཨ་བྷི་ཥིཉྩ་ཧཱུྃ། འདམ་ལས་བརྒལ་བའི་སྐུ་ཐོགས་ལ། ཧཱུྃ། དགའ་བཀོད་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་སོ་དྲུག་ལན་གྲངས་ཀུན་ལ་ཡང་། །དུང་ཕྱུར་བདུན་བདུན་བྱེ་བ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ འདམ་ལས་བརྒལ་བ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏིཪྞ་སངྐ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་མཉེས་ཀྱི་སྐུ་ཐོགས་ལ། ཧཱུྃ། གསལ་བར་རབ་བརྒྱན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལྔ་ཁྲི་བསྟན་པ་དྲུག་ཁྲིར་རྒྱས། །འདུས་པ་དྲུག་བཅུར་དུང་ཕྱུར་རེ་རེ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་མཉེས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། གྲུབ་པའི་སྐུ་ཐོགས་ལ། ཧཱུྃ། ནོར་བུ་ཁོང་སྣུམས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལྔ་ཁྲི་ལྔ་སྟོང་ལྔ་སྟོང་བསྟན། །འདུས་པ་ལྔ་ལ་དུང་ཕྱུར་རེ་རེ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གྲུབ་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། རྨ་བྱའི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་ཡིད་འོད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བསྟན་བཞི་ཁྲི། །འདུས་པ་ལྔ་བཅུ་ས་ཡ་ལྔ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རྨ་བྱ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཡུར་ཨ་བྷི་ཥིཉྩ་ཧཱུྃ། ཆོས་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ། འོད་བཀོད་གྲུབ་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་ཁྲི་སུམ་སྟོང་བསྟན། །འདུས་པ་ཉེར་ལྔར་ཉི་ཤུ་ཉི་ཤུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཆོས་སྦྱིན་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཕན་པར་བཞེད་པའི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་རྨད་གཟུགས་ཡུལ་ན་རྒྱལ་པོའི་རིགས། །དགུ་ཁྲི་ཆིག་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་དགུ་བཅུར་ས་ཡ་བདུན་བདུན་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཕན་པར་བཞེད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧས་ཏི་ཧསྟ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་རྣམ་རྒྱན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་དྲུག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །འབུམ་ཕྲག་བཅོ་བརྒྱད་བཅོ་བརྒྱད་སྨིན་གྲོལ་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་ལྡན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། གྲགས་པའི་སྐུ་ཐོགས་ལ། ཧཱུྃ། དགའ་བས་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཉེར་གཉིས་དེ་དག་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་སོ་དྲུག་སོ་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གྲགས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་དྲ་བའི་སྐུ་ཐོགས་ལ། ཧཱུྃ། དྲ་བ་ལྷས་བཀོད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་དྲུག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་བརྒྱད་བཅུ་ལན་གྲངས་ཀུན་ལ་ཡང་། །འབུམ་ཕྲག་དག་ནི་བཅུ་དྲུག་བཅུ་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་ཟེར་དྲ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་ཛ་མ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་བཅོམ་པའི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་མེད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་ཉི་ཤུ་བདུན་བདུན་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྣམ་པར་བཅོམ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་གྷ་ག་ཨ་བྷི་ཥིཉྩ་ཧཱུྃ། བཻ་ཌཱུརྱའི་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། ཤིན་ཏུ་འཕགས་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཉེར་གཉིས་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ བཻཌཱུརྱ་ཡི་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཻཌཱུརྱ་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ་མེ་ཏོག་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་གཉིས་བཅུ་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མེ་ཏོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། དགའ་བའི་ཉི་མ་བཀོད་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་བརྒྱད་ཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ལྷ་ཡི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བའི་སྐུ་ཐོགས་ལ། ཧཱུྃ། ཚིགས་ལ་མངོན་དགའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་ནི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་ལྔ་བཅུར་བྱེ་བ་རེ་རེ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཟླ་བ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། དྲན་པའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། དྲན་པའི་གོ་བགོས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཁྲི་ནི་ཉིས་སྟོང་བར་དུ་འཚོ། བསྟན་པ་ཉིས་ཁྲི་ཉིས་སྟོང་བར་དུ་རྒྱས། །འདུས་པ་ལན་བརྒྱར་ཐེར་འབུམ་སུམ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དྲན་པའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙིཏྟ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། དགེ་བའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། འཇིག་བརྟེན་མཁས་ན་རྒྱལ་པོའི་རིགས་ལ་འཁྲུངས། །དགུ་ཁྲི་ཉིས་སྟོང་བདུན་ཁྲི་བཞི་སྟོང་བསྟན། །འདུས་པ་མཐའ་ཡས་བྱེ་བ་འབུམ་ཕྲག་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དགེ་བའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་ལེ་ཤ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་མཆོག་མ་ཀུན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྫུ་འཕྲུལ་སྣང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་སུམ་སྟོང་ཉིས་ཁྲི་བསྟན། །འདུས་པ་བརྒྱད་བཅུ་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། སྐུ་མདོག་སེར་པོ་ས་གནོན༴ ཡོན་ཏན་མཆོག་མ་ཀུན་འོད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་པ་ར་བི་ཤྭ་མ་ཏྭ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། དཔལ་གྱི་ཚོགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བརྒྱད་སྟོང་དེ་བཞིན་བསྟན། །ཆོས་ཀྱི་འཁོར་ལོས་བྱེ་བ་ཉེར་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་དཔལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། སྐྱེས་བུ་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། ཟླ་བས་བརྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཉིས་སྟོང་བར་དུ་བརྟན། །དེ་ཡི་བསྟན་པ་སྟོང་ཕྲག་སོ་བདུན་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྐྱེས་བུའི་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཪྵ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་སྒྲ་གཅན་གྱི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་མཆོད་རྟེན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་ཁྲི་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་གསུམ་གསུམ་གྲོལ་བར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མགོན་པོ་སྒྲ་གཅན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་རཱ་ཧུ་ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩིའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་སྣང་བྱེད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བར་དུ་འཚོ། བསྟན་པ་དྲུག་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བདུད་རྩིའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མྲྀ་ཏེ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་མཆོག་མའི་སྐུ་ཐོགས་ལ། ཧཱུྃ། སྙན་པའི་གཏམ་ལྡན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་ལྔ་སྟོང་བར་དུ་འཚོ། བསྟན་པ་བདུན་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་ཉེར་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འཇིག་རྟེན་མཆོག་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ཨ་གྲ་མ་ཏྭ་ཨ་བྷི་ཥིཉྩ་ཧཱུྃ། སྐར་མའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་འཕྲོ་ཅན་ན་བྲམ་ཟེའི་རིགས་སྐུ་ཚེ། །ཉིས་ཁྲི་བརྒྱད་སྟོང་སུམ་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་ལྔ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྐར་མའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་རཱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཞི་བའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཁས་པས་མཆོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་སུམ་སྟོང་བར་དུ་འཚོ། །བསྟན་པ་ཉིས་ཁྲི་ཆིག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཞི་བའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤནྟ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་རྒྱ་མཚོའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་ཚོགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡེ་ཤེས་རྒྱ་མཚོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་སཱ་ག་ར་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་དབང་ཕྱུག་རིའི་དབང་པོའི་སྐུ་ཐོགས་ལ། ཧཱུྃ། མཛེས་པར་སྨྲ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉི་ཁྲི་སུམ་སྟོང་བར་དུ་འཚོ། །བསྟན་པ་སུམ་ཁྲི་བཞི་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ ཆོས་ཀྱི་དབང་ཕྱུག་རི་དབང་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཤྭ་ར་མེ་རུ་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། མི་གཡོ་མགོན་པོའི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་སྣང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་ཉིས་ཁྲིར་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མི་གཡོ་མགོན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཙ་ལ་ནཱ་ཐ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་མཐུ་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལེགས་སྐྱེས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཡོན་ཏན་མཐུ་སྟོབས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཨ་ནུ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་དབང་པོའི་སྐུ་ཐོགས་ལ། ཧཱུྃ། དབང་པོའི་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་སུམ་སྟོང་བར་དུ་འཚོ། །བསྟན་པ་སུམ་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ལྷ་ཡི་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་སྙན་གྱི་སྐུ་ཐོགས་ལ། ཧཱུྃ། དབྱངས་ཀྱི་ཡན་ལག་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དབྱངས་སྙན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་ཡ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ངོ་བཟངས་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་སྣང་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བདུན་ཁྲི་བསྟན། །འདུས་པ་བདུན་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ངོ་བཟངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མུ་ཁ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། དོན་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། དོན་སྟོན་བློ་གྲོས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་སུམ་ཁྲི་བསྟན། །འདུས་པ་སོ་དྲུག་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དོན་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་འབྱུང་གནས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་བདུན་སྟོང་སུམ་ཁྲི་བསྟན། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་དྲུག་བཅུ་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གཟི་བརྗིད་དཔལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། མཁྱེན་ལྡན་ཟླ་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། མཁྱེན་ལྡན་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་སྟོང་བསྟན་པ་བདུན་ཁྲི་དྲུག །འདུས་པ་ལན་དྲུག་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ མཁྱེན་ལྡན་ཟླ་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཝ་ཏི་ཙཎྜ་ནོ་ཨ་བྷི་ཥིཉྩ་ཧཱུྃ། ང་རོ་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྟ་སྐད་དབྱངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དགུ་ཁྲི་བསྟན། །འདུས་པ་བརྒྱད་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ང་རོ་དཔག་མེད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱ་ལཱ་པ་ཨ་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ། དམ་པ་འོད་བཟང་གི་སྐུ་ཐོགས་ལ། ཧཱུྃ། འོད་ཀྱིས་ལེགས་བརྒྱན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་ཉིས་ཁྲིར་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དམ་པ་འོད་བཟང་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ཏེ་པྲ་བྷ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་གཞུངས་པའི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་འཚོ། བསྟན་པ་བདུན་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་ཉེར་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཐུགས་གཞུངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙིཏྟ་བ་ན་ཏ་ཨ་བྷི་ཥིཉྩ་ཧཱུྃ། དོན་དགོངས་གཏི་མུག་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། རྣམ་པར་གྲོལ་མཆོད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་ཆིག་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དོན་དགོངས་གཏི་མུག་བྲལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་སན་དྷི་ན་ཏྲཱ་ས་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་ཀྱི་ཡན་ལགས་ཁྱད་འཕགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཁྱད་འཕགས་སྣང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་ཉེར་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དབྱངས་ཀྱི་ཡན་ལག་ཁྱད་འཕགས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་ཨཾ་ག་ཏཱ་ཡཱ་ཨརྱ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་ཏུ་མཛེས་གཤེགས་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་བསྔགས་ན་བྲམ་ཟེའི་རིགས་འཁྲུངས་ཚེ། །ཉིས་ཁྲི་བཞི་སྟོང་ཉིས་ཁྲི་དྲུག་སྟོང་བསྟན། །འདུས་པ་ཉེར་གསུམ་ཐེར་འབུམ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ མཆོག་ཏུ་མཛེས་གཤེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་གྲ་ཀཱ་ན་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་མ་ཞི་དོན་གྱི་སྐུ་ཐོགས་ལ། ཧཱུྃ། གདོན་མའི་ཟ་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མཆོག་མ་ཞི་དོན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་མ་ཏྭ་ཤནྟིཾ་ཨཪྠ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་དབང་ཕྱུག་སྐྱོན་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། སྐྱོན་རབ་སེལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་ཁྲི་ནི་ཉིས་སྟོང་རྒྱས། །འདུས་པ་ལན་གྲངས་དོན་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཆོས་ཀྱི་དབང་ཕྱུག་སྐྱོན་མེད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཤྭ་ར་གོ་ཥྱ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། བློ་དབྱངས་དགེ་བའི་སྐུ་ཐོགས་ལ། ཧཱུྃ། དགེ་བ་སྣང་བྱེད་ཡུལ་ན་རྒྱལ་རིགས་ཚེ། །ཉིས་ཁྲི་ཉིས་སྟོང་ཉིས་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བློ་དབྱངས་དགེ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་བུདྡྷ་ཀ་ལེ་ཤ་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་མཛོད་ཀྱི་སྐུ་ཐོགས་ལ། ཧཱུྃ། པདྨའི་ཕུང་པོའི་ཡུལ་ན་རྒྱལ་རིགས་ཚེ། །དྲུག་ཁྲི་དྲུག་སྟོང་ཉིས་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་པདྨའི་མཛོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་མ་ལ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་སྣང་བའི་ཡུལ་ན་རྒྱལ་རིགས་ཚེ། །ཉིས་ཁྲི་བཞི་སྟོང་ཉིས་ཁྲི་ལྔ་སྟོང་བསྟན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འོད་ཟེར་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། སྤོབས་པའི་མདོག་གི་སྐུ་ཐོགས་ལ། ཧཱུྃ། སྤོབས་པའི་མདོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །ཉིས་ཁྲི་བཞི་སྟོང་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྤོབས་པའི་མདོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱ་དུར་ཨ་བྷི་ཥིཉྩ་ཧཱུྃ། སྟེགས་ནི་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། འཕགས་པས་དད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སུམ་ཁྲི་ཉིས་སྟོང་སུམ་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྟེགས་ནི་བཟང་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧསྟ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཀྱི་དབང་པོའི་སྐུ་ཐོགས་ལ། ཧཱུྃ། དབང་པོའི་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། སྐུ་ཚེ་སྟོང་ཕྲག་བཅོ་བརྒྱད་དེ་བཞིན་བསྟན། །འདུས་པ་བཅུ་དྲུག་ལན་གྲངས་ཀུན་ལ་ཡང་། །འབུམ་ཕྲག་ཉི་ཤུ་རྩ་ནི་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཚོགས་ཀྱི་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ན་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། སྙེམས་དང་བྲལ་བའི་སྐུ་ཐོགས་ལ། ཧཱུྃ། མི་འཇིགས་སྦྱིན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སྟོང་ཕྲག་བཅུ་བཞིར་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྙེམས་དང་བྲལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་མ་ཨ་པ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་བཞད་པའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་རྣམ་པར་སྒྲོགས་ན་བྲམ་ཟེའི་རིགས། །སྐུ་ཚེ་སྟོང་ཕྲག་བཅོ་ལྔའི་བར་དུ་འཚོ། །དེ་ཡི་བསྟན་པ་དྲུག་ཁྲི་དྲུག་སྟོང་རྒྱས། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་དྲུག་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡེ་ཤེས་བཞད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཧསྟ་ཨ་བྷི་ཥིཉྩ་ཧཱུྃ། སྤོབས་པའི་སྤྱན་གྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་མཐོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་སྟོང་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །འབུམ་ཕྲག་ཉི་ཤུ་རྩ་ནི་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྤོབས་པའི་སྤྱན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱ་ཎྱ་ཊ་ཨ་བྷི་ཥིཉྩ་ཧཱུྃ། བློ་མཆོག་མའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་མཐོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བརྒྱད་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་ཉིས་ཁྲི་དྲུག་སྟོང་རྒྱས། །ཆོས་ཀྱི་འཁོར་ལོས་ཐེར་འབུམ་གྲོལ་བར་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བློ་མཆོག་མ་ཡིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་བུདྷ་མརྱ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་དབང་ཕྱུག་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། ཟླ་བ་སྣང་བྱེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་དགུ་སྟོང་ཉིས་ཁྲི་བསྟན། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཆོས་ཀྱི་དབང་ཕྱུག་ཟླ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཤྭ་ར་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། །རིན་ཆེན་ཟླ་བའི་འོད་ཀྱིས་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་ཏོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ལྔ་སྟོང་བར་དུ་འཚོ། །བསྟན་པ་བདུན་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་ཉེར་བཞི་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ རིན་ཆེན་ཟླ་བའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཙཎྜ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། སྙེམས་པ་མེད་པའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་ཚོགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སྟོང་ཕྲག་གོ་དགུ་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས༴ སངས་རྒྱས་སྙེམས་པ་མེད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སོ་མ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། གཟིགས་པ་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་བྱ་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་རེ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གཟིགས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་པའི་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཆོད་རྟེན་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བདུན་ཁྲི་བསྟན། །འདུས་པ་བདུན་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཚངས་པའི་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་མ་དབྱངས་བཟང་གི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་ལྡན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཉིས་སྟོང་བར་དུ་འཚོ། ོ། བསྟན་པ་ཉིས་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཆོག་མ་དབྱངས་བཟང་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ར་མ་ཏྭ་གྷོ་ཥ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་ཚོགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བཞི་སྟོང་བར་དུ་འཚོ། །བསྟན་པ་སུམ་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བཞི་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཤེས་རབ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་པྲ་ཛྙཱ་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་ཟླ་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ་མཁས་པས་མཆོད་པར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་དྲུག་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ བློ་གྲོས་ཟླ་མེད་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་ཙཎྜ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་འཁྲེགས་པའི་སྐུ་ཐོགས་ལ། ཧཱུྃ། རབ་ཏུ་གདུལ་དཀའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་བཅུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྡོ་རྗེ་འཁྲིགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་མེ་ཐུ་ར་ཨ་བྷི་ཥིཉྩ་ཧཱུྃ། བྱང་ཆུབ་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་འཆང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་བསྟན་དགུ་ཁྲི། །འདུས་པ་ལན་གྲངས་གོ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ བྱང་ཆུབ་བློ་གྲོས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བོ་དྷི་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ལྗོན་ཤིང་དབང་པོའི་སྐུ་ཐོགས་ལ། ཧཱུྃ། དབང་པོ་སྣང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ལྗོན་ཤིང་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྲུ་མ་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། མདངས་སྙན་གྱི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་དབྱངས་ལྡན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མདངས་སྙན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨན་དྷ་ཡ་ཤ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྣང་བྱེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་སྟོང་ཕྲག་བཅོ་བརྒྱད་རབ་ཏུ་འཚོ། །བསྟན་པ་བརྒྱད་ཁྲི་མི་ནུབ་རྒྱལ་མཚན་འཆང་། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བསོད་ནམས་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཎྱ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། མཐུ་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། བརྟན་པར་སྣང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཆིག་སྟོང་བར་དུ་འཚོ། །བསྟན་པ་བདུན་ཁྲི་ལྔ་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མཐུ་དཔལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷ་བ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། འཕགས་པ་རྒྱས་པའི་སྐུ་ཐོགས་ལ། ཧཱུྃ། དྲང་སྲོང་དྲན་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་དགུ་ཁྲི་བསྟན། །འདུས་པ་དྲུག་བཅུ་དྲུག་བཅུ་ཀུན་ལ་ཡང་། །ཉན་ཐོས་དག་ནི་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འཕགས་པ་རྒྱས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱརྱ་བུདྷ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་མཐུ་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་སྣང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མགོན་པོ་མཐུ་སྟོབས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་ཨ་ནུ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། སྐར་མ་རྒྱས་པའི་སྐུ་ཐོགས་ལ། ཧཱུྃ། འོད་འཕྲོ་སྣང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བཞི་སྟོང་སུམ་ཁྲི་བསྟན། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བཞི་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྐར་དགྱེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་ར་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། སྤྲིན་གྱི་རྔ་སྒྲའི་སྐུ་ཐོགས་ལ། ཧཱུྃ། བདུད་རྩིའི་དབྱངས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བཞི་སྟོང་བར་དུ་འཚོ། །བསྟན་པ་ཉིས་ཁྲི་སུམ་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྤྲིན་གྱི་རྔ་སྒྲས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་གྷ་པཉྩ་ར་ཨ་བྷི་ཥིཉྩ་ཧཱུྃ། སྤྱན་གདུགས་པའི་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ། མཐོང་བས་མཆོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྤྱན་གདུགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནེ་ཏྲ་ཨརྒྷཾ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་བཟང་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་སྒྲོན་ན་བྲམ་ཟེའི་རིགས་ལ་འཁྲུངས། སྐུ་ཚེ་དགུ་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་བཟང་ལྡན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་བྷ་དྲ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་འབྱོར་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ་རིན་ཆེན་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཉིས་སྟོང་བར་དུ་འཚོ། །བསྟན་པ་བརྒྱད་ཁྲི་བདུན་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བདུན་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ བླ་མ་འབྱོར་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་རུ་ཡོ་ག་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ཐམས་ཅད་འབྱུང་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བརྒྱད་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་དོན་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡོན་ཏན་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་གསལ་བའི་སྐུ་ཐོགས་ལ། ཧཱུྃ། འཇིགས་མེད་བསོད་ནམས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བྱེ་བ་དོན་དྲུག་ཉེར་གཉིས་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་གྲོལ། སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བླ་མ་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་རུ་ནི་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་རྒྱལ་མཚན་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་ཚོགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བདུན་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ ཆོས་ཀྱི་རྒྱལ་མཚན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ང་རོའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་རབ་གནས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་དོན་ལྔ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་ང་རོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་པྲ་ལཱ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་མ་ནམ་མཁའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་སྒྲོན་མེའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཆོག་མ་ནམ་མཁས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་མ་ཏྭ་ག་ག་ཨ་བྷི་ཥིཉྩ་ཧཱུྃ། མཆོག་སྦྱིན་ང་རོའི་སྐུ་ཐོགས་ལ། ཧཱུྃ། ཆོས་སྣང་ཡུལ་ན་རྒྱལ་རིགས་སྐུ་ཚེ་ནི། །དགུ་ཁྲི་བཞི་སྟོང་དགུ་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མཆོད་སྦྱིན་ང་རོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ཙ་དཱ་ན་པྲ་ལཱ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་འགོད་ང་རོའི་སྐུ་ཐོགས་ལ། ཧཱུྃ། མཆོག་ཏུ་དགའ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་འབུམ་བསྟན་པ་དེ་བཞིན་རྒྱས། །འདུས་པ་གྲངས་མེད་ཉན་ཐོས་དཔག་མེད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རྣམ་འགོད་ང་རོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ན་ཏ་པྲ་ལཱ་ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་གཟི་བརྗིད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ཀུན་ལྡན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་ལོ་སྟོང་རྒྱས། །འདུས་པ་དྲུག་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། འོད་ཟེར་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རསྨི་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དྲང་སྲོང་དབང་པོའི་སྐུ་ཐོགས་ལ། ཧཱུྃ། འཕགས་པས་བལྟས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཉེར་གསུམ་དེ་དག་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་དག་ནི་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དྲང་སྲོང་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རྀ་ཥི་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། བློ་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། ཚངས་པས་བལྟས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་བསྟན་པ་སྟོང་། །འདུས་པ་བརྒྱ་ལ་ཐེར་འབུམ་དྲུག་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བློ་ལྡན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཝ་ཏི་བུདྷ་ཨ་བྷི་ཥིཉྩ་ཧཱུྃ། སྤོབས་པའི་ཚོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཆོད་སྒྲོམ་ཡུལ་ན་བྲམ་ཟེའི་རིགས་འཁྲུངས་ཚེ། །ཉིས་ཁྲི་ཉིས་སྟོང་བདུན་ཁྲི་བདུན་སྟོང་བསྟན། །འདུས་པ་བརྒྱད་བཅུར་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་རེ་རེ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤོབས་པའི་ཚོགས་ཀྱིས་དབང་༴ སྐལ་ལྡན༴ ཨོཾ་བུདྡྷ་ག་ན་པཱ་ཨ་བྷི་ཥིཉྩ་ཧཱུྃ། མཆོག་སྦྱིན་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། མཆོད་སྦྱིན་གསལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་ལྔ་སྟོང་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཆོག་སྦྱིན་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱ་ར་དཱ་ན་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ། རྣམ་སྣང་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་བ་ལོ་སྟོང་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཟླ་བའི་ཞལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ། ཤིན་ཏུ་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྐར་མ་སྣང་ལ་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱ་དང་སུམ་བཅུའི་བར་དུ་འཚོ། །དེ་ཡི་བསྟན་པ་བདུན་ཁྲི་དྲུག་སྟོང་རྒྱས། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཤིན་ཏུ་གཟིགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུ་ནི་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་རྡུལ་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ཀུན་ལྡན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་ལྔ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཡོན་ཏན་རྡུལ་བྲལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་རཱ་ཛ་པཱ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ཚོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡོན་ཏན་ཚོགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ག་ན་ཨ་བྷི་ཥིཉྩ་ཧཱུྃ། ཏོག་དང་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། ཏོག་སྣང་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་གཉིས་བཅུ་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཏོག་དང་ལྡན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཥུ་ཏྲ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་རྣམ་འཕྲུལ་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བསོད་ནམས་རྒྱལ་མཚན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཎྱ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཡུལ་འཁོར་སྤོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཁས་པས་མཆོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ཕྲག་སྟོང་དང་རྩ་བཞི་འཚོ། །བསྟན་པ་བདུན་ཁྲི་དྲུག་སྟོང་བར་དུ་རྒྱས། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡུལ་འཁོར་སྤོབས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱཥྟཾ་པཱ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་རབ་སྦྱིན་གྱི་སྐུ་ཐོགས་ལ། ཧཱུྃ་ཐམས་ཅད་སྣང་བྱེད་ཡུལ་ན་བྲམ་ཟེའི་རིགས་། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་རབ་སྦྱིན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་པ་ར་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བ་རྒྱས་པའི་སྐུ་ཐོགས་ལ། ཧཱུྃ། ཟླ་སྣང་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཟླ་བ་རྒྱས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་བུདྷ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། སེང་གེ་རྣམ་པར་སྒྱིངས་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་དྲུག་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སེང་གེའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་བ་ལྱ་ཨ་བྷི་ཥཉྩ་ཧཱུྃ། དབང་སྒྱུར་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལྡན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཆིག་ཁྲི་ལྔ་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་སོ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་རེ་རེ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དབང་སྒྱུར་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཥིཉྩ་བིརྟ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩི་གསལ་བའི་སྐུ་ཐོགས་ལ། །ཧཱུྃ། འཇིག་རྟེན་སྣང་བྱེད་རྒྱལ་པོའི་རིགས་སྐུ་ཚེ་། །བདུན་ཁྲི་སུམ་སྟོང་བདུན་ཁྲི་ལྔ་སྟོང་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་རེ་རེ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བདུད་རྩི་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མྲྀ་ཏ་པ་ཨ་བྷི་ཥིཉྩ་ཧཱུྃ། །བསམ་གཏན་སྙོམས་པའི་སྐུ་ཐོགས་ལ། ཧཱུྃ། འཕགས་པས་བལྟས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བརྒྱད་ཁྲི་བདུན་སྟོང་བསྟན། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ བསམ་གཏན་སྙོམས་པར་ཞུགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷྱ་ན་ས་མ་ཨ་བྷི་ཥིཉྩ་ཧཱུྃ། འཁྲུལ་བ་མེད་པའི་སྐུ་ཐོགས་ལ། ཧཱུྃ། བྱམས་པས་བལྟས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་ཁྲི་བརྒྱད་སྟོང་བསྟན། །འདུས་པ་བརྒྱད་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འཁྲུལ་པ་མེད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷྲ་མ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། དྲི་མ་རབ་ཞིའི་སྐུ་ཐོགས་ལ། ཧཱུྃ། ཞི་བའི་འོད་ན་བྲམ་ཟེའི་རིགས་འཁྲུངས་ཚེ། །བདུན་ཁྲི་བདུན་སྟོང་ཆིག་ཁྲི་སུམ་སྟོང་བསྟན། །འདུས་པ་རེ་གཉིས་ཐེར་འབུམ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དྲི་མ་རབ་ཞིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ནི་པ་ར་ཤནྟིཾ་ཨ་བྷི་ཥིཉྩ་ཧཱུྃ། ཕྱོགས་མ་བསླད་པའི་སྐུ་ཐོགས་ལ། ཧཱུྃ། ཀུ་མུའི་གཟི་བརྗིད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཕྱོགས་མ་བསླད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་བྷི་ན་ཤ་ན་ཨ་བྷི་ཥིཉྩ་ཧཱུྃ། འདྲེན་པར་མཛད་པའི་སྐུ་ཐོགས་ལ། ཧཱུྃ། རྣམ་རྒྱན་མཆོག་ན་རྒྱལ་པོའི་རིགས་འཁྲུངས་ཚེ། །དགུ་ཁྲི་བཞི་སྟོང་བདུན་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འདྲེན་པར་མཛད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཀ་པཱ་ནི་ཨ་བྷི་ཥིཉྩ་ཧཱུྃ། མཆོག་མ་ཞབས་བཟང་གི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་ལེགས་བལྟའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སོ་བདུན་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཆོག་མ་ཞལ་བཟང་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ར་མ་ཏྭ་མུ་ཁ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཤུགས་གནས་ཡེ་ཤེས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ལེགས་བསགས་ཡུལ་ན་རྒྱལ་པོའི་རིགས། ཉིས་ཁྲི་བཞི་སྟོང་ཉིས་ཁྲི་ཉིས་སྟོང་བསྟན། འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཤུགས་གནས་ཡེ་ཤེས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་བ་ལཱ་ཧ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། གསུང་བའི་དབང་པོའི་སྐུ་ཐོག་ལ། ཧཱུྃ། སྨྲ་བའི་དབང་ཕྱུག་མཆོག་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་བཞི་སྟོང་བར་དུ་བརྟན། བསྟན་པ་དགུ་ཁྲིའི་བར་དུ་ལེགས་པར་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། བྱེ་བ་ཕྲག་ནི་ཁྲི་ཚོ་བཅུ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གསུང་གི་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཝཱ་ཀ་ཨིཎྚ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། རྟ་ཡི་ཕྱག་ན་རྒྱལ་པོའི་རིགས་འཁྲུངས་ཚེ། །སུམ་ཁྲི་བཞི་སྟོང་སྟོང་ཕྲག་བཅོ་ལྔ་བསྟན། འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གཟི་བརྗིད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་ཏེ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་ཟབ་མོའི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་སུམ་ཁྲི་བསྟན། འདུས་པ་ཉེར་གཉིས་ས་ཡ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བློ་གྲོས་ཟབ་མོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་གམྦྷི་ར་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་བདུད་རྩིའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་དཔག་མེད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་འཚོ། བསྟན་པ་ཆིག་ཁྲི་སུམ་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མགོན་པོ་བདུད་རྩི་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མྲི་ཏ་ནཱ་ཐ་ཨ་བྷི་ཥིཉྩ་ཧཱུྃ། །ཆོས་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རྒྱལ་མཚན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཆོས་སྟོབས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། །མཆོད་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་གྲུབ་ན་བྲམ་ཟེའི་རིགས་ལ་འཁྲུངས་། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་སོ་བཞིར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཆོད་པས་ལྡན་གྱིས་དབང་༴ སྐལ་ལྡན་བུ་རྣམས་༴ ཨོཾ་བུདྡྷ་པཱུ་ཙ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་འཕགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་དགུ་ཁྲི་བསྟན། འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མེ་ཏོག་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤེ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཁམས་གསུམ་མཆོད་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་འཕན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཁམས་གསུམ་མཆོད་གནས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨུ་ཏ་ར་ཏྲི་ཏཱ་པཱུ་ཙ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་ཤིན་ཏུ་འཕགས་ན་རྒྱལ་པོའི་རིགས། །སྐུ་ཚེ་དུང་ཕྱུར་བར་དུ་ལེགས་པར་འཚོ། །བསྟན་པ་ཁྲི་ཕྲག་ཐེར་འབུམ་བརྒྱད་བཅུར་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཉི་མའི་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། ལྷས་མཆོད་པའི་སྐུ་ཐོགས་ལ། ཧཱུྃ། ལྷ་དད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བར་དུ་རྒྱས། །བསྟན་པ་བདུན་ཁྲི་དྲུག་སྟོང་བར་དུ་གནས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ ལྷ་ཡིས་མཆོད་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་པཱུ་ཙ་ཨ་བྷི་ཥིཉྩ་ཧཱུྃ། ཐར་པའི་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་དད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཐར་པའི་རྒྱལ་མཚན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་དྷཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དགེ་གཙུག་གི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་ཡིད་དུ་འོང་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་སྟོང་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་དྲུག་དུང་ཕྱུར་ཞེ་གཅིག་གྲོལ། སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དགེ་བའི་གཙུག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་ལེ་ཤ་ཙུརྣ་ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩིའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་གཟི་བརྗིད་ལྡན་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཞི་བཅུ་བྱེ་བ་སྟོང་སྟོང་གྲོལ། སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བདུད་རྩིའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མྲྀ་ཏ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེའི་སྐུ་ཐོགས་ལ། ཧཱུྃ། གདུལ་དཀའི་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་འབུམ་ཕྲག་བཅོ་བརྒྱད་བཅོ་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ དེ་བཞིན་གཤེགས་པ་རྡོ་རྗེས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བརྟན་པའི་སྐུ་ཐོགས་ལ། ཧཱུྃ། ཐོགས་པ་མེད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བཞི་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅོ་བརྒྱད་བཅོ་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བརྟན་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་ཚོགས་ལྡན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་ཕུང་་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། མཛེས་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལོ་འབུམ་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་བཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་དཀར་པོ་ས་གནོན་མཉམ་གཞག་ཅན། །སངས་རྒྱས་མཛེས་པར་གཤེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་ན་ག་ན་ཨ་བྷི་ཥིཉྩ་ཧཱུྃ། ཉི་མ་ལྟར་གཤེགས་པའི་སྐུ་ཐོགས་ལ། ཧཱུྃ། དགའ་བས་མཐོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བརྒྱད་ཁྲི་བཞི་སྟོང་བསྟན། །འདུས་པ་བརྒྱད་བཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ཉི་མ་ལྟར་གཤེགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། དགའ་བའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། མཛེས་སེམས་ཅན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་བརྒྱད་ཁྲི་རྒྱས། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བདུན་འབུམ་དྲུག་ཁྲི་དྲུག་ཁྲི་སྨིན་པར་མཛད། །སྐུ་མདོག་དམར་པོ་ས་གནོན་མཉམ༴ སངས་རྒྱས་དགའ་བའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ཏ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་གཙུག་གི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་རབ་རྒྱན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ལྔ་ཁྲི་བསྟན་པ་བརྒྱད་ཁྲིར་རྒྱས། །འདུས་པ་བཅུ་གསུམ་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡོན་ཏན་གཙུག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་ཙུརྞ་ཨ་བྷི་ཥིཉྩ་ཧཱུྃ། དཔལ་རྫོགས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བརྒྱད་ཁྲི་བཞི་སྟོང་བསྟན། །འདུས་པ་གྱ་བཞིར་ཉན་ཐོས་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དཔལ་རྫོགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤྲཱི་ས་མཱནྟ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བཞི་ལ་ཐེར་འབུམ་ཕྲག །ཉན་ཐོས་དགྲ་བཅོམ་སུམ་སྟོང་བཞི་བརྒྱ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེདྷ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། གྱེན་དུ་འཕགས་པའི་སྐུ་ཐོགས་ལ། ཧཱུྃ། དགའ་བ་བཀོད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་སུམ་བཅུར་ས་ཡ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གྱེན་དུ་འཕགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧསྟ་ཨཱརྱ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་བྱིན་གྱིས་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་བཀོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་དྲུག་བསྟན་པ་ཁྲི་ལ་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་བརྒྱད་བཅུ་བརྒྱད་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མེ་ཏོག་བྱིན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུཥྤེ་དཱ་ན་ཨ་བྷི་ཥིཉྩ་ཧཱུྃ། འོད་འགྱེད་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དྲུག་བཅུར་ས་ཡ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འོད་འགྱེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་པྲ་ཏི་ཨ་བྷི་ཥིཉྩ་ཧཱུྃ། པདྨའི་སྐུ་ཐོགས་ལ། ཧཱུྃ། རྣམ་པར་སྣང་བྱེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཁྲི་ནི་བཞི་སྟོང་སུམ་སྟོང་བསྟན། །འདུས་པ་བཅུ་གཉིས་ཉན་ཐོས་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དེ་བཞིན་གཤེགས་པ་པདྨས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་མ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་དགྱེས་པའི་སྐུ་ཐོགས་ལ། ཧཱུྃ། ཐར་པའི་མེ་ཏོག་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་བཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡེ་ཤེས་དགྱེས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། བཀོད་མཛེས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བྱེ་བར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བཀོད་མཛེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནེ་ས་ཀཱ་ན་ཨ་བྷི་ཥིཉྩ་ཧཱུྃ། གཏི་མུག་མེད་པར་གནས་པའི་སྐུ་ཐོགས་ལ། ཧཱུྃ། སྒྲིབ་མེད་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་ལོ་སྟོང་རྒྱས། །འདུས་པ་དགུ་བཅུ་རྩ་དྲུག་ཀུན་ལ་ཡང་། །ཁྲི་ཕྲག་བཅུ་གསུམ་བཅུ་གསུམ་སྨིན་གྲོལ་མཛད། །སྐུ་མདོག་དམར་པོ་ས་གནོན༴ གཏི་མུག་མེད་པར་གནས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་ཏྲ་ན་ཧི་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། རྨ་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་འབྱུང་གནས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལྔ་བཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་རྨ་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་ཎ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། ཏོག་གི་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མེ་ཏོག་རྒྱལ་མཚན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀྵུ་ཏྲ་དྷཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བདེ་བར་དགོངས་ཀྱི་སྐུ་ཐོགས་ལ། ཧཱུྃ། བདེ་བ་ཅན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བརྒྱད་ཁྲི་བརྒྱད་སྟོང་བསྟན། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་བཅོ་བརྒྱད་བཅོ་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བདེ་བར་དགོངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཥ་ཨ་བྷི་པྲཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། གཏི་མུག་མེད་པའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། མཆོག་ཏུ་སྤོངས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་དེ་བཞིན་རྒྱས། །འདུས་པ་སུམ་བཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ གཏི་མུག་མེད་པའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་ཏྲཱ་ན་ཧི་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཆོ་ག་མཁྱེན་པའི་སྐུ་ཐོགས་ལ། ཧཱུྃ། སྒྲོན་མ་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་ཉེར་ལྔ་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཆོ་ག་མཁྱེན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སིདྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དག་པའི་རྒྱ་མཚོའི་སྐུ་ཐོགས་ལ། ཧཱུྃ། རྟོགས་པས་སྤངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་གྱ་བཞིར་དུང་ཕྱུར་བརྒྱད་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དག་པའི་རྒྱ་མཚོ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཾ་སཱ་ག་ར་ཨ་བྷི་ཥིཉྩ་ཧཱུྃ། །རིན་ཆེན་མངའ་བའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་བསྟན་པ་བཞི་ཁྲིར་རྒྱས། །འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་མངའ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་པཱ་ཨ་བྷི་ཥིཉྩ་ཧཱུྃ། མི་དམའ་བའི་སྐུ་ཐོགས་ལ། ཧཱུྃ། འཆི་བ་མེད་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་རྒྱས། །འདུས་པ་ལན་སྟོང་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མི་དམའ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་པཱ་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་བོ་དགའ་བའི་སྐུ་ཐོགས་ལ། ཧཱུྃ། འབྱོར་མཛེས་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བཞི་ཁྲི་བཞི་སྟོང་བསྟན། །འདུས་པ་དགུ་བཅུར་ས་ཡ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྐྱེ་བོ་དགའ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུརྐ་ར་ཏ་ཨ་བྷི་ཥིཉྩ་ཧཱུྃ། རྨ་བྱའི་ང་རོའི་སྐུ་ཐོགས་ལ། ཧཱུྃ། སྒྲ་དབྱངས་སྙན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དགུ་བཅུར་དུང་ཕྱུར་བཞི་བཞིར་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རྨ་བྱའི་ང་རོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཡུར་པྲ་ལ་པ་ཨ་བྷི་ཥིཉྩ་ཧཱུྃ། མ་ཞུམ་པའི་སྐུ་ཐོགས་ལ། ཧཱུྃ། ཟིལ་མི་གནོན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་བདུན་བཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མ་ཞུམ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ན་ཏ་ཨ་བྷི་ཥིཉྩ་ཧཱུྃ། སྲིད་པའི་དྲི་མ་སྤངས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཐེར་འབུམ་དུང་ཕྱུར་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སྲིད་པའི་དྲི་མ་སྤངས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རུ་ཙི་ནིར་ཧེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སྤྱོད་པའི་སྟེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགྲ་བཅོམ་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྤྱོད་པའི་སྟེགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙརྱ་ཏརྟུ་ཨ་བྷི་ཥིཉྩ་ཧཱུྃ། ལྷ་མང་སྙན་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལྔ་བཅུར་ཐེར་འབུམ་དྲུག་དྲུག་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ ལྷ་མང་སྙན་གྲགས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་བ་ཧུ་ཡ་ཤ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཞི་བཅུར་དུང་ཕྱུར་གསུམ་གསུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་བ་ལྱ་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་ན་པདྨ་བསྣམས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་སུམ་བཅུར་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་པདྨ་བསྣམས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱ་ཎི་ཀཱ་མ་ལ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་སོ་གསུམ་ཀུན་ལ་ཡང་། །ཉན་ཐོས་ཐེར་འབུམ་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ དེ་བཞིན་གཤེགས་པ་དཔལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། དགྲ་ལས་རྒྱལ་པའི་སྐུ་ཐོགས་ལ། ཧཱུྃ། ཁ་དོག་ཟིལ་མི་གནོན་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བདུན་ཁྲི་བསྟན། །འདུས་པ་གྲངས་མེད་ཉན་ཐོས་དཔག་མེད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དགྲ་ལས་རྒྱལ་བས་དབང་༴ སྐལ་ལྡན༴ ཨོཾ་བུདྡྷ་ཨ་ར་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། འབྱོར་ལྡན་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་ལྔ་སྟོང་བདུན་ཁྲི་བསྟན། །འདུས་པ་བདུན་བཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འབྱོར་ལྡན་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡོ་ག་ཝ་ཏི་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། ཡུལ་འཁོར་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་འོད་ལྡན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་བཅུ་བཅུ་སྨིན་གྲོལ་མཛད། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཡུལ་འཁོར་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་སཾ་ཊ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ཕུང་པོར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཁྲི་ནི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་བཅོ་ལྔར་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སོ་གཉིས་སོ་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མེ་ཏོག་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤེ་པྲ་བྷ་ཨ་བྷིི་ཥིཉྩ་ཧཱུྃ། སེང་གེའི་ང་རོའི་སྐུ་ཐོགས་ལ། ཧཱུྃ། མི་ཐུབ་ཚོགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་གཉིས་ཉན་ཐོས་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སེང་གེའི་ང་རོ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སིངྷ་པྲ་ལ་པ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བ་ལྟར་ཤར་བའི་སྐུ་ཐོགས་ལ། ཧཱུྃ། གློག་འོད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་ལ་ཉན་ཐོས་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཟླ་ལྟར་ཤར་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་ཨུ་ད་ཡ་ཨ་བྷི་ཥིཉྩ་ཧཱུྃ། འཇོམ་པའི་མཆོག་གི་སྐུ་ཐོགས་ལ། ཧཱུྃ། སྣང་མཐའ་ཡས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ལྔ་སྟོང་བསྟན་དེ་བཞིན། །འདུས་པ་ཉེར་གཉིས་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་འཇོམ་པའི་མཆོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་མ་དྷི་ན་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། མི་གཡོ་བའི་སྐུ་ཐོགས་ལ། ཧཱུྃ། བློ་གནས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་བདུན་སྟོང་རྒྱས། །འདུས་པ་ལན་གྲངས་ཉེར་གསུམ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་དྲུག་བཅུ་དྲུག་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མི་གཡོ་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ར་ཙ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཕན་ལྡན་གཤེགས་པའི་སྐུ་ཐོགས་ལ། ཧཱུྃ། སེང་གེས་བལྟས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་དྲུག་བཅུར་དུང་ཕྱུར་བདུན་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཕན་པར་གཤེགས་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧི་ཏི་ཝ་ཏི་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་སྒྲོན་མའི་སྐུ་ཐོགས་ལ། ཧཱུྃ། བདུད་རྩི་སྤྲོས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་བཅུར་དུང་ཕྱུར་བདུན་བདུན་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྒྲོན་མའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཎྱ་དི་པ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་ཀྱིས་བསྐུལ་མའི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་དབྱངས་ན་བྲམ་ཟེའི་རིགས་སྐུ་ཚེ། །བདུན་ཁྲི་དྲུག་སྟོང་བསྟན་པ་ཉིས་ཁྲིར་རྒྱས། །འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དབྱངས་ཀྱིས་བསྐུལ་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་ཙུནྡ་ཨ་བྷི་ཥིཉྩ་ཧཱུྃ། གོའུ་ཏ་མའི་སྐུ་ཐོགས་ལ། ཧཱུྃ། དྲང་སྲོང་གཟི་བརྗིད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བཞི་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅོ་བརྒྱད་བཅོ་བརྒྱད་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གོའུ་ཏ་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གོའུ་ཏ་མ་ཨ་བྷི་ཥིཉྩ་ཧཱུྃ། མདངས་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་མཐོང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་སུམ་སྟོང་བར་དུ་འཚོ། །བསྟན་པ་བདུན་ཁྲི་སུམ་སྟོང་བར་དུ་རྒྱས། །འདུས་པ་གྱ་གཉིས་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་བཅུ་རེ་རེ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མདངས་སྟོབས་ཆེན་པོས་དབང༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལྱ་པ་ཨ་བྷི་ཥིཉྩ་ཧཱུྃ། བློ་གནས་རང་བཞིན་གྱི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་མཐོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་ལྔ་ཁྲི་བསྟན། །འདུས་པ་ལན་གྲངས་ལྔ་བཅུ་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བློ་གནས་རང་བཞིན་དབང་༴ སྐལ་ལྡན་བུ་རྣམས་༴ ཨོཾ་བུདྡྷ་ཏིཥྛ་བུ་དྷ་རུ་པ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བ་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་མངོན་དགའི་ཡུལ་ན་བྲམ་ཟེའི་རིགས་། །སྐུ་ཚེ་ཉིས་ཁྲི་ཆིག་སྟོང་བདུན་ཁྲི་ཆིག་སྟོང་བསྟན། །འདུས་པ་བདུན་བཅུ་རྩ་དྲུག་ཀུན་ལ་ཡང་། །འབུམ་ཕྲག་བདུན་བཅུ་བདུན་བདུན་གྲོལ་བར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཟླ་བ་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙནྜ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། བྱང་ཆུབ་ཡན་ལག་མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། བདུད་རྩི་མེ་ཏོག་ཡུལ་ན་རྒྱལ་པོ་རིགས། །སྐུ་ཚེ་དྲུག་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་བཞི་བཅུ་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ བྱང་ཆུབ་ཡན་ལག་མེ་ཏོག༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བོ་དྷི་ཨ་ག་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཐོང་བ་མེད་པའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་རྒྱས། འདུས་པ་ལན་གྲངས་དྲུག་བཅུ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བཀྲ་ཤིས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མདྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་སྟོན་གྱི་སྐུ་ཐོགས་ལ། ཧཱུྃ། སྟོན་པས་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཉིས་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་དོན་བདུན་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སོ་བཞི་སོ་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ལེགས་སྟོན་ཆེན་པོས་དབང་། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱུ་ནི་ཤཱཔྟཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་གཟི་བརྗིད་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གཞན་མི་ཐུབ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་ཉེར་ལྔ་ཉེར་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཡེ་ཤེས་གཟི་བརྗིད་དབང་༴ ། སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛྙཱ་ན་ཏེ་ཛ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། །དགེ་བའི་སྒྲོན་མའི་སྐུ་ཐོགས་ལ། ཧཱུྃ། བདུད་རྩི་གཟི་བརྗིད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་གོ་གཉིས་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་ལྔ་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དགེ་བའི་སྒྲོན་མས་དབང་། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་ལེ་ཤ་ཏཱ་ར་ཨ་བྷི་ཥིཉྩ་ཧཱུྃ། །མཐུ་རྩལ་བརྟན་པོའི་སྐུ་ཐོགས་ལ། ཧཱུྃ། མཐུ་དགའི་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅུ་བཞི་འབུམ་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མཐུ་རྩལ་བརྟན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ནུ་བྷ་ཝ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། ལྷ་སྒྲའི་སྐུ་ཐོགས་ལ། ཧཱུྃ། ཡིད་དུ་འོང་བའི་བྱིན་ན་རྒྱལ་པོའི་རིགས། །སྐུ་ཚེ་སུམ་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །ཉན་ཐོས་ཐེར་འབུམ་ཕྲག་ནི་བཅུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དེ་བཞིན་གཤེགས་པ་ལྷ་སྒྲས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་ར་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། །རབ་ཏུ་ཞི་བའི་སྐུ་ཐོགས་ལ། ཧཱུྃ། ཀུན་ཏུ་སྒྲ་ཡི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་གྱ་བརྒྱད་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རབ་ཏུ་ཞི་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་ཤནྟིང་ཨ་བྷི་ཥིཉྩ་ཧཱུྃ། །ཉི་མ་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མཐའ་ཡས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བར་དུ་འཚོ། །བསྟན་པ་དགུ་ཁྲིར་མི་ནུབ་རྒྱལ་མཚན་འཛིན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཉི་མའི་ཞལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ། ཐར་པའི་བརྟུལ་ཞུགས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྙན་གྲགས་རྒྱལ་མཚན་ཡུལ་ན་རྒྱལ་རིགས་ཚེ། །དགུ་ཁྲི་དྲུག་སྟོང་དགུ་ཁྲི་དགུ་སྟོང་བསྟན། །འདུས་པ་ལན་གྲངས་གོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཐར་པའི་བརྟུལ་ཞུགས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མཀྵོ་མྲྀ་དུ་བ་ལ་ཧ་ཨ་བྷི་ཥིཉྩ་ཧཱུྃ། ཚུལ་ཁྲིམས་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཁ་ན་མ་ཐོ་མེད་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་དུང་བདུན་བསྟན་པ་རྒྱས། །འདུས་པ་དགུ་བཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན་༴ སངས་རྒྱས་ཚུལ་ཁྲིམས་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤཱི་ལ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། བརྟུལ་ཞུགས་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། དགྲ་བཅོམ་སྤངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བདུན་སྟོང་བརྒྱད་ཁྲི་བསྟན། །འདུས་པ་གོ་གཅིག་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བརྟུལ་ཞུགས་གནས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་དུ་བ་ལཱ་ཧ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། བརྟུལ་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། སྐྱོན་མེད་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བདུན་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་བདུན་ཁྲི་བཞི་སྟོང་རྒྱས། །འདུས་པ་གྱ་དྲུག་ཁྲི་ཕྲག་རེ་རེ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བརྟུལ་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་དུ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། སྙིང་པོ་འཕགས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཛེས་པ་མི་གཡོ་བ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བརྒྱད་བཅུར་ས་ཡ་བརྒྱད་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྙིང་པོ་འཕགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གརྦྷ་བི་ནི་ཨ་བྷི་ཥིཉྩ་ཧཱུྃ། མིག་སྨན་གྱི་སྐུ་ཐོགས་ལ། ཧཱུྃ། སྤོས་མཆོག་ཡུལ་ན་རྒྱལ་རིགས་སྐུ་ཚེ་ནི། །ཁྲི་ནི་དྲུག་སྟོང་ཉིས་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་བཅོ་བརྒྱད་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་སུམ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མིག་སྨན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཀྵུ་བྷི་ཥ་ཨ་བྷི་ཥིཉྩ་ཧཱུྃ། འཕེལ་བར་མཛད་པའི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བསྟན་པ་བརྒྱད་ཁྲིར་རྒྱས། །འདུས་པ་གོ་གཉིས་ས་ཡ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འཕེལ་བར་མཛད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ས་ར་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། སྤོས་ཀྱི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བདུད་རྩིའི་སྤོས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་སྟོང་བསྟན་པ་བརྒྱད་ཁྲིར་རྒྱས། །ས་ཡ་གཅིག་དང་འབུམ་ཕྲག་བཅུ་བདུན་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྤོས་ཀྱི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷཱུ་པེ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། དུས་མཁྱེན་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། རྣམ་པར་མཛད་པའི་སྡེ་ན་བྲམ་ཟེའི་རིགས། །སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །འདུས་པ་འབུམ་ལ་ཉན་ཐོས་དཔག་མེད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དུས་མཁྱེན་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་དྷཱ་ཛྙཱ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། དྲན་པའི་དབང་པོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཕུང་པོར་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་ཉི་ཤུ་ལྔ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དྲན་པའི་དབང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་ཏི་ཨིཎྜ་ཨ་བྷི་ཥིཉྩ་ཧཱུྃ། ཐོགས་མེད་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ། མཐའ་ཡས་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བདུན་བཅུར་དུང་ཕྱུར་དགུ་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ ཐོགས་མེད་རྒྱལ་མཚན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཽ་ཤི་ན་ཧི་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བྱང་ཆུབ་མཆོག་བགྲོད་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་སྣང་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་ནི་བརྒྱད་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བཅུ་བཞི་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་བཅུ་བཞི་བཅུ་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ བྱང་ཆུབ་མཆོག་བགྲོད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བོ་དྷི་ས་ར་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། སྤྱོད་པ་གསལ་བའི་སྐུ་ཐོགས་ལ། ཧཱུྃ། སྤྱོད་ལྡན་ཡུལ་ན་རྒྱལ་རིགས་སྐུ་ཚེ་ནི། །བརྒྱད་ཁྲི་བདུན་སྟོང་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྤྱོད་པ་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙརྱ་ནི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་དགྱེས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཟླ་བ་སྣང་བར་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་གོ་དགུ་ས་ཡ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་དགྱེས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རྒྱལ་མཚན་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བརྒྱད་སྟོང་བརྒྱད་ཁྲི་བསྟན། །འདུས་པ་བརྒྱད་བཅུར་བྱེ་བ་གྱ་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཆོས་ཀྱི་དབང་ཕྱུག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ། ལྷ་ཐམས་ཅད་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་མེ་ཏོག་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བྱེ་བ་བསྟན། །འདུས་པ་ལྔ་ལ་བྱེ་བ་ཁྲི་ཕྲག་ནི། །ཉེར་དྲུག་བྱང་ཆུབ་ལམ་ལ་སྨིན་པར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལྷ་ནི་ཐམས་ཅད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། བཤེས་གཉེན་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཐའ་ཡས་བཀོད་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་བཅུ་དགུ་བཅུ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བཤེས་གཉེན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་མི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བཤེས་གཉེན་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཆེན་པོའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཁྲི་ནི་བརྒྱད་སྟོང་བརྒྱད་ཁྲི་བསྟན། །འདུས་པ་བཅུ་གསུམ་བྱེ་ཁྲི་འབུམ་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བཤེས་གཉེན་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མི་ཏྲ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། རབ་ཏུ་ཞི་བའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡུལ་བཟང་མཆོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་ལྔ་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་བཅུ་ཀུན་ལ་ཡང་། །བྱེ་བ་དགུ་བཅུ་གོ་བརྒྱད་གོ་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ རབ་ཏུ་ཞི་བའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པ་ར་ཤིནྟཾ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩིའི་བདག་པོའི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་སྤངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བསྟན་པ་ཁྲི། །འདུས་པ་བདུན་བཅུར་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བདུད་རྩིའི་བདག་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་མྲྀ་ཏ་མ་མ་ཨ་བྷི་ཥིཉྩ་ཧཱུྃ། ལྷུན་པོའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། རི་བོ་བརྩེགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་བསྟན་པ་དེ་བཞིན་རྒྱས། །འདུས་པ་ཐེར་འབུམ་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལྷུན་པོའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་རུ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། འཕགས་པས་བསྟོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་གྲགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་བཅོ་བརྒྱད་ལན་གྲངས་ཀུན་ལ་ཡང་། །བྱེ་བ་འབུམ་ཕྲག་བཅོ་བརྒྱད་བཅོ་བརྒྱད་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་འཕགས་པས་བསྟོད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱརྱ་སྟོད་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། སྣང་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཕུང་པོའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །ཐེར་འབུམ་དྲུག་ཅུ་རེ་བདུན་རེ་བདུན་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྣང་ལྡན་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱ་ལོ་ཀེ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་འབར་བའི་སྐུ་ཐོགས་ལ། ཧཱུྃ། སྣང་མཐའ་ཡས་ན་བྲམ་ཟེའི་རིགས་སྐུ་ཚེ། །བདུན་ཁྲི་ཉིས་སྟོང་བདུན་ཁྲི་བཞི་སྟོང་བསྟན། །འདུས་པ་བདུན་ཅུར་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ལྔ་བཅུ་ང་དྲུག་ང་དྲུག་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་གཟི་བརྗིད་འབར་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ། སྣང་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྣང་བ་མཐའ་ཡས་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་བྱེ་བ་བསྟན། །འདུས་པ་བརྒྱད་ཅུར་ཐེར་འབུམ་བཅུ་བཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྣང་བ་གཟིགས་ཀྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཱ་ལོ་ཀེ་བ་ཥྱ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་སྤྱད་ཀྱི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བཞི་ཁྲི་བསྟན། །འདུས་པ་ལན་གྲངས་བཞི་བཅུ་ཀུན་ལ་ཡང་། །འབུམ་ཕྲག་བཅུ་གཉིས་བཅུ་གཉིས་སྨིན་པར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ལེགས་སྤྱད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཙརྱ་ཨ་བྷི་ཥིཉྩ་ཧཱུྃ། ལེགས་རྒྱས་ཀྱི་སྐུ་ཐོགས་ལ། ཧཱུྃ། འོད་ཟེར་ཡིད་འོང་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་འབུམ་ཕྲག་སུམ་བཅུ་གཉིས་གཉིས་གྲོལ། སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ལེགས་རྒྱས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་བྷུ་དྷ་ཨ་བྷི་ཥིཉྩ་ཧཱུྃ། མྱ་ངན་བྲལ་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཡིད་འོང་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་བརྒྱད་སྟོང་དགུ་ཁྲི་བསྟན། །འདུས་པ་སུམ་ཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མྱ་ངན་བྲལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དུཿཥ་ཨ་པ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། ཀུན་ཏུ་ཡོན་ཏན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་ཉེར་གཉིས་ཐེར་འབུམ་བཅུ་བཅུ་གྲོལ། སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་རིན་ཆེན་འོད་ཀྱིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། སྤྱོད་པ་ལྡན་པའི་སྐུ་ཐོགས་ལ། ཧཱུྃ། སྐྱེ་བོའི་མཆོད་རྟེན་ཡུལ་ན་བྲམ་ཟེའི་རིགས། །དགུ་ཁྲི་སུམ་སྟོང་དགུ་ཁྲི་བཞི་སྟོང་བསྟན། །འདུས་པ་སོ་བཞིར་དུང་ཕྱུར་བདུན་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན་མཉམ༴ སངས་རྒྱས་སྤྱོད་པར་ལྡན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙརྱ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་ཕུང་པོའི་སྟོབས་ན་རྒྱལ་པོའི་རིགས། །སྐུ་ཚེ་ལྔ་ཁྲི་བཞི་སྟོང་ལྔ་ཁྲི་བསྟན། །འདུས་པ་བདུན་ཅུར་ས་ཡ་དགུ་དགུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བསོད་ནམས་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཎྱ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་རྒྱ་མཚོའི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་སྒྲོན་མའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་རྒྱ་མཚོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་སཱ་ག་ར་ཨ་བྷི་ཥིཉྩ་ཧཱུྃ། རྨད་དུ་བྱུང་བའི་སྐུ་ཐོགས་ལ། ཧཱུྃ་མཆོད་གནས་སྤྱོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་བཅུ་བཅུ་སྨིན་གྲོལ་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རྨད་དུ་བྱུང་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨ་དྷ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ང་རྒྱལ་སྤངས་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་རྫོགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཁྲི་ནི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་ཕྲག་བཅུ་དྲུག་བཅུ་དྲུག་སྨིན་གྲོལ་མཛད། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ང་རྒྱལ་སྤངས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མཱ་ན་ཧེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བདུད་བརླག་གི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་བཀོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དྲུག་སྟོང་འབུམ་ཁྲི་བསྟན། །འདུས་པ་ལན་གྲངས་གོ་དྲུག་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བདུད་བརྟག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ར་མྲྀ་དུ་ཨ་བྷི་ཥིཉྩ་ཧཱུྃ། བག་ཆགས་ལས་བརྒལ་བའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། བཀོད་པ་མཚུངས་མེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བདུན་སྟོང་བསྟན་པ་འབུམ། །འདུས་པ་དགུ་བཅུར་བྱེ་བ་སྟོང་སྟོང་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ བག་ཆགས་བརྒལ་བའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་མ་རཱ་ག་ཏིཪྞ་བ་ལེ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། མི་ཕྱེད་པའི་བློ་མངའ་བའི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་དེས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་ཁྲི་བདུན་སྟོང་བསྟན། །འདུས་པ་བཞི་བཅུར་དུང་ཕྱུར་ལྔ་ལྔ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མི་ཕྱེད་བློ་མངའ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་བུདྷ་ཏ་ཨ་བྷི་ཥིཉྩ་ཧཱུྃ། རྒྱ་མཚོའི་སྐུ་ཐོགས་ལ། ཧཱུྃ། དགའ་བས་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་དགུ་བཅུ་དེ་དག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དེ་བཞིན་གཤེགས་པ་རྒྱ་མཚོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱ་ག་ར་ཨ་བྷི་ཥིཉྩ་ཧཱུྃ། དག་པར་མཛད་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་རྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བཞི་ཁྲི་བཞི་སྟོང་བཞི་ཁྲི་བསྟན། །འདུས་པ་བདུན་ཁྲི་དུང་ཕྱུར་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དག་པར་མཛད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤུདྡྷ་ཀརྱ་ཨ་བྷི་ཥིཉྩ་ཧཱུྃ། ཚོགས་ཅན་བགྲོད་པའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཆོག་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་སུམ་སྟོང་དེ་བཞིན་བསྟན། །འདུས་པ་དྲུག་ཅུར་དུང་ཕྱུར་བདུན་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཚོགས་ཅན་བགྲོད་པའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ན་ག་ཏ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དགའ་བའི་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། བྱང་ཆུབ་སྤྱད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་དགུ་བཅུ་རྩ་བཞི་ཀུན་ལ་ཡང་། །འབུམ་ཕྲག་དགུ་བཅུ་དགུ་དགུ་སྨིན་གྲོལ་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་དགའ་བའི་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་ར་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། བྱང་ཆུབ་རྒྱལ་མཚན་གྱི་སྐུ་ཐོགས་ལ། ཧཱུྃ་ཆོས་སྣང་ཡུལ་ན་བྲམ་ཟེའི་རིགས་སྐུ་ཚེ། །བདུན་ཁྲི་ལྔ་སྟོང་བདུན་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་བྱང་ཆུབ་རྒྱལ་མཚན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བོ་དྷི་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་རིན་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། ཐམས་ཅད་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་བདུན་ཁྲི་དྲུག་སྟོང་རྒྱས། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་རིན་ཆེན་དམ་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཤིན་ཏུ་བསིལ་བའི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་རྣམ་གྲངས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཤིན་ཏུ་བསིལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུ་ནི་ཤཱི་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཚངས་རྒྱལ་གྱི་སྐུ་ཐོགས་ལ། ཧཱུྃ། ལེགས་པར་སྦྱངས་ན་རྒྱལ་རིགས་སྐུ་ཚེ་ནི། །ཉིས་ཁྲི་ཉིས་སྟོང་དགུ་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་སོ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཚངས་པའི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་དགྱེས་པའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་འོད་ན་རྒྱལ་རིགས་སྐུ་ཚེ་ནི་། །སུམ་ཁྲི་བཞི་སྟོང་བདུན་ཁྲི་དྲུག་སྟོང་བསྟན། །འདུས་པ་དྲུག་ཅུ་རེ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཡེ་ཤེས་དགྱེས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། རྫུ་འཕྲུལ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྣང་བྱེད་ཡུལ་ན་བྲམ་ཟེའི་རིགས། །བརྒྱད་ཁྲི་སུམ་སྟོང་དགུ་ཁྲི་ཆིག་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་བདུན་ཅུ་བདུན་བདུན་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྫུ་འཕྲུལ་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རི་དྷི་ཀྵུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་དབང་མཚུངས་པའི་སྐུ་ཐོགས་ལ། ཧཱུྃ། རྒྱལ་བའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བརྒྱད་སྟོང་བསྟན་པ་སྟོང་། །འདུས་པ་རེ་གསུམ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྐྱེ་དབང་མཚུངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཏི་ཥིཉྩ་ཏརྟུ་ཨ་བྷི་ཥིཉྩ་ཧཱུྃ། སའི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། ལེགས་པར་གནས་ན་བྲམ་ཟེའི་རིགས་སྐུ་ཚེ། །ཉིས་ཁྲི་བཞི་སྟོང་ཉིས་ཁྲི་ཆིག་སྟོང་བསྟན། །འདུས་པ་ལན་གྲངས་རེ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་གྲོལ། སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ས་ཡི་དབང་ཕྱུག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷུ་མི་ཤྭ་ར་ཨ་བྷི་ཥིིཉྩ་ཧཱུྃ། ཉི་མ་རྒྱས་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་བསྡུས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་སུམ་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཉི་མ་རྒྱས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སཱུརྱ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་ཟླ་བའི་སྐུ་ཐོགས་ལ། ཧཱུྃ། རྣམ་སྣང་བྱེད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་དྲུག་ཁྲི་བརྒྱད་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་སྒྲ་གཅན་ཟླ་བས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཎྜ་རཱ་ཧུ་ལ་ཨ་བྷི་ཥིཉྩ་ཧཱུྃ། མེ་ཏོག་འོད་ཀྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་རྒྱན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བསྟན་པ་བརྒྱད་ཁྲིར་རྒྱས། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་བ་ཁྲི་ཕྲག་གསུམ་གསུམ་སྨིན་གྲོལ་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མེ་ཏོག་འོད་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུཥྤེ་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། སྨན་པའི་བདག་པོའི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་སེལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་སྟོང་ཕྲག་བྱེ་བ་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཁྲི་ཕྲག་བརྒྱ་བརྒྱ་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྨན་པའི་བདག་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷཻ་ཥ་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ། མདངས་མང་གི་སྐུ་ཐོགས་ལ། ཧཱུྃ། སྡུག་པའི་རྣམ་པར་བལྟ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་སུམ་སྟོང་སུམ་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མདངས་མང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨན་དྷ་བྷ་ཨ་ཏུ་བྷི་ཥིཉྩ་ཧཱུྃ། བསོད་ནམས་རྒྱས་པའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྣང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་འབུམ་སུམ་ཁྲི་དེ་བཞིན་བསྟན། །འདུས་པ་ལན་གྲགས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་དགུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བསོད་ནམས་རྒྱས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཎྱ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། དགའ་བའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཆོད་པས་ཚིམ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་འབུམ་ཉ་ིཁྲིའི་བར་དུ་འཚོ། །བསྟན་པ་ཆིག་འབུམ་ཉིས་ཁྲིའི་བར་དུ་རྒྱས། །འདུས་པ་གྲངས་མེད་ཉན་ཐོས་དཔག་མེད་གྲོལ། །སྐུ་མདོག་མཐིང་ག་ས་ནོན༴ ། སངས་རྒྱས་དགའ་བའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ར་ཏ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་དག་སྙན་པའི་སྐུ་ཐོགས་ལ། ཧཱུྃ། འོད་མཆོག་ཡུལ་ན་བྲམ་ཟེའི་རིགས་སྐུ་ཚེ། །བདུན་ཁྲི་སུམ་སྟོང་བདུན་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དབྱངས་སྙན་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་ཡ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀྱི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། ཐར་པའི་སྒྲ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དུང་དྲུག་བསྟན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཕྲག་བརྒྱ་བརྒྱ་གྲོལ། །སྐུ་མདོག་སེར་པོ་ས༴ སངས་རྒྱས་ཆོས་ཀྱི་དབང་ཕྱུག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷརྨཱ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ། ཚངས་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། སྒྲ་དབྱངས་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་དྲུག་ཁྲི་བསྟན། །འདུས་པ་ལན་གྲངས་གོ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ཚངས་པའི་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྲཧྨ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། སྤྱོད་པ་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། མཆོད་རྟེན་བཟང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །ཉན་ཐོས་ཐེར་འབུམ་ཐེར་འབུམ་སྨིན་པར་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྤྱོད་པ་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙརྱ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། འཁྲུལ་བ་མེད་པའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་སུམ་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ འཁྲུལ་པ་མེད་པའི་བློ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷྲ་མ་ན་ཧི་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་ནི་ཆེན་པོའི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡིས་བསྒྲགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་སུམ་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དབྱངས་ནི་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཧཱ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། སྙན་པར་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་ཡོན་ཏན་དགའ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་སུམ་ཅུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྙན་པར་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཡ་ཤ་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་རྟོགས་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། འོད་འཕྲོ་སྣང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་དྲུག་སྟོང་བར་དུ་འཚོ། །བསྟན་པ་ཉིས་ཁྲི་དྲུག་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་ཉེར་གཅིག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་གྲོལ། སྐུ་མདོག་དམར་པོ་ས་གནོན༴ མགོན་པོ་རྟོགས་ལྡན་ཆེན་པོས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་ཨ་ཝ་བོ་དྷ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་རྣམ་གྲགས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཐར་པའི་དབྱངས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བདུན་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སུམ་ཁྲི་ཉིས་སྟོང་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཁྲི་ཚོ་དགུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ གཟི་བརྗིད་རྣམ་པར་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་བ་ནི་ཀིཪྟི་ཨ་བྷི་ཥིཉྩ་ཧཱུྃ། འགྲོ་བའི་དབང་ཕྱུག་གི་སྐུ་ཐོགས་ལ། ཧཱུྃ། ཐར་པ་སྣང་བྱེད་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་ལྔ་སྟོང་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་བརྒྱ་སྨིན་པར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ འགྲོ་བའི་དབང་ཕྱུག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཏ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་ལྗོན་པའི་སྐུ་ཐོགས་ལ། ཧཱུྃ། ཐར་པ་དད་བྱེད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་བཞི་སྟོང་བསྟན། །འདུས་པ་སོ་དྲུག་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ མགོན་པོ་ལྗོན་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་དྲུ་མ་ཨ་བྷི་ཥིཉྩ་ཧཱུྃ། གཏི་མུག་རབ་ཟད་ཀྱི་སྐུ་ཐོགས་ལ། ཧཱུྃ། མཁས་སྣང་བྱེད་ན་རྒྱལ་པོའི་རིགས་སྐུ་ཚེ། །སུམ་ཁྲི་བདུན་སྟོང་སུམ་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་སོ་གསུམ་ཀུན་ལ་ཡང་། བྱེ་བ་ཕྲག་ནི་བཞི་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་གཏི་མུག་རབ་ཟད་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་ཏྲ་པ་ར་ཀྵ་ཡཾ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་པོ་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ། མི་ཟད་མཛོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་ཆིག་ཁྲི་ཆིག་སྟོང་བསྟན། །འདུས་པ་རེ་དྲུག་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་དམར་པོ་ས་གནོན་མཉམ༴ སྙིང་པོ་དཔག་མེད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གརྦྷ་ཨ་མི་ནོ་ཨ་བྷི་ཥིཉྩ་ཧཱུྃ། ཟླ་བ་བཟང་པོའི་སྐུ་ཐོགས་ལ། ཧཱུྃ། ཟླ་བའི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ཟླ་བ་བཟང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙནྚ་བྷ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། མཐའ་ཡས་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་ཁ་ལོ་སྒྱུར་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་བདུན་འབུམ་བསྟན། །འདུས་པ་མཐའ་ཡས་ཉན་ཐོས་དཔག་མེད་གྲོལ། སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཐའ་ཡས་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་བ་ཧྲི་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བརྟུལ་ཞུགས་བཏང་པའི་སྐུ་ཐོགས་ལ། ཧཱུྃ། བསམ་པ་བཞིན་དུ་སྦྱིན་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་བདུན་སྟོང་བདུན་ཁྲིར་རྒྱས། འདུས་པ་ཉེར་གཉིས་ཐེར་འབུམ་བཅུ་བཅུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ བརྟུལ་ཞུགས་བཏང་བ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མྲྀ་དུ་བ་ལཱ་ཧ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། མཆོད་པའི་གནས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡུལ་འཁོར་མཆོག་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཆོད་པའི་གནས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾབུདྡྷ་པཱུ་ཙ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། མྱ་ངན་བརྒལ་བའི་སྐུ་ཐོགས་ལ། ཧཱུྃ། རྟག་པར་དགའ་ན་རྒྱལ་རིགས་སྐུ་ཚེ་ནི། །སུམ་ཁྲི་དྲུག་སྟོང་སུམ་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་སོ་གཉིས་ཀུན་ལ་ཡང་། བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མྱ་ངན་བརྒལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ཥ་ཏིར་ན་ཨ་བྷི་ཥིཉྩ་ཧཱུྃ། དགེ་བ་དགྱེས་པའི་སྐུ་ཐོགས་ལ། ཧཱུྃ། ཡིད་འོང་དགའ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་དགེ་བ་དགྱེས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀ་ལེ་ཤ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། འགྲོ་བའི་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་གྱ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སྟོང་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་འགྲོ་བའི་བློ་གྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཏ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། དགྱེས་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་མཆོག་གནས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་ང་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན་མཉམ༴ སངས་རྒྱས་དགྱེས་པར་གཤེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གཙྪ་བྷུ་ད་ཨ་བྷི་ཥིཉྩ་ཧཱུྃ། ཞབས་མཛེས་ཀྱི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་སྒྲོན་མའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་སུམ་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཅུ་བཅུ་སྨིན་པར་མཛད། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཞབས་མཛེས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པཱ་ད་ཀཱ་ན་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་ཨུཏྤལ་གྱི་སྐུ་ཐོགས་ལ། ཧཱུྃ། མེ་ཏོག་ཕུང་པོའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སྟོང་ཕྲག་གྱ་ལྔ་རྒྱས། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་དྲུག་ཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མགོན་པོ་ཨུཏྤལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་ཨུཏྤལ་ཨ་བྷི་ཥིཉྩ་ཧཱུྃ། དུལ་གནས་མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་སྒྲོན་མའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དགུ་ཁྲི་དྲུག་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་བརྒྱད་ཁྲིའི་བར་དུ་རྒྱས། །འདུས་པ་ལན་གྲངས་རེ་ལྔ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ དུལ་གནས་མེ་ཏོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རི་ཏུ་ཏིཥྠ་པུ་པ་ཨ་བྷི་ཥིཉྩ་ཧཱུྃ། མཐའ་ཡས་འོད་ཟེར་གྱི་སྐུ་ཐོགས་ལ། ཧཱུྃ། སེང་གེ་རྣམ་བསྒྱེངས་ཡུལ་ན་རྒྱལ་རིགས་ཚེ། །དྲུག་ཁྲི་བཞི་སྟོང་བདུན་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་ལྔ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཐའ་ཡས་འོད་ཟེར་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་བ་ཧྲི་རསྨི་ཨ་བྷི་ཥིཉྩ་ཧཱུྃ། དྲང་སྲོང་གསལ་བའི་སྐུ་ཐོགས་ལ། ཧཱུྃ། འཕགས་པས་བསྔགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བཞི་སྟོང་བསྟན་པ་སྟོང་། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །བྱེ་བ་སྟོང་ཕྲག་སུམ་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དྲང་སྲོང་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རྀ་ཥི་ནི་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་བརྩོན་འགྲུས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་རིན་ཆེན་འཕྲོ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སྟོང་ཕྲག་གོ་བརྒྱད་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །ཉན་ཐོས་འབུམ་ཕྲག་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཡོན་ཏན་བརྩོན་འགྲུས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གུ་ན་བིདྱ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་སྙིང་པོའི་སྐུ་ཐོགས་ལ། ཧཱུྃ། བློ་གྲོས་མཐུ་རྩལ་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མགོན་པོ་སྙིང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་བདག་པོའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་གསལ་ན་རྒྱལ་པོའི་རིགས་སྐུ་ཚེ། །ཆིག་ཁྲི་ཉིས་སྟོང་བྱེ་བ་བཅུ་གཉིས་བསྟན། །འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང་། །བྱེ་བ་ཁྲི་ཕྲག་བརྒྱ་བརྒྱ་སྨིན་གྲོལ་མཛད། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ལྷ་ཡི་བདག་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་མཐོན་པོའི་སྐུ་ཐོགས་ལ། ཧཱུྃ། མཐོང་ན་དགའ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ལྔ་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་རེ་བརྒྱད་ཀུན་ལ་ཡང་། །ཐེར་འབུམ་ཕྲག་ནི་དྲུག་ཅུ་དྲུག་དྲུག་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་མཐོན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཧཥྟ་ཨ་བྷི་ཥིཉྩ་ཧཱུྃ། གསལ་བའི་སྐུ་ཐོགས་ལ། ཧཱུྃ། ལྷ་དད་ཡུལ་ན་རྒྱལ་རིགས་སྐུ་ཚེ་ནི། །ཉིས་ཁྲི་བཞི་སྟོང་སུམ་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་ཉེར་བཞི་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ དེ་བཞིན་གཤེགས་པ་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ན་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་ཤིང་རྟའི་སྐུ་ཐོགས་ལ། ཧཱུྃ། བདེན་ལ་དད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་ཉེར་གཉིས་ཀུན་ལ་ཡང་། །ཉན་ཐོས་ཐེར་འབུམ་ཕྲག་ནི་ལྔ་ལྔ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྐལ་ལྡན་ཤིང་རྟས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བྷ་ག་ཝ་ཏི་ར་ཐ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། ལྷ་རྣམས་དད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཆིག་སྟོང་བྱེ་བ་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །ཉན་ཐོས་བྱེ་བ་ཁྲི་ཕྲག་བཅུ་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བསོད་ནམས་བློ་གྲོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཎྱ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ༴ སྦྱིན་སྲེག་འོད་འཕྲོའི་སྐུ་ཐོགས་ལ། ཧཱུྃ། མཆོད་རྟེན་སྣང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ལྔ་ཁྲི་ལྔ་སྟོང་བར་དུ་བརྟན། །དེ་ཡི་བསྟན་པ་བྱེ་བ་གསུམ་དུ་རྒྱས། །འདུས་པ་བཅུ་གཉིས་བྱེ་བ་བརྒྱ་བརྒྱ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སྦྱིན་སྲེག་འོད་འཕྲོ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཧོཿམ་པྲ་ཏི་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ། གཟི་བརྗིད་ཕུང་པོའི་སྐུ་ཐོགས་ལ། ཧཱུྃ། ཡོན་ཏན་དབྱངས་གནས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་སུམ་ཁྲི་སུམ་སྟོང་བཞི་ཁྲི་བསྟན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་གཟི་བརྗིད་ཕུང་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏེ་ཛ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་སྟོབས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཐོང་བས་མཆོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སེང་གེའི་སྟོབས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་མི་གཡོ་བའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རབ་ཏུ་གནས་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་ཉིས་ཁྲི་བསྟན། །འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ མགོན་པོ་མི་གཡོ་བ་ཡིས༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་ཙ་ལ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་རབ་གསལ་གྱི་སྐུ་ཐོགས་ལ། ཧཱུྃ། འཇིགས་མེད་མཐོང་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་ཆིག་སྟོང་བར་དུ་འཚོ། །བསྟན་པ་སུམ་ཁྲི་ཉིས་སྟོང་བར་དུ་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མགོན་པོ་རབ་གསལ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་པ་ར་ནི་ཨ་བྷི་ཥིཉྩ་ཧཱུྃ། འོད་མི་སྐྱོད་པའི་སྐུ་ཐོགས་ལ། ཧཱུྃ། རྟག་ཏུ་དགའ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བཞི་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་ཆིག་ཁྲི་སུམ་སྟོང་རྒྱས། །འདུས་པ་སུམ་ཅུ་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མི་སྐྱོད་པ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་བྷ་ཨཀྵོ་བྷེ་ཨ་བྷི་ཥིཉྩ་ཧཱུྃ། ཀླུ་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཀླུ་ཡིས་མཆོད་པའི་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བར་དུ་རྒྱས། །དེ་ཡི་བསྟན་པ་བརྒྱད་ཁྲིར་དར་ཞིང་བརྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཀླུ་དབྱངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ག་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། གླུ་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། དབྱངས་ཀྱི་མཆོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་དགུ་བཅུར་བྱེ་བ་དགུ་དགུ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་གླུ་དབྱངས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ག་ཏ་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། འཁོར་ལོ་འཛིན་པའི་སྐུ་ཐོགས་ལ། ཧཱུྃ། ཐུབ་མེད་ལྡན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་དེ་བཞིན་བསྟན། །འདུས་པ་བཅུ་གཉིས་ཐེར་འབུམ་ཐེར་འབུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ འཁོར་ལོ་འཛིན་པ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཙཀྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། དབྱིག་གི་མཆོག་གི་སྐུ་ཐོགས་ལ། ཧཱུྃ། རྐང་པ་བརྒྱན་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་ཆིག་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དབྱིག་མཆོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དཎྜ་ཨ་གྲ་ཨ་བྷི་ཥིཉྩ་ཧཱུྃ། འཇིག་རྟེན་དག་པ་དགའ་བའི་སྐུ་ཐོགས་ལ། ཧཱུྃ། མདངས་ཀྱི་འོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །དགུ་བཅུ་བཞི་སྟོང་བརྒྱད་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་ཅུ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་འཇིག་རྟེན་དགའ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ལོ་ཀ་ར་ཏ་ཨ་བྷི་ཥིཉྩ་ཧཱུྃ། མཐའ་ཡས་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་འོད་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་བར་དུ་འཚོ། །བསྟན་པ་ལོ་སྟོང་བར་དུ་རབ་ཏུ་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཐའ་ཡས་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་བ་ཧྲི་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། སྤྲིན་གྱི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། ཆོས་སྣང་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་བཞི་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྤྲིན་གྱི་ཏོག་གིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མེ་གྷ་ཀྵུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཤེར་རབ་འགྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། ཡེ་ཤེས་གཞོལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བདུན་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ཤེས་རབ་འགྲོས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲ་ཛྙཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་སྤོས་བཟང་གི་སྐུ་ཐོགས་ལ། ཧཱུྃ། སྤོས་ཀྱི་རྣམ་པར་བརྒྱན་ན་རྒྱལ་པོའི་རིགས། །སྐུ་ཚེ་ཉིས་ཁྲི་བཞི་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་སུམ་ཁྲི་བཞི་སྟོང་རྒྱས། །འདུས་པ་ལན་གྲངས་སོ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནིབདུན་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ མགོན་པོ་སྤོས་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་དྷཱུ་པེ་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ནམ་མཁའི་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། རྫུ་འཕྲུལ་སྣང་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཐེར་འབུམ་ཕྲག་གསུམ་དེ་བཞིན་བསྟན། །འདུས་པ་གྲངས་མེད་ཉན་ཐོས་དཔག་མེད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་ནམ་མཁའི་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་གྷོ་ཥ་བི་ཧ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོ་ལྷའི་སྐུ་ཐོགས་ལ། ཧཱུྃ། དད་ཚུལ་ཀུན་བསྡུས་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ལོ་འབུམ་སྟོང་ཕྲག་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་རེ་བཞི་ཀུན་ལ་ཡང་། །བྱེ་བ་ཁྲི་ཕྲག་དགུ་དགུ་གྲོལ་བར་མཛད། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མགོན་པོ་ལྷ་ཡིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནཱ་ཐ་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ལྷའི་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ལྷ་མཆོད་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བྱེ་བ་སྟོང་དང་དགུ་བཅུ་དགུ། །དེ་ཡི་བསྟན་པ་བརྒྱད་འབུམ་བར་དུ་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཁྲི་ཕྲག་དགུ་བཅུ་བཞི་བཞི་སྨིན་པར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ལྷ་ཡི་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དེ་ཝ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ནོར་བུ་གསལ་བའི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་རེ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་ནོར་བུ་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ། ནོར་བཟང་གི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་རྒྱན་ན་བྲམ་ཟེའི་རིགས་སྐུ་ཚེ། །སུམ་ཁྲི་དྲུག་སྟོང་སུམ་ཁྲི་བཞི་སྟོང་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་བཅུ་གཉིས་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་ནོར་བཟང་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་དྷ་ན་བྷ་དྲ་ཨ་བྷི་ཥིཉྩ་ཧཱུྃ། སྒྲོན་མའི་སྐུ་ཐོགས་ལ། ཧཱུྃ། བསོད་ནམས་སྒྲོན་མའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་ཆིག་སྟོང་བདུན་ཁྲི་བསྟན། །འདུས་པ་བདུན་ཅུར་བདུན་འབུམ་བདུན་འབུམ་གྲོལ། སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་སྒྲོན་མ་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏཱ་ར་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ང་རོའི་སྐུ་ཐོགས་ལ། ཧཱུྃ། དབྱངས་དང་ལྡན་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་ང་རོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་པྲ་ལཱ་པ་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་དབང་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། དྲག་ཤུལ་སྣང་བའི་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་དྲུག་ཁྲི་ཆིག་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་རེ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་སྐྱེ་དབང་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཛ་ཏི་ཥིཉྩ་ར་ཛཱ་ཨ་བྷི་ཥིཉྩ་ཧཱུྃ། སྒྲ་གཅན་སྦེད་ཀྱི་སྐུ་ཐོགས་ལ། ཧཱུྃ། སྒྲོན་མེའི་མདངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཆིག་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་ཉི་ཤུ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སྒྲ་གཅན་སྦེད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཱ་ཧུ་ལ་གུཔྟ་ཨ་བྷི་ཥིཉྩ་ཧཱུྃ། དགེ་བ་མཛད་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་འཇིགས་མེད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དགུ་ཁྲིར་རྒྱས། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་དགེ་བ་མཛད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་ལེ་ཤ་ཀརྱ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེ་བློ་གྲོས་ཀྱི་སྐུ་ཐོགས་ལ། ཧཱུྃ། མདངས་སྣང་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཆིག་སྟོང་བྱེ་བ་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་དྲུག་དྲུག་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སེང་གེ་བློ་གྲོས་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སིངྷ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་གྲགས་པའི་སྐུ་ཐོགས་ལ། ཧཱུྃ། གསེར་སྒྲོན་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་གོ་གཅིག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་རིན་ཆེན་གྲགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རཏྣ་ཀིརྟི་ཨ་བྷི་ཥིཉྩ་ཧཱུྃ། དོན་ནི་མཛད་པའི་སྐུ་ཐོགས་ལ། ཧཱུྃ། ལྷ་ཡི་བཀོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བདུན་ཁྲི་ཆིག་སྟོང་བདུན་ཁྲི་བསྟན། །འདུས་པ་བརྒྱད་བཅུ་བྱེ་བ་འབུམ་འབུམ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དོན་མཛད་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། མཛད་པ་མཐའ་གཟིགས་ཀྱི་སྐུ་ཐོགས་ལ། ཧཱུྃ། མཛད་པ་སྦྱངས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་བརྒྱད་ཅུར་བྱེ་བ་བརྒྱ་བརྒྱ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་མཛད་མཐའ་གཟིགས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱརྱ་ཨནྟ་བ་ཥ་ཨ་བྷི་ཥིཉྩ་ཧཱུྃ། སྲིད་པའི་མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། གྲགས་པ་གྲགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་ཉིས་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་ཉིས་ཁྲི་ཆིག་སྟོང་རྒྱས། །འདུས་ལ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་བཅུ་བཞི་བཞི་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སྲིད་པའི་མེ་ཏོག་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་རུ་ཙི་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ། མཛོད་སྤུ་ལྡན་པའི་སྐུ་ཐོགས་ལ། ཧཱུྃ། སྟེགས་མཆོག་ཡུལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་ཉིས་ཁྲི་ཉིས་སྟོང་དེ་བཞིན་བསྟན། །འདུས་པ་ལན་གྲངས་ཉེར་གཅིག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་མཛོད་སྤུ་ལྡན་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀུ་རུ་རོ་མ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། མཚུངས་མེད་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ། ཚོགས་མཛེས་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་ཉིས་སྟོང་བར་དུ་རྒྱས། །བསྟན་པ་དགུ་ཁྲི་ཆིག་སྟོང་བར་དུ་གནས། །འདུས་པ་ལན་གྲངས་དགུ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་མཚུངས་མེད་རྒྱལ་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཏརྟུ་ན་ཧི་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་རོལ་ང་རོའི་སྐུ་ཐོགས་ལ། ཧཱུྃ། རྣམ་གྲགས་ལྷ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སུམ་ཁྲི་བཞི་སྟོང་སུམ་ཁྲི་ཆིག་སྟོང་བསྟན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་རྣམ་རོལ་ང་རོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ས་ར་པྲ་ལཱ་པ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་མཆེ་བའི་སྐུ་ཐོགས་ལ། ཧཱུྃ། བློ་མཆོག་ཡུལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དྲུག་ཁྲི་བཞི་སྟོང་བར་དུ་རྒྱས། །བསྟན་པ་དྲུག་ཁྲི་བར་དུ་རབ་ཏུ་གནས། །འདུས་པ་རེ་དྲུག་ལན་གྲངས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་བདུན་བདུན་གྲོལ། སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་སེང་གེའི་མཆེ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སེངྷ་དནྟ་ཨ་བྷི་ཥིཉྩ་ཧཱུྃ། མཛེས་པར་གཤེགས་ཀྱི་སྐུ་ཐོགས་ལ། ཧཱུྃ། བདེ་བ་གསལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་བཞི་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་ཉེར་ལྔ་ཀུན་ལ་ཡང་། བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་མཛེས་པར་གཤེགས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཀཱ་ན་ཤྲཱི་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་སྒྲོལ་མའི་སྐུ་ཐོགས་ལ། ཧཱུྃ། སྒྲོལ་མའི་ཏོག་ན་བྲམ་ཟེའི་རིགས་སྐུ་ཚེ། །བདུན་ཁྲི་ཉིས་སྟོང་བདུན་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་རེ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་ལྔ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བསོད་ནམས་སྒྲོལ་མས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པུ་ཎྱ་ཏཱ་ར་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་ལྡན་གྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་དགུ་ཁྲི་བསྟན། །འདུས་པ་ལན་གྲངས་གོ་གསུམ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་ལྔ་ལྔ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བཀྲ་ཤིས་ལྡན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མངྒ་ལ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། མྱ་ངན་མེད་པའི་སྐུ་ཐོགས་ལ། ཧཱུྃ། མྱ་ངན་སེལ་ན་བྲམ་ཟེའི་རིགས་སྐུ་ཚེ། །བརྒྱད་ཁྲི་སུམ་སྟོང་སྟོང་ཕྲག་གྱ་གསུམ་བསྟན། །འདུས་པ་བརྒྱད་ཅུར་བྱེ་བ་བརྒྱད་བརྒྱ་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་མྱ་ངན་མེད་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བི་ཥ་ན་ཧི་ཨ་བྷི་ཥིཉྩ་ཧཱུྃ། བློ་གྲོས་སེམས་དཔའི་སྐུ་ཐོགས་ལ། ཧཱུྃ། ཡིད་ནི་ཚིམ་བྱེད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བརྒྱད་ཁྲི་ལྔ་སྟོང་བརྒྱད་ཁྲི་བསྟན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་བློ་གྲོས་སེམས་དཔས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་མ་ཏི་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ། བློ་དང་ལྡན་པའི་སྐུ་ཐོགས་ལ། ཧཱུྃ། ཤེས་རབ་གསལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་བློ་དང་ལྡན་པས་དབང་། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཝ་ཏི་བུདྡྷ་ཨབྷི་ཥིཉྩ་ཧཱུྃ། །ཆོས་ཀྱི་སྒྲོལ་མའི་སྤྱན་གྱི་སྐུ་ཐོགས་ལ། ཧཱུྃ། ཆོས་ཀྱི་རྒྱལ་མཚན་ཡུལ་ན་རྒྱལ་རིགས་ཚེ། །དྲུག་ཁྲི་དྲུག་སྟོང་དྲུག་ཁྲི་ལྔ་སྟོང་བསྟན། །འདུས་པ་ལན་གྲངས་རེ་བཞི་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་ལྔ་ལྔ་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ ཆོས་ཀྱི་སྒྲོལ་མའི་སྤྱན་གྱིས་དབང་༴ སྐལ་ལྡན་བུ་རྣམས་༴ ཨོཾ་བུདྡྷ་དྷརྨཱ་ཏཱ་ར་ཙཀྵུ་ཨ་བྷི་ཥིཉྩ་ཧཱུྃ། །ཤིན་ཏུ་གཟིགས་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་སྒྲོལ་ན་བྲམ་ཟེའི་རིགས་འཁྲུངས་ཚེ། །དྲུག་ཁྲི་སུམ་སྟོང་དྲུག་ཁྲི་དྲུག་སྟོང་བསྟན། །འདུས་པ་ལན་གྲངས་དྲུག་སྟེ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་ཤིན་ཏུ་གཟིགས་པས་དབང་། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ཥེ་སཱུ་ནི་ཨ་བྷི་ཥིཉྩ་ཧཱུྃ། །ཤུགས་ཀྱིས་དོར་བའི་སྐུ་ཐོགས་ལ། ཧཱུྃ། དགའ་བ་གསལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་བདུན་ཁྲིར་རྒྱས། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་གྲོལ། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་ཤུགས་ཀྱིས་དོར་བས་དབང་། །སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལཱ་ཧ་ཨ་བྷི་ཥིཉྩ་ཧཱུྃ། །སྟོབས་ཅན་གྱི་སྐུ་ཐོགས་ལ། ཧཱུྃ། གདུལ་བར་དཀའ་ན་རྒྱལ་པོའི་རིགས་འཁྲུངས་ཚེ། །བརྒྱད་ཁྲི་བརྒྱད་སྟོང་དགུ་ཁྲི་ཉིས་སྟོང་བསྟན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ དེ་བཞིན་གཤེགས་པ་སྟོབས་ཅན་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་བ་ལེ་ཨ་བྷི་ཥིཉྩ་ཧཱུྃ། །ཤེས་རབ་མེ་ཏོག་གི་སྐུ་ཐོགས་ལ། ཧཱུྃ། མཁས་པ་གསལ་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་ལྔ་སྟོང་བཞི་ཁྲི་བསྟན། །འདུས་པ་ལན་གྲངས་ལྔ་བཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་ལྔ་བཅུ་ལྔ་ལྔ་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ ཤེས་རབ་མེ་ཏོག་ཆེན་པོས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་པྲཛྙཱ་ཕུ་ལ་ཨ་བྷི་ཥིཉྩ་ཧཱུྃ། །བསྟན་པའི་དབྱངས་ཀྱི་སྐུ་ཐོགས་ལ། ཧཱུྃ། དྲག་ཤུལ་སྒྲ་དག་ཡུལ་ན་རྒྱལ་པོའི་རིགས། །སྐུ་ཚེ་དགུ་ཁྲི་དགུ་སྟོང་དྲུག་ཁྲི་བསྟན། །འདུས་པ་ལན་གྲངས་རེ་གཉིས་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་དྲུག་ཅུ་བརྒྱད་བརྒྱད་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་བསྟན་པའི་དབྱངས་ཀྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སྠི་ར་གྷོ་ཥ་ཨ་བྷི་ཥིཉྩ་ཧཱུྃ། བདེ་བ་དང་ལྡན་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་ཡིད་འཐད་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་ཉིས་ཁྲི་སུམ་སྟོང་བརྒྱད་ཁྲི་བསྟན། །འདུས་པ་གྱ་ལྔར་དགྲ་བཅོམ་དཔག་མེད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ སངས་རྒྱས་བདེ་དང་ལྡན་པས་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སུ་ཥ་ཝ་ཏི་ཨ་བྷི་ཥིཉྩ་ཧཱུྃ། དོན་དག་གསུང་བའི་སྐུ་ཐོགས་ལ། ཧཱུྃ། སྨྲ་བ་གསལ་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་ལོ་འབུམ་བསྟན་པ་ལོ་སྟོང་རྒྱས། །འདུས་པ་ལན་གྲངས་ཐེར་འབུམ་ཕྲག་བཅུ་ལ། །ཉན་ཐོས་ཐེར་འབུམ་ཐེར་འབུམ་སྨིན་པར་མཛད། །སྐུ་མདོག་དཀར་པོ་ས་གནོན༴ སངས་རྒྱས་དོན་དག་གསུངས་པས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཨཪྠ་ས་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། དགྱེས་པ་གསལ་བའི་སྐུ་ཐོགས་ལ། ཧཱུྃ། དགའ་བྱེད་མཆོད་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་སུམ་ཁྲི་དྲུག་སྟོང་བར་དུ་འཚོ། །དེ་ཡི་བསྟན་པ་དྲུག་ཁྲི་དྲུག་སྟོང་རྒྱས། །འདུས་པ་ལན་གྲངས་སོ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་གྲོལ། །སྐུ་མདོག་སེར་པོ་ས་གནོན༴ སངས་རྒྱས་དགྱེས་པར་གསལ་བས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ནི་བུདྷ་ཨ་བྷི་ཥིཉྩ་ཧཱུྃ། སེང་གེའི་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ། སྨྲ་བའི་མཆོད་རྟེན་ཡུལ་ན་བྲམ་ཟེའི་རིགས། །སྐུ་ཚེ་བདུན་ཁྲི་བཞི་སྟོང་བདུན་ཁྲི་བསྟན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བདུན་ཅུ་བརྒྱད་བརྒྱད་གྲོལ། །སྐུ་མདོག་དམར་པོ་ས་གནོན༴ སངས་རྒྱས་སེང་གེའི་ཞལ་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་སིདྷ་མུ་ཥ་ཨ་བྷི་ཥིཉྩ་ཧཱུྃ། གཙུག་ཕུད་ཀྱི་སྐུ་ཐོགས་ལ། ཧཱུྃ། རིན་ཆེན་བརྩེགས་ན་བྲམ་ཟེའི་རིགས་ལ་འཁྲུངས། །སྐུ་ཚེ་བརྒྱད་ཁྲི་བསྟན་པ་དེ་བཞིན་རྒྱས། །འདུས་པ་ལན་གྲངས་གྱ་དྲུག་ཀུན་ལ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་བདུན་བདུན་གྲོལ། །སྐུ་མདོག་ལྗང་གུ་ས་གནོན༴ སངས་རྒྱས་གཙུག་ཕུད་ཅན་གྱིས་དབང་༴ སྐལ་ལྡན་བུ་རྣམས༴ ཨོཾ་བུདྡྷ་ཤ་ཁཱ་ཨ་བྷི་ཥིཉྩ་ཧཱུྃ། སངས་རྒྱས་མོས་པ་སྣང་བྱེད་ཀྱི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིད་གྲགས་ན་རྒྱལ་པོའི་རིགས་ལ་འཁྲུངས། །སྐུ་ཚེ་དཔག་མེད་བསྟན་པ་གྲངས་མེད་རྒྱས། །འདུས་པ་དཔག་མེད་དགྲ་བཅོམ་གྲངས་མེད་གྲོལ། །སྐུ་མདོག་མཐིང་ག་ས་གནོན༴ མོས་པ་སྣང་བྱེད་ཆེན་པོས་དབང་བསྐུར་བས། །སྐལ་ལྡན་བུ་རྣམས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་བུདྡྷ་ཨ་དྷཱི་ཨཱ་ལོ་ཀེ་ཀཱརྱ་ཨ་བྷི་ཥིཉྩ་ཧཱུྃ། བྱང་ཆུབ་སེམས་དཔའ་ཚངས་པའི་སྐུ་ཐོགས་ལ། ཧཱུྃ། གཟི་བརྗིིད་རྣམ་པར་བརྒྱན་ན་བརྫུས་ཏེ་འཁྲུངས། །བསྐལ་བཟང་སངས་རྒྱས་སྟོང་གི་ཕྲིན་ལས་པ། །ཆོས་འཁོར་བསྐོར་བར་བསྐུལ་བའི་བྱང་ཆུབ་སེམས། །སྐུ་མདོག་དཀར་པོ་འཁོར་ལོས་སྒྱུར་རྒྱལ་ཚུལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ཕྱག་ན་བསྣམས། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨོཾ་བོ་དྷི་ས་ཏྭ་དྷརྨཱ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྐུ་ཐོགས་ལ། ཧཱུྃ། འཇིག་རྟེན་རྣམ་པར་བརྒྱན་ན་བརྫུས་ཏེ་འཁྲུངས། །བསྐལ་བཟང་སངས་རྒྱས་སྟོང་གི་ཕྲིན་ལས་པ། །ཆོས་ཀྱི་བར་ཆད་བཟློག་པའི་མཐུ་རྩལ་ཅན། །སྐུ་མདོག་སྔོན་པོ་བྱང་ཆུབ་སེམས་དཔའི་ཚུལ། །བར་ཆད་བགེགས་རྣམས་འདུལ་ཕྱིར་རྡོ་རྗེ་བསྣམས། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སེམས་དཔའ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨོཾ་བོ་དྷི་ས་ཏྭ་དྷརྨཱ་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ། བསྐལ་བཟང་སངས་རྒྱས་སྟོང་རྩའི་དབང་གི་ཆོ་ག་མཆོག་ལམ་མྱུར་བགྲོད་མི་ནུབ་བསྟན་པའི་རྒྱལ་མཚན་ཞེས་བྱ་བ་འདི། སྔགས་བན་བིདྱཱ་དྷ་ར་བི་ཛ་ཡ་དང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མངྒ་དྷརྨཱ་པ་ར་དང་། སྔགས་སྒོམ་མ་ཏི་སཱ་ག་ར་གསུམ་གྱིས་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་བཅུ་གཉིས་པ་རྒྱལ་གྱིས་ཉ་བའི་དཀར་ཕྱོགས་དགའ་བའི་ཚེས་ལ་གནས་མཆོག་ཆེན་པོ་ར་ག་གུ་ཧྱ་ཀ་ལར་སྦྱར་བའི་བསོད་ནམས་ཀྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །འགལ་འཁྲུལ་ཅི་མཆིས་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། མངྒ་ལཾ། །༈ཚོགས་གཉིས་ཟླ་བའི་ཆ་ཤས་ཡོངས་རྫོགས་པས། །སྐུ་གསུམ་མཛད་པ་བདུད་རྩིའི་བསིལ་ཟེར་གྱིས། །མཁའ་མཉམ་ཀུནྡའི་གཉེན་གཅིག་ཕན་བདེའི་གཏེར། །བསྐལ་བཟང་རྣམ་འདྲེན་སྟོང་གི་བཀྲ་ཤིས་ཤོག །དབྱེར་མེད་ཆོས་སྐུ་གཅིག་ཏུ་བྱང་ཆུབ་ཀྱང་། །ཐ་དད་འགྲོ་བ་འདུལ་ཕྱིར་སྤྲུལ་པའི་སྐུ། །སྣ་ཚོགས་སྣང་བ་ཆུ་ཟླའི་ཟློས་གར་མཁན། །དུས་གསུམ་བདེ་བར་གཤེགས་པའི་བཀྲ་ཤིས་ཤོག། །།


previousབསྐལ་བཟང་སངས་རྒྱས་སྟོང་དབང་།next