Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཅན་ལ་གཏོར་མ་འབུལ་ཐབས།
   
   
   
   


 
previousདམ་ཅན་ལ་གཏོར་མ་འབུལ་ཐབས།next

དམ་ཅན་ལ་གཏོར་མ་འབུལ་ཐབས།

དམ་ཅན་ལ་གཏོར་མ་འབུལ་ཐབས་བཞུགས། །བདག་ཉིད་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་མདུན་དུ་བཀའ་ཡི་སྲུང་མ་རྡོ་རྗེ་ལེགས་པ་འཁོར་ཚོགས་བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པས་བསྐོར་བར་གསལ་བའི་གནས་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གནས་མཆོག་ཆོས་འཁོར་གཙུག་ལག་ཁང་གང་དུ་བཞུགས་ཀྱང་བསྐྱེད་པའི་གནས་འདིར་བཛྲ་ས་དྷུ་ས་མ་ཡ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཛཿཧཱུྃ་བཾ་ཧོཿ གསུམ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་དམ་རྫས་ཀྱི་གཏོར་མ་ལ་སྐྱེས་བུ་ཆེན་པོ་སྐུ་འཁོར་དང་བཅས་པའི་ལྗགས་མཚོན་ཆའི་སྦུ་གུ་ཅན་ཟུག་སྟེ་གསོལ་བས་དགྱེས་ནས་ཅི་བཅོལ་བའི་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་གྲུབ་པར་གྱུར༔ བཛྲ་ས་དྷུ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་མ་ཧཱ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ། ཧཱུྃ༔ བཀའ་ཡི་སྲུང་མ་སྐྱེས་བུ་འཁོར་བཅས་ཀྱིས༔ སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཐ་ཚིག་རྗེས་དགོངས་ཏེ༔ དེང་དུས་སངས་རྒྱས་བསྟན་པའི་གཞུག་གཉེར་འདིར༔ རེ་ཞིང་བལྟོས་པའི་ལྷ་མཆོག་ཁྱོད་ཡིན་པས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཅེས་པ་འདི་ཡང་ཉི་མ་གྲགས་པས་འཁྱེར་བདེ་ཕྱིར་སྦྱར་བའོ།། །།


previousདམ་ཅན་ལ་གཏོར་མ་འབུལ་ཐབས།next