Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་བསྔོ་བའི་ཆོ་ག་ཡིད་བཞིན་ནོར་བུ་འདོད་ཡོན་མཆོད་སྤྲིན་རྒྱ་མཚོ།


 
previousགཏོར་མ་བསྔོ་བའི་ཆོ་ག་ཡིད་བཞིན་ནོར་བུ་འདོད་ཡོན་མཆོད་སྤྲིན་རྒྱ་མཚོ།no next

གཏོར་མ་བསྔོ་བའི་ཆོ་ག་ཡིད་བཞིན་ནོར་བུ་འདོད་ཡོན་མཆོད་སྤྲིན་རྒྱ་མཚོ།

གཏོར་མ་བསྔོ་བའི་ཆོ་ག་ཡིད་བཞིན་ནོར་བུ་འདོད་ཡོན་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། དེ་ནས་ཐུན་མཚམས་སུ་གཏོར་མ་བསྔོ་བ་ནི། བྷནྡྷ་སོགས་ཀྱི་སྣོད་དུ་གཏོར་མ་ཟན་མར་ཤ་ཐུད་ཆང་སོགས་གང་འཛོམ་གྱིས་གང་བར་བྱས་ཤིང་། བཏུང་བའི་རིགས་ཀྱིས་བྲན་ཏེ། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་པཊ༔ ཨཱོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཤུདྡྷོ྅ཧཱུྃ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། མདུན་དུ་ཡཾཿལས་རླུང་གི་དཀྱིལ་འཁོར་གཞུ་བདུང་པ་ལྟ་བུའི་མཆོག་མ་ལ་བ་དན་ལྗང་གུ་གཡོ་བ་དང་། འཆང་གཟུང་ལ་ཡཾཿགྱིས་མཚན་པ། དེའི་སྟེང་དུ་རཾཿལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་འབར་བའི་ལྟེ་བར་རཾཿགྱིས་མཚན་པ། དེའི་སྟེང་དུ་ཀེཾ་ལས་ཐོད་པའི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པའི་ནང་དུ། དབུས་སུ་མུ་ལས་དྲི་ཆུ་བཻཌཱུ་ལྟ་བུ། ཤར་དུ་བྷི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་དམར་དུང་ལ་ཕོ་ཚོས་བྱུགས་པ་ལྟ་བུ། བྱང་དུ་མ་ལས་ཀླད་པ་དུང་ལྟ་བུ། དབུས་སུ་ན་ལས་མི་ཡི་ཤ །ཤར་ལྷོར་གྷོ་ལས་རྟ་ཡི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱི་ཡི་ཤ །ནུབ་བྱང་དུ་ངྷ་ལས་བ་གླང་གི་ཤ །བྱང་ཤར་དུ་ཧ་ལས་གླང་པོ་ཆེ་ཡི་ཤ །དེ་ལྟར་ཤ་ལྔ་བདུད་རྩི་ལྔ་སྤུངས་པའི་འོག་ཉི་མའི་གདན། སྟེང་དུ་ཟླ་བས་ཁ་ཆོད་བྱས་པའི་སྟེང་དུ། དབུས་སུ་འཁོར་ལོ་ཨོཾ་གྱིས་མཚན་པ། ཤར་དུ་རྡོ་རྗེ་ཧཱུྃ་གིས་མཚན་པ། ལྷོར་རིན་པོ་ཆེ་ཏྲཾ་གིས་མཚན་པ། ནུབ་ཏུ་པདྨ་ཧྲཱིཿཡིས་མཚན་པ། བྱང་དུ་སྣ་ཚོགས་རྡོ་རྗེ་ཨཱཿཡིས་མཚན་པར་གྱུར། བདག་གི་སྣ་བུག་གཡས་པ་ནས་ཡཾ་ཧཱུྃ་ཡཾ་ཞེས་པའི་ཡིག་འབྲུ་འཕྲོས་པ་ལས། རླུང་བྱུང་གཞུའི་འཆང་གཟུང་གི་ཡཾ་ལ་ཕོག་པས། མཆོག་མའི་བ་དན་བསྐྱོད། རླུང་གཡོས་མེ་ཡི་དཀྱིལ་འཁོར་ལ་ཕོགམེ་སྦར་ཐོད་པ་དྲོས་རྫས་རྣམས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་ཞུ་ཞིང་ཁོལ་བས། ཉེས་སྐྱོན་ཐམས་ཅད་ལྦུ་པའི་ཚུལ་དུ་ཕྱིར་ལྷུད། རླངས་པ་འོད་ཟེར་གྱི་ཚུལ་དུ་འཕྲོས། མདུན་གྱི་ནམ་མཁར་ལྷ་ཚོགས་ཡབ་ཡུམ་བཞུགས་པའི་ཐུགས་ཀར་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་། ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆར་ལྟར་བབས་པས། ཀ་པཱ་ལའི་དམ་ཚིག་གི་བདུད་རྩི་ལ་ཐིམ་སྟེ། ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱཿཧ་ཧོ་ཧྲིཿ ཞེས་པའི་ཕྱག་མཚན་ལྔས་དཀྲུག་པས། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར། སླར་ཡི་གེ་ཕྱག་མཚན་དང་བཅས་པ་འོད་དུ་ཞུ་སྟེ། བདུད་རྩི་དེ་ཉིད་ཤེལ་དྭངས་པ་ལྟ་བུ་ལ་རོ་སྦྲང་རྩི་སླད་མེད་པ་ལྟར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ ཨེ་ཨཱ་ར་ལི་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནི་སརྦ་བྷུདྡྷ་བྷོ་དྷི་ས་ཏྭ། བཛྲ་མ་ཧཱ་ཀྲོ་དྷ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཧྲིང་ཧྲིང་ཕེཾ་ཕེཾེཾ། ཅེས་བརྗོད་པས་གཏོར་མགྲོན་གྱི་ལྷ་ཚོགས་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་རྣམས། འོད་དཔུང་གི་གཏོར་མའི་སྟེང་དུ་བྱོན་ནས། བླ་མ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་དང་། ཡི་དམ་རྣམས་ཀྱི་ལྗགས་ཕྱག་མཚན་གྱི་སྦུ་གུ་ཅན་དད། དྷཀྐི་དམ་ཅན་ཆོས་རྣམས་ཀྱི་ལྗགས་མཚོན་ཆའི་སྦུ་གུ་ཅན་ལ་སོགས་པ་རྣམས་མཆོད་རྫས་བདུད་རྩིའི་རྒྱ་མཚོ་ལ་ཟུག་པས་གསོལ་ཞིང་སོ་སོར་འདོད་ཡོན་གྱི་ལོངས་སྤྱོད་གང་ལ་གང་དགྱེས་སུ་རོལ་ནས་དགྱེས་པ་ཆེན་པོར་གྱུར་ཏེ། རྣལ་འབྱོར་པ་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་སྩོལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སིདྷ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་གྲགས་པ། དྲིན་ཅན་བའི་བླ་མ་ལ་སོགས་པ། རྫོགས་ཆེན་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། དྲིན་ཅན་བའི་བླ་མ་ལ་སོགས་པ། ཕྱག་ཆེན་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་གསང་སྔགས་ཕ་རྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་ཁྲོས་མ་ནག་མོ། གུ་རུ་རྡོ་རྗེ་ཐོད་ཕྲེང་། གཟུང་མ་ཡེ་ཤེས་མཚོ་རྒྱལ། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་གསང་སྔགས་མ་རྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། དྷཀྐི་ཛྙཱ་ནའི་མཚན་ཅན། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་འཆི་མེད་ཚེའི་དཀའ་བབས་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། དྷཀྐི་མཁར་ཆེན་བཟའ། འཁོན་ཆེན་ཀླུ་ཡི་དབང་པོ། །རིག་འཛིན་ཉི་མ་གྲགས་པ། དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་གུ་རུ་དྲག་པོ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་ཀཱ་ར། ཕུང་བྱེད་ཤནྟིང་གརྦྷ། མངའ་བདག་ཆོས་ཀྱི་རྒྱལ་པོ། དྷཀྐི་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་དྲེགས་པ་ཟིལ་གནོན་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱ་བོད་ཀྱི་མཁས་གྲུབ་བཀའ་གསང་རྙིང་བརྒྱུད་པའི་བླ་མ་དབང་ལུང་ཆོས་གསུམ་ཐོབ་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞག་དུ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོཾ་ཨཱཿཧཱུྃཿ བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཆོས་སྐུ་གསང་བ་འདུས་པ་ཡབ་ཡུམ་ལྷ་ཚོགས་ཉེར་ལྔ་བཀའ་བསྲུང་དྲང་སྲོང་ཆེན་པོ་གཏེར་སྲུང་རྒྱལ་བ་ཐོད་དཀར་དང་བཅས་པའི་ཞལ་དུ་སརྦ་པཉྩ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ཡབ་ཡུམ་ལྷ་ཚོགས་བཞི་བཅུ་ཞེ་དགུ་སངས་རྒྱས་སྟོང་རྩ་གཉིས་བཀའ་སྲུང་ཡེ་ཤེས་མགོན་པོ་གཏེར་བསྲུང་བྱ་རོག་གདོང་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃཿབཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཀྐིནཧཱུྃ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་སྭ་ཧཱ༔ ཧྲཱི་མ་ཧ་རི་ནི་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བདེ་མཆོག་དབང་གི་འཁོར་ལོ་ཡབ་ཡུམ་དྲུག་བཅུ་ཐམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཧཱུྃ་ཕཊ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུཧྱ་ཛྙཱ་ཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྟཱན་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྟཱན་ཧཱུྃ་ཕཊ༔ ཆེ་མཆོག་ཧེ་རུ་ཀ་ལ་སོགས་ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་སཱ་དྷུ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཛཿཧཱུྃ་བཾ་ཧོཿ བཀའ་སྲུང་སྐྱེས་བུ་ཆེན་པོ་འཁོར་འབར་བ་སྡེ་བརྒྱད་གཏེར་སྲུང་ལྷ་བཙན་ཆེན་པོ་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཀྲོ་ཏ་ཀ་ལི་ཧ་རི་ནི་ས་ཧྲིཾ་ཧྲིཾ་ཛ་ཛ་སརྦ་སིདྡྷི་ཧཱུྃ་ཕཊཿ གཙོ་མོ་ཕག་གདོང་ནག་མོ་འཁོར་ཕག་མོ་རིགས་བཞི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྲུང་མ་མོ་ཁྲག་རལ་མ། གཏེར་སྲུང་ཡང་མ་སྐྱི་འདང་མ་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾཿ ཧྱ་གྷྲི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཚེ་བྷྲུྃཿ ཡུ་བྷྲུྃཿ ཡུ་ཚེ་བྷྲུྃཿ བཅོམ་ལྡན་འདས་ཚེ་དཔག་མེད་ཡབ་ཡུམ་རིག་འཛིན་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་ཉི་ཤུ་རྩ་ལྔ་སྐུ་འཁོར་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཨ་རྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊཿ དབང་དྲག་པདྨ་ཡབ་ཡུམ་ལ་སོགས་གུ་རུ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུམ་བཅུ་སོ་དྲུག་བཀའ་སྲུང་འབར་བ་ལྕམ་དྲལ་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊཿ རྟ་ཕག་ཡབ་ཡུམ་ལ་སོགས་དྲེགས་པ་ཟིལ་གནོན་དཀྱིལ་འཁོར་གྱི་ལྷ་ཚོགས་སུམ་བཅུ་རྩ་བརྒྱད། བཀའ་སྲུང་ཆོས་རྒྱལ་ཆེན་པོ་སྐུ་ལྔ། གཏེར་སྲུང་གྲི་བཙན་ཆེན་པོ་རོལ་བ་རྐྱ་བདུན་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཁའ་འགྲོ་བདུད་འདུལ་ནག་མོ་དཔལ་ལྡན་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཀའ་སྲུང་སྔགས་བདག་འབར་མ་ཁྱབ་བདག་ནཱ་ག་རཀྴ། ལྷ་ཆེན་མ་ཧཱ་དེ་ཝ། གནོད་སྦྱིན་ཛཾ་ལ་དམར་པོ། རྒྱལ་བོ་ཆེན་པོ་རྣམ་མང་ཐོས་སྲས་སྐུ་འཁོར་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ༔ བཀའ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་༔ དམ་ཅན་རྒྱ་མཚོ་བཀའ་ཉན་ལས་བྱེད་ཚོགས༔ འཇིག་རྟེན་འདས་དང་མ་འདས་འཁོར་བཅས་རྣམས༔ དམ་རྫས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་མཆོག་འཁོར་དང་བཅས་པ་ལ༔ ནད་མེད་ཚེ་འཕེལ་བདེ་སྐྱིད་དབང་ཕྱུག་དང་༔ དཔལ་དང་འབྱོར་བ་སྙན་གྲགས་སྐལ་བ་ལྡན༔ རྟག་ཏུ་ལོངས་སྤྱོད་རྒྱ་ཆེན་ཀུན་འགྲུབ་ཅིང་༔ ཞི་དང་རྒྱས་པ་དབང་དྲག་ལ་སོགས་པའི༔ འཕྲིན་ལས་སྣ་ཚོགས་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱིས་བདག་ཅག་འཁོར་བཅས་བསྲུང་༔ དངོས་གྲུབ་ཅན་གྱིས་རྟག་ཏུ་སྡོང་གྲོགས་མཛོད༔ གློ་བུར་དུས་མིན་འཆི་དང་ནད་རྣམས་དང་༔ གནོད་བྱེད་གདོན་དང་བགེགས་རྣམས་མེད་པར་མཛོད༔ རྟག་ཏུ་རྨི་ལམ་ངན་དང་མཚན་མ་ངན༔ རྐྱེན་དང་བྱ་བྱེད་ངན་རྣམས་མེད་པར་མཛོད༔ རྒྱལ་ཁམས་འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༔ འབྲུ་རྣམས་འཕེལ་ཞིང་དགེ་བཅུ་ཆོས་འཕེལ་དང་༔ རྟག་ཏུ་བདེ་བ་ཐམས་ཅད་འབྱུང་བ་ཡི༔ བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས༔ ཅི་བསམ་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎི་ཨཱ་དྱ་ནུཏྤན་ན་ཏྭཱཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭ་ཧྭ། ལན་གསུམ། དམ་རྫས་འདོད་ཡོན་ལྔ་ཡི་རང་བཞིན་ལས་གྲུབ་པའི་གཏོང་མ་རྒྱ་ཆེ་ཞིང་དཔངས་མཐོ་བ། འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་བཀའ་ཡི་སྲུང་མ་སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ཆེ་བཙན་ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་སྡེ་བཞི་ལྷ་ཆེན་པོ་བརྒྱད་ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། གནོད་སྦྱིན་ཆེན་པོ་བརྒྱད། བོད་ཁམས་སྐྱོང་བའིབརྟན་མ། མ་མོ། འབྱུང་པོ། ཤ་ཟ། སྲིན་པོ། ཡི་དྭགས། མྱོས་བྱེད། ཡུལ་ཕྱོགས་འདི་ཡི་གཞི་བདག་ལྷ་སྲིན་སྡེ་བརྒྱད་སྐུ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བྷ་ལིདྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཁྱད་པར་དུ་ཁ་འཛིན་སྟོང་གྲོགས་མགོན་སྐྱབས་བྱེད་པའི་ཡུལ་ལྷ་གཞི་བདག་དཀོར་བདག་གནས་བདག་དང་བཅས་པའི་ཞལ་དུ་ཨི་དཾ་བྷ་ལིདྟ་ཁ་ཁ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ནས། བདག་ཅག་འཁོར་དང་བཅས་པའི་མཐུན་རྐྱེན་ལེགས་ཚོགས་ཀྱི་ཡོན་ཏན་འགྲུབ་པ་དང་། འགལ་རྐྱེན་མི་མཐུན་པའི་བར་ཆད་ཐམས་ཅད་ཡོངས་སུ་བཟློག་ནས་ཞི་བའི་འཕྲིན་ལས་དམ་པ་མཛད་དུ་གསོལ། ཧཱུྃ༔ བདག་ཅག་དུས་ངན་རྨོངས་པའི་བུ༔ ཏིང་འཛིན་མ་གསལ་འཁྲུལ་པ་དང་༔ བཟླས་བརྗོད་མ་དག་ནོར་བ་དང་༔ སྔགས་འབྲུ་ལྷག་ཆད་ནོར་འཁྲུལ་སོགས། ཚོགས་གཏོར་མཆོད་པ་མ་གཙང་ཞིང་༔ སེར་སྣས་བཅིངས་དང་འབགས་བཙོག་སོགས། ཉེས་པར་གྱུར་བ་ཅི་མཆིས་པ༔ ཡེ་ཤེས་ལྷ་ལ་བཟོད་པར་གསོལ༔ སྲུང་མའིཚོགས་ལ་མཐོལ་ཞིང་བཤགས༔ མཐོལ་བཤགས་བཟོད་པར་བཞེས་ནས་ཀྱང་༔ ཅི་བསམ་འདོད་པའི་དོན་རྣམས་ཀུན༔ སྐད་ཅིག་ཉིད་ལ་འགྲུབ་པར་མཛོང་༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། སླར་ཡང་འབྱོན་པར་མཛད་དུ་གསོལ། ཨོཾ་བཛྲ་མུཿ ཅེས་བརྗོད། བསྔོ་སྨོན་གྱིས་རྒྱས་གདབ་བོ། ཅེས་པ་འདི་སྔགས་པ་རྡོ་རྗེའི་མིང་འཛིན་རྣམས་ཀྱིས་བསྐུལ་བའི་ངོར། སུརྱའི་མིང་གིས་བྲིས་པ་དགེ་ལེགས་འཕེལ་མདྒལཾ།། །


previousགཏོར་མ་བསྔོ་བའི་ཆོ་ག་ཡིད་བཞིན་ནོར་བུ་འདོད་ཡོན་མཆོད་སྤྲིན་རྒྱ་མཚོ།no next