Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  expand section
  collapse section
ལས་མཛད་ཧེ་རུ་ཀའི་ཙིཏྟ་སྙིང་གི་ཙཀྲ་ལ་བརྟེན་ནས་ཕོ་རྒྱུད་དབང་དུ་བསྡུ་བའི་ལས་སྦྱོར།
   
   
   
   
   
   
   
   
   
   
   
   
  expand section


 
previousལས་མཛད་ཧེ་རུ་ཀའི་ཙིཏྟ་སྙིང་གི་ཙཀྲ་ལ་བརྟེན་ནས་ཕོ་རྒྱུད་དབང་དུ་བསྡུ་བའི་ལས་སྦྱོར།next

ལས་མཛད་ཧེ་རུ་ཀའི་ཙིཏྟ་སྙིང་གི་ཙཀྲ་ལ་བརྟེན་ནས་ཕོ་རྒྱུད་དབང་དུ་བསྡུ་བའི་ལས་སྦྱོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལས་མཛད་ཧེ་རུ་ཀའི་ཙིཏྟ་སྙིང་གི་ཙཀྲ་ལ་བརྟེན་ནས་ཕོ་རྒྱུད་དབང་དུ་བསྡུ་བའི་ལས་སྦྱོར་བཞུགས༔ ལས་མཛད་ཧེ་རུ་ཀཿལ་འདུད༔ ལྷ་ཆེན་བསྒྲུབ་པའི་རྣལ་འབྱོར་པས༔ ཕོ་བརྒྱུད་ཐམས་ཅད་དབང་བསྡུད་ཅིང་༔ བཀའ་ཉན་བྲན་དུ་བཀོལ་འདོད་ན༔ ལས་སྦྱོར་འདི་བཞིན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ༔ དེ་ཡང་ཙིཏྟ་སྙིང་གི་ཙཀྲ་ལ་བརྟེན་ནས་ཕོ་བརྒྱུད་ཐམས་ཅད་དབང་དུ་བསྡུད་པའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ༔ དང་པོ་སྔོན་དུ་འགྲོ་བ་ནི་གཉིས་ཏེ༔ འཁོར་ལོ་འབྲི་བ་དང་རྫས་གསོག་པའོ༔ དང་པོ་འཁོར་ལོ་བྲི་བ་ནི༔ འགྲུབ་སྦྱོར་བཟང་པོ་ལ་བབས་ཚེ༔ སྐྱེས་དར་མའི་སྙིང་ཤུན་ནམ་སྙིང་ཁྲག་གིས་བྱུགས་པའི་ཤོག་བུ་ལ༔ བླ་མ་དགེ་སློང་མི་དཔོན་ཚོང་པ་ཕྱུག་པོ་ཕལ་པ་སོགས་གང་ལ་དམིགས་པའི་ཁྲག་མཚལ་ལ་བསྲེས་པའི་ཁུ་བས༔ གང་དབང་དུ་འདོད་པའི་གཟུགས་སྐྱེ་མཆེད་དོད་པར་བྲི་ཞིང་༔ གཟུགས་དེའི་ལྟོ་བར་མུ་ཁྱུད་རིམ་པ་གསུམ་བསྐོར་ཏེ༔ ལྟེ་བར་ཁོའི་སྙིང་བྲི༔ དེའི་དཀྱིལ་དུ་ནྲི་བྲི་ཞིང་ཐ་མར་སྔགས་འདི་བཀོད་དོ༔ ཆེ་གེ་མོའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ དུང་དུང་སྡུས་སྡུས༔ ཅེས་འབྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྩིབས་བཞིར་བཅད་ཅིང་རྩིབས་དང་པོ་ལ༔ ཧྲཱིཿམཉྫུ་ཀུག་ཏ་དྷེ་ཝ་ཧྲིང་ཛཿ ཅེས་བྲི༔ གཉིས་པ་ལ༔ ཀ་ར་བྷི་ཀོ་ར་བྷི༔ ཅེས་བྲི༔ གསུམ་པ་ལ༔ ནྲི་ཨ་ཀཪྴ་ཡ་ཁུག་ཛ༔ ཅེས་བྲི༔ བཞི་པ་ལ༔ ལོ་ཀ་སརྦ་པ་ཤཾ་ཀུ་རུ་ཧཱུྃ༔ ཅེས་བྲི༔ རྩིབས་མཆན་བཞི་ལ་ཡིག་མགོ་ནང་དུ་བསྟན་ཅིང་༔ ལྷ་འདྲེ་མི་གསུམ་ཨ་ཏྲི་ནྲི་སརྦ་བདག་གི་དབང་དུ་ཨ་ཀཪྴ་ཡ་ཧྲིང་ནི་ཛཿཛ༔ ཁུག་ཁུག་འདུས་འདུས་རང་དབང་མེད་པར་ཁུག༔ ཅེས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿམཉྫུ་ཀུག་ཏ་དྷེ་ཝ་ཧྲིང་ཛཿ ཀ་བྷི་ར་ཀོ་བྷི་ར་ཨ་ཏྲི་ནྲི་སརྦ་མགོ་ནག་ཕོ་བརྒྱུད་ཀྱི་སྐྱེ་འགྲོ་ཐམས་ཅད་ཀྱིའམ༔ ཆེ་གེ་མོའི་སེམས་དཀྲུག༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ མི་སྙིང་སྒུལ་སྒུལཿ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང་འདུས་འདུས་སྡུས་སྡུས༔ ཅེས་བྲི་ཞིང་ལྷག་ཆད་བྲིས་བསུབ་མེད་པ་གལ་ཆེའོ༔ གཉིས་པ་རྫས་བསགས་པ་ནི༔ རང་གི་སྲིན་ལག་གཡས་པའི་ཁྲག༔ བྱིའུ་ནས་ཟན་གྱི་ཀླད་པ༔ ཁོ་ཤོག་འབྲུ་གུ༔ ཐང་ཕྲོམ་འབྲུ་གུ༔ རྡོ་ཁབ་ལེན༔ ཐལ་ཆེན༔ ལན་ཚྭ༔ ནག་མཚུར་བ་རྣམས་ཞིབ་ཏུ་བཏགས་ཤིང་འཁོར་ལོ་ལ་ཆ་གཅིག་གླན༔ ཆ་གཅིག་ཟ་འོག་ཁུག་མར་བཅང་ཞིང་༔ བསྙེན་སྒྲུབ་ཀྱི་དྲོད་ཐོབ་ནས་དམིགས་བྱ་གང་ཡིན་ལ་ཁ་ཟས་སུ་བཏབ་སྟེ་ལྟོར་ཐེངས་པར་བྱའོ༔ ལར་འཁོར་ལོ་ལ་དམིགས་བྱ་གང་ལ་བྱ་བའི་ཟག་རྫས་གང་བྱུང་བྱུག་པར་བྱ་བ་ནི་མན་ངག་གོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞི་བསྒྲུབ་པའི་རིམ་པ་ལ་གཉིས་ཏེ༔ རྫས་འགོད་པ་དང་བསྙེན་སྒྲུབ་བོ༔ དང་པོ་རྫས་འགོད་པ་ནི༔ དཀྱིལ་འཁོར་གྱི་དབུས་སུ་ཁྲིའུ་ཁར་འཁོར་ལོ་དེ་ཟངས་ཀྱི་ཕོ་མཚན་གྱི་ནང་དུ་བཅུག་པའི་མགུལ་དུ་ཟ་འོག་ཁུག་མའི་སྒྲུབ་རྫས་བཏགས་ལ༔ དར་དམར་གྱི་མགུལ་ཆིངས་སྤྲས་པ་བཤམས༔ མཐའ་སྐོར་རྣམས་སུ་མཆོད་པའི་ཡོ་བྱད་སྣ་ཚོགས་དང་༔ གང་ལ་བརྩམས་པའི་ལུས་ཆས་ཞྭ་གོས་ལྷམ་གསུམ་ལ་སོགས་དངོས་སམ་གཟུགས་བརྙན་བྲིས་པ་མང་པོས་བསྐོར༔ ཚོགས་ཀྱི་འཁོར་ལོ་བཤམས༔ ལས་ཀྱི་གཞུང་བསྲང་༔ གཉིས་པ་བསྒྲུབ་པ་ནི་སྒྲུབ་གཞུང་ལྟ་བུ་ལ༔ ཁྱད་པར་དུ་དམིགས་པའི་སྤྲོ་བསྡུ་གང་ལ་བྱ་བ་དེ་ཉིད་ཁོ་ན་གཙོ་བོར་འདོན་ཞིང་བསྙེན་པ་རང་གཞུང་ལྟར་ལ༔ ཨ་ཏྲི་ནི་སརྦ་ཛཿ དུང་དུང་འདུས་འདུས་སྡུས་སྡུས་འུབ་འུབ་འདུ་འདུ་ཆེ་གེའི་སེམས་དཀྲུག༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པ་ཤེས་པར་རང་དབང་མེད་པར་ཁུག༔ ཅེས་མི་ཚིག་གིས་བར་མ་ཆོད་པར་ལེ་ལོ་དང་སྙོམས་ལས་སྤངས་ཏེ་རྩེ་གཅིག་ཏུ་བསྒྲུབ་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་བཞི་སྟེ༔ དུས་གྲངས་རྟགས་དང་ཡོན་ཏན་ནོ༔ དང་པོ་དུས་ནི་སྒྲུབ་གཞུང་དང་མཐུན༔ གཉིས་པ་གྲངས་ནི་བླ་མ་དང་སློབ་དཔོན་རྒྱལ་པོ་དང་བློན་པོ་དམངས་པོ་ཕལ་པ་སྟེ༔ མི་རིགས་ལྔ་གང་ལ་བརྩམ་པར་ཕ་རོལ་གྱི་ཡུལ་དང་བསྟུན་ཏེ༔ སྟོང་ཚོ་དང་ཁྲི་ཚོ་འབུམ་ཚོ་ལྔ་དང་བདུན་དང་བཅུ་སོགས་ཏེ༔ མདོར་ན་ཕ་རོལ་གྱི་དམིགས་བྱ་གང་ཡིན་པ་དེའི་བསོད་ནམས་ཀྱི་སྟོབས་ལ་བལྟ་སྟེ༔ བསོད་ནམས་ཅན་ནི་དབང་དུ་འགྱུར་བར་དེ་ཙམ་དཀའ་བས་མཚམས་སྦྱོར་ཤེས་པར་བྱའོ༔ གསུམ་པ་རྟགས་ནི་གང་ལ་བྱ་བ་དེ་ཉིད་ཀྱི་བཀའ་ཉན་པ་གསུང་སྡོད་པ་གུས་འདུན་བྱས་པ་སོགས་དངོས་ཉམས་རྨི་ལམ་ལ་འབྱུང་ངོ་༔ སྤྱིར་བརྩམས་པ་ཡིན་ན་དབང་བསྐུར་བ༔ ཁྲིར་འདུག་པ༔ ལུང་བཏང་བ༔ ཁྲོམ་བསྡུད་པ་སོགས་འབྱུང་ངོ་༔ བཞི་པ་ཡོན་ཏན་བསྟན་པ་ནི༔ གདམས་པ་འདིར་ཞུགས་པ་ཙམ་གྱིས་གཞན་དབང་དུ་རང་མི་འགྱུར་ཞིང་རང་དབང་དུ་གཞན་འདུ་བ་དང་༔ ཕ་རོལ་རྣམས་ཀྱིས་བཀའ་ཉན་པ་གསུང་སྡོད་པ༔ མངག་གཞུག་བསྒྲུབ་པ༔ ཁྱད་པར་དུ་དམིགས་པ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་དབང་དུ་འགྱུར་ཞིང་བྲན་དུ་ཁོལ་བ་ནི་གདོན་མི་ཟའོ༔ བརྩམས་པའི་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ ལྷ་འདྲེ་མི་གསུམ་གྱི་དེད་དཔོན་དུ་འགྱུར་ཞིང་དཔལ་དང་འབྱོར་བས་ཕྱུག་པར་འོང་ངོ་༔ སྒྲུབ་པའི་འབྲས་བུ་ཐོབ་ནས་གཞན་གྱི་ཤེས་རྒྱུད་ཆོས་ལ་སྦྱོར་བའི་འཕྲིན་ལས་བརྩམས་ན༔ བདག་གཞན་ཐམས་ཅད་མྱུར་དུ་བྱང་ཆུབ་བོ༔ རང་དོན་ཁོ་ནར་སོང་ཞིང་གཞན་ཕན་སྙིང་རྗེའི་རྩིས་ཀྱིས་མ་ཟིན་ནའང་སྐྱེ་བ་བརྒྱ་ལ་རྒྱལ་པོ་ཁོ་ནར་སྐྱེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་རྣམས་སློབ་དཔོན་ཆེན་པོས་བདག་མཚོ་རྒྱལ་དང་ཀླུའི་དབང་པོ་གཉིས་ལ་གདམས་པ་ཁོ་མོས་ཤོག་སེར་དུ་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ མ་འོངས་ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ཟབ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ལྕགས་ཕོ་སྤྲེའུའི་ལོ་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

རྡོ་རྗེའི་ཙཀྲ་ལ་བརྟེན་ནས་མོ་རྒྱུད་དབང་དུ་བསྡུ་བའི་ལས་སྦྱོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེའི་ཙཀྲ་ལ་བརྟེན་ནས་མོ་རྒྱུད་དབང་དུ་བསྡུ་བའི་ལས་སྦྱོར་བཞུགས༔ ལས་མཛད་ཧེ་རུ་ཀ་ལ་འདུད༔ ལྷ་ཆེན་བསྒྲུབ་པའི་རྣལ་འབྱོར་པས༔ མོ་བརྒྱུད་ཐམས་ཅད་དབང་བསྡུད་ཅིང་༔ བཀའ་ཉན་བྲན་དུ་བཀོལ་འདོད་ན༔ ལས་སྦྱོར་འདི་ལ་བརྩོན་པར་བྱ༔ ས་མ་ཡཱ༔ རྒྱ༔ དེ་ཡང་ཕོ་མཚན་རྡོ་རྗེའི་ཙཀྲ་ལ་བརྟེན་ནས་མོ་བརྒྱུད་ཐམས་ཅད་དབང་དུ་བསྡུ་བའི་གདམས་པ་འདི་ལ་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཏེ༔ འཁོར་ལོ་འབྲི་བ་དང་རྫས་བསག་པའོ༔ དང་པོ་འཁོར་ལོ་བྲི་བ་ནི༔ ཡར་ངོའི་ཚེས་བཅུའམ་འགྲུབ་སྦྱོར་ལ་བབས་ཚེ༔ གྲོ་གའམ་ཤོག་བུ་ལ་བཅུ་དྲུག་གཙང་མའི་རཀྟས༔ གང་ལ་དམིགས་པའི་གཟུགས་སྐྱེ་མཆེད་དོད་པ་ལ་དབང་པོ་ཚང་བ་ཞིག་བྲིས་པའི་ལྟོ་བར་འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར་ཏེ༔ ལྟེ་བར་ཕོ་མཚན་ཞིག་འབྲི༔ དེའི་དཀྱིལ་དུ་ནྲི་བྲི༔ ཐ་མར་སྔགས་འདི་བཀོད༔ ཆེ་གེ་མོའི་སྙིང་དཀྲུགས༔ སེམས་འཕྱོ་རུ་ཆུག༔ དུང་དུང་སྡུས་སྡུས་སྭཱ་ཧཱ༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྩིབས་བཞིར་བཅད་ཅིང་༔ ཧྲཱིཿམཉྫུ་ཀུག་ཏ་ཨུ་མ་ཧྲིང་ཛ༔ ཀ་ར་བྷི་ཀོ་ར་བྷི༔ ནྲི་ཨ་ཀར་ཤ་ཡ་ཧྲཱིཿ ཀ་ལི་སརྦ་པ་ཤ་མ་མ་སྲོག་འདུ་འདུ༔ ཅེས་རྩིབས་བཞིར་འགོད༔ རྩིབས་མཆན་བཞི་ལ༔ མཉྫུ་ཀུག་ཏ་ཧཱུྃ་ཧྲཱིཿཛ༔ ཅེས་ཚར་རེ་འགོད༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿམཉྫུ་ཀུག་ཏ་ཧཱུྃ་ཀ་ར་བྷི་ཀོ་ར་བྷི་ཨ་ཀཪྴ་ཡ་ཧྲིང་ཛ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཨ་ཏྲི་ནྲི་སརྦ་བདག་གི་དབང་དུ་ཨ་ཀཪྴ་ཡ་ཧྲིང་ཛཿ ཁུག་ཁུག་འདུས་འདུས་རང་དབང་མེད་པར་ཁུག༔ ཅེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿམཉྫུ་ཀུག་ཏ་དྷེ་མ་ཧྲིང་ཛ༔ ཀ་ར་བྷི་ཀོ་ར་བྷི༔ མགོ་ནག་མོ་བརྒྱུད་ཐམས་ཅད་དམ་ཆེ་གེ་མོའི་སེམས་དཀྲུགས་སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ཅེས་བྲི༔ ལྷག་ཆད་སྤང་ཞིང་བྲིས་བསྲུབ་མེད་པར་བྱའོ༔ གཉིས་པ་རྫས་བསག་པ་ནི༔ རང་གི་སྲིན་ལག་གཡོན་པའི་ཁྲག༔ བྱིའུ་ནས་ཟན་གྱི་ཁྲག༔ ཁོ་ཤོག་འབྲུ་གུ༔ ཐང་ཕྲོམ་འབྲུ་གུཿ རྡོ་ཁབ་ལེན༔ བྱ་ཕོ་ཚ་ལུའི་ཟེ་ཁྲག༔ བོང་བུའི་ས་བོན༔ རང་གི་ཐིག་ལེ་དེ་རྣམས་ཆ་སྙོམས༔ ཆ་གཅིག་འཁོར་ལོར་བྱུག༔ ཆ་གཅིག་སྨྱུག་དོང་དུ་བཅད༔ བསྙེན་སྒྲུབ་ཀྱི་དྲོད་ཐོབ་ནས་རིལ་བུ་སྒྲིལ་ཏེ་གང་ལ་དམིགས་པའི་ལྟོར་གཏོང་ངོ་༔ འཁོར་ལོ་ལ་དམིགས་བྱའི་ཟག་རྫས་བྱུག་གོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞི་བསྒྲུབ་པ་ལ་གཉིས་ཏེ༔ རྫས་འགོད་པ་དང་བསྙེན་སྒྲུབ་བོ༔ དང་པོ་རྫས་འགོད་པ་ནི་དཀྱིལ་འཁོར་གྱི་དབུས་སུ་ཁྲིའུ་ཁར་འཁོར་ལོ་རྒྱ་སྐྱེགས་ཀྱི་ཕོ་མཚན་ནང་དུ་གཞུག༔ མགུལ་དུ་སྨྱུག་དོང་གི་རྫས་དང་དར་དམར་པོའི་མགུལ་ཆིངས་བཏགས༔ མཐའ་སྐོར་རྣམས་སུ་མཆོད་པའི་ཡོ་བྱད་ཚོགས་ཀྱི་འཁོར་ལོ༔ གང་ལ་བརྩམ་པའི་ལུས་གོས་སམ་མོ་ཆས་མང་པོའི་གཟུགས་བྲིས་པ་བཀོད༔ གཉིས་པ་བསྒྲུབ་པ་ནི་གཞུང་ལྟ་བུ་ལ༔ ཁྱད་པར་དམིགས་པའི་སྤྲོ་བསྡུ་ཡུལ་མཆོག་ཨུ་མ་དྷེ་ཝ་མུ་སྟེགས་ཀྱི་མཁའ་འགྲོ་བཞི་དང་བཅས་པའི་ནུས་པའི་སྤྲུལ་བསྒྱུར་གཙོ་བོར་འདོན་ཞིང་༔ རྒྱལ་མོ་དང་རྗེ་མོ་བྲན་མོ་མཛའ་མོ་ལ་སོགས་གང་ལ་དམིགས་པ་དེ་སྐད་ཅིག་རང་དབང་མེད་པར་དབང་དུ་བསྡུས༔ བྲན་དུ་བཀོལ་བར་བསམས་ཤིང་བསྙེན་པ་རང་གཞུང་ལྟར་ལ༔ ཨ་ཀཪྴ་ཡ་ཧྲི་དུང་དུང་འདུས་འདུས་སྡུས་སྡུས་འུབ་འུབ་འདུ་འདུ་ཆེ་གེའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ཅེས་མི་ཚིག་གིས་བར་མ་ཆོད་པར་བརྩོན་འགྲུས་དང་ལྡན་པས་ཉམས་སུ་བླང་ངོ་ཿ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས་ཏེ༔ དམ་ཚིག་དང་ཡོན་ཏན་ནོ༔ དང་པོ་དམ་ཚིག་ནི་བུད་མེད་ཡོངས་ལ་གུས་ཤིང་བྱམས་པ་དང་ཐིག་ལེ་མི་ཉམས་པ་གལ་ཆེའོ༔ གཉིས་པ་ཡོན་ཏན་ནི༔ མ་མོ་མཁའ་འགྲོ་འདུ་ཞིང་བར་ཆད་སེལ༔ སྨན་མོ་དང་ཀླུ་མོས་ནོར་འབུལ༔ འཇིག་རྟེན་མི་མོ་ཐམས་ཅད་བྲན་དང་གཡོག་ཏུ་འགྱུར༔ གང་ལ་བརྩམས་པ་མི་རྒྱབ་ཀྱི་ཁྱི་བཞིན་འབྲེང་༔ དབང་དུ་འདུས་ནས་ཤེས་རྒྱུད་ཆོས་ལ་འཁོད་ན་གཉིས་མེད་བྱང་ཆུབ་འཐོབ༔ ཆོས་ལས་འགལ་ཀྱང་སྐྱེ་བ་བརྒྱ་སྟོང་དུ་ནག་ཆགས་བུད་མེད་རྣམས་ཀྱིས་གཙུག་ཏུ་མཆོད༔ བཀའ་ཉན་ལས་བྱེད་མོ་བརྒྱུད་དབང་དུ་འདུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཡང་སློབ་དཔོན་ཆེན་པོས་བདག་མཚོ་རྒྱལ་དང་ཀླུ་དབང་ལ་གནང་ཤོག་སེར་དུ་ཁོ་མོས་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱཿ ཟབ་རྒྱ༔ གསང་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་སྒྲུབ་པའི་ལས་སྦྱོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལས་ཀྱི་ཧེ་རུ་ཀའི་ཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་སྒྲུབ་པའི་ལས་སྦྱོར་བཞུགས༔ ལས་མཛད་ཧེ་རུ་ཀཿལ་འདུད༔ ལྷ་ཆེན་བསྒྲུབ་པའི་རྣལ་འབྱོར་པས༔ བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ནོར་གྱི་དབུལ་བ་རྒྱུན་གཅོད་ཅིང་༔ ནོར་གྱི་དངོས་གྲུབ་སྤྱོད་འདོད་ན༔ གདམས་པ་འདི་བཞིན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ༔ དེ་ཡང་ཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་བསྒྲུབ་པའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ༔ དང་པོ་སྔོན་འགྲོ་ལ་གཉིས༔ འཁོར་ལོ་འབྲི་བ་དང་རྫས་བསག་པའོ༔ དང་པོ་འཁོར་ལོ་འབྲི་བ་ནི༔ དར་དམར་རམ་རྒྱ་ཤོག་བཟང་པོ་ལ༔ འགྲུབ་སྦྱོར་ཉི་ཁྱིམ་ཤིས་པའི་ཚེ༔ གསེར་དངུལ་མཚལ་ལམ་རྒྱ་སྣག་སོགས༔ རབ་འབྲིང་ཐ་མའི་སྣག་ཚ་ཡིས༔ འཁོར་ལོ་མུ་ཁྱུད་གསུམ་དུ་བསྐོར༔ ལྟེ་བར་སྙིང་ནོར་གང་འདོད་ཀྱི་གཟུགས་འབྲི༔ ནོར་སྒྲུབ་སྤྱི་ཁྱབ་ཏུ་འདོད་ན་ནོར་བུ་འབར་བ་འབྲི༔ དབང་གི་རྒྱལ་པོ་སིདྡྷི་སྭཱ་ཧཱ༔ བསམ་འཕེལ་རཏྣ་སིདྡྷི་སྭཱ་ཧཱ༔ འདོད་འབྱུང་རཏྣ་སིདྡྷི་སྭཱ་ཧཱ༔ ཞེས་ནོར་བུའི་གཟུགས་གསུམ་སོ་སོར་འགོད༔ དེའི་ཕྱི་རིམ་རྩིབས་བཞི་ལ༔ ཀ་ར་བྷི་ཀོ་ར་བྷི་ཞེས་སྙིང་པོ་འབྲུ་དྲུག་ཚང་མ་རེ་རྩིབས་རེ་ལ་འབྲི༔ རྩིབས་མཆན་བཞི་ལ༔ ཧྲཱི༔ མཉྫུ་ཀུག་ཏ་དྷེ་བ་ཧྲིང་ཛ༔ ཅེས་ཕྱོགས་བཞིར་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་ར་བྷི་ཀོ་ར་བྷི་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃཿ རིན་ཆེན་འབྲུ་ནོར་ལོངས་སྤྱོད༔ ལྷབ་ལྷུབ་གོས༔ རྐང་བཞི་དུད་འགྲོ༔ རྨ་གཡང་ཟས་སོགས་འཛམ་གླིང་གི་ནོར་དང་བཅུད་ཐམས་ཅད་སྐུལ་ཅིག་སྐྱོད་ཅིག་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ ཡིག་མགོ་ཐམས་ཅད་ཕྱིར་བསྟན་མཛེས་པའི་ཚོན་གྱིས་བྱུག་པར་བྱའོ༔ གཉིས་པ་རྫས་བསག་པ་ནི༔ གསེར་ཀྱི་ས་ལེ་སྦྲམ༔ དངུལ་གྱི་ས་ལེ་སྦྲམ༔ གཞན་ཡང་རིན་པོ་ཆེའི་ནོར་རང་གི་གང་འདོད་པ་ཐམས་ཅད་དང་༔ དར་ཟབ་ལ་སོགས་འབྲུ་སྣ་སྨན་སྣ་ཚོགས་པར་བསགས༔ རྒྱལ་པོ་ཆེན་པོའི་ཟས་ནོར་ལོངས་སྤྱོད་ཀྱི་རྫས་དང་༔ ཁྱད་པར་དྲེའུ་མཛོ་རབས་ཆད་ཕོ་མོའི་ཟས་ནོར་སོགས་མ་ཡིན་པའི་ནོར་སྣ་ཅི་འཛོམ་དང་༔ དུད་འགྲོ་ཐམས་ཅད་ཀྱི་གཡངས་སྤུ་དང་ར་ཅོའི་ཚལ་པ་དོན་སྙིང་སོགས་ཅི་མང་དུ་བསགས༔ རྫས་དེ་རྣམས་འཁོར་ལོའི་ནང་དུ་བཏབ་ཅིང་༔ ཆགས་ལེགས་པར་བྱས་ཏེ་ཟ་འོག་གི་ཁུག་མར་བཅུག༔ དེ་ཟངས་ཀྱི་གའུ་ནོར་བུའི་དབྱིབས་ཅན་དུ་བསྡམས་ཤིང་དར་སྣ་ཚོགས་ཀྱིས་དྲིལ་བར་བྱའོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞི་ལ་གཉིས་ཏེ༔ རྫས་འགོད་པ་དང་བསྒྲུབ་པའི་རིམ་པའོ༔ དང་པོ་རྫས་འགོད་པ་ནི༔ དཀྱིལ་འཁོར་ཀྱི་དབུས་སུ་ཁྲིའུ་ཁར་སྒྲུབ་རྫས་འགོད་ཅིང་དར་དམར་གྱིས་གུར་ཕུབ༔ གཡས་གཡོན་དང་མདུན་རྒྱབ་རྣམས་སུ་མཆོད་པའི་ཚོགས་བྷ་ལིངྟ་ཚོགས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་བཤམས་ཤིང་བྱིན་གྱིས་བརླབ་པར་བྱའོ༔ གཉིས་པ་སྒྲུབ་པ་དངོས་ནི་སྒྲུབ་གཞུང་ལྟ་བུ་ལ༔ ཁྱད་པར་དུ་རང་གིས་གང་འདོད་པའི་ནོར་གྱི་གཙོ་བྱས་འཛམ་གླིང་གི་ནོར་ཐམས་ཅད་འབྲུ་སྣ་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་དཔལ་ཕུན་སུམ་ཚོགས་པར་གང་གྱུར་པ་ཐམས་ཅད༔ ལྷ་ཆེན་ཡབ་ཡུམ་མཁའ་འགྲོ་བཞི་བཀའ་ཉན་རྒྱལ་པོ་སྡེ་བཞི་དང་བཅས་པ་ཐམས་ཅད་ཀྱིས༔ འུབ་འུབ་ཡོམ་ཡོམ་ཁྲོལ་ཁྲོལ་དུ་བསྡུས་ནས་ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཐོབ་པར་བསམ་ཞིང་༔ སྒྲུབ་གཞུང་གི་བསྙེན་པའི་ཐེམས་སུ་རང་གི་ནོར་གང་འདོད་པའི་མིང་ལྟེམ་ཞིང་དབང་དུ་སྡུས་ཞེས་ཤམ་བུར་སྦྱར་ཏེ་བསྒྲུབ་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་སྟེ༔ དུས་བསྟན་པ་གྲངས་བསྟན་པ་ཕན་ཡོན་བསྟན་པའོ༔ དང་པོ་དུས་བསྟན་པ་ནི༔ བརྩོན་འགྲུས་རབ་ལ་བདུན་གཅིག༔ འབྲིང་ལ་བདུན་གཉིས༔ ཐ་མ་ལའང་བདུན་གསུམ་གྱིས་མི་འགྲུབ་མི་སྲིད་དོ༔ གཉིས་པ་གྲངས་བསྟན་པ་ནི༔ གང་ཟག་རབ་ལ་སྟོང་ཚོ་བཅོ་བརྒྱད༔ འབྲིང་ཁྲི་ཚོ་གསུམ༔ ཐ་མས་འབུམ་ཚོ་གཅིག་གིས་ངེས་པར་འགྲུབ་བོ༔ གང་ཟག་གི་རབ་འབྲིང་ནི་སྔ་མའི་བསགས་རྒྱབ་ཆེ་ཆུང་ངོ་༔ གསུམ་པ་ཕན་ཡོན་བསྟན་པ་ནི༔ སྒྲུབ་པ་འདིར་ཞུགས་པའི་གང་ཟག་ལ་འདུ་བ་རྣམ་པ་བཞི་ཆར་བཞིན་དུ་འབབ༔ ལོངས་སྤྱོད་མཁོ་དགུའི་ཚོགས་ནི་སྤྲིན་བཞིན་དུ་འདུ༔ རྒྱུ་བསོད་ནམས་ཀྱི་ཚོགས་ནི་བྱང་ཆུབ་ཤིང་གི་ཡལ་ག་འམ་དཔག་བསམ་གྱི་ཤིང་ལྟ་བུར་རྒྱས༔ འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི་འབྲས་དྲུག་ལྟ་བུར་སྨིན༔ མཆོག་ཐུན་གྱི་སིདྡྷི་གཉིས་ཚེ་འདི་ལ་མངོན་དུ་བྱེད༔ ཇི་ལྟར་བཀྲེས་པའི་འགྲོ་བས་ཀྱང་༔ གདམས་པ་འདིར་ཞུགས་ཉམས་བླངས་ན༔ ལོངས་སྤྱོད་འཁོར་ལོས་བསྒྱུར་རྒྱལ་འདྲ༔ བསོད་ནམས་ཚོགས་སྤེལ་མ་ནུས་ཤིང་༔ ཡེ་ཤེས་ཚོགས་ལ་མ་རག་ཀྱང་༔ སྐྱེ་བ་བདུན་ལ་འཁོར་ལོས་སྒྱུར༔ ལྷ་མིའི་དེད་དཔོན་ས་ལ་སྤྱོད༔ འདི་བཞིན་སྤྱོད་པའི་སྐལ་ལྡན་གྱིས༔ སྲོག་གི་དམ་ཚིག་གསང་བ་གནད༔ ལྷ་སྔགས་ཏིང་འཛིན་སྣ་རེ་རེ༔ ཕ་རོལ་འགྲོ་བས་མཐོང་ངམ་བསྒྲགས༔ དངོས་གྲུབ་སྣ་རེ་ངེས་པར་འཆད༔ དེ་ཕྱིར་སྲོག་གི་ཕྱིར་མ་སྟོན༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ ཀླུ་དབང་ཁྱོད་ཀྱི་སྙིང་ལ་ཆོངས༔ མ་འོངས་དོན་དུ་གཏེར་དུ་སྦོས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ལྷ་ཆེན་པོའི་འཕྲིན་ལས་བདུད་རྩི་དཀར་པོའི་ལས་སྦྱོར་བཅུ་བདུན་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་པོའི་འཕྲིན་ལས་བདུད་རྩི་དཀར་པོའི་ལས་སྦྱོར་བཅུ་བདུན་པ་བཞུགས༔ ལས་ཀྱི་ཧེ་རུ་ཀ༔ ལ་བསྟོད༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བསགས་སྦྱངས་དཔག་ཏུ་མེད་པ་ཡིས༔ བསོད་ནམས་ཚོགས་ནི་རླབས་པོ་ཆེ༔ བྱང་ཆུབ་དམིགས་པས་མ་ཟིན་ཚེ༔ ལམ་ལས་གོལ་ཞིང་ཁམས་གསུམ་བདག༔ ཆེ་བཙན་ལས་ཀྱི་ཧེ་རུ་ཀ༔ རྩེ་གསུམ་ཕྱག་རྒྱ་འཆང་བར་སྐྱེས༔ རྣམ་དཀར་བདེན་འབྲས་བསོད་ནམས་མཐུས༔ རང་བྱུང་སྟོང་པའི་ནམ་མཁའ་ནས༔ བདུད་རྩིའི་རྒྱུན་ཆེན་བབས་པའི་ཚེ༔ ལྷ་ཆེན་མ་ཧཱ་དྷེ་ཝས་འཐུངས༔ ཁ་ཕྲུ་ཟག་པ་ས་ལ་ལྷུང་༔ སྟོང་གསུམ་འཇིག་རྟེན་ཀུན་ཏུ་སྐྱེས༔ ནད་བརྒྱ་གསོ་བའི་གཉེན་པོར་གྱུར༔ རང་བྱུང་བདུད་རྩི་ཞེས་ཀྱང་བྱ༔ ནད་བརྒྱ་སྨན་གཅིག་ཞེས་ཀྱང་བྱ༔ དཀར་པོ་ཀུན་ཐུབ་ཞེས་ཀྱང་བྱ༔ གཉན་ལྷོག་ཀུན་འཇོམས་ཞེས་ཀྱང་བྱ༔ ཡ་མ་སྲིན་འཇོམས་ཞེས་ཀྱང་བྱ༔ དཀར་པོ་ཞེས་ཀྱང་བྱ༔ ཡུལ་གྲུ་ལུང་པའི་ཕུ་ན་སྐྱེ༔ བསྟེན་པས་བར་ཆད་ཀུན་ལས་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་གསང་བའི་བདུད་རྩི་དེ༔ དབང་ཆེན་ལས་སྦྱོར་བཅུ་བདུན་གྱིས༔ འགྲོ་དོན་བྱ་ཐབས་འདི་ལྟར་རོ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གླ་རྩི་གུ་གུལ་ཤུ་དག་དང་༔ སྤང་སྤོས་ལྔ་སྟེ་གཙོ་བོ་བློན༔ ཆ་སྙོམས་བཏང་བས་གག་པ་དང་༔ ལྷོག་པ་འཇོམས་པར་ཐེ་ཚོམ་མེད༔ གག་ལྷོག་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་ལང་ཐང་རྩེ་སྦྱར་ནས༔ ར་ཚིལ་ར་ཁྲག་རིལ་བུ་བྱ༔ ནད་ཚབས་ཆེ་ཆུང་ཐུན་ཚད་སྦྱར༔ མགོ་ནད་སྲིན་བུས་འཐོམ་པ་དང་༔ ཡ་མ་འཁྱུག་ཅིང་ན་བ་སེལ༔ ཡ་མ་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གུ་གུལ་ནག་པོ་བློན་པོར་སྦྱར༔ བྱིས་པའི་དྲི་ཆུས་རིལ་བུ་བྱ༔ ནད་ཚབས་དང་བསྟུན་རིལ་བུ་བཏང་༔ སོ་ནད་སྲིན་འབུའི་ནད་རིགས་འཇོམས༔ སོ་སྲིན་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་ལོ་བརྒྱད་དྲི་ཆུ་སྦྱར༔ འདེག་གུའམ་ཐུན་ཚད་རིལ་བུར་སྒྲིལ༔ ནད་ཚབས་དང་བསྟུན་རིལ་བུ་བཏང་༔ ལོང་ཀའི་སྲིན་འབུ་འཁྱུག་ནས་སུ༔ ཕོ་ནད་དྲི་ཁོལ་བྱེད་པ་འཇོམས༔ ཕན་པར་དཀའ་ན་སྲིན་བཤལ་བཏང་༔ ཕོ་སྲིན་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་གུ་གུལ་ནག་པོ་སྦྱར༔ ཁོང་དུ་བཏང་བས་ཀླད་པའི་ནད༔ མགོ་གཟེར་འཇོམས་པ་ཐེ་ཚོམ་མེད༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་ཤུ་དག་ར་ཁྲག་སྦྱར༔ ཕྱེ་མའམ་རིལ་བུ་གང་རུང་བྱ༔ གྲི་ནད་གག་སྲིན་ཨོག་འགག་དང་༔ ལྕེ་འབམ་སེལ་བར་ཐེ་ཚོམ་མེད༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གླ་རྩི་ཤིང་ཀུན་ལང་ཐང་རྩེ༔ སྒོག་པ་བཞི་པོའི་འབངས་སྦྱར་བཏང་༔ སྲིན་གྱི་རིགས་དང་གླང་ཐབས་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གི་ཝཾ་ཤ་ཆེན་ཐར་ནུ་དང་༔ ཨ་རུ་ར་དང་ཨ་བྱག་གླ་རྩི་སྦྱར༔ རོ་སྟོད་ན་ཞིང་གཟེར་བ་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ པི་པི་ལིང་དང་སེའུ་འབྲུ་སྡེབས༔ མ་ཞུ་ཕོ་བའི་ནད་རིགས་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ དུང་མོ་ཉུང་དང་གཙོད་སྦྱར་བཏང་༔ ལོང་ཁ་ན་ཞིང་གཟེར་བ་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བྱི་ཏང་ཀ་དང་པི་པི་ལིང་༔ ཆང་ལ་རྟ་བྱས་ཁོང་དུ་གཏོང་༔ མཆིན་ག་གཟེར་ནས་ཕོ་བ་ན༔ སྐྱུག་ཅིང་འདྲེ་ལ་གཟེར་བ་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ལྕ་སྒ་ལུག་གི་རིལ་མ་ཙམ༔ པི་པི་ལིང་དང་རྒྱ་ཚྭ་སྦྱར༔ གྲང་བ་ཤིན་ཏུ་རྒྱས་པ་སེལ༔ ཨྠིྀརྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ཁ་རུ་ཚ་དང་སྙིང་ཞོ་ཤ༔ ཤིང་ཀུན་སྒ་སྦྱར་བུ་རམ་གྱི༔ རྟ་བྱས་ཆང་གིས་ཕུལ་ཏེ་བཏང་༔ སྙིང་རླུང་འཇོམས་པར་ཐེ་ཚོམ་མེད༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ཁ་ཆེ་གུར་གུམ་མ་གི་ཏ༔ སྦྱར་བཏང་དུག་རིགས་ནད་རྣམས་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གསེར་གྱི་མེ་ཏོག་པི་པི་ལིང་༔ ཀ་ར་བཙོད་དང་དུང་མོ་ཉུང་༔ སྦྱར་བས་མཁྲིས་པ་ཕོ་འགྲིལ་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བྱི་ཏང་ཀ་དང་ལང་ཐང་རྩེ༔ མེ་རུ་རྩེ་སྦྱར་བུ་རམ་གྱི༔ རིལ་བུ་སྒྲིལ་ཏེ་ཕག་གམ་ར༔ མགོ་ཡི་གཞོབ་ཁུས་ཕུལ་ཏེ་བཟའ༔ ཐང་ཕྲོམ་ནག་པོ་ལང་ཐང་རྩེ༔ གླ་རྩི་སྒོག་སྐྱ་ཤིང་ཀུན་རྣམས༔ མར་དང་སྦྱར་ཏེ་འོག་སྒོར་བཙངས༔ གཞང་གི་སྲིན་འབུ་མ་བཟོད་པ༔ ཟ་ཞིང་འཕྲུག་ལ་གཟེར་བ་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ཚ་ལ་དཀར་པོ་ཞད་ཙམ་ཞིག༔ གླ་རྩི་དག་ནི་གཙོ་འཁོར་གསུམ༔ སྦྱར་བཏང་དུག་རིགས་ཐམས་ཅད་ཀྱི༔ ཤ་ལྤགས་བྱེར་དང་སྣོད་གྲམ་སྡུད༔ གཙོ་བོ་སྦྱར་དུག་སྡུད་ཐབས་ཡིན༔ དངོས་གཞི་རང་གཞུང་ལྟ་བུར་སྤྱད༔ ཨྠིྀ་རྒྱ༔ ཨེ་མ་བདུད་རྩིའི་གསོ་དཔྱད་འདི༔ གཞན་ལ་ཕན་ཕྱིར་པདྨས་བཀོད༔ ལྷ་ཆེན་རྒྱུད་ལས་བསྡུས་པའི་དོན༔ གཏེར་ཁ་འགའ་ལ་སྦས་ཏེ་བཞག༔ ལན་ཅིག་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རི་ནས་གདན་དྲངས་པའོ། །མངྒཱ་ལཾ།། །།

ལྷ་ཆེན་པོའི་ལས་ཚོགས་ཐོར་བུ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་པོའི་ལས་ཚོགས་ཐོར་བུ་བཞུགས༔ ལས་མཛད་ཧེ་རུ་ཀ་ལ་བསྟོད༔ དབང་ཕྱུག་ཆེན་པོའི་རྣལ་འབྱོར་པས༔ དུས་ངན་བསྐལ་པའི་ཐ་མ་ལ༔ མཚོན་གྱི་འཇིགས་པ་བསྲུང་འདོད་ན༔ རྒྱ་ཤོག་རྒྱ་སྣག་ལྷད་མེད་ཀྱིས༔ འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར༔ ལྟེ་བར་ཆེ་གེའི་ལུས་ངག་ཡིད་གསུམ་ལ་མཚོན་གྱིས་འཇིགས་པ་སྲུངས་ཤིག་རཀྵ་རཀྵ་བྱ་བ་བྲི༔ དེ་ཡི་ཕྱི་རིམ་རྩིབས་བཞིར་བཅད༔ ཨཱོཾ་ཐེ་ཐེ་བྷོ་ཤ་བུ་ན་ཤ་ཐེ་བྷོ་ཤ་ཕཊ༔ དུ་མ་ཤི་ཤི་ནི་རི་རི་ཀེ་ཕོ་ཕོ་ཤི་མི་སྭཱ་ཧཱ༔ ཚག་མེད་དབུ་ཅན་དག་ཏུ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་ཚང་བར་འབྲི༔ དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར༔ དེ་ཡི་ཕྱི་རིམ་མེ་རི་འབར་བ་བྲི༔ རང་སྔགས་ཡེ་དྷརྨཱ་བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་གནས༔ དར་དཀར་པོ་དྲི་མ་མེད་པས་བཏུམས་ཏེ་བསྲུང་བྱའི་སྐེ་ལ་གདགས༔ རྒྱ་མགྲོན་ནང་དུ་བཙན་དུག་སིནྡྷུ་ར་དངུལ་ཆུ་གསུམ་བླུག༔ སྤྲ་ཚིལ་གྱིས་ཁ་བཅད༔ དེ་ཟངས་དམར་གྱིས་བཏུམས༔ དེ་དར་དམར་པོས་དྲིལ་ཞིང་བསྲུང་བྱའི་དཔུང་པ་གཡོན་ལ་གདགས༔ དམ་ཚིག་ཏུ་མཚོན་རྩེ་རང་ལ་མི་བསྟན༔ རེ་གདན་ནག་པོའི་སྟེང་དུ་མི་འདུག༔ སྐས་ཀྱི་འོག་ཏུ་མི་འཛུལ་ལོ༔ ས་མ་ཡཱ༔ རྒྱ༔ མ་འོངས་བསྐལ་པའི་ཐ་མ་ལ༔ དབང་ཕྱུག་ཆེན་པོའི་རྣལ་འབྱོར་པས༔ དགྲ་བོ་འཕུང་བའི་ལས་བྱེད་ན༔ གྲོ་གའམ་ནི་ཤོག་བུ་ལ༔ དགྲ་བོའི་མིང་རུས་ལིངྒར་འབྲི༔ ཟག་རྫས་བྱུག་ཅིང་ལྷ་དབྱེ་དགུག༔ གྲི་ཁྲག་མཛེས་ཁྲག་ནལ་གྱི་ཁྲག༔ མི་ཁའི་རྫས་ངན་སྣ་ཚོགས་བསྡུས༔ ལིངྒ་དང་བཅས་ཧོམ་དུ་གཞུག༔ སེང་ལྡེང་ཕུར་པ་སྙིང་གར་གདབ༔ དགུག་གཞུག་དྲག་བྱས་ཧོམ་ཁ་བསྡམས༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ༔ མལ་འོག་གྲུ་གསུམ་བྲུས་ལ་མནན༔ ཨཱོཾ་མུག་ཐུཾ༔ སརྦ་མུག་ཐུམ༔ བྷ་ཏ་མུག་ཐུཾ༔ དགྲ་བོའི་ཁ་ཆིངས༔ རྩེ་མ་རེའུ་ཕཊ༔ ཞག་བདུན་མཚམས་བྱས་སྨྲ་བཅད་བཟླས༔ དགྲ་བོའི་ཟས་ནོར་ཕྱགས་མས་འདེད༔ ཁ་ཕུང་རྗེས་མེད་གཏོང་བར་ངེས༔ མུ་སྟེགས་ནག་པོའི་ངན་སྔགས་ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པའི་ཐ་མ་ལ༔ དབང་ཕྱུག་ཆེན་པོའི་རྣལ་འབྱོར་པས༔ དགྲ་བོ་འཕུང་གསུམ་བསད་པའི་ཐབས༔ རྐྱལ་པ་ཕུས་འདེབས་འདི་ལྟར་བྱ༔ ནལ་ཕྲུག་སྤགས་པ་བྱུང་ན་རབ༔ ཡང་ན་རིལ་ཚེ་ཁུང་ཤི་བའི༔ ལྤགས་པར་དགྲ་བོའི་རྐང་རྗེས་ས༔ བླུགས་ཤིང་བུ་ག་ཐམས་ཅད་ནི༔ དར་ཚོན་སྣ་ལྔའི་སྐུད་པས་བསྡམས༔ སེ་ཤིང་མི་རྒྱུས་གཞུ་རུ་བཀུག༔ སྐྱེར་པའི་མདའ་ལ་འུག་སྒྲོ་དང་༔ ཕོ་རོག་སྒྲོ་སྟོད་སྔགས་འདི་བཟླ༔ ཨེ་ཀ་ཏི་ཏཾ༔ ཨ་ན་ཁ་ཚ༔ མའུ་ན་པི་ཚ༔ ཕའུ་ལ་ས་ཏི༔ རི་ཀ་ནི་ཙ༔ ཛྙི་སཾ༔ ཀྵི་ཡཾ༔ ཕུར་ཡོམ་གྷིས༔ མི་ཁྱིའི་སྐད་མི་ཐོས་པའི་སར༔ ཞག་བདུན་བརྩོན་འགྲུས་ལྡན་པས་བསྒྲུབ༔ ཐ་མར་མདའ་ཡིས་རྐྱལ་པར་བརྡེག༔ དགྲ་བོ་སྦོས་གྲི་གླང་ཐབས་འཆི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་དུས་ཀྱི་ཐ་མ་ལ༔ དབང་ཕྱུག་གྲུབ་པའི་རྣལ་འབྱོར་པས༔ དགྲ་བོ་མྱུར་དུ་བརླག་པའི་ཐབས༔ དགྲ་བོའི་ལིངྒ་རྐང་རྗེས་ས༔ མུ་ཟི་ཤུ་དག་ནག་པོ་གཉིས༔ ཆུ་བལ་སྔོན་པོ་རྫས་སུ་བཏབ༔ སྲེ་མོང་ལྤགས་པའི་ནང་དུ་འདེབས༔ རང་ཉིད་མ་ཧཱ་དེ་ཝར་བསྒོམ༔ གོང་ལྟར་མདའ་གཞུ་ལག་ཏུ་ཐོགས༔ དགྲ་བོ་འགུགས་བསྟིམ་དམིགས་པ་གཅུན༔ དར་དུ་དར་དུ་རྦད༔ ཛཿཏྲི་ཚིན་ན་རྦུད༔ ཀུ་རུ་ཤིང་༔ གྷ་ཧ་ཏི་ཤིག༔ ས་ཏི་ཀུ་ཏུ་ས་ཆེ་གེ་མོ་མཱ་ར་ཡ་ཛཿཛཿཐུན་ཐུན་སོད་སོད༔ གོང་བཞིན་བསྒྲུབས་པས་རྟགས་མྱུར་འཐོན༔ འདི་ནི་ཤིན་ཏུ་ཟབ་པའི་གནད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པའི་ཐ་མ་ལ༔ མ་ཧཱ་དྷེ་ཝའི་རྣལ་འབྱོར་པར༔ བདུད་མོ་མ་རུངས་འདྲེ་མོ་ཡིས༔ ཆོས་བཞིན་སྤྱོད་ལ་བར་གཅོད་ན༔ དེ་ཉིད་མྱུར་དུ་འདི་ལྟར་བསྒྲལ༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ མོ་ཡི་ལིངྒ་བྲིས་ནས་ཀྱང་༔ སྙིང་གར་ནྲི་བྲིས་མིང་གི་མཐར༔ མྱུར་དུ་ཁུག་ཅིག་བྱ་བ་འབྲི༔ གནས་ཡིག་གཞན་མཐུན་བཞིན་དུ་འགོད༔ མཚན་མར་ཆེ་གེའི་མཚན་མ་ལ༔ ཛཿཛཿམཱ་ར་ཡ་ཕཊ༔ ཅེས་འབྲི་ལྟེ་བར་སྦྲུལ་མགོ་དང་༔ རྐང་གཡས་ཞབས་སུ་སྦལ་པ་འབྲི༔ རྐང་གཡོན་འོག་ཏུ་སྡིག་པའི་གཟུགས༔ ཐ་མར་དམོད་བཅོལ་སྣ་ཚོགས་འདྲི༔ ཆུ་ཤུལ་ས་ཡིས་འཁོར་ལོར་བྱུག༔ རྫས་ལ་སྦལ་ཤ་སྦྲུལ་གྱི་ཤ༔ སྡིག་པའི་ཤ་དང་ར་ཁྲག་རྣམས༔ བསྲེས་ནས་ལིངྒའི་ནང་དུ་བཏབ༔ ལྷ་དབྱེ་དགུག་གཞུག་དྲག་ཏུ་བྱ༔ ཧོམ་ཁུང་ནང་བཅུག་རང་མདུན་བཞག༔ སྔགས་འདིས་ཞག་གསུམ་བསྒྲུབ་ནས་ཀྱང་༔ ཡུངས་ཀར་ལ་གདབ་ཡང་ཡང་བྲབ༔ ཨཱོཾ་ན་ག་ར་ཙ་ཐུཾ་རིལ༔ ཆེ་གེ་མོའི་མཚན་མ་མཱ་ར་ཡ་ཛཿཛཿ སྒྲུབ་པ་ཐོན་ནས་ལིངྒ་དེ༔ ར་རུར་བཅུག་ཅིང་ཀླུ་ལ་གཏད༔ རོ་གཡམ་རྒྱ་གྲམ་བྲིས་པས་བཅད༔ མྱུར་དུ་མཚན་མ་སྦོས་ནས་འཆི༔ ཤིན་ཏུ་ཟབ་པའི་མན་ངག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཁ་ཐཾ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒཱ་ལཾ།། །།

ལྷ་ཆེན་པོའི་བརྒྱུད་པའི་གསོལ་འདེབས།

ལྷ་ཆེན་པོའི་བརྒྱུད་པའི་གསོལ་འདེབས་བཞུགས། ཧྲཱིཿཧྱ་གྷྲཱི་ཝ་ན་མོ་སིདྡྷི་ཧཱུྃ། དབང་དྲག་ཆོས་དབྱིངས་ཕོ་བྲང་ནས། །དབང་ཆེན་རྟ་མཆོག་རྒྱལ་པོ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དབང་གི་ཆོས་སྐུ་མངོན་གྱུར་སྩོལ། །བདེ་ཆེན་མཁའ་སྤྱོད་ཕོ་བྲང་ནས། མཁའ་འགྲོ་རྡོ་རྗེ་ཕག་མོ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདེ་ཆེན་ལོངས་སྐུའི་དངོས་གྲུབ་སྩོལ། །ཙིཏྟ་འོད་ཀྱི་ཕོ་བྲང་ནས། །རིག་འཛིན་པདྨ་བཛྲ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྣ་ཚོགས་འགྲོ་འདུལ་དངོས་གྲུབ་སྩོལ། །གསང་མཛོད་དགའ་བཞིའི་གཞལ་ཡས་ནས། །མཁའ་འགྲོ་བདེ་ཆེན་རྒྱ་མཚོ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མཆོག་ཐུན་མངོན་གྱུར་དངོས་གྲུབ་སྩོལ། །མཁྱེན་པ་གཉིས་ལྡན་ཕོ་བྲང་ནས། །འཁོན་སྟོན་ཀླུ་ཡི་དབང་པོ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཆོས་ཀུན་རྟོགས་པའི་དངོས་གྲུབ་སྩོལ། །ཐུགས་རྗེ་མཚུངས་མེད་གཞལ་ཡས་ནས། །རིག་འཛིན་ཉི་མ་གྲགས་པ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་འདྲེན་པའི་དངོས་གྲུབ་སྩོལ། །རང་ལུས་སྤྱི་བོ་སྙིང་ག་ནས། །ཆོས་འདི་བརྒྱུད་པའི་བླ་མ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཅི་ལྟར་མོས་པའི་དངོས་གྲུབ་སྩོལ། །རཱ་ག་དབང་གི་གཞལ་ཡས་ནས། །མ་ཧཱ་དེ་ཝ་ཡབ་ཡུམ་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ། །བཀའ་ཉན་ད་ལའི་ཕོ་བྲང་ནས། །བཀའ་འཁོར་སྲུང་མ་ལས་བྱེད་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྲིད་གསུམ་ཟིལ་གནོན་དངོས་གྲུབ་སྩོལ། ཅེས་པ་འདི་གླིང་གི་རྒྱལ་པོ་རྡོ་རྗེ་བཟང་པོས་བསྐུལ་ངོར་རིག་འཛིན་མིང་གིས་ཆོས་ཁྲི་ཐང་དུ་བྲིས་པ་མངྒ་ལཾ།། ༈ །།འདིའི་བརྒྱུད་པ་ནི། །ཆོས་སྐུ་རྟ་མགྲིན་དམར་པོའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། ལོངས་སྐུ་རྡོ་རྗེ་ཕག་མོའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། སྤྲུལ་སྐུ་པདྨ་བཛྲ་ཞལ་དུ་ཨཱོཾ་ཨཱཿཧཱུྃ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་ཨཱོཾ་ཨཱཿཧཱུྃ། ལོ་ཆེན་ཀླུའི་དབང་པོའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། རིག་འཛིན་ཉི་མ་གྲགས་པའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ཞལ་དུ་ཨཱོཾ་ཨཱཿཧཱུྃ། ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་ཨཱོཾ་ཨཱཿཧཱུྃ། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། ལྷ་ཆེན་མ་ཧཱ་དྷེ་ཝའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། ཡུམ་མཆོག་ཨུ་མ་དེ་ཝའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། ལས་བྱེད་མཁའ་འགྲོ་སྡེ་བཞིའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། བཀའ་ཉན་རྒྱལ་ཆེན་སྡེ་བཞིའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། བཀའ་སྲུང་རྡོ་རྗེ་ལེགས་པའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ། གཏེར་སྲུང་ལྷ་བཙན་ཆེན་པོའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ།། །།

ལྷ་ཆེན་ལ་གཏོར་མ་འབུལ་ཐབས།

ལྷ་ཆེན་ལ་གཏོར་མ་འབུལ་ཐབས་བཞུགས། ཨཱོཾ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ། བདག་ཉིད་སྐད་ཅིག་རྟ་མཆོག་དབང་གི་རྒྱལ་པོར་གསལ་བའི་མདུན་དུ་རྟ་བདུན་རླུང་གི་ད་ལའི་དབུས་སུ་ཐབས་ཤེས་ཉི་ཟླ་གའུ་ཁ་སྦྱོར་གྱི་སྟེང་དུ་ལྷ་ཆེན་མ་ཧཱ་དྷེ་ཝ་ཡབ་ཡུམ་ལ་དབང་གི་ལྷ་ཚོགས་སྐུ་འཁོར་དང་བཅས་པས་བསྐོར་བར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས། འོག་མིན་སྲིད་པའི་རྩེ་མོ་སྲིད་རྩེ་སྲིང་ཞིའི་ཞིང་ཁམས་གང་དུ་བཞུགས་ཀྱང་། སྐད་ཅིག་གིས་བསྐྱེད་པའི་གནས་འདིར་ཧྲཱི༔ བཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀ་ཧཱུྃཿཕཊ༔ བཛྲ་ས་མ་ཡ་ཛཿཛཿ དམ་རྫས་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་། ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་ལ་ཐུགས་རྗེའི་ཞལ་ནས་ལྗགས་དབང་གི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྱི་སྦུ་གུས་དྲངས་ཏེ་བཞེས་ནས་སྐུ་འཁོར་དང་བཅས་པ་དགྱེས་པར་གྱུར། ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿཔཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་བྷོ་དྷི་ཙིཏྟ་ཁཱ་ཧི་ཁཱ་ཧི། གསུམ། ཧཱུྃ་གདོད་ནས་དག་པའི་ཡེ་ཤེས་འཕྲུལ༔ སྲིད་གསུམ་ཀུན་བདག་ལྷ་ཆེན་པོ༔ སུམ་ཅུ་རྩ་གསུམ་ལྷ་ཡི་ལྷ༔ ཁམས་གསུམ་དབང་བསྒྱུར་ཧེ་རུ་ཀ༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་གཉིས་མེད་སྦྱོར་བའི་ཡུམ༔ ཆགས་པའི་རྦ་ཀློང་ལང་ཚོ་རྒྱས༔ སྲིད་གསུམ་ཁམས་གསུམ་མཁའ་ལ་རྫོགས༔ དབང་གི་རྒྱལ་མོ་དབང་གི་ཡུམ༔ ཨུ་མ་དྷེ་ཝར་ཕྱག་འཚལ་བསྟོད༔ དམ་རྫས་བརྒྱན་པའི་གཏོར་མ་བཞེས། །སྔོན་གྱི་གཡར་དམ་རྗེས་དགོངས་ལ། །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །

ལྷ་ཆེན་གཞོན་ནུའི་བསྐང་བ།

ལྷ་ཆེན་གཞོན་ནུའི་བསྐང་བ་བཞུགས། དེ་ནས་བསྐང་བའི་རིམ་པ་ནི། བསྐང་རྫས་ཚོགས་ཚད་བཤམས་ཤིང་། ཧཱུྃ། ཁམས་གསུམ་སྲིད་པའི་རྩེ་མོ་ནས། །དྲག་པོ་ཆེན་པོ་རྩེ་གསུམ་པ། །གཞོན་ནུ་ཆེན་པོ་གཟི་བརྗིད་ལྡན། །འབར་བ་ཆེན་པོ་ཧེ་རུ་ཀ༔ མ་ལུས་འཁོར་དང་བཅས་པ་རྣམས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་སྣོད་འཇིག་རྟེན་སྲིད་གསུམ་གྱི། །རིན་ཆེན་རིགས་གྱུར་ཇི་སྙེད་དང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །དབང་ལྔ་དོན་སྙིང་ནང་རོལ་ཁྲག །དགའ་བཞིའི་ཡིད་འཛིན་ལྷ་མོ་འབུམ། །གཅེར་བུ་གར་སྟབས་ལང་ཚོ་འབར། །དངོས་འབྱོར་ཡིད་སྤྲུལ་སྨན་གཏོར་རག །བསྐང་བརྟེན་སྒྲུབ་རྫས་སྣ་ཚོགས་ཀྱིས། །མ་ཧཱ་དྷེ་ཝ་དབང་གི་རྒྱལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །ཧཱུྃ། ཤེས་རབ་དབང་གི་ད་ལ་ནས། །དབང་གི་ལྷ་མོ་དཔལ་འབར་མ། །ཁམས་གསུམ་སྲིད་གསུམ་མཁའ་ལ་རྫོགས། །བདེ་སྟོང་འཁོར་ལོའི་དབང་ཕྱུག་མ། །མ་ལུས་འཁོར་དང་བཅས་པ་རྣམས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་སྣོད་འཇིག་རྟེན་སྲིད་གསུམ་གྱི། །རིན་ཆེན་རིགས་གྱུར་ཇི་སྙེད་དང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །དབང་ལྔ་དོན་སྙིང་ནང་རོལ་ཁྲག །དགའ་བཞིའི་ཡིད་འཛིན་ལྷ་མོ་འབུམ། །གཅེར་བུ་གར་སྟབས་ལང་ཚོ་འབར། །དངོས་འབྱོར་ཡིད་སྤྲུལ་སྨན་གཏོར་རག །བསྐང་བརྟེན་སྒྲུབ་རྫས་སྣ་ཚོགས་ཀྱིས། །ཨུ་མ་དྷེ་ཝ་ཡུམ་གྱི་ཚོགས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །ཧཱུྃ། ལང་ཀའི་ཡུལ་དབུས་དཔལ་གྱི་ཞིང་། པདྨ་འོད་ཀྱི་ཕོ་བྲང་ནས། རིགས་ཀྱི་བདག་པོ་ཐོད་ཕྲེང་རྩལ། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །མ་ལུས་འཁོར་དང་བཅས་པ་རྣམས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་སྣོད་འཇིག་རྟེན་སྲིད་གསུམ་གྱི། །རིན་ཆེན་རིགས་གྱུར་ཇི་སྙེད་དང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །དབང་ལྔ་དོན་སྙིང་ནང་རོལ་ཁྲག །དགའ་བཞིའི་ཡིད་འཛིན་ལྷ་མོ་འབུམ། །གཅེར་བུ་གར་སྟབས་ལང་ཚོ་འབར། །དངོས་འབྱོར་ཡིད་སྤྲུལ་སྨན་གཏོར་རག །བསྐང་བརྟེན་སྒྲུབ་རྫས་སྣ་ཚོགས་ཀྱིས། རིགས་ཀྱི་བདག་པོ་ཐོད་ཕྲེང་རྩལ། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །ཧཱུྃ། རྩ་གསུམ་དགའ་ལྡན་ལྷ་ཡུལ་ནས། །དབང་ཆེན་པདྨ་ཁྲོ་བོའི་རྒྱལ། །རྟ་གདོང་བཞད་པའི་གད་རྒྱངས་ཅན། །ཡི་དམ་རྒྱ་མཚོའི་ཚོགས་དང་བཅས། །མ་ལུས་འཁོར་དང་བཅས་པ་རྣམས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་སྣོད་འཇིག་རྟེན་སྲིད་གསུམ་གྱི། །རིན་ཆེན་རིགས་གྱུར་ཇི་སྙེད་དང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །དབང་ལྔ་དོན་སྙིང་ནང་རོལ་ཁྲག །དགའ་བཞིའི་ཡིད་འཛིན་ལྷ་མོ་འབུམ། །གཅེར་བུ་གར་སྟབས་ལང་ཚོ་འབར། །དངོས་འབྱོར་ཡིད་སྤྲུལ་སྨན་གཏོར་རག །བསྐང་བརྟེན་སྒྲུབ་རྫས་སྣ་ཚོགས་ཀྱིས། །དབང་ཆེན་པདྨ་ཧེ་རུ་ཀཿ ཡི་དམ་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །ཧཱུྃ། ནུབ་ཕྱོགས་མ་དང་མཁའ་འགྲོའི་ཡུལ། །དྲ་བ་ཅན་གྱི་ཕོ་བྲང་ནས། །རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་མ། །མ་བརྒྱུད་མཁའ་འགྲོ་འབུམ་དང་བཅས། །མ་ལུས་འཁོར་དང་བཅས་པ་རྣམས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་སྣོད་འཇིག་རྟེན་སྲིད་གསུམ་གྱི། །རིན་ཆེན་རིགས་གྱུར་ཇི་སྙེད་དང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །དབང་ལྔ་དོན་སྙིང་ནང་རོལ་ཁྲག །དགའ་བཞིའི་ཡིད་འཛིན་ལྷ་མོ་འབུམ། །གཅེར་བུ་གར་སྟབས་ལང་ཚོ་འབར། །དངོས་འབྱོར་ཡིད་སྤྲུལ་སྨན་གཏོར་རག །བསྐང་བརྟེན་སྒྲུབ་རྫས་སྣ་ཚོགས་ཀྱིས། །རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་མ། །ཌཱ་ཀི་འབུམ་གྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །ཧཱུྃ། དབང་གི་ཕོ་བྲང་ཆེན་པོ་ནས། །ལས་བཞི་་བསྒྲུབ་པའི་མཁའ་འགྲོ་བཞི། །ལྷ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ། །སྤྲུལ་པའི་ཌཱ་ཀི་རྒྱ་མཚོར་བཅས། །མ་ལུས་འཁོར་དང་བཅས་པ་རྣམས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་སྣོད་འཇིག་རྟེན་སྲིད་གསུམ་གྱི། །རིན་ཆེན་རིགས་གྱུར་ཇི་སྙེད་དང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །དབང་ལྔ་དོན་སྙིང་ནང་རོལ་ཁྲག །དགའ་བཞིའི་ཡིད་འཛིན་ལྷ་མོ་འབུམ། །གཅེར་བུ་གར་སྟབས་ལང་ཚོ་འབར། །དངོས་འབྱོར་ཡིད་སྤྲུལ་སྨན་གཏོར་རག །བསྐང་བརྟེན་སྒྲུབ་རྫས་སྣ་ཚོགས་ཀྱིས། །ལས་བཞི་བསྒྲུབ་པའི་མཁའ་འགྲོ་བཞི། །སྤྲུལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །ཧཱུྃ། གཙང་རིས་དཔལ་མགོན་ལྷ་ཡི་རྒྱལ། །རྒྱལ་ཆེན་སྡེ་བཞི་ཕྱོགས་སྐྱོང་བཅུ། །དཔལ་མགོན་ཡུལ་ལྷ་ཟོ་དོར་དང་། །གཞོན་ནུ་ཡབ་ཡུམ་བཀའ་འཁོར་སྐྱོང་། །མ་ལུས་འཁོར་དང་བཅས་པ་རྣམས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་སྣོད་འཇིག་རྟེན་སྲིད་གསུམ་གྱི། །རིན་ཆེན་རིགས་གྱུར་ཇི་སྙེད་དང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །དབང་ལྔ་དོན་སྙིང་ནང་རོལ་ཁྲག །དགའ་བཞིའི་ཡིད་འཛིན་ལྷ་མོ་འབུམ། །གཅེར་བུ་གར་སྟབས་ལང་ཚོ་འབར། །དངོས་འབྱོར་ཡིད་སྤྲུལ་སྨན་གཏོར་རག །བསྐང་བརྟེན་སྒྲུབ་རྫས་སྣ་ཚོགས་ཀྱིས། །བཀའ་ཡི་བསྟན་སྐྱོང་རྒྱལ་པོ་བཞི། །ལྷ་འཁོར་བྱེ་བའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། ཧཱུྃ། དེ་ལྟར་ཐུགས་དམ་བསྐང་བའི་མཐུས། །བདག་ཅག་འཁོར་དང་བཅས་པ་ལ། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །མི་མཐུན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་དང་གྲགས་པ་སྤེལ། །མི་དང་མི་མིན་དབང་དུ་བསྡུས། །བསྡུ་བ་རྣམ་བཞིའི་དངོས་གྲུབ་སྩོལ། །བདག་ནི་གཏི་མུག་རྨོངས་པས་བསྒྲིབས། །རྩ་བ་ཡན་ལག་དམ་དང་འགལ། །ནོངས་པར་གྱུར་པ་ཅི་མཆིས་པ། །དབང་མཛད་དཀྱིལ་འཁོར་ལྷ་ལ་བཤགས། །གཡར་དམ་སྐོངས་ལ་དངོས་གྲུབ་སྩོལ། །ཅེས་བཤགས་ཡིག་བརྒྱ་སྣ་ཚོགས་བརྗོད། ཅེས་པ་འདི་ཡང་རིག་འཛིན་པས་རྫ་རྒྱལ་འཕེན་པོའི་ཞོལ་དུ་འཁྱེར་བདེ་བར་བཀོད་པ་ལས་ལྡན་རྣམས་ལ་ཕན་པར་ཤོག །མ་ངྒཱ་ལཾ།། །།

བསྙེན་སྒྲུབ་ཀྱི་འཛབ་བཟླས་དམིགས་པའི་འཁྲུལ་འཁོར་ཤིན་ཏུ་གསང་བའི་ངག་འདོན།

བསྙེན་སྒྲུབ་ཀྱི་འཛབ་བཟླས་དམིགས་པའི་འཁྲུལ་འཁོར་ཤིན་ཏུ་གསང་བའི་ངག་འདོན་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ལྗགས་བསྒྲིགས་ནི། །སྣང་བའི་ངོ་བོ་ལས་ཀྱི་ཧེ་རུ་ཀ༔ སྟོང་པའི་རང་རྩལ་ཨུ་མ་དྷེ་ཝ་ཡུམ། །ཐུགས་ཀར་དབང་ཆེན་ཡབ་ཡུམ་གསལ་བ་ཡི། །ཡབ་གྱི་ཐུགས་ཀར་ཉི་དཀྱིལ་ལྟེ་བ་རུ། །ཡེ་ཤེས་རང་བྱུང་རྡོ་རྗེ་རྩེ་ལྔ་པ། །ནས་འབྲུ་ཙམ་གྱི་ལྟེ་བའི་ནང་ཁོངས་སུ། །དབང་ཕྱུག་ཆེན་པོའི་ཐུགས་སྲོག་ཧྲཱིཿདམར་པོ། །རིང་ཆ་ཚེག་དྲག་ལྡན་མཐར་སྔགས་འཁོར་ལས། །འོད་དམར་སྤྱི་གཙུག་རིགས་བདག་ཐུགས་ཀར་འཕྲོས། །རྒྱུད་བསྐུལ་དེ་ཡི་ཧྲཱིཿལས་འོད་ཀྱི་ཟེར། །དམར་པོ་ལྕགས་ཀྱུའི་དབྱིབས་ཅན་སྲིད་པའི་རྩེར། །ལྷ་ཆེན་ཡབ་ཡུམ་གནས་གསུམ་ཕོག་པ་ལས། །འོད་ཀྱིས་རྒྱུད་བསྐུལ་སྐད་ཅིག་ལ་བྱོན་ནས། །རྟེན་དང་བརྟེན་པར་བཅས་པ་རྣམས་ལ་ཐིམ། །སླར་ཡང་རྒྱལ་ཀུན་འདུས་པ་ཐོད་ཕྲེང་རྩལ། །དབང་མཛད་དབང་གི་རྒྱལ་པོ་ཡབ་ཡུམ་གྱི། །གནས་གསུམ་ལས་ནི་འོད་ཟེར་དཔག་མེད་འཕྲོས། །རྟ་སྐད་ཕག་ཞལ་ངུར་བའི་སྒྲས་བསྐུལ་ནས། །ཕྱོགས་བཅུའི་ཞིང་གི་སྐུ་གསུམ་སྟོན་པ་དང་། །རྒྱལ་བ་སྲས་བཅས་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་རྩ་བ་གསུམ་གྱི་ཚོགས། །ཐུགས་རྗེ་བྱིན་རླབས་ནུས་པའི་སྟོབས་རྩལ་རྣམས། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །བདག་དང་མདུན་གྱི་བསྐྱེད་པ་རྣམས་ལ་བསྟིམ། །མཆོག་ཐུན་དངོས་གྲུབ་གཟི་བྱིན་དཔལ་དུ་འབར། །དབང་ཕྱུག་ཡབ་ཡུམ་རང་སྲོག་སྔགས་འཕྲེང་དང་། །འཁོར་བཅས་ཀུན་གྱི་གནས་གསུམ་ལས་འཕྲོས་པའི། །འོད་དམར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུའི་དབྱིབས་ཅན་གྲངས་མེད་ཕྱོགས་བཅུར་འཕྲོས། །གཟུགས་ཅན་གཟུགས་མེད་ཆེ་བཙན་དྲེགས་པ་ཅན། །ཕོ་རྒྱུད་མོ་རྒྱུད་གང་དམིགས་རྣམས་ལ་ཕོག །རང་དབང་མེད་པར་སྐད་ཅིག་ཉིད་ལ་བཀུག །ཡིད་དབང་བསྒྱུར་ནས་རང་ཞབས་མགོ་བཏུད་དེ། །ཅི་བགྱིའི་བཀའ་ཉན་ལས་སྒྲུབ་བྲན་དུ་གྱུར། །ལྷ་མིའི་དཔལ་འབྱོར་མཁོ་དགུའི་ཡོ་བྱད་རྣམས། །སྦུར་མ་རླུང་གིས་བདས་པ་ཇི་བཞིན་དུ། །འུབ་འུབ་ཡོམ་ཡོམ་ཁྲོལ་ཁྲོལ་དབང་དུ་བསྡུས། །ཡེ་ཤེས་འཇིག་རྟེན་སྡེ་དང་བཅས་རྣམས་ཀྱང་། །སྣང་གྲགས་དག་པ་ལྷ་སྔགས་འདུ་འཕྲོ་སྒྱུར། །རྩེ་གཅིག་ཏིང་འཛིན་དམིགས་པའི་འཁྲུལ་འཁོར་ངང་། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ བསྙེན་དང་བསྒྲུབ་པའི་རྩ་བསྙེན་འདི་ཁོ་ན། བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་ནྲི་སརྦ་ཛཿ ཁམས་གསུམ་ཀུན་གྱི་སྙིང་བསྒུལ༔ འགྲམ་ཆོག༔ སེམས་དཀྲུགས༔ ན་ན་ཁ་དྷེ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ འདི་ནི་ལས་ཀྱི་སྦྱོར་སྔགས་སྤྱི་ཙམ་སྟེ༔ བསྒྲུབ་པའི་སྔགས་དམིགས་རྟགས་མཚན་མ་བྱུང་བར། །བརྩོན་ནས་ལས་སྦྱོར་སྤྱི་དང་བྱེ་བྲག་གི༔ ། རང་གཞུང་ཡིག་ཆའི་དགོངས་པ་གཙོ་བོར་འདོན། །ཞེས་བཟླས་པའི་མཇུག་ཏུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་དང་མཆོད་བསྟོད་དབང་བཞི་བླངས་བཅས་བྱའོ།། །།

སྦྱིན་སྲེག་གི་ཆོ་ག་འདོད་པའི་རེ་སྐོང་།

ལྷ་ཆེན་དབང་ཕྱུག་ཆེན་པོའི་ཁ་སྐོང་སྦྱིན་སྲེག་གི་ཆོ་ག་འདོད་པའི་རེ་སྐོང་བཞུགས། བླ་མ་དབང་ཆེན་ཁྲོ་བོའི་རྒྱལ་པོ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། འདིར་ལྷ་ཆེན་དབང་གི་སྦྱིན་སྲེག་གི་ཆོ་ག་བྱ་བར་འདོད་པས། དེ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་འབྲིང་པོ་བཞིའི་ཉི་ཤུ་ལ་སོགས་པ་དབང་གི་དུས་ཁྱད་པར་ཅན་ལ། གནས་དབེན་ཞིང་ཡིད་དུ་འོང་བའམ། དབང་གི་ལས་དང་རྗེས་སུ་མཐུན་པའི་གནས་ཉིད་དུ། བདེ་མཆོག་གི་སྒྲུབ་པའི་ཁོག་འབུབ་ནས་འབྱུང་བ་ལྟར་ས་ཆོག་ལེགས་པར་བྱས་པའི་ས་ལ་སྟེགས་བུ་རྒྱར་མདའ་གང་བ། དཔངས་སུ་ཁྲུ་གང་པར་བྱས་པའི་དབུས་སུ་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་ཁྲུ་གང་དང་། དཔངས་སུ་མཐོ་གང་པ་རྐན་གཉེར་རིམ་པ་གསུམ་དང་ལྡན་པའི་ཁ་ཁྱེར་ལ་པདྨ་འམ་ལྕགས་ཀྱུའི་ཕྲེང་བས་བསྐོར་བ་བརྩེག །དེའི་དབུས་སུ་ལྟེ་བ་ཟླུམ་པོའི་ནང་དུ་ཟླ་གམ་སྒོ་ཅན་གྱི་ཕྱི་རིམ་པདྨ་འདབ་བཞི་མུ་ཁྱུད་ཅན་ལ་ལྷ་རྣམས་ཀྱི་ས་བོན་ནམ་ཕྱག་མཚན་ལྷ་གནས་སུ་ཚོམ་བུ་ལྷ་མདོག་ཅན་བཀོད་པ་གང་བདེར་བྱས་ལ། ཐབ་ཁུང་གི་ནང་དུ་ཙན་དན་ནམ་མཛོ་མོ་ཤིང་ངམ། ཨ་ཀ་རུ་སོགས་དབང་ལ་ཤིས་པའི་བུད་ཤིང་རྒྱ་ཚོས་ལ་དྲི་བཟང་བཏབ་པས་མདོག་བསྒྱུར་བ་ཟླ་གམ་དུ་བརྩེག །གཡས་ལོགས་སུ་གོང་དུ་བཤད་པའི་ཤིང་ཟླ་གམ་གྱི་དབྱིབས་སུ་གཞོགས་ལ་རིང་ཐུང་སོར་བཅུ་གཉིས། སྦོམ་ཕྲ་སྲིན་ལག་གམ་གུང་མོ་ཙམ་བྱས་པ་ལ་བསྒྲུབ་བྱ་དམིགས་བསལ་ཡོད་ན་མིང་རུས་དང་། མེད་ན་སྣང་སྲིད་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་པ་གྲངས་ལྡན་ལ་བུ་རམ་དང་ཏིལ་མར་གྱིས་བྱུགས་པ། མར་ཁུ། ཏིལ། ཡུངས་ཀར། ཟས་སྣ། དཱུརྦ། འབྲས། ནས། སྲན་མ། སོ་བ། གྲོ། ཀུ་ཤ །ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག །ཟངས། བྱི་རུ། བུར་སྦྲང་། ཧ་ལོ། ཨུག་ཆོས། གླང་སྣ་དམར་པོ། བཙོད། རྒྱ་སྐྱེགས། དར་ཟབ་དམར་པོའི་རིགས་སོགས་དབང་ལ་འོས་པའི་རྫས་གང་ཚོགས། མར་ལ་གོ་ཡུ་བཏབ་པའི་སོ་རྩི། གོས་ཟུང་རྣམས་དང་། གཡོན་དུ་ཉེར་སྤྱོད་སྨན་རག་གཏོར་མ་རྣམས་ཀྱང་དམར་པོའི་ཚོན་གྱིས་བསྒྱུར་བར་འོས་པ་རྣམས་བསྒྱུར་བ་དང་། མདུན་དུ་རྡོར་དྲིལ་དགང་གཟར་བླུགས་ཀུ་ཤ་ལས་བུམ་སོགས་ཉེ་བར་མཁོ་བ་ཐམས་ཅད་དང་། གཞན་ཡང་ལྷ་ཆེན་གྱི་མཆོད་གཏོར་ཚོགས་འཁོར་སོགས་ཀྱང་བཟང་ཞིང་གྱ་ནོམ་པ། སྣང་བ་གཡོ་བར་ནུས་པའི་རྔམ་བརྗིད་དང་ལྡན་པའི་ས་རྒྱན་གནམ་རྒྱན་སོགས་བཀོད་པའི་རྟེན་འབྲེལ་རབ་ཏུ་ཕུན་སུམ་ཚོགས་པར་བཤམས་ལ། ལས་གཞུང་བསྲང་ཞིང་བསྙེན་པའི་སྐབས་སུ་རྩ་བསྙེན་དང་ལས་སྔགས་དབང་སྡུད་ཀྱི་དམིགས་པ་དང་ལྡན་པའི་སྒོ་ནས་སྐབས་དང་བསྟུན་ཏེ་བཟླ། ཚོགས་ལྷག་ཡན་སོང་ནས་ལས་བུམ་བསང་། སྟོང་པའི་ངང་ལས་བུམ་པ་ནི། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །མཚན་ཉིད་རྫོགས་པའི་ནང་ཉིད་དུ། དབང་གི་ཁྲོ་བོ་རྟ་མཆོག་དཔལ། །དམར་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །རྟ་མགོས་མཚན་ཞིང་ཁྲོ་ཆས་རྫོགས། །སྐུ་ལས་སྤྲུལ་པའི་ཁྲོ་ཆུང་གིས། །གདོན་བགེགས་བཅོམ་ནས་བུམ་པའི་ཆུར། །ཐིམ་པས་བུམ་ཆུ་ནུས་ལྡན་གྱུར། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ཧཱུྃ་ཕཊཿ གང་མང་བཟླས་རྗེས། །ཁྲོ་བོ་ཞུ་ནས་བུམ་ཆུར་འདྲེས། །ལས་ཀུན་བསྒྲུབ་པའི་བདུད་རྩིར་གྱུར། དེ་ནས་སྒྲུབ་པ་པོ་དམར་པོའི་ཆས་གོས་དང་རྒྱན་གྱིས་བརྒྱན་ཏེ་བརྗིད་ཅིང་སྒེག་པའི་ཆ་ལུགས་དང་ལྡན་པས་མེ་ཐབ་བསྐོར་ཏེ་རོལ་མོ་རྣམས་སྦིར་ཞིང་། རང་ཉིད་ལས་ཀྱི་ཧེ་རུ་ཀར་གསལ་བའི་སྐུ་ལས་སྤྲོས་པའི་མེ་དཔུང་དང་མཚོན་ཆའི་ཚོགས་ཀྱིས་གདོན་བགེགས་འབྱུང་པོ་ཐམས་ཅད་ཐལ་བར་བརླགས་ཤིང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་ཆུང་མཚོན་ཆ་ཐོགས་པ་དང་དམར་ནག་མེ་དཔུང་འཁྱིལ་བའི་བསྲུང་བའི་འཁོར་ལོར་གྱུར་པར་བསམས་ལ། ཧཱུྃ། རིགས་འདུས་དབང་གི་ཕོ་བྲང་འདིར། །འབྱུང་བ་མེ་ཡི་མཆོད་སྤྲིན་གྱིས། །གསང་བ་མཆོག་ཏུ་བསྒྲུབ་པ་ལ། །ཉན་དང་ལྟ་བར་མི་དབང་པའི། །གདོན་བགེགས་འབྱུང་པོ་གཞན་དུ་སོང་། །བཀའ་དང་དམ་ལ་འདའ་བྱེད་ན། །དབང་གི་ལྷ་ཚོགས་ཐུགས་ཁྲོས་ནས། །གཏུམ་པའི་ཁྲོ་བོས་བགེགས་དཔུང་འཇོམས། །འབར་བའི་མེ་ཡིས་གཟུགས་ཕུང་བསྲེག །རྣོ་དབལ་མཚོན་ཆས་དུམ་བུར་གཏོང་། །ཡེ་ཤེས་རྡོ་རྗེས་མགོ་བོ་འགེམས། །དེ་བས་མ་འདུག་གཞན་དུ་སོང་། །ཨཱོཾ་སུམ་བྷཱ་ནི་སོགས་བརྗོད། ཧཱུྃ། སྟེང་ནི་མེ་ཡི་བླ་རེ་ལ། །འོག་ཀྱང་འབར་བའི་ཕྲེང་བས་དཀྲིགས། །ཕྱོགས་མཚམས་ཀུན་ཀྱང་མེ་རིའི་གུར། །བར་སྣང་མེ་ཡི་སྤྲིན་ཕུང་གཏིབས། །གཞན་དུ་མེ་ཡི་ཚ་ཚ་འཕྲོ། །མེ་སྒྲ་འུར་འུར་ཆེམ་ཆེམ་ལྡིར། །འབར་བ་མེ་ཡི་གུར་ཁང་ལ། །སྲིད་ཞི་སུས་ཀྱང་མི་ཚུགས་པའི། །མཚམས་ཀྱི་དཀྱིལ་འཁོར་གཞོམ་དུ་མེད། ཨཱོཾ་བཛྲ་རཀྵ་ཛྭ་ལ་རཾ་རཾ། ཞེས་བསྒོ་ཞིང་གྲལ་དུ་འཁོད་ལ། ལས་བུམ་གྱི་ཆུས་རྫས་རྣམས་ལ་འཐོར་ཞིང་། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ཧཱུྃ་ཕཊཿཀྱིས་བསང་། ཨཱོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། །མཆོད་རྫས་དང་སྲེག་རྫས་ཀྱི་དངོས་པོ་རྣམས་ཟག་མེད་ཀྱི་བདུད་རྩ་ིལ་རྣམ་པ་སོ་སོའི་མཚན་ཉིད་མ་འདྲེས་པར་གསལ་བར་རྫོགས་པ། ཆགས་ལྡན་སྙིང་རྩ་འདར་ཞིང་རྒྱལ་བའི་བསམ་གཏན་གཡོ་བར་ནུས་པའི་རྒྱལ་སྲིད་རིན་ཆེན་བཀྲ་ཤིས་རྫས་རྟགས་འདོད་ཡོན་ཉེར་སྤྱོད་སོགས་མཆོད་པའི་སྤྲིན་གྱི་ཕུང་པོ་མ་ཚང་པའི་དངོས་པོ་མེད་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁེངས་པར་གྱུར་པར་བསམས་ལ། ཨཱོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཧྲཱིཿཐཱ༔ གསུམ་མམ་བདུན་གྱི་བྱིན་གྱིས་བརླབས། དེ་ནས་རྗེའུ་རིགས་སམ་སྨད་འཚོང་མ་ལས་བླངས་པའི་མེ་སྤར་ལ་རླུང་གཡབ་ཀྱིས་གཡབ་ཅིང་། རཾ་སྤྱི་མཐུན་ལས་ཀྱི་བསོད་ནམས་དང་། །རྒྱལ་བའི་ཐུགས་བསྐྱེད་ལས་གྲུབ་པའི། །ལྗོན་ཤིང་ནགས་ཚལ་བསྲུང་བ་ཡི། །ཤིང་གི་ལྷ་མོས་ཤིང་ཐུས་ལ། །སྐྱེ་དགུ་ཀུན་གྱི་སྲོག་འཛིན་ཅིང་། །སྣང་བ་རབ་ཏུ་གསལ་བའི་སྒྲོན། །མེ་ཡི་ལྷ་མོ་སྲེག་བྱེད་མས། །མེ་ལྷའི་ཡུལ་ནས་མེ་སྤོར་ཅིག །འོག་གཞི་རྡོ་རྗེ་རྒྱ་གྲམ་གྱི། །ཡང་ཞིང་གཡོ་བའི་བ་དན་འཛིན། །འབྱུང་བ་རླུང་ལ་མངའ་མཛད་མས། །རླུང་ལྷའི་ཡུལ་ནས་རླུང་གཡོབས་ཤིག །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་པའི་སྔགས་བདུན་དང་མར་ཁུ་དགང་བླུགས་བདུན་གྱིས་གསོ། དེ་ནས་ཐབ་ཀྱི་ཁ་ཁྱེར་ལ་ཀུ་ཤ་དགྲམ་ཞིང་། ཧཱུྃ། གཙང་ཞིང་དགེ་བ་ཀུ་ཤའི་རྩྭ། །རྒྱལ་བས་བྱང་ཆུབ་བརྙེས་པའི་གདན། །དག་ཅིང་ཚངས་པའི་རྫས་མཆོག་འདིས། །བགེགས་རྣམས་གཞིལ་ཞིང་ཤིས་པར་མཛོད། ཨཱོཾ་བཛྲ་ས་ཏྭ་ཨཱཿ ཞེས་བཀྲམ་མོ། །དེ་ནས་དངོས་གཞི་ལ་གཉིས་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ལས་བུམ་གྱི་ཆུས་མེ་ཐབ་ལ་འཐོར་ཞིང་བསང་སྦྱངས། མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབར་བའི་ཐབ་ཁུང་ཟླ་གམ་དམར་པོ་ཡངས་ཤིང་རྒྱ་ཆེ་བ་རྐན་གཉེར་རིམ་པ་གསུམ་དང་ལྡན་ཞིང་ཁ་ཁྱེར་ལ་ལྕགས་ཀྱུ་དམར་པོའི་ཕྲེང་བས་བསྐོར་བ་ཟླ་གམ་དབང་གི་གཞལ་ཡས་ཁང་གི་བཀོད་པ་ཐམས་ཅད་རྫོགས་པ། དེ་དག་གི་དབུས་སུ་པད་ཉིའི་གདན་ལ་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་མེ་ལྷ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་མེ་ཡི་འཁོར་ལོ་དང་གཡོན་པས་རླུང་གི་འཁོར་ལོ་བསྣམས་པ་ར་སྐྱེས་ཁམ་པ་འཇའ་འོད་དང་གློག་གི་ཕྲེང་བའི་གོང་རྨེད་དང་སྲབ་མཐུར་ཅན་ལ་བཅིབས་པ། རིན་པོ་ཆེ་སྣ་ཚོགས་པ་དང་པདྨའི་ཕྲེང་བས་བརྒྱན་ཞིང་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། དེའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གི་ཁོང་གསེང་དུ་ཐུགས་སྲོག་རཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། སྤྱན་འདྲེན་ནི། ཧཱུྃ། དད་པས་སྤྱན་འདྲེན་དྲང་སྲོང་ཆེ། །དམ་ཚིག་དབང་གིས་ད་ཚུར་སྤྱོན། །ཁམས་གསུམ་སྲིད་གསུམ་དབང་བསྡུད་ཕྱིར། །དྲང་སྲོང་ཆེན་པོ་གཤེགས་སུ་གསོལ། །ཨཱོཾ་ཨགྣཱེ་ཡེ་ཛཿཧཱུྃ་བཾ་ཧོཿ བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི། ཧཱུྃ། དྲང་སྲོང་ཆེན་པོ་འཕྲིན་ལས་བདག །འདོད་པའི་དངོས་གྲུབ་སྤེལ་བའི་ལྷ། །དེང་གི་གནས་མཆོག་དམ་པ་འདིར། །འབར་བའི་གདན་ལ་བཞུགས་སུ་གསོལ། ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། མེ་ཡི་ལྷ་སྟེ་དྲང་སྲོང་ཆེ། །ལས་བཞིའི་འཕྲིན་ལས་སྩོལ་བའི་ལྷ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །འབར་བ་ཁྱོད་ལ་ཕྱག་འཚལ་ལོ། །ཨཱོཾ་ཨགྣཱེ་ཡེ་ས་མ་ཡ་ཨ་ཏི་པུ་ཧོཿ མཆོད་པ་ནི། ཧཱུྃ། སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ། །སྲེག་བྱེད་མེ་ཡི་ལྷ་ལ་འབུལ། །ཨཱོཾ་ཨགྣཱེ་ཡེ་སརྦ་པཱུ་ཙ་ཧོཿ ཧཱུྃ། དྲང་སྲོང་ཆེན་པོ་འཁོར་བཅས་ལ། །དངོས་གྲུབ་མྱུར་དུ་སྩོལ་བའི་ཕྱིར། །སྨན་གཏོར་རཀྟའི་མཆོད་པ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། ཨཱོཾ་ཨགྣཱེ་ཡེ་མ་ཧཱ་པཉྩ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །ཚངས་པ་འཇིག་རྟེན་དབང་པོའི་སྲས། །འཕྲིན་ལས་མ་ལུས་ཀུན་གྱི་བདག །འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད། །བྱོན་སྐྱེམས་ནི། མེ་ལྷའི་ལྗགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རཾ་དང་དགང་བླུགས་ཀྱི་རྩེར་ཧྲིཿ ཡིག་གིས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་བསྲེག་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པ་བླ་མེད་འདི། །དྲང་སྲོང་ཆེན་པོ་མེ་ཡི་ལྷ་ལ་འབུལ། །བདག་གི་འདོད་དོན་འཕྲིན་ལས་འགྲུབ་པར་མཛོད། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བདུན་འབུལ། ཡམ་ཤིང་ལ། ཨཱོཾ་བྷོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཨཱོཾ་སརྦ་ཨཪྠ་ས་དྷཱ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཨཱོཾ་བཛྲ་བྀ་ཛཱ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ། འབར་བ་མེ་ཡི་ལྷ་ཚོགས་ལ། །ཕྱི་ནང་གསང་བ་སྨན་རག་དང་། །དམ་རྫས་གཏོར་མའི་མཆོད་པ་སོགས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཆོད། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་སརྦ་པཱུ་ཙ་ཧོཿས་མཆོད། ཧཱུྃ། འབར་བ་མེ་ཡི་ཀློང་དཀྱིལ་ན། །གཟི་བརྗིད་འབར་ཞིང་འཕྲིན་ལས་མཛད། །རྩལ་ལྡན་ར་སྐྱེས་སྟེང་ནས་བརྗིད། །འབར་བའི་དཔའ་བོ་ཁྱོད་ལ་བསྟོད། །ཅེས་བསྟོད། ཧཱུྃ། ཨགྣཱི་རཱ་ཛ་མེ་ཡི་ལྷས། །རྫས་རྣམས་ལྷག་པའི་ལྷར་འབུལ་ཞིང་། །མེ་ཡང་ཡེ་ཤེས་མེར་མཛད་ནས། །སྣང་བ་དབང་དུ་བསྡུ་བར་མཛོད། ཅེས་འཕྲིན་ལས་བཅོལ། བཛྲ་མུཿས་མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་མཆོད་བསྟོད་འཕྲིན་ལས་ཀྱི་དཔང་པོ་མཛད་པར་གྱུར། །གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། དམ་ཚིག་མེ་ལྷའི་ལྟོ་བ་ཟབ་ཅིང་ཡངས། །རབ་འབྱམས་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་། དབང་ཆེན་ཕོ་བྲང་མུ་ཁྱུད་རྩིབས༔ སྒོ་གྲུ་རྟ་བབས་གདུགས་ཏོགམཛེསཿ ཞེས་པ་ནས། གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་ལྟར་བྱས་པ་ཚར་རྗེས། དེ་ལྟར་མཆོད་ཅིང་བསྟོད་པས་ལྷ་ཚོགས་རྣམས་ཀྱང་བརྩེ་བའི་ཐུགས་རྗེ་ཆེན་པོས་འགྲོ་བ་ཡོངས་ལ་རྗེས་སུ་ཆགས་པའི་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འཚེར་བའི་སྐུའི་གཟི་བརྗིད་ཀྱིས་བརྟན་གཡོ་ཐམས་ཅད་དབང་མེད་དུ་འགུག་པར་ནུས་པའི་མཐུ་དང་ལྡན་པར་གྱུར། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་ནམ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་དང་དགང་བླུགས་ཀྱི་ཁར་ཧྲཱིཿཡིག་དམར་པོ་འོད་དང་བཅས་པས་མཚན་པར་གྱུར་པར་བསམས་ལ། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་བསྲེག་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པ་དམ་པ་འདི། །མེ་ལྷ་རྩ་གསུམ་དབང་གི་ལྷ་ལ་འབུལ། བདག་གི་འདོད་དོན་འཕྲིན་ལས་བསྒྲུབ་པར་མཛོད། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱཿ ཞེས་སམ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཞེས་གཉིས་ཀའམ་གང་རུང་རྩ་སྔགས་དང་སྦྲེལ་བ་བདུན་གྱིས་འབུལ། དེ་ནས་ཡམ་ཤིང་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨགྣཱ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ ཡུངས་ཀར་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་སརྦ་ཨཪྠ་ས་དྷཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ ཟས་སྣ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ དཱུརྦ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ འབྲས་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ སོ་བ་ལ། ཧྲཱིཿཧྲཱི༔ མཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་བཛྲ་བི་ཛཱ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་མ་ཧཱ་བེ་གྷཱ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་བཛྲ་གྷསྨ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨ་པྲ་ཏྀ་ཧ་ཏ་བཛྲཱ་ཡ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ ཕྲུམ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨཱཿསྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཛྲིཾ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཏོག་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་བཛྲ་ཤྲི་བཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། ཧྲཱིཿཧྲཱི༔ མཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སླར་ཡང་། ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱས་བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ཀྱང་ཕུལ་ལ། ཧྲཱིཿ དབང་མཛད་དབང་གི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་དང་། །སྨན་རག་གཏོར་སོགས་འཇིག་རྟེན་གྱི། །མཆོད་པའི་རྫས་ཀུན་ཡོངས་སུ་འབུལ། །ཧྲཱིཿམ་ཧཱ་དྷེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧིས་མཆོད། ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་འབུལ་ཞིང་། ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་འཕྲུལ༔ ཅེས་པ་ནས། གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་བཞིན་བྱ། དེ་ནས་འཕྲིན་ལས་བཅོལ་བ་ནི། ཧོཿ ཁམས་གསུམ་སྲིད་གསུམ་ཀུན་གྱི་ཆེ་བཙན། ཡེ་ཤེས་འཇིག་རྟེན་ཡོངས་ཀྱི་མངའ་བདག །ཐབས་ཀྱི་དབང་ཕྱུག་རྩེ་གསུམ་འཆང་བ། ཤེས་རབ་རང་བཞིན་མཁའ་འགྲོའི་གཙོ་མོ། རིགས་ཀྱི་བདག་པོ་རྡོ་རྗེ་ཐོད་ཕྲེང་། དབང་གི་རྒྱལ་པོ་རྟ་ཕག་ཡབ་ཡུམ། འགག་མེད་རང་མདངས་མཁའ་འགྲོ་རྣམ་བཞི། འཕྲིན་ལས་སྣང་ཚུལ་རྒྱ་ཆེན་སྡེ་བཞི། བཀའ་གཏེར་སྲུང་མ་རྒྱལ་མཚོ་དང་བཅས་པ་ཁྱེད་རྣམས་ལ་སྲེག་བྱེད་མེ་ཡི་མཆོད་པས་མཉེས་པར་བྱས་ཏེ། །འདོད་དོན་གྱི་འཕྲིན་ལས་གསོལ་བ་ནི། ཟག་མེད་མྱ་ངན་ལས་འདས་པའི་ཐུགས་རྗེ་དང་འཕྲིན་ལས་ཐམས་ཅད་བླ་ན་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་བསྡུས་ནས་བདག་ལ་སྩལ་ཏེ་ཚེ་འདི་ཉིད་དུ་མངོན་པར་བྱང་ཆུབ་པར་མཛད་དུ་གསོལ། ཚངས་དབང་བརྒྱ་བྱིན་རྒྱལ་ཆེན་བཞི་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་ཟག་བཅས་འཁོར་བའི་དཔལ་ཐམས་ཅད་དབང་དུ་བསྡུས་ནས་སྲིད་པའི་ཁམས་འདིར་མངོན་པར་མཐོ་བར་མཛད་དུ་གསོལ། འཇིག་རྟེན་ཁམས་ཀྱི་རྒྱལ་བློན་ཆེ་བཙུན་ཁ་དྲག་བཙུན་མོ་འབངས་དང་བཅས་པ་རྗེས་ཆགས་སྙིང་རྗེའི་སྟོབས་ཀྱིས་དབང་དུ་བསྡུས་ལ་བྱང་ཆུབ་ཆེན་པོར་འགོད་པར་མཛད་དུ་གསོལ། སྲིད་པ་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་རིན་ཆེན་དར་ཟབ་འབྲུ་སྨན་རྐང་འགྲོ་སོགས་འབྱོར་བའི་དཔལ་ཐམས་ཅད་དབང་དུ་སྡུས་ལ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། འཁོར་འདས་ཀུན་གྱི་ཚེ་དཔལ་དང་འབྱོར་བ་ཐམས་ཅད་དབང་དུ་བསྡུས་ལ་སྲིད་ཞིའི་ཕུན་ཚོགས་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་ཞིང་དངོས་གྲུབ་བླང་བ་ལ་རྟེན་ཅིང་འབྲེལ་འབྱུང་བཟང་བའི་ཟས་ཀྱི་དངོས་པོ་སྣ་ཚོགས་པ་བཏེགས་ལ། ཧཱུྃ༔ དབང་ཆེན་དབང་གི་ལྷ་ཚོགས་རྣམས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྱག་རྒྱ་དགའ་བཞིའི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ འཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས༔ སྲིད་གསུམ་ཟིལ་གནོན་དངོས་གྲུབ་སྩོལ༔ ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་རྫས་རྣམས་དངོས་གྲུབ་ཏུ་རོལ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་། མ་འབྱོར་པ་དང་ཉམས་པ་དང་། སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཧཱུྃ༔ ལྷ་ཚོགས་སྣང་སྟོང་ཆོས་ཀྱི་སྐུ༔ མ་འགགས་རོལ་པ་རང་སར་གྲོལ༔ གཟུང་འཛིན་ཡོངས་གྲོལ་ཨ་ལ་ལ༔ གཤེགས་གཞུད་མེད་པར་དབྱིངས་སུ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་། འཇིག་རྟེན་པའི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། ཧཱུྃ། བསྲེག་པའི་རེག་བྱ་ཚ་བའི་ཀློང་། །འབར་བའི་ནུས་པས་སྲིད་གསུམ་གྱི། །ལོག་པར་འདྲེན་པ་ཀུན་སྲེག་པའི། །ལྷ་ཡི་ལྷ་མཆོག་ཁྱོད་ལ་བསྟོད། །དེ་ནས་ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ནེ་ཡེ་སྭཱ་ཧཱ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་འབུལ། ཨཱོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཡམ་ཤིང་གིའོ། །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ མར་ཁུའོ། །ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ ཏིལ་གྱིའོ། །ཨཱོཾ་སརྦ་ཨཪྠ་ས་དྷཱ་ཡ་སྭཱ་ཧཱཿ ཡངས་ཀར་གྱིའོ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཟས་སྣའོ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དཱུརྦའོ། །ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱཿ འབྲས་ཀྱིའོ། །ཨཱོཾ་བཛྲ་བི་ཛཱ་ཡེ་སྭཱ་ཧཱཿ སོ་བ་ལའོ། །ཨཱོཾ་མ་ཧཱ་བེགྷཱ་ཡ་སྭཱ་ཧཱཿ ནས་ཀྱིའོ། །ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ སྲན་མའོ། །ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ གྲོའོ། །ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱཿ ཀུ་ཤའོ། ཨཱོཾ་ཨཱཿསྭཱ་ཧཱ༔ ཕྲུམ་གྱིའོ། །ཨཱོཾ་ཛྲིཾ་སྭཱ་ཧཱ༔ འབྲུ་སྣའོ། །ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱ༔ ཤིང་ཏོག་གོ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ དར་སྣའོ། །ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ཀྱིའོ། །ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ༔ སོརྩིའོ། །ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ གོས་ཟུང་ངོ་། ཞེས་པ་རྣམས་ལ་གསུམ་མམ་བདུན་སོགས་འབུལ། རྒྱས་པར་རེ་རེ་ལའམ། བསྡུ་ན་ཀུན་གྱི་མཐར། འདོད་གསོལ་གཅིག་བྱས་ཀྱང་རུང་། དེ་ནས་གཏོར་མ་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་འབུལ། སླར་ཡང་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང་། ཧཱུྃ། གཟི་བརྗིད་ཕུང་པོ་ལྟ་ན་སྡུག །འོད་བཟང་ཉི་མའི་དཔལ་དུ་འབར། །རབ་འབྱམས་འཕྲིན་ལས་རྒྱ་མཚོའི་དཔལ། །ཨགྣཱི་རཱ་ཛ་ཁྱོད་ལ་བསྟོད། །ཅེས་བསྟོད། ཡི་གེ་བརྒྱ་པ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །མེ་ལྷའི་རྒྱལ་པོ་གང་ཁྱོད་ཀྱིས། །བདག་གཞན་དོན་གཉིས་ཀུན་མཛོད་ཅིག །ཆོས་ཉིད་ཀློང་དུ་གཤེགས་ནས་ཀྱང་། །གསོལ་བ་བཏབ་ན་སླར་ཡང་བྱོན། ཨགྣཱེ་ཡེ་མུ༔ ཅེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེའི་ཕུང་པོར་གྱུར་པར་བསམ་མོ། །དེ་ནས་ཤིས་བརྗོད་ནི། ཧཱུྃ། ཟླ་གམ་འབར་བའི་ཕོ་བྲང་ནས༔ ལྷ་ཆེན་ཡབ་ཡུམ་བཀྲ་ཤིས་ཤོག༔ ནས། མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཤོག༔ ཅེས་སོ། བསྔོ་སྨོན་ནི། ཟག་བཅས་ཟག་མེད་དགེ་བ་ཡིས། །བདག་སོགས་མཁའ་མཉམ་ལུས་ཅན་ཀུན། །ཚོགས་གཉིས་རབ་རྫོགས་བྱང་ཆུབ་ཀྱི། །འབྲས་བུ་མངོན་དུ་འགྱུར་བར་ཤོག །དེ་ནས་ཐལ་བ་ཆུ་བོ་རྒྱུན་བཟང་ལ་ཕབ་བོ། །ཅེས་ལྷ་ཆེན་དབང་གི་སྦྱིན་སྲེག་འདི་ནི་གཏེར་གཞུང་ནས་ཚིག་གསལ་མེད་ཀྱང་གདམས་པ་འདི་ཉིད་ཀྱི་ལས་མཐར་མེད་དུ་མི་རུང་བའི་གལ་པོ་ཆེར་མཐོང་ནས་བླ་མ་བདེ་མཆོག་གི་དབང་གི་སྦྱིན་སྲེག་འཇམ་དབྱངས་བློ་ལྡན་གྱིས་མཛད་པ་ལྟར་ཁ་བསྒྱུར་ཏེ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྒྲིགས་པས་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པའི་རྒྱུར་ཅིག །མངྒ་ལཾ།། །།

ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་ལ་མཁོ་བའི་ཡིག་ཆུང་རང་འདོད་དུ་བྲིས་པ།

ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་ལ་མཁོ་བའི་ཡིག་ཆུང་རང་འདོད་དུ་བྲིས་པ་ཡོད། འཕགས་མཆོག་རྒྱལ་བ་གང་འདུལ་སྐུར་སྣང་བ། །རྩ་གསུམ་དབང་མཛད་དབང་གི་ལྷ་ཚོགས་དང་། །དབྱེར་མེད་བླ་མ་དཔག་བསམ་ནོར་བུ་ལྟར། །ཡིད་བཞིན་རེ་སྐོང་མཛད་དེར་གུས་པས་འདུད། །འདིར་བླ་མ་བདེ་མཆོག་འཁོར་ལོའི་ཆོས་སྡེ་ལས་བྱུང་བ་ལྷ་ཆེན་དང་རྩ་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པ་ལ། དཀྱིལ་འཁོར་སྒོ་རྫོགས་སྤྱི་འགྲོའི་དབུས་སུ་སྔོན་གྱི་དཔེ་རིས་དང་བཀའ་བརྒྱད་སོགས་ལ་ཟླ་གམ་སྒོ་གཅིག་ཤར་བསྟན་ཅན་སྣང་བ་ལྟར་བྱ་བ་ལས་འོས་པ་མེད་པ་འདྲ་ཡང་གཞན་དུ་ནུབ་བསྟན་སོགས་འདུག་པ་དཔྱོད་འཚལ་ཞིང་བཤམས་བསྐོར་ལ་བ་དན་ཟེར་བ་སྐབས་འདིར་འཕན་དམར་གསུམ་སྒྲིགས་ཕྱར་སྟབས་ཅན་དེ་དགོས་པ་འདྲའོ། །མཆོད་རྫས་རྣམས་མཐོང་བརྒྱུད་ལྟར་འབྲི་མོག་སོགས་མདོག་བསྒྱུར་ནས་དམར་ཞིང་མཛེས་པར་བྱ་ཞིང་རྡོར་དྲིལ་སོགས་མཁོ་བའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱས་ཏེ། ཆོ་ག་ལས་བྱང་སྤྱི་དང་མཚུངས་པར་གཞུང་བསྲང་ཞིང་ལྷ་བསྐྱེད་སྐབས་བདག་ལུས་ཀྱི་སྣང་ཆ་བདག་བསྐྱེད་སྒྲུབ་རྫས་དང་ཕྱི་སྣོད་ཀྱི་ཆ་ལྟ་བུ་མདུན་བསྐྱེད་གཉིས་འདྲ་བར་མངོན་རྟོགས་ཅི་ལྟ་བ་བཞིན་བསྐྱེད་པ་ལས་ལོགས་སུ་མེད་ཀྱང་ཆོག་པས། མངོན་རྟོགས་གཅིག་གི་དུས་གཅིག་སྒོམ་པ་རྙིང་ལུགས་སྤྱི་དང་འདྲ་ཞིང་སྒྲུབ་ཐབས་ཚིག་ལྷུག་དེ་སྒོམ་དོན་རྣམས་བློ་ལ་ངེས་པ་ལས་ངག་འདོན་བྱེད་སྲོལ་མེད་པས་ལས་བྱང་རང་གིས་ཆོག་ཤེས་པར་བྱའོ། །དེ་ཡང་ཟླ་གམ་དབུས་རྩིབས་བཞིའི་ལྟེ་བར་རླུང་དཀྱིལ་ཉི་ཟླའི་སྟེང་དུ་ལྷ་ཆེན་ཁྲོ་འཛུམ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་དོར་སྟབས་སུ་བཞུགས་པ་དབུ་སྐྲ་སྨུག་ནག་གྱེན་དུ་བརྫེས་པ་ལ་རིན་ཆེན་དབང་རྒྱལ་སོགས་ནོར་བུའི་རྩེ་ཕྲན་གྱིས་བརྒྱན་པ། ཡུམ་ཞབས་གཡོན་བསྐུམ་གཡས་རྐྱང་གིས་ཡབ་ལ་འཁྲིལ་བ་ཡབ་ཡུམ་གཉིས་རིན་པོ་ཆེ་དང་དར་དམར་གྱིས་བརྒྱན་པ། རྩིབས་བཞིར་རླུང་གི་འཁོར་ལོའི་སྟེང་དུ་ཕྲ་མེན་ཕྱེད་གཟུགས་ལྟ་བུ་མ་ཡིན་པའི་མཁའ་འགྲོ་དཀར་ནག་སེར་ནག་དམར་ནག་ལྗང་ནག་བཞི་ཞབས་གར་སྟབས་སུ་འཁྲབས་པ་ཕྱག་གཡས་ཁ་ཊྭྂ་ལ་རླུང་གི་བ་དན་བཏགས་པ་གཡབ་ཅིང་གཡོན་མྱུར་མགྱོགས་རླུང་གི་ཞགས་པ་དམར་པོ་སྤྱི་འགྲོས་ཞགས་པ་ལྷུ་རེ་འཛིན་པ། སྐྲ་ཕྱེད་ཐོར་ཅོག་ཕྱེད་སྐུ་རྒྱབ་ཏུ་སིལ་བུར་འཕྱང་པ་རུས་རྒྱན་དང་དར་དཔྱངས་དམར་པོ་གསོལ་བ། རྒྱལ་ཆེན་བཞི་སྤྱི་འགྲོས་བཞེངས་སྟབས་ཅན། དེ་ཐམས་ཅད་སྤྱན་གཉིས་པ་ལུགས་འདིར་འཐད་པ་འདྲའོ། །ལྷ་ཆེན་ཡབ་ཡུམ་གྱི་ཐུགས་ཀའི་རྟ་ཕག་ཡབ་ཡུམ་གཅེར་བུ་རྒྱན་མེད་ཁྲོས་པ་སྤྱན་གསུམ་རེ་བསྒྲད་པ་ཡབ་ཞབས་གཡས་བསྐུམ་གཡོན་དོར་སྟབས་རལ་པ་གྱེན་བརྫེེས་གསེབ་ནས་རྟ་དབུ་ལྗང་ཁུ་འཚེར་བ། ཡུམ་ཞབས་གཡོན་བསྐུམ་གྱི་གར་སྟབས་ཅན་དབུ་སྐྲ་སིལ་བུ་སྤྱི་བོར་ཕག་ཞལ་ནག་མོ་ངུར་བ། རིགས་བདག་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ་དབུ་སྐྲ་ཐོར་ཅོག་ཐོད་སྐམ་དབུ་རྒྱན་དང་སྟག་ཤམ་རུས་རྒྱན་དར་དཔྱངས་དམར་པོ་ཅན་ཞབས་གར་སྟབས་ལྷ་ཆེན་གྱི་སྤྱི་གཙུག་སྐྲ་གསེབ་དུ་འཁྲབ་ཅིང་བཞུགས་སོ། །ཡང་ན་འདི་དང་ཆོས་སྡེ་གཅིག་པ་བདུད་འདུལ་མའི་ཟིན་བྲིས་གཏེར་སྟོན་གྱིས་མཛད་པ་ལྟར་བདག་བསྐྱེད་ལུས་དཀྱིལ་བསྒོམ་ནའང་དམ་ལ་མི་འགལ་ཞིང་གནད་གཅིག་གོ། གཙོ་བོའི་ཕྱག་མཚན་ཁ་ཊྭྂ་དང་ལྕགས་ཀྱུ་གཉིས་ལ་དར་དཔྱངས་དམར་པོས་མཛེས་པར་བརྒྱན་པའང་རིགས་མཐུན་ནས་སོ། །སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་རྣམས་འདོན་བསྒོམ་བྱས་རྗེས། འཛབ་བཟླས་པར་བློས་བཀོད་པ་ཅན་ནི་བདག་བསྐྱེད་སྒྲུབ་པའི་བླ་རྡོ་དང་བཅས་པ་ཐམས་ཅད་སྣང་སྟོང་འགགས་མེད་ཀྱི་རོལ་པ་ལས། བསྐྱེད་རིམ་ལྷའི་ཏིང་ངེ་འཛིན་དེ་ལྟར་དུ་གསལ་བའི། པདྨ་དབང་ཆེན་པོའི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་ཡེ་ཤེས་རང་བྱུང་གི་ངོ་བོ་རྡོ་རྗེ་རྩེ་ལྔ་དམར་པོ་ལི་ཁྲིའི་མདོག་ཅན་འབྲས་ཙམ་གྱེན་དུ་ལངས་པའི་ཁོང་གསེང་དུ་ལྷ་ཆེན་པོའི་ཐུགས་སྲོག་ཧྲཱིཿཡིག་དམར་པོ་ཚེག་དྲག་དང་ལྡན་པ་གཅིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བར་གསལ༔ ཡེ་ཤེས་ཀྱི་རྡོ་རྗེ་ལས་འོད་དམར་པོ་སྟེང་གི་ཕྱོགས་སུ་འཕྲོས་པས༔ རིགས་བདག་གི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་བརྒྱུད་བསྐུལ༔ དེ་ཡི་ཐུགས་ཀའི་ས་བོན་ཧྲཱིཿཡིག་ལས་འོད་ཟེར་སྐར་མདའ་ཆད་པ་ལྟར་སྲིད་པའི་རྩེ་མོར་འཕྲོས་པས༔ ལྷ་ཆེན་ཡབ་ཡུམ་གྱི་གནས་ལ་ཕོག༔ འོད་ཟེར་གྱི་གཟི་བརྗིད་མ་བཟོད་ནས་ལྷུང་ཐབས་ཀྱི་ངང་ནས་ལམ་གྱིས་བྱོན་བདག་མདུན་དུ་བསྐྱེད་པ་རྣམས་ལ་ཐིམ༔ སླར་ཡང་རིགས་བདག་གི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས༔ སྐུ་གསུམ་གྱི་སངས་རྒྱས༔ དུས་གསུམ་བླ་མ་ཡེ་ཤེས་ལྔའི་ནུས་སྟོབས་ཐམས་ཅད་བསྡུས་ནས༔ བདག་བསྐྱེད་དང་བསྒྲུབ་རྫས་རྣམས་ལྷར་གསལ་བ་ལ་ཐིམ༔ ཐུགས་རྗེ་དང་ཡེ་ཤེས་ཀྱི་གཟི་འོད་འབར༔ བླ་མ་སློབ་དཔོན་ཐམས་ཅད་རང་གི་དབང་དུ་གྱུར༔ ཡི་དམ་དབང་ཆེན་ཡབ་ཡུམ་གྱི་གནས་གསུམ་ལས་འོད་ཟེརའཕྲོས་ཤིང་རྟ་སྐད་ཕག་སྐད་ལྡིར་བས༔ ཡེ་ཤེས་ཀྱི་ལྷ་ཚོགས་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས༔ གཉིས་སུ་མེད་པར་ཐིམ་པས་མཆོག་གི་དངོས་གྲུབ་མངོན་དུ་གྱུར༔ བདག་མདུན་གྱི་ཐུགས་ཀའི་ཧྲཱིཿམཐར་སྔགས་ཕྲེང་གཡས་དང་འོད་ཀྱི་ཕྲེང་ཐག་གཡོན་དུ་འགལ་མེ་ལྟར་འཁོར་བ་ལས་སྔགས་འཕྲེང་འོད་དམར་ཁ་དོག་ལྔའི་ཟེར་མདངས་ཅན་བདག་བསྐྱེད་ཀྱི་ཐུགས་ཀ་ནས་ཞལ་དུ་ཐོན་པ་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་ཐིམ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་དམར་མདོག་ལྔའི་ཟེར་མདངས་ཅན་ཕྱོགས་བཅུའི་ཞིང་རབ་འབྱམས་གཞལ་དུ་མེད་པར་འཕྲོས་ཤིང་ཁྱབ་པས༔ འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་འཁོར་འདས་ལམ་གསུམ་གྱི་བྱིན་རླབས་དངོས་གྲུབ༔ འབྱུང་བའི་དྭངས་བཅུད་འགྲོ་བའི་ཚེ་བསོད་ཐམས་ཅད་སྐུ་ཡིག་ཕྱག་མཚན་བཀྲ་ཤིིས་རྫས་རྟགས་སོགས་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ཏ་ེབདག་མདུན་ལ་ཐིམ་པས༔ གཟི་འོད་ནུས་སྟོབས་མཆོག་ཏུ་འབར་ཞིང་རྒྱས་ནས་ཕྱི་སྣོད་ནང་བཅུད་འཁོར་འདས་ཐམས་ཅད་དག་པ་རབ་འབྱམས་རྩ་གསུམ་དབང་གི་ཞིང་ཁམས་དང་ལྷ་ཚོགས་ཀྱི་རང་བཞིན་དུ་གྱུར་ཏེ༔ ཡེ་ཤེས་ཀྱི་ལྷ་དབང་ཆེན་ཡབ་ཡུམ༔ འཇིག་རྟེན་གྱི་ལྷ་ལས་ཀྱི་ཧེ་རུ་ཀཿཡབ་ཡུམ༔ སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བདག་ཉིད་ཐོད་པ་རྩལ༔ ཡོན་ཏན་འགགས་མེད་ཀྱི་རང་མདངས་མཁའ་འགྲོ་སྡེ་བཞི༔ ཕྲིན་ལས་རབ་འབྱམས་ཀྱི་སྣང་ཚུལ་རྒྱལ་པོ་བཞི་བཀའ་ཉན་དང་བཅས་པ་ཐམས་ཅད་ཀྱི་ཞལ་དང་ཕོ་བྲང་ཞིང་ཁམས་ནམ་མཁའི་མཐའ་ཀླས་ཐམས་ཅད་ནས༔ གསང་བའི་ཡང་སྙིང་བསྙེན་སྒྲུབ་གཅིག་དྲིལ་དུ་བསྟན་པའི་སྔགས་སྒྲ་བུང་བ་ཚང་ཞིག་པའི་སྒྲ་ལྟར༔ ཟི་ལྷོང་ལྷོང་དུ་ཡོད་པར་བསམ་ཞིང་༔ ཡང་སྙིང་འདི་མི་ཚིག་གིས་བར་མ་ཆོད་པར་ཞག་བདུན་བཟླས་པར་བྱའོ༔ ཧྲཱིཿཧྲཱིཿམན་ཛུ་ཀུག་ཏ་མ་ཧ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨཱ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ དེ་ལྟར་བསྙེན་བསྒྲུབ་སོང་ནས༔ ལས་སྦྱོར་གྱི་རིམ་པ་ནི༔ སླར་བདག་མདུན་གྱི་ལྷ་ཆེན་པོ་ཡབ་ཡུམ་གཉིས་ཀྱི་ཐུགས་ཀའི་ས་བོན་སྔགས་འབྲུ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པ་ཅན་དཔག་ཏུ་མེད་པ་སྟོང་གསུམ་གྱི་སྟོང་ཆེན་པོར་ཡོངས་སུ་ཁྱབ་པར་འཕྲོས་ཞིང་ཕོག༔ ཌཱཀྐི་བཞིའི་ཕྱག་གི་ཁ་ཊྲྂ་བ་དན་གཡབ་པས་བསྐལ་པའི་རླུང་གི་དཀྱིལ་འཁོར་གཡོས་ནས་འཛམ་གླིང་སྟོང་ཁམས་ཐམས་ཅད་མེར་ཞིང་འཁྱམས༔ དམིགས་བྱ་རྣམས་གཅེར་བུར་སྐྲ་འབལ་རླུང་གི་དཀྱིལ་འཁོར་ཀྱི་སྟེང་དུ་བཞག་སྟེ་གཟིང་ཞིང་འཕར་ནས་གཡེང་བར་བྱས༔ ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་ལྷ་འདྲེ་མི་གསུམ་གསེར་དངུལ་ཟངས་ལྕགས་མུ་ཏིག་བྱེ་རུ་སྤོས་ཤེལ་ཆུ་ཤེལ་སོགས་ནོར་གྱི་དངོས་པོ་འབྲུ་སྣ་ཚོགས༔ དར་ཟབ་མཁོ་དགུའི་ཡོ་བྱད་རྣམས་བསྡུས༔ ཞགས་པའི་རྣམ་པ་དཔག་ཏུ་མེད་པས་འགྲོ་བ་ལྷ་མི་གཟུགས་ཅན་གཟུགས་མེད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་ཤིང་ལོ་སྐམ་པོ་རླུང་གིས་དེད་པ་ལྟར་རང་དབང་མེད་པར་སྐད་ཅིག་ལ་རང་མདུན་དུ་བཀུག༔ ལྕགས་སྒྲོག་གི་རྣམ་པའི་འོད་ཟེར་དཔག་ཏུ་མེད་པས༔ ལྷ་འདྲེ་མི་གསུམ་གྱི་ཆེ་བཙན་གྲགས་པ་ཅན་དེ་ཐམས་ཅད་བཀའ་ཉན་ཟས་ནོར་ལོངས་སྤྱོད་ཆར་ལྟར་བབ་པས་རང་གི་སྤྱོད་ཡུལ་རྣམས་གང་ཞིང་རྒྱས་པར་བསམ༔ གསུང་སྡོད་བྲན་དང་ཕོ་ཉར་བཀོལ་ཕྱིར་རང་དབང་དུ་དམ་དུ་འདུས་པར་བཅིངས༔ དྲིལ་བུའི་རྣམ་པའི་འོད་ཟེར་དཔག་ཏུ་མེད་པས་དེ་རྣམས་ཀྱི་ཚོར་བ་དང་༔ ང་རྒྱལ་གྱི་ཕུང་པོ་རབ་ཏུ་མྱོས་སུ་བཅུག་ནས༔ སླར་ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས་པས་བསྒྲུབ་བྱའི་སྙིང་གི་པདྨོའི་མདངས་རོ་བཅུད་ཟོ་བཀྲག་གཟི་མདངས་སྔོན་བསགས་བསོད་ནམས་སྟོབས་འབྱོར༔ སྲོག་ཡིག་ཨ་ཏྲི་ནྲི་རྣམས་འཕྲོག་སྟེ་ཚུར་འདུས་འོད་དུ་འཁྱིལ་ནས་རང་གི་སྙིང་ཁའི་ས་བོན་ཨ་ལ་ཐིམ་པས་རང་ཉིད་གཟི་བཀྲག་ཚེ་བསོད་ནུས་སྟོབས་མཆོག་ཏུ་འབར༔ བསྒྲུབ་བྱ་རྣམས་བཀྲག་མདངས་དང་བྲལ་ནས་རིད་པའི་ཚུལ་གྱིས་དད་མོས་གུས་པ་ཚད་མེད་པས་ཐལ་མོ་སྦྱར་ཞིང་ཡིད་ཆགས་མྱོས་ཤིང་བརྒྱལ་ནས༔ རང་གི་ཅི་བཅོལ་བའི་བྲན་དང་ཡང་བྲན་དུ་བསྒོམ་ཞིང་༔ སྣང་སྲིད་ཐམས་ཅད་ཀྱང་སྔགས་སྒྲ་འུ་རུ་རུ་རོལ་པ་ཆེན་པོའི་དམར་འོད་ལྡེམ་ལྡེམ་འཇའ་འོད་དམར་ལམ་ལམ་དུ་གྱུར་ནས་དབང་དུ་འདུས་པར་བསམ་ཞིང་བསྐྱེད་རྫོགས་ཀྱི་ངང་ནས་སྔགས་བཟླའོ། །དེ་ཡང་ཧྲཱིཿཧྲཱིཿམནྫུ་ཀུག་ཏ་མ་ཧཱ་དྷཱེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་ནྲི་སརྦ་ཛ༔ ཁམས་གསུམ་ཀུན་གྱི་སྙིང་བསྒུལ༔ འགྲམ་ཆོག༔ སེམས་དཀྲུག༔ ན་ན་ཁ་དྷེ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ཞག་བདུན་བཟླ་ཞིང་། དེ་ནས་ཕོ་མོ་དབང་སྡུད་ནོར་བསྒྲུབ་གསུམ་རྐྱང་དེད་དུ་བསྒྲུབ་པའོ། །ཡང་ན་ཡོངས་རྫོགས་ལྟར་ཅི་འདོད་དུ་བསྒྲུབ། དེ་དག་གི་ཐུན་མཐར་སྣང་སྲིད་ཐམས་ཅད་དང་ཁོ་ཡི་ལུས་ངག་ཡིད་གསུམ་ནོར་རྫས་སོགས་དམིགས་ཡུལ་ཐམས་ཅད་འོད་དམར་པོར་ཞུ་ནས་བདག་གི་ཐུགས་ཀར་ཐིམ་པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ། དེ་ཡི་ངང་བློ་བྲལ་དུ་མཉམ་པར་བཞག་ཅིང་སྔགས་བཟླ། ཐུན་མཚམས་སུ་མཆོད་བསྟོོད་དབང་ཡིད་ལེན་སོགས་ལས་བྱང་སྒྲིགས་མ་ལྟར་བྱ། དེ་ནས་བཀའ་གཏེར་སྲུང་མ་དང་ཚོགས་བསྐང་སོགས་སྤྱི་ལྟར་བཏང་ལུགས་འདྲའོ། །གཞུང་གི་ལས་སྦྱོར་ནི། ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ ཁམས་གསུམ་ཀུན་གྱི་སྙིང་བསྒུལ༔ འགྲམ་ཆོག༔ སེམས་དཀྲུགས༔ ན་ན་ཁ་དྷེ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིན་ཏུ་ཟབ་པའི་ལས་སྦྱོར་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷ་ིཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛ༔ ན་ན་ཁ་དྷེ་ཧཱུྃ༔ ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་དཔལ་འབྱོར་དང་བཅས་པ་ཐམས་ཅད༔ བདག་གི་དབང་དུ་དུང་དུང་འདུས་འདུས་བསྡུས་བསྡུས་འུབ་འུབ་འདུ་འདུ༔ སྐྱེ་འགྲོ་ཐམས་ཅད་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ མི་འགྲམ་ཆོག༔ མི་སེམས་ཅན་དཀྲུགས༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ལས་སྦྱོར་ཡོངས་རྫོགས་སྙིང་བྱང་ཟབ་མཁོ། ཕོ་རྒྱུད་དབང་བྱེད་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ དུང་དུང་འདུས་འདུས་བསྡུས་བསྡུས་འབུ་འབུ་འདུ་འདུ༔ ཆེ་གེའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ མོ་རྒྱུད་དབང་བྱེད་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ ཨ་ཀ་ཤ་ཡ་དུང་དུང་འདུས་འདུས་བསྡུས་བསྡུས་འབུ་འབུ་འདུ་འདུ༔ ཆེ་གེ་མོའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ནོར་སྒྲུབ་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རརྞ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ ན་ན་ཁ་དྷེ་ཧཱུྃ༔ རིན་ཆེན་འབྲུ་ནོར་ལོངས་སྤྱོད་ལྷབ་ལྷུབ་གོས༔ རྐང་བཞི་དུད་འགྲོ༔ ཚེ་དཔལ་བསོད་ནམས༔ རྨ་གཡང་ཟས་སོགས་ནོར་དང་བཅུད་ཐམས་ཅད་བདག་གི་དབང་དུ་བསྡུས་ཤིག༔ རྗེ་བླ་མ་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་བྱུང་བའི་བསྙན་རྒྱུད་ཟབ་མོ་ལས་རང་བཟོ་བབ་འཆོལ་ཁོ་ན་མིན་པས་ཡིད་ཆེས་ཀྱི་གནས་སོ། །མངྒ་ལམ། །ནོར་སྒྲུབ་གྱི་ནང་ནན་ཁ་དྷེ་ཧཱུྃ་སོགས་རང་བློས་བྱས་ཤིང་དེ་མིན་སརྦ་ཛ༔ ཡན་ཀུན་ལ་དགོས་བླ་མའི་གསུང་དངོས་སོ། །རྟགས་འཚུབས་ཤིང་མི་ནོན་པ་སོགས་ལ་རྩ་གསུམ་སྔགས་ཤམ་དུ་བཏགས་ནས་བཟླས་ན་དངོས་གྲུབ་མྱུར་རོ༔ སྒྲུབ་པ་ཐེམས་ཀྱང་རྟགས་མ་བྱུང་ན་སྔར་གྱི་སྒྲུབ་པ་རྣམས་ལྷན་དུ་བསྐྱར་ཞིང་ཉིན་རེ་བཞིན་མེ་མཆོད་ཀྱི་ལས་དང་སྦྱར་ནས་བསྒྲུབ་ན་འགྲུབ་པར་འགྱུར་རོ། །དེས་ཀྱང་རྟགས་འགྱངས་ནས་མ་བྱང་ན་སྒྲུབ་རྫས་རྣམས་ཀླད་ལ་བསྐོར༔ ཞབས་འོག་ཏུ་དྲིལ་བཀུག་གཞུག་དྲག་ཏུ་བྱས་རང་ཉིད་རྟ་མགྲིན་རྩ་གསུམ་ཀུན་འདུས་སུ་བསྒོམ་པའི་ཞབས་འོག་ཏུ་ལྷ་ཆེན་མནན་པར་བསམ་ལ་གུ་གུལ་དང་མུ་ཟི་ཤ་ཆེན་བཙན་དུག་རྣམས་བསྲེས་པའི་དུད་པས་རྟེན་ལ་བདུག་ཅིང་ཡུངས་དཀར་གྱིས་བྲབ་གིང་གནོན་གྱི་སྔགས་ཀྱི་མཐར་ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ ཏྲིག་ནན་ཨེ་ཧུར་ཐུམ་ཛ༔ ཞེས་གཟིར་ཞིང་བཅུན་པས་མ་བཟོད་པར་འཇིག་རྟེན་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་ནས་རང་ལ་ཕུལ་ནས་བདག་གི་དབང་དུ་གྱུར་པར་བསམ་ཞིང་སྔགས་བཟླའོ། །རྨི་ལམ་དུ་སྐྱེས་བུ་རིད་ཅིང་ཉམས་ངན་པ་དང་བཙོན་བཅུག་པ་དང་མི་མང་པོས་ཕྱག་དང་ཞུ་གསོལ་བྱེད་པ་བྱུང་ན་ལས་བཤོལ། རྟེན་ལ་སྤོས་ཀྱིས་བདུག་ཅིང་དྲི་བཟང་གིས་བཀྲུ་གཤེགས་གསོལ་བཟོད་གསོལ་བྱས་ལ་བསྒྲུབས་པས་སྔར་གྱི་རྟགས་ཚོ་འབྱུང་། དེ་ནས་དངོས་གྲུབ་བླང་བར་བྱའོ། །དེས་ནི་ལས་འབྲས་མྱུར་དུ་འབྱིན་པར་ཐེ་ཚོམ་མེད་དོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ན་སྔགས་སྡེབ་སྙིང་གཟེར་བསྒྲུབས་ཀྱང་རྟགས་མེད་ན། ཧྲཱིཿཧྲཱིཿ མན་ཛུ་དྷེ་ཀུག་ཝ་ཏ་ཀ་མ་བྷི་ཧཱ་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ ཞེས་བཟླ་བསྐུལ་ཡང་ལས་མི་བྱེད་ན༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ཡ་ར་ཧྲིང་ཨ་ཧྲིང་ཀར་ཛཿ ཤ་ཛཿ ཞེས་བཟླས༔ གྲངས་བརྒྱ་རྩ་སོགས་ཚོད་ལ་བལྟ་ཞིང་བཟླ་བར་བྱའོ། །ཡང་ཟས་ནོར་དང་སྐམ་ནོར་ཕྱིར་ཟ་འདྲེ་འབྲང་ན་རང་གི་ཡི་དམ་གང་བྱེད་ཀྱི་སྔགས་ཤམ་ལ་དྲང་ལ་བཟླའོ༔ ཟས་ནོར་དབང་བསྡུད་གང་བསྒྲུབས་ཀྱང་ཡི་དྭགས་སྒབ་འདྲེ་ཁ་བཅིང་བ་ནི༔ ཟས་ནོར་བསྒྲུབ་པ་དེའི་སྔགས་ཤམ་ལ་བཏགས་ལ་བཟླའོ༔ ཏྲི་མཱ་ར་ཡ༔ ཐུམ་རིལ་རྦད་ཡ༔ རུ་ལུ་རུ་ལུ་མ་མ་ནི་ཐུམ་རྦད༔ བཛྲ་ཡཀྴ་ཏྲི་ཐུམ་རིལ་རྦད༔ གུ་ལིང་བཛྲ་ནཱ་ག་རཱ་ཙ་ནཱ་ག་ཕུ་ཏྲི་ཐུམ་རིལ་གནོད་བྱེད་ཁ་ཐམ་ཁ་ཐམ་མཆུ་ཆིངས་མཆུ་ཆིངས་རྦད་སོད༔ ཅེས་བཟླས་པས་ཟ་འདྲེ་རྣམས་གནོད་མི་ནུས་སོ། །མི་འགྱུར་ཡང་གསང་གནད་ཀྱི་རྟགས་བསྟན་པ༔ ནང་ནས་ཞེན་པ་གཏིང་ནས་ལོག་པ་དང་༔ སྒྱུ་མའི་ནོར་ལ་ཞེན་ཆགས་མེད་པ་འབྱུང་༔ རིག་པ་གཏད་མེད་ཁྱབ་བརྡལ་ངང་དུ་གནས༔ གང་ལ་ཆགས་སེམས་ཐོགས་རྡུག་མེད་པ་འབྱུང་༔ བློ་གྲོས་ཤེས་རབ་མཁའ་ཀློང་ཡངས་པ་ལྟར༔ གང་ལ་འབད་རྩོལ་མེད་པར་ཀློང་རྡོལ་འབྱུང་༔ འགྲོ་བ་ལྷ་མི་ཀུན་གྱི་ཡིད་དུ་འོང་༔ འདི་དུས་བསྒྲུབ་པ་རྩོལ་བྲལ་བཞག་པས་ཆོག༔ རྟེན་རྣམས་ལུས་དང་མི་འབྲལ་བཅངས་པ་གནད༔ ངག་ཏུ་མན་ཛུ་ཀུག་ཏ་ཅི་འགྲུབ་བཟླ༔ མདོར་ན་དགོས་འབྱུང་ནོར་བུ་བསམ་འཕེལ་བཞིན༔ ཇི་འདོད་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད༔ འདྲེ་བདུད་མ་ལུས་འདུལ་བར་ཐོགས་པ་མེད༔ བླ་མ་མཆོད་ཅིང་དབང་ཕྱུག་ཡབ་ཡུམ་ལ༔ ཚོགས་མཆོད་གསོལ་ཀ་སྦྱིན་སྲེག་རྒྱུན་མི་བཅད༔ དཀར་གསུམ་མངར་གསུམ་ཤ་མར་ཤིང་ཏོག་སོགས༔ དར་ཟབ་རཏྣ་སྟག་རས་གཟིག་རས་དང་༔ འབྲུ་སྣ་སྨན་སྣ་ལོངས་སྤྱོད་སྣ་ཚོགས་སྤུངས༔ རྟག་ཏུ་མཆོད་གཏོར་བསྟོད་བསྐུལ་འདོད་གསོལ་བརྩོན༔ ཕྱྭ་གཡང་རིགས་རྒྱུད་ཆོས་རྒྱུད་འཕེལ་ལ་སོགས༔ མདོར་ན་བསམ་དགུ་མ་ལུས་ལེགས་བདེར་འགྲུབ༔ འདི་ཉིད་སྙིང་བྱང་གནད་ཀྱི་དྲོ་ཚད་དེ༔ དབང་པོའི་དོན་སྙིང་ལྔ་དང་དངོས་སུ་མཚུངས༔ འདི་མེད་མན་ངག་རྣམ་པ་གྲངས་མང་ཡང་༔ མི་མེད་རྐུན་བུའི་ཁང་སྟོང་འགྲིམ་དང་མཚུངས༔ དེ་ཕྱིར་སྙིང་བྱང་འདི་ཉིད་དམ་དུ་ཆོངས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག་ཡོད༔ ཡང་གསང་གནད་ཀྱི་སྒྲུབ་ལ་འཇུག་པའི་ཚེ༔ བར་དུ་གཅོད་པའི་བགེགས་ཀྱིས་མི་ཚུགས་པའི༔ སྙིང་དུམ་དམ་པ་གནད་ཀྱི་མན་ངག་བསྟན༔ བསྒྲུབ་པར་འཇུག་དུས་སྙིང་མི་དགའ་བ་ན༔ དམ་སྲི་པེ་དཀར་རྒྱལ་པོའི་གེགས་ཡིན་པས༔ དེ་ཉིད་མནན་པའི་ཐབས་ཟབ་འདི་ལྟར་བསྟན༔ འདྲེ་ཤོ་ཕ་ཝང་ལོང་བུའི་ངོས་བཞི་ལ༔ ཛཿ ཏྲི་ཛཿཏྲི་ཏྲི༔ བཞི་བྲིས་བྱས་ལ༔ དེ་ལ་འགུགས་བསྟིམ་བྱ་ཞིང་སྔགས་བཟླས་ནི༔ ཨེ་མན་ཛུ་ཀུག་ཏ་རྒྱལ་འགོང་འབྱུང་པོ་མཱ་ར་ཡ་ཛ་རྦད་ཏྲི་ནན༔ རང་ཉིད་རྟ་མགྲིན་ང་རྒྱལ་བརྟེན་བྱས་བཟླས༔ བྱི་ལའི་ཐོད་བཅུག་རང་གི་མལ་འོག་མནན༔ དེ་ཡི་རང་ལ་གནོད་མི་འགྱུར༔ བཛྲ་ས་མ་ཡཱ་རྒྱ་རྒྱ་རྒྱ༔ དེ་ཚེ་བགེགས་ཀྱི་ཐིག་ལེ་འཛག་གྱུར་ན༔ བལ་ཚོན་སྣ་ལྔའི་སྐུད་པར་མདུད་དགུ་བོར༔ སྒྲོ་ཁུག་མེ་མདའི་སྒྲོམས་སུ་ཡོད་པར་བྱས༔ སྔགས་རྒོད་ཐོག་མདའ་ལྟ་བུ་བརྒྱ་རྩ་བཟླས༔ རྡོ་རྗེ་མགར་གྱི་སོལ་མེ་ནས་དབྱུང་ལྟར༔ དམར་ཕྱུར་འབར་བས་གདོན་ཚོགས་གཞོབ་བསྲེག་བསམ༔ ཨེ་མན་ཛུ་ཀུག་ཏ་ཧཱུྃ༔ རག་མོ་ནག་མོ༔ ནག་མོ་ཧུག་ཧུག་སོད༔ ཞོ་འཐུང་སོད་སོད༔ དེ་ཡིས་རང་ལ་གནོད་མི་འགྱུར༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྨི་ལམ་དག་ཏུ་འོག་གདོན་ཆོ་འཕྲུལ་བྱུང་ན་ནི༔ དེ་ཉིད་བསྲུང་བའི་ཟབ་གནད་ཐབས་བསྟན་པ༔ དྲེད་ཀྱི་མགོ་ལྤགས་མགོ་ཞབས་མ་ལོག་པའི༔ གསེར་གྱིས༔ ཁྲོཾ་ཀྵེ་ཧཱུྃ་ཧྲི་ཨ་དག་བྲི༔ དེ་ཡང་དབུས་ཁྲོཾ་སྟེང་ཧྲཱིཿ གཡས་ཧཱུྃ་དང་༔ གཡོན་དུ་ཨ་དག་འོག་ཏུ་ཀྵེ་དང་བྲི༔ དེ་འོག་གནོད་བྱེད་ཀླུ་གཉན་ས་བདག་ཕོ་མོ་ནན་ནན༔ ཅེས་བྲི༔ དེ་ཉིད་རབ་གནས་ནས་ལ་སྔགས་བཏབ་ཅིང་༔ སྔགས་ནི་བརྒྱ་རྩ་བཟླས་ཤིང་འོག་ཏུ་མནན༔ ཨེ་མན་ཛུ་ཀུག་ཏ་ཧྲཱིཿ ཧྲཱིཿཧཱུྃ་ཧཱུྃ་འཆང་བ་པོ་ལ་སྲུངས་ཤིག༔ དེ་ཡང་རང་ལུས་རྡོ་རྗེའི་རྫོང་དང་མཚུངས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཟའ་རིགས་དབང་དུ་མ་འདུས་ན༔ དེ་ལ་བསྲུང་བའི་ཟབ་གནད་ཐབས་བསྟན་པ༔ མཐིང་ཤོག་དག་ལ་གསེར་གྱི་སྔགས་དགོད་པ༔ ཨེ་མན་ཛུ་ཀུག་ཏ་ཏྲེ་ཀྵེ་ཏ་བམ་ཧཱུྃ༔ དུར་རྡོ་ལ་ཡུག་སའི་ཁྲག་གིས་ཁྲམ་བྲིས་པ་དང་༔ སྦྲུལ་མགོ་ལ་རྒྱ་ཡིག་ཧཱུྃ་བྲིས་པ་དང་༔ བྱི་དུར་གྱི་སྒྲོ་དང་༔ ནོར་ཏུ་སྐྱ་ག་མིག་དང་སྦྲགས་ཏེ་བཅངས་ན་གཟའ་ཀླུ་སྡེ་བརྒྱད་ཐུབ་པར་ངེས་སོ༔ དེ་སྟེང་རྨ་བྱའི་མདོངས༔ ཕག་གི་སྣ༔ གསེར་གཡུ་ལ་སོགས་རུས་སྦལ་ཁོག་པར་བཅུག་ལ་མགུལ་དུ་བཅང་ངོ་༔ དྲང་སྲོང་གནོད་པའི་ཡ་ང་བྱ་མི་དགོས༔ གསང་བའི་བདག་པོ་སྟོབས་པོ་ཆེ་དང་མཚུངས༔ གསང་སྔགས་བརྒྱ་རྩས་རབ་ཏུ་གནས་པ་གཅེས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྙིང་བྱང་ནས་ཁ་འཕང་བ་རིགས་མཐུན་གཏེར་ཁ་གཞན་ནས་བླངས་པ་ཡིན། རྗེས་ཀྱི་རིམ་པ་རྣམས་གསང་སྔགས་སྤྱི་ལྟར་གཅེས་སོ། །ཅེས་བཙུན་རྒན་ངག་དབང་བློ་གྲོས་ཀྱིས་བཀོད་པ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

དབང་མཛད་ལས་ཀྱི་ཧེ་རུ་ཀཿལ་རྟེན་ནས་ཕྱྭ་གཡང་ཐོགས་པ་མེད་པར་འགུགས་པའི་ལྕགས་ཀྱུ།

དབང་མཛད་ལྷ་ཆེན་ལས་ཀྱི་ཧེ་རུ་ཀཿལ་བརྟེན་ནས་ཕྱྭ་གཡང་ཐོགས་པ་མེད་པར་འགུགས་པའི་ལྕགས་ཀྱུ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་ར་ཡེ། །རབ་འབྱམས་རྒྱལ་བ་སྲས་བཅས་མ་ལུས་པའི། །གསང་བ་གསུམ་གྱི་དཔལ་ཡོན་ཅི་སྲིད་པ། །གཅིག་ཏུ་བསྡུས་པའི་སྒྱུ་འཕྲུལ་རྨད་པོ་ཆེ། །ཨོ་རྒྱན་ཐོད་ཕྲེང་རྩལ་ལ་གུས་པས་འདུད། །གང་གི་རྟེན་འབྲེལ་མོས་པའི་ཡོལ་གོ་ལ། །དད་གསུམ་འགྱུར་མེད་བཅུད་བཟང་ཡོངས་འཁྱིལ་བའི། །ལྷ་སྔགས་རྫས་ཀྱི་སྦྱོར་བ་འདི་འབད་པས། །འདོད་དགུའི་རེ་བ་སྐོང་བའི་རྒྱན་དུ་ལོངས། །ཞེས་མཆོད་པར་བརྗོད་པས་མདུན་བསུས་ནས། དངོས་གཞི་ལག་ཏུ་བསྟར་བར་བསྒྲུབ་རྫས་ཡོ་བྱད། ཕྱི་ནང་གསང་བའི་མཆོད་རྫས། བླ་རྡོ་སྲོག་འཁོར་ཕོ་ཉའི་ཟས་ནོར་འགུགས་པའི་ཙཀྲ་རྫས་ལྡན་འདུ་བར་འོས་པ་ཐམས་ཅད་དང་། སྐུ་རྟེན་གཡང་བུམ་སོགས་དངོས་པོ་བཟང་ཞིང་གྱ་ནོམ་པར་འདུ་བྱས། རང་གཞུང་ལྟར་འཕྲིན་ལས་གྱེར་སྒོམ༔ བཟླས་པ་གྲང་མང་ཤམ་བུ་སྦྱར་བ། ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱས་ནས་བསེ་རག་བསྐྲད་པ་ནོར་བདག་ལྟར་བྱ། མདུན་རྟེན་རྣམས་སྔགས་དྲུག་གིས་བྱིན་གྱིས་བརླབས་ནས། ཨཱོཾ་སྭཱ་བྷ་ཝ༴ སྟོང་པའི་ངང་ལས་སྣང་སྲིད་ཐམས་ཅད་བདེ་ཆེན་ཆགས་པའི་རང་བཞིན་དབང་གི་འོད་ཟེར་པདྨ་རཱ་གའི་མདངས་ཀྱིས་ཡོངས་སུ་སྤྲས་པའི་དབུས་སུ། ངོ་མཚར་འཕྲུལ་གྱི་བཀོད་པ་འབུམ་ཕྲག་འབུམ་གྱིས་བརྒྱན་པའི་གཞལ་ཡས་ཁང་གི་ལྟེ་བར་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཁྲི་དང་། པདྨ་གེ་སར་གྱི་ཟེའུ་འབྲུའི་སྟེང་དུ་སྲིད་གསུམ་འཁོར་བ་མྱང་འདས་ཐམས་ཅད་དབང་དུ་བསྡུས་པའི་ལྷ་མཆོག་དབང་ཕྱུག་མ་ཧཱ་དྷཱེ་ཝ། །ཡུམ་བཙུན་མོ་ཨུ་མ་དཱེ་ཝི་དང་ཐབས་ཤེས་མཉམ་པར་སྦྱོར་བའི་འཁོར། མུ་སྟེགས་མཁའ་འགྲོ་སྡེ་བཞི། རྒྱལ་ཆེན་སྡེ་བཞི། གཙང་རིས་དཔལ་མགོན། ཕྱྭ་གཡང་དངོས་གྲུབ་གཏེར་གྱི་བདག་པོ་ཐམས་ཅད་ལྷ་མིའི་ཁྲོམ་ཚོགས་པ་ལྟར་བཞུགས་པ། ཐམས་ཅད་ཀྱང་དབང་གི་ཕྲིན་ལས་མཛད་ལ་དགྱེས་ཤིང་བརྩེ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་ནས་ཡེ་ཤེས་ཀྱི་འཁོར་ལོ་ཆར་སྤྲིན་བབ་པ་ལྟར་བྱོན་ནས་གཉིས་མེད་དུ་ཐིམ་པར་བསམ་ལ། རོལ་མོ་སྣ་ཚོགས་མཚམས་སྦྱར་ལ། ཧྲཱིཿ བདེ་ཆེན་རྣམ་པར་དག་པའི་ཞིངཁམས་ནས། །རིགས་ཀྱི་བདག་པོ་མགོན་པོ་འོད་དཔག་མེད། །སྔོན་ནས་ཐུགས་བསྐྱེད་འགྲོ་དོན་ཕ་རོལ་ཕྱིན། །སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་མངའ་བ། །མགོན་པོ་ཁྱོད་ལ་སྙིང་ནས་གསོལ་བ་འདེབས། །རྩོད་ལྡན་ལས་ངན་བང་གྱུར་ཉམ་ཐག་འགྲོ། །ཉོན་མོངས་འཁྲུལ་བའི་དབང་དུ་མི་གཏོང་བར། །རྣམ་སྨིན་བཟོད་དཀའི་འབྲས་བུ་ཕྱིར་བསྙིལ་ནས། །ཚེ་འདིར་བདེ་སྐྱིད་དཔལ་འབྱོར་རྒྱས་པ་དང་། །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཚད་མེད་མྱུར་དུ་བསྒྲོད་པའི་གཡང་ཁུག་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཧྲཱིཿ གནས་མཆོག་ཆེན་པོ་རི་བོ་ཏ་ལ་ནས། །སྙིང་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས། །སྔོན་ནས་ཐུགས་བསྐྱེད་འགྲོ་དོན་མཐའ་རུ་ཕྱིན། །སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་མངའ་བ། །མགོན་པོ་ཁྱོད་ལ་སྙིང་ནས་གསོལ་བ་འདེབས། །རྩོད་ལྡན་ལས་ངན་དབང་གྱུར་ཉམ་ཐག་འགྲོ། །ཉོན་མོངས་འཁྲུལ་བའི་དབང་དུ་མི་གཏོང་བར། །རྣམ་སྨིན་བཟོད་དཀའི་འབྲས་བུ་ཕྱིར་བསྙིལ་ལ། །ཚེ་འདིར་བདེ་སྐྱིད་དཔལ་འབྱོར་རྒྱས་པ་དང་། །མཐོང་ཐོས་དྲན་རེག་འབྲེལ་བས་བསྡུས་སོ་ཅོག །དག་པའི་ཞིང་དུ་འདྲེན་པའི་གཡང་ཁུག་གཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཧྲཱིཿ ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས། །སྐྱེ་ཤི་གཉིས་སྤང་ཨོ་རྒྱན་པདྨ་འབྱུང་། །སྔོན་ནས་ཐུགས་བསྐྱེད་འགྲོ་དོན་མཐའ་རུ་ཕྱིན། །སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་མངའ་བ། །མགོན་པོ་ཁྱོད་ལ་སྙིང་ནས་གསོལ་བ་འདེབས། །རྩོད་ལྡན་ལས་ངན་དབང་གྱུར་ཉམ་ཐག་འགྲོ། །ཉོན་མོངས་འཁྲུལ་བའི་དབང་དུ་མི་གཏོང་བར། །རྣམ་སྨིན་བཟོད་དཀའི་འབྲས་བུ་ཕྱིར་བསྙིལ་ནས། །ཚེ་འདིར་བདེ་སྐྱིད་དཔལ་འབྱོར་རྒྱས་པ་དང་། །ཆོས་དང་སྲིད་ཀྱི་མངོན་མཐོ་ངེས་ལེགས་ཀྱི། །འདོད་དགུའི་རེ་བ་སྐོང་བའི་གཡང་ཁུག་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཧྲཱིཿ སྣང་སྲིད་དབང་དུ་བསྡུད་པའི་ཕོ་བྲང་ནས། །སྲིད་ན་འགྲན་ཟླ་བྲལ་བའི་ལྷ་ཆེན་པོ། །སྐུ་མདོག་དམར་པོ་ཆགས་པའི་ཉམས་བརྒྱ་འབར། །ལྷ་ཡི་ཡང་ལྷ་མཐུ་རྩལ་ཐོགས་པ་མེད། །རླུང་གི་ཤུགས་ལྡན་འོད་ཀྱིས་གཞན་སྣང་གཡོ། །ལས་ཤུགས་སྟོབས་ཀྱིས་འགྲོ་ཀུན་མྱོས་པར་བྱེད། །ཁྱོད་ནི་འཇིག་རྟེན་ཁམས་ཀྱི་དབང་བཙན་པོ། །ཚོགས་གཉིས་སྟོབས་ཀྱིས་ཀུན་ནས་ཕུལ་དུ་ཕྱིན། །ཕྱི་ནང་ཆོས་སྐྱོང་སྲུང་མའི་ཡང་རྗེ་མཆོག །བཙུན་མོ་ཨུ་མ་ཡུམ་དང་གཉིས་མེད་འཁྲིལ། །ཐབས་ཤེས་ཉི་ཟླ་གའུ་ཁ་སྦྱོར་དང་། །རྟ་བདུན་རླུང་གི་ད་ལའི་དབུས་ན་བཞུགས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་ཚོགས་བཅས། །ཐུགས་དམ་བསྐུལ་ལོ་དབང་གི་འཕྲིན་ལས་མཛོད། །ཨོ་རྒྱན་པདྨའི་བཀའ་ལས་མ་འདའ་བར། །དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །སྐྱེ་འགྲོ་ཕོ་རྒྱུད་དྲན་ཡིད་བློ་སྣ་བསྒྱུར། །རཀྟ་དམར་ཆེན་མཆོད་པ་འདི་བཞེས་ལ། །སྐྱེ་འགྲོ་མོ་རྒྱུད་འདོད་ཆགས་རྦ་ཀློང་གཡོས། །དམ་རྫས་གཏོར་ཆེན་མཆོད་པ་འདི་བཞེས་ལ། །དངོས་གྲུབ་འདོད་དགུའི་ཆར་པ་བདག་ལ་ཕོབ། །ཛ་གད་ཆང་གི་མཆོད་པ་འདི་བཞེས་ལ། །སྙན་དང་གྲགས་པའི་འབྲུག་སྒྲ་ཕྱོགས་བཅུར་སྒྲོགས། །གཙང་ལྡན་འོ་མའི་མཆོད་པ་འདི་བཞེས་ལ། །ཚེ་བསོད་སྟོབས་འབྱོར་དབུ་འཕང་མཐོ་བར་མཛོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །ལེགས་ཚོགས་བཀྲ་ཤིས་ཟད་མེད་ཆུ་རྒྱུན་བསྐྱེད། །དབང་ཕྱུག་མ་ཧཱ་དེ་ཝ་མཐུ་བོ་ཆེ། །བདག་གིས་འབོད་པའི་དུས་ན་སྙན་མ་སྲ། །བསྟེན་པའི་དུས་ན་རྒྱང་རིང་མ་གཡེལ་ཅིག །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་རྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿ ཐུགས་མཆོག་ཡེ་ཤེས་འོད་ལྔའི་ཀློང་ཡངས་ནས། །རྒྱལ་བ་ཀུན་གྱི་སྤྲུལ་གཞིའི་རྩ་བའི་ལྷ། །ཁྲོས་པའི་གར་གྱིས་འཁོར་འདས་ཟིལ་གྱིས་གནོན། །སྣང་སྲིད་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན། །རང་ལས་སྤྲུལ་ཞིང་རང་དང་དབྱེར་མེད་སྐུ། །དྲེགས་པ་སྡེ་བརྒྱད་རྒྱལ་ཆེན་ཕྱོགས་སྐྱོང་སོགས། །བྲན་དུ་བཀོལ་ཞིང་ཅི་བགྱིས་ལས་ལ་འགྱེད། །འདྲེ་ངན་རྒྱལ་བསེན་དམ་སྲི་འབྱུང་པོ་སོགས། །འགུགས་འཆིང་སྡོམ་མྱོས་བསྒྲལ་མནན་དམྱལ་ཐག་གཅོད། །ཁྱེད་ལ་སྙིང་ནས་གུས་པས་འབོད་ལགས་ཀྱིས། །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་རྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་ཞི་བའི་ཕྲིན་ལས་མཛད། །འབྱུང་བ་ཤིང་གི་ཁམས་ལ་དབང་བསྒྱུར་ཞིང་། །འཁོར་ཡང་དཀར་མོ་བྱེ་བ་འབུམ་གྱིས་བསྐོར། །ཤར་ཕྱོགས་ལྷ་ཀླུ་སྡེ་བརྒྱད་དབང་བསྡུས་ལ། །སྟེང་འོག་ཕྱོགས་བཅུའིིི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་རྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱི༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། སྐུ་མདོག་སེར་མོ་རྒྱས་པའི་ཕྲིན་ལས་མཛད། །འབྱུང་བ་མེ་ཡི་ཁམས་ལ་མངའ་མཛད་མ། །འཁོར་ཡང་སེར་མོ་བྱེ་བ་འབུམ་གྱིས་བསྐོར། །ལྷོ་ཕྱོགས་ལྷ་ཀླུ་སྡེ་བརྒྱད་དབང་བསྡུས་ལ། །སྟེང་འོག་ཕྱོགས་བཅུའི་འཇིགས་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུག་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་རྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱག་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿ ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་དབང་གི་ཕྲིན་ལས་མཛད། །འབྱུང་བ་ལྕགས་ཀྱི་ཁམས་ལ་མངའ་མཛད་མ། །འཁོར་ཡང་དམར་མོ་བྱེ་བ་འབུམ་གྱིས་བསྐོར། །ནུབ་ཕྱོགས་ལྷ་ཀླུ་སྡེ་བརྒྱད་དབང་བསྡུས་ལ། །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་རྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱཱ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོ་དྲག་པོའི་ཕྲིན་ལས་མཛད། །འབྱུང་བ་ཆུ་ཡི་ཁམས་ལ་མངའ་མཛད་མ། །འཁོར་ཡང་ལྗང་མོ་བྱེ་བ་འབུམ་གྱིས་བསྐོར། །བྱང་ཕྱོགས་ལྷ་ཀླུ་སྡེ་བརྒྱད་དབང་བསྡུས་ལ། །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་རྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿ མཚམས་བཞི་དབང་མཛད་ལས་བྱེད་མཁའ་འགྲོ་མ། །སྣ་ཚོགས་ཚུལ་འཆང་སྣ་ཚོགས་ཕྲིན་ལས་མཛད། །འབྱུང་བ་ས་ཡི་ཁམས་ལ་མངའ་མཛད་མ། །འཁོར་ཡང་སྡེ་བརྒྱད་མཁའ་འགྲོ་མང་པོས་བསྐོར། །མཚམས་བཞི་ལྷ་ཀླུ་སྡེ་བརྒྱད་དབང་བསྡུས་ལ། །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་སྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿ ཕོ་བྲང་ཤར་གྱི་སྒོ་སྲུང་ཡུལ་འཁོར་སྲུང་། །སྐུ་མདོག་དཀར་པོ་ཕྱག་ན་པི་ཝང་བསྣམས། དྲི་ཟའི་འཇིག་རྟེན་ཁམས་ལ་དབང་བསྒྱུར་ལ། །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་སྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿཕོ་བྲང་ལྷོ་ཡི་སྒོ་སྲུང་འཕགས་སྐྱེས་པོ། །སྐུ་མདོག་སྔོན་པོ་ཕྱག་ན་རལ་གྲི་བསྣམས། །གཤིན་རྗེའི་འཇིག་རྟེན་ཁམས་ལ་དབང་བསྒྱུར་ལ། སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། ཐམས་ཅད་ཐོགས་པ་མེད་པ་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་སྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱི༔ ཕོ་བྲང་ནུབ་ཀྱི་སྒོ་སྲུང་མིག་མི་བཟང་། །སྐུ་མདོག་དམར་པོ་སྦྲུལ་ཞགས་མཆོད་རྟེན་བསྣམས། །ཀླུ་ཡི་འཇིག་རྟེན་ཁམས་ལ་དབང་བསྒྱུར་ལ། །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་སྐྱེེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཧྲཱིཿ ཕོ་བྲང་བྱང་གི་སྒོ་སྲུང་རྣམ་ཐོས་སྲས། །སྐུ་མདོག་ལྗང་གུ་བེ་ཅོན་ནེའུ་ལེ་བསྣམས། གནོད་སྦྱིན་འཇིག་རྟེན་ཁམས་ལ་དབང་བསྒྱུར་ལ། །སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་ཁུག །སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག །འོག་ནས་དགའ་བོ་འཇོག་པོའི་འཕན་གཡང་ཁུག །རི་རབ་རོལ་མཚོ་བདུན་གྱི་འཕེལ་གཡང་ཁུག །གླིང་བཞི་གླིང་ཕྲན་བཅུ་གཉིས་སྲིད་གཡང་ཁུག །རྟ་བདག་ཀུ་བེ་ར་ཡི་རྟ་གཡང་ཁུག །ནོར་ལྷ་གང་བ་བཟང་པོའི་ཕྱུགས་གཡང་ཁུག །ལུག་ལྷ་ཤ་བ་རི་ཡི་ལུག་གཡང་ཁུག །ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག །ལྷ་མོ་ནོར་རྒྱུན་མ་ཡི་དཔལ་གཡང་ཁུག །ཐབ་ལྷ་ཡུ་མོ་སྤུན་གསུམ་ཟས་གཡང་ཁུག །རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག །རྒྱ་ནག་བཙན་ཕྱུག་འཕན་གསུམ་དར་གཡང་ཁུག །སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག །ཧོར་གྱི་དཔའ་རྐྱེན་བཙན་གསུམ་སྟོབས་གཡང་ཁུག །བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག །གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག །ཕྱོགས་བཅུའི་ཚངས་ཆེན་རིགས་ལྔའི་ཕྱྭ་གཡང་ཁུག །འབྱུང་བ་ཆེན་པོ་ལྔ་ཡི་བཅུད་གཡང་ཁུག །ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ རྩ་སྔགས་ཤམ་དང་བཅས། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། ཅེས་དམིགས་པའི་སྤྲོ་བསྡུ་བསྒྱུར་ནས་ཉིན་མཚན་དུས་དྲུག་གམ་བཞི་རུ་འབད་པར་བྱའོ། །གཡང་རྫས་ལ་བརྟན་བཞུགས་ནི། ཧྲཱིཿ རང་སྣང་མ་འགགས་རྩ་གསུམ་ནོར་གྱི་ལྷ། །ཆོས་ཀྱི་དབྱིངས་སུ་ཐ་དད་མ་མཆིས་ཀྱང་། །ཀུན་རྫོབ་མཚན་མར་འཛིན་པའི་སྣང་ཆ་ལ། །དམ་ཡེ་སོ་སོའི་བློ་རྟོག་འཆང་བའི་ངོར། །གཡང་རྟེན་སྒྲུབ་པའི་རྫས་དང་དབྱེར་མེད་དུ། །བཞུགས་ནས་སྲིད་ཞིའི་ལེགས་པའི་དཔལ་ཡོན་རྣམས། །ཁབ་ལེན་རྡོ་དང་ལྕགས་ཕྱེའི་རྣམ་འགྱུར་ལྟར། །དབང་དུ་བསྡུས་ནས་འཕོ་འགྱུར་མེད་པར་མཛོད། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། གཡང་གཏད་ནི། ཧྲཱིཿ དགོས་འདོད་ཀུན་འབྱུང་དབང་གི་ལྷ་ཚོགས་རྣམས། །ཚོགས་གཉིས་སྟོབས་རྫོགས་དད་འབྱོར་སྦྱིན་བདག་གི། ལུས་ངག་ཡིད་དང་དབྱེར་མེད་མགོན་སྐྱབས་མཛོད། །དམིགས་ཡུལ་རྣམ་དཀར་བསགས་རྒྱབ་གོང་འཕེལ་ཤིང་། །མཆོད་སྦྱིན་མི་ཟད་གཏེར་གྱི་སྒོ་ཕྱེས་ནས། །འབྲེལ་ཚད་དབུལ་དང་ཕོངས་པའི་རྒུད་པ་ཞི། །ནད་མཚོན་མུ་གེའི་བསྐལ་པ་རྒྱུན་ཆད་ནས། །བཀྲ་ཤིས་བདེ་ལེགས་གོང་དུ་འཕེལ་བར་ཤོག །གཡང་སྒོ་བསྡོམ་པ་ནི། ཧྲཱིཿ གཞལ་ཡས་ཕྱོགས་བཞི་སྲུང་བའི་ལས་བརྟེན་ནས། །ཕྱྭ་ནི་རི་བོའི་རྩེ་ལ་བྲོས་མ་འཇུག །གཡང་ནི་གནས་ཁང་སྒོ་རུ་ཉམས་མ་འཆོར། །ལྷས་འཚོས་ལྷ་བུ་སྟོང་ཕྲག་མང་པོས་འཚོས། །གཡང་སྲུང་ལྷ་མོ་ནོར་བདག་བྱེ་བས་སྲུང་། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཨཱོཾ་ཧཱུྃཿཏྲྃཿཧྲཱིཿཨཱཿ བཛྲ་རཏྣ་པདྨ་ཀརྨ་རཀྵ་རཀྵ། ཆོ་གའི་འགྲོས་དང་སྦྱར་ཚུལ་སྤྱི་ལྟར་ཤེས་པར་བྱའོ། །གང་ཞིག་སེམས་ཅན་མོས་པ་ཐ་དད་པས། །ཕན་པའི་ཐབས་ཚུལ་རྒྱལ་བས་ཅི་བསྟན་པ། །དོན་དུ་གཉེར་བ་དྲང་པོའི་ལམ་ཡིན་ལ། །འདི་ལྟར་བ་ཚྭའི་ཁྲོན་པ་ཅི་ཞིག་འཚལ། །དུས་ནི་ལོ་རེ་སོང་བཞིན་ཇེ་ངན་ལ། །དམ་སེལ་གཡའ་ཡིས་ཆོས་ཀྱི་བྱིན་རླབས་བསྒྲིབ། །བསྐྱེད་རྫོགས་གནད་དང་མ་འབྲེལ་བབ་ཅོལ་དུ། །འབོལ་རྩོམ་འདི་འདྲས་དགོས་པ་ཅི་ཞིག་འགྲུབ། །ཡོན་བདག་སེར་སྣའི་རྒྱ་མདུད་བྲག་ལས་སྲ། །བླ་མཆོད་རློམ་སེམས་ཆགས་སྲེད་བྲག་ལས་དཔའ། །ཕྱི་ནང་རྟེན་རྫས་མཆོད་སྤྲིན་འཇའ་ཚོན་འདྲ། །འབྲས་བུ་པྲེ་ཏ་ཀ་ལ་མི་ཞུའམ། །ཚོགས་གཉིས་བསོད་ནམས་བསགས་རྒྱབ་ཤག་ཏུ་ལུས། །བཟླས་བརྗོད་ཟབ་མོའི་བསྙེན་སྒྲུབ་གལ་ཆུང་བོར། །བརྣབ་སེམས་འདོད་པའི་གཏེར་གྱི་སྒོ་ཕྱེས་ནས། །དབུལ་རྒྱལ་ཆེན་པོའི་འཕྲང་ལ་མི་འགྲིམ་མམ། །དེ་ལྟ་ནའང་དམ་པའི་བཀའ་ལྕི་ནས། །སེམས་ལ་ཅི་ཤར་ཡི་གེར་རི་མོར་བཀོད། །དགེ་བ་འདི་ཡིས་སྣོད་བཅུད་རྒུད་པ་ཀུན། །ཞི་ནས་རྫོགས་ལྡན་དཔལ་དུ་འཆར་བར་ཤོག །ཅེས་པའང་ནམ་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་ལྟར། འབད་མེད་གཞི་གྲོལ་གྱིས་གང་ཤར་མ་བཅོས་པར་བྲིས་པ་དགེའོ། །མངྒ་ལཾ།། །།


previousལས་མཛད་ཧེ་རུ་ཀའི་ཙིཏྟ་སྙིང་གི་ཙཀྲ་ལ་བརྟེན་ནས་ཕོ་རྒྱུད་དབང་དུ་བསྡུ་བའི་ལས་སྦྱོར།next