Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  expand section
   
ཐལ་འགྱུར་གྱི་ཁྱབ་སྒོ་རེ་གཉིས་ཀྱི་རེ་མིག་བློ་གསལ།
   
  expand section
  expand section
  expand section
   
   
   


 
previousཐལ་འགྱུར་གྱི་ཁྱབ་སྒོ་རེ་གཉིས་ཀྱི་རེ་མིག་བློ་གསལ།next

ཐལ་འགྱུར་གྱི་ཁྱབ་སྒོ་རེ་གཉིས་ཀྱི་རེ་མིག་བློ་གསལ།

ཐལ་འགྱུར་གྱི་ཁྱབ་སྒོ་རེ་གཉིས་ཀྱི་རེ་མིག་བློ་གསལ་མིག་འབྱེད།

ཨང་གྲངས།ཐལ་འགྱུར།༡ གཟུགས་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།༢ མཚོན་བྱ་ཡིན་པར་ཐལ། བེམ་པོ་ཆོས་ཅན། རྟག་པ་ཡིན་པའི་ཕྱིར།༣ དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། ༤ བྱས་པ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར།༥ བྱས་པ་ཡིན་པར་ཐལ། གཟུགས་མ་ཡིན་པའི་ཕྱིར། ༦ བདག་མེད་ཡིན་པར་ཐལ། བདག་མེད་མ་ཡིན་པའི་ཕྱིར། ཨང༌།རྗེས་ཁྱབ།འགལ་ཁྱབ།ཐུར་ཁྱབ།ལྡོག་ཁྱབ།རྗེས་ཕྱིན།འགལ་ཕྱིན།ཐུར་ཕྱིན།ལྡོག་ཕྱིན།རེ་བཞི།༡༡༡༣༡༡༡༣༡༡༢༢༢༢༠༠༢༢༠༠༨༣༣༣༡༣༣༣༡༣༢༠༤༢༢༤༤༢༢༤༤༢༤༥༡༡༡༣༡༡༡༣༡༢༦༧༧༧༥༧༧༧༥༥༢ཨང་གྲངས།ཐལ་འགྱུར།༡བདག་མེད་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ༢རྟག་དངོས་གཉིས་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ༣གཟུགས་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། ༤ཀ་བུམ་གཉིས་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར།༥ཡོད་པ་ཡིན་པར་ཐལ། ཀ་བུམ་གཉིས་ཡིན་པའི་ཕྱིར། ༦ཀ་བུམ་གཉིས་ཡིན་པར་ཐལ། ཀ་བུམ་གཉིས་ཡིན་པའི་ཕྱིར། ཨང༌།རྗེས་ཁྱབ།འགལ་ཁྱབ།ཐུར་ཁྱབ།ལྡོག་ཁྱབ།རྗེས་ཕྱིན།འགལ་ཕྱིན།ཐུར་ཕྱིན།ལྡོག་ཕྱིན།རེ་བཞི།༡༤༤༢༦༤༤༢༦༣༢༢༤༤༦༢༤༤༦༢༣༢༣༣༣༣༡༣༣༣༡༢༠༤༥༥༧༥༥༥༧༥༤༤༥༦༦༤༤༦༦༤༤༤༠༦༧༧༧༥༧༧༧༥༥༢ ཨང་གྲངས།ཐལ་འགྱུར།༡བྱས་པ་ཡིན་པར་ཐལ། བདག་མེད་པ་ཡིན་པའི་ཕྱིར།༢བདག་མེད་ཡིན་པར་ཐལ། ཀ་བུམ་གཉིས་ཡིན་པའི་ཕྱིར།༣བདག་མེད་མ་ཡིན་པར་ཐལ། ཀ་བུམ་གཉིས་མ་ཡིན་པའི་ཕྱིར།༤བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར།༥རྟག་དངོས་གཉིས་མ་ཡིན་པར་ཐལ། ཀ་བུམ་གཉིས་ཡིན་པའི་ཕྱིར།༦བྱས་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཨང༌།རྗེས་ཁྱབ།འགལ་ཁྱབ།ཐུར་ཁྱབ།ལྡོག་ཁྱབ།རྗེས་ཕྱིན།འགལ་ཕྱིན།ཐུར་ཕྱིན།ལྡོག་ཕྱིན།རེ་བཞི།༡༢༢༤༤༢༢༤༤༢༤༢༧༧༥༧༧༧༥༧༥༢༣༥༥༧༥༥༥༧༥༤༤༤༤༤༢༦༤༤༢༦༣༢༥༧༧༥༧༧༧༥༧༥༢༦༤༤༤༤༤༤༤༤༣༢ ༈ རྗེས་ཁྱབ་ཁྱབ་བ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང༌། ལྡོག་ཁྱབ་ཁྱབ་བ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་དེ། དང་པོ་ནི། དངོས་པོ་དང་གཅིག་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། གཉིས་པ་ནི། བུམ་པ་ཡིན་པར་ཐལ། ཀ་བ་ཡིན་པའི་ཕྱིར། གསུམ་པ་ནི། བུམ་པ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། བཞི་བ་ནི། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ༈ རྗེས་ཁྱབ་ཁྱབ་བ་སྒོ་བརྒྱད་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་དང༌། ལྡོག་ཁྱབ་ཁྱབ་བ་སྒོ་བརྒྱད་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་དེ། དང་པོ་ནི། ཡོད་པར་ཐལ། བདག་མེད་ཡིན་པའི་ཕྱིར། གཉིས་པ་ནི། བདག་མེད་མ་ཡིན་པར་ཐལ། ཡོད་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། རྣམ་མཁྱེན་ཆོས་ཅན། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། བུམ་པ་ཆོས་ཅན། རྟག་པ་ཡིན་པའི་ཕྱིར། བཞི་བ་ནི། ཀ་བ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཆོས་གྲོགས་རྣམས་ཀྱིས་དག་བཅོས་མཛད་པར་ཞུ་ཞུ། དངོས་གྲུབ་དཔལ་གྱིས་བྲིས་པའོ། །


previousཐལ་འགྱུར་གྱི་ཁྱབ་སྒོ་རེ་གཉིས་ཀྱི་རེ་མིག་བློ་གསལ།next