Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
མཁྱེན་གསུམ་རྣམ་དབྱེ་པདྨོ་འབྱེད་པའི་ཉི་ཟེར།
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousམཁྱེན་གསུམ་རྣམ་དབྱེ་པདྨོ་འབྱེད་པའི་ཉི་ཟེར།next

མཁྱེན་གསུམ་རྣམ་དབྱེ་པདྨོ་འབྱེད་པའི་ཉི་ཟེར།

མཁྱེན་གསུམ་རྣམ་དབྱེ་པདྨོ་འབྱེད་པའི་ཉི་ཟེར་ཞེས་བྱ་བ་བཞུགས་སོ།།

དྲིན་ཅན་བླ་མ་དབྱེར་མེད་འཇམ་པའི་དབྱངས། །སྤྱི་བོར་བསྟེན་བཞིན་མཁྱེན་གསུམ་རྣམ་པ་དབྱེ། །གཞི་ཤེས་པ་ཡི་རྣམ་པ་ཉེར་བདུན་ནི། །མེད་པ་༡མི་སྐྱེ་༢དབེན་པ་༣མི་རྫི་བ་༤། །གནས་མེད་༥ནམ་མཁའ་༦བརྗོད་མེད་༧་མིང་མེད་པ་༨། །འགྲོ་མེད་༩་མི་འཕྲོགས་༡༠་མི་ཟད་༡༡་སྐྱེ་བ་མེད་༡༢། །བྱེད་པ་པོ་མེད་༡༣་ཤེས་པ་པོ་མེདདང༡༤། །འཕོ་བ་པོ་མེད་༡༥་འདུལ་བ་པོ་མེད་པ་༡༦། །ངོ་བོ་ཉིད་མེད་༡༧་མ་སྐྱེས་༡༨་མ་འགགས་པ་༡༩། ། བཟོད་མ་ནས་ཞི་༢༠་རང་བཞིན་མྱ་ངན་འདས་༢༡། །ཀུན་ནས་ཉོན་མེད་༢༢་རྣམ་པར་བྱང་བ་མེད་༢༣། །གོས་པ་མེད་པ་༢༤་སྤྲོས་པ་མེད་ཉིད་དང་༢༥། །རློམ་མེད་༢༦་མི་གཡོ་༢༧་བ་ཡི་རྣམ་པ་ཡིན། །ལམ་ཤེས་པ་ཡི་རྣམ་པ་སོ་དྲུག་ནི། །འདོད་ཆགས་བྲལ་བ་༢༨་མི་གནས་༢༩་ཞི་བ་༣༠་དང༌། །འདོད་ཆགས་༣༡་ཞེ་སྡང་༣༢་གཏི་མུག་མེད་པ་དང་༣༣། །ཀུན་ནས་ཉོན་མོངས་མེད་པ་༣༤་སེམས་ཅན་མེད་༣༥། །ཚད་མེད་༣༦་མཐའ་གཉིས་མ་འབྲེལ་༣༧་ཐ་མི་དད་༣༨། །མཆོག་འཛིན་མེད་པ་༣༩་རྣམ་པར་མི་རྟོག་པ་༤༠། །གཞལ་མེད་༤༡་ཆགས་པ་མེད་པ་༤༢་མི་རྟག་དང་༤༣། །སྡུག་བསྔལ་༤༤་སྟོང་བ་༤༥་གང་ཟག་བདག་མེད་པ་༤༦། །ཚད་མ་མེད་དང་༤༧་སྟོང་ཉིད་བཅུ་དྲུག་ནི། །ནང་སྟོང་༤༨་ཕྱི་སྟོང་༤༩་ཕྱི་ནང་སྟོང་བ་ཉིད་༥༠། །སྟོང་བ་ཉིད་སྟོང་༥༡་ཆེན་པོ་སྟོང་བ་ཉིད་༥༢། །དོན་དམ་སྟོང་བ་༥༣་འདུས་བྱས་སྟོང་བ་ཉིད་༥༤། །འདུས་མ་བྱས་སྟོང་༥༥་མཐའ་ལས་འདས་པ་སྟོང་༥༦། །ཐོག་མཐའ་མེད་སྟོང་༥༧་དོར་མེད་སྟོང་བ་ཉིད་༥༨། །རང་བཞིན་སྟོང་དང་༥༩་ཐམས་ཅད་སྟོང་པ་དང་༦༠། །རང་གི་མཚན་ཉིད་སྟོང་ཉིད་༦༡་མི་དམིགས་སྟོང་༦༢། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་༦༣། །ལམ་ཤེས་ཉིད་ཀྱི་རྣམ་པ་སཽ་དྲུག་གོ །རྣམ་མཁྱེན་རྣམ་པ་བརྒྱ་རྩ་བཅུ་རྣམས་ནི། ། ལུས་༦༤་ཚོར་༦༥་སེམས་༦༦་ཆོས་དྲན་པ་ཉེར་བཞག་པ་༦༧། །དགེ་ཆོས་མ་སྐྱེས་རྣམས་བསྐྱེད་༦༨་སྐྱེས་པ་སྲུང་༦༩། །མི་དགེ་མ་སྐྱེས་མི་སྐྱེད་༧༠་སྐྱེས་པ་སྤངས་༧༡། །འདུན་པ་༧༢་བརྩོན་འགྲུས་༧༣་སེམས་༧༤་དཔྱོད་རྫུ་འཕྲུལ་རྐང་༧༥། །དད་༧༦་བརྩོན་༧༧་དྲན་༧༨་ཏིང་༧༩་ཤེས་རབ་དབང་པོ་དང་༨༠། །དད་༨༡་བརྩོན་༨༢་དྲན་༨༣་ཏིང་༨༤་ཤེས་རབ་སྟོབས་དག་དང་༨༥། །དྲན་༨༦་ཆོས་རབ་ཏུ་རྣམ་འབྱེད་༨༧་བརྩོན་འགྲུས་༨༨་དང༌། །ཤིན་སྦྱངས་༨༩་དགའ་༩༠་ཏིང་༩༡་བཏང་སྙོམས་ཡན་ལག་༩༢་བདུན། །ཡང་དག་ལྟ་བ་༩༣་རྟོག་པ་༩༤་ངག་༩༥་ལས་མཐའ་༩༦། །འཚོ་བ་༩༧་རྩོལ་བ་༩༨་དྲན་པ་༩༩་ཏིང་ངེ་འཛིན་༡༠༠། །སྟོང་བ་༡༠༡་མཚན་མ་༡༠༢་སྨོན་མེད་རྣམ་ཐར་༡༠༣་གསུམ། །གཟུགས་ཅན་གཟུགས་ལྟ་༡༠༤་གཟུགས་མེད་གཟུགས་ལྟ་དང་༡༠༥། །སྡུག་པའི་རྣམ་ཐར་༡༠༦་སྤྲུལ་བའི་ལམ་རྣམ་གསུམ། །ནམ་མཁའ་མཐའ་ཡས་༡༠༧་རྣམ་ཤེས་མཐའ་ཡས་དང་༡༠༨། །ཅི་ཡང་མེད་དང་༡༠༩་སྲིད་རྩེ་༡༡༠་འགོག་རྣམ་ཐར་༡༡༡། །མཐོང་ཆོས་བདེ་བར་གནས་པའི་ལམ་ལྔ་ཡིན། །བསམ་གཏན་དང་པོ་༡༡༢་གཉིས་༡༡༣་གསུམ་༡༡༤་བཞིའི་སྙོམས་འཇུག་༡༡༥། །ནམ་མཁའ་མཐའ་ཡས་༡༡༦་རྣམ་ཤེས་མཐའ་ཡས་དང་༡༡༧། །ཅི་ཡང་མེད་དང་༡༡༨་སྲིད་རྩེ་༡༡༩་འགོག་སྙོམས་འཇུག་༡༢༠། །འདས་ལམ་དགུ་ཡིན་སྡུག་བསྔལ་༡༢༡་ཀུན་འབྱུང་༡༢༢་དང༌། །འགོག་༡༢༣་ལམ་ཆོས་བཟོད་སྤོང་པའི་ལམ་༡༢༤་བཞི་དང༌། །སྦྱིན་པ་༡༢༥་ཚུལ་ཁྲིམས་༡༢༦་བཟོད་པ་༡༢༧་བརྩོན་འགྲུས་དང་༡༢༨། །བསམ་གཏན་༡༢༩་ཤེས་རབ་༡༣༠་ཐབས་དང་༡༣༡་སྨོན་ལམ་༡༣༢་སྟོབས་༡༣༣། །ཡེ་ཤེས་ཕར་ཕྱིན་༡༣༤་སངས་རྒྱས་ལམ་རྣམ་བཅུ། །གནས་དང་གནས་མིན་༡༣༥་ལས་དང་རྣམ་སྨིན་༡༣༦་དང༌། །མོས་པ་སྣ་ཚོགས་༡༣༧་ཁམས་ཀྱི་རབ་དབྱེ་དང་༡༣༨། །དབང་བོ་མཆོག་དམན་༡༣༩་ཐམས་ཅད་འགྲོ་བའི་ལམ་༡༤༠། །ཀུན་བྱང་༡༤༡་སྔོན་གནས་རྗེས་དྲན་༡༤༢་འཆི་འཕོ་སྐྱེ་༡༤༣། །ཟག་པ་ཟད་པ་མཁྱེན་པའི་སྟོབས་༡༤༤་རྣམ་བཅུ། །རྟོགས་པ་ཕུན་ཚོགས་༡༤༥་བར་ཆད་ཚེས་བསྟན་པ་༡༤༦། །ངེས་འབྱུང་ལམ་བསྟན་༡༤༧་སྤངས་རྫོགས་མི་འཇིགས་༡༤༨་བཞི། །ཆོས་༡༤༩་དོན་༡༥༠་ངེས་ཚིག་༡༥༡་སྤོབས་སོ་སོར་༡༥༢། །སོ་སོར་རིག་བཞིའི་སྐུ་ལ་འཁྲུལ་མི་མངའ་༡༥༣། །གསུང་ལ་ཅ་ཅོ་མེད་པ་༡༥༤་དྲན་ཉམས་མེད་༡༥༥། །ཐུགས་ནི་མཉམ་པར་མ་བཞག་པ་ནི་མེད་༡༥༦། །ཐ་དད་འདུ་ཤེས་མེད་དང་༡༥༧་མ་བརྟགས་པའི། །བཏང་སྙོམས་མི་མངའ་༡༥༨་སྤྱོད་པས་བསྡུས་པ་དྲུག །འདུན་༡༥༩་བརྩོན་༡༦༠་དྲན་༡༦༡་ཏིང་༡༦༢་ཤེས་རབ་༡༦༣་རྣམ་གྲོལ་ལས། །ཉམས་མེད་པ་༡༦༤་སྟེ་རྟོགས་པས་བསྡུས་པ་དྲུག །སྐུ་༡༦༥་གསུང་༡༦༦་ཐུགས་༡༦༧་འཕྲིན་ཡེ་ཤེས་སྔོན་འགྲོ་ཞིང༌། །རྗེས་སུ་འབྲང་སྟེ་འཕྲིན་ལས་བསྡུས་པ་གསུམ། །འདས་༡༦༨་དང་མ་འོངས་༡༦༩་ད་ལྟ་ཆགས་ཐོགས་མེད་༡༧༠། །ཡེ་ཤེས་མངའ་སྟེ་ཡེ་ཤེས་ཀྱིས་བསྡུས་གསུམ། །དེ་དག་མ་འདྲེས་ཆོས་ནི་བཅོ་བརྒྱད་དང༌། །དེ་བཞིན་༡༧༡་རང་བྱུང་༡༧༢་སངས་རྒྱས་རྣམ་པ་༡༧༣་སྟེ། །མཁྱེན་གསུམ་རྣམ་སྡོམ་བཅུ་ཕྲག་བཅུ་བདུན་དང༌། །གསུམ་གྱི་རྣམ་པའི་དབྱེ་བའི་གྲངས་ཉིད་དོ། ། ཞེས་མཁྱེན་གསུམ་རྣམ་དབྱེ་པདྨོ་འབྱེད་པའི་ཉི་ཟེར་ཞེས་བྱ་བ་འདི་ནི་དངོས་གྲུབ་དཔལ་ནས་རང་ལོ་ཉེར་གཅིག་པ་ལ་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་བྲིས་པའོ། །འདི་བྲིས་དགེ་བས། །མཁྱེན་གསུམ་རྣམ་པ། །སྦྱོར་བ་གཅིག་གིས། །ཉམས་སུ་ལེན་ཤོག། །།


previousམཁྱེན་གསུམ་རྣམ་དབྱེ་པདྨོ་འབྱེད་པའི་ཉི་ཟེར།next