Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
ཚོགས་མཆོད་ཕུལ་བ་ལས་གནས་སྐབས་རྐྱེན་ངན་སེལ་ཚུལ།
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousཚོགས་མཆོད་ཕུལ་བ་ལས་གནས་སྐབས་རྐྱེན་ངན་སེལ་ཚུལ།next

ཚོགས་མཆོད་ཕུལ་བ་ལས་གནས་སྐབས་རྐྱེན་ངན་སེལ་ཚུལ།

ཚོགས་མཆོད་ཕུལ་བ་ལས་གནས་སྐབས་རྐྱེན་ངན་སེལ་ཚུལ།

ཚོགས་མཆོད་ཕུལ་བ་ལས་གནས་སྐབས་རྐྱེན་ངན་སེལ་བར་གསུངས་ཏེ། དམ་ཚིག་གནད་ཐེམ་ལས། རྐྱེན་ངན་ཚོགས་དང་གཏོར་མས་བསལ། །ཞེས་དང༌། མཐར་ཐུག་ན་འགྱུར་མེད་བདེ་ཆེན་ཐོབ་པའི་རྒྱུར་འགྱུར་ཏེ། དེ་ལས། བདག་གཞན་ཚོགས་རྫོགས་སྒྲིབ་སྦྱོང་ཞིང༌། །བདེ་ཆེན་མཆོག་གི་གནས་ཐོབ་ཕྱིར། །གསང་བའི་ཚོགས་ཀྱི་འཁོར་ལོ་བྱ། །ཞེས་དང༌། དེ་བཞིན་དུ་བསོད་ནམས་ཀྱི་དགེ་བ་རྣམས་ལས་ཚོགས་མཆོད་འདིན་མཆོག་ཡིན་པར་གསུངས་ཏེ། རྡོ་རྗེ་དྲ་བ་ལས། བསོད་ནམས་ནང་ན་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང༌། །བགེགས་དང་བར་ཆད་ཞི་བ་དང༌། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང༌། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་དང༌། དམ་ཚིག་ཉམས་པ་བསྐང་ཕྱིར་དུ་ཚོགས་མཆོད་འདིས་འཐུས་པར་གསུངས་ཏེ། ཕུར་བའི་རྒྱུད་ལས། དམ་ཚིག་ཉམས་པ་བསྐང་བའི་ཕྱིར། །ནང་གི་ཚོགས་ཀྱི་འཁོར་ལོ་བྱ། །ཞེས་དང༌། ཚོགས་འཁོར་འདི་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་རྣམས་ངང་གིས་འཕེལ་བར་གསུངས་ཏེ། རྡོ་རྗེ་ཕུར་བའི་རྒྱུད་ལས། ཁམས་གསུམ་ཉོན་མོངས་ཀུན་སྒྲོལ་བྱེད། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རྒྱལ་བོ་བྲམ་ཟེ་ཁྱིམ་བདག་ཚོགས། །དྲེགས་པའི་བསོད་ནམས་དབང་དུ་འདུ། །གནོད་གདུག་ཞི་ཞིང་འབྱོར་བ་འཕེལ། །གདུག་ཅིང་སྡང་སེམས་ལྡན་པ་སྒྲོལ། །དེའི་ཕྱིར་ཚོགས་ཀྱི་འཁོར་ལོ་ཡང༌། །མཁས་པས་བྱ་བར་བཤད་པ་ཡིན། །ཞེས་གསུངས་སོ། །


previousཚོགས་མཆོད་ཕུལ་བ་ལས་གནས་སྐབས་རྐྱེན་ངན་སེལ་ཚུལ།next