Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
བདག་ཅག་གི་སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་ངོས་འཛིན།
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousབདག་ཅག་གི་སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་ངོས་འཛིན།next

བདག་ཅག་གི་སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་ངོས་འཛིན།

བདག་ཅག་གི་སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་ངོས་འཛིན།

ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་བསྟན་རྩིས་ལྟར་ན་སྟོན་པ་ཐུགས་རྗེ་ཅན་༼ཕྱི་ལོ་སྔོན་གྱི་ལོ་༩༡༢ས་བྱ་ལ་༽སྐུ་འཁྲུངས་ནས་རབ་བྱུང་བཅུ་བདུན་པའི་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ་ཤར་བའི་དུས་ཡན་ཆད་དུ་ལོ་༢༩༣༠འདས་ལ། སངས་རྒྱས་ཀྱིས་༼ཕྱི་ལོ་སྔོན་གྱི་ལོ་༨༧༧ཤིང་སྤྲེལ་ལ༽ཆོས་གསུངས་ནས་༢༨༩༥ འདས་ལ། སངས་རྒྱས་༼ཕྱི་ལོ་སྔོན་གྱི་ལོ་༨༣༢ ས་སྦྲུལ་ལ་༽མྱ་ངན་ལས་འདས་ནས་༢༨༥༠འདས་ཟིན་ཏོ། །ཕུག་ལུགས་ལྟར་ན་སངས་རྒྱས་༼ཕྱི་ལོ་སྔོན་གྱི་ལོ་༩༦༡ལྕགས་སྤྲེལ་ལ༽འཁྲུངས་ནས་༢༩༧༩འདས། ༼ཕྱི་ལོ་སྔོན་གྱི་ལོ་ ༩༢༧ཤིང་རྟ་ལ༽ཆོས་གསུངས་ནས། ༢༩༤༥འདས། ༼ཕྱི་ལོ་སྔོན་གྱི་ལོ་༨༨༡ལྕགས་འབྲུག་ལ༽མྱ་ངན་ལས་འདས་ནས། ༢༨༩༩འདས། དེས་ན་ཇོ་ནང་ཕྱོགས་རྒྱལ་བ་དང་ཕུག་ལུགས་གཉིས་ཀྱི་བར་ལ་ལོ་༤༩ཁྱད་པར་བྱུང་ལ། དེ་ཡང་དུས་འཁོར་རྒྱུད་གསུང་བའི་དུས་ངོས་འཛིན་མི་འདྲ་བ་སོགས་ཀྱིས་ཡིན་ཏེ། ཇོ་ནང་ཕྱོགས་རྒྱལ་དང་མཁས་གྲུབ་རྗེ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་སངས་རྒྱས་སངས་རྒྱས་པའི་ཕྱི་ལོ་ནག་པའི་ཟླ་བར་གསུངས་པར་བཞེད་པ་དང༌། ཕུག་ལུགས་དང་མཚུར་ལུགས་སོགས་ཀྱིས་སངས་རྒྱས་མྱ་ངན་ལས་འདས་པའི་ལོའི་ནག་ཟླ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཞེད་པའི་ཕྱིར་རོ། །ཀུན་མཁྱེན་ཀློང་ཆེན་པའི་ཆོས་འབྱུང་ལྟར་ན་སངས་རྒྱས་ཀྱིས་༼ ཕྱི་ལོ་སྔོན་གྱི་ལོ་༡༤༧༣ས་བྱི་ལ་༽ཆོས་གསུངས་ནས་༣༤༩༡འདས་ཟིན་པའོ། །གནས་བརྟན་སྡེ་བའི་ལུགས་ལ་སྟོན་ཤཱཀྱ་ཐུབ་པ་ཕྱི་ལོ་སྔོན་གྱི་ལོ༥༤༥ ༼མེ་འབྲུག་༽ལ་མྱ་ངན་འདས་པ་ལྟར་ན་ད་ལྟའི་བར་དུ་༢༥༦༣འདས་ཟིན་ལ། སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པའི་དབང་དུ་བྱེད་ན་སྟོན་པས་ཆོས་གསུངས་པ་ནས་༢༦༠༨ཡིན་ལ། ད་བསྟན་པ་ལོ་ལྔ་སྟོང་དུ་གནས་པའི་ལྷག་མ་ལོ་༢༤༣༨ཡོད་པར་སེམས་སོ། །ཀུན་མཁྱེན་དོལ་པོ་པའི་འདས་ཚིགས་ངོས་འཛིན།ཀུན་མཁྱེན་དོལ་པོ་པའི་དངོས་སློབ་ཆོས་གྲགས་དཔལ་གྱིས་ཟླ་བཅུ་གཅིག་པའི་ཚེས་དྲུག་ལ་གསལ་བར་གསུང་པ་མ་ཟད་སྤུར་སྦྱངས་པའི་དུས་ཚེས་ཡང་འདི་ལྟར་རྣམ་ཐར་ཁྱད་འཕགས་སམ་གསལ་སྒྲོན་ལས། སྟག་ལོ་ཟླ་བ་དང་པོའི་ཚེས་དྲུག་ལ་སྤུར་སྦྱངས་པའི་ཚེ་ན་ངོ་མཚར་བའི་ལྟས་ཇི་ལྟ་བུ་བྱུང་ཞེ་ན། ཆུ་འཛིན་བྲལ་བའི་ནམ་མཁའ་དྭངས་པ་ལ། །འཇའ་འོད་ཤིན་ཏུ་གསལ་བའི་ཟླུམ་པོ་མཆོག །ཅེས་གསུངས་པ་འདིས་ཟླ་བཅུ་བའི་ཚེས་དྲུག་ཡིན་པ་གསལ་བར་གསུངས་ལ། གལ་ཏེ་ཟླ་བ་བཅུ་བ་ཡིན་ན་སྟག་ལོའི་ཟླ་བ་༡པོའི་ཚེས་༦ལ་སྤུར་སྦྱངས་བའི་བར་ཞག་དགུ་བཅུ་སོང་བས་མི་ལེགས། བཅུ་གཅིག་པའི་ཚེས་དྲུག་ལ་ཡིན་ན་ཐུགས་དམ་ལ་བཞུགས་རིང་སོགས་མ་རྩིས་ན་དུས་ཕར་ཆེར་འགྲིག་པའོ། །ཞེས་དངོས་གྲུབ་དཔལ་གྱིས།ཇོ་ནང་གི་རྒྱུད་པའི་བླ་མ་འགའི་འཁྲུངས་འདས་ལོ་ཚིགས་ངོས་བཟུང་བ།ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་རབ་བྱུང་བཞི་པའི་ཆུ་ཡོས་ཕྱི་ལོ༡༢༤༣ལ་འཁྲུངས། རབ་བྱུང་ལྔ་པའི་ཆུ་གླང་ཕྱི་ལོ་ ༡༣༡༣ ལོར་འདས། ཇོ་ནང་གི་རྩ་བའི་གདན་སའམ་ཐོག་མའི་དགོན་པ་རི་ཁྲོད་ཆེན་མོ་ནི། གྲུབ་ཐོབ་ཆེན་པོ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་རབ་བྱུང་ལྔ་པའི་ཤིང་རྟ་ཕྱི་ལོ་ ༡༢༩༤ ལོར་གདན་ས་བསྐྱངས་པས་གནས་མིང་ཆོས་བརྒྱུད་ལ་ཐོགས་ནས་ཇོ་ནང་རི་ཁྲོད་ཞེས་གྲགས།ཇོ་ནང་ཕྱོགས་ལས་རྣམ་རྒྱལ། རབ་བྱུང་ལྔ་པའི་མེ་རྟ་ཕྱི་ལོ་ ༡༣༠༦ ལོར་ཡུལ་མངའ་རིས་སུ་འཁྲུངས། རབ་བྱུང་དྲུག་པའི་མེ་སྟག་ཕྱི་ལོ་ ༡༣༨༦ ལོར་སྐུ་གཤེགས།དྲུང་རཏྣ་ཤྲཱིའམ་རིན་ཆེན་དཔལ་ནི། མདོ་ཁམས་རྒྱལ་མོ་ཚ་བ་རོང་ཡུལ་བྱེ་མ་ཐང་དུ་རབ་བྱུང་དྲུག་པའི་ལྕགས་སྟག་ཕྱི་ལོ་༡༣༥༠ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ཡོས་ཕྱི་ལོ་ ༡༤༣༥ ལོར་འདས།ཛམ་ཐང་ཆོས་རྗེ་དགོན་དྲུང་དཀའ་བཞི་རིན་ཆེན་དཔལ་གྱིས་རབ་བྱུང་བདུན་པའི་ལྕགས་འབྲུག་ཕྱི་ལོ་ ༡༤༠༠ ལོར་ཕྱག་བཏབ། རབ་བྱུང་བཅུ་པའི་ཤིང་ཡོས་ཕྱི་ལོ་ ༡༦༡༥ ལོར་རྗེ་བཙུན་ཏཱ་ར་ནཱ་ཐས་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ། དུས་རབས་བཅུ་བཞིའི་དུས་དཀྱིལ་ཙམ་དུ་ཚེས་བཅུ་སྐུ་འཕྲེང་དང་པོ་རཏྣ་ཀིརྟིས་དགོན་འདི་ཕྱག་འདེབས་བྱས་པར་སྣང། ལོ་ཚིགས་གསལ་བོ་མི་འདུག་ལགས། ཛམ་ཐང་གཙང་པ་དགོན་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར་གཙང་པ་ངག་དབང་བསྟན་འཛིན་རྣམ་རྒྱལ་གྱིས་བཏབ། འབའ་མདའ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་རབ་བཅུ་བཞི་པའི་ཤིང་འབྲུག་ཕྱི་ལོ་༡༨༤༤ ལོ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་ལོ་༡༩༠༤ལོར་འདས།ངག་དབང་ཡོན་ཏན་བཟང་པོ་རབ་བྱུང་བཅུ་དྲུག་པའི་ས་སྟག་ཕྱི་ལོ། ༡༩༣༨ ལ་འཁྲུངས། རབ་བྱུང་བཅུ་བདུན་པའི་ཆུ་རྟ་ཕྱི་ལོ་༢༠༠༢ ལོར་འདས།


previousབདག་ཅག་གི་སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་ངོས་འཛིན།next