Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྨོན་ལམ།
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousསྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྨོན་ལམ།next

སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྨོན་ལམ།

སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྨོན་ལམ་བཞུགས་སོ། །

རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །ངན་སོང་ལ་སོགས་སྡུག་བསྔལ་སྲིད་མཚོ་ལ། །སྐྱོ་བ་སྐྱེས་ནས་སྐྱབས་འགྲོར་བྱེད་པ་དང༌། །སྡིག་པ་སྤངས་ནས་དགེ་ལ་བརྩོན་པ་ནི། །སྐྱེས་བུ་ཆུང་དང་ཐུན་མོང་ཡིན་པའི་ལམ། །ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལ་དུ། །ངེས་ནས་ངེས་འབྱུང་སེམས་ཀྱིས་ཟིན་པ་ཡི། །བདེན་བཞི་མི་རྟག་བཅུ་དྲུག་ལམ་བསྒོམ་པ། །སྐྱེས་བུ་འབྲིང་དང་ཐུན་མོང་ལམ་རིམ་ཡིན། །མ་རྒན་འགྲོ་རྣམས་རྫོགས་བྱང་ཐོབ་པའི་ཕྱིར། །ལྷག་བསམ་རྣམ་དག་བྱང་ཆུབ་སེམས་བསྐྱེད་དང༌། །ཕ་རོལ་ཕྱིན་དྲུག་ཐབས་ཤེས་ཟུང་འཇུག་བཅས། །སྐྱེས་བུ་ཆེན་པོའི་ཐུན་མོང་མིན་པའི་ལམ། །དེ་ལྟར་རྣམ་དག་ལམ་གསུམ་ཐོས་བསམ་གྱིས། །ཤེས་ནས་ཉིན་མཚན་དུས་ཀུན་བསྒོམ་པ་ཡིས། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པ་དང༌། །མཐར་ཐུག་སྐུ་བཞིའི་རྒྱལ་སར་གནས་པར་ཤོག །ཅེས་པ་འདི་ནི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྨོན་ལམ་དུ་དངོས་གྲུབ་དཔལ་གྱིས་སྨྲས་པའོ། །


previousསྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྨོན་ལམ།next