Nitartha Digital Library
Tibetan
 
no previousའཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད། no next

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད།

ཨོཾ་སྭ་སྟི། བླ་མ་ཡི་དམ་སངས་རྒྱས་ཆོས་ཚོགས་དང༌། །ཚེ་ཡི་ལྷ་མཆོག་རྣམས་ལ་གསོལ་བ་འདེབས། །བསྟན་འགྲོའི་མགོན་སྐྱབས་བཤེས་གཉེན་དམ་པ་ཡི། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན། །མཆོག་གསུམ་ལྷ་དང་ཆོས་ཉིད་བདེན་མཐུ་དང༌། །བདག་ཅག་སློབ་འབངས་དད་དང་དམ་ཚིག་དང༌། །དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཡིས། །རྗེ་བཙུན་བླ་མའི་ཞབས་པད་བརྟན་གྱུར་ཅིག །ཅེས་པ་འདི་ནི་དངོས་གྲུབ་དཔལ་གྱིས་རང་གི་ཞབས་བརྟན་སྨོན་ཚིག་ཏུ་བྲིས་པའོ། །

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད་རྒྱལ་སྲས་གཞུང་ལམ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད་རྒྱལ་སྲས་གཞུང་ལམ།

ཚོགས་གཉིས་ཆུ་གཏེར་མེར་གྱིས་འཁྱིལ་བའི་དབུས། །བསྐལ་མང་རྙེད་དཀའི་ཀླུ་དབང་གཙུག་གི་ནོར། །གྲངས་མེད་འགྲོ་བའི་གསོས་སུ་རབ་མཛེས་པ། །སྟོན་མཆོག་ཐུབ་པའི་དབང་པོར་གུས་ཕྱག་འཚལ། །རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། །གྲངས་མེད་སྨོན་ལམ་རབ་རྫོགས་ཀུན་ཏུ་བཟང༌། །བློ་སྤོབས་འཛད་མེད་གཞོན་ནུ་ནོར་བཟང་སོགས། །བཟང་པོ་སྤྱོད་མཛད་མ་ལུས་སྐྱབས་སུ་བསྟེན། །ཕྱོགས་དུས་རྒྱལ་བ་ཀུན་ཀྱི་འཕྲིན་ལས་གཟུགས། །བཀའ་དྲིན་འཁོར་མེད་ཕ་མཆོག་བླ་མ་ཡི། །ཞབས་ཟུང་གཙུག་ཏུ་ཉེ་བར་རབ་བཀོད་ནས། །དེང་འདིར་གང་གསུང་སོར་རྩེས་རི་མོར་བྱ། །ཁྱེད་རྣམ་པས་ཁ་སང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཤད་པ་ཞིག་དགོས་ཞེས་རེ་བཞུས་པ་ལྟར་དེ་རིང་འདི་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཚིག་འགྲེལ་ཞིག་ཡནལག་བདུན་པ་ནས་མགོ་བཟུང་སྟེ་ཞུ་རྒྱུ་ཡིན། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལཔོ་ཞེས་བྱ་བའི་སྨོན་ལམ་འདི་ཉིད་ལ་མཚོན་ན། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅདཡོངས་སུ་འདུས་པ་སྨོན་ལམ་གྱི་རྒྱལ་པོ་ལྟ་བུ་རེད། སྨོན་ལམ་འདི་ཉིད་གཅིག་པུར་བཞགཀྱང་མདོ་སྡེ་རང་རྐང་ཚུགས་པ་ཞིག་ཡིན་མོད། སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་འཕགསཔ་སྡོང་པོས་བརྒྱན་པའམ་འཕགས་པ་སྡོང་པོ་བཀོད་པའི་མདོ་ཞེས་བྱ་བའི་མདོ་ལས་བྱུང་བ་ཡིན་ལ། སྡོང་པོ་བཀོད་པའི་མདོ་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་འབྱམས་མཐའ་ཡས་སྟོན་པཞིག་ཡིན་ནོ། །མདོ་སྡེ་དེ་ཉིད་ཀྱི་མཇུག་གི་ཆ་ལ་སྨོན་ལམ་འདི་ཡོད་པ་ཡིན། ཕལ་བོ་ཆེའི་མདོ་སྡེའབྱམས་ཀླས་པ་ཞིག་ཡོད་པ་རྣམས་དམ་པའི་ཆོས་ལ་དགྲ་ལན་གསུམ་ལས་ཕྱི་མ་ན་ཉམས་ཏེ།ད་ལྟ་འདི་ཙམ་ལུས་པར་རྒྱ་གར་ཆོས་འབྱུང་དུ་གསལ་བ་ལྟར་ཡིན། མདོ་སྡེ་གཞན་དང་གཞནདུ་ཡང་སྨོན་ལམ་འདི་ཉིད་བཞུགས་ཡོད་པར་མི་འགལ་ཏེ། དཔེར་ན། འཕགས་པ་ཚིགས་བཅདགཅིག་པ་དང༌། འཕགས་པ་རྟེན་འབྲེལ་སྙིང་པོ་དང༌། ཤེར་ཕྱིན་བརྒྱ་ལྔ་བཅུ་པ་དང༌། སྒོ་ཉེར་ལྔཔ་ལ་སོགས་པ་མདོ་རྒྱུད་དུ་མར་སྣང་བ་བཞིན་ནོ། །འོ་ན་སྨོན་ལམ་འདི་ཐོག་མར་ཇི་ལྟར་བྱུང་སྙམན། སྡོང་པོ་བཀོད་པའི་མདོ་ལས་ཇི་ལྟར་བྱུང་བ་བཞིན་དུ་དོན་བསྡུས་ཏེ་རྗེ་བཙུན་ཆེན་པོ་ཏཱར་ནཱ་ཐའི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་བའི་དབུར་གསུངས་པ་ལྟར་ཞུ་ན།བྱང་ཆུབ་སེམསདཔའ་སེམས་དཔའ་ཆེན་པོ་དག་པའི་ས་ལ་གནས་ངེས་པ་ཞིག་ཚོང་དཔོན་གྱི་ཁྱེའུའི་ཚུལ་བཟུངབ། ནོར་བཟང་ཞེས་བྱ་བ་ཞིག་གིས། འཕགས་པ་འཇམ་དཔལ་ནས་བྱམས་པའི་བར་གྱི་དགེ་བའིབཤེས་གཉེན་བསྟེན་ཏེ། མཐར་དཔག་ཚད་བརྒྱ་རྩ་བཅུའི་ཕ་རོལ་ནས་འཇམ་དཔལ་གྱིས་ཕྱགབརྐྱང་བ། གྲོང་ཁྱེར་ཡིད་བདེ་བ་མངོན་དུ་གྱུར་པ་ཞེས་བྱ་བ་ན་ནོར་བཟང་ཡོད་པའི་སྤྱི་བོར་བཞགསྟེ་ཆེད་དུ་བརྗོད་པ་མཛད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་ཡེ་ཤེས་ཀྱི་སྤྱོད་ཡུལ་མཐའཡས་པ་ཐོབ་པ། འཇམ་དཔལ་གྱི་བྱིན་རླབས་ཀྱིས་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོརལ་འཇུག་ནུས་པར་བྱིན་གྱིས་བརླབས་ཤིང༌། རྡོ་རྗེ་རིན་པོ་ཆེ་པདྨའི་གདན་ལ་བཞག་སྟེ། དེ་བཞིནགཤེགས་པ་རྣམ་པར་སྣང་མཛད་ཀྱི་སེང་གེའི་ཁྲི་ལ་མངོན་དུ་ཕྱོགས་པར་འདུག་གོ། །དེ་ནས་བྱངཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་བའི་ལྟསངོ་མཚར་མཐའ་ཡས་པ་བཅུ་ཚན་གཉིས་ནོར་བཟང་གིས་མཐོང་ངོ༌། །དེ་ནས་འཕགས་པ་ཀུནཏུ་བཟང་པོ་ཉིད་མཐོང་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་འདྲ་བར་སེམས་པ་ལས། སྐདཅིག་དེ་ཉིད་ལ་ཡེ་ཤེས་མཐའ་ཡས་པ་འཕེལ་བར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣངམཛད་ཀྱང་མངོན་སུམ་དུ་མཐོང༌། དེའི་སྤྱན་སྔ་ན་བྱང་ཆུབ་སེམས་དཔའི་འཁོར་གྱི་བྱང་ཆུབ་སེམསདཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་དེ་ཡང་རིན་ཆེན་པདྨའི་ཁྲི་ལ་བཞུགས་པ་མཐོང་སྟེ། དེའི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འཇིགརྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འོད་ཟེར་གྱི་སྤྲིན་མང་པོ་ཐོན་ནས། ནམམཁའི་མཐས་གཏུགས་པ་སྣང་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་ལ་སོགས་པ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོ་ཉི་ཤུལྷག་ཅིག་མཐོང་ངོ༌། །དེ་ནས་ནོར་བཟང་ཡིད་དགའ་བ་དང་བདེ་བ་སྐྱེས་ནས། འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལུས་ཀྱི་ཆ་ཤས་རྣམ་པར་ཕྱེ་ནས། མཐར་བ་སྤུའི་ཁུང་བུ་གཅིག་ལ་ཡང༌། དབུསསུ་མི་མཇེད་འཇིག་རྟེན་གྱི་ཁམས་དང་བཅས་པའི་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་འཇིགརྟེན་གྱི་ཁམས་ཀྱི་བཀོད་པ་མཐའ་དག་དང་དེ་དག་ཀྱང༌། བསྐལ་པ་ཆགས་པ་དང་འཇིག་པའིབར་གྱི་ཚུལ་རྣམས་མ་ལུས་པ། གཟུགས་བརྙན་གྱི་ཚུལ་དུ་མཐོང་ངོ། །ཀུན་ཏུ་བཟང་པོ་དེའིམཚན་བཟང་པོ་རེ་རེ་ལ་ཡང་སྔོན་གྱི་མཐའ་མུར་ཐུག་པའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམསཅད་དང༌། སངས་རྒྱས་རྣམས་དང་འཁོར་གྱི་དཀྱིལ་འཁོར་ཡང་བསྟན། ཕྱི་མའི་མུ་མཐར་ཐུགགི་བར་གྱི་ཡང་བསྟན། སངས་རྒྱས་རེ་རེའི་དྲུང་ན་ཀུན་ཏུ་བཟང་པོ་རེ་རེ་ཡང་འདུག དེ་དག་གིལུས་རེ་རེ་ལ་ཡང་དུས་གསུམ་དུ་བྱུང་བའི་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་ཡང་མངོནཔར་བསྟན་པར་མཐོང། དེ་ནས་ཀུན་ཏུ་བཟང་པོ་ཉིད་ཀྱིས་ད་ལྟ་རྣམ་པར་འཕྲུལ་པ་མཐའ་ཡསཔས་འགྲོ་བའི་དོན་སྤྱོད་ཚུལ་དང༌། སངས་རྒྱས་མཉེས་པར་བྱེད་ཚུལ། དེ་དག་གི་རྒྱུར་སྔོན་བྱངཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པ་སྤྱད་ཚུལ་གསུངས་ཏེ། སངས་རྒྱས་རྣམ་སྣང་གི་སྤྱན་སྔ་ན་བཞུགས་པའི་ཀུན་ཏུ་བཟང་པོས་ཕྱག་བརྐྱང་སྟེ་ནོར་བཟང་གི་སྤྱི་བོར་བཞག་པའི་ཚེ། ཕྱོགསབཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམསན་བཞུགས་པའི། སངས་རྒྱས་རེ་རེའི་ཞབས་འབྲིང་ན་ཡང་ཀུན་ཏུ་བཟང་པོ་རེ་རེ་བཞུགས་པའིཕྱག་གཡས་པའང༌། ནོར་བཟང་གི་སྤྱི་བོར་བཞག་པར་གྱུར་ཅིང༌། ཆོས་ཀྱི་སྒོ་མང་པོ་སྣ་ཚོགསལ་ཞུགས་པར་གྱུར་ཏོ། །དེ་ནས་རྣམ་འཕྲུལ་དེ་ལ་བརྟེན་པའི་ཞུ་ལན་ཅུང་ཟད་མཛད་ནས། རྣམ་འཕྲུལ་དེ་ལྟ་བུའི་རྒྱུ་སྤྱོད་པ་མཐའ་ཡས་པ་སྤྱད་ཚུལ་རྣམས་གསུངས་ཏེ། ངའི་ལུས་རྣམཔར་དག་པ་ལ་ལྟོས་ཤིག་གསུངས་ནས། ཀུན་ཏུ་བཟང་པོའི་བ་སྤུའི་ཁུང་བུ་རེ་རེར་ཡང་སངསརྒྱས་ཀྱི་ཞིང་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། སངས་རྒྱས་ཀྱི་མཛད་པ་སྟོན་པལ་སོགས་པ་མཐའ་ཡས་པའང་མཐོང༌།ཀུན་ཏུ་བཟང་པོའི་གདམས་ངག་དང་རྗེས་སུ་བསྟན་པཡང་ཐོས་ནས་ནོར་བཟང་རང་ཉིད་ཀྱིས་ཀྱང་རྣམ་པར་ཐར་བ་མཐའ་ཡས་པ་དེ་ཐོབ་ནས། དེ་ལྟ་བུ་སྟོན་པར་གྱུར་ཏོ། །དེའི་རྗེས་སུ་འདི་སྐད་ཅེས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའཆེན་པོ་ཀུན་ཏུ་བཟང་པོས་བསྐལ་པ་དང༌། བསྐལ་པ་རྒྱ་མཚོ་འབྱམས་ཀླས་པ་དང༌། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་སྙེད་པོ་དེ་དག་བསྣན་ཏེ་མངོན་པར་བརྗོད་པའི་ཕྱིར། ཚིགསསུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་བཏབ་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་འབྱུང་པ་ཡིན་ནོ། །དེ་ལྟ་བུའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདི་འཆད་པ་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་དོན། ཐ་མར་དགེ་བ་མཇུགདོན་དང་བཅས་ས་བཅད་གསུམ་གྱི་སྒོ་ནས་ཞུ་རྒྱུ་ཡིན། དེའི་ནང་ནས་ཐོག་མར་དགེ་བ་ཀླདཀྱི་དོན་ལ་ཡང་མཚན་དོན་དང༌། འགྱུར་ཕྱག་གཉིས་ཡོད་པ་ལས། མཚན་དོན་བཤད་པ་ལ་སྤྱིརའཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་མིང་ལ་རྒྱ་གར་ལེགས་སྦྱར་སམ་སྐྲི་ཏའི་མཚནགཅིག་དང༌། བོད་གངས་ཅན་པའི་སྐད་ཀྱི་དབང་དུ་བྱས་པའི་མཚན་གཉིས་ཡོད་ལ། དེ་གཉིསཀྱི་ནང་ནས་ཐོག་མར་རྒྱ་གར་ལེགས་སྦྱར་སམ་སྐྲྀ་ཏའི་སྐད་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྒྱ་གར་སྐད་དུ། ཞེས་པ་ནི་རྒྱ་གར་ལ་སྐད་རིགས་ཆེན་པོ་ལྔའམ་བཞི་ཡོད་པ་ལས་དེའི་ནངནས་ལེགས་པར་བཤད་པ་ལེགས་སྦྱར་སམ་སྐྲྀ་ཏའི་སྐད་དུ་ཞེས་གསུངས་པ་དང༌། ཨཱརྱ་ཞེསཔ་ནི་འཕགས་པའི་དོན་དང༌། བྷ་དྲ་ཞེས་པ་བཟང་པོའི་དོན། ཙརྱ་ཞེས་པ་སྤྱོད་པའི་དོན། པྲ་ཎིདྷཱ་ན་ཞེས་པ་སྨོན་ལམ་གྱི་དོན། རཱ་ཛ་ཞེས་པ་རྒྱལ་པོའི་དོན་ལ་སྦྱར་ནས། དེ་ཚུར་བོད་སྐད་དུབསྒྱུར་ན་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་ཞེས་སྦྱར་རོ། །དེའི་དོན་རིམ་བཞིནདུ་ཞུ་ན་འཕགས་པ་ཞེས་པ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་འདི་སྨོན་ལམ་གཞན་དགལས་ཁྱད་པར་དུ་འཕགས་པས་འཕགས་པ་ཞེས་དང༌། བཟང་པོ་སྤྱོད་པ་ཞེས་པ་ནི་བཟང་པོསྤྱོད་པའི་སྨོན་ལམ་འདི་བཟང་པོ་ཡང་ཡིན་སྤྱོད་པ་ཡང་ཡིན་པས་བཟང་པོ་སྤྱོད་པ་ཞེས་འཆདཚུལ་གཅིག་དང༌། ཡང་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་པས་བཟང་པོསྤྱོད་པ་ཞེས་འཆད་དོ། །སྨོན་ལམ་གྱི་རྒྱལ་བོ་ཞེས་པ་ནི་སྨོན་ལམ་ཐམས་ཅད་ཡོངས་སུ་འདུསཔའི་སྨོན་ལམ་རྣམས་ཀྱི་ནང་ནས་སྨོན་ལམ་མཆོག་ཏུ་གྱུར་བ་ཡིན་པས་སྨོན་ལམ་གྱི་རྒྱལ་བོཞེས་འཆད་པ་རེད། འགྱུར་ཕྱག་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཞེས་པ་ནི་སོ་སྐྱེས་ཀྱི་ས་ལས་རིང་དུ་འཕགས་པས་ན་འཕ༷གས་པ༷་དང༌། ཐུགས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པའི་རྩུབ་རེག་མཐའ་དག་དང་བྲལཞིང༌། བྱམས་པ་དང་སྙིང་རྗེ་སོགས་ལྡན་པས་ན་འཇ༷མ་དང༌། སྤངས་རྟོགས་ཀྱི་ཡོན་ཏན་ཕུནསུམ་ཚོགས་པའི་དཔལ་དང་ལྡན་པས་ན་དཔ༷ལ་ཏེ། སྐུ་ལ་མཚན་དཔེས་བརྒྱན་ཅིང་ན་ཚོདབཅུ་དྲུག་ཅན་གྱི་ཤ་ཚུགས་ཀྱི་རྣམ་པར་རོལ་བའི་གཞོ༷ན་ནུ༷་ས་བརྒྱད་པའི་བྱང་སེམས་ཀྱི་ཚུལབཟུང་བ་དེ་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱ༷ག་འཚ༷ལ་ལོ༷་ཞེས་འགྱུར་ཕྱག་མཛད་པ་རེད། འགྱུར་ཕྱག་མཛད་པའི་དགོས་པ་ནི་སྔོན་ལོ་ཙཱ་བ་དག་གིས་བསྟན་བཅོས་འདི་སྒྱུར་བཞིན་པའིསྐབས་སུ་འགྱུར་མཐར་ཕྱིན་པའི་ཆེད་དུ་འགྱུར་ཕྱག་མཛད་པ་དང༌། དེ་ནས་བསྟན་བཅོས་འདིའིཐོག་མར་ཀླད་ཀྱི་དོན་ནི་མཚན་དོན་དང་འགྱུར་ཕྱག་གཉིས་ཀྱི་སྒོ་ནས་ཞུས་ཟིན་པ་ཡིན། བར་དུ་དགེ་བ་གཞུང་དོན། བར་དུ་དགེ་བ་གཞུང་དོན་བཤད་པ་ལ། འཇམ་མགོན་ཏཱ་ར་ནཱ་ཐས་ས་བཅད་བཞག་པ་ལྟརརྒྱུད་དག་པར་བྱ་བ་ཡན་ལག་བདུན་པ། དངོས་གཞི་སྨོན་ལམ་གྱི་རབ་དབྱེ། སྨོན་ལམ་གྱི་མཐའདང་ཕན་ཡོན་བསྟན་པ། ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་བཅས་ས་བཅད་བཞི་ལས། དང་པོ་རྒྱུད་དག་པར་བྱ་བ་ཡན་ལག་བདུན་པ་བཤད་པ་ལ། ཕྱག་འཚལ་བ། མཆོད་པ་འབུལབ།སྡིག་པ་བཤགས་པ། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རངས་བ། ཆོས་འཁོར་བསྐོར་བ། མྱ་ངནལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ། དགེ་བ་བསྔོ་བ་བཅས་ས་བཅད་བདུནལས། དང་པོ་ཕྱག་འཚལ་བ་ལ་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་བ་དང༌། དེ་གསུམ་སོསོས་ཕྱག་འཚལ་བའམ། ཡང་ན་མདོར་བསྟན་རྒྱས་བཤད་རེ་རེའི་སྒོ་ནས་ཕྱག་འཚལ་བ་གཉིསཡོད་པ་རེད། དང་པོ་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །གང་ཇི༷་སྙེ༷ད་སུ༷་ཡོད་པ་དག༷་སྟེ་ཕྱོགས་བཞི་མཚམས་བཞི་སྟེང་འོག་སྟེ་ཕྱོ༷གས་བཅུ༷འི་བདགཉིད་ཅན་གྱི་འཇི༷ག་རྟེ༷ན་ན༷་འདས་པའི་སངས་རྒྱས་དང་མ་འོངས་འབྱོན་འགྱུར་གྱི་སངས་རྒྱསད་ལྟར་བཞུགས་པའི་སངས་རྒྱས་ཏེ་དུ༷ས་གསུ༷མ་གྱི་དེ་བཞིན་གཤེ༷གས་པ༷་དེ་དག་ནི་མི་རྣམསཀྱི་ནང་ནས་མཆོག་ཏུ་གྱུར་བ་མི༷འི་སེ༷ངྒེ༷་གྱུར་བ་ཀུ༷ན་ལ། ཕྱག་འཚལ་མཁན་བད༷ག་གི༷ས་ཕྱགའཚལ་བའི་ཡུལ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྒྱལ་བ་སངས་རྒྱས་རྣམས་གཅིགཀྱང་མ༷་ལུ༷ས་པ་དེ༷་ད༷ག་ཐ༷མས་ཅ༷ད་ལ༷། ལུ༷ས་གུས་པའི་སྒོ་ནས་ཕྱག་འཚལ་བ་ད༷ང༌། ང༷ག་གིསབསྟོད་དབྱངས་སོགས་བརྗོད་པའི་སྒོ་ནས་ཕྱག་འཚལ་བ། ཡི༷ད་ཀྱིས་དད་པ་དང་མོས་པ་སོགསཀྱི་སྒོ་ནས་ཕྱག་འཚལ་བ་སྟེ། ལུས་ངག་ཡིད་གསུམ་གྱིས་ད༷ང་བ༷འི་སྒོ་ནས་ཕྱ༷ག་འཚལ་བརབགྱི༷འོ། །གཉིས་པ་ལུས་ངག་ཡིད་གསུམ་སོ་སོས་ཕྱག་འཚལ་བ་ལ་གསུམ་ལས། དང་པོ་ལུས་ཀྱིས་ཕྱག་འཚལ་བ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་བཟ༷ང་པོ༷འི་སྤྱོ༷ད་པ༷་དེ་ལ་སྨོ༷ན་ལ༷མ་སྨིན་པའི་སྟོ༷བས་སམ་ཡངའཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་འདུན་པའི་སྟོབས་ད༷ག་གི༷ས། ཕྱོགས་བཅུའི་རྒྱ༷ལབ༷་མ་ལུས་པ་ཐ༷མས་ཅ༷ད་རང་གིས་ཡི༷ད་ཀྱི༷་མོས་པའི་ཡུལ་དུ་མངོ༷ན་སུ༷མ་དུ༷་མདུན་དུ་ཡོད་པ་ལྟ་བུར་དམིགས་ནས་རང་གི་ཞི༷ང་གི༷་རྡུ༷ལ་ཕྲ་རབ་ཇི་སྙེ༷ད་ཡོད་པ་དེ་སྙེ༷ད་ཀྱི་གྲངས་དང་མཉམཔའི་རང་གི་ལུས་ཀྱང་དེ་འདྲའི་མང་པོར་སྤྲུལ་ནས་སངས་རྒྱས་རེ་རེའི་མདུན་དུ་ལུས་གྲངསམེད་པ་མང་པོ་ཞིག་གིས་ཐལ་མོ་སྦྱར་ཞིང༌། ཡན་ལག་ལྔ་ས་ལ་གཏུག་ཅིང་ལུ༷ས་ར༷བ་ཏུ་བཏུ༷དཔ༷་ཡི༷་སྒོ་ནས་དུས་གསུམ་གྱི་རྒྱ༷ལ་བ༷་སངས་རྒྱས་ཀུ༷ན་ལ༷་ར༷བ་ཏུ༷་ཡང་ནས་ཡང་དུ་རྟག་ཏུ་ཕྱ༷གའཚ༷ལ་ལོ༷། །སྤྱིར་ཕྱག་འཚལ་བའི་ཕན་ཡོན་ནི། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབཔ་ཡིན་པས་དེ་ལ་ཕྱག་འཚལ་བ་ཡིན་ན་དེའི་རྣམ་པར་སྨིན་པའི་དགེ་བའི་རྩ་བ་དེ་ཡང་བསམགྱིས་མི་ཁྱབ་པ་ཞིག་ཡིན་པར་གསུངས་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡནའདས་ཀྱི་ཞལ་ནས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའངབསམ་མི་ཁྱབ། །ཅེས་གསུངས་པ་དང༌། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ཞལ་ནས་ཀྱང༌། སངསརྒྱས་ཀྱི་ཡོན་ཏན་ཤེས་ནས་དད་པ་ཐོབ་པའི་ཕན་ཡོན་ཞེས་གསུངས་པ་ལྟར་སངས་རྒྱས་ལ་མཆོད་པ་འབུལ་བའི་ཡོན་ཏན། ཕྱག་འཚལ་བའི་ཡོན་ཏན། སངས་རྒྱས་ཀྱི་མཚན་འདོན་པའིཕན་ཡོན་སོགས་ཕན་ཡོན་གྱི་སྐོར་མང་པོ་ཡོད་ཅིང༌། དེ་དག་ནི་ཁྱེད་རྣམ་པ་ཚོས་ངེས་པར་ཤེསདགོས་པ་གལ་ཆེ། སངས་རྒྱས་བཅོམ་ལྡན་འདས་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡིན་པསདེ་ལ་དད་པ་རྣམ་དག་གི་སྒོ་ནས་ཐལ་མོ་ལན་གཅིག་སྦྱར་བ་དང་མཚན་ལན་གཅིག་འདོནཔ། བསྐོར་བ་ལན་གཅིག་ཙམ་བྱས་ན་ཡང་ཕན་ཡོན་དང་དགེ་བ་བསམ་གྱིས་མི་ཁྱབ་པ་ཡོདཔར་གསུངས་ཤིང༌། དེ་ནང་བཞིན་དུ་སངས་རྒྱས་ཀྱིས་གསུངས་པ་ལྟར། གང་གིས་མོས་པཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་དད་པ་རྣམ་དག་གི་སྒོནས་སངས་རྒྱས་ཐམས་ཅད་རང་གི་ཡིད་ཀྱིས་མངོན་སུམ་དུ་དམིགས་ནས་དེའི་ཡོན་ཏན་ལམོས་པ་བྱེད་པ་ཡིན་ན་སངས་རྒྱས་དག་རང་གི་མདུན་དུ་མངོན་སུམ་དུ་བཞུགས་ཡོད་པ་དངཁྱད་པར་མེད་པ་ཡིན་ཏེ། མཁས་གྲུབ་ཆགས་མེད་རིན་པོ་ཆེའི་བདེ་སྨོན་ལས། མོས་གུས་ཕྱགལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ནུབ་ཕྱོགས་བདེ་བ་ཅན་ན་བཞུགས་པའི་སངས་རྒྱས་འོད་དཔག་མེད་ལ་ཐག་རིང་བའདི་ནས་གསོལ་བ་བཏབ་པ་དང༌། ཐག་ཉེ་བ་སྐུ་མདུན་ནས་གསོལ་བ་བཏབ་པ་ལ་ཁྱད་པརམེད་ཅེས་གསུངས་པ་དང༌། དེར་མ་ཟད་རང་རང་སོ་སོ་ལ་དད་པ་དང་དག་སྣང་ཡོད་ན་སངསརྒྱས་ལ་འདྲེན་པའི་ནུས་པ་ཡོད་པར་མ་ཟད་འདྲེན་ཡང་ཐུབ་ལ། དེ་མ་ཡིན་པར་རང་རང་སོ་སོ་ལ་དད་པ་དང་དག་སྣང་མེད་ན་སངས་རྒྱས་ཀྱིས་འདྲེན་ཐབས་མེད་ཅིང༌། བཀའ་གདམསགོང་མ་ཚོས་ཀྱང༌། དད་པའི་ཨ་ལོང་མེད་ན་འདྲེན་པའི་ལྕགས་ཀྱུ་ཡོད་ཀྱང༌། འདྲེན་པའི་ཐབསདང་བྲལ། ཞེས་གསུངས་པ་དང༌། མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོསནི་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་སོགས་གསུངསཔ་ལྟར་སངས་རྒྱས་ལ་དད་པ་དག་སྣང་མེད་ན་དེའི་བྱིན་རླབས་སོགས་ཞུགས་པའི་ཐབས་མེདཔས་སངས་རྒྱས་ལ་དད་པ་དག་སྣང་བྱ་རྒྱུ་ཧ་ལས་པའི་གལ་ཆེན་པོ་རེད། དད་པ་སྔོན་འགྲོ་མལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །ཅེས་གསུངས་པ་ལྟརངེས་པར་དུ་སྔོན་ལ་དད་པ་གལ་ཆེན་པོ་ཡིན་ལ། གལ་སྲིད་ཁྱེད་རང་སངས་རྒྱས་ལ་དདཔ་དང་དག་སྣང་མེད་པ་ཡིན་ན་སངས་རྒྱས་ཀྱིས་ཁྱེད་ཀྱི་དོན་ལ་བརྩོན་ཡང་ཁྱེད་རང་ཐར་བའིལམ་དུ་འགྲོ་བའི་སྐབས་མེད་པས་བསྟན་བཅོས་མངོན་རྟོགས་རྒྱན་ལས་ཀྱང༌། ལྷ་ཡི་རྒྱལ་པོསཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལབ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་པ་ལྟར།ཚང་མས་དེ་ལྟར་ཐུགས་བསམ་བཞེསནས་སངས་རྒྱས་ལ་ཁ་ཙམ་ཚིག་ཙམ་མིན་པར་སེམས་གཏིང་ནས་ཐེ་ཚོམ་ཙམ་ཡང་མེད་པརམོས་གུས་དང་དད་པ་དག་སྣང་བྱེད་རྒྱུ་གལ་ཆེན་ཡིན། རང་རང་སོ་སོས་མཆོག་གསུམ་ལདད་པ་དང་དག་སྣང་བྱས། བློ་ལ་ཐེ་ཚོམ་གྱི་དྲི་མས་མ་བསྒྲིབས། སེམས་གཏིང་ནས་སྐྱབས་སུ་འགྲོ་ཐུབ་ན་མཆོག་གསུམ་གྱི་ང་ཚོ་ངན་སོང་ལས་སྐྱོབ་མི་སྐྱོབ་ཐེ་ཚོམ་ཙམ་ཡང་བྱེད་མིདགོས་ཤིང༌། ང་ཚོ་ངན་སོང་ལས་སྐྱོབས་སྟངས་ནི་བླང་དོར་གྱི་གནས་ཡང་དག་པ་ཞིག་བསྟནཔའི་སྒོ་ནས་སྐྱོབས་ཚུལ་ལས་གཞན་མེད་པ་ཡིན་ཡང་ཁ་ནས་སྐྱབས་སུ་མཆི་ཟེར་ཞོར་བླ་མསབླང་དོར་གྱི་གནས་བསྟན་ཀྱང་ཉམས་ལེན་དང་ལག་ལེན་གང་ཡང་མི་བྱེད་པ་ནི་སྐྱབས་འགྲོརྫུན་མ་ཆགས་པ་ཡིན་ལ། རང་རང་སོ་སོས་ལས་ངན་པ་ཞིག་བསགས་བསགས་ནས་དེའིལས་ཀྱི་རྣམ་སྨིན་མྱོང་མི་དགོས་པར་སངས་རྒྱས་ཀྱིས་འདྲེན་འགྲོ་བར་འདོད་པ་ནི་ནང་ཆོསམ་ཤེས་པའི་རྟགས་རེད། དེ་ནང་བཞིན་སངས་རྒྱས་ཀྱིས་ང་ཚོ་ཐར་བའི་གནས་སུ་རྡོ་འཕང་བ་ལྟར་གནས་གཞན་ཞིག་ལ་འཕེན་འགྲོ་བ་ཡོད་པ་མིན་ཏེ། སངས་རྒྱས་རང་ཉིད་ཀྱིས་ཀྱང༌། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱི། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །ཞེསགསུངས་པ་ལྟར། རང་རང་སོ་སོས་སངས་རྒྱས་ཀྱིས་བླང་བྱ་ཡིན་པར་གསུངས་པ་དག་བླངས། འདོར་བྱར་གསུངས་པ་དག་དོར་ནས་ཉམས་སུ་བླངས་ཏེ་ཐར་བའི་ལམ་དུ་འགྲོ་དགོས་པ་ལྟབུ་ཆགས་ཡོད་པ་དེའི་ཕྱིར། སངས་རྒྱས་ལ་སྐྱབས་སུ་འགྲོ་ན་ཁ་ཙམ་ཚིག་ཙམ་མིན་པར་དོནགྱིས་སྐྱབས་སུ་འགྲོ་དགོས་པ་རེད་མ་གཏོགས་ཁ་ནས་ཁྱོད་སྐྱབས་སུ་བསྟེན་པ་ཡིན་ཞེས་དོནལ་སངས་རྒྱས་ཀྱི་གསུངས་པ་དག་གང་ཡང་ཉམས་ལེན་མི་བྱེད་ན་ཁ་དང་ལག་ལེན་འགལ་འདུག་ཡོད་པས། དེ་འདྲ་མི་གནང་པར་མིང་དང་དོན་མཚུངས་པའི་ཆོས་པ་ཞིག་བྱེད་རྒྱུ་དང་མིང་དང་དོན་མཚུངས་པའི་སྐྱབས་འགྲོ་ཞིག་སྐྱེ་ཨེ་ཐུབ་བལྟ་རྒྱུ་དེ་ཧ་ལས་པའི་གལ་ཆེན་པོ་རེད། དེ་རིང་འདི་ནས་མཚམས་འཇོག་བྱེད་རྒྱུ་ཡིན། ཡང་ཁ་སང་ལུས་ངག་ཡིད་གསུམ་སོ་སོསཕྱག་འཚལ་བ་དེའི་ནང་ནས་ལུས་ཀྱིས་ཕྱག་འཚལ་བ་ཞུས་ཟིན་ནས་དེ་རིང་འདི་ནས་ཡིདཀྱིས་ཕྱག་འཚལ་བ་ཞུ་ན། ཡིད་ཀྱིས་ཕྱག་འཚལ་བ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག ། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་རྡུ༷ལ་གཅི༷ག་གི་གོ་སའི་སྟེ༷ང་ན༷་རྡུ༷ལ་ཇི་སྙེ༷ད་ཡོད་པའམ་ཞིང་ཁམས་མ་ལུས་པའི་རྡུལཇི་སྙེད་ཡོད་པ་དེའི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་རྡུལ་རེ་རེའི་གོ་ས་ན་དུས་གསུམ་གྱིས༷ངས་རྒྱ༷ས་རྣ༷མས་ས༷ངས་རྒྱ༷ས་ཀྱི་སྲ༷ས་བྱང་ཆུབ་སེམས་དཔའི་འཁོར་སྣ་ཚོགས་དང་མཆོད་པའི་བྱེ་བྲག་མཐའ་ཡས་པས་བསྐོར་ནས་སངས་རྒྱས་དག་གཙོ་བོའི་ཚུལ་གྱིས་བྱང་སེམས་དེ་དག་གི་དཀྱིལ་ལམ་དབུ༷ས་ན༷་བཞུ༷གས་པའི་རྒྱལ་བ་ད༷ག དེ༷་ལྟ༷ར་ཆོ༷ས་ཀྱི༷་དབྱི༷ངས་མཐའམེད་པ་བཞིན་དུ་ནམ་མཁའ་ཡང་མཐའ་མེད་པས་ནམ་མཁས་གར་ཁྱབ་པའི་ཞིང་ཁམས་མ༷ལུ༷ས་པ༷་ཐ༷མས་ཅ༷ད་ཀྱི་རྡུལ་རེ་རེའི་སྟེང་ན་བདུད་བཞི་ལས་རྒྱ༷ལ་བ༷་སངས་རྒྱས་བཅོམ་ལྡན་འདས་དང་དེའི་སྲས་བྱང་ཆུབ་སེམས་དཔའ་ད༷ག་གི༷ས་ག༷ང་བ༷ར་མོ༷ས་ནས་དེ་ལ་ཡིད་དང་བའིསྒོ་ནས་ཕྱག་འཚལ་ལོ། །ཞིང་ཁམས་ཀྱི་རྡུལ་རེ་རེའི་སྟེང་ན་སངས་རྒྱས་དང་བྱང་ཆུབ་སེམསདཔའ་མཐའ་ཡས་པའི་བསྐོར་བ་ནི་རྣལ་འབྱོར་བ་དག་གི་བློ་ལ་མི་ཤོང་བ་མེད་པ་དང༌། དེ་ལ་དོགས་པ་མེད་པ་ལྟ་བུ་ཡིན་ཏེ། དཔེར་ན་རྗེ་མི་ལ་རས་པ་མར་མ་ཆུང༌། གཡག་རྭ་ཡར་མཆེ་བར་རྗེ་བཙུན་མི་ལ་གཡག་རྭའི་ནང་དུ་ཤོང་བ་ལྟ་བུ་ནི་གཟུང་འཛིན་རྫས་ཐ་དད་དུ་འཛིནཔའི་འཆིང་བ་ལས་གྲོལ་སོང་བ་ཡིན་ན་དེ་འདྲ་དངོས་སུ་གནང་ཐུབ་པ་ཡིན་ན་ཡང༌། སྐབསའདིར་ལས་དང་པོ་བ་དག་གི་མོས་པ་ཡིད་བྱེད་ཀྱི་ངོར་དེ་འདྲ་སྒོམ་ན་ཡང་ཆོག་ལ། ལས་དངཔོ་བ་ཞིག་གིས་སངས་རྒྱས་གཅིག་ལ་མོས་པ་དང་དང་བ་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བ་ཡིན་ན་སངས་རྒྱས་རེ་རེའི་ཞིང་ཁམས་རབ་འབྱམས་པའི་རྡུལ་ཇི་སྙེད་ཡོད་པ་དེ་སྙེདཀྱི་གྲངས་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ལ་དམིགས་ནས་དེཐམས་ཅད་ལ་ཡིད་དང་བའི་སྒོ་ནས་ཕྱག་འཚལ་བ་ཡིན་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུངབ་རེད། གསུམ་པ་ངག་གི་སྒོ་ནས་ཕྱག་འཚལ་བ་ནི། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །གོང་ནས་ཞུས་ཟིན་པའི་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བའི་མོས་པའི་ཡུལ་དུ་གྱུར་བའིསངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ༷་ད༷ག་གི་བསྔ༷གས་པ༷འམ་བསྟོད་བསྔགས་དག་ཆེསཤིན་ཏུ་གྲངས་མང་བས་མི༷་ཟ༷ད་པ་རྒྱ༷་མཚོ༷་དང་འདྲ་བ་རྣ༷མས། དབྱ༷ངས་ཀྱི༷་ཡ༷ན་ལ༷ག་ནི་གསུངདབྱངས་ཡན་ལག་ལྔའམ་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་གོ་དགོས་ཏེ། རྗེ་བཙུན་ཏཱ་རནཱ་ཐས་ཀྱང་བཟང་སྤྱོད་ཀྱི་འགྲེལ་བའི་སྐབས་སུ་དེ་ལྟར་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབཀྱིས་མཛད་པར་གྲགས་པའི་བཟང་སྤྱོད་འགྲེལ་བའི་སྐབས་ལས་ཀྱང་དེ་ལྟར་གསུངས་འདུག་ཡིན་ན་ཡང་གཞུང་གཞན་རེར་དབྱངས་ཀྱི་ཡན་ལག་ཅེས་པ་ནི་དབྱངས་བསྟོད་ངག་གི་ཚིག་ལ་བྱས་ནས་ཚིག་དེ་བརྗོད་པའི་རྒྱུ་ལྕེ་རྐན་དེ་དག་ལ་ཡན་ལག་ཅེས་སྦྱར་མཁན་ཡང་འདུག གསུང་དབྱངས་ཡན་ལག་ལྔའམ་གསུང་དབྱངས་ཡན་ལག་དྲུག་ཅུར་གྱུར་བའི་སྒྲ་སྐད་ཆེས་གྲངས་མང་བ་རྒྱ༷་མཚོ༷་ལྟ་བུ་མཐའ་ཡས་པའི་སྒྲ༷་སྐ༷ད་སྣ་ཚོགས་པ་ཀུ༷ན་གྱི༷་སྒོ་ནས་རྒྱ༷ལ་བ༷་སངསརྒྱས་ཀུ༷ན་གྱི༷་སྤངས་རྟོགས་ཀྱི་ཡོ༷ན་ཏ༷ན་དེ་དག་ར༷བ་ཏུ་བརྗོ༷ད་ཅི༷ང་སྤངས་རྟོགས་ཡོངས་སུ་རྫོགས་ པའི་བདེ༷་བ༷ར་གཤེ༷གས་པ༷་དེ་དག་ཐ༷མས་ཅ༷ད་ལ་བད༷ག་གི༷ས་སྒྲ་སྐད་སྣ་ཚོགས་ཀྱི་སྒོ་ནས་བསྟོ༷དཔར་བྱ་ཞེས་གསུངས་པ་རེད། བདེ་བར་གཤེགས་ཞེས་པ་ནི་ངེས་དོན་གྱི་དབང་དུ་བྱས་ན་ཡེགདོད་མ་ཉིད་ནས་སྒྲིབ་པ་མ་ལུས་པ་ཡོངས་སུ་སྤངས་པའི་ཆ་ནས་སྤངས་པ་བདེ་བར་གཤེགསཔ་དང༌། རྟོགས་པ་མ་ལུས་པ་ཡོངས་སུ་རྫོགས་པས་ན་རྟོགས་པ་བདེ་བར་གཤེགས་པ་ཞེསསྦྱར་བ་དེ་ཡང་ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་ལས།རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་དང༌། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་སོ། །ལུས་ངག་ཡིད་གསུམ་གྱིས་ཕྱགའཚལ་བ་དེ་རྣམ་པ་ཚང་མར་ཞུས་ཟིན་པ་ལྟར་སངས་རྒྱས་དང་བྱང་སེམས་དག་ལ་དད་པ་རྣམདག་གི་སྒོ་ནས་ཕྱག་འཚལ་བ་དེ་དངོས་གནས་གལ་ཆེན་པོ་རེད། ལུས་ཀྱི་སྒོ་ནས་ཕྱག་འཚལབ་ཡིན་ན་ཡན་ལག་ལྔ་ས་ལ་གཏུག་པ་དང་གནས་གསུམ་ལ་ཐལ་མོ་སྦྱར་བའི་སྒོ་ནས་ཕྱག་འཚལ་དགོས་ལ། ཕྱག་ལ་ཡང་ཆོས་འདུལ་བའི་སྐབས་སུ་ཡན་ལག་ལྔ་ཕྱག་ཅེས་གསུངསཔ་དང༌། མདོ་སྡེ་གཞན་གྱི་སྐབས་སུ་བརྐྱང་ཕྱག་ཅེས་གསུངས་པ་གཉིས་ཡོད་པ་ལས་མདོརན་སངས་རྒྱས་ལ་དད་པའི་སྒོ་ནས་དམིགས་ཏེ་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ་ཡིན་ན་རང་གིལུས་ཀྱིས་ནོན་པའི་སའི་རྡུལ་གྲངས་དང་མཉམ་པའི་འཁོར་ལོའི་བསྒྱུར་རྒྱལ་གྱི་སྐྱེ་བ་ལེནཐུབ་པ་རེད། དེ་ཡང་ཕྱག་འཚལ་བ་ཙམ་གྱིས་དེ་འདྲ་འགྱུར་ཐུབ་ཅེས་གསུངས་པ་མིན་པར་ཡུལ་སངས་རྒྱས་སོགས་ལ་དམིགས་པའི་སྒོ་ནས་ཕྱག་འཚལ་བ་ཡིན་ན་དེ་འདྲ་འགྱུར་ཐུབ་པརེད་མ་གཏོགས། དེ་འདྲ་མིན་པར་འཇིག་རྟེན་གྱི་ལྷ་ཀླུ་མཐུ་བོ་ཆེ་སོགས་དང་རང་ག་བའིམི་སོགས་ལ་ཕྱག་འཚལ་བ་ཡིན་ན་དེ་འདྲ་འོང་མི་ཐུབ། ནམ་རྒྱུན་ང་ཚོས་ཕྱག་འཚལ་སྐབསལུས་ཙམ་དང་ཡིད་ཙམ་གྱིས་ཕྱག་མི་འཚལ་བར་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་རྒྱུ་གལ་ཆེན་པོ་ཡིན་ཞིང༌། ལུས་ཀྱིས་ཕྱག་འཚལ་སྐབས་ངག་གིས་སངས་རྒྱས་ཀྱི་ཡོན་ཏན་བརྗོདཔ་དང་མཚན་སོགས་བརྗོད། ཡིད་ཀྱིས་དང་བའི་དད་པ་བསྐྱེད་པའི་སྒོ་ནས་ཕྱག་འཚལ་བཡིན་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་འོང་ཐུབ་པ་རེད། དེས་མཚོན་པའི་ངཚོས་ནམ་རྒྱུན་འགྲོ་འཆག་ཉལ་འདུག་གང་གི་སྐབས་ཡིན་ན་ཡང་ལུས་ངག་ཡིད་གསུམ་དགེབ་དང་མི་འབྲལ་བ་ཞིག་བྱེད་ཅི་ཐུབ་དགོས་སྙམ་པ་དང་དགོས་སྙམ་པ་ཙམ་གྱིས་མི་འཇོག་པར་ད་ལྟ་ཉིད་ནས་ལག་ལེན་དུ་སྟར་ཅི་ཐུབ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ཡན་དུ་ཡན་ལགབདུན་པའི་ནང་གི་ཕྱག་འཚལ་བའི་སྐོར་དེ་ཞུས་ཟིན་པ་རེད། ཁྱེད་རྣམ་པར་ཁ་སང་ཞུས་ཟིནཔ་ལྟར་སངས་རྒྱས་དེ་དག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡིན་ན་དེ་ལ་ལག་པས་ཐལ་མོ་སྦྱར། ངག་གིས་གསོལ་བ་བཏབ། ཡིད་ཀྱིས་དད་པ་བྱས་པ་ཡིན་ན་དེ་དག་གི་ཕན་ཡོན་ཡངབསམ་གྱིས་མི་ཁྱབ་པ་འབྱུང་བས་ན་ནམ་རྒྱུན་རང་རང་སོ་སོས་བྱ་བ་དོན་མེད་མི་བྱེད་པར་ཕྱག་འཚལ་རྒྱུ་ནི་དངོས་གནས་གལ་ཆེན་པོ་ཡིན་པར་མ་ཟད། རང་གི་ལྷག་པའི་ལྷ་ལ་ཡངཕྱག་འཚལ་རྒྱུ་གལ་ཆེན་ཡིན་པ་རེད། རང་རང་སོ་སོས་གཞུང་གི་གནས་ལུགས་ཤིག་རྟོགསདགོས་ན། ལྷག་པའི་ལྷ་ལ་གསོལ་བ་བཏབ། ཚོགས་བསགས།སྒྲིབ་པ་སྦྱངས། གཞུང་ཆེན་པོལ་ལྟ་རྟོག་མང་དུ་བྱས། དེ་ལ་ཐོས་བསམ་རྒྱ་ཆེན་བྱས་ན་ནམ་ཞིག་ལ་གནས་ལུགས་ཀྱི་དོནདེ་རྟོགས་ཐུབ་པས་ན་ལྷག་པའི་ལྷ་ལ་ཡང་ཕྱག་འཚལ་བ་སྔོན་དུ་འགྲོ་དགོས། གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ལ། བླ་ན་ཡོད་པའི་མཆོད་པ་དང༌། བླ་ན་མེད་པའིམཆོད་པ་གཉིས་ལས། དང་པོ་བླ་ན་ཡོད་པའི་མཆོད་པ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མེ་ཏོག་བཟང་བོའམ་མཆོག་ཏུ་གྱུར་བ་སྣ་ཚོགས་པའི་མེ༷་ཏོ༷ག་ད༷མ་པ༷་རིན་པོ་ཆེའི་ཕྲེ༷ངབ༷་མེ་ཏོག་གི་ཕྲེང་བ་བཟང་པོའམ་མཆོག་ཏུ་གྱུར་བས་ད༷མ་པ༷་ད༷ང་རོལ་མོའི་བྱེ་བྲག་སི༷ལ་སྙ༷ནདང་བརྡུང་བྱ་སྣ་ཚོགས་པའི་རོལ་མོའི་སྒྲ་སྙན་རྣ༷མས་ད༷ང་དྲི་ཞིམ་གྱིས་བྱུ༷ག་པ༷། གོས་སྣ་ཚོགསཀྱིས་བཟོས་པའི་གདུ༷གས་དང་རྒྱལ་མཚན་བ་དན་མཆོ༷ག་ཏུ་གྱུར་བ་དག་ད༷ང༌། རྩི་མར་དངའབྲུ་མར་གྱིས་བྱས་པའི་མ༷ར་མེ༷་སྣང་གསལ་གྱི་མཆོ༷ག་ཏུ་གྱུར་བ་མཐའ་ཡས་པ་ད༷ང༌། སྦྱརབྱུང་གི་བདུ༷ག་སྤོ༷ས་དང་མ་སྦྱར་བའི་བདུག་སྤོས་དྲི་ཞིམ་པོར་གྲགས་པའི་བདུག་སྤོས་ད༷མ་པ༷རྣམས་ཀྱིས་གོང་ནས་རང་གི་མོས་པའི་ཡུལ་དུ་བྱས་པའི་རྒྱ༷ལ་བ༷་དེ༷་ད༷ག་དང་བྱང་སེམས་དགལ༷་ནི༷་མཆོ༷ད་པ༷ར་བགྱི༷་ཞེས་གསུངས་པ་རེད། གོས་སྣ་ཚོགས་ཀྱི་བཟོས་པའི་ན་བཟའམ་ཆོསགོས་དེ་དག་དང་ལྷས་བཟོས་པའི་གོས་སམ་མིས་བཟོས་པའི་གོས་མཆོག་ཏུ་གྱུར་པ་ན༷་བཟ༷འད༷མ་པ༷་རྣ༷མས་ད༷ང༌། དྲི་ཞིམ་པོ་ཁྱད་པར་དུ་འཕགས་པའི་དྲི༷་མཆོ༷ག་ཏུ་གྱུར་པ་ད༷ང༌། དྲི་བཟངགི་ཕྱེ༷་མ༷འི་ཕུ༷ར་མ༷་ཐུམ་བུ་ཐུམ་བུ་བྱས་ནས་སྣ་ཚོགས་པ་སྤུངས་པ་དག་རི༷་ར༷བ་དང་མཉ༷མ་པ༷ད༷ང༌། དེ་དག་ཐམས་ཅད་ཀྱང་བཀོ༷ད་པ༷་ཤིན་ཏུ་མཛེས་པས་ཁྱ༷ད་པ༷ར་དུ་འཕགས་པ་འདི་གོངམ་དག་ལ་རིམ་བཞིན་དུ་སྦྱར་ན་ཆོག་པ་རེད། མེ་ཏོག་བཀོད་པ་ཤིན་ཏུ་མཛེས་པས་ཁྱད་པརདུ་འཕགས་པ་ཞེས་སོགས་སྦྱར་ན་ཆོག་པ་ལ། དེ་འདྲའི་བཀོད་པ་ཁྱད་པར་དུ་འཕ༷གས་པ༷འི་མཆོ༷ག་ཏུ་གྱུར་བ་བླ་ན་ཡོད་པའི་མཆོད་པ་ཇི་སྙེད་ཡོད་པ་དེ་སྙེད་པ་ཀུ༷ན་གྱི༷ས་གོང་ནས་རང་གི་སྒོམ་ཡོད་པའི་བདུད་བཞི་ཕྲ་རགས་ལས་རྒྱ༷ལ་བ༷་དེ༷་ད༷ག་ལ༷་ནི༷་མཆོ༷ད་པ༷ར་བགྱི༷་ཞེས་གསུངསཔ་རེད། མཆོད་པ་འདི་དག་ནི་བླ་ན་ཡོད་པའི་མཆོད་པ་ཡིན་ཞིང༌། ནམ་རྒྱུན་རང་རང་སོ་སོསམཆོད་པ་ཕུལ་བའི་བསོད་ནམས་གསག་རྒྱུ་གལ་ཆེན་ཡིན་ཏེ། འབད་བརྩོན་རི་བོ་ཙམ་ཞིགབྱས་པ་ལས། །བསོད་ནམས་མེ་སྟག་ཙམ་ཞིག་བསགས་པས་དགའ། །ཞེས་གསུངས་པ་དང༌། སྐྱབས་འགྲོའི་བསླབ་བྱའི་དབང་དུ་བྱས་ན་ཡང་ཅི་ཟ་ཅི་འཐུང་གི་མཆོད་པ་ཞེས་གསུངས་པལྟར་ནམ་རྒྱུན་རང་རང་སོ་སོས་ཟ་མ་ཞིག་གསོལ་བ་ཡིན་ན་དེའི་སྐབས་ལ་ཡང་མཆོད་པ་རེའདོན། མཆོད་པ་འདོན་པའི་སྐབས་དེར་ཡང་ཟས་དེ་དག་ཟག་མེད་བདེ་བའི་རང་བཞིན་དུབྱིན་གྱིས་བརླབས་ནས་མཆོག་གསུམ་ལ་མཆོད་པ་འབུལ། ལྷག་མ་དེ་དག་དངོས་གྲུབ་ཀྱི་ཚུལདུ་ཟ་བ་ལས་ཞེན་ཅིང་ཆགས་པའི་སྒོ་ནས་མི་གསོལ་བར་ལུས་འཚོ་བའི་ཆེད་དུ་སྨན་གྱི་འདུཤེས་བཟུང་ནས་གསོལ་དགོས་པ་ཡིན་ལ། དེ་བཞིན་དུ་ཆུ་མཆོད་དང་སྤོས་དང་མཆོད་མེ་དང༌། ཡིད་ཀྱིས་སྤྲུལ་བའི་མཆོད་པ། བདག་པོས་མ་བཟུང་བའི་མཆོད་པ་རེ་ཕུལ་རྒྱུ་དང༌། དབྱརདུས་སུ་མེ་ཏོག་དང་རྩི་ཤིང་སྣ་ཚོགས་མཐོང་ན་ཡང་དེ་དག་མཆོག་གསུམ་ལ་མཆོད་པ་འབུལབ་སོགས་ནམ་རྒྱུན་མཆོག་གསུམ་ལ་མཆོད་པ་འབུལ་རྒྱུ་དེ་གལ་ཆེན་པོ་ཡིན། ང་ཚོ་ལ་མངཚོགས་ཚོས་ཡར་ཅིག་འཕུལ་འོང་བ་ཡིན་ན་དེའི་ལྷག་མ་དག་ཆུད་ཟོས་དང་འཕྲོ་བརླག་ཏུ་མིགཏོང་བའི་ཆེད་དུ་མཆོག་གསུམ་གྱི་ཞིང་ས་རེ་འབུལ་ཅི་ཐུབ་དང་གསུང་རབ་གླེགས་བམ་རེཉོ་རྒྱུ་བྱས་པ་ཡིན་ན་མཆོག་གསུམ་ལ་མཆོད་པ་འབུལ་བ་འོང་གི་ཡོད་པ་རེད། དེ་རིང་འདིནས་མཚམས་འཇོག་གི་ཡིན། མཆོད་པ་འབུལ་བའི་ཡན་ལག་ལ་གཉིས་ལས་བླ་ན་ཡོད་པའི་མཆོད་པ་ཁ་སང་གོང་དུ་ཞུསཟིན་ནས་དེ་རིང་བླ་ན་མེད་པའི་མཆོད་པ་ཞུ་རྒྱུ་ཡིན། བླ་ན་མེད་པའི་མཆོད་པ་ནི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །མཆོ༷ད་པ༷་ག༷ང་བགྱིས་པ་རྣ༷མས་བླ༷་ན་མེ༷ད་པའི་མཆོད་པའོ། །བླ་ན་མེད་པའི་མཆོད་པནི། འཇིག་རྟེན་གྱི་ལྷ་དང་མིའི་མཆོད་པ་ལས་གོང་མར་གྱུར་བའི་མཆོད་པ་དེ་དག་ལ་བྱེད་ཅིང༌། དེའི་མཚན་གཞི་ལྟ་བུར་བཞག་ན་བྱང་སེམས་མཐུ་ཐོབ་པའི་ཏིང་ངེ་འཛིན་གྱི་ངང་གིས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དེ་དག་ནི་བླ་ན་མེད་པའི་མཆོད་པ་ཡིན་ལ། བླ་ན་མེད་པའི་མཆོད་པ་དེ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱས་ཤིང་འགེངས་བའི་ཆ་ནསཤིན་ཏུ་རྒྱ༷་ཆེ༷་བ༷་ཡིན་པར་གསུངས་ཤིང༌། རྒྱ་ཆེ་བ་དེ༷་ད༷ག་གོང་ནས་རྡུལ་གཅིག་སྟེང་ན་རྡུལསྙེད་སངས་རྒྱས་རྣམས་ཞེས་སོགས་ཀྱི་སྐབས་སུ་མོས་པའི་རྒྱ༷ལ་བ༷་སངས་རྒྱས་དང་བྱང་སེམསཐ༷མས་ཅ༷ད་ལ༷་ཡ༷ང་མོ༷ས་ཞེས་གསུངས་པ་དང་སྐབས་འདིའི་རྒྱལ་བ་དེ་དག་ལ་ལྷག་པར་མོསཔ་ནི་བླ་ན་མེད་པའི་དད་པ་ཡིན་པར་གསུངས་པ་རེད། འཕགས་པ་ཀུན་ཏུ་བཟ༷ང་བོ༷འི་སྤྱོ༷ད་པ་ལ༷་ད༷ད་པ༷འི་སྟོ༷བས་ད༷ག་གི༷ས། རྒྱ༷ལ་བ༷་ཐམས་ཅད་དེ་ཀུ༷ན་ལ༷་ཕྱ༷ག་འཚ༷ལ་ཞིང་རྒྱལ་བ་དེདག་ལ་བླ་ན་མེད་པའི་མཆོ༷ད་པ༷ར་བགྱི༷འོ་ཞེས་གསུངས་པ་རེད། བཟང་སྤྱོད་འདིའི་སྐབསསུ་རྒྱལ་བ་ཐམས་ཅད་ལ་ལྷག་པར་མོས་པའི་དད་པ་དང་བཟང་པོའི་སྤྱོད་པ་ལ་དད་པའི་སྟོབསདེ་གཉིས་སྐབས་འདིའི་བླ་ན་མེད་པའི་མཆོད་པའི་ཡན་ལག་ཏུ་བྱས་ནས་གསུངས་ཤིང༌། མདོགཞན་གྱི་སྐབས་སུ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དེ་བཞིན་གཤེགས་པ་རྣམསཀྱི་ཆོས་འཛིན་པ། ཐོས་པས་ཆོས་འཛིན་པ་དེ་རྣམས་ཚུལ་བཞིན་དུ་ཉམས་སུ་ལེན་པ་ནི། བླ་ན་མེད་པའི་མཆོད་པ་ཡིན་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་ལས། ལྷག་མ་གསུམཔོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་བླ་ན་མེད་པའོ། །མཆོད་པ་བླ་ན་མེད་པས་བསོད་ནམས་ཚད་མེད་པ་འབྱུང༌། གསུམ་པོ་གང་ཞེ་ན། བླ་ན་མེད་པར་ཡངདག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོསའཛིན་པ། ཇི་ལྟར་ཐོས་པས་ཆོས་རྣམས་དེ་བཞིན་དུ་བསྒྲུབས་པ་དེ་དག་གོ། །ཞེས་གསུངསསོ། །མདོ་གཞན་ལས་གསུངས་པ་དེ་དང་བཟང་པོ་སྤྱོད་པ་འདིའི་སྐབས་སུ་གསུངས་པ་དེ་གཉིསགནད་གཅིག་པ་ཡིན་ཞེས་འཇམ་མགོན་ཏཱ་ར་ནཱ་ཐས་གསུངས་འདུག སྤྱིར་མཆོད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི་སྒྲུབ་པའི་མཆོད་པ་ཡིན་ཞེས་གསུངས་པ་ལྟར་ཐོས་བསམསྒོམ་གསུམ་གྱི་མཆོད་པ་དང་རང་གིས་དགེ་བའི་རྩ་བ་བསགས་པ་ནི་མཆོད་པ་རྣམས་ཀྱི་ནངནས་མཆོག་ཏུ་གྱུར་བ་ཡིན་པ་རེད། རང་གི་བླ་མ་དགེ་བའི་བཤེས་གཉེན་དག་བསམ་སྦྱོརགཉིས་ཀྱི་སྒོ་ནས་ཞབས་ཕྱི་བསྙེན་བཀུར་ཅི་བྱས་རུང་དྲིན་ལན་གྱི་ཆ་ཙམ་མི་ལོན་ཡང༌། ཇོ་ནང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་བླ་མ་ཁྱེད་ཀྱི་བཀའ་དྲིན་བསམ་པ་ཡིན་ན་སྟོང་གསུམ་རིན་ཆེན་བདུན་གྱིས་རབ་ཏུ་བཀང་ནས་གུས་པས་ཉིན་རེ་བཞིན་དུ་འབུལ་ན་ཡང་བླ་མ་ཁྱེདཀྱི་དྲིན་ལན་གྱི་ཆ་ཙམ་ཡང་ལོན་ཐབས་མི་འདུག དེ་ལས་རྟག་ཏུ་ཚུལ་ཁྲིམས་ལ་གནས། ཐོསཔ་དང་བསམ་པ་གཉིས་ལྡན་པའི་སྒོ་ནས་ཉིན་དང་མཚན་དུ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ལབརྩོན་པར་བྱས་ན་བླ་མ་ཁྱེད་ཀྱི་དྲིན་ལན་ཅུང་ཟད་ལོན་ནམ་སྙམ་ཞེས་གསུངས་པ་ལྟར་ཚངམས་བླ་ན་མེད་པའི་མཆོད་པ་འབུལ་རྒྱུ་གལ་ཆེན་པོ་ཡིན། མཆོད་པ་འབུལ་བའི་ཡན་ལག་ཞུསཟིན་ལ། དེས་ན་རྣམ་པ་ཚང་མས་མཆོད་པ་འབུལ་བའི་ཡན་ལག་སྐབས་སུ་ཞུས་པ་ནང་བཞིནལག་ལེན་དུ་བསྟར་ནས་ཐ་ན་རང་གིས་ཟ་མ་ཟ་བའི་སྐབས་ལའང་མཆོག་གསུམ་ལ་མཆོད་པ་འབུལ་རྒྱུ་དང་མཆོད་མེ་དང་སྤོས་མཆོད་ཆུ་སོགས་མདོར་ན་རང་གི་དངོས་འབྱོར་ཡིད་སྤྲུལགྱིས་མཆོད་པ་རེ་འབུལ་རྒྱུ་དང་རང་གི་ཉིན་གཅིག་གི་ཉམས་ལེན་གྱི་རིམ་པའི་ནང་ལ་མཆོདཔ་འབུལ་བའི་རིམ་པ་རེ་ཡོད་པར་བྱ་དགོས། དེ་ནང་བཞིན་ཁ་སང་གོང་ནས་ཕྱག་འཚལ་བའིཡན་ལག་སྐབས་སུ་ཞུས་པ་ལྟར་དཀོན་མཆོག་གསུམ་ལ་ལག་པས་ཐལ་མོ་སྦྱར། ངག་གིསགསོལ་བ་བཏབ། ཡིད་ཀྱིས་དད་པ་བྱས་པའི་སྒོ་ནས་རང་རང་གི་ཉི་མ་རེ་རེའི་ནང་ལ་མརཉལ་ཁར་ལྟུང་བཤགས་རེ་དང་སྤྱི་བཤགས་རེ་བཏོན་ནས་ཐོག་མེད་ནས་བསགས་པའི་སྡིགཔ་སྤྱི་དང་བྱེ་བྱག་ཁྱད་པར་དུ་ཚེ་འདིར་རང་རང་སོ་སོའི་སོར་བྱང་སྔགས་གསུམ་གྱི་དམ་ཚིགདང་འགལ་བའི་ཉེས་པ་དང་ཁྱད་པར་དུ་ཉིན་དེར་བསགས་པའི་ཉེས་ལྟུང་ཅི་མཆིས་པ་ཐམསཅད་བཤགས་སྡོམ་ལེགས་པར་ཚུལ་བཞིན་དུ་བྱས་ན། མཁས་པའི་སྡིག་པ་ལྕི་ཡང་ཡང༌། །ཞེསགསུངས་པ་ལྟར་སྡིག་པ་དེ་ཞག་དང་མི་འགྲོགས་པར་བྱས་ན་ལྟུང་བའི་འཕེལ་ཁ་ཆད་འགྲོ་བརེད། དེའི་རྒྱུ་མཚན་གྱིས་རང་རང་སོ་སོས་རྒྱུན་ལྡན་གྱི་ཉམས་ལེན་གྱི་ཁྲོད་ལ་དེའི་སྐོར་ལགལེན་དུ་འདེབས་དགོས། ང་ཚོར་བཤད་པ་མང་ལ་ཉམས་སུ་ལེན་པ་དཀོན་སོང་ན་མི་འགྲིགཔས་རང་གིས་གང་ཤེས་ན་དེ་ལག་ལེན་དུ་ངེས་པར་བཏབ་དགོས། གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །སྡིག་པ་མི་དགེ་བའི་རྒྱུ་འདོ༷ད་ཆ༷གས་ཞེ༷་སྡ༷ང་གཏི༷་མུ༷ག་གསུམ་པོའི་དབ༷ང་གི༷ས་ནི༷་ཉེསཔའི་གཞི་ལུ༷ས་ཀྱི་སྒོ་ནས་སྲོག་བཅད་པ། མ་བྱིན་པ་ལེན་པ། འདོད་པའི་ལོག་པར་གཡེམ་པད༷ང༌། ང༷ག་གི་སྒོ་ནས་རྫུན། ཕྲ་མ།ཚིག་རྩུབ། ངག་འཁྱལ་ད༷ང༌། ཡི༷ད་ཀྱི༷ས་ཀྱ༷ང་བརྣབ་སེམས། གནོད་སེམས། ལོག་ལྟ། དེ་དག་གིས་མཚོན་པའི་སྡི༷ག་པ༷་ཕྲ་རགས་བད༷ག་གི༷ས་བགྱི༷ས་པ༷་ཅི༷མཆི༷ས་པ༷་དེ༷་ད༷ག་ཐ༷མས་ཅ༷ད་བཤགས་པ་པོ་བད༷ག་གི༷ས་གོང་ནས་ཕྱག་འཚལ་བའི་སྐབས་སུ་རང་གི་ཡིད་ངོར་མོས་ཡོད་པའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་མདུན་དུ་སོ༷་སོ༷རམི་འཆབ་པོ། །མི་སྦེད་དོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱི་ལེགས་ཞེས་བཤ༷གས་སོ། །བཤགསཚུལ་ནི་ཆགས་མེད་རིན་པོ་ཆེའི་བདེ་སྨོན་ལས། སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབས་ཀྱང་མི་དགེའི་ལས། །ད་ནི་མི་བགྱིད་སེམས་ལ་དམ་བཅའ་བཟུང༌། །ཞེས་གསུངས་པ་ལྟར་སྔར་བྱས་ཀྱི་སྡིག་པ་དག་ཁོག་ལ་དུག་སོང་བ་ལྟར་དུ་འགྱོད་པ་བྱེད། ཕྱིན་ཆད་སྲོག་ལ་འབབ་ཀྱང་མི་བྱེད་སྙམ་པས་ཆོད་སེམས་བརྟན་པོ་ཡོད་དགོས། སངས་རྒྱསབཅོས་ལྡན་འདས་ཀྱིས་མདོ་རྒྱུད་དུ་མར་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་བྱེདཚུལ་ནི་སྡིག་པ་བཤགས་པའི་ཐབས་དམ་པ་ཡིན་ཞེས་གསུངས་པས། སྔར་བྱས་ཀྱི་སྡིག་པཁོག་ཏུ་དུག་སོང་བ་ལྟར་འགྱོད་པ་བསྐྱེད་པ་ནི་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་སྲོགལ་བབས་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བསྐྱེད་པ་ནི་སླར་ལྡོག་པའི་སྟོབས། གཉེན་པོདགེ་བ་གང་དང་གང་སྒྲུབ་ཀྱང་དེ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། རང་རྒྱུད་ལ་སྐྱབསའགྲོའི་སྡོམ་པ་དང་སེམས་བསྐྱེད་ཀྱི་སྡོམ་པ་སོགས་ཡོད་ན་སྡིག་པ་དག་འདག་སླ་བས་རྟེན་གྱི་སྟོབས་སམ་ཡང་ན་ཡུལ་གྱི་སྟོབས་རྡོ་རྗེ་སེམས་དཔའ་སོགས་སྒོམ་པ་ལ་བརྟེན་ནས་སྡིགཔ་བཤགས་པ་ནི་རྟེན་གྱི་སྟོབས་ཡིན་པ་རེད། སྡིག་པ་ལ་འགྱོད་སེམས་སྐྱེས་ན་སྡིག་པ་འདགཐུབ་ལ། བཀའ་གདམས་གོང་མ་ཚོས་ཀྱང༌། སྡིག་པ་ལ་ཡོན་ཏན་མེད་ཀྱང༌། སྡིག་པ་སྦྱང་ན་སྡིགཔ་འདག་པ་སྡིག་པའི་ཡོན་ཏན་ཞེས་གསུངས་པ་ལྟར་རེད། སྤྱིར་སྡིག་པ་མ་བཤགས་པའི་ཉེསཔ་ནི། སྡིག་པ་ལ་འགྱོད་པ་མ་བྱས་ན་སྡིག་པའི་རྒྱུན་འཕེལ་བ་དང༌། ཕྱིན་ཆད་མི་སྡོམ་ན་ལསངན་པ་ཟད་པ་མེད་པར་ཡང་ནས་ཡང་དུ་བསགས་པར་འགྱུར་བས། སྡིག་པ་བཤགས་སྡོམམ་བྱས་ན་སྡིག་པའི་ལས་དེ་ལ་བརྟེན་ནས་རྒྱུན་མར་ངན་སོང་གསུམ་དུ་འགྲོ་དགོས་པས་ཐརབ་མི་ཐོབ་པར་མ་ཟད་མངོན་མཐོ་ལྷ་མིའི་གོ་འཕང་ཙམ་ཐོབ་མི་ཐུབ་པ་རེད། དེས་ན་སྡིགཔའི་ཉེས་དམིགས་ལ་བསམ་བློ་བཏང་ནས་སྡིག་པ་བཤགས་རྒྱུ་གལ་ཆེན་པོ་ཡིན། སྡིག་པབཤགས་པའི་ཕན་ཡོན་ནི། སྔར་བྱས་པའི་སྡིག་པ་ལ་གནོང་འགྱོད་དྲགས་པོ་བྱས་ན་སྔར་གྱི་སྡིག་པའི་རྒྱུན་མི་འཕེལ་བར་ཟད། སྔར་གྱི་སྡིག་པ་བྱས་པ་ཐམས་ཅད་བྱང་ཞིང་དག་པརའགྱུར་ཐུབ་པ་དང༌། ཕྱིན་ཆད་སྡིག་པ་སོགས་ལ་འཛེམས་ཤིང་མི་བྱེད་པ་ཡིན་ན་མི་དགེ་བའིརྒྱུན་ཆད་ནས་ངན་སོང་ལས་བཟློག་ཅིང་མཐོ་རིས་སུ་འགྲོ་ཐུབ་པ་དང༌། དགེ་བའི་ས་བོན་དགཐོས་བསམ་སྒོམ་གསུམ་གྱིས་གསོས་བཏབ་ནས་རིམ་གྱིས་ཐར་བ་དང་ཐམས་ཅད་མཁྱེན་པའིརྒྱུར་འགྲོ་ཐུབ་ཅིང༌། ང་ཚོ་སུ་ཡིན་རུང་ནམ་ཞིག་འཆི་བ་ལས་མ་འདས་པ། འཆི་བའི་ཚེ་ལསདཀར་ནག་གི་རྗེས་འབྲང་དགོས་པ་ཡིན་ལ། དེའི་ཚེ་ཡར་འགྲོ་ས་དང་མར་འགྲོ་ས་གཉིས་ལསམེད་པས་སྡིག་པ་ལ་མི་འཛེམ་དེ་ལ་བཤགས་སྡོམ་མ་བྱས་པ་ཡིན་ན་དེའི་དབང་གིས་ངན་སོངདུ་འགྲོ་བ་དེ་གདོན་མི་ཟ་བ་ཡིན། སྔར་བྱས་པའི་སྡིག་པ་ལ་འགྱོད་སེམས་སྐྱེས་པ་ཡིན་ནསྡིག་པ་འདག་ཐུབ་པ་དང་ཕྱིན་ཆད་མ་བྱས་པ་ཡིན་ན་སྡིག་པ་དེ་དག་མེད་འགྲོ་ལ། སྡིག་པདེ་དག་མེད་སོང་ན། གཞན་གྱིས་ངན་སོང་གསུམ་དུ་བཀྱིགས་ནས་འཕེན་ན་ཡང་འགྲོ་མི་ཐུབལ། དེའི་རྒྱུ་མཚན་གྱིས་སྡིག་པ་བཤག་རྒྱུ་གལ་ཆེན་པོ་ཡིན།བདེ་བ་འདོད་ཀྱང་བདེ་བའི་རྒྱུམི་བསྒྲུབ། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་བསྒྲུབས་པ་ཡིན་ན་རང་གི་འདོད་པ་རང་སྟེངལ་འོང་མི་ཐུབ་པར་མི་འདོད་པ་དེ་དག་རང་སྟེང་ལ་འོང་བ་ཡིན་ཞིང༌། དེ་འདྲའི་ངང་ཚུལ་ནི་ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན་ཞེས་གསུངས་པ་ལྟ་བུ་རེད། དེས་ན་རང་རང་སོསོས་ལས་གང་བྱས་པ་ཡིན་ན་ལས་དེ་དག་བཤགས་སྡོམ་གང་ཡང་མ་བྱས་ན་ངེས་པར་མྱོངདགོས་ཏེ། རང་གིས་ལས་མ་བྱས་པ་དང་མི་འཕྲད། བྱས་པ་རྣམས་ཆུད་མི་ཟ། ཞེས་གསུངས་པསསྡིག་པ་དག་བཤགས་སྡོམ་བྱས་ཏེ། སེམས་ཅན་གཞན་ལ་བརྩེ་བ་དང་སྙིང་རྗེ་སྒོམས། གཞནདག་བདེ་བའི་ཐབས་ལ་བརྩོན་པ་གནང་དགོས། དེ་རིང་འདི་ནས་མཚམས་འཇོག་གི་ཡིན། བཞི་བ་རྗེས་སུ་ཡི་རངས་བའི་ཡན་ལག་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །ཕྱོགས་བཞི་མཚམས་བཞི་སྟེང་འོག་སྟེ་ཕྱོ༷གས་བཅུའམ་ཕྱོགས་བཅུ༷འི་འཇིག་རྟེན་གྱི་ཁམསཇི་སྙེད་ན་བཞུགས་པའི་རྒྱ༷ལ་བ༷་སངས་རྒྱས་ཀུ༷ན་ད༷ང་ས༷ངས་རྒྱ༷ས་ཀྱི་སྲ༷ས་བྱང་ཆུབ་སེམས་དཔའ་དང༌། ར༷ང་རྒྱ༷ལ་རྣ༷མས་ད༷ང་ཉན་ཐོས་ལ་སློ༷བ་ད༷ང་མི༷་སློ༷བ་པ་གཉིས་ལས་སློབ་པ་རྒྱུནཞུགས་དང་ཕྱིར་འོང་ཕྱིར་མི་འོང་སོགས་དང༌། མི་སློབ་པ་ཉན་ཐོས་དགྲ་བཅོམ་ད༷ང༌། ལམ་ལམ་ཞུགས་པའི་འགྲོ༷་བ༷་དྲུག་གི་སོ་སོའི་སྐྱེ་བོ་ཀུ༷ན་གྱི༷་བསོ༷ད་ན༷མས་ཀྱི་དགེ་བ་ག༷ང་ཇི་དང་ཇི་མཆིས་པ་ཐམས་ཅད་ལ༷་ཡ༷ང༌། དེ༷་ད༷ག་ཀུ༷ན་གྱི༷་དགེ་བའི་རྩ་བ་གང་བསགས་པ་ཐམས་ཅད་ཀྱི་རྗེ༷ས་སུ༷་བད༷ག་གིས་ཡི༷་ར༷ང་བར་བྱའོ། །ཞེས་པ་གསུངས་པ་དང༌།གོང་ནས་གསུངས་པ་ལྟརབསོད་ནམས་དེ་དག་དགེ་བའི་རྩ་བ་ཡིན་ལ། མངོན་པ་གོང་འོག་གི་སྐབས་སུ་བསོད་ནམསདང་བསོད་ནམས་མིན་པ་མི་གཡོ་བའི་ལས་ཞེས་བཤད་ཚུལ་ཡོད་ན་ཡང་སྐབས་འདིར་དགེབའི་རྩ་བ་ཐམས་ཅད་ལ་བསོད་ནམས་ཞེས་བཤད་ནས་དེ་ལ་རྗེས་སུ་ཡི་རང་བྱ་ཞེས་གསུངསཔ་རེད། རྗེས་སུ་ཡི་རང་གི་ཡུལ་གྱི་གཙོ་བོ་ནི་གཞན་གྱི་དགེ་བ་ཡིན་ཞེས་རྗེ་ཏཱ་ར་ནཱ་ཐས་བཟངསྤྱོད་ཀྱི་འགྲེལ་བའི་སྐབས་སུ་གསུངས་འདུག རྗེས་སུ་ཡི་རངས་བྱེད་སྟངས་དེ་ཡང་ཕྲག་དོགམེད་པའི་སྒོ་ནས་དགའ་ཞིང་མགུ་བ་བྱེད་དགོས་ལ། སྤྱིའི་ཆ་ནས་གོང་ནས་ཞུས་ཟིན་པའི་ཕྱགའཚལ་བའི་ཡན་ལག་ནི། ང་རྒྱལ་གྱི་གཉེན་པོ་དང༌། མཆོད་པ་འབུལ་བའི་ཡན་ལག་ནི། སེརསྣའི་གཉེན་པོ་དང༌། སྐབས་འདིར་རྗེས་སུ་ཡི་རངས་བའི་ཡན་ལག་ནི། ཕྲག་དོག་གི་གཉེནཔོ་ཡིན་ལ། གཞན་གྱི་དགེ་བ་བྱས་པ་ལ་རྗེས་སུ་ཡི་རངས་བར་བྱས་ན་དགེ་བའི་རྩ་བ་མཉམདུ་ཐོབ་ཅེས་མཁས་གྲུབ་ཆགས་མེད་རིན་པོ་ཆེའི་བདེ་སྨོན་ལས།གཞན་གྱིས་དགེ་བ་བྱེད་པཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་གསུངས་པ་དང༌། རྗེ་ཏཱར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་འཕགས་པ་གཅིག་གི་མངོནཤེས་ཀྱིས་ཐམས་ཅད་མ་འདྲེས་པར་གསལ་བར་སྣང་བར་མཐོང་ལ། དེ་ཐམས་ཅད་ལ་གཅིགཅར་དུ་དམིགས་པ་མེད་པའི་ཡི་རང་ཐུན་གཅིག་ཙམ་བསྒོམས་པས་ཀྱང༌། སེམས་ཅན་དེ་རྣམསཀྱིས་དུས་དེ་ཙམ་དུ་བསགས་པའི་དགེ་བ་དེ་སྙེད་ཅིག་ཡི་རང་དེའི་མཐུ་ལས་སྐད་ཅིག་དེ་ལབྱང་ཆུབ་སེམས་དཔའ་དེའི་རྒྱུད་ལ་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བྱས་པ་ཡིན་ན་དུས་གསུམ་གྱིདགེ་བའི་རྩ་བ་ཐམས་ཅད་ཐོབ་ཐུབ་པས་ན། རང་རྒྱུད་ལ་དགེ་བའི་རྩ་བ་ཐོབ་པར་བྱེད་པདང་མང་བར་འདོད་པ་ཡིན་ན་གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བྱེད་རྒྱུ་གལ་ཆེནཔོ་རེད། སྤྱིར་བཏང་ཕྲག་དོག་ཅེས་པ་ནི་མི་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་རྣམ་པ་ཅནགྱི་སེམས་བྱུང་ཞིག་ཡིན་པས་མི་གཞན་གྱིས་དགེ་བའི་རྩ་བ་བསགས་པ་དང་དེས་མཚོན་པའིརླབས་ཆེན་གྱི་བྱ་བ་གང་དང་གང་བྱས་ཀྱང་དེ་ལ་ཕྲག་དོག་མི་བྱེད་པར་དེ་ལ་རྒྱུས་ལོན་བྱསཏེ་འགྲན་རྩོད་བྱེད་པའི་སྒོ་ནས་རང་ཉིད་ཡར་རྒྱས་སུ་གཏོང་ཐུབ་ན་འགྲིག་འདུག་ཡོད་ཅིང༌། དེ་མིན་པར་ཁ་སང་དེ་རིང་སྤྱི་ཚོགས་ཀྱི་སྒང་ནས་གཞན་གྱི་བྱ་བ་རླབས་པོ་ཆེ་ཞིག་སྒྲུབ་བཞིནཡོད་ན་དེ་ལ་ཕྲག་དོག་བྱས། འགྲེལ་བ་ལོག་པ་བརྒྱབ་ནས་དམའ་འབེབས་ཁྱད་གསོད་དངའབུར་འཇོམས་བྱེད་ཅི་ཐུབ་བལྟ་བ་ནི་ཁྱོན་ནས་མི་འགྲིག་ལ། དེ་ལས་མི་གཞན་དེ་ཁྱད་དུའཕགས་པའི་ཡོན་ཏན་ཅན་ཞིག་ཡིན་ན་རང་ཉིད་དེ་འདྲ་ཞིག་འོང་བ་ལ་བརྩོན་ལེན་བྱེད་དགོསཤིང༌། ཕྲག་དོག་ནི་ཐག་རིང་སར་གཙོ་བོ་མི་སྐྱེ་བར་ཐག་ཉེ་སར་སྐྱེ་བ་ལྟ་བུ་ཞིག་ཡིན་པསམཆེད་གྲོགས་ཕན་ཚུན་བར་དང་གྲོགས་ཕན་ཚུན་བར་ལ་ཡང་ཕྲག་དོག་སྐྱེ་ཉེན་ཆེ་ལ། དེའི་རྒྱུ་མཚན་གྱིས་གྲོགས་ཕན་ཚུན་ལ་བརྩི་བཀུར་དང་གུས་བཀུར་བྱེད་པ་དང་ཡོན་ཏན་ཡོད་ནབརྗོད་རྒྱུ་དང་ཉེས་པ་ཡོད་ན་ཡང་དེ་ལ་སྐྱོན་གྱིས་ཆ་ནས་མི་བལྟ་བར་ཡོན་ཏན་གྱི་ཆ་ནསབལྟས་ཏེ་དེ་ལ་བསྟོད་བསྔགས་དང་ཡོན་ཏན་བརྗོད་དགོས། དེས་ན་ཕྲག་དོག་གི་གཉེན་པོརྗེས་སུ་ཡི་རང་བསྒོམ་རྒྱུ་གལ་ཆེན་ཡིན། ལྔ་བ་ཆོས་འཁོར་བསྐོར་བའི་ཡན་ལག་ནི། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །ག༷ང་སངས་རྒྱས་རྣ༷མས་ཕྱོ༷གས་བཅུ༷འི་འཇི༷ག་རྟེ༷ན་གྱི་མ་རིག་པའི་མུན་པ་སེལ་བྱེད་ཀྱིསྒྲོ༷ན་མ༷ར་གྱུར་བ་སངས་རྒྱས་རྣ༷མས་དང༌། བྱ༷ང་ཆུ༷བ་སྒྲུབ་པར་བྱེད་པའི་ལམ་གྱི་རིམ་པ། ལམལྔ་དང་ས་བཅུ་ལ་སོགས་པའི་རི༷མ་པ༷་མ་ལུས་པ་སྔོན་དུ་སོང་བའི་སྒོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ས༷ངས་རྒྱ༷ས་མ༷་ཆ༷གས་མ་ཐོགས་པར་བརྙེ༷ས་པའི་སངས་རྒྱས་ཀྱི་གོ་འཕངཐོབ་པའི་མགོ༷ན་པོ༷་དེ༷་ད༷ག་ལ། ཞུ་བ་པོ་བད༷ག་གི༷ས་སངས་རྒྱས་དེ་དག་ཐ༷མས་ཅ༷ད་ལ༷་ཆོསཀྱི་འཁོ༷ར་ལོ༷་བླ༷་ན༷་མེ༷ད་པ༷་བསྐོ༷ར་བ༷ར་བསྐུ༷ལ་ཞེས་གསོལ་བ་བཏབ་པ་རེད། རང་གིས་ཡིདངོར་སངས་རྒྱས་དང་བྱང་སེམས་དག་གསལ་བཏབ་ནས་དེ་དག་སངས་རྒྱས་ནས་ཆོས་ཀྱི་འཁོརལོ་བསྐོར་བར་གསོལ་བ་གདབ་དགོས་ཏེ། སྔོན་བདག་ཅག་གི་སྟོན་པ་མཆོག་གིས་སངས་རྒྱསཔའི་མཛད་པ་མཛད་རྗེས་སུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའིཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་ཉིདདུ་གནས་པར་བྱ། །ཞེས་གསུངས་ནས་རེ་ཞིག་ཞག་བཞི་ཅུ་ཞེ་དགུའི་རིང་ལ་ཆོས་མི་བསྟནཔའི་མཛད་ཚུལ་མཛད་པ་དེའི་སྐབས་སུ་ལྷའི་དབང་པོ་བརྒྱ་བྱིན་དང་ལྷ་ཚངས་པ་གཉིས་ཀྱིསཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་དང༌། འཁོར་ལོ་རྩིབས་སྟོང་ཕུལ་ནས་ཆོས་ཀྱི་འཁོརལོ་བསྐོར་བར་གསོལ་བ་བཏབ་པ་ལྟར། རང་རང་སོ་སོས་ཀྱང་ནམ་རྒྱུན་སངས་རྒྱས་དང་བྱངསེམས་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་དགོས། དེས་མཚོན་པའི་རངརང་སོ་སོས་བླ་མ་དགེ་བའི་བཤེས་གཉེན་དག་ལས་དབང་ལུང་ཁྲིད་གསུམ་ཞུ་རྒྱུ་གལ་ཆེནཔོ་ཡིན་པ་རེད། དེ་རིང་འདི་ནས་མཚམས་འཇོག་གི་ཡིན་ལགས། དྲུག་པ་བཞུགས་སུ་གསོལ་བའི་ཡན་ལག་ནི། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་སྒོས་སུ་མྱ༷་ང༷ན་ལས་འད༷འ་བའི་ཚུལ་སྟོ༷ན་པརག༷ང་བཞེ༷ད་པ་དེ༷་ད༷ག་ལ༷། འགྲོ༷་བ༷་སེམས་ཅན་ཀུ༷ན་ལ༷་གནས་སྐབས་ཕ༷ན་ཞི༷ང་མཐར་ཐུག་ཐརབ་ལ་སོགས་པའི་བདེ༷་བ༷འི་ཕྱི༷ར་རམ་བདེ་བ་ཐོབ་པའི་ཆེད་དུ་བསྐ༷ལ་བ༷་ཞི༷ང་གི༷་རྡུ༷ལ་སྙེ༷ད་ཀྱིབར་དུ་གྲངས་མེད་པར་བཞུ༷གས་པ༷ར་ཡ༷ང༌། ཞུ་བ་པོ་བད༷ག་གི༷ས་ལག་ཐ༷ལ་མོ༷་ར༷བ་ཏུ་སྦྱ༷རནས་གསོ༷ལ་བ་འདེབས་པ༷ར་བགྱི༷འོ། །ཞེས་གསུངས་པ་རེད། སྤྱིའི་ཆ་ནས་བདག་ཅག་གི་སྟོནཔ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཚོན་པའི་སངས་རྒྱས་གང་དང་གང་ཡིན་ན་ཡང༌། བཀྲེས་སྐོམ་སྐྱེ་འཆི་སོགས་གང་ཡང་མི་མངའ་བས་དོན་གྱིས་མྱ་ངན་ལས་འདའ་བ་མེད་ནཡང༌། སངས་རྒྱས་དེ་དག་དུས་ལ་མངའ་བརྙེས་པའི་རྒྱུ་མཚན་གྱིས་སེམས་ཅན་གདུལ་བྱ་རྣམསལ་འཕོ་ཚུལ་ཙམ་བསྟན་པ་ཡིན་པར་གསུངས་པ་དང་གདུལ་བྱ་རྟག་འཛིན་ཅན་དག་འདུལ་བའི་ཆེད་དུ་ཡང་དེ་འདྲའི་མཛད་པའི་ཚུལ་བསྟན་པ་ཡིན་པར་གསུངས་ཏེ། བསྟན་བཅོས་རྒྱུདབླ་མ་ལས། ཐུགས་རྗེ་ཆེན་པོའི་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་པ་ནས། ཡོངསསུ་མ་དག་ཞིང་ཁམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང༌། ཀྱེ་རྡོ་རྗེའི་རྒྱུད་ལས། ང་ནི་མྱ་ངན་ཡོངས་མི་འདའ། །དུས་རྣམས་ཀུན་ལ་ང་ཉིད་བཞུགས། །བྱིས་པ་རྣམས་ལ་འཕོབར་བསྟན། །ཞེས་སོ། །དོན་ལ་མྱ་ངན་ལས་འདའ་བ་མེད་ན་ཡང༌། མྱ་ངན་ལས་འདའ་བའིཚུལ་སྟོན་པ་ཐམས་ཅད་ལ་དགོས་པ་འཇིག་རྟེན་དུ་བཞུགས་ན་ཕན་བདེ་མཐའ་ཡས་པ་ལྷུནའགྲུབ་དུ་འབྱུང་བས་འགྲོ་བ་ཀུན་ལ་འཕྲལ་དུ་ཕན་པར་འགྱུར་ཞིང་ཡུན་དུ་བདེ་བའི་ཆེད་དུདུས་ཀྱི་བསྐལ་བ་ཆེན་པོ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་བཞུགས་པར་གསོལ་བ་འདེབསདགོས་ལ། གསོལ་བ་འདེབས་པ་པོས་གསོལ་བ་འདེབས་ཚུལ་དེ་ཡང་ལག་ཐལ་མོ་རབ་ཏུསྦྱར་ནས་གསོལ་བ་འདེབས་དགོས། ཡན་ལག་བདུན་པོ་སོ་སོ་ནས་སྤང་བྱ་རེ་རེའི་གཉེན་པོའགྲོ་ཚུལ་ཡོད་པར་ཁ་སང་གོང་ནས་ཞུས་ཟིན་པ་ལྟར་བཞུགས་སུ་གསོལ་བའི་ཡན་ལག་འདིནི་ལོག་ལྟའི་གཉེན་པོ་འགྲོ་བ་ཡིན། བདུན་པ་བསྔོ་བའི་ཡན་ལག་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །བསྔོ་རྒྱུའི་དགེ་བའི་རྩ་བ་ནི།ཕྱ༷ག་འཚ༷ལ་བའི་དགེ་བའི་རྩ་བ༷་ད༷ང༌། བླ་ན་མེད་པ་དང་བླན་ཡོད་པའི་མཆོ༷ད་པ་འབུལ་བའི་དགེ་བའི་རྩ་བ། སྡིག་པ་བཤ༷གས་པའི་དགེ་བའི་རྩ་བ༷་ད༷ང༌། རྗེ༷ས་སུ༷་ཡི༷་ར༷ང་བའི་དགེ་བའི་རྩ་བ། ཆོས་འཁོར་བསྐོར་བར་བསྐུ༷ལ་བའི་དགེ་བའི་རྩ་བ། མྱངན་ལས་འདའ་བའི་ཚུལ་མི་སྟོན་པར་བཞུགས་པར་གསོ༷ལ་བ༷་བཏབ་པ་ཡི༷ས་བསགས་པའིདགེ༷་བའི་རྩ་བ༷་ཅུ༷ང་ཟ༷ད་གསོག་པ་པོ་བད༷ག་གི༷ས་ཅི༷་བས༷གས་པ༷་ཐ༷མས་ཅ༷ད། བསྔོ་བ་པོ་བད༷གགི༷ས་བསྔོ་ཡུལ་བླ་ན་མེད་པའི་བྱ༷ང་ཆུ༷བ་ཏུ་རང་གཞན་ཐམས་ཅད་བྱང་ཆུབ་ཐོབ་པའི་ཕྱི༷ར་དུབསྔོ་རྒྱུ་བསྔོ་ས་སྔོ་མཁན་སོགས་བདེན་པར་མེད་པར་རྟོགས་པའི་བློས་རྩིས་ཟིན་པའི་སྒོ་ནསབསྔོ༷འོ། །ཞེས་གསུངས་པ་རེད། བསྔོ་བ་བྱས་པ་ལ་ངེས་པར་དུ་རྫོགས་བྱང་ཐོབ་པའི་ཆེད་དུབསྔོ་དགོས་ཏེ། རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་བསྔོས་པ་ཡིན་ན་རང་ཉིད་ལ་བླ་མེདབྱང་ཆུབ་མ་ཐོབ་བར་དུ་དགེ་བ་དེ་དག་གོང་ནས་གོང་དུ་འཕེལ་ཞིང་ཆུད་ཟོས་སུ་མི་འགྲོ་བ་དང༌། བླ་མེད་བྱང་ཆུབ་ཐོབ་ཟིན་པའི་རྗེས་ནས་སེམས་ཅན་གཞན་ལ་མི་གནས་པའི་མྱང་འདསཐོབ་པའི་ཕྱིར་དུ་ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་སྤྱོདཔའི་སྒོ་ནས་བསོད་ནམས་ཀྱི་འབྲས་བུ་ནམ་ཡང་ཟད་པ་མི་སྲིད་ལ། དེའི་རྒྱུ་མཚན་གྱིས་བསྔོབ་གང་བྱས་པ་ཡིན་ན་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་རྒྱུ་གལ་ཆེན་ཡིན། འཕགས་པབཟང་པོ་སྤྱོད་པ་རང་གི་སྐབས་སུ་ཡང༌། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །ཞེས་འདས་མ་འོངས་ད་ལྟར་དུས་གསུམ་དུ་བྱོནཔའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྔོ་བ་ལ་བསྔགས་བརྗོད་དང་བསྟོད་བསྔགས་མཛདཔ་རེད་ཅེས་གསུངས་པས་བསྔོ་བ་བྱེད་རྒྱུ་ནི་གལ་ཆེན་རེད། རང་གིས་དགེ་བའི་རྩ་བ་གང་བྱསན་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ཆེད་དུ་བསྔོས་ན་དེའི་རྒྱུར་གྱུར་པ་དང༌། ཐར་བ་ཐོབ་པཙམ་གྱིས་ཆེད་དུ་བསྔོས་ན་དེའི་རྒྱུ་རུ་གྱུར་པ་རེད། ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོས་པ་ཡིན་ན་དེའི་རྒྱུ་རུ་འགྲོ་བ་ལྟ་བུ་ཡིན་པར་གསུངསའདུག དེ་ཡང༌། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་གསུངས་སོ། །ཡང་དཔེར་ན་ཆུ་ཐིགས་ཤིག་རྒྱ་མཚོའི་ནང་དུ་ལྷུང་པ་ཡིན་ན་རྒྱ་མཚོ་དེ་མ་ཟད་བར་དུ་ཆུ་ཐིགསདེ་ཡང་མི་ཟད་པ་ལྟར། རང་གིས་བསགས་པའི་དགེ་བའི་རྩ་བ་ཞིག་བླ་མེད་རྫོགས་བྱང་དུབསྔོས་ན་བླ་མེད་རྫོགས་བྱང་མ་ཐོབ་བར་དུ་མི་ཟད་ཅེས་འཇམ་དཔལ་གྱིས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་བར་ཏུ་དེ་མི་འཛད། །དེ་བཞིནབྱང་ཆུབ་ཕྱིར་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་ཏུ་དེ་མི་འཛད། །ཅེས་གསུངས་སོ། །རང་རང་སོ་སོས་ཉིན་གཅིག་གི་ཆོས་སྤྱོད་ཀྱི་རིམ་པའི་ནང་ལ་དགེ་བའི་རྩ་བ་ཅི་བྱས་པ་ཐམསཅད་འཁོར་གསུམ་དམིགས་མེད་ཀྱིས་རྒྱས་བཏབ་པའི་སྒོ་ནས་བླ་མེད་རྫོགས་བྱང་དུ་བསྔོ་བ་བྱ་དགོས་ལ། དགེ་བའི་རྩ་བ་ཆེ་ཆུང་ཅི་བྱས་ཀྱང་དེ་དག་ངེས་པར་བསྔོ་དགོས་ཏེ། སངསརྒྱས་བཅོམ་ལྡན་འདས་ཀྱི་ལྟུང་བ་བཤགས་པའི་མདོ་ལས། ཟས་ཁམ་གཅིག་ཙམ་སྦྱིན་པའིདགེ་བའི་རྩ་བ་ཡང་བསྔོ་དགོས་པར་གསུངས་པ་ལྟར། དགེ་བ་ཆུང་ཆུང་ཞིག་ཡིན་ན་ཡང་བསྔོབ་བྱེད་དགོས། དགེ་བ་ཅི་བྱས་ཀྱང་ཐོག་མར་སྐྱབས་འགྲོ་དང་ངེས་འབྱུང་གི་བསམ་པ་སེམསབསྐྱེད་སོགས་ངེས་པར་ཡོད་དགོས་པ་དང༌། བར་དུ་འདོད་ཆགས་ཞེ་སྡང་སོགས་དང་མ་འདྲེསཔའི་ཀུན་སློང་རྣམ་པར་དག་པ་དང༌། རྒྱུའི་ཀུན་སློང་ཡང་རྣམ་པར་དག་དགོས་ལ། མཇུག་ཏུབསྔོ་བ་བྱེད་པ་ཡིན་ན་ཐོག་མར་དགེ་བ་བར་དུ་དགེ་བ་མཐའ་མར་དགེ་བ་ཞེས་གསུངས་པ་ལྟར་ཐོག་མཐའ་བར་གསུམ་གྱི་དགེ་བ་ཞིག་འོང་ཐུབ་པ་རེད། བསྔོ་བ་བྱས་པ་ཡིན་ན་དགེརྩ་དེ་དག་མི་ཟད་པ་དང་དགེ་བ་མང་དུ་འཕེལ་བ་དགེ་རྩ་དེ་དག་ཆུད་ཟོས་སུ་མི་འགྲོ་བ་དང༌། སེམས་ཅད་ཐམས་ཅད་ཀྱི་དོན་ལ་བསྔོས་པ་ཡིན་ན་སེམས་ཅན་གྲངས་མེད་པ་ཡིན་པས་དེརེ་རེའི་དོན་དུ་བསྔོས་པའི་དགེ་རྩ་རེ་རེ་འབྱུང་བས་དགེ་བ་མང་པོ་འབྱུང་ལ། རང་ལ་སྔར་མེདཔའི་དགེ་བ་དེ་དག་བསགས་པ། བསགས་པ་དེ་དག་གོང་འཕེལ་དུ་གཏོང་བ། བསགས་པའིདགེ་རྩ་དེ་དག་ཆུད་ཟོས་སུ་མི་འགྲོ་བ། དེའི་མི་མཐུན་ཕྱོགས་སྡིག་པ་སོགས་འདག་པར་བྱེདཔའི་ཐབས་ལམ་ནི་འདིའི་སྐབས་སུ་བསྟན་པའི་ཡན་ལག་བདུན་པ་ལ་བརྩོན་རྒྱུ་གལ་ཆེནཔོ་ཡིན། དེ་མ་གཏོགས་གནའ་མིའི་ཁ་དཔེར། ཆོས་ཆུང་ཆུང་ཨ་ཁུས་མ་བསྒྲུབས། །ཆོས་ཆེནཔོ་ཨ་ཁུས་མ་འགྲུབ། །དུས་དེང་སང་ཨ་ཁུ་ཆོས་མེད། །ཟེར་བ་ལྟར་མི་གནང་པར་ཆོས་ཆུང་ཆུང་ལ་བརྙས་བཅོས་མི་བྱེད་པར་ཆོས་ཆུང་ཆུང་ནས་བསྒྲུབ་དགོས་ཏེ། དུས་ཚོད་ནི་རིན་ཐངཆེན་པོ་ཞིག་ཡིན་ན་ཡང༌། སྐད་ཅིག་སྐད་ཅིག་གིས་རྫོགས་འགྲོ་བ་ཞིག་རེད། དེས་ན། རངརང་སོ་སོས་དུས་ཚོད་དམ་འཛིན་བྱས་ནས། ཉི་མ་དེ་རིང་ནས། འདུག་ས་འདི་ཉིད་ནས་བཟུངསྟེ་དམ་པའི་ཆོས་ལ་བརྩོན་པ་གནང་དགོས། རྒྱུད་དག་པར་བྱ་བ་ཡན་ལག་བདུན་པ་ཞུས་ཟིནནས་རྩ་བའི་ས་བཅད་གཉིས་པ་སྨོན་ལམ་གྱི་རབ་དབྱེ་བཤད་པ་ལ་རྗེ་ཏཱ་ར་ནཱ་ཐས་ས་བཅདབླངས་པ་ལྟར་མདོར་བསྟན་པ་དང་རྒྱས་པར་བཤད་པ་དོན་བསྡུས་པ་གསུམ་ལས། དང་པ་ོམདོར་བསྟན་ལ་ཚིགས་བཅད་གསུམ་ལས། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་བགྱི། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །འད༷ས་པ༷འི་ས༷ངས་རྒྱ༷ས་རྣ༷མས་ད༷ང་འདས་པའི་སངས་རྒྱས་ཙམ་མིན་པར་ཕྱོ༷གས་བཅུ༷འིའཇི༷ག་རྟེ༷ན་ད༷ག་ན༷་སངས་རྒྱས་ག༷ང་ཇི་སྙེད་བཞུ༷གས་པ་དེ་དག་ཐམས་ཅད་མཆོ༷ད་པའི་བྱེ་བྲགཐམས་ཅད་ཀྱིས་མཆོད་པ༷ར་བགྱི༷་ཡང་ན་འཇིག་རྟེན་དག་ན་གང་བཞུགས་ཟེར་བ་ནི་ད་ལྟའིཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ན་གང་འགྲོ་བའི་དོན་ལ་བཞུགས་པ་ཐམས་ཅད་ལམཆོད་པར་བགྱི་ཞེས་གསུངས་པ་དང༌། ག༷ང་ཡ༷ང་ད་ལྟ་སངས་རྒྱས་ཀྱི་ངོར་མ༷་བྱོ༷ན་པའི་མ་འོངསཔ་ན་འཚང་རྒྱ་འགྱུར་གྱི་བྱང་སེམས་ས་བཅུ་བ་དེ༷་ད༷ག་ར༷བ་ཏུ་མྱུ༷ར་བ༷ར། རང་གི་ཐུགས་དགོངསསམ་བས༷མ་པ་ཐམས་ཅད་ཡོངས་སུ་རྫོ༷གས་ནས་བླ་ན་མེད་པའི་བྱ༷ང་ཆུ༷བ་དེ་རི༷མ་པ༷ར་མྱུར་དུསང༷ས་རྒྱ༷ས་ཀྱི་གོ་འཕང་ཐོབ་པར་སྤྱོ༷ན་ནམ་ཤོག་ཅིག ཅེས་གསུངས་པ་རེད། ཕྱོགས་བཅུ་ག་ལའི་ཞིང་ཁམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང༌། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག ། ཕྱོགས་བཞི་མཚམས་བཞི་སྟེང་འོག་སྟེ་ཕྱོ༷གས་བཅུ༷འི་ག༷་ལ༷འི་ཞི༷ང་ཁ༷མས་ཇི༷་སྙེ༷ད་ཡོད་པ༷དེ༷་ད༷ག་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུར་རྒྱ༷་ཆེ༷་བ་དང༌། སྣོད་བཅུདགཉིས་ཀྱིས་ཡོ༷ངས་སུ༷་དག་ཅིང་ངན་སོང་གི་སྐྱོན་ཐམས་ཅད་དང་བྲལ་ནས་ཡོངས་སུ་ད༷ག་པ༷རགྱུ༷ར་ཅིག་ཅེས་དང༌། བྱ༷ང་ཆུ༷བ་ཀྱི་ཤི༷ང་གི་དབ༷ང་པོའི་དྲུ༷ང་དུ་གཤེ༷གས་ནས་བདུད་བཞི་ཕྲརགས་ལས་རྒྱ༷ལ་བ༷་རྣམས་ད༷ང༌། རྒྱལ་བ་ས༷ངས་རྒྱ༷ས་རྣམས་ཀྱི་སྲ༷ས་བྱང་ཆུབ་སེམས་དཔའརྣམས་ཀྱི༷ས་དེ་འདྲའི་ཞིང་དེར་ར༷བ་ཏུ༷་ག༷ང་བ༷ར་ཤོ༷ག་ཅིག་ཅེས་སྨོན་ལམ་མཛད་པ་རེད། མདོརན། མ་འོངས་པ་ན་རང་ཉིད་སངས་རྒྱས་པའི་ཞིང་དེར་སྣོད་བཅུད་གཉིས་ཀྱིས་དག་པར་སྨོནལམ་བཏབ་པ་དང༌། ད་ལྟར་ཡང་རང་ཉིད་གནས་པའི་ས་ཕྱོགས་འདི་མ་དག་པའི་སྣོད་བཅུདགཉིས་ཀྱིས་དག་ནས་རྒྱ་ཆེ་བར་གྱུར་ནས་རྒྱ་ཆེ་བ་དེའི་དབུས་སུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགསནས་རྒྱལ་བ་དང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བར་མཚམས་མེད་པརཡོངས་སུ་གང་བར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་རེད། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག ། ཕྱོ༷གས་བཅུ༷འི་སེ༷མས་ཅ༷ན་ག༷ང་ཇི༷་སྙེ༷ད་ཡོད་པ༷་དེ༷་ད༷ག་ཐམས་ཅད་རྟ༷ག་ཏུ༷་ན༷ད་ལ་སོགསཔའི་མི་མཐུན་པའི་རྐྱེན་དེ་དག་མེ༷ད་པར་བདེ༷་བ༷ར་གྱུ༷ར་ཅིག་ཅེས་མི་མཐུན་པའི་རྐྱེན་དང་བྲལབའམ་ཞི་བར་སྨོན་ལམ་གནང་བ་དང༌། འགྲོ༷་བ༷་སེམས་ཅན་ཀུ༷ན་གྱི༷་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་བྱེད་ཀྱི་དགེ་བའམ་རྫོགས་པའི་བྱང་ཆུབ་ཐོབ་བྱེད་ཀྱི་དགེ་བའི་རྩ་བའི་ཆོ༷ས་ཀྱི༷སྤྱོད་པ་དོ༷ན་དང་མཐུ༷ན་པ༷ར་གྱུ༷ར་པ་ཐམས་ཅད་ཀྱི་རེ༷་བ༷་འགྲུ༷བ་པ༷ར་ཤོ༷ག་ཅིག་ཅེས་དང༌། ཡངན་འཇམ་མགོན་ཏཱ་ར་ནཱ་ཐས་བཟང་སྤྱོད་འགྲེལ་བའི་སྐབས་སུ་མངོན་མཐོ་ཐོབ་བྱེད་ཀྱི་རྒྱུ་དངཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་རྒྱུར་གྱུར་བའི་སྤྱོད་པ་རྣམས་བྱས་པ་ལ་ཕན་ཚུན་བློ་གྲོསམཐུན་པ་ཞེས་གསུངས་འདུག མདོར་ན་ཆོས་མཐུན་གྱི་མཐུན་རྐྱེན་ཐམས་ཅད་འགྲུབ་པརགྱུར་ཅིག་ཅེས་སམ་ཆོས་དང་མི་འགལ་བར་རེ་བའི་དོན་ཐམས་ཅད་འགྲུབ་པར་ཤོག་ཅིག་ཅེསསྨོན་ལམ་བཏབ་པ་ལྟར། ནམ་རྒྱུན་ཁྱེད་རྣམ་པ་ཚོས་བྱ་བ་གང་དང་གང་བྱས་ན་ཆོས་དང་མཐུནཔའི་བྱ་བ་བསྒྲུབ་དགོས་པ་རེད་མ་གཏོགས། དེ་མིན་པར་མི་ཆོས་ཀྱི་རྩ་བ་ཀུན་དང་མཐུན་པཞེས་ཟེར་བ་ལྟར་ཀུན་དང་མཐུན་པ་བྱེད་དགོས་སྙམ་ནས་ཁྲམ་པ་དང་རྐུན་མ་ལ་མཐུན་པརབྱས། བསྟན་བཤིགས་དང་མཐུན་པར་བྱས། ཆོས་མིན་གྱི་སྤྱོད་པ་ཅན་དང་མཐུན་པར་བྱསན་མི་འགྲིག་ལ། དེས་ན་ནམ་རྒྱུན་གཞན་ལ་ཕན་བཏགས་པ་དང་རོགས་རམ་གང་བྱས་ན་ཡངཆོས་དང་མཐུན་ཞིང་སྡིག་པའི་རྐྱེན་དུ་མི་འགྱུར་བའི་སྒོ་ནས་གཞན་ལ་ཕན་ཅི་ཐོགས་ཀྱི་སྒོནས་ཕན་བཏགས་དགོས་ཤིང༌། ཁ་སང་དེ་རིང་མི་འགའ་རེའི་ནང་ལ་རང་གི་སློབ་མས་ངའིདོན་ལ་དཀའ་ངལ་མང་པོ་བརྒྱབ་སོང་དེའི་རྒྱུ་མཚན་གྱིས་ཁོ་ལ་སྤྲུལ་མིང་རེ་བཏགས་ཟེར་ནསསྤྲུལ་མིང་རེ་བཏགས་བཞག་པ་ཡིན་ན་ཡང་དོན་གྱིས་ཁོ་ལ་གནོད་བསྐྱལ་བ་ཡིན་ཏེ། ཁ་སངདེ་རིང་མི་འགའ་རེ་ལ་སྤྲུལ་མིང་བཏགས་རྗེས་ས་ག་ས་གང་ལ་གྲོང་ཆོག་ལ་རྒྱུག དཀོར་ཟསདཀོར་ཆུ་ཟར་བཅུག་བཅུག་ནས་ཚེ་འདི་མེད་ཕྱི་མེད་ཅིག་བྱས་འགྲོ་བ་ཆགས་འདུག ལས་འབྲསཡང་དག་པ་ཞིག་མ་ཤེས་ན་དཀོར་ཞིག་ཟ་རྒྱུ་རེག་སོང་ན་ཁེ་བཟང་ལོན་སོང་སྙམ་ན་ཡང༌། དད་ཟས་གཤིན་ཟས་ཟེར་བ་དེ་རེག་སོང་ཡང་ཁེ་བཟང་ལོན་པ་མ་རེད། མང་ཆེ་བ་ཞིག་གིསརྒྱ་ནང་ལ་སོང་ནས་སྒོར་མོ་མང་པོ་ཞིག་ལོན་སོང་ན་ཁེ་བཟང་རྩ་ཆེན་པོ་རེག་སོང་བ་གཞིརབཞག་བྱེད་ཀྱིན་འདུག་ཡིན་ན་ཡང༌། རང་རང་སོ་སོ་ལ་ལྷག་བསམ་རྣམ་པར་དག་པ་རེ་ཡོད། བསྟན་པ་དང་དགོན་པའི་དོན་ལ་དཔལ་འབྱོར་དེ་དག་ཡང་དག་པ་ཞིག་གཏང་ཐུབ་མཁནཡིན་ན་ཚོགས་རེ་མི་བསག་ཟེར་ན་དཀའ་མོ་རེད་མ་གཏོགས། ཆོས་བརྒྱད་ཀྱི་བྱ་བ་ཞིག་སྒྲུབཐབས་བྱས་སོང་ན་ཆོས་མ་རེད། འཇིག་རྟེན་རེད། ཆོས་དང་འཇིག་རྟེན་གཉིས་འགལ་བ་རེད། དེ་ལྟར་རྣམ་པ་ཐམས་ཅད་ཀྱིས་མཁྱེན་དགོས། མདོར་བསྟན་གྱི་ཚིགས་བཅད་གསུམ་པོ་འདིསརྫོགས་སྨིན་སྦྱང་གསུམ་ལ་སྨོན་ལམ་མཛད་པ་ཡིན་ཏེ། དང་པོ་འདས་པས་སངས་རྒྱས་རྣམསདང༌། །ཞེས་པ་ནས། སངས་རྒྱས་སྤྱོན་ཞེས་པའི་བར་གྱི་ཚིགས་བཅད་དང་པོ་དེས་སྤངས་རྟོགསརྫོགས་པར་སྨོན་ལམ་མཛད་པ་དང༌། གཉིས་པ་ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །ཞེས་པ་ནས། རབ་ཏུ་གང་བར་ཤོག་ཅེས་པའི་བར་དུ་ཞིང་སྦྱོང་བ་སྨོན་ལམ་མཛད་པ་དང༌། གསུམཔ་ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །ཞེས་པ་ནས་རེ་བའང་འགྲུབ་པར་ཤོགཅེས་པའི་བར་དུ་སྨིན་པར་སྨོན་ལམ་མཛད་པ་རེད། དེ་རིང་འདི་ནས་མཚམས་འཇོག་གི་ཡིན། མདོར་བསྟན་སོང་ཟིན་ནས་རྒྱས་པར་བཤད་པ་ལ། དོན་ཚན་བཅུ་གསུམ་ལས་དེ་རྣམས་ཀྱི་སྡོམ་ནི། རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། སེམས་བསྐྱེད་སྐྱེ་བ་དྲན་དང་རབ་ཏུ་བྱུང། །སྤྱོད་པ་སྤྱི་དང་ཚུལ་ཁྲིམས་མངོན་ཤེས་སྟོན། །བྱང་སེམས་མི་བརྗེད་སྒྲིབ་བྱང་སྐྱོན་གསུམ་གྲོལ། །ཆགས་མེད་ཞི་བདེར་འགོད་དང་རྣམ་འཕྲུལ་ཐོབ། །འགྲོ་དོན་སྤྱོད་དེ་དོན་ཚན་བཅུ་གསུམ་ཡིན། །ཞེས་གསུངས་པ་ལྟར་དང་པོ་སེམས་བསྐྱེད་སྐྱེ་བ། སྐྱེ་བ་དྲན་པ། རབ་ཏུ་འབྱུང་བ་གསུམ་ནི། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག ། བྱ༷ང་ཆུ༷བ་ཀྱི་སྤྱོ༷ད་པ༷་གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པའི་སེམས་བསྐྱེད་དང་མབྲལ་བའི་སྒོ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་རྒྱལ་སྲས་ཀྱི་སྤྱོད་པལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ད༷ག་ནི༷་བད༷ག་གིས་སློབ་པར་འདོད་པའམ་སྤྱོད་པརའདོད་ཅི༷ང༌། འགྲོ༷་བ༷་ཀུ༷ན་ཏུ༷་སྐྱེ༷་བ༷་ཐམས་ཅད་དུ་ཚེ་རབས་ལ་སོགས་པ་དྲ༷ན་པ༷ར་གྱུ༷ར་ཅིང༌། ཚེ༷་ར༷བས་ཀུ༷ན་ཏུ༷་འཆི༷་འཕོ༷་ཞིང་སྐྱེ༷་བ༷་ན༷། རྟ༷ག་ཏུ༷་འཆི་འཕོ་བའི་གནས་སྐབས་ན་ཡང་སེམསབསྐྱེད་དང་མི་འབྲལ་བའི་སྒོ་ནས་སྐྱེ་བ་ཕྱི་མ་ཡང་བད༷ག་ནི༷་ར༷བ་ཏུ༷་འབྱུ༷ང་བ༷ར་ཤོ༷ག་ཅིག་ཅེསསྨོན་ལམ་གནང་བ་རེད། འདིའི་སྐབས་ཀྱི་རབ་ཏུ་འབྱུང་ཚུལ་ལ་གཉིས་ཡོད་པར་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས་སོ་སོའི་སྐྱེ་བོའི་གནས་སྐབས་སུ་ཁྱིམ་སྤངས་ཏེ་རབ་ཏུ་བྱུངནས་སྡོམ་པ་ཡང་དག་པར་བླངས་པས་རབ་བྱུང་དུ་འགྱུར་བ་དང༌། ཐེག་ཆེན་འདི་ལ་འཕགསཔའི་ས་ཐོབ་ཚད་ཆོས་ཉིད་ཀྱི་རབ་བྱུང་ཐོབ་པའོ། །ཞེས་གསུངས་སོ། སེམས་བསྐྱེད་སྐྱེ་བ། སྐྱེ་བ་དྲན་པ། རབ་ཏུ་འབྱུང་བ་གསུམ་ནི་ཚིགས་སུ་བཅད་པ་དང་པོ་འདིའི་སྐབས་སུ་གསུངསཔ་རེད། དོན་ཚན་བཞི་བ་དང་ལྔ་པ་གཉིས་ནི། རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་དང་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པར་སྨོན་པ་ནི། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་བོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག ། རྒྱ༷ལ་བ༷་ཀུ༷ན་གྱི༷ས་གདམས་ངག་ལ་སོགས་པའི་ཆོས་བསྟན་ནས་དེའི་རྗེ༷ས་སུ༷་སློ༷བ་པརགྱུ༷ར་ཏེ༷། ཡང་ན་རྒྱལ་སྲས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པའི་སྒོ་ནས་དེ་དག་གི་རྗེསསུ་སློབ་པར་གྱུར་ཏེ། བཟང་པོ་ཡང་ཡིན་སྤྱོད་པ་ཡང་ཡིན་པས་སམ་འཕགས་པ་ཀུན་ཏུ་བཟངབོའི་སྤྱོད་པའམ་ཀུན་ཏུ་བཟང་བོས་སྤྱད་པའི་སྤྱོད་པ་ཡིན་པས་ན་བཟང་བོ་སྤྱོད་པ་ཞེས་བྱའོ། །བཟ༷ང་བོ༷འི་སྤྱོ༷ད་པ༷་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡང་དག་པར་བསླབ་པའི་སྒོ་ནསཡོ༷ངས་སུ༷་རྫོ༷གས་པར་བྱེ༷ད་པར་གྱུར་ཅི༷ང༌། ཚིག་རྐང་དང་པོ་འདིའི་སྐབས་སུ་བྱང་ཆུབ་སེམསདཔའི་སྤྱོད་པ་སྤྱི་ལ་བདག་གིས་སློབ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་པ་རེད། བྱང་ཆུབ་སེམས་དཔའི་བསླབ་པ་བྱེ་བྲག་གམ་ཁྱད་པར་དུ་ཉེས་སྤྱོད་སྡོམ་པའི་ཚུ༷ལ་ཁྲི༷མས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་སྤྱོ༷ད་པ༷་དེ་དག་ཉོནམོངས་སྤངས་པས་དྲི༷་མ་མེ༷ད་ལ། རང་དོན་ཐེག་པ་དམན་པའི་སེམས་ཀྱིས་མ་གོས་པས་ཡོ༷ངསསུ་ད༷ག་པ༷་དེ་འདྲའི་ཚུལ་ཁྲིམས་རྣམ་པར་དག་པ་དེ་དག་རྟ༷ག་ཏུ༷་ཚུལ་འཆལ་གྱི་ལྟུང་པའི་ཉེསཔས་མ་གོས་པའམ། མ༷་ཉ༷མས་པར་ཚུལ་འཆལ་གྱི་ཉེས་པའི་སྐྱོ༷ན་མེ༷ད་པར་རྟག་ཏུ་སྤྱོ༷ད་པ༷རཤོ༷ག་ཅིག་ཅེས་དང༌། ཡང་ན་སྐྱོན་མེད་པར་ཞེས་པས་ནི་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བལས། བདེན་དངོས་སུ་འཛིན་པ་དང་བྲལ་བས་སྐྱོན་མེད་པ་སྟེ། ཞེས་སྨོན་ལམ་མཛད་པ་རེད། ཚིག་རྐང་ཕྱི་མ་འདིས་བྱང་ཆུབ་སེམས་དཔའི་བྱེ་བྲག་གི་སྤྱོད་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལསྨོན་ལམ་མཛད་པ་རེད། དོན་ཚན་དྲུག་པ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་ཆོས་སྟོན་པ་ནི། ལྷ་ཡི་སྐད་དང་ཀླུ་དང་གནོན་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །བྱང་སེམས་མཐུ་ཐོབ་པའི་དབང་དུ་བྱས་ན། ལྷ༷་ཡི༷་སྐ༷ད་ད༷ང༌། སྐབས་འདིའི་ལྷ་ནི་འདོད་ལྷརིགས་དྲུག་ལ་བྱེད་པ་ཡང་ཡོད། ཀླུ༷འི་སྐད་ད༷ང༌། གནོ༷ན་སྦྱི༷ན་གྱི་སྐ༷ད། སྤྱིར་གནོན་སྦྱིན་ནི་རྒྱལཆེན་རིགས་བཞིའི་ལྷ་རྣམས་ལ་གནོན་སྦྱིན་ཞེས་གྲགས་ཀྱང་འདིར་ནི་བར་སྣང་ལ་རྒྱུ་བ། སསྟེང་ལ་རྒྱུ་བའི་མདངས་འཕྲོགས་པ་དེ་དག་ལ་རྗེ་ཏཱ་ར་ནཱ་ཐས་སྦྱར་འདུག གྲུ༷ལ་བུ༷མ་གྱི་སྐདད༷ག་ད༷ང༌། གྲུལ་བུམ་ནི་གཤིན་རྗེའི་རིགས་སུ་གཏོགས་པ་ཡི་དྭགས་ཀྱི་འགྲོ་བའི་ཁྱད་པརརོ། །མི༷་ཡི༷་སྐ༷ད་རྣ༷མས་ད༷ང༌། དེས་མཚོན་པའི་འགྲོ༷་བ༷་ཀུ༷ན་གྱི༷་སྒྲ༷་སྐད་སྣ་ཚོགས་པ་རྣ༷མས་ཇི༷་ཙ༷མ་ཡོད་པ་དེ་དག་ཐ༷མས་ཅ༷ད་ཀྱི་སྐ༷ད་དུ༷་བད༷ག་གི༷ས་སེམས་ཅན་འགྲོ་བ་གང་ལ་གང་གདུལདགོས་པ་ཐམས་ཅད་ལ་སྒྲ་སྐད་དེ་དང་དེའི་སྒོ་ནས་ཆོས་ཉན་པར་འདོད་པའི་འགྲོ་བ་དེ་དངདེ་ལ་ཆོ༷ས་བསྟ༷ན་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་པ་རེད། དོན་ཚན་བདུན་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ནས། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །དེ༷ས་ཤི༷ང་ཞེས་པ་ནི་རྒྱུད་འཇམ་པ་ཡིན་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཟངསྤྱོད་འགྲེལ་བ་ལས། དེས་ནི་རྒྱུད་འཇམ་པའོ། །ཞེས་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོའིབཟང་སྤྱོད་འགྲེལ་བ་ལས། དེས་ནི་སེམས་རྒྱུད་འདུལ་བའོ། །ཞེས་སོ། །དེས་ན་དེས་ཤིང་ཞེསཔ་ནི་སེམས་ཉོན་མོངས་པའི་རྩུབ་རགས་དང་བྲལ་ཞིང༌། བྱམས་བརྩེ་དང་ལྡན་པའི་སེམསདེས་ཤིང་ཕ༷་རོ༷ལ་ཏུ་ཕྱི༷ན་པ་དྲུག་ལ༷་ར༷བ་ཏུ་བརྩོ༷ན་ཏེ༷། སྐྱེ་བ་ནས་ཚེ་རབས་དུ་མའི་བར་དུ་བྱ༷ངཆུ༷བ་ཀྱི་སེ༷མས་ནི༷་དུས་དང་གནས་སྐབས་ཐམས་ཅད་དུ་ན༷མ་ཡ༷ང་བརྗེ༷ད་པར་མ༷་གྱུ༷ར་ཅིག་ཅེསསྨོན་ལམ་གནང་བ་དང༌། སྐབས་འདིའི་བྱང་ཆུབ་ཀྱི་སེམས་ལ་ཀུན་རྫོབ་སེམས་བསྐྱེད་དངདོན་དམ་སེམས་བསྐྱེད་གཉིས་ཡོད་པར་རྗེ་ཏཱ་ར་ནཱ་ཐས་གསུངས་འདུག དེས་ན་རྣམ་པ་ཚངམས་བཟང་སྤྱོད་ཀྱི་སྨོན་ལམ་འདི་ཤེས་རྒྱུ་གལ་ཆེན་པོ་རེད། སྤྱིར་ན་མི་སུ་ཡིན་རུང་བཟངསྤྱོད་ཀྱི་སྨོན་ལམ་འདི་ཞལ་འདོན་གནང་འོང་དུས་ཀུན་སློང་གི་སྟེང་ནས་གཙོ་བོ་ཚེ་ཕྱི་མ་ཕནཔ་ལས་ཚེ་འདི་ལ་དེ་འདྲའི་ཕན་པ་མེད་མདོག་དང༌། གསོལ་ཁ་དང་ཟབ་མདོ་སོགས་ཞལའདོན་གནང་ན་ཚེ་འདིར་བསམ་འདུག་ཡོད་པ་དེ་འདྲའི་གོམས་གཤིས་ཤིག་ཆགས་ཚར་འདུག་ཚེ་ཕྱི་མ་དང་ཚེ་འདི་གཉིས་ལས་གཙོ་བོ་ཚེ་འདིར་ཞེན་ནས་མང་ཆེ་བས་གསོལ་ཁ་དང་ཟབ་མདོ་སོགས་བཟློག་བསྒྱུར་མང་པོ་ཞལ་འདོན་གནང་གིན་འདུག རེད་དེ། ང་ཚོས་གཙོ་བོ་ཚེ་ཕྱིམ་ལ་བསམ་གཞིག་བཏང་ནས་ཆོས་བསྒྲུབ་དགོས་པ་རེད་མ་གཏོགས། ཚེ་འདི་ལ་ཞེན་ནསཆོས་སྒྲུབ་པ་ཡིན་ན་ཆོས་པ་རྣམ་དག་ཅིག་འོང་མི་ཐུབ་པས་རྣམ་པ་ཐམས་ཅད་ཀྱིས་ཚེ་འདི་ལས་ཕྱི་མའི་དོན་ལ་གཙོ་བོར་འབད། ཕྱི་མའི་ནང་ནས་ཀྱང༌། ཐར་བ་དང་ཐམས་ཅད་མཁྱེནཔའི་གོ་འཕང་ཐོབ་པའི་ཆེད་ངེས་པར་དུ་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས་ལ། ཆོསརྣམ་པར་དག་པ་ཞིག་སྒྲུབ་ན་ཀུན་སློང་ཀུན་སྤྱོད་གཙང་མ་ཞིག་གནང༌། ཐོག་མར་སྐྱབས་འགྲོདང་འཁོར་བར་ཞེན་ལོག་གི་བསམ་པ་རེ་སྐྱེས་ནས་དེ་ལས་ཐར་བའི་ཆེད་དུ་ཆོས་རྣམ་པར་དགཔ་ཞིག་སྒྲུབ་པར་བསམ་པ་དང་ཐེག་ཆེན་སེམས་བསྐྱེད་ཀྱིས་རྩིས་ཟིན་པའི་སྒོ་ནས་ཆོས་སྒྲུབསྟེ། ང་ཚོས་ཐོས་བསམ་སྒོམ་གསུམ། ཁ་ཏོན་བཟླས་བརྗོད། འཆད་རྩོད་རྩོམ་གསུམ་གང་བྱསཀྱང་ཆོས་རྣམ་པར་དག་པ་འོང་མིན་ནི་ཀུན་སློང་ལ་རག་ལས་པས་ཀུན་སློང་རྣམ་པར་དག་པཞིག་བྱེད་རྒྱུ་གལ་ཆེན་ཡིན། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་གསུང་པའི་སྐབསཡིན་ན་ཡང༌། ཀུན་སློང་རྣམ་དག་ཅིག་བྱས་པའི་སྟེང་ནས་གསུངས་ན་འཕགས་པ་བཟང་པོསྤྱོད་པ་རང་གི་སྐབས་སུ་ཕན་ཡོན་གསུངས་པ་ལྟར་ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བ་དང༌། མཚམས་མེད་པ་ལྔའི་སྡིག་པ་དག་བྱང་ཐུབ་པ། རིང་པོར་མི་ཐོགས་པར་བླ་མེད་རྫོགས་བྱངཐོབ་ངེས་པ། དེར་མ་ཟད། ཚེ་འདིར་ཡང་འགལ་རྐྱེན་བར་ཆད་མང་པོ་སེལ་ཐུབ་པ་བཅས་ཀྱིཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པས་འདི་གསུངས་སྐབས་རབ་ན་ཚིག་རྗེས་དོན་དྲན་དང༌། དེ་མ་ཐུབ་ན་ཡང་དད་པ་རྣམ་དག་གི་སྒོ་ནས་གསུངས་ན་ཕན་ཡོན་དེ་དག་ངེས་པར་འབྱུང་གིརེད། ང་ཚོ་ནི་རབ་བྱུང་གི་ལམ་ཁར་ཞུགས་ཚར་བ་ཡིན་པས་ཆོས་པ་རྣལ་མ་ཞིག་ཨེ་འཁྱོངསབལྟ་དགོས་ཤིང༌། ཆོས་པ་ཡང་དག་པ་ཞིག་བྱེད་འདོད་པ་ལ་དང་པོ་ནང་པའི་ཆོས་ཤེས་དགོསཏེ། ནང་པའི་ཆོས་ལ་ཐོས་པ་བྱེད་པ་ལ་ངེས་པར་ཚུལ་ཁྲིམས་སྔོན་དུ་འགྲོ་དགོས་པ་དང༌། ཚུལཁྲིམས་ཀྱིས་གཞི་བཟུང་པའི་སྟེང་ནས་ཐོས་པ་བྱེད་པ་དང༌། ཐོས་པ་སྔོན་དུ་སོང་ནས་བསམབྱུང་གི་ངེས་པ་རྙེད་དགོས། དེ་གསུམ་གྱི་ཆ་རྐྱེན་ཚང་སོང་བའི་རྗེས་སུ་ངེས་པར་སྒོམ་བྱེད་དགོསཏེ། སྒོམ་མ་བྱེད་ན་འཁོར་བའི་རྩ་བ་ནི་མ་རིག་པ་ཡིན་པས་དེའི་གཉེན་པོ་རིག་པ་ཡེ་ཤེསབསྐྱེད་དགོས་པ་ལས་གཞན་འཁོར་ལོ་བསྐོར་བ་དང་ཕྱག་འཚལ་བ་ཙམ་གྱིས་བསོད་ནམསཀྱི་ཚོགས་རེ་བསགས་པ་ལས་འཁོར་བ་ལས་ཐར་མི་ཐུབ། དེས་ན་བདག་འཛིན་གྱི་གཉེན་པོལ་ངེས་པར་བདག་མེད་རྟོགས་པའི་ཤེས་རབ་བསྒོམ་དགོས་ཏེ། རྗེ་ཏཱ་ར་ནཱ་ཐས། གང་ཟགབདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངསཔ་དང༌། ངེས་པར་དུ་བདག་འཛིན་སྤངས་པ་ལ་དེའི་ཞེན་ཡུལ་མེད་པར་མ་རྟོགས་པར་དེ་སྤངསཔའི་ཐབས་མེད་ཅེས་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། འདི་ཡུལ་སུན་བྱུངམེད་པ་ཡི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་པ་ལྟར་དོན་ལ་བསམ་གཞིག་གཏང་རྒྱུ་གལ་ཆེན་པོ་རེད། ཚིག་འདོན་པ་ནི་དོན་ལ་བསམ་བློ་གཏོང་བའི་ཆེད་ཡིན་པ་དང་ཚིགའདོན་པ་ལས་དོན་བསམ་པ་བརྒྱ་འགྱུར་སྟོང་འགྱུར་གྱི་ཕན་ཡོན་ཆེ་བ་ཡིན་པར་ཤེས་དགོས། ང་ཚོས་ལོ་གཅིག་ལ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཚིག་ཙམ་འདོན་པ་ལས་དོན་ལ་བསམནས་ཉིན་གཅིག་ལ་བཏོན་ན་ཕན་ཡོན་དེའི་ཆེ་བས་ངས་ད་ལོར་ཁྱེད་རྣམ་པར་བཟང་པོ་སྤྱོདཔའི་སྨོན་ལམ་ཞིག་ཞུས་པ་ཡིན་ན་ཁྱེད་རྣམ་པས་ཀྱང་དོ་སྣང་བྱོས། རང་རང་སོ་སོས་འདིའིའགྲེལ་བ་ཁག་ལ་དཔེ་ཀློག་རེ་བྱེད་དགོས་པ་རེད་མ་གཏོགས། ངས་འདི་ནས་ཁྱེད་རྣམ་པརཤར་མར་ཅིག་ཞུས་བཞག་པ་ཙམ་གྱིས་ཁྱེད་རྣམ་པས་ཡིད་ལ་འཛིན་མི་ཐུབ་ན་ཡང༌། ངས་འདིནས་ཅིག་ཞུས་པ་ནི་ཁྱེད་རྣམ་པས་དོན་གཉེར་ཞིག་གནང་བའི་འགོ་འདྲེན་རེ་ཨེ་ཐུབ་སྙམ་པཡིན་པས་ཁྱེད་རྣམ་པ་ཚོས་ཀྱང་དེ་ནང་བཞིན་དུ་དོ་སྣང་རེ་བྱེད་རོགས་ཞུ། དེ་རིང་འདི་ནསམཚམས་འཇོག་གི་ཡིན། དོན་ཚན་བརྒྱད་པ་དང་དགུ་པ་བཅུ་པ་གསུམ་སྟེ་སྡིག་སྒྲིབ་སྦྱང་པ་དང༌། སྐྱོན་གསུམ་ལས་གྲོལབ་དང༌། མ་ཆགས་པར་སྨོན་པ་རྣམས་ནི། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག ། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག ། ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང༌། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །སྡི༷ག་ཏོ་མི་དགེ་བའི་ཆོས་ཐམས་ཅད་ནི་མི་དགེ་བའོ། །དེ་འདྲའི་སྡིག་པ༷་དེ་ལ་ཡང༌། འདོདཔའི་ཁམས་ཀྱི་ཉོན་མོངས་པ་ཕལ་ཆེ་བ་དང་དེའི་ཀུན་ནས་བསླངས་པའི་ལས་ཐམས་ཅད་དང༌། དེའི་ཕྱོགས་མཐུན་གྱི་ཉོན་མོངས་པ་ག༷ང་རྣ༷མས་ཐར་བ་ལ་སྒྲི༷བ་པ༷ར་གྱུ༷ར་པ༷་ད༷ག་དང༌། དེ༷་ད༷གགི་ས་བོན་དང་བཅས་པ་མ༷་ལུ༷ས་པ་ཐམས་ཅད་ཡོ༷ངས་སུ༷་བྱ༷ང་བ༷ར་གྱུར་ཅིག་ཅེས་སྡིག་པ་སྦྱངབའི་སྨོན་ལམ་མཛད་པ་དང༌། ལས་ཀྱི་སྐྱོན་ཁམས་གསུམ་དུ་སྐྱེ་བར་གྱུར་བའི་ལ༷ས་ད༷ང་ཉོ༷ནམོ༷ངས་པའི་སྐྱོན་ཀུན་ཏུ་སྦྱོར་བ་དགུའི་ཉོན་མོངས་པ་དང༌། བདུད་ནི་ཆོས་ཀྱི་འཚོ་བ་ལ་བརཆད་བྱེད་པའི་ལས་ཡིན་ཞེས་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། བདུད་ནི་ཆོས་ཀྱིའཚོ་བ་ལ་བར་དུ་གཅོད་པར་བྱེད་པའི་གདོན་ཏེ་འདོད་པ་ལ་ཆགས་པ་དང༌། རྣམ་པར་གཡེངསབ་དང༌། འཁྲུགས་པ་དང༌། ནད་ལ་སོགས་པ་བསྐྱེད་ཅིང༌། གསོད་པར་བྱེད་པའི་ལས་ཅནནམ། ཞེས་དང༌། ཡང་ན་བདུད་ཅེས་པ་ནི་དེ་ལས། ལམ་བཟང་པོ་ལས་ཟློག་ཏུ་བཅུག་ནསདཀའ་ཐུབ་ངན་པ་དང༌། ལྟ་བ་ངན་པ་ལ་སོགས་པ་ལ་ཡང་སྦྱོར་བར་བྱེད་པ་སྟེ། ཞེས་གསུངསསོ། །བདུ༷ད་ཀྱི༷་ལ༷ས་ནི་དེ་དག་ལ་བྱས་ནས་དེ་དག་རྣ༷མས་ལ༷ས་རྣམ་པར་གྲོ༷ལ་ཞི༷ང་རང་ཉིད་གང་དུ་གནས་ཤིང་སྤྱོད་པའི་འཇི༷ག་རྟེ༷ན་ཁམས་ཀྱི་འགྲོ༷་བ༷་སེམས་ཅན་ཐམས་ཅད་གང་རྣ༷མསསུ༷་སྤྱོད་པར་ཡ༷ང་རུང་སྟེ། དེ་དག་གིས་ཇི༷་ལྟ༷ར་རང་ཉིད་སྤྱོད་པ་ཡིན་ན་ཡང༌། པདྨོ༷་ཆུ༷འི་ནངདུ་གནས་ཀྱང་ཆུས་སྐྱོན་མི༷་ཆ༷གས་པ༷་བཞི༷ན་དང་མེ་ཏོག་འདམ་རྫབ་ལས་སྐྱེས་ཀྱང༌། འདམགྱི་སྐྱོན་གྱིས་མ་གོས་པ་ལྟར་རང་ཉིད་འཁོར་བ་ལ་གནས་ནས་རྟག་ཏུ་རྒྱལ་སྲས་ཀྱི་སྤྱད་པསྤྱོད་པ་ན་ཡང༌། ཉོན་མོངས་སོགས་སྐྱོན་གྱིས་མ་གོས་པའོ། །ཉི༷་མ་དང་ཟླ༷་བ་ན༷མ་མཁ༷ར་རྒྱུབ་ཡིན་ཡང་ཐོ༷གས་པ༷་མེ༷ད་པ་ལྟ༷ར་བྱང་ཆུབ་སེམས་དཔས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོདཔ་ཐོགས་པ་མེད་པར་སྤྱ༷ད་པའི་དོན་ནམ། ཡང་ན་བཟང་སྤྱོད་འགྲེལ་བ་གཞན་འགའ་རེར། ཉི་ཟླ་གཉིས་ནམ་མཁར་ཐོགས་པ་མེད་པར་རྒྱུ་བའི་སྐབས་འཇིག་རྟེན་གྱི་ལོ་ཏོག་སོགས་སྨིནཔ་དང་བསྐྱེད་པ་སོགས་བྱས་ནས་ཕན་བཏགས་པ་ཡིན་ཡང༌། རྣམ་པར་རྟོག་པ་དང་རློམ་སེམསདང་ལན་ལ་རེ་བ་མེད་པ་ལྟར་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་བསྡུ་དངོས་བཞིའི་སྒོནས་སེམས་ཅན་གཞན་ལ་ཕན་རྒྱ་ཆེན་པོར་བཏགས་ན་ཡང༌། ལན་ལ་རེ་བ་དང་རློམ་སེམསམེད་པར་ཐོགས་པ་མེད་པ་སྤྱད་ཅེས་སྦྱར་འདུག མདོར་ན་ཚིགས་སུ་བཅད་པ་འདི་དག་གི་སྐབསསུ་སྡིག་སྒྲིབ་སྦྱང་པ་དང༌། སྐྱོན་གསུམ་ལས་གྲོལ་བ་དང༌། མ་ཆགས་པར་སྨོན་ལམ་གནང་བ་རེད། དོན་ཚན་བཅུ་གཅིག་པ་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་སྨོན་ལམ་མཛད་པ་ནི། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང༌། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །སངས་རྒྱས་ཀྱི་ཞི༷ང་གི༷་ཁྱོ༷ན་ད༷ང་ཕྱོགས་བཅུ་ལ་སོགས་པའི་ཕྱོ༷གས་རྣ༷མས་ཇི༷་ཙ༷མ་ཡོདཔ༷་ཐམས་ཅད་ལ། ང༷ན་སོ༷ང་གི་སྡུ༷ག་བསྔ༷ལ་གྱིས་མཚོན་པའི་འགྲོ་བ་སེམས་ཅན་ཡོད་དོ་ཅོགགི་སྡུག་བསྔལ་ཐམས་ཅད་ར༷བ་ཏུ༷་ཞི༷་བ༷ར་བྱེ༷ད་ཅིང༌། བདེ༷་བ༷་མངོན་མཐོ་ལྷ་མིའི་གོ་འཕང་ནསབཟུང་སྟེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ད༷ག་ལ༷་འགྲོ༷་བ༷་སེམས་ཅན་ཀུ༷ན་དེའིབདེ་བ་དག་ལ་འགོ༷ད་ཅི༷ང༌། འགྲོ༷་བ༷་སེམས་ཅན་ཐ༷མས་ཅ༷ད་ལ༷་ནི༷་མཐར་ཐུག་མྱ་ངན་ལསའདས་པའི་རྟག་ཏུ་ཕ༷ན་པ༷་སྤྱོད་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་པ་རེད། དོན་ཚན་བཅུ་གཉིས་པ་དང་བཅུ་གསུམ་པ་མཐའ་ཡས་པའི་རྣམ་འཕྲུལ་དང་འགྲོ་དོན་མི་ཟདཔར་སྤྱོད་པ་ནི། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག ། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །མ་འོངས་བསྐལ་བ་ཀུན་ཏུ་སྤྱོད་པར་གྱུར། །བདག་ཉིད་ཀྱིས་བྱ༷ང་ཆུ༷བ་སེམས་དཔའི་སྤྱོ༷ད་པ༷་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགསཔའི་སྤྱོད་པ་དག་ཡོ༷ངས་སུ༷་རྫོ༷གས་པར་བྱེ༷ད་ཅི༷ང༌། སེ༷མས་ཅ༷ན་རྣམས་ལ་ཁམས་མི་འདྲ་བ།མོས་པ་མི་འདྲ་བ། དབང་པོ་མི་འདྲ་བ། བག་ལ་ཉལ་མི་འདྲ་བ་སྣ་ཚོགས་ཡོད་པས་དེ་ད༷གགི༷་སྤྱོ༷ད་པ་ད༷ང་གང་གིས་གདུལ་བར་འགྱུར་བའི་ཐབས་ཀྱི་སྒོ་ནས་དཔེར་ན་ཁྱིམ་པའི་འདུལབར་འགྱུར་བ་ལ་ཁྱིམ་པས་འདུལ། རབ་ཏུ་བྱུང་བས་འདུལ་བར་འགྱུར་བ་ལ་རབ་ཏུ་བྱུང་བསའདུལ་བ་ལྟར་མཐུ༷ན་པ༷ར་འཇུ༷ག རང་གི་རྟོགས་པ་དང་མཐུན་པའི་བཟ༷ང་པོ༷་སྤྱོ༷ད་པ༷འི་ཆོསད༷ག་ནི༷་སེམས་ཅན་རྣམས་ལ་ར༷བ་ཏུ་སྟོ༷ན་ཅི༷ང༌། དེ་ཡང་རེ་ཞིག་གམ་དུས་ཐུང་ངུ་ཙམ་མིན་པརམ༷་འོ༷ངས་པའི་བསྐ༷ལ་བ༷་དཔག་ཏུ་མེད་པ་ཀུ༷ན་ཏུ༷་བཟང་པོའི་སྤྱོད་པ་དག་རབ་ཏུ་སྟོན་པར་རམ། སྤྱོ༷ད་པ༷ར་གྱུ༷ར་ཅིག་ཅེས་སྨོན་ལམ་མཛད་པ་རེད། གཉིས་པ་བྱང་ཆུབ་སེམས་དཔའི་གསང་བ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པའི་སྨོན་ལམ་ལ་དོན་ཚན་བརྒྱད་ལས་དེའི་སྡོམ་ནི།རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། གྲོགསདང་བཤེས་གཉེན་སྒོ་གཉིས་བསྒྲུབ། །ཚོགས་ལས་རྒྱན་ཐོབ་སངས་རྒྱས་མཆོད། །ཡངས་དོགམེད་དང་གསུང་དབྱངས་འགྲུབ། །རྒྱལ་ཚབ་མཆོག་གི་སྤྱོད་པའོ། །བརྒྱད་པོ་དེ་ལ་དབང་འབྱོརདྲུག །ཆོས་སྟོན་དུས་དང་མཐོང་བ་དང༌། །སྤྱོད་ཡུལ་ཞིང་ཁམས་མཛད་པ་ལའོ། །རྩ་བའི་དོནཚན་བརྒྱད་དུ་འདོད། །ཅེས་གསུངས་སོ། །དོན་ཚན་དང་པོ་གྲོགས་ཕུན་སུམ་ཚོགས་པ་དང་ལྷནཅིག་པར་སྨོན་ལམ་དག་པས་མཚམས་སྦྱར་ནི། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ཡང་རྟག་ཏུ་འགྲོག་པར་ཤོག ། ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་བྱང་ཆུབ་སེམས་དཔའི་སྤྱོད་པ་བཟང་པོ་ལ་སྦྱོར་བར་བྱེད་པའི་གྲོགས་བཟང་པོ། བད༷ག་གི༷་སྤྱོ༷ད་པ་ད༷ང་མཚུ༷ངས་པ༷ར་ག༷ང་སྤྱོ༷ད་པ༷འི་གྲོགས་དེ༷་ད༷ག་ད༷ང་ཡ༷ང་རྟ༷ག་ཏུ༷་འགྲོ༷ག་པ༷རཤོ༷ག་ཅེས་སྨོན་ལམ་མཛད་པ་རེད། རང་ཉིད་ཁྱིམ་གྱི་འཚོ་ཆས་ལ་དགའ་ཡང་གྲོགས་གཞནནི་དབེན་པར་དགའ་ན་སྤྱོད་པ་མཚུངས་པ་མིན་ཏེ། རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། གྲོགས་ནི་བདག་དབེན་པར་གནས་པར་དགའ་བ་ལ།རང་ཉིད་ནི་ཁྱིམ་གྱི་འཚོ་ཆས་ལ་དགའབ་མི་འདོར་བ་དང༌། ཞེས་སོ། །དེ་ལྟར་འགྲོགས་པའི་སྒོ་ནས་ལུ༷ས་ད༷ང་ང༷ག་རྣ༷མས་ད༷ང་ནི༷་སེ༷མསཀྱི༷ས་ཀྱ༷ང་སྟེ་མི་དགེ་བའི་སྤྱོད་པ་མི་བྱེད་པར་མཐུན་པ་དང་ཆོས་ཕྱོགས་ཀྱི་བྱ་བ་མཐུན་པར་སྤྱོ༷ད་པ༷་ད༷ག་ད༷ང་སྨོ༷ན་ལ༷མ་དག་གཅི༷ག་ཏུ༷་མཐུན་པར་སྤྱ༷ད་པར་གྱུར་ཅིག་ཅེས་སྨོན་ལམ་གནངབ་དང༌། དེ་ནང་བཞིན་སྐབས་འདིར་གསུངས་པ་ལྟར། ང་ཚོས་ངེས་པར་གྲོགས་བཟང་པོ་མིགཞི་བརྟན་པོ། ཐོས་བསམ་སྒོམ་གསུམ་ལ་དགའ་སྤྲོ་ཡོད་མཁན། མི་གཤིས་དྲང་བ། ལྷག་བསམཅན། གཞན་ཕན་ཅན་ཞིག་དང་འགྲོག་དགོས་པར་མ་ཟད། ང་ཚོས་གྲོགས་ཤིག་དང་འགྲོགསན་ཡང་གྲོགས་ངན་པ་མི་བསྟེན་རྒྱུ་གལ་ཆེན་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། བདག་ནི་གྲོགས་ངན་པ་ལ་འཇིགས་ཀྱི། གླང་པོ་ཆེ་སྨྱོན་པ་ལ་ནི་མ་ཡིན་ནོ། །ཞེས་གསུངསཔ་ལྟར་གྲོགས་ངན་པ་ལ་འགྲོགས་ན་སྐྱེ་བ་དང་ཚེ་རབས་ཀུན་ཏུ་ཐར་བ་དང་ཐམས་ཅད་མཁྱེནཔའི་སྲོག་རྩ་བཅད་འགྲོ་བ་རེད། ཡིན་ན་ཡང་གླང་པོ་ཆེ་སྨྱོན་པ་དང་ཐུག་ན་ཚེ་འདིའི་སྲོག་དངབྲལ་བར་བྱེད་པ་ལས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐར་བའི་སྲོག་རྩ་གཅོད་མི་ཐུབ་པལྟར་ཡིན་པས་གྲོགས་ངན་དོར་ནས་གྲོགས་བཟང་པོ་ཞིག་བསྟེན་རྒྱུ་གལ་ཆེན་པོ་ཡིན། ཁ་སངདེ་རིང་གྲྭ་བ་མང་པོས་རང་གི་མཆེད་གྲོགས་འགའ་རེས་ཚུལ་ཁྲིམས་འཆལ་ཚར་རྒྱབ་མཆེདགྲོགས་ཡིན་ཟེར་ནས་ནམ་རྒྱུན་མཉམ་འགྲོ་མཉམ་འདུག་རྐྱང་རྐྱང་བྱེད་ཀྱིན་འདུག དེ་ནི་མིརུང་སྟེ། གསང་སྔགས་དང་འདུལ་བའི་གཞུང་གང་གི་སྐབས་ཡིན་ན་ཡང༌། ཚུལ་ཁྲིམས་འཆལབ་དང་མཉམ་དུ་ཆོས་དང་ཟང་ཟིང་མང་པོ་སྤྱད་ན་ཉེས་པ་མང་པོ་ཡོད་ཅེས་གསུངས་པ་ལྟརནམ་རྒྱུན་མཉམ་འགྲོ་མཉམ་འདུག་བྱེད་མི་ཉན། རེད་དེ། དེ་ལ་ཞེ་སྡང་གིས་མི་བལྟ་བར་བྱམསཔ་དང་སྙིང་རྗེ་བསྒོམ་དགོས། སྤྱིའི་ཆ་ནས་ཚུལ་ཁྲིམས་འཆལ་ཚར་རྗེས་ལམ་ཁ་ཁ་ཆགསསོང་བ་རེད། འཇིག་རྟེན་ཁ་དཔེར། སྐྱ་ལམ་སེར་ལམ་ཁ་ཁ། །ཤང་ལང་དབྱུག་པ་སོ་སོ། །ཞེསཟེར་བ་ལྟར་ཞེ་སྡང་གིས་མི་བལྟ་བར་ལམ་ཁ་སོ་སོ་ནས་འགྲོ་དགོས་ལ། ནམ་རྒྱུན་མཉམའགྲོ་མཉམ་འདུག་བྱེད་ན་རང་ཤུགས་ཀྱིས་དེའི་སྐྱོན་དེ་འགོ་འོང་བས། དེ་ལས་ཞེ་སྡང་གིསམི་བལྟ་བར་རང་ཉིད་ཀྱིས་མི་གཞི་བརྟན་པོའི་ངང་ནས་རང་གི་ལམ་ཁ་ལ་བསྐྱོད་དགོས། དེལྟར་བསྐྱོད་ཀྱང་ཉེས་པ་ནི་མེད་ལ། ང་ཚོས་ཆོས་རའི་ནང་ཡིན་ན་ཡང༌། རང་རང་གིས་ལུངདང་རིགས་པའི་རྒྱབ་བརྟེན་ཡོད་པའི་སྒང་ནས་ཕ་རོལ་བོའི་དམ་བཅའ་འཇིག་པར་བྱེད་ནཉེས་པ་གང་ཡང་མེད། རེད་དེ། གཞན་ལས་རྒྱལ་ཆེད་རང་གི་ལྟ་བ་ལ་ཆགས། གཞན་གྱི་ལྟབ་ལ་སྡང་བའི་སྒོ་ནས་མི་གཞི་དམའ་འབེབས་དང་ཁྱད་གསོད་བྱས་ན་མི་རུང༌། དཔལ་ལྡནཟླ་བ་གྲགས་པས་ཀྱང་དབུ་མ་འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའིཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་པ་ལྟར་རེད། དེས་ན་གྲོགསབཟང་པོ་ཞིག་བསྟེན་པ་གལ་ཆེ་བའི་སྟེང་ནས་རང་ཉིད་སྔོན་བག་མེད་ཅིག་ཡིན་ན་ཡང༌། རྗེསསུ་སྤྱོད་པ་བཟང་པོ་བྱེད་དགོས། ང་ཚོའི་སྐྱོན་ནི་བདེན་པར་མ་གྲུབ་པས་ཆ་ནས་བསྒྱུར་བཅོསབཏང་ཆོག་ལ། སྔོན་སྐྱོན་ཅན་ཞིག་ཡིན་ན་ཡང༌། རྗེས་ནས་སྐྱོན་མེད་ཀྱི་མི་ཞིག་ཏུ་གྱུར་ཆོགཆོག་ཡིན་པས་ན་ང་ཚོས་སྐྱོན་ལ་བསྒྱུར་བཅོས་གཏང་དགོས། དེ་རིང་འདི་ནས་མཚམས་འཇོགརྒྱུ་ཡིན། དོན་ཚན་གཉིས་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱེད་པ་ནི། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག ། བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག ། དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང༌། །བད༷ག་ལ༷་ཕ༷ན་པ༷ར་འདོ༷ད་པ༷འི་གྲོ༷གས་པོ༷་སྟེ་དགེ་བའི་བཤེས་གཉེན་ད༷ག་གིས་འཕགསཔ་ཀུན་ཏུ་བཟ༷ང་པོ༷འི་སྤྱོ༷ད་པ༷འམ་ཡང་ན་རྒྱལ་སྲས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགསཔའི་སྤྱོད་པ་བཟང་པོ་ཐམས་ཅད་དང་ཆོས་ཀྱི་ལག་ལེན་ཀུན་ར༷བ་ཏུ༷་སྟོ༷ན་པར་མཛད་པའི་བཤེསགཉེན་རྣ༷མས་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དེ༷་ད༷ག་ད༷ང་ཡ༷ང་ཚེ་རབས་ཀུན་ཏུ་རྟ༷ག་ཏུ༷་འཕྲ༷ད་པ༷ར་ཤོ༷ག་ཅིག་ཅེས་སྨོན་ལམ་མཛད་པ་རེད། དེ་ལྟར་སྨོན་ལམ་བཏབ་པ་ལྟར་ང་ཚོསནམ་རྒྱུན་སྐྱེ་བ་འདི་དང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཚན་ཉིད་དང་ལྡན་པའི་དགེ་བའིབཤེས་གཉེན་ཞིག་དང་འཕྲད་པར་སྨོན་ལམ་གནང་དགོས། ང་ཚོས་ནམ་རྒྱུན་ཞལ་འདོནམཛད་སྐབས་སུ། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེདཔ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ཤིང༌། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག ། ཅེས་གསུངས་པ་ལྟར་སྨོན་ལམ་གནང་དགོས་འདུག དེ་ལྟར་གནང་དགོས་པའི་རྒྱུ་མཚན་དེ་ཡང་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་དང་འཕྲད་ན་སངས་རྒྱས་བཅོམལྡན་འདས་ཀྱིས་གསུངས་པའི་ནང་བའི་ཆོས་ཡང་དག་པ་བླང་དོར་གྱི་གནས་ཚུལ་ཇི་བཞིནཔ་ཞིག་བསྟན། བསྟན་ནས་རང་གིས་ཇི་བཞིན་དུ་ཉམས་སུ་ལེན་མ་ཐུབ་ན་ཡང༌། བག་ཆགསཁྱད་པར་བ་བཞག་པའི་དགོས་པ་མང་པོ་འདུག གལ་སྲིད་རང་གི་བླ་མ་དེ་ཡང་ནང་ཆོས་མིཤེས་མཁན་ཞིག་ཡིན་ན་ལོང་པས་ལོང་པ་ཁྲིད་པ་ལས་ཅི་ཡང་མེད་པས། ལོང་པས་ལོང་པཁྲིད་ན་གཡང་སར་ལྟུང་ངེས་ཡིན་པས་བླ་མ་མཚན་ཉིད་དང་ལྡན་པ་ཞིག་བསྟེན་རྒྱུ་གལ་ཆེན་ཡིནཔ་དང༌། བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་འཕྲད་པར་སྨོན་ལམ་གནང་རྒྱུ། ལོག་པའིབཤེས་གཉེན་དང་སྡིག་པའི་གྲོགས་སོགས་ལ་མི་འཕྲད་པར་སྨོན་ལམ་ངེས་པར་གནང་དགོས། ཚེ་འདིར་ཡང་བླ་མ་ཞིག་བསྟེན་ན་གཞུང་ལུགས་རྣམས་ཀྱི་སྐབས་སུ་བླ་མའི་མཚན་ཉིད་མངཔོ་གསུངས་པ་རེད་དེ། གཙོ་བོ་ནི་ཆོས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་ཤེས་མཁནཞིག་དང་ལྷག་བསམ་ཅན་རང་ལས་ཡོན་ཏན་གོང་མ་ཅན་ཞིག་བསྟེན་དགོས་ཤིང༌། བསྟེནཚུལ་ཡང་ཆོས་འབྲེལ་མ་ཞུས་པའི་སྔ་རོལ་ཏུ་ངེས་པར་དུ་བརྟག་དགོས་པར་རྗེ་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བ་ལས་གསུངས་པ་ལྟར་ཐོག་མར་བླ་མ་བརྟག་དགོས། གལ་སྲིདབསྟེན་རྗེས་རང་གི་བླ་མ་ལ་བླ་མའི་མཚན་ཉིད་དང་མི་ལྡན་པ་ཞིག་ཡིན་པར་རྟགས་དང་རྒྱུ་མཚན་གྱི་སྟེང་ནས་ཡང་དག་པ་ཞིག་ཧ་གོ་སོང་བ་ཡིན་ན་ཡང༌། བླ་མ་དེ་བླ་མ་ཡིན་པར་བཞགནས། བླ་མ་གཞན་ཞིག་བསྟེན་དགོས་ཏེ། ཇོ་ནང་ཀུན་མཁྱེན་རིན་པོ་ཆེས་དབང་ཆོག་ཡེ་ཤེསརྒྱ་མཚོའི་སྐབས་སུ་བླ་མ་དེ་མཚན་ཉིད་དང་མི་ལྡན་པ་ཞིག་དང་ཆོས་སྟོན་པ་དེ་ཡང་དག་པ་ཞིག་མིན་ཚེ་བླ་མ་ལ་ཟང་ཟིང་གི་སྦྱིན་པས་མཉེས་པར་བྱས་ནས་བླ་མ་གཞན་བསྟེན་དགོསཞེས་གསུངས་ཡོད། ཁ་སང་དེ་རིང་སྙིགས་མའི་དུས་འདིར་མཚོན་ན་ཕལ་ཆེ་བས་དགེ་བའིབཤེས་གཉེན་ལ་བརྫུས་ནས་འགྲོ་བཞིན་པ་དང་མང་ཆེ་བས་ཆེ་ཆེ་རྫིག་རྫིག་བྱེད་བཞིན་པའིསྐབས་འདིར་དེ་འདྲའི་གདམས་ངག་དེ་ཡིད་ལ་འཛིན་རྒྱུ་ཧ་ལས་པའི་གལ་ཆེན་པོ་རེད། མཚནཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དེ་འདྲ་དང་འཕྲད་ནས་དེ༷་ད༷ག་ལ་བད༷ག་གི༷ས་དུསན༷མ་ཡ༷ང་སྐད་ཅིག་ཙམ་ལ་ཐུགས་ཡི༷ད་མི༷་དབྱུ༷ང་བར་གྱུར་ཅིག་ཅེས་སྨོན་ལམ་མཛད་པ་རེད། ཡིད་དབྱུང་བ་ནི་ཐུགས་མི་དགྱེས་པའི་དོན་ཡིན་ལ། དེས་ན་བླ་མའི་ཐུགས་དཀྲུགས་ནས་ཆོསམིན་གྱི་ལས་མི་བསགས་པར་རྟག་ཏུ་བླ་མ་མཉེས་པའི་ཐབས་ལ་འབད་པར་བྱེད་དོ་ཞེས་རྗེཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས་དེ་ལྟར་གསུངས་འདུག དེ་ནང་བཞིན་རྗེ་ཏཱ་ར་ནཱ་ཐསབཟང་སྤྱོད་འགྲེལ་བ་འདིའི་སྐབས་སུ། བཤེས་གཉེན་བསྟེན་ཚུལ་ནི་སྡོང་པོ་བཀོད་པ་ལསཁྱེའུ་དཔལ་འབྱུང་གི་རྣམ་ཐར་ལས་རྟོགས་པར་བྱའོ། །ཞེས་ཞལ་འཕངས་མཛད་འདུག དེསན་ཁྱེད་རྣམ་པ་ཚོས་ཁྱེའུ་དཔལ་འབྱུང་གི་རྣམ་ཐར་ལ་ཡང་གཟིགས་དགོས་འདུག བླ་མ་ལྔབཅུ་བའི་སྐབས་སུ་སྔགས་བླ་མེད་ཀྱི་སྐབས་སུ་བསྟན་པའི་བླ་མ་བསྟེན་ཚུལ་གྱི་རིམ་པ་དེ་དགགསུངས་པ་ཡིན་པས་དེ་ལ་ཡང་གཟིགས་རྒྱུ་གལ་ཆེན་པོ་རེད། དེས་ན་བླ་མ་བསམ་སྦྱོར་གཉིསཀྱི་སྒོ་ནས་ལེགས་པར་བསྟེན་དགོས། བླ་མ་དགྱེས་པའི་བྱ་བ་ནི་བླ་མའི་བཀའ་དེ་དག་ཆོས་བཞིན་དུ་བསྒྲུབས། ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་བྱས་པའི་སྟེང་ནས་ཐོས་བསམ་སྒོམ་གསུམདང་བསླབ་པ་སློབ་གཉེར་བྱེད་རྒྱུ་ནི་བླ་མ་དགྱེས་པའི་མཆོད་སྤྲིན་ཨང་དང་པོ་ཡིན་པ་རེད། དེ་ཡང་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། དེ་མཉེས་པའི་ཐབས་ཀྱང་ཆོས་སྤྱོད་ལསགཞན་དུ་མེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་སློབ་དགོས་པར་གྲུབ་ལ། ཞེསགསུངས་སོ། །དོན་ཚན་གསུམ་པ་སྒོ་དང་པོ་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་ཐོབ་པའི་དབང་དུ་བྱས་པའི་སྨོན་ལམ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་ས༷ངས་རྒྱ༷ས་རྣམས་དེའི་སྲ༷ས་བྱང་ཆུབ་སེམས་དཔས་བསྐོ༷ར་བ་ཡང་ཡིན་ལ། མཐའཡས་པའི་འགྲོ་བ་ཀུན་གྱི་མགོ༷ན་པོ༷ར་གྱུར་པ་རྣ༷མས་ཆོས་ཀྱི་སྒོ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབཔ་ནས་དེ་དག་ཐམས་ཅད་ཡིད་ཀྱི་མངོ༷ན་སུ༷མ་དུ་དུས་རྟ༷ག་ཏུ༷་བད༷ག་གི༷ས་རྒྱ༷ལ་བ༷་དེ་དག་བལྟ༷ཞེས་གསུངས་པ་དང༌། མངོན་སུམ་དུ་མཐོང་བ་དེ་ཡང་སྐད་ཅིག་ཙམ་མམ་སྐོར་གཅིག་ལནགཅིག་ཙམ་མིན་པར་མ༷་འོ༷ངས་པའི་བསྐ༷ལ་བ༷་ཀུ༷ན་ཏུ༷་རྒྱུན་མི་ཆད་པར་སངས་རྒྱས་དེ་དག་ལམི༷་སྐྱོ༷་བ༷ར་མངོན་སུམ་དུ་མཐོང་ཞིང༌། མཐོང་བ་དེའི་སྒོ་ནས་སངས་རྒྱས་དེ༷་ད༷ག་ལ༷་ཡ༷ང་མཆོ༷དཔ༷་རྒྱ༷་ཆེ༷ར་བགྱི༷་ཞེས་གསུངས་པ་དང༌། སངས་རྒྱས་མངོན་སུམ་དུ་མ་མཐོང་བ་དེ་དག་གིས་མའོངས་པ་ན་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་སངས་རྒྱས་མངོན་སུམ་དུ་མཐོང་བར་ཤོག་ཅིག་ཅེས་སྨོན་ལམ་མཛད་དགོས་ཏེ།ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ས་མཚམས་དེ་ཡངཐེག་ཆེན་ཚོགས་ལམ་ཆེན་པོའི་སྐབས་ནས་ཐོབ་ཅེས་རྗེ་ཏཱ་ར་ནཱ་ཐས་བཟང་སྤྱོད་འགྲེལ་བ་ལས། དད་པའི་ས་ཆེན་པོ་ལ་གནས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་ཡན་ཆད་དུ། ཐམསཅད་ལ་ཡོད་པ་ཡིན་ཡང༌། ཞེས་གསུངས་སོ། །ཆོས་ཀྱི་སྒོ་གཉིས་པ་གཟུངས་ཀྱི་སྒོ་ནི། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང༌། །མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི། །གོང་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ནས་སངས་རྒྱས་དེ་དག་མངོན་སུམ་དུ་བལྟསནས་མངོན་སུམ་གྱི་ཡུལ་དུ་གྱུར་བའི་རྒྱ༷ལ་བ༷་སངས་རྒྱས་རྣ༷མས་ཀྱི༷ས་གསུངས་པའི་ད༷མ་པ༷འིལུང་གི་ཆོས་ཆོ༷ས་ཕུང་བརྒྱད་ཁྲི་བཞི་སྟོང་དེར་ཚུར་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིསསོགས་མི་བརྗེད་པར་བཟུང་བའི་སྒོ་ནས་འཛི༷ན་པར་བྱེད་ཅི༷ང༌། སེམས་ཅན་རྣམས་ལ་བྱ༷ང་ཆུ༷བ་སེམས་དཔའི་སྤྱོ༷ད་པ༷་རྒྱལ་སྲས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྤྱོད་པ་དག་ཀུ༷ན་ཏུ༷་སྟོན་པར་བྱེད་པས་སྣ༷ང་བ༷ར་བྱེ༷ད་ཅེས་དང༌། བདག་གིས་ཀྱང་བཟ༷ང་པོ༷་སྤྱོ༷ད་པ༷བླངས་ཤིང་རྣ༷མ་པ༷ར་སྦྱོ༷ང་བ༷་དང་གཞན་ལ་འཆད་པ་དེ་དག་ཀྱང༌། རེ་ཞིག་ཙམ་མིན་པར་མ༷འོ༷ངས་པའི་བསྐ༷ལ་བ༷་དཔག་ཏུ་མེད་པ་ཀུ༷ན་ཏུ༷་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་སྤྱ༷ད་པ༷ར་བགྱི༷འོཞེས་གསུངས་པ་རེད། འདིའི་སྐབས་སུ་ཆོས་ཀྱི་སྒོ་ལ་གཉིས་ལས་གཟུངས་ཀྱི་སྒོ་ཐོབ་པ་རེད། དེ་ཐོབ་པའི་ས་མཚམས་སྦྱོར་ལམ་སོགས་ལ་ཡར་སྦྱོར་གྱིན་ཡོད་ལ། ཡིན་ན་ཡང༌། ང་ཚོསད་ལྟའི་གནས་སྐབས་སུ་ཡང་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་དག་ཅི་ནུས་ཅི་ལྕོགས་ཀྱིས་བཟུང༌། བཟུང་བ་དེ་ཡང་ལྷག་བསམ་རྣམ་པར་དག་པ་དང་བསྙེན་བཀུར་སྙན་གྲགསསོགས་ཀྱི་བསམ་པ་དང་མ་འདྲེས་པའི་སྒོ་ནས་གཞན་ལ་མ་ནོར་བར་སྟོན། སྟོན་པ་དེ་ཡངམ་འོངས་པའི་བསྐལ་བ་ཀུན་ཏུ་དེ་ལྟར་སྟོན་པར་བགྱིའོ་ཞེས་སྨོན་ལམ་གནང་དགོས། དོན་ཚན་བཞི་བ་ཚོགས་གཉིས་མང་དུ་བསགས་པས་ཚོགས་གཉིས་ཀྱི་སྟོབས་རྙེད་པ་ནི། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །སྲི༷ད་པ༷་བྱུང་བ་དང་འབྱུང་འགྱུར་ཁམས་གསུམ་གྱི་སྲིད་པ་ཐ༷མས་ཅ༷ད་དུ༷་ཡ༷ང་འཁོ༷ར་བརའཁོར་ཞིང་སྐྱེ་བ༷་ན༷། ཡང་ན་མདོ་སྡེ་རྒྱན་གྱི་སྐབས་སུ་གསུངས་པ་ལྟར་སྐྱེ་བ་ལེན་ཚུལ་བཞིའིསྒོ་ནས་འཁོར་བར་སྐྱེ་བ་ལེན་པ་ན། བསོ༷ད་ན༷མས་དང་ཡེ༷་ཤེ༷ས་ཀྱི་ཚོགས་ད༷ག་ནི༷་མི༷་ཟ༷ད་པརཁྱད་པར་དུ་འཕགས་ནས་གོང་ནས་གོང་དུ་འཕེལ་བར་བརྙེ༷ས་པ། སེམས་ཅན་རྣམས་སྒྲོལབ་ལ་སངས་རྒྱས་ཀྱི་ཆོས་རྫོགས་པའི་ཐ༷བས་ལ་མཁས་པ་ད༷ང༌། སེམས་ཅན་རྣམས་ཀྱི་དོན་སྤྱོད་པ་ལ་མཁས་པའི་རྟེན་འབྲེལ་རྟོགས་པའི་ཤེ༷ས་ར༷བ་དང་དེ་བཞིན་ཉིད་སོགས་རྟོགས་པའིཤེས་རབ། ནམ་མཁའ་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པ་ཏི༷ང་ངེ་འཛི༷ན་མཐའཡས་པ་རྣམས་དང༌། རྣ༷མ་པར་ཐ༷ར་བ་བརྒྱད་ད༷ང༌། ཡོ༷ན་ཏ༷ན་ཐམས་ཅད་དམ་ཡོན་ཏན་ཁྱདཔ་བ་ཀུ༷ན་གྱི༷་མི༷་ཟ༷ད་པ་མཛོ༷ད་ལྟ་བུར་གྱུ༷ར་ཅིག་ཅེས་སྨོན་ལམ་མཛད་པ་རེད། མདོར་ན་ཚིགསབཅད་འདིའི་སྐབས་སུ་ཚོགས་གཉིས་མང་དུ་བསགས་ནས་ཚོགས་གཉིས་ཀྱི་སྟོབས་ཀྱིས་ཐབསདང་ཤེས་རབ་ལ་སོགས་པའི་ཡོན་ཏན་ཀུན་གྱི་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའམ་དེ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གནང་བ་ཡིན་ལ། དེས་ན་ཚོགས་གཉིས་བསག་རྒྱུ་གལ་ཆེནཡིན་ཏེ། མདོ་སྡེ་རྒྱན་གྱི་སྐབས་སུ་བསོད་ནམས་ཀྱི་ཚོགས་ལས་མངོན་མཐོ་ངེས་ལེགས་ཐོབཔ་དང༌། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་ཚོགས་ཀྱིས་ཉོན་མོངས་སོགས་མེད་པརབྱེད་ཐུབ་ཅེས་གསུངས་སོ། །ཕར་ཕྱིན་དྲུག་གི་ནང་ནས་སྦྱིན་པ་དང་ཚུལ་ཁྲིམས་གཉིས་བསོདནམས་ཀྱི་ཚོགས་དང༌། ཤེས་རབ་ཡེ་ཤེས་ཀྱི་ཚོགས། བསམ་གཏན་བརྩོན་འགྲུས་བཟོད་པགཞན་གསུམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ཡིན་པར་མདོ་སྡེ་རྒྱན་གྱི་སྐབསསུ་གསུངས་པ་རེད། དེས་ན་བསོད་ནམས་ཀྱི་ཚོགས་ལས་མངོན་མཐོ་ངེས་ལེགས་ཐོབ་པར་གསུངས་ན་ཡང༌། སྲིད་པའི་རྩ་བ་གཅོད་པ་ལ་ངེས་པར་ཤེས་རབ་དགོས་ཏེ། ཤེས་རབ་མེདན་སྲིད་པའི་རྩ་བ་གཅོད་མི་ཐུབ། ཕྱག་འཚལ་བ་བསྐོར་བ་བྱེད་པ་མཆོད་པ་འབུལ་བ་སྐུ་གསུངཐུགས་རྟེན་བཞེངས་པ་དེ་དག་ལ་བསོད་ནམས་མེད་པ་མིན་པར་མ་ཟད། སྐབས་རེར་དེ་དགབསོད་ནམས་རླབས་ཆེ་བ་རྒྱ་ཆེ་བ་ཡིན་པར་གསུངས་ཡོད་པ་རེད་དེ། བསོད་ནམས་ཀྱི་ཚོགསདེ་དག་མདོ་ལ་སོགས་པའི་སྐབས་སུ་བལྟས་འོང་དུས་ཐོས་བསམ་སྒོམ་གསུམ་གྱི་སྐལ་བ་མེདམཁན་རྒྱལ་བོ་སོགས་དེའི་སྐོར་ལ་དགེ་འདུན་ལ་བསྙེན་བཀུར་བྱས་ན་བསོད་ནམས་རླབསཆེན་འབྱུང་ཞེས་གཙོ་བོ་ཁྱིམ་པའི་སྐོར་ལ་གསུངས་པ་དང༌། རབ་བྱུང་དག་ལ་སྤོང་བ་བསམགཏན་དང་ཀློག་པ་ཐོས་བསམ་དགོས་ཞེས་གསུངས་པ་དང་དེ་བྱས་ན་བསོད་ནམས་རླབས་ཆེན་འབྱུང་ཞེས་གསུངས་པ་རེད། དེས་ན་བསོད་ནམས་ཀྱི་ཚོགས་བསགས་པ་ཡིན་ན་མངོནམཐོ་ངེས་ལེགས་ཐོབ་པ་དང༌། དེའི་སྟེང་ནས་ཤེས་རབ་ཡེ་ཤེས་ཀྱི་ཚོགས་དེ་ཉིད་ཀྱིས་སྲིད་པའི་རྩ་བ་གཅོད་ཐུབ། སྲིད་པ་འཁོར་བ་ལས་གྲོལ་དགོས་ན་སྲིད་པའི་རྩ་བ་བདག་འཛིན་སྤངདགོས་པས། དེ་སྤང་པ་ལ་ངེས་པར་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་བསྐྱེད་དགོས། དེ་མ་གཏོགས་མདོ་ལས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་སྐུ་གཟུགས་སྟོང་ཕྲག་འགྲུབ་པར་བྱེད་ན་ངན་སོང་དུ་འགྲོ་མི་དགོས་པར་གསུངས་པ་དང༌། ཕྱག་ལན་གཅིག་འཚལ་ན་ཡངལུས་ཀྱིས་ནོན་པའི་རྡུལ་གྲངས་དང་མཉམ་པའི་འཁོར་ལོའི་བསྒྱུར་རྒྱལ་གྱི་སྐྱེ་བ་ལེན་ཐུབཔར་གསུངས་པ་རེད་དེ། ཆོས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡིན་པས་དེ་དག་གིས་མངོནམཐོ་ཙམ་ཐོབ་པར་བྱེད་པ་ཡིན་ཡང༌། དེ་ཙམ་གྱིས་འཁོར་བ་ལས་ཐར་མི་ཐུབ། མངོན་མཐོལྷ་མིའི་གོ་འཕང་ཐོབ་སོང་ན་འཁོར་བའི་ནང་ནས་བདེ་ཤོས་སྐྱིད་ཤོས་ཞིག་ལ་སྐྱེ་སོང་བ་རེདདེ། དེ་ཡིད་རྟོན་སྐད་ཅིག་ཙམ་ཡང་མེད་པས་གཏན་གྱི་བདེ་བ་ཐོབ་པའི་ཆེད་དུ་ངེས་པར་ཤེསརབ་ལ་བརྟེན་དགོས། དེ་རིང་འདི་ནས་མཚམས་འཇོག་གི་ཡིན། དོན་ཚན་ལྔ་པ་སངས་རྒྱས་ཐམས་ཅད་ཀྱི་ཞལ་བལྟ་ཞིང་མཆོད་པ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །རྡུ༷ལ་གཅི༷ག་གི་གོ་སའི་སྟེ༷ང་ན༷་ཕྱོགས་བཅུའི་འཇིག་རྟེན་གྱི་རྡུ༷ལ་ཇི་སྙེ༷ད་ཡོད་པ་དེ་སྙེདཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞི༷ང་ཁམས་རྣ༷མས་ཡོད་པར་མོས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་དེ་ལྟར་དངོས་སུ་གནང་ཐུབ་པ་ཡིན་པ་དང༌། ངཚོ་ལས་དང་པོ་པ་དག་གིས་ཀྱང་དེ་ལྟར་མོས་པ་བྱེད་དགོས། ཞི༷ང་དེ༷་རྣམས་སུ་གྲངས་བས༷མགྱི༷ས་མི༷་ཁྱ༷བ་པའི་ས༷ངས་རྒྱ༷ས་གྲངས་མེད་རྣ༷མས་བྱང་ཆུབ་སེམས་དཔའ་གྲངས་མེད་ཀྱི་འཁོརགྱིས་བསྐོར་ནས་ས༷ངས་རྒྱ༷ས་ཀྱི་སྲ༷ས་བྱང་ཆུབ་སེམས་དཔའ་རྣམས་ཀྱི༷་དབུ༷ས་ན༷་བཞུ༷གས་པ༷ལ༷། སངས་རྒྱས་དེ་རྣམས་དང་དེའི་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་མཚུངས་པར་ལྷནཅིག་ཏུ་བདག་གིས་ཀྱང་བྱ༷ང་ཆུ༷བ་ཀྱི་སྤྱ༷ད་པ༷་སྤྱོ༷ད་ཅི༷ང་སངས་རྒྱས་དེ་དག་གི་སྐུ་ལ་བལྟ༷་བ་དངགསུང་ཉན་པ༷ར་བགྱི༷འོ་ཞེས་སྨོན་ལམ་གནང་བ་རེད། མདོར་ན་རྡུལ་གཅིག་གི་གོ་ས་ན་སངསརྒྱས་གྲངས་མེད་བཞུགས་པ་དང༌། སངས་རྒྱས་གྲངས་མེད་བཞུགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་འཁོར་གྲངས་མེད་པས་བསྐོར་བ་དེ་དག་གི་སྤྱོད་པ་ལ་བསླབ་ཅིང་སྤྱོད་པའི་སྒོནས་སངས་རྒྱས་ཀྱི་ཞལ་ལ་བལྟ་ཞིང་གསུང་ལ་ཉན་པར་བགྱིའོ་ཞེས་སྨོན་ལམ་མཛད་པ་རེད། དོན་ཚན་དྲུག་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡངས་དོག་མེད་པ་ནི། དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང༌། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །བསྐལ་བ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག ། དེ་ལྟར་ཞེས་པ་ནི་གོང་ནས་རྡུལ་གཅིག་གི་གོ་ས་ན་སངས་རྒྱས་གྲངས་མེད་བཞུགས་པ་དང༌། སངས་རྒྱས་གྲངས་མེད་བཞུགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་འཁོར་གྲངས་མེད་པསབསྐོར་བ་དེ༷་ལྟ༷ར་ལུས་པ་མེད་པར་མ༷་ལུ༷ས་པ་ཐ༷མས་ཅ༷ད་ཀྱི་ཕྱོ༷གས་སུ༷་ཡ༷ང༌། སྐྲ༷འི་ཚད་ཙ༷མགྱི་ཁྱོ༷ན་ལ༷་འདས་མ་འོངས་ད་ལྟ་དུ༷ས་གསུ༷མ་གྱི་ཚ༷ད་ཇི་སྙེ༷ད་ཀྱི༷་དུས་གསུམ་དུ་བྱུང་བའི་ས༷ངསརྒྱ༷ས་ཀྱི་གྲངས་བགྲང་ན་ཟད་མི་ཤེས་པ་རྒྱ༷་མཚོ༷་ལྟ་བུ་དང༌། ཞི༷ང་རྣ༷མས་ཡང་རྒྱ༷་མཚོ༷༷་ལྟ་བུ་ཟདམི་ཤེས་ཤིང་མཐའ་མེད་པ་ད༷ང༌། རྒྱ་མཚོ་ལྟ་བུའི་ཞིང་ཁམས་དེ་རྣམས་སུ་བསྐ༷ལ་བ༷་ཡང་དུསཐུང་ངུ་ཙམ་མིན་པར་རྒྱ༷་མཚོ༷་ལྟ་བུར་ཟད་མི་ཤེས་པའི་བར་དུ་བདག་ཀྱང་ཞིང་ཁམས་རེ་རེརབྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོ༷ད་ཅི༷ང་ར༷བ་ཏུ༷་འཇུ༷ག་པར་གྱུར་ཏེ་བྱང་ཆུབ་སེམས་དཔའི་སྤྱོདཔ་ལ་ལྟ་ཞིང་གྲོལ་བར་ཤོག་ཅིག་ཅེས་སྨོན་ལམ་མཛད་པ་རེད། འདི་ལྟར་དངོས་སུ་གནང་ཐུབམཁན་ནི་ས་བརྒྱད་པ་ཡན་གྱི་བྱང་སེམས་དག་ཡིན་ཀྱང༌། ང་ཚོ་ལས་དང་པོ་པ་དག་གིས་མའོངས་པར་དེ་ལྟར་གནང་ཐུབ་པའི་སྨོན་ལམ་གནང་དགོས། རྡུལ་གཅིག་གི་གོ་སར་སངསརྒྱས་ཀྱི་ཞིང་སྟོན་པ་ནི་དཔེར་ན་རྨི་ལམ་གྱི་སྐབས་སུ་ཁང་བ་དོག་པོ་ཞིག་གི་ནང་ལ་གླང་པོ་ཆེཁྱུ་དང་ནགས་ཚལ་སོགས་ལ་སྤྱོད་པ་དེ་རྨི་ལམ་སྐབས་སྣང་བ་ལྟར་དང༌། ཆུ་སྣོད་ཆུང་ཆུང་ཞིགགི་ནང་ལའང་གཟུགས་བརྙན་སྣ་ཚོགས་པ་ཤར་ཐུབ་པ་ལྟར་རེད། དོན་ཚན་བདུན་པ་སངས་རྒྱས་ཀྱི་གསུང་རབ་མཐའ་དག་ལ་འཇུག་པ་ནི། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །གསུང་གཅིག་ཉིད་དུ་གསུངས་ན་ཡང། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་གསུངས་པ་ལྟརརྒྱལ་བ་སངས་རྒྱས་དག་གིས་གསུ༷ང་གཅི༷ག་ཁོ་ན་བཀའ་བསྩལ་བ་ནི་མི་ཟད་པ་ཡ༷ན་ལ༷ག་རྒྱ༷མཚོ༷་དང་འདྲ་སྟེ། གསུང་གི་རང་བཞིན་ཆ་ཚང་བ་དང་མཐའ་ཡས་པའི་སྒྲ༷་སྐ༷ད་སྣ་ཚོགས་ཀྱི༷སགདུལ་བྱ་གང་དང་གང་འདུལ་བ་རྣམས་ལ་ཆོས་སྟོན་པ་དང༌། རྒྱ༷ལ་བ༷་སངས་རྒྱས་ཀུ༷ན་གྱི་གསུངདབྱ༷ངས་ཀྱི་ཡ༷ན་ལ༷ག་སྐྱོན་ཐམས་ཅད་ལས་རྣམ་པར་གྲོལ་བའི་རྣ༷མ་པར་ད༷ག་པ༷། འགྲོ༷་བ༷་སེམསཅན་ཀུ༷ན་གྱི༷་གང་ལ་གང་ཉན་པར་འདོད་པ་དང༌། དེས་འདུལ་ཐུབ་པའི་གདུལ་བྱ་རྣམས་ཀྱི་བས༷མ་པ༷་ཇི༷་ལྟ་བ་བཞི༷ན་དུ་ས༷ངས་རྒྱ༷ས་ཀྱི་གསུ༷ང་དབྱ༷ངས་རྣམ་པ་ཐམས་ཅད་པ་དེ་ལ༷་ཉན་པ་དང་མི་བརྗེད་པར་འཛིན་པའི་སྒོ་ནས་རྟ༷ག་ཏུ༷་འཇུ༷ག་པ༷ར་བགྱི༷་ཞེས་གསུངས་པ་རེད། བདགཡོད་པར་བསྟན་དགོས་པའི་གདུལ་བྱ་ལ་བདག་ཡོད་པར་བསྟན། བདག་མེད་པར་བསྟནདགོས་པའི་གདུལ་བྱ་ལ་བདག་མེད་པར་བསྟན། དེ་བཞིན་མི་རྟག་པ་དང་སྡུག་བསྔལ་སོགསབསྟན་དགོས་ཀྱི་གདུལ་བྱ་ལ་དེ་དག་སྟོན་པའི་ཚིག་ཏུ་སྣང་ཐུབ་ལ། སངས་རྒྱས་བཅོམ་ལྡནའདས་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་བྱོན། བྱོན་པར་མ་ཟད་དེས་དམ་པའི་ཆོས་གསུངས། གསུངས་པར་མ་ཟད་གསུངས་པའི་དམ་པའི་ཆོས་དེ་དག་ད་ལྟ་ཐོས་བསམ་སྒོམ་གསུམ་གྱིསརྒྱུན་སྐྱོང་བཞིན་པའི་སྐབས་འདིར་རང་རང་སོ་སོས་ཀྱང་ཀུན་སློང་ཀུན་སྤྱོད་ཡག་པོ་ཞིག་གིསྟེང་ནས་རྒྱལ་བས་གསུངས་པའི་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཇུགདགོས་ཏེ། དེ་མ་གཏོགས་ད་ལྟའི་དུས་འདི་ལྟ་བུ་ལ་ཆོས་ལ་སྦྱང་བ་མི་བྱེད་པར་སྐྱེ་བ་ཕྱི་མ་ཞིག་ལ་སངས་རྒྱས་ཀྱི་ཆོས་དང་མཇལ་བར་ཤོག་ཅིག་ཅེས་རང་ལ་ཐོབ་ཡོད་པའི་གོ་སྐབསདེ་ཕར་གཡུགས་ནས་གཞན་ཞིག་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་ནི་སྨྱོན་པའི་བྱ་བ་རེད། རང་ལ་དངུལ་ཞིག་ཡོད་ན་དེ་མར་གཡུགས་ནས་རང་ལ་དངུལ་ཐོབ་པར་ཤོག་ཅིགཅེས་སྨོན་ལམ་བཏབ་པ་དང་འདྲ་བོ་འདུག དེས་ན་ད་ལྟ་དམ་པའི་ཆོས་དང་འཕྲད། ཐོས་བསམསྒོམ་གསུམ་གྱི་སྐལ་བ་ཡོད་པའི་སྐབས་འདིར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་དམ་པའིཆོས་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་གནང་བ་བཞིན་རང་གིས་དེ་ལྟར་འཇུག་པར་བྱེདརྒྱུ་གལ་ཆེན་པོ་རེད། དོན་ཚན་བརྒྱད་པ་ལ་དྲུག་ལས་དང་པོ་ཆོས་སྟོན་པ་ལ་དབང་འབྱོར་བ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག ། འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག ། འདས་མ་འོངས་ད་ལྟ་དུ༷ས་གསུ༷མ་དུ་བྱོན་ཅིང་གཤེ༷གས་པའི༷་རྒྱ༷ལ་བ༷་སངས་རྒྱས་ཐ༷མསཅ༷ད་ད༷ག སེམས་ཅན་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་ཆོསཀྱི་འཁོ༷ར་ལོ༷་བསྐོར་བའི་ཚུ༷ལ་རྣ༷མས་ར༷བ་ཏུ༷་བསྐོ༷ར་བ་ཡི༷། སངས་རྒྱས་དེ༷་ད༷ག་གི༷་ཡ༷ང་གསུ༷ངདབྱ༷ངས་ཐམས་ཅད་མཐའ་མེད་པ་ཡིན་པས་མི༷་ཟད་ལ༷། བློ༷་ཡི༷་མཐུ་ཐོབ་པའི་སྟོ༷བས་ཀྱི༷ས་སངསརྒྱས་ཀྱི་གསུང་གི་འཕྲིན་ལས་དེ་ལ་ལྷན་ཅིག་ཏུ་ར༷བ་ཏུ༷་འཇུ༷ག་པར་ཤོག་ཅིག་ཅེས་སྨོན་ལམམཛད་པ་རེད། གོང་ནས་གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས་ཞེས་སོགས་ཀྱི་སྐབསསུ་སངས་རྒྱས་ཀྱི་གསུང་གཅིག་ལ་འཇུག་པར་སྨོན་ལམ་གནང་བ་དང་འདིའི་སྐབས་སུ་སངསརྒྱས་ཀྱིས་གསུངས་པའི་གསུང་རབ་མཐའ་དག་ལ་འཇུག་པར་ཤོག་ཅིག་ཅེས་སྨོན་ལམ་གནངབ་རེད། དེ་རིང་འདི་ནས་མཚམས་འཇོག་གི་ཡིན། དོན་ཚན་བརྒྱད་པ་ལ་དྲུག་ལས་གཉིས་པ་དུས་ལ་མངའ་དབང་འབྱོར་བ་ནི། མ་འོངས་བསྐལ་བ་ཐམས་ཅད་འཇུག་པར་ཡང༌། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་བ་དུས་གསུམ་ཚད་དེ་དག ། སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །མ༷་འོ༷ངས་པའི་བསྐ༷ལ་བ༷་མང་པོ་ཐམས་ཅད་དུ་ཇི་སྙེད་འབྱུང་བའི་ཆོས་ཐ༷མས་ཅ༷ད་སངསརྒྱས་ཀྱིས་མངོན་སུམ་དུ་རྟོགས་པ་ལ་འཇུ༷ག་པ༷་ལྟར་ཡ༷ང༌། བདག་གིས་ཀྱང་ཡེ་ཤེས་སྐ༷ད་ཅི༷གགཅི༷ག་གི༷ས་དུས་གསུམ་དུ་འབྱུང་བའི་ཆོས་ཇི་སྙེད་ཡོད་པ་ཐམས་ཅད་མངོན་སུམ་དུ་རྟོགསཔ་ལ་བད༷ག་ཀྱ༷ང་འཇུ༷ག་པ༷ར་བགྱི༷། ག༷ང་ཡ༷ང་བསྐ༷ལ་བ༷་སྔོན་འདས་པ་ཐམས་ཅད་དང་ད་ལྟདང་མ་འོངས་པའི་དུ༷ས་གསུ༷མ་གྱི་བསྐལ་བ་དཔག་མེད་ཐམས་ཅད་ཀྱི་ཚ༷ད་དེ༷་ད༷ག་ཀུན་སྐ༷དཅི༷ག་གི་ཆ༷་ཤ༷ས་སྐད་ཅིག་མ་གཅིག་ལྟ་བུར་བསྒྱུར་ནས་དེའི་སྟོབས་ཀྱི༷ས་ནི༷་བསྐལ་བ་གཅིགནས་བསྐལ་བ་མཐའ་མེད་ཀྱི་བར་ཇི་ལྟར་མོས་པ་བཞིན་བཞུ༷གས་ནས་བྱང་ཆུབ་སེམས་དཔའིསྤྱོད་པ་ལ་སྤྱ༷ད་པར་གྱུར་ཅིག་ཅེས་སྨོན་ལམ་གནང་བ་རེད། མདོར་ན་མ་འོངས་པའི་བསྐལབ་ཐམས་ཅད་དུ་ཡང་ཆོས་ཐམས་ཅད་ལ་སྐད་ཅིག་གཅིག་གིས་བདག་འཇུག་པར་བགྱི་བ་དངདུས་གསུམ་དུ་བྱུང་བའི་བསྐལ་བ་ཚད་མེད་གྲངས་མེད་པ་དེ་དག་ཐམས་ཅད་སྐད་ཅིག་གཅིགཏུ་བྱིན་གྱིས་བརླབས་ནས་སྐད་ཅིག་གཅིག་ལ་བསྐལ་བ་དེ་སྙེད་དུ་བྱུང་བའི་བྱང་ཆུབ་སེམསདཔའ་དག་གི་སྤྱོད་པ་ལ་ཞུགས་པར་གྱུར་ཅིག་ཅེས་སྨོན་ལམ་གནང་བ་ཡིན་ལ། བསྐལ་བགྲངས་མེད་དེ་དག་སྐད་ཅིག་གཅིག་ཏུ་བྱིན་གྱིས་བརླབས་པའི་དགོས་པ་ནི་སྐད་ཅིག་གཅིགལ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་སོགས་འབྱུང་བས་ཡིན། དོན་ཚན་བརྒྱད་པ་ལ་དྲུག་ལས་གསུམ་པ་མཐོང་བ་ལ་དབང་འབྱོར་བ་ནི། དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང༌། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །འདས་མ་འོངས་ད་ལྟ་དུ༷ས་གསུ༷མ་དུ་གཤེ༷གས་པ༷འི་སངས་རྒྱས་བཅོམ་ལྡན་འདས་ཐམསཅད་མི༷་ཡི༷་སེངྒེ༷་སྟེ། མི་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ག༷ང་ཡིན་པ་དེ༷་ད༷ག་ཐམས་ཅད་སྐ༷དཅི༷ག་གཅི༷ག་ལ༷་ཞལ་མངོན་སུམ་དུ་མཐོང་ཞིང་དུས་ཐུང་ངུ་ལ་སངས་རྒྱས་ཀུན་གྱི་ཞལ་དེ་དགབད༷ག་གི༷ས་བལྟ༷་བར་གྱུར་ཅིག་ཅེས་སྨོན་ལམ་གནང་བ་རེད། མདོར་ན་དུས་གསུམ་དུ་གཤེགསཔའི་མི་ཡི་སེངྒེར་གྱུར་བ་བཅོམ་ལྡན་འདས་ཐམས་ཅད་སྐད་ཅིག་གཅིག་ལ་དེ་དག་གི་ཞལལ་བལྟ་བ་དང་གསུང་ལ་ཉན་པར་གྱུར་ཅིག་ཅེས་སྨོན་ལམ་གནང་བ་རེད། དོན་ཚན་བརྒྱད་པ་ལ་དྲུག་ལས་བཞི་པ་སྤྱོད་ཡུལ་ལ་དབང་འབྱོར་བ་ནི། རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག ། རྟ༷ག་ཏུ༷་གོང་ནས་བཤད་པའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དེ༷་ད༷ག་གི༷་ནི༷་སྤྱོ༷དཡུ༷ལ་རྟོགས་བྱའི་ཡུལ་དང་རྟོགས་བྱེད་ཀྱི་ཡེ་ཤེས་དེའི་རྣམ་པར་ཐར་བ་དང༌། རྫུ་འཕྲུལ་བསམགྱིས་མི་ཁྱབ་པ་སོགས་དེའི་སྤྱོད་ཡུལ་ལ༷་སྒྱུ༷་མ༷་ལྟ་བུར་གྱུ༷ར་པ༷འི་ཡེ་ཤེས་ཕུན་སུམ་ཚོགས་པམངོན་སུམ་དུ་རྟོགས་ནུས་པའི་རྗེས་ཐོབ་ཀྱི་ཡེ་ཤེས་སྒྱུ་མ་ལྟར་སྣང་བར་གྱུར་ལ་དེ་ལྟ་བུའིཏིང་ངེ་འཛིན་གྱི་སྟོབས་ལས། སྒྲིབ་པའི་ཁྱད་པར་མང་པོ་ལས་གྲོལ་ཞིང་རྣ༷མ་པར་ཐ༷ར་བའིསྟོ༷བས་ཀྱི༷ས་གང་ལ་གང་འདོད་དུ་སྒྱུར་ཐུབ་ཅིང་སྤྱོད་པའི་སྒོ་ནས་འཇུ༷ག་པར་གྱུར་ཅིག་ཅེསསྨོན་ལམ་གནང་བ་རེད། དོན་ཚན་བརྒྱད་པ་ལ་དྲུག་ལས་ལྔ་པ་ཞིང་ཁམས་ལ་དབང་འབྱོར་བ་ནི། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་ན་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག ། ག༷ང་ཡ༷ང་དུ༷ས་གསུ༷མ་དུ་བྱུང་ཟིན་དང་འབྱུང་འགྱུར་ད༷ག་གི༷་སངས་རྒྱས་ཀྱི་ཞི༷ང་གི་བཀོ༷དཔ༷་དེ༷་ད༷ག་ཐམས་ཅད་མོས་པ་དང་སྨོན་ལམ། རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུ༷ལ་ཕྲ་རབ་གཅི༷གགི་སྟེ༷ང་ངམ་དེའི་གོ་སར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་མངོ༷ན་པ༷ར་བསྒྲུ༷བ་ཅིང༌། དེ༷་ལྟ༷ར་བསྒྲུབ་པ་ལྟར་མ༷་ལུ༷ས་པའི་ཕྱོ༷གས་རྣ༷མས་དེ་དག་གི་རྡུལ་ཐ༷མས་ཅ༷ད་དུ༷། རྒྱ༷ལ་བ༷་ད༷གགི༷་ཞི༷ང་ཁམས་རྣ༷མས་གྲངས་མེད་པ་བསྒྲུབ་ཅིང་བཀོ༷ད་ལ༷་ཞིང་ཁམས་དེ་ལྟ་བུ་སྟོན་ནུས་པའིབྱ་བ་ལ་འཇུ༷ག་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་རེད། མདོར་ན་རྡུལ་གཅིག་གི་གོ་སརསངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཐམས་ཅད་མོས་པ་དང་རྫུ་འཕྲུལ་སོགས་ཀྱི་སྟོབསཀྱིས་རྡུལ་གཅིག་གི་གོ་སར་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཐམས་ཅད་མངོན་པར་བསྒྲུབཅིང༌། དེ་ལྟར་བསྒྲུབ་པ་ལྟར་ཞིང་ཁམས་ཐམས་ཅད་དུ་དེ་ལྟར་བསྒྲུབ་ཅིང༌། བསྒྲུབས་པར་མཟད། བཀོད་པ་ཡིད་དུ་འོང་བ། རྒྱན་གྱིས་རྣམ་པ་ཐམས་ཅད་ཀྱིས་བརྒྱན་པའི་ཞིང་ཁམསདག་སྟོན་ནུས་པའི་བྱ་བ་ལ་འཇུག་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་རེད། འདི་ལྟརདངོས་སུ་གནང་མཁན་ནི་ས་བཅུའི་བྱང་སེམས་དག་ཡིན་ཡང༌། ང་ཚོ་ལས་དང་པོ་པ་དག་གིསམ་འོངས་པར་དེ་ལྟར་ཐུབ་པར་ཤོག་ཅིག་ཅེས་སྨོན་ལམ་གནང་དགོས་པ་རེད། དོན་ཚན་བརྒྱད་པ་ལ་དྲུག་ལས་དྲུག་པ་མཛད་པ་ལ་དབང་འབྱོར་བ་ནི། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ག༷ང་ཡ༷ང་འཇིག་རྟེན་དུ་སངས་རྒྱས་ཀྱི་ངོར་མ༷་བྱོ༷ན་པའི་སངས་རྒྱས་ཏེ་དམ་པའི་ཆོསབསྟན་པས་འཇི༷ག་རྟེ༷ན་གྱི་མ་རིག་པའི་མུན་པ་སེལ་བར་བྱེད་པའི་སྒྲོ༷ན་མ༷་རྣ༷མས་ཀྱིས་རང་རང་གི་བྱ༷ང་ཆུ༷བ་ཀྱི་མཛད་པའི་རི༷མ་པ༷་འཚ༷ང་རྒྱ་བའི་རིམ་པ་དང་ཆོས་ཀྱི་འཁོ༷ར་ལོ༷་བསྐོ༷ར་བའིམཛད་པ། མྱ༷་ང༷ན་ལས་འད༷ས་པ༷འི་ར༷བ་ཏུ༷་ཞི༷་མཐ༷འ་སྟོ༷ན་པའི་མཛད་པ་སོགས་དེས་མཚོན་པའིསངས་རྒྱས་ཀྱི་མཛད་པ་དུས་དང་གནས་སྐབས་ཐམས་ཅད་དུ་སྟོན་པར་ནུས་པ་དང༌། འཇིགརྟེན་གྱི་མགོ༷ན་པོ༷་སངས་རྒྱས་ཀུ༷ན་གྱི༷་དྲུ༷ང་དུ༷་བད༷ག་མཆི༷་བ་སྟེ། འགྲོ་ཞིང་སླེབས་ལ་ཕྱིན་པརབགྱི་ཞིང་དྲུང་དུ་ཕྱིན་ནས་སངས་རྒྱས་དེ་དག་ལ་སྨོན་ལམ་བཏབ་པ་དང་མཆོད་པ་འབུལ་བསོགས་སྤྱད་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་རེད། དེ་ཡང་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོདའགྲེལ་བ་ལས། སངས་རྒྱས་ཀྱི་མཛད་པ་སྟོན་པའི་གནས་སྐབས་ཐམས་ཅད་དུ་དེར་ཕྱིན་པརབྱས་ནས། ཅི་ཞིག་བྱེད་ཅེ་ན་མཆོད་པ་དང༌། རྫུ་འཕྲུལ་སྟོན་པ་དང་ཆོས་བསྟན་པས་སེམས་ཅནའདུལ་བ་དང༌། ཆོས་ཀྱི་དོན་འདྲི་བ་ལ་སོགས་པ། ཞེས་གསུངས་སོ། །གསུམ་པ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་ཀར་འཇུག་པའི་སྨོན་ལམ་ལ་སྒྲུབ་པ་གཙོ་བོརགྱུར་བ་སྟོབས་ཀྱི་སྨོན་ལམ་དང༌། ཕན་ཡོན་གཙོ་བོར་གྱུར་པ་བསམ་མི་ཁྱབ་ཀྱི་སྨོན་ལམ་དང༌། མཐར་ཐུག་སྨོན་ལམ་བླ་ན་མེད་པར་གཅིག་ཏུ་བྱ་བ་གསུམ་ལས་དང་པོ་སྒྲུབ་པ་གཙོ་བོར་གྱུརབ་སྟོབས་ཀྱི་སྨོན་ལམ་ལ་སྟོབས་བཅུ་བཤད་པ་དང༌། དེའི་བྱེད་ལས་བཤད་པ་གཉིས་ལསདང་པོ་སྟོབས་བཅུ་བཤད་པ་ནི། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང༌། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང༌། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང༌། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །སྟོབས་བཅུ་ལས་དང་པོ་ཀུན་ཏུ་མྱུར་བའི་སྟོབས་ནི། །མཆོད་པ་དང་ཆོས་སྟོན་པ་སེམས་ཅན་གྱི་དོན་དུ་མཐའ་མེད་པའི་ཞིང་ཁམས་རྣམས་སུཡང་སྐད་ཅིག་གིས་བགྲོད་ནུས་པ། ཞིང་ཐ་དད་པ་དུ་མར་ཡང་དུས་ཅིག་ཅར་དུ་བགྲོད་ནུསཔའི་ཀུ༷ན་ཏུ༷་མྱུ༷ར་བའི༷་རྫུ༷་འཕྲུ༷ལ་གྱི་སྟོ༷བས་དེ་རྣ༷མས་ད༷ང༌། སྟོབས་གཉིས་པ་ཐེག་པའི་སྟོབསནི། སྒོ་ཀུན་དང་ལྡན་པ་སྟེ་ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་སྤྱོད་པ་དངལྡན་པའི་སེམས་བསྐྱེད་དང༌། སེམས་བསྐྱེད་དེ་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བགྲོདཔར་བྱེད་པའི་ཕྱིར་ན་ཞོན་པ་དང་འདྲ་བས་ཀུ༷ན་ན༷ས་སྒོ༷་ཡི༷་ཐེ༷ག་པའི༷་སྟོ༷བས་དེ་ད༷ག་ད༷ང༌། སྟོབསགསུམ་པ་ཡོ༷ན་ཏ༷ན་སྤྱོ༷ད་པའི༷་སྟོ༷བས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མཁོ་བ་སྦྱིན་པ། སྙན་པརསྨྲ་བ། དོན་སྤྱོད་པ། དོན་མཐུན་པ་སྟེ། བསྡུ་བའི་དངོས་པོ་བཞི་དང་ཚད་མེད་བཞི་སོགས་ཡོནཏན་དུ་མ་དང་འགྲོགས་པའི་སྒོ་ནས་སྙོམས་འཇུག་དགུ། ཟད་པ་བཅུ། ཟིལ་གནོན་བརྒྱད། མངོན་ཤེས་དྲུག་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཀུ༷ན་ཏུ༷་ཡོན་ཏན་སྤྱོད་པའི་སྟོབས་རྣམསདང༌། སྟོབས་བཞི་བ་བྱམས་པའི་སྟོབས་ནི། ཀུན་ནས་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེདཔར་ཁྱབ་པའི་བྱམས་པས་མཚོན་ནས་དགའ་བ་ཚད་མེད། སྙིང་རྗེ་ཚད་མེད། བཏང་སྙོམས་ཚདམེད་སོགས་ཚད་མེད་པ་བཞི་བོ་དག་གི་སྟོབས་ནི་ཀུ༷ན་ཏུ༷་ཁྱ༷བ་པ༷་བྱ༷མས་པ༷་ད༷ག་གི༷་སྟོ༷བས་དང༌། སྟོབས་ལྔ་པ་བསོད་ནམས་ཀྱི་སྟོབས་ནི། ཀུ༷ན་ཏུ༷་སེམས་ཅན་ཐམས་ཅད་ལ་གནས་སྐབསདང་མཐར་ཐུག་གི་ཕན་པ་དང་བདེ་བ་ལ་སོགས་པ་བསྒྲུབ་པའི་ཆེད་དུ་རབ་ཏུ་དགེ༷་བའི༷་སྦྱིནསོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ཀུན་ནས་དགེ་བའི་བསོ༷ད་ན༷མས་ཀྱི་སྟོ༷བས་ད༷གད༷ང༌། སྟོབས་དྲུག་པ་ཡེ་ཤེས་ཀྱི་སྟོབས་ནི། འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆོས་ཀུན་ལཆགས་ཐོགས་མེད་པར་ཅིག་ཅར་དུ་མཁྱེན་པའི་ཆ༷གས་པ༷་མེ༷ད་པ༷ར་གྱུ༷ར་པའི༷་ཡེ༷་ཤེ༷ས་ཀྱི་སྟོ༷བསདང༌། སྟོབས་བདུན་པ་སྟོང་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེ༷ས་ར༷བ་ཀྱི་སྟོབས་དང༌། སྟོབསབརྒྱད་པ་གཞན་དོན་སྒྲུབ་པ་ལ་མཁས་པའི་ཐ༷བས་ཀྱི་སྟོབས་ད༷ང༌། སྟོབས་དགུ་བ་དམིགསཔ་ལ་རྩེ་གཅིག་པའི་མངོན་ཤེས་དང་རྣམ་འཕྲུལ་ལ་སོགས་པ་ཡོན་ཏན་བསྐྱེད་པའི་རྒྱུ། དཔའབར་འགྲོ་བའི་ཏི༷ང་ངེ་འཛི༷ན་དེ་དག་ནི་ཏིང་ངེ་འཛིན་གྱི་སྟོབས། སྟོ༷བས་དགུ་བོ་དེ་ད༷ག་གི༷ས་ནི་སྟོབས་བཅུ་བ་བྱ༷ང་ཆུ༷བ་ཀྱི་སྟོ༷བས་རྣ༷མས་ཡ༷ང་ད༷ག་པར་སྒྲུ༷བ་པ༷ར་བྱེ༷ད་ཅེས་དང༌། བྱང་ཆུབཀྱི་སྟོབས་ནི་བླ་ན་མེད་པའི་བྱང་ཆུབ་འཕྲལ་དུ་ཐོབ་པར་བྱེད་པའི་ཡེ་ཤེས་ཁྱད་པར་བ་ཞིགགོ། །དེ་ཡང་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། བྱང་ཆུབ་ཀྱི་སྟོབས་ཏེ་བླ་ན་མེད་པའིབྱང་ཆུབ་འཕྲལ་དུ་ཐོབ་པར་བྱེད་པའི་ཡེ་ཤེས།ཞེས་སོ། །དེ་འདྲའི་སྟོབས་བཅུ་བོ་རེ་རེའི་སྐབསསུ་དེ་དག་རེ་རེ་བདག་ལ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་པ་རེད། དེ་ལྟར་རྣམ་པ་ཚངམས་ཀྱང་སྨོན་ལམ་མཛད་དགོས། ཁྱེད་རྣམ་པ་ཚོས་བཟང་བོ་སྤྱོད་པའི་སྨོན་ལམ་འདི་གསུངཔའི་སྐབས་ཚིག་ཙམ་འདོན་པ་མིན་པར་དོན་ལ་བསམ་བློ་གཏང་དགོས་ཤིང༌། དེ་ལྟར་དོན་ལ་བསམ་བློ་བཏང་ནས་དད་པ་རྣམ་དག་གི་སྒོ་ནས་གསུངས་པ་ཡིན་ན་འོག་ནས་གསུངས་པལྟར་ཕན་ཡོན་ཆེན་པོ་ཡོད། ཕན་ཡོན་ཡོད་པ་ཧ་གོ་བ་ཡིན་ན་དེ་ལ་སྤྲོ་བའི་སྒོ་ནས་འཇུག་ཐུབཅིང༌། སྤྲོ་བའི་སྒོ་ནས་འཇུག་ཐུབ་ན་དེ་ལ་དཀའ་ངལ་མེད་པར་ཆགས་འགྲོ། ང་རང་གི་མི་ཚེའིབརྒྱུད་རིམ་ནང༌། གྲྭ་ས་ཁག་ནས་དཔེ་ཆ་ལྟ་བའི་སྐབས་དེར་སྤྲོ་བའི་སྒོ་ནས་ལྟ་ཐུབ་ཀི་འདུག་དེ་ལྟར་ལྟ་ཐུབ་པ་དེ་ཡང་ང་ལ་ཤེས་རབ་ཁྱད་པར་ཅན་ཞིག་ཡོད་པས་མ་རེད་དེ། སྤྲོ་བ་ཡོདཔའི་རྐྱེན་གྱིས་དཔེ་ཆ་ལྟ་བ་ལ་དཀའ་སྣང་ཁྱོན་ནས་ཡོད་མ་སོང༌། ལས་རིགས་གང་ཞིག་ཡིནཀྱང་རང་ཉིད་དེ་ལ་སྤྲོ་བ་ཡོད་ན་དཀའ་ངལ་མེད་པ་ཞིག་ཡིན་པས། ཁྱེད་རྣམ་པ་ཚོ་ཡང་དཔེཆ་དང་དགེ་བ་ལ་སྤྲོ་བ་ཡོད་རྒྱུ་གལ་ཆེན་པོ་རེད། དགེ་བ་ལ་སྤྲོ་བ་སྐྱེས་ན་བརྩོན་འགྲུས་འབྱུངཐུབ་ལ། བརྩོན་འགྲུས་འབྱུང་ཐུབ་ན་དགེ་བ་ཐམས་ཅད་འབྱུང་ཐུབ། དེ་ཡང་ཡོན་ཏན་མ་ལུསབརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་ལ། ཁྱེད་རྣམ་པ་ཚོས་བཟང་པོ་སྤྱོད་པ་འདི་ལྟབུ་དད་པ་རྣམ་དག་གི་སྒོ་ནས་གསུང་ཐུབ་ན་རང་རང་སོ་སོས་བསོད་ནམས་རླབས་ཆེན་བསགསཔ་ཡིན་ཞིང༌། དེ་ནང་བཞིན་བྱང་ཆུབ་སེམས་དཔའི་སྤྱོད་པ་སངས་རྒྱས་ཀྱི་སྤྱོད་པ་དང་མཉམདུ་སྨོན་ལམ་གསུངས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་དང་བློ་མཐུནཔའི་སྒོ་ནས་དགེ་བ་མཉམ་དུ་བསྒྲུབ་ན་དགེ་བའི་རྩ་བ་མཉམ་དུ་ཐོབ་ཐུབ་ཅེས་གོང་ནས་དབངའབྱོར་བ་རྣམ་པ་དྲུག་གི་སྐབས་སུ་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། བྱང་ཆུབ་སེམསདཔའ་དེའི་འཕྲིན་ལས་འཇུག་སྟེ། དོན་གཅིག་ལ་བློ་གྲོས་དང་འདུན་པ་གཅིག་ཏུ་བསྒྲིལ་པའིདམག་ལ་སོགས་པའི་བྱ་བ་བཞིན་ནོ། །ཞེས་གསུངས་སོ། །དེས་ན་སོ་སོའི་དད་པ་དག་སྣང་གི་སྒོ་ནས་ང་ཚོས་འདིའི་ནང་ལ་གྲྭ་བ་ལྔ་བརྒྱ་ཡས་མས་དང་མཉམ་དུ་བཟང་སྤྱོད་སྨོན་ལམ་གསུང་ཐུབ་ན་བཟང་སྤྱོད་སྨོན་ལམ་ཚར་ལྔ་བརྒྱ་འདོན་པའི་དགེ་རྩ་མཉམ་དུ་ཐོབ་ཐུབ་ལ། སློབགླིང་འདིའི་ནང་ལ་བཞུགས་ཏེ་སློབ་སྦྱོང་བྱས་ནས་དཀའ་སྤྱད་སྡུག་རུས་རྒྱ་ཆེན་བྱེད་མ་ཐུབན་ཡང༌། རང་རང་སོ་སོས་ཅི་ཐུབ་གང་ཐུབ་གྱིས་དད་པ་སྤྲོ་བ་དགའ་བ་སོགས་ཡོད་པའི་སྒོནས་ཆོས་རེ་བསྒྲུབས་ནས་ཆོས་མིན་གྱི་ལས་མི་བསག་རྒྱུ་དེ་གལ་ཆེན་ཡིན། ང་ཚོ་ལ་མང་ཚོགསཚོས་སྐྱབས་གནས་སུ་བཟུང་ནས་ཁོ་ཚོས་རྔུལ་ཆུས་བསགས་པའི་ཐིགས་པ་དག་ཡར་ང་ཚོརཕུལ་འོང་ན་ང་ཚོས་ངོས་ནས་ཀྱང་སྨོན་ལམ་ཡག་པོ་ཞིག་བྱས་ནས་གདོན་བྱ་དག་འདོན་དགོསཔ་རེད་མ་གཏོགས། མ་བཏོན་པ་ཡིན་ན་གཅིག་བྱས་ན་རྒྱ་བླ་ཚོས་མགོ་བསྐོར་བཏང་སོངཞེས་བཤད་ཀི་ཡོད་པ་རེད་དེ། ང་ཚོས་ཀྱང་མགོ་བསྐོར་བཏང་བ་འདྲ་བོ་ཆགས་འགྲོ་བ་རེད། དེས་ན་གདོན་བྱ་དག་བཏོན་ནས་སྨོན་ལམ་ཡག་པོ་ཞིག་བརྒྱབ་སྟེ་དཀོར་གྱི་ཉེས་པའི་དྲི་མསམི་སྒྲིབ་པར་བྱ་དགོས། དེ་རིང་འདི་ནས་མཚམས་འཇོག་གི་ཡིན། གཉིས་པ་སྟོབས་བཅུའི་བྱེད་ལས་ནི། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །བཟང་པོའི་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །སྟོབས་བཅུའི་བྱེད་པ་ལ་བརྟེན་ནས་མི་དགེ་བའི་ལས་དང་ཟག་བཅས་དགེ་བའི་ལ༷ས་ཀྱི༷་སྟོ༷བས་རྣ༷མས་ཡོ༷ངས་སུ༷་ད༷ག་པར་བྱེ༷ད་ཅི༷ང༌། ཉོ༷ན་མོ༷ངས་པ་རྩ་ཉོན་དྲུག་ཉེ་ཉོན་ཉི་ཤུ་སོགསདེ་དག་གི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་གི་རང་བཞིན་ཅན་ཉོན་མོངས་པ་དང༌། དེའི་བག་ཆགས་གནས་ངན་ལེན་ཐམས་ཅད་ཀྱི་སྟོ༷བས་རྣ༷མས་ཀུ༷ན་ཏུ༷་ཕམ་པར་བྱེད་ཅིང་སྤོང་པརབྱེད་པས་འཇོ༷མས་པ༷ར་བྱེ༷ད་ཅེས་གསུངས་པ་རེད། ཡིན་ན་ཡང༌། བྱང་ཆུབ་སེམས་དཔའ་འགའརེས་ཉོན་མོངས་པ་འགའ་ཞིག་སྤངས་ལ་འགའ་ཞིག་རྩད་ནས་མ་སྤངས་བར་དབང་འབྱོར་བའི་ཚུལ་གྱིས་གཞན་དོན་བྱེད་པའི་གྲོགས་སུ་ཁྱེར་བའང་ཡོད། བདུད་ཀྱི་སྟོབས་ཏེ། ཉོན་མོངསཔའི་བདུད་དང༌། འཆི་བདག་གི་བདུད། ལྷའི་བུའི་བདུད། ཕུང་པོའི་བདུ༷ད་ཀྱི༷་སྟོ༷བས་རྣ༷མསའཇོམས་པར་བྱེད་ཅིང༌། ཉོན་མོངས་པ་དེ་དག་ཉོན་མོངས་པའི་བདུད་དང༌། ཟག་བཅས་ཉེརབར་ལེན་པའི་ཕུང་པོ་དག་ཕུང་པོའི་བདུད། ཆོས་མཐུན་གྱི་བྱ་བ་བྱེད་པ་ལ་བར་ཆད་བྱེད་པའིལྷའི་བུ་དགའ་རབ་དབང་ཕྱུག་ལྟ་བུ་དག་ལྷའི་བུའི་བདུད་དང༌། རང་དབང་མེད་པར་སྲོག་དབངའགག་པའི་ཆ་དེ་ནི་འཆི་བདག་གི་བདུད། དེ་དག་འཇོམས་པར་བྱེད་ཚུལ་དེ་ཡང༌། གང་འདུསཔ་ཐམས་ཅད་ལ་རང་བཞིན་གྱིས་གྲུབ་པ་དང༌། རྟག་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་ཏེ། ཕུང་པོ་སྟོང་བར་རྟོགས་པས་ཕུང་པོའི་བདུད་བཅོམ་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོནི་རྟག་ཅིང་བརྟན་ལ། སྐྱེ་འཇིག་ཐམས་ཅད་དང་བྲལ་པར་རྟོགས་པས་འཆི་བདག་གི་བདུདབཅོམ་ཚུལ་སོགས་རེ་རེ་ལ་སྦྱར་ནས་བཤད་ཚུལ་ཡོད་དེ། རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལབའི་སྐབས་དེ་ལྟར་གསུངས་འདུག མདོར་ན་བདུད་ཀྱི་སྟོབས་ལ་སོགས་པའི་སྟོ༷བས་མེ༷ད་ཅིང༌། ར༷བ་ཏུ་ཞི་བར་བྱེ༷ད་ཅི༷ང༌། རབ་ཏུ་ཞི་བར་བྱེད་པ་ལ་བརྟེན་ནས་རྒྱལ་སྲས་བྱང་ཆུབ་སེམསདཔའ་ཀུན་ཏུ་བཟ༷ང་བོ༷འི་སྤྱོ༷ད་པ༷འམ་བྱང་ཆུབ་སེམས་དཔའ་དག་གི་སྤྱོད་པ་རླབས་པོ་ཆེའིབཟང་བོ་སྤྱོད་པའི་སྟོ༷བས་ནི༷་རྫོ༷གས་པ༷ར་བགྱི༷་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་སྨོན་པའོ། །གཉིས་པ་ཕན་ཡོན་གཙོ་བོར་གྱུར་པ་བསམ་མི་ཁྱབ་ཀྱི་སྨོན་ལམ་ནི། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་དགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང༌། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང༌། །བསྐལ་བ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །ཞི༷ང་ཁམས་རྣ༷མས་ཟད་མི་ཤེས་པ་རྒྱ༷་མཚོ༷་ལྟ་བུ་དག་རྣ༷༷མ་པར་ད༷ག་པར་བྱེ༷ད་ཅི༷ང༌། དག་པརབྱེད་ཚུལ་ནི། བདེ་བ་ཅན་དང་པདྨ་ཅན་གྱི་ཞིང་ཁམས་བཞིན་ངན་སོང་དང་སྡུག་བསྔལ། ལྟབ་ལོག་པ། ངམ་གྲོག་དང༌། ཚེར་མ་ལ་སོགས་པ་སྤངས་པ། ས་གཞི་ནི་རིན་པོ་ཆེའི་ས་གཞི། ལྗོན་པ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ཞིང་ཁམས་རྣམ་པར་དག་པའོ། །སེ༷མས་ཅ༷ན་ཆེས་མང་བ་གྲངས་མེད་པ་རྒྱ༷་མཚོ༷་ལྟ་བུ་ད༷ག་ནི༷་སྡུག་བསྔལ་དང་སྒྲིབ་པ་ལས་རྣ༷མཔ༷ར་དགྲོ༷ལ་བ་དང༌། ལུང་རྟོགས་ཀྱི་ཆོ༷ས་རྣ༷མས་རྒྱ༷་མཚོ༷་ལྟ་བུ་དག་ཤེས་རབ་ཀྱི་མིག་གིས་ར༷བཏུ༷་མཐོ༷ང་བར་བྱེ༷ད་ཅི༷ང༌། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་མངོན་སུམ་དུ་མཁྱེན་པའི་ཡེ༷་ཤེ༷ས་རྒྱ༷མཚོ༷་ལྟ་བུ་དག་ར༷བ་ཏུ༷་རྟོ༷གས་པ༷ར་བྱེ༷ད་པའམ་ཐོབ་པས་ནི། བདག་གཞན་ལ་ཕན་པའི་ཐབསསྤྱོ༷ད་པ༷་རྒྱ༷་མཚོ༷་ལྟ་བུ་དག་སྐྱོན་ཀུན་གྱིས་རྣ༷མ་པ༷ར་ད༷ག་པར་བྱེ༷ད་ཅི༷ང༌། རང་གཞན་གྱི་དོན་གྱིསྨོ༷ན་ལ༷མ་གྲངས་མེད་པ་རྒྱ༷་མཚོ༷་ལྟ་བུ་རྣམས་མྱུར་དུ་ཡོ༷ངས་སུ༷་རྫོ༷གས་པ༷ར་བྱེ༷ད་ཅིང་འབྲས་བུ་འགྲུབ་པར་བྱེད་པ། ས༷ངས་རྒྱ༷ས་གྲངས་མེད་པ་མཐའ་མེད་པ་རྒྱ༷་མཚོ༷་ལྟ་བུ་རྣམས་ལ་མཆོདཔ་རྣམ་པ་དུ་མའི་སྒོ་ནས་ར༷བ་ཏུ༷་མཆོ༷ད་པར་བྱེ༷ད་ཅི༷ང༌། དེ་བདུན་པོ་ནི་བསྐ༷ལ་བ༷་མཐའ་མེདཀྱི་རྒྱ༷་མཚོ༷་ལྟ་བུའི་བར་དུ་སྐྱོ་བ་མེད་པར་མི༷་སྐྱོ༷་ཞིང་རབ་ཏུ་དགའ་བའི་སྒོ་ནས་སྤྱ༷ད་པར་བགྱི༷འོཞེས་གསུངས་སོ། །གསུམ་པ་མཐར་ཐུག་སྨོན་ལམ་བླ་ན་མེད་པར་གཅིག་ཏུ་བྱ་བ་ནི། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། ། བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པའི་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །ག༷ང་ཡ༷ང་འདས་མ་འོངས་ད་ལྟ་དུ༷ས་གསུ༷མ་དུ་བྱོན་པའམ་གཤེ༷གས་པ༷འི་རྒྱ༷ལ་བ༷་མཐའཡས་པ་ཡི༷་ནི། སྔོན་ཐོག་མ་མེད་པའི་དུས་ནས་བརྩམས་ཏེ་བྱ༷ང་ཆུ༷བ་སེམས་དཔའི་སྤྱོ༷ད་པ༷འིསྨོ༷ན་ལ༷མ་བྱེ༷་བྲ༷ག་མཐའ་ཡས་པ་རྣ༷མས་བཟ༷ང་པོ༷འི་སྤྱད་པ་སྤྱོ༷ད་པ༷འི་སྒོ་ནས་བླ་ན་མེད་པའི་བྱ༷ང་ཆུ༷བ་ཀྱི་ས༷ངས་རྒྱ༷ས་པའི་མཛད་པ་མཛད་ན༷ས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པདེ༷་དག་ཐམས་ཅད་ཀུ༷ན་བད༷ག་གི༷ས་མ༷་ལུ༷ས་པ་རྫོ༷གས་པ༷ར་བགྱི༷འོ་ཞེས་པའོ། །དེ་ལྟ་བུའི་སངསརྒྱས་རྣམས་ཀྱི་སྨོན་ལམ་བདག་གིས་རྫོགས་པར་བྱ་བའི་ཕྱིར། རྒྱལ་སྲས་མཆོག་གཉིས་དང་ཡང་སྨོན་ལམ་གཅིག་ཏུ་བྱ་བ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །རྒྱ༷ལ་བ༷་སངས་རྒྱས་ཀུ༷ན་གྱི༷་སྲ༷ས་ཀྱི༷་མཆོག་གམ་ཐུ༷་བོ༷་པ༷་ག༷ང་གི༷་མི༷ང་ལ་ནི༷་བྱང་ཆུབ་སེམསདཔའ་ཀུ༷ན་ཏུ༷་བཟ༷ང་ཞེ༷ས་བྱ༷་བར་གྲགས་པའི་མཁ༷ས་པ༷་དེ༷་ད༷ང་མཚུ༷ངས་པ༷ར་དམ་པའི་ཆོས་ལ་སོགས་པར་སྤྱ༷ད་པ༷འི་ཕྱི༷ར། བདག་གི་དགེ༷་བའི་རྩ་བ༷་འདི༷་ད༷ག་ཐ༷མས་ཅ༷ད་བླ་ན་མེད་པའིབྱང་ཆུབ་ཀྱི་ཆེད་དུ་ར༷བ་ཏུ༷་བསྔོ༷་བར་བགྱིའོ་ཞེས་དང༌། འདི་ནི་རྒྱལ་བའི་སྲས་ཀྱི་མཆོག་ཀུནཏུ་བཟང་པོ་དང་སྨོན་ལམ་བྱེད་པར་མཚུངས་པར་སྨོན་ལམ་གནང་བ་ཡིན། འཕགས་པ་ཀུནཏུ་བཟང་བོས་གཞོན་ནུ་ནོར་བཟང་སོགས་རྗེས་འཇུག་རྣམས་ཀྱི་སྨོན་ལམ་འདེབས་པའི་དོནདུ་ཀུན་ཏུ་བཟང་བོ་རང་ཉིད་དང་གདུལ་བྱ་རྣམས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པགཅིག་ཏུ་བྱེད་པར་སྨོན་ལམ་གནང་བའོ། །ཚུལ་ཇི་ལྟར་མཚུངས་པར་སྤྱད་པ་ནི། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པར། །བསྔོ་བ་བཟང་བོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག ། སེམས་ཅན་གང་ལ་གང་འདུལ་གྱི་ལུ༷ས་མཐའ་ཡས་པར་སྟོན་པ་ད༷ང༌། དབྱངས་གཅིགའགྲོ་བ་ཀུན་གྱི་སྐད་དང་འབྱོར་བའི་ང༷ག་ད༷ང༌། རྣམ་པར་མི་རྟོག་བཞིན་དུ་མ་འདྲེས་པར་ཤེསལ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་ཡང་འཇུག་ནུས་པའི་ཡི༷ད་ཀྱ༷ང་སྟེ། ལུས་ངག་ཡིད་གསུམརྣ༷མ་པར་ད༷ག་པར་གྱུར་ཅི༷ང༌། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྤྱོ༷ད་པ༷་དགལ་མི་མཐུན་ཕྱོགས་སེར་སྣ་སོགས་ཀྱིས་མ་གོས་པས་རྣ༷མ་པར་ད༷ག་པར་བྱེད་ཅིང༌། ཞི༷ང་རྣ༷མསཀྱང་ཡོ༷ངས་སུ་ད༷ག་པ༷ར། བསྔོ༷་བ༷་བཟ༷ང་པོ༷་མཐའ་དང་བྲལ་བ་བཏབ་པའི་མཁ༷ས་པ༷་བྱང་ཆུབསེམས་དཔའ་ཆེན་པོ་རྣམས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་ལྷན་ཅིག་སྤྱོད་པཅི༷་འདྲ༷་བ༷་དེ༷་འདྲ༷ར་བད༷ག་ཀྱ༷ང་ཀུན་ཏུ་བཟང་པོ་དེ༷་ད༷ང་མཚུ༷ངས་པ༷ར་ཤོ༷ག་ཅིག་ཅེས་འཕགསཔ་ཀུན་ཏུ་བཟང་བོ་དང་མཚུངས་པར་སྨོན་ལམ་གནང་བ་ཡིན། འཕགས་པ་ཀུན་ཏུ་བཟང་བོ་དང་སྨོན་ལམ་གཅིག་ཏུ་བྱ་བ་ཞུས་ཟིན་ནས་འཕགས་པ་འཇམདཔལ་དང་སྨོན་ལམ་གཅིག་ཏུ་བྱ་བ་ནི། ཀུན་ནས་དགེ་བ་བཟང་བོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །ཐོག་མཐའ་བར་གསུམ་ཀུན་ཏུ་ཀུ༷ན་ན༷ས་དགེ༷་བ༷འི་ཆོས་བཟ༷ང་བོ༷་སྤྱོད་པ་དག་སྤྱ༷ད་པ༷འིཕྱི༷ར་དུ། འཕགས་པ་མཆོག་འཇ༷མ་དཔ༷ལ་གྱི༷ས་ནི༷་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་བདག་གིས་ཀྱང་དེ་ལྟར་སྨོ༷ན་ལ༷མ་སྤྱ༷ད་པ༷ར་བགྱི༷འོ་ཞེས་སྨོན་ལམ་གནང་བ་དང༌། སངས་རྒྱས་རྣམསདང་འཕགས་པ་ཀུན་ཏུ་བཟང་དང་འཇམ་དཔལ་གྱིས་སྨོན་ལམ་བཏབ་པ་དེ་དག་ཐམས་ཅདམ༷་འོ༷ངས་མཐའ་མེད་པའི་བསྐ༷ལ་བ༷་ཀུ༷ན་ཏུ༷་དེ་ལྟར་སྤྱོད་པ་ལ་མི༷་སྐྱོ༷་བ༷ར་དགའ་བ་དང་སྤྲོ་བའིསྒོ་ནས་སངས་རྒྱས་རྣམས་དང་འཕགས་པ་ཀུན་ཏུ་བཟང་འཇམ་དཔལ་སོགས་དེ༷་ཡི༷་བྱ༷་བ༷་མ༷ལུ༷ས་པ་ཐམས་ཅད་བདག་གིས་རྫོ༷གས་པ༷ར་བགྱི༷འོ་ཞེས་སྨོན་ལམ་གནང་བའོ། །ས་བཅད་གསུམ་པ་དོན་བསྡུ་བ་ནི། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག ། ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག ། སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང༌། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་སོགས་བྱང་ཆུབ་སེམས་དཔའི་ལམ་ཕ་རོལ་ཏུ་ཕྱིནཔ་དྲུག་ལ་སོགས་པའི་སྤྱོ༷ད་པ༷་ད༷ག་ནི༷་འདི་ཙམ་ཞེས་ཚ༷ད་བཟུང་བ་ཡོ༷ད་པར་མ༷་གྱུ༷ར་ཅི༷ག་ཅེསསྨོན་ལམ་གནང་བ་དང༌། གཟུངས་དང་སྤོབས་པ་ཏིང་ངེ་འཛིན་ལ་སོགས་པའི་རྒྱུད་ཀྱི་ཡོ༷ནཏ༷ན་རྣ༷མས་ཀྱ༷ང་ཚ༷ད་གཟུ༷ང་དུ་མེ༷ད་པ༷ར་ཤོ༷ག་ཅིག་ཅེས་སྨོན་ལམ་གནང་བ། དེ་ལྟར་སྤྱོ༷ད་པ༷་དང་ཡོན་ཏན་རྣམས་ཚ༷ད་གཟུང་དུ་མེ༷ད་པ༷་ལ༷་གན༷ས་པར་བྱས་ན༷ས་ཀྱ༷ང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ༷་ད༷ག་རྣམས་ཀྱི་རྣམ་པར་འཕྲུ༷ལ་པ༷་ཐ༷མས་ཅ༷ད་བདག་གིས་འཚ༷ལ་པ་སྟེ། སྐུ་གསུང་ཐུགས་ཀྱི་འཕྲུལ་བ་ཐམས་ཅད་བདག་གིས་མཐོང་ཞིང་ཤེས་ལ། མཐར་སངསརྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཐམས་ཅད་མ་འོངས་པར་བདག་ལ་ཐོབ་པར་ཤོགཅིག་ཅེས་སྨོན་ལམ་གནང་བའོ། །གསུམ་པ་སྨོན་ལམ་གྱི་མཐའ་དང་ཕན་ཡོན་བསྟན་པ་ལ་སྨོན་ལམ་གྱི་མཐའ་བཤད་པ་དང༌། ཕན་ཡོན་དངོས་བཤད་པ་གཉིས་ལས། དང་པོ་སྨོན་ལམ་གྱི་མཐའ་ནི། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ན༷མ་མཁ༷འི་མཐ༷ར་ཐུ༷ག་གྱུ༷ར་པ༷་ཞེས་པ་ནི་ནམ་མཁའ་བཞིན་མཐའ་མེད་པའི་ཕྱིར། ཕྱོགསབཅུའི་མཐའ་མེད་པ་ཇི༷་ཙ༷མ་པ༷ར། སེ༷མས་ཅ༷ན་མ༷་ལུ༷ས་ཐམས་ཅད་ཀྱི་མཐ༷འ་ཡ༷ང་དེ༷་བཞི༷ན་དེ༷། མཐའ་མེད་པའོ། །སེམས་ཅན་མ་ལུས་པ་ཇི༷་ཙ༷མ་པ་དེ་དག་གིས་བསགས་པའི་ལ༷ས་ད༷ངཉོ༷ན་མོ༷ངས་པ་ཡང་མཐ༷ར་བཟུང་དུ་མེད་པར་གྱུ༷ར་པ༷། བད༷ག་གི༷་སྨོ༷ན་ལ༷མ་གྱི་མཐ༷འ་ཡ༷ང་གོངནས་ནམ་མཁའ་མཐའ་མེད་པ་དང༌། སེམས་ཅན་མཐའ་མེད་པ་དེ༷་ཙ༷མ་མོ༷་ཞེས་མཐའ་མེད་པར་བསྟན་པ་དང༌། མཐའ་མེད་པ་ཞེས་པ་ནི་ཟད་པ་མེད་པའི་དོན་ཏེ། མཐའ་དང་ཟད་པསོགས་དོན་གཅིག་ལ་བྱེད་པར་རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་ལའོ། །ཞེས་གསུངས་སོ། །གཉིས་པ་ཕན་ཡོན་དངོས་ལ་མདོར་བསྟན་དང༌། རྒྱས་བཤད། དོན་བསྡུ་གསུམ་ལས། དངཔོ་མདོར་བསྟན་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང༌། །ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་བོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ག༷ང་ཡ༷ང་ཕྱོ༷གས་བཅུ༷འི་འཇིག་རྟེན་གྱི་ཞིང༷་ཁམས་རྣ༷མས་མཐ༷འ་ཡ༷ས་པ༷་དེ་དག་རི༷ན་པོཆེ༷འི་མཆོད་པའི་བྱེ་བྲག་རྣམ་པ་སྣ་ཚོགས་རྒྱལ་སྲིད་སྣ་བདུན་ཨིནྡྲ་ནཱི་ལ་ལ་སོགས་པས་བརྒྱ༷ནཏེ༷་བཀང་ནས། བསོད་ནམས་ཤིན་ཏུ་རྒྱ་ཆེ་བས་རྒྱ༷ལ་བ༷་སངས་རྒྱས་རྣ༷མས་ལ༷་ཕུ༷ལ་བ་ཡིན་ནལྷ༷་ད༷ང་མི༷འི་བདེ༷་བ༷འི་མཆོ༷ག་ཏུ་གྱུར་པ་ཁ་ཟས་གོས་དང་གནས་ཁང་བང་མཛོད། བཞོན་པ། འབྲུ་སོགས་གཞན་ཡང་འདོད་པའི་ཡོན་ཏན་མཐའ་ཡས་པ་རྣ༷མས་དང་བཅས་པའི་སྒོ་ནསཕྱོགས་བཅུའི་ཞི༷ང་ཁམས་དེ་རྣམ་གྲངས་ཆེས་མང་བས་རྡུ༷ལ་སྙེ༷ད་དུས་ཀྱི་སྒོ་ནས་རྒྱུན་མི་ཆདཔར་བསྐ༷ལ་བ༷ར་མང་པོ་ཕུ༷ལ་བ༷་བ༷ས། གང་ཟག་གང་དང་ག༷ང་གི༷ས་འཕགས་པ་བཟང་བོ་སྤྱོདཔའི་སྨོན་ལམ་གྱི་བསྔོ༷་བ༷འི་རྒྱ༷ལ་བོ༷་འདི༷་ཐོ༷ས་ན༷ས་བྱ༷ང་ཆུ༷བ་མཆོ༷ག་ལ་རྗེ༷ས་སུ༷་མཐུན་པར་ར༷བཏུ་མོ༷ས་ཤི༷ང༌། གནས་ཚུལ་དང་མཐུན་པར་མོས་པར་བྱེད་པ་ནི་རྗེས་སུ་མཐུན་པའི་མོས་པའོ། །ལ༷ན་གཅི༷ག་ཙ༷མ་གྱིས་ཡ༷ང་ད༷ད་པ༷་བསྐྱེ༷ད་པ༷་ཡིན་ན༷་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་པའིབསོ༷ད་ན༷མས་ད༷མ་པ༷འི་མཆོ༷ག་ཏུ༷་གྱུར་བ་འདི༷་འགྱུ༷ར་རོ༷། །མདོར་ན་ཕྱོགས་བཅུའི་འཇིག་རྟེནཐམས་ཅད་རིན་པོ་ཆེས་བརྒྱན་ནས་རྒྱལ་བ་རྣམས་ལ་ཕུལ་བ་ཡིན་ན་བསོད་ནམས་རྒྱ་ཆེ་བ་འབྱུང་ན་ཡང༌། དེ་ལས་ཀྱང་འཕགས་པ་བཟང་པོ་སྤྱོད་པ་འདི་ཐོས་ནས་བྱང་ཆུབ་མཆོག་ལ་རྗེས་སུ་མོས་པ་བསྐྱེད་ཅིང༌། དད་པ་ལ་སོགས་པ་བསྐྱེད་ན་དེའི་བསོད་ནམས་ནི་སྔ་མ་ལས་ཆེས་བསོད་ནམས་ཆེ་ཞེས་གསུངས་པ་དང༌། གོང་ནས་གསུངས་པར་འདི་ཐོས་པ་ཞེས་པ་ནིདོན་གོ་བར་ཐོས་དགོས་པ་ལས་དོན་མ་གོ་ན་ཕན་ཡོན་དེ་ལྟར་མི་འབྱུང་སྟེ། དེ་ཡང་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། དོན་མ་གོ་བ་དང༌། མོས་པ་དང་དད་པ་ཞེས་བསྟན་པསགཞན་གྱིས་བསྐུལ་བ་དང་འགྲན་པའི་ཕྱིར་དང༌། གཡམ་རྒྱུག་ཏུ་སྨོན་ལམ་འདེབས་པ་སོགས། འདི་དག་ལ་དངོས་སུ་ཕན་ཡོན་ཆེན་པོ་དེ་ལྟ་བུ་མི་འབྱུང་ངོ༌། །ཞེས་གསུངས་སོ། །དེ་ནས་ཤོལོ་ཀ་གཉིས་ཀྱི་སྒོ་ནས་ཕན་ཡོན་མདོར་བསྟན་གསུངས་པའོ། །གཉིས་པ་ཕན་ཡོན་རྒྱས་བཤད་ལ་བཅུ་གསུམ་ལས་དང་པོ་ནི། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །སྐྱེས་བུ་ག༷ང་གི༷ས་འཕགས་པ་བཟ༷ང་བོ་སྤྱོ༷ད་པའི་སྨོ༷ན་ལ༷མ་འདི༷་ལ་བརྩོན་པར་བྱས་ནསསྨོན་ལམ་བཏ༷བ་པ༷ས། དེ༷ས་ནི༷་ང༷ན་སོ༷ང་དུ་སྐྱེ་བར་འགྱུར་བའི་སྡིག་པ་ཚད་མེད་པ་བྱས་པ་ཡིནན་ཡང༌། དེ་ཐམས་ཅད་བྱང་ཞིང་ལས་ཀྱི་དབང་གིས་ངན་སོང་འགྲོ་བ་ཐ༷མས་ཅ༷ད་སྤོ༷ང་བ༷རའགྱུ༷ར་ཐུབ་པར་གསུངས་སོ། །ཕན་ཡོན་གཉིས་པ་ནི། དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདེབས་པ་པོ་དེ༷ས་ནི༷་ཚེ་འདི་དང་ཕྱི་མ་ཐམསཅད་དུ་སྡིག་པའི་གྲོ༷གས་པོ༷་ང༷ན་པ༷་ཐམས་ཅད་སྤ༷ངས་པ༷་ཡི༷ན་ཞིང༌། གྲོགས་པོ་ངན་པ་དང་འཕྲདཔར་མི་བགྱིད་པར་སྔར་གྲོགས་ངན་པ་དང་འཕྲད་པའི་རྒྱུན་དེ་དང་ཡང་བྲལ་ཞིང༌། གྲོགསཔོ་ངན་པ་ནི་ཉོན་མོངས་པ་འཕེལ་བར་བྱེད་པ། ལས་སྡིག་པ་སོགས་ལ་སྦྱོར་བར་བྱེད་པ། ཚུལཁྲིམས་དང་ཐོས་བསམ་སྒོམ་གསུམ་འཕེལ་བ་ལ་གེགས་བྱེད་པ།ཚེ་འདིའི་འདོད་ཡོན་དང༌། དགྲ་གཉེན་སོགས་འཇིག་རྟེན་གྱི་བྱ་བ་ལ་སྦྱོར་མཁན་དེའོ། །དེ་ཡང་དེ་ལྟ་བུའི་བླ་མའམ་དཔོནཔོ། རང་དང་མཉམ་པ། རོགས་དང་སློབ་མར་གྱུར་བ་གང་ཡིན་ཡང་མི་དགེ་བའི་བཤེས་གཉེནནམ་སྡིག་པའི་གྲོགས་པོ་ཡིན་པར་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས་གསུངས་འདུག་དེ་ལྟར་གསུངས་པ་ལྟར་གྲོགས་ངན་པ་ལ་མི་འགྲོག་རྒྱུ་གལ་ཆེན་པོ་ཡིན། གྲོགས་ངན་པ་དངའགྲོགས་སོང་ན་མི་གཞི་མི་བརྟན་པ་ཞིག་ཡིན་ན་ཉིན་གཅིག་གི་དུས་ཚོད་ཀྱི་ནང་ལ་ཁོ་རངའགྱུར་བ་ཐེབས་འགྲོ་གིན་འདུག ཅུང་ཙམ་རེ་དཔེ་ཆ་ལ་དགའ་བ་དང་དཔེ་ཆ་ལ་མོས་པ་ཡོདམཁན་ཞིག་ཡིན་ན་ཡང་ཁ་སང་དེ་རིང་དྲྭ་ཐོག་ན་སྡིག་པའི་བཤེས་གཉེན་མང་པོས་བཤད་པའིསློབ་གསོ་ངན་པའི་སྐོར་རེ་ཉན་ནས་ཧ་ལས་པའི་འགྱུར་བ་ཐེབས་ཀིན་འདུག དེས་ན་གྲོགསངན་པ་དང་མི་འགྲོག་རྒྱུ་གལ་ཆེན་རེད། འཕགས་པ་བཟང་བོ་སྤྱོད་པ་འདིའི་སྐབས་ཡིན་ན་ཡང་གོང་ནས་གྲོགས་བཟང་པོ་དང་འཕྲད་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་དང་འདི་ནས་སྡིག་པའི་གྲོགས་པོ་དང་མི་འཕྲད་པའི་ཕན་ཡོན་སྐོར་གསུངས་པ་རེད་དེ། གཙོ་བོ་རངགི་ལུས་ངག་ཡིད་གསུམ་གྱིས་ཐོག་གི་སྦྱོར་བ་ལ་རག་ལས་པ་ཞིག་ཡིན་ཏེ། ང་ཚོས་ནམ་རྒྱུནསངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་དམ་བཅའ་གནང་གི་ཡོད་པ་ཡིན་ན་ཡང༌། རངགི་ལག་ལེན་གྱི་ཐོག་ནས་ཇི་བཞིན་དུ་སྒྲུབ་མིན་ལ་རག་ལས་ཡོད་པའོ། །ཕན་ཡོན་གསུམ་པ་ནི། སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདེབས་པ་པོའི་གང་ཟག་དེས་ནི་ཞེས་གོངནས་གསུངས་པ་དེ་ཐོག་མའི་གསལ་བྱེད་བྱས་ནས་འདི་ཐམས་ཅད་ལ་སྦྱར་དགོས། འཕགསཔ་བཟང་པོ་སྤྱོད་པའི་སྨོན་ལམ་འདེབས་པ་པོའི་གང་ཟག་དེས་ནི་སངས་རྒྱས་སྣ༷ང་བ༷་མཐ༷འཡ༷ས་འོད་དཔག་མེད་བདེ་བ་ཅན་གྱི་ཞིང་ཁམས་འཁོར་དང་བཅས་པ་དེ༷་ཡ༷ང་དེ༷ས་མྱུ༷ར་དུ་མཐོ༷ངཐུབ་པ་དང་འཆི་བའི་ཚེ་ན་ཡང་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་ཐུབ་ཅེས་གསུངས་སོ། །ཕན་ཡོན་བཞི་བ་ནི། དེ་དག་རྙེད་པ་རབ་རྙེད། སྨོན་ལམ་འདི་ལ་བརྩོན་པའི་གང་ཟག་དེ༷་ད༷ག་གིས་ནི་དོན་ཆེན་པོ་ལ་སོགས་པ་འགྲུབ་པའིཕྱིར་རྙེ༷ད་པ༷་དག་ར༷བ་ཏུ་རྙེ༷ད་པའམ་འབད་བརྩོན་མེད་པར་ཆོས་དང་ལྡན་པའི་ཟས་གོས་བསོདསྙོམས་ལ་སོགས་པ་དེ་དག་རབ་ཏུ་རྙེད་པ་སྟེ་འཕོངས་པ་མེད་པར་ཐོབ་ཐུབ་ཅེས་གསུངས་པ་ལྟར། དེ་ནི་ང་ཚོས་ཀྱང་མྱོང་བའི་གྲུབ་པ་ཞིག་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིབཀའ་དྲིན་དང་དགེ་འདུན་པ་སྤྱིའི་གཟི་བརྗིད་དང་དམ་པའི་ཆོས་ཀྱི་བསོད་ནམས་ལ་བརྟེནནས་གྲྭ་བ་རྣམས་པ་ཚོར་འདི་འདྲའི་འཚོ་བའི་མཐུན་རྐྱེན་དཔལ་འབྱོར་གནས་གོས་ལོངས་སྤྱོདསོགས་མ་ཚང་བ་མེད་པ་ཞིག་གཞན་གྱིས་ཚུར་ཞབས་ཕྱི་བསྒྲུབ་འོང་བ་ནི་རང་ལ་ཡོན་ཏནཆེན་པོ་ཞིག་ཡོད་པས་མིན་པར་དམ་པའི་ཆོས་ལ་བརྟེན་ནས་བྱུང་བ་ཡིན། དམ་པའི་ཆོས་ལདད་པ་ཡོད་པའི་གང་ཟག་དག་གིས་དད་པའི་ངོས་ནས་ང་ཚོར་འབུལ་འོང་བ་ཤེས་དགོས་པརེད་མ་གཏོགས་གཞུང་གི་སློབ་ཆེན་ཞིག་ཡིན་ན་སྒོར་མོ་ཁྲི་ཕྲག་འགའ་རེ་སློབ་རིན་དང་དརུང་ཟ་རིན་སོགས་ལོགས་སུ་དགོས་ལ། ང་ཚོས་དེ་འདྲ་མི་དགོས་པར་འདི་འདྲའི་སློབ་གླིངནང་དུ་ཟ་རུང་བ་གོན་རུང་བ་དག་ཚུར་སྒྲུབ་འོང་བ་ནི་དམ་པའི་ཆོས་ཀྱི་ནུས་མཐུ་ཡིན། ཡིནན་ཡང༌། ང་ཚོ་ལ་ཡང་དག་པའི་མཆོད་གནས་ཀྱི་འདུ་ཤེས་བཟུང་ནས་འདི་འདྲ་ཕུལ་འོང་དུསརྫུན་གྱིས་འཁོར་ལོ་མི་བསྐོར་བར་བསྔོ་བ་སྨོན་ལམ་ཡང་དག་པ་རེ་བྱ་རྒྱུ་གལ་ཆེན་པོ་རེད་མགཏོགས་སྒོར་མོ་ཕུལ་འོང་དུས་ལེན་ཤེས་པ་ཙམ་དང་ཟ་མ་ཕུལ་འོང་དུས་ཟ་ཤེས་པ་ཙམ་གྱིསའགྲོ་ཐབས་བྱས་ཏེ་ཐོས་བསམ་སྒོམ་གསུམ་ཁ་ཏོན་བཟླས་བརྗོད་གང་གི་སྐབས་ཡིན་རུང་ཡོནབདག་ཚོར་བསྔོ་བ་སྨོན་ལམ་རེ་དྲན་གྱིན་མེད་ན་ངོ་མ་ཐབས་སྐྱོ་བོ་རེད། དེས་ན་སྨོན་ལམ་ཡང་དག་པ་རེ་གནང་དགོས་ཤིང༌། ཚུལ་ཁྲིམས་དང་ལྡན་པ་ཞིག་གིས་སྨོན་ལམ་གནང་ནའགྲུབ་ཐུབ་སྟེ། ལུང་ལས། ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །ཅེས་གསུངས་སོ། །ཕན་ཡོན་ལྔ་བ་ནི། བདེ་བར་འཚོ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདེབས་པ་པོའི་གང་ཟག་དེ་རྣམས་ནི་བདེ༷་བ༷རའཚོ༷་ཐུབ་ཅེས་དང༌། བདེ་བ་ནི་ལེགས་པའི་དོན་ཏེ་ཚེ་རབས་ཀུན་ཏུ་ལེགས་པར་སྤྱད་པ་དང༌། དགྲ་དང་གདོན་ནད་ལ་སོགས་པའི་མི་འདོད་པའི་ཉེར་བར་འཚེ་བ་ཀུན་གྱིས་འཚེ་བ་མེད་པའིསྒོ་ནས་འཚོ་ཐུབ་པ་དང༌། དམ་པའི་ཆོས་ཡང་དག་པར་སྒྲུབ་པའི་སྒོ་ནས་བདེ་བར་འཚོ་ཐུབཔ། མདོར་ན་དགྲ་དང་གདོན་ནད་ལ་སོགས་པའི་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅདཞི་ཞིང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས་དམ་པའི་ཆོས་དང་མཐུན་པ་ཞིགསྒྲུབ་ཐུབ་པ། དེ་འདྲའི་བདེ་བར་འཚོ་བ་ནི་གང་ལ་བརྟེན་ནས་བྱུང་ཞེ་ན། འཕགས་པ་བཟངཔོ་སྤྱོད་པ་འདི་ལ་བརྟེན་ནས་སོ། །དེ་རིང་འདི་ནས་མཚམས་འཇོག་གི་ཡིན། ཕན་ཡོན་དྲུག་པ་ནི། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང༌། །དད་པ་རྣམ་དག་གི་སྒོ་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་གསུངས་པ་ནདེའི་ཕན་ཡོན་ནི་སྐྱེ་བ་ཕྱི་མ་ཙམ་མ་ཟད་མི༷་ཚེ༷་འདི༷ར་ཡ༷ང་དེ༷་ད༷ག་ལེ༷གས་པ༷ར་འོ༷ང་སྟེ། ལེགསཔར་འོང་ཚུལ་ནི་མི་ཚེ་དོན་ལྡན་དུ་འགྱུར་ཚུལ་ཡིན་ཏེ། རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བལས།མི་ཚེ་དོན་ལྡན་དུ་བྱུང་ཞེས་པའི་དོན་ནོ། །ཞེས་གསུངས་སོ། །དེ་ཡང་མི་ཚེ་དོན་ལྡན་དུ་འགྱུར་ཚུལ་ནི། འཇིག་རྟེན་གྱི་སྐྱེ་བོ་ཞིག་ཡིན་ན་ཚེ་འདིར་དཔལ་འབྱོར་མངའ་ཐང་ལོངསསྤྱོད་བསྙེན་བཀུར་སྙན་གྲགས་སོགས་ཚེ་རིང་བར་གྱུར་བ་ཡིན་ན་དེ་དག་ལ་མི་ཚེ་དོན་ལྡན་དུ་གྱུར་བ་ཡིན་ལ། རབ་ཏུ་བྱུང་བ་ཞིག་ལ་ནི་མི་ཚེ་འདིར་ལེགས་པར་འོང་ཚུལ་ནི། མཚན་སྙནགྲགས་ཡོད་ཀྱང་མེད་ཀྱང༌། འཇིག་རྟེན་གྱི་མི་ཚོས་མཐོང་ཆེན་བྱེད་ན་འདྲ་མ་བྱེད་ན་འདྲ། རངརང་སོ་སོ་ལ་རིན་ཐང་གི་ལྟ་བ་ཡོད་ཅིང༌། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་བའིསྟེང་ནས་ཐོས་བསམ་སྒོམ་གསུམ་ཡང་དག་པ་ཞིག་བྱེད་ཐུབ་ན་མི་ཚེ་དོན་ལྡན་དུ་གྱུར་སོངབ་རེད། ང་ཚོ་རབ་ཏུ་བྱུང་བ་ཞིག་ཡིན་ཕྱིན། བསྙེན་བཀུར་སྙན་གྲགས་ཆེ་སོང་བ་དང་ཐོབ་དངདཔལ་འབྱོར་ཡོད་སོང་བ་ཡིན་ན་མི་ཚེ་དོན་ལྡན་དུ་འོང་ཐུབ་མེད་ལ། ང་ཚོས་ནི་འདོད་ཆུངཆོག་ཤེས་བྱས་ནས་ཟས་ངན་ངོན་གོས་ངན་ངོན་གནས་མལ་ངན་ངོན་བྱས་ཏེ་སྤོང་ཀློག་གི་ལསབརྩོན་ནས་མི་ཚེ་དོན་ལྡན་དུ་འོང་དགོས་པ་རེད། སངས་རྒྱས་ཀྱི་ཆོས་འདུལ་བ་དང་དེའི་དགོངསའགྲེལ་རྣམས་ཀྱི་སྐབས་སུ་དགེ་སློང་ཞིག་ཡིན་ན་ཕམ་པ་བཞིས་མ་གོས་པའི་སྟེང་ནས་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་ཞིག་ཡིན་ན་དགེ་སློང་རྣམ་དག་ཡིན་ཞེས་གསུངས་སོ། །དེ་ནང་བཞིན་རྒྱ་ཆེན་གཞུང་ལ་ཐོས་བསམ་སྒོམ་གསུམ་རེ་བྱས།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བློ་ལྡོག་རྣམ་བཞི་བདེན་བཞི་མི་རྟག་བཅུ་དྲུག་པོ་བསྒོམ་པ་ཡིན་ན་རང་ཉིད་རབ་བྱུངཡང་དག་པ་ཡིན་པ་ངོས་ཟིན་པའི་སྟེང་ནས་དེ་དག་ལ་རིན་ཐང་གི་ལྟ་བ་ཡོད་དགོས། དེ་མིནགྲྭ་བ་མང་ཆེ་བས་གོམས་གཤིས་ཀྱི་དབང་གིས་མ་ཎི་དང་ཁ་ཏོན་འདོན་ན་ཕན་ཡོན་ཆེན་པོ་ཡོད་བསམ་པ་དང༌། གཞུང་རེ་སྐྱོར། དེའི་དོན་བསམ་པ་ཡིན་ན་ཕན་ཡོན་དེ་ཙམ་ཞིག་མེདསྙམ་འདུག རེད་དེ། དེ་ནི་ནོར་འཁྲུལ་ཡིན་ལ། ང་ཚོས་ཚིག་འདོན་པ་ལ་ཕན་ཡོན་ཡོད་ན་དེའིདོན་བསམ་པ་ལ་ཕན་ཡོན་ཡོད་པ་སྨོས་མི་དགོས། དེ་དག་གསུང་མཁན་ཡང་སངས་རྒྱས་དངབྱང་སེམས་གཅིག་པ་ཡིན་ན་དེས་གསུངས་པའི་ཆོས་ལ་ཡང་ཕན་ཡོན་ཡོད་པ་གཅིག་པ་ཡིནཔས། དེ་ལྟར་རྣམ་པ་ཚང་མས་ཤེས་དགོས། དེས་ན་འཆར་གཞི་ཡག་པོ་ཞིག་ཡོད་པའི་སྟེངནས་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བྱས། ཐོས་བསམ་སྒོམ་གསུམ་བྱས་ནས་མི་ཚེ་དོནལྡན་དུ་བྱ་དགོས་ཏེ། དེ་ཡང་ཉི་མ་རེ་རེ་ལ་མི་ཚེ་དོན་ལྡན་དུ་བྱས་ནས་འགྲོ་དགོས། ང་ཚོསཉམས་ལེན་ཤེས་ན་ཆོས་ཤིག་ཉན་ན་ཡང༌། ཕར་ཕྱིན་དྲུག་གི་ཉམས་ལེན་ཚང་ཞེས་ཇོ་ནངལོ་ཙཱ་བ་ས་བཟང་མ་ཏི་པན་ཆེན་གྱིས་གསུངས་པ་ལྟར་བླ་མ་ལ་མཎྜལ་ཕུལ་བ་དང་ཆོས་ཉནཔའི་དགེ་བ་གཞན་ལ་བསྔོས་པ་ནི་སྦྱིན་པའི་ཉམས་ལེན་དང༌། ཆོས་ཉན་པའི་སྐབས་དེར་མིམཐུན་ཕྱོགས་སོགས་བསྲུང་བ་ནི་ཚུལ་ཁྲིམས་ཀྱི་ཉམས་ལེན་དང༌། ཆོས་ཉན་པའི་སྐབས་གཞནགྱི་ལོག་སྒྲུབ་སོགས་ལ་བཟོད་པ་ནི་བཟོད་པའི་ཉམས་ལེན་དང༌། ཆོས་ཉན་པ་ལ་སྤྲོ་བ་ནི་བརྩོནགང་དགེ་ལ་སྤྲོ་བའོ་ཞེས་གསུངས་པ་ལྟར་བརྩོན་འགྲུས་ཀྱི་ཉམས་ལེན་དང༌། ཆོས་ཉན་པའིསྐབས་རྩེ་གཅིག་ཏུ་མི་གཡེང་བར་ཉན་པ་ནི་བསམ་གཏན་གྱི་ཉམས་ལེན་དང༌། ཆོས་ཉན་པའིསྐབས་ཡིན་པ་ལ་ཡིན་པར་འབྱེད་པ་དང་མིན་པ་ལ་མིན་པར་འབྱེད་པའི་བླང་དོར་གྱི་ཤེསརབ་སྐྱེས་ཐུབ་པ་ནི་ཤེས་རབ་ཀྱི་ཉམས་ལེན་འོང་བ་རེད། དེ་ནང་བཞིན། ང་ཚོས་རྩོད་པ་གནངབའི་སྐབས་ཕ་རོལ་བའི་ལོག་རྟོག་བཟློག་པའི་ཆེད་དུ་རྩོད་པ་བྱས་པ་ནི་སྦྱིན་པའི་ཉམས་ལེནདང༌། དེའི་སྐབས་དེར་མི་མཐུན་ཕྱོགས་སྲུང་བའི་ཚུལ་ཁྲིམས་ཀྱང་འོང་ཐུབ་ལ། རྩོད་པའི་སྐབསཕན་ཚུན་ལ་ཚིག་རྩུབ་དང་ངན་སྨྲས་སོགས་ལ་བཟོད་པ་ནི་བཟོད་པའི་ཉམས་ལེན་དང༌། ཆོསལ་རྩོད་པའི་སྤྲོ་བ་སྐྱེས་ན་བརྩོན་འགྲུས་ཀྱི་ཉམས་ལེན་དང༌། དེ་ལ་རྩེ་གཅིག་པའི་བསམ་གཏནཡང་ཚང༌། ཆོས་ཀྱི་གནས་ལུགས་སོ་སོར་འབྱེད་པའི་ཤེས་རབ་ཚང་པ་ན་ང་ཚོས་ཆོས་རྩོདཔའི་སྐབས་ལ་ཡང་ཕར་ཕྱིན་དྲུག་གི་ཉམས་ལེན་འོང་ཐུབ། དེས་ན་རྣམ་པ་ཚང་མས་དེ་ལྟརཤེས་དགོས་པ་རེད་མ་གཏོགས་ཁ་སང་དེ་རིང་ཡོན་ཏན་ཆེན་པོ་ཞིག་མངོན་གྱུར་གྱི་རྒྱུད་ལ་མ་སྐྱེས་ན་དེ་ལ་སེམས་ངལ་བྱས། དེ་ནས་རིམ་བཞིན་བརྩོན་པ་ཡང་འདོར། དེ་ནས་བྱ་བ་གཞནཔ་ཞིག་ལ་བརྩོན་ཡང་ཅི་ཡང་འགྲུབ་མི་ཐུབ། ད་ལྟའི་དཔེ་ཆ་བ་དང་གནའ་སྔ་མོའི་དུས་ཀྱིདཔེ་ཆ་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ། གནའ་སྔ་མོའི་དུས་ཀྱི་དཔེ་ཆ་བ་དག་ལ་དཔལའབྱོར་སོགས་ཀྱིས་ཇི་ལྟར་དབུལ་ན་ཡང༌། བརྩོན་འགྲུས་ཧ་ལས་པའི་ཆེན་པོ་མཛད་དེ། དཔེཆ་ལྟ་བའི་སྐབས་སྒྲོན་མེ་མེད་ན་སྤོས་མེ་རེ་ལ་བརྟེན་ནས་དཀའ་སྤྱད་སྡུག་རུས་ཧ་ལས་པགནང་ལ། བླ་མ་དགེ་བའི་བཤེས་གཉེན་ཞིག་བརྟེན་ན་ཡང་རྗེ་མི་ལ་ལྟ་བུ་སོགས་དངོས་གནསམཚར་ཤོར་བ་ལྟ་བུ་རེད། ཁ་སང་དེ་རིང་ནི་དེའི་ཕྱོགས་ཙམ་ཡང་འཁྱོངས་ཀི་མེད་ལ། ང་ཚོསདཔེ་ཆ་ལྟ་ཕྱོགས་དང་ཐོས་བསམ་སྒོམ་གསུམ་གནང་སྟངས་གང་ཅིའི་ཐད་ནས་ཀྱང་གནའ་སྔ་མོའི་དུས་ཀྱི་དཔེ་ཆ་བ་དང་བསྡུར་ཐབས་མི་འདུག དེས་ན་ཆོས་ཀྱི་ཡོན་ཏན་མངོན་གྱུརདུ་རྒྱུད་ལ་སྐྱེས་མ་ཐུབ་པ་ནི་དཀའ་ངལ་གནང་མ་ཐུབ་པས་ཡིན་ལ། མི་ཚེ་དོན་ལྡན་དུ་བྱསན་རང་རང་སོ་སོས་དཀའ་ལས་བརྒྱབ་ནས་བྱ་དགོས་པ་མ་གཏོགས་གཞན་ཞིག་གིས་བསྐྲུནའོང་བ་དང་བཟོ་འོང་བ་ཅི་ཡང་མེད། རང་གི་མི་ཚེ་དོན་ལྡན་དུ་བྱས་པ་དང་ཆུད་ཟོས་སུ་བཏངབ་གང་བསམ་ན་ཡང༌། རང་རང་སོ་སོའི་ལག་ན་ཡོད་དེ། རང་རང་སོ་སོ་ཡར་འགྲོ་བསམ་ནདམ་པའི་ཆོས་སྒྲུབ་ན་ཡར་འགྲོ་ཐུབ་པ། ཆོས་སྒྲུབ་པ་ལ་ནི་སྙིང་རུས་གང་ཆེ་ལ་བལྟ་བ་ལསགཟུགས་ཡག་བཙོག ཐོབ་གོ་ས། བཙན་ངོམ་དང་དཔའ་ངོམ་ཅི་ཡང་མེད་པས་རིགས་ཀྱི་བུདང་རིགས་ཀྱི་བུ་མོ་སུ་ཡིན་ཡང་ཆོས་སྒྲུབ་པའི་སྟེང་ནས་ཐམས་ཅད་མཁྱེན་པའི་ལམ་དེརབགྲོད་ན་ཆོག་ལ། སྡིག་པ་བསགས་ན་ཡང་དེ་དང་འདྲ་བར་གཟུགས་ཡག་བཙོག་གང་ལ་མིལྟོས་པར་རང་རང་སོ་སོས་སྡིག་པ་བསགས་ན་ངན་སོང་དུ་འགྲོ་དགོས་པས།རང་རང་སོ་སོརཚེ་ཕྱི་མ་ཡག་པོ་ཞིག་ཨེ་འོང་བསམ་ན་ཚེ་འདིར་ལས་ཡག་པོ་ཞིག་བསག་རྒྱུ་དང་དགེ་བ་ཡངདག་ཅིག་བསྒྲུབ་རྒྱུ་གལ་ཆེན་ཡིན། ཕན་ཡོན་བདུན་པ་ནི། ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །འཕགས་པ་ཀུ༷ན་ཏུ༷་བཟ༷ང་བོ༷་དེ༷་དང་ཡ༷ང་ཅི༷་འདྲ༷་བ༷ར། འཕགས་པ་བཟང་པོ་སྤྱོད་པ་འདིགསུངས་པའི་སྐྱེས་བུ་དེ༷་ད༷ག་རི༷ང་བོ༷་མི༷་ཐོ༷གས་པར་འཕགས་པ་ཀུན་ཏུ་བཟང་པོ་དེ༷་བཞི༷ན་དུའགྱུ༷ར་བའམ་དེའི་གོ་འཕང་ཐོབ་ཐུབ་ཅེས་གསུངས་པ་དང༌། དེ་ཙམ་དུ་མ་ཟད། འཕགས་པཀུན་ཏུ་བཟང་པོ་ཡོན་ཏན་དང་རྣམ་པར་འཕྲུལ་པ་མཐའ་ཡས་པ། མཆོད་པ་དང་སྨོན་ལམ་རྒྱམཚོ་ལ་དབང་འབྱོར་བ་དེ་ཅི་འདྲ་བ་དེ་འདྲ་བར་ཡང༌། དུས་རིང་པོར་མི་ཐོགས་པར་སྨོན་ལམའདེབས་པ་དེ་དག་ཀུན་ཏུ་བཟང་པོ་གང་ཉིད་ཀྱིས་ཇི་ལྟར་ཡོན་ཏན་བརྙེས་པའི་གོ་རིམ་དངམཐུན་པ་དེ་བཞིན་དུ་འགྱུར་ཐུབ་ཅེས་གསུངས་ལ། ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ཅུངཟད་འགྲུབ་པ་ནི་ས་དང་པོ་རབ་ཏུ་དགའ་བ་ནས་འགྲུབ་ལ། ཕལ་ཆེར་ནི་ས་བརྒྱད་པ་ནས་སོ། །ལེགས་པར་གྲུབ་པ་ནི་ས་བཅུ་པ་ནས་གྲུབ་ཅེས་གསུངས་སོ། །ཕན་ཡོན་བརྒྱད་པ་ནི། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག ། དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །འདིའི་སྐབས་སུ་འཕགས་པ་བཟང་སྤྱོད་སྨོན་ལམ་འདི་གསུངས་ན་ལས་སྒྲིབ་དག་ཅེསགསུངས་ལ། ལས་སྒྲིབ་ཅེས་པ་ནི་ཡོན་ཏན་གོང་མ་སྐྱེ་བ་ལ་གེགས་བྱེད་པའི་སྒྲིབ་པ་ཞིག་ཡིནཏེ། ལས་སྒྲིབ་དེ་འདག་དགོས་པ་རེད་མ་གཏོགས་དེ་མ་འདག་ན་ཡོན་ཏན་གོང་མ་སྐྱེ་མི་ཐུབ། ང་ཚོས་ནམ་རྒྱུན་བྱ་བ་ཅི་བྱས་ན་བྱ་བ་དེ་སྒྲུབ་པའི་གེགས་དེ་ངེས་པར་བསལ་དགོས་པ་ལྟརཡོན་ཏན་གོང་མ་ཞིག་སྐྱེ་དགོས་པ་ལ་ཡོན་ཏན་གོང་མ་སྐྱེད་བྱེད་ཀྱི་གེགས་ལས་སྒྲིབ་སོགས་བསལ་ནས་དེའི་མཐུན་རྐྱེན་ཐོས་བསམ་སྒོམ་གསུམ་བསྒྲུབ་དགོས། དཔེར་ན་ཕ་བསད་པདང༌། མ་བསད་པ་སོགས་མཚམས་མེད་ཀྱི་ལས་ལྔ་བོ་དེ་དག་ལས་སྒྲིབ་ཡིན་ལ། དེ་འདྲའིམཚ༷མས་མེ༷ད་ལས་ལྔ༷་པོ༷་ད༷ག་གི༷་སྡི༷ག་པ༷་རྣ༷མས། སྐྱེ་བོ་ག༷ང་གི༷ས་སྡིག་པའི་ཉེས་དམིགས་མི༷ཤེ༷ས་པའི་དབ༷ང་གི༷ས་རང་གིས་སྔར་མཚམས་མེད་ཀྱི་ལས་བྱ༷ས་པ༷་ད༷ག མ་ཤེས་པ་ནི་ཉེས་ལྟུངའབྱུང་བའི་སྒོ་ཞེས་དང༌། འཇིག་རྟེན་རྒུད་པ་ཇི་རྙེད་པ། །དེ་ཡི་རྩ་བ་མ་རིག་པ། །ཞེས་གསུངསཔ་ལྟར་ཆོས་ཀྱི་གནས་ལུགས་དང་སྡིག་པའི་ཉེས་དམིགས་མ་ཤེས་པའི་དབང་གིས་ལས་སྒྲིབདང་སྡིག་པའི་ལས་བསགས་པ་ཡིན་ཞིང༌། ལས་འབྲས་ཡང་དག་ཅིག་ཤེས་ན་ལས་དགེ་བབསྒྲུབ། མི་དགེ་བ་མི་བསྒྲུབ་ལ། ང་ཚོ་ཚང་མས་བདེ་བ་འདོད་པ་འདྲ་ན་ཡང༌། དགེ་བ་མི་གྲུབཔ་ནི་ལས་འབྲས་ལ་ཡང་དག་པའི་ཡིད་མ་ཆེས་པའི་དབང་གིས་ཡིན། འདིའི་སྐབས་སུ་མི་ཤེསཔའི་དབང་གིས་བྱས་པ་དག་ཅེས་གསུངས་པ་ལྟར། དེ་འདྲའི་སྔར་མི་ཤེས་པའི་དབང་གིས་མཚམས་མེད་ཀྱི་ལས་བྱས་པའི་སྐྱེ་བོ་དེ༷་ཡི༷ས་འཕགས་པ་བཟ༷ང་པོ༷་སྤྱོ༷ད་པ༷འི་སྨོན་ལམ་འདི༷་སྙིང་ཐག་པ་ནས་གསུངས་ན་མཚམས་མེད་པ་ལྔའི་སྡིག་པ་དག་མྱུ༷ར་དུ༷་མ༷་ལུ༷ས་པ་ཐམས་ཅདཡོ༷ངས་སུ༷་བྱ༷ང་བ༷ར་འགྱུ༷ར་ཐུབ་ཅེས་སོ། །དེས་ན་རྣམ་པ་ཚང་མས་སྡིག་པ་རྣམས་ཀྱི་ལས་དེ་དག་བཤགས་སྡོམ་བྱེད་རྒྱུ་གལ་ཆེན་ཡིན། རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། མི་དགེབའི་ལས་ཐམས་ཅད་དུག་གསུམ་གང་རུང་གིས་འཕེན་ཞིང་སྦྱོར་བ་ཡིན་ལ། འདོད་ཆགསཞེ་སྡང་གིས་འཕེན་ཞིང་སྦྱོར་བ་རྣམས་ལའང༌། གཏི་མུག་གི་འཕེན་པ་སྔོན་དུ་འགྲོ་དགོས་པསསྡིག་པ་ཐམས་ཅད་མི་ཤེས་པའི་དབང་གིས་བྱས་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དད་པས་སྨོན་ལམ་འདི་ཡང་ཡང་བཏབ་པས། མཚམས་མེད་བྱས་པའང་ཚེ་འདི་ལ་བྱང་བར་ནུསན། སྡིག་པ་ཕྲ་མོ་རྣམས་ལྟ་སྨོས་ཀྱང་ཅི་དགོས་སོ། །ཞེས་གསུངས་སོ། །དེ་ལྟར་རྣམ་པ་ཚངམས་བཟང་པོ་སྤྱོད་པ་འདི་གསུང་པ་ན་ཐོག་མཐའ་བར་གསུམ་དུ་སྐད་ཅིག་ཙམ་ཡང་མི་གཡེངཟེར་ན་དཀའ་མོ་ཡིན་ན་ཡང༌། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་དད་པ་རྣམ་དག་གི་སྒོ་ནསགསུང་རྒྱུ་གལ་ཆེན་པོ་རེད། དེས་ན་བཟང་པོ་སྤྱོད་པའི་སྨོན་ལམ་འདི་གསུངས་ན་ལས་སྒྲིབསྦྱང་བའི་ཐབས་རྨད་དུ་བྱུང་བ་ཞིག་ཡིན་ནོ། །ཕན་ཡོན་དགུ་བ་ནི། ཡེ་ཤེས་དང་ནི། བཟང་པོ་སྤྱོད་པའི་སྨོན་ལམ་འདི་གསུངས་ན་ཡེ༷་ཤེ༷ས་ཕུན་སུམ་ཚོགས་པ་ཐོབ་ཐུབ་པརགསུངས་ལ། འོག་ནས་ལྡན་པར་འགྱུར་ཞེས་པ་མཐའ་མའི་གསལ་བྱེད་བྱས་ཏེ་ཡེ་ཤེས་དངལྡན་པ་གཟུགས་དང་ལྡན་པ་ཞེས་སོགས་སྦྱར་དགོས། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་གང་ཞེ་ན། འཕགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ལ་སོགས་པའི་འཕགས་པའི་རྒྱུད་ཀྱི་ཡེ་ཤེསཁྱད་པར་དག་ཐོབ་ཐུབ་ཞེས་དང༌། ད༷ང་ནི༷་ཞེས་པའི་དང་སྒྲ་ནི་འོག་ནས་གཟུགས་དང་རིགསསོགས་ལས་ཁྱད་པར་འབྱེད་བྱེད་ཀྱི་ཚིག་ཡིན་ཞེས་རྗེ་ཏཱ་ར་ནཱ་ཐས་བཟང་སྤྱོད་འགྲེལ་བ་ལསགསུངས་པ་ལྟར་རེད། ཕན་ཡོན་བཅུ་བ་ནི། གཟུགས་དང་མཚན་རྣམས་དང༌། རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་གཟུ༷གས་ད༷ང༌། ལུས་ཀྱི་ཡོན་ཏན་མཚ༷ན་བཟང་པོ་སུམ་ཅུརྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་རྣ༷མས་ད༷ང༌། འགྲོ་བ་རིགས་དྲུག་གངདུ་སྐྱེས་ན་ཡང་བྲམ་ཟེ་ཆེན་པོའི་རི༷གས་ད༷ང་རྒྱལ་རིགས་མཆོག་ལ་སོགས་པ་རིགས་ཕུན་སུམཚོགས་པར་སྐྱེ་བ་ལས་རིགས་ངན་པ་གདོལ་བའི་རིགས་སོགས་སུ་མི་སྐྱེ་བ། ཁ༷་དོ༷ག་གི་ཡོནཏན་རྣ༷མས་ད༷ང་ལྡ༷ན་པའི་གཟུགས་མཛེས་པ༷ར་འགྱུ༷ར་བ་དང་ཡང་ན་ཁ་དོག་གྱི་སྐད་དོད་ཝརྞཞེས་པ་རུས་ལ་འཇུག་པས། བདག་ཅག་གི་སྟོན་པར་མཚོན་ན་གོ་ཏ་མ་ཞེས་དང༌། འོད་སྲུངལ་སོགས་པ་བྲམ་ཟེ་དང། ཟླ་བའི་རིགས་དང༌། ཉི་མའི་རིགས་ལ་སོགས་པ་རྒྱལ་རིགས་ཀྱི་རུསཏེ། རུས་ཆེ་ཞིང་ཁུངས་བཙུན་པ་དེ་དག་ལ་ཡང་སྦྱར་ན་ཆོག་པ་རེད། དེ་དག་ཐམས་ཅད་ནི་ལུསཕུན་སུམ་ཚོགས་པའོ། །ཕན་ཡོན་བཅུ་གཅིག་པ་ནི། བདུད་དང་མུ་སྟེགས་མང་བོས་དེ་མི་ཐུབ། །བདུ༷ད་ད༷ང་བདུད་ཀྱི་རིགས་ལྷ་འབྱུང་པོ་དང་མུ༷་སྟེ༷གས་མ༷ང་བོ༷ས་འཕགས་པ་བཟང་པོསྤྱོད་པ་སྨོན་ལམ་འདི་གསུང་མཁན་གྱི་གང་ཟད་དེ༷ར་གནོད་མི༷་ཐུ༷བ་པར་འགྱུར་བའོ། །སྤྱིའི་ཆ་ནས་བདག་ཅག་གི་སྟོན་པ་ལྟ་བུར་སངས་མ་རྒྱས་པའི་སྔ་རོལ་ཏུ་བདུད་སྡེ་བཅོམ་པ་ཡོད་པ་དང་སངས་རྒྱས་པའི་རྗེས་ཡིན་ན་ཡང༌། མཛད་པ་བཅུ་གཉིས་སྐབས་སུ་བདུད་སྡེ་བཅོམཔ་གསུངས་པ་དེ་ལྟ་བུ་ནི་འཕགས་པ་བཟང་པོ་སྤྱོད་པ་འདི་གསུངས་ན་མ་འོངས་པར་ཐོབ་པརའགྱུར་ཞེས་གསུངས་སོ། །ཕན་ཡོན་བཅུ་གཉིས་པ་ནི། འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །ས་འོག་ས་སྟེང་མཁའ་ལ་སྤྱོད་པའི་འཇི༷ག་རྟེ༷ན་གསུ༷མ་པོ༷་ཀུ༷ན་ན༷འང་ལྷ་དང་མི་དང་འབྱུངབོ་རྣམས་ཀྱིས་སྨོན་ལམ་འདི་འདེབས་པ་པོའི་གང་ཟག་ལ་དངོས་དང་བརྒྱུད་པའི་སྒོ་ནས་མཆོ༷དཔ་བྱེད་ཅིང༌། གུས་པ་དང་ཕན་འདོགས་པ༷ར་འགྱུ༷ར་ཞེས་དང༌། མདོར་ན་འཕགས་པ་བཟང་པོསྤྱོད་པའི་སྨོན་ལམ་འདི་འདོན་པ་ཡིན་ན་ལྷ་དང་མི་དང་འབྱུང་བོ་སོགས་ཀྱིས་དངོས་ཤུགསབརྒྱུད་པའི་སྒོ་ནས་སྨོན་ལམ་གནང་མཁན་དེ་ལ་མཆོད་པ་བྱེད་པ་དང་གུས་པ་ཕན་འདོགསཔ་སོགས་ལ་བརྩོན་པར་བྱེད་པ་འགྱུར་ཞེས་གསུངས་སོ། །ཕན་ཡོན་བཅུ་གསུམ་པའམ་མཐར་ཐུག་གི་ཕན་ཡོན་ནི། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འདེབས་ཤིང་བཏབ་པ་མཐར་ཕྱིན་པའིཕན་ཡོན་ནི། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་བླ་ན་མེདཔའི་བྱང་ཆུབ་འཐོབ་པར་འགྱུར་ཞིང་དེ་འདྲའི་གང་ཟག་དེ་ནི་བྱ༷ང་ཆུ༷བ་ཀྱི་ཤི༷ང་གི་དབ༷ང་པོའིདྲུ༷ང་དུ༷་གང་ཟག་དེ༷་མྱུ༷ར་བར་འགྲོ༷་ཞིང༌། བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་སོ༷ང་ན༷ས་སེ༷མསཅ༷ན་རྣམས་ལ་ཕ༷ན་པ་དང་བདེ་བའི་ཕྱི༷ར་ཤིང་དྲུང་དེ༷ར་འདུ༷ག་སྟེ༷། བྱ༷ང་ཆུ༷བ་ཏུ་མངོན་པར་རྫོགསཔའི་ས༷ངས་རྒྱ༷ས་པའི་མཛད་པ་གནང་ནས་ཆོས་ཀྱི་འཁོ༷ར་ལོ༷་ར༷བ་ཏུ༷་བསྐོ༷ར་ཞིང་བདུ༷ད་བཞི་ཕྲ་རགས་དང་བཅས་པ་རྣ༷མས་ཀྱི་སྡེ༷་ད༷ང་བཅ༷ས་པ༷་ཐ༷མས་ཅ༷ད་བཏུ༷ལ་བར་མཛད་ཅེས་གསུངསནས་འདིས་མཚོན་ནས་མདོར་ན་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་བཏབ་པ་ཡིནན་མཐར་ཐུག་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མ་ལུས་པ་ཐམས་ཅད་མཛདཔ་བཅུ་གཉིས་ལ་སོགས་པའི་སྒོ་ནས་བསྒྲུབས་ཞེས་གསུངས་པ་ཡིན་ལ། དེ་ཡང་རྒྱུད་བླ་མལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོནཔར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ཞུགས་དང་བལྟམས་པདང༌། །བཟོ་བའི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེསའབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟརམཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་རྣམས་ཀྱི་དོན་གང་ལ་གང་འདུལ་གྱིས་མཛད་པ་རེད། རྒྱས་པར་བཤད་པ་ནི་ཕན་ཡོན་བཅུ་གསུམ་གྱི་སྒོ་ནས་ཞུས་ཟིན། ཕན་ཡོན་འདི་དགའཕགས་པ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་གསུངས་པ་གཅིག་པུས་ཐོབ་པར་མི་འགྱུར་བར་རྒྱུ་ཚོགས་ཚང་བ་ན་དེ་ལྟར་ཐོབ་པར་འགྱུར་ཏེ། ཆོས་ལ་ཕན་ནུས་མེད་པ་ནི་རྩ་བ་ནསམ་ཡིན་པར་རང་རང་སོ་སོས་བརྩོན་འགྲུས་དང་སྙིང་སྟོབས། དད་པ་དག་སྣང་རེ་བྱས་ནསཐོས་བསམ་སྒོམ་གསུམ་བྱེད་ན་ད་གཟོད་དེ་ལྟར་འགྱུར་ཐུབ། རང་རང་སོ་སོས་ནམ་རྒྱུན་དགེབའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ། ཡང་དག་པ་ཞིག་འོང་ཐུབ་ཀྱིན་མེད་ལ། འགའརེས་ཆོས་ལ་བརྟེན་ནས་སྡིག་པ་གསོག་བཞིན་ཡོད་ལ། འགའ་ཞིག་གིས་ཆོས་ལ་བརྟེན་ནསཐར་བ་དང་ཐམས་ཅད་མཁྱེན་པའི་གནས་ལ་བགྲོད་ཐུབ་ཀྱིན་ཡོད། དེ་ནང་བཞིན་ལ་ལསདགེ་བའི་བཤེས་གཉེན་ལ་བརྟེན་ནས་ངན་སོང་དུ་ལྟུང་བའི་རྒྱུ་བསྒྲུབ་པ་དང༌། ལ་ལས་དགེབའི་བཤེས་གཉེན་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྙེག་གིན་ཡོད་པརེད། དགེ་བའི་བཤེས་གཉེན་རང་གི་ངོས་ནས་ཀྱང་སློབ་མ་ལ་ཆོས་ལོག་བསྟན་ནས་སློབ་མལ་ཕན་མ་ཐོགས་པར་ལོག་ལམ་ཁྱེར་སོང་བ་དང༌། དགེ་བའི་བཤེས་གཉེན་ཚད་དང་ལྡན་པཞིག་ཡིན་ན་ཡང༌། དེའི་བཀའ་གསུང་ལ་མི་ཉན། ཕྱིན་ཅི་ལོག་ཏུ་སྒྲུབ་སོང་ན་རང་གི་ངོས་ནསདགེ་བའི་བཤེས་གཉེན་ལ་བརྟེན་ནས་ངན་སོང་དུ་ལྟུང་བའི་རྒྱུ་སྒྲུབ་སོང་བ་རེད། དེ་ནང་བཞིནལ་ལས་ཚུལ་ཁྲིམས་ཀྱི་སྡོམ་པ་ལེགས་པར་བླངས་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་བ་དང༌། ལ་ལས་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ནས་བསྲུང་མ་ཐུབ་པ་ལ་བརྟེན་ནསངན་སོང་དུ་གཏོང་བ་འོང་བཞིན་འདུག ཁ་སང་དེ་རིང་མང་པོ་ཞིག་གིས་ཆོས་ལ་བརྟེན་ནསཆོས་མིན་བསྒྲུབ། གཞན་ལ་མགོ་གཡོག་མགོ་སྐོར་གཏོང༌། ལས་ངན་ཚབ་ཆེན་བསགས། ཆོསནི་དཀོར་ཟས་དཀོར་ཆུ་ཟ་བའི་ཆ་རྐྱེན་ཙམ་དུ་བཟུང་ནས་ཡོད་པ་དེ། ཆོས་དེ་ཆོས་བཞིན་དུམ་བྱས་པ། ཆོས་དེ་ཆོས་ཀྱི་སར་མ་བཞག་པ། དད་པ་དད་པའི་ས་ནས་མ་བཞག་པ་རེད། དེསན་ཁྱེད་རྣམ་པས་དེའི་སྐོར་ལ་བསམ་གཞིག་ངེས་པར་གཏང་དགོས་འདུག དེ་རིང་འདི་ནསམཚམས་འཇོག་གི་ཡིན། གསུམ་པ་དོན་བསྡུ་བ་ནི། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག ། སྐྱེས་བུ་ག༷ང་ཡིན་ཡ༷ང་འཕགས་པ་བཟ༷ང་བོ༷་སྤྱོ༷ད་པ༷འི་སྨོ༷ན་ལ༷མ་གྱི་རྒྱལ་བོ་འདི༷འི་དོནབསམ་པ་དང་ཚིག་འདོན་པ་གླེགས་བམ་གུས་པས་འཆ༷ང་བ༷་ད༷ང་ནི༷་གང་ཟག་གཞན་ལ་སྟོ༷ནཏ༷མ་གླེགས་བམ་དེ་ཀློ༷ག་པར་བྱེད་ན༷་ཡ༷ང༌། ཡང་ན་བཟང་སྤྱོད་འགྲེལ་བ་གཞན་དུ་བཟང་བོསྤྱོད་པའི་སྨོན་ལམ་འདི་སྔགས་ཀྱི་སྒོ་ནས་ཀློག་པར་བྱེད་ན་ཡང་ཞེས་སྦྱར་འདུག འདིའི་སྐབསཀྱི་ཀློག་ཚུལ་ནི་ཁ་འདོན་དུ་བྱེད་མ་ཐུབ་ན་ཡང་ལྡེབ་བུ་དག་མར་བསྒྱུར་ནས་འགྲོ་ཐུབ་པ་ཙམལ་ཟེར་བ་འདྲ། སྤྱིའི་ཆ་ནས་འདུལ་བའི་ཆོས་གཞུང་སོགས་ཀྱི་སྐབས་སུ་ཀློག་པ་དང་ཁ་ཏོནགཉིས་ཀྱི་ཁྱད་པར་ནི། ཀློག་པ་ཞེས་པ་ནི་གང་ཟག་རང་གིས་མ་ཤེས་ན་ཡང༌། གང་ཟག་གཞནལ་རྗེས་ཟློས་བྱས་པའམ། ཡང་ན་འདོན་ཡག་པོ་མ་ཤེས་པ་ཤེས་པར་བྱ་བའི་ཕྱིར་དུ་འདོནཔ་དེའོ། །ཁ་ཏོན་ནི་ཤེས་ཟིན་ནས་བྱང་བ་བྱས་ནས་འདོན་པ་དེའོ། །ཀློག་པར་བྱེད་པ་སོགསདེ༷་ཡི༷་ལེགས་པའི་འབྲས་བུ་རྣ༷མ་པ༷ར་སྨི༷ན་པ༷འང་མཐའ་ཡས་པའི་རྒྱུ་མཚན་གྱིས་ས༷ངས་རྒྱ༷སཁོ་ནས་མཁྱེ༷ན་པ་ལས་ཉན་ཐོས་དང་རང་སངས་རྒྱས་སོགས་ཀྱི་སྤྱོད་ཡུལ་མིན་ན་སོ་སྐྱེས་རངག་བ་ཞིག་གིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དང༌། འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམའདི་གསུངས་པའི་འབྲས་བུ་མཐར་ཐུག་པ་ནི། བླ་ན་མེད་པའི་བྱ༷ང་ཆུ༷བ་ཀྱི་མཆོ༷ག་སངས་རྒྱསཀྱི་གོ་འཕང་དེ་ཉིད་འཐོབ་པར་འགྱུར་བ་ལ༷་སོ༷མ་ཉི༷འམ་ཐེ་ཚོམ་མ༷་བྱེ༷ད་ཅི༷ག་ཅེས་གསུངས་སོ། །དེ་ནང་བཞིན་ནམ་རྒྱུན་ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་བ་གང་དང་གངཡིན་ན་དེ་བསྒྲུབ་ན་ཕན་ཡོན་འདི་དང་འདི་འབྱུང་ཞེས་གསུངས་པའི་ཤིན་ཏུ་ལྐོག་གྱུར་གྱི་གནསདེ་དག་ལ་ལུང་རིགས་ཀྱི་སྒོ་ནས་ཡིད་ཆེས་བྱས་ནས་མཐའ་གཅིག་ཏུ་བདེན་པར་བཟུང་དགོསཏེ། ཐེ་ཚོམ་བྱས་སོང་ན་ཐེ་ཚོམ་གྱི་དྲི་མས་བསྒྲིབས་ནས་ཕན་ཡོན་འཐོབ་པར་མི་འགྱུར་ལ། དེས་ན་ཕན་ཡོན་དེ་དག་ལ་ཐེ་ཚོམ་བྱེད་མི་རུང༌། དཔེར་ན། ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བའིརྒྱུ་བཞིའི་སྒོ་ནས་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་ངེས་ཞེས་གསུངས་པ་རེད་དེ། སྐྱེ་མི་སྐྱེ་སྙམཔའི་ཐེ་ཚོམ་གྱི་དྲི་མ་ཡོད་ན་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་ཀྱང་པདྨའི་སྦུབས་སུ་ལོ་གྲངསལྔ་བརྒྱའི་ཡུན་ལ་གནས་དགོས་ཞེས་འོད་དཔག་མེད་ཀྱི་ཞིང་བཀོད་ཀྱི་མདོ་སོགས་ལས་གསུངསཔའོ། །དེ་ཡན་དུ་འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་གྱི་ཕན་ཡོན་ཞུས་ཟིན། རྩ་བའི་ས་བཅད་བཞི་པ་ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་ལ་སྲས་བྱང་སེམས་ཀྱིས་བསྔོསཔ་ལ་འཇུག་པ། རྒྱལ་བས་བསྔོས་པ་ལ་འཇུག་པ། སྨོན་ལམ་གྱི་འབྲས་བུ་མངོན་གྱུར་དུ་བསྔོབ། དངོས་སུ་ལུང་བསྟན་ཐོབ་པར་བསྔོ་བ། སེམས་ཅན་ལ་ཕན་པར་སྒྲུབ་པར་བསྔོ་བ། གཞན་དོན་ཁོ་ནར་བསྔོ་བ་སྟེ་དྲུག་ལས་དང་པོ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །འདི་ལ་འགྱུར་མཛད་མི་འདྲ་བ་རྣམ་པ་གཉིས་རེ་འབྱུང་སྟེ།་གཅིག་དེ་ནི་འཇམ་དཔལ་ཇིལྟར་མཁྱེན་ཅིང་དཔའ་བ་ལྟར། །ཞེས་དང༌།གཉིས་པ་ནི་འཇམ་དཔལ་དཔའ་བོས་ཇི་ལྟརམཁྱེན་པ་དང༌། །ཞེས་པ་དེའོ། །འཕགས་པ་འཇ༷མ་དཔ༷ལ་དབྱངས་ཀྱིས་བདུད་སྡེ་བཅོམ་པདང་འགྲོ་བའི་དོན་སྤྱོད་པ། ཤེས་རབ་ཀྱིས་བདེན་འཛིན་བཅོམ་པ་ལ་དཔ༷འ་བོ༷ར་གྱུར་པ་དེས། ཇི༷་ལྟ༷ར་བསྔོ་བ་ཐུགས་སུ་ཆུད་པས་མཁྱེ༷ན་པ༷་ད༷ང༌། འཕགས་པ་ཀུ༷ན་ཏུ༷་བཟ༷ང་བོ་ཞེས་བྱ་བ་དེ༷ཡ༷ང་འཇམ་དཔལ་དེ༷་བཞི༷ན་ཏེ༷། འཕགས་པ་ཀུན་ཏུ་བཟང་དང་འཇམ་དཔལ་དེ་དག་གིས་ཇིལྟར་བསྔོ་བ་བྱེད་པ་ལྟར་དེ༷་ད༷ག་ཀུ༷ན་གྱི༷་རྗེ༷ས་སུ༷་བད༷ག་གིས་ཡང་སློ༷བ་པར་འདོད་ཅིང་སློབ་པར་འདོད་པའི་བསམ་པས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པའི་དགེ༷་བ༷་ཅི་བྱས་པ་འདི༷་ད༷ག་ཐ༷མས་ཅ༷ད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་འཕགས་པ་འཇམ་དཔལདང་ཀུན་ཏུ་བཟང་པོ་སོགས་ཀྱིས་ཇི་ལྟར་བསྔོ་བར་མཛད་པ་དེ་ལྟར་ར༷བ་ཏུ༷་བསྔོ༷་བར་བགྱིའོཞེས་བསྔོ་བ་མཛད་པའོ། །བསྔོ་བ་བྱེད་སྟངས་ནི་རང་གིས་དགེ་བའི་རྩ་བ་ཞིག་བསགས། བསགས་པ་དེ་དག་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བྱས་ནས་སྦྱིན་པའམ་སྟོབས་པར་བྱས་པ་དེ་ཡིན་ལ། དགེ་བའི་རྩ་བ་དེ་དག་སེམས་ཅན་རེ་རེའི་དོན་ལ་བསྔོས་པ་ཡིན་ན་དེའི་གྲངས་དང་མཉམ་པའི་དགེ་བའི་རྩ་བ་རེ་རེ་འབྱུང་བ་དང༌། བླ་ན་མེད་པའི་བྱང་ཆུབ་དེ་བསམགྱིས་མི་ཁྱབ་པ་ཡིན་པས་དེ་ལ་བསྔོ་བ་བྱས་པ་ཡིན་ན་དགེ་བའི་རྩ་བ་ཡང་བསམ་གྱིས་མི་ཁྱབཔ་འབྱུང་བ་རེད། ཚུལ་ཁྲིམས་དང་ལྡན་པའི་སྒོ་ནས་སྨོན་ལམ་གནང་བ་ཡིན་ན་དེ་ལྟར་འགྲུབཐུབ་པ་དང༌། རང་གིས་དགེ་བའི་རྩ་བ་ཞིག་བསགས། དེ་བླ་ན་མེད་པའི་བྱང་ཆུབ་ཐོབ་ཕྱིརཏུ་བསྔོས་ནས་དེའི་རྒྱུར་གྱུར་སོང་བ་ཡིན་ན་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུ་འབྲསབུ་འབྱིན་ནས་ཟད་པ་མེད་པ། དེའི་རྒྱུ་མཚན་གྱིས་རང་གི་དགེ་བའི་རྩ་བ་གང་བྱས་པ་ཡིན་ནབསྔོ་བ་གནང་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ནམ་རྒྱུན་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེསགསུངས་པ་ལྟར་ཐོག་མར་ཐེག་ཆེན་སྐྱབས་འགྲོ་སེམས་བསྐྱེད་དང་མཐའ་མར་བསྔོ་བ་མཛདདགོས་པའོ། །གཉིས་པ་རྒྱལ་བས་བསྔོས་པ་ལ་འཇུག་པ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་བོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །འདས་མ་འོངས་ད་ལྟ་དུ༷ས་གསུ༷མ་དུ་སེམས་ཅན་གྱི་དོན་ལ་བྱོན་ཅིང་གཤེ༷གས་པ༷འི་རྒྱ༷ལབ༷་སངས་རྒྱས་ཐ༷མས་ཅ༷ད་ཀྱི༷ས། མཆོག་ཏུ་བསྔགས་ཤིང་བསྟོད་པའི་བསྔོ་བའི་རྒྱལ་བོ་བཟངཞིང་རྒྱ་ཆེ་བའི་བསྔོ༷་བ༷་མཐའ་ཡས་པ་གང་དང་ག༷ང་ལ༷། མཆོ༷ག་ཏུ༷་བསྔ༷གས་པ༷ར་མཛད་པའིབསྔོ་བ་དེ་རྣམས་ཀྱིས་བད༷ག་གི༷ས་སྨོན་ལམ་འདི་བཏབ་པ་ལ་སོགས་པའི་དགེ༷་བ༷འི་རྩ༷་བ༷་འདི༷ཀུ༷ན་ཀྱ༷ང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་མཛད་སྤྱོད་རླབས་པོ་ཆེ་ཀུན་ཏུ་བཟ༷ང་པོ༷འི་སྤྱོ༷ད་པ་ཐོབ་པའི་ཕྱི༷ར་ར༷བ་ཏུ༷་བསྔོ༷་བ༷ར་བགྱི༷འོ་ཞེས་དང༌། འདིའི་ཤོ་ལོ་ཀ་གཉིསཔོ་ནི་བླ་ན་མེད་པའི་བསྔོ་བ་ཡིན་པ་རེད། དེ་ཡང་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བའི་སྐབསདེ་ལྟར་གསུངས་འདུག དེ་ལྟར་རྣམ་པ་ཚང་མས་དགེ་བ་གང་དང་གང་བྱས་ཀྱང་བསྔོ་བ་བྱེདདགོས་པ་དང༌། དགེ་བ་ཅི་བྱས་ཀྱང་སྦྱོར་དངོས་རྗེས་གསུམ་ཚང་བ་ཡིན་ན་དགེ་བ་ཆ་ཚངའདྲ་བོ་འོང་ཐུབ་ལ། དེས་ན་ཁྱེད་རྣམ་པ་ཚོ་ནངས་སྔ་མོར་ཡར་བཞེངས་དུས་འབྱོར་ཚོད་ཀྱིསམཆོད་པ་བསྡུས་ཙམ་བཤམས་པའམ་ཡང་ན་སྤོས་ཙམ་མཆོད་དེ། སངས་རྒྱས་ཆོས་ཚོགསམ་སོགས་ཁ་ཏོན་ཅི་རིགས་དང་སྦྲགས་ནས། འཁོར་བའི་སྡུག་བསྔལ་ལ་བསམ་གཞིག་ལེགསཔར་བཏང་ནས་འཁོར་བ་ལ་སྐྱོ་བ་ལྷང་ལྷང་བ་བསྐྱེད་ཅིང༌། སྡུག་བསྔལ་དེ་ལས་སྐྱོབ་པའི་ནུསཔ་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་སེམས་ཅན་རྣམས་སྲིད་ཞིའི་འཇིགས་པལས་བསྐྱབ་པའི་ཕྱིར་མཆོག་གསུམ་ལ་སྐྱབས་འགྲོ་སྙིང་ཐག་པ་ནས་བྱ། དེ་ནས་མར་གྱུརའགྲོ་བ་ཀུན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་དུ་ཐོས་བསམ་སྒོམ་གསུམ་སོགས་དམ་པའིཆོས་ལ་བརྩོན་པར་བྱ་སྙམ་པའི་ངེས་འབྱུང་གི་བསམ་པ་དང་ཐེག་ཆེན་སྐྱབས་འགྲོ་སེམསབསྐྱེད་སྦྲགས་ནས་སྐར་བཅུ་ལྷག་ལ་བསྒོམ་དགོས་ཏེ། ང་ཚོས་རང་གིས་ཅི་ཤེས་པ་ཐམས་ཅདལག་ལེན་དུ་བསྟར་དགོས། གསུམ་པ་སྨོན་ལམ་གྱི་འབྲས་བུ་མངོན་གྱུར་དུ་བསྔོ་བ་ནི། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག ། དེ་ལྟར་མ་ལུས་བདག་གིས་ཡོངས་སུ་བཀང༌། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །ང་ཚོར་ནམ་ཞིག་འཆི་བ་འོང་ངེས་ལ། དེ་ཡང་དུས་ཡུན་རིང་པོ་ཞིག་མིན་པར་ནམ་འཆིཆ་མེད་དང་འཆི་རྐྱེན་ངེས་པ་མེད་པ་ཞིག་ཡིན་པས་བད༷ག་ནི༷་ནམ་ཞིག་འཆི༷་བ༷འི་དུ༷ས་བྱེ༷ད་པརགྱུ༷ར་པ༷་ན༷། རང་ཉིད་ཀྱི་ལས་དང་ཉོན་མོངས་པའི་སྒྲི༷བ་པ༷་དང་སངས་རྒྱས་སྣང་བ་མཐའ་ཡསམངོན་སུམ་དུ་མཐོང་བྱེད་ཀྱི་དྲི་མ་ཐ༷མས་ཅ༷ད་ད༷ག་ནི༷་ཕྱི༷ར་བས༷ལ་ཞིང་མེད་པར་བྱས་ཏེ༷། སངསརྒྱས་སྣ༷ང་བ༷་མཐ༷འ་ཡ༷ས་དེ༷་མངོ༷ན་སུ༷མ་དུ་མཐོ༷ང་ན༷ས་ནུབ་ཕྱོགས་བདེ༷་བ༷་ཅ༷ན་གྱི༷༷་ཞི༷ང་དེ༷ར་ར༷བཏུ༷་འགྲོ༷་བར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་དང༌། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དེ༷ར་སོ༷ངན༷ས་ནི༷་འཕགས་པ་བཟང་པོ་སྤྱོད་པའི་སྨོ༷ན་ལ༷མ་འདི་རྣམས་ཀྱི་འབྲས་བུ་འདི༷་ད༷ག་ཀྱ༷ང༌། ཐ༷མསཅ༷ད་མ༷་ལུ༷ས་པ་མངོ༷ན་དུ༷་འགྱུ༷ར་བ༷ར་ཤོ༷ག་ཅིག་ཅེས་དང༌། སྨོན་ལམ་ཐམས་ཅད་མངོན་དུ་འགྲུབཔ་དེ༷་ལྟ༷ར་བད༷ག་གི༷་སྨོན་ལམ་གྱི་འབྲས་བུ་དེ་དག་མ་ལུས་པ་རང་རྒྱུད་ལ་དགོས་པ་ཐམསཅད་ཡོ༷ངས་སུ༷་བསྐ༷ང་ཞིང་རྫོགས། སེམས་ཅན་གཞན་རྒྱུད་ལ་ཐོབ་པར་འགྱུར་བ་ཐམས་ཅདཡོངས་སུ་རྫོགས་ཤིང་རེ་བ་བསྐོང་བར་བྱས་ནས་འཁོར་བ་ཇི༷་སྲི༷ད་གནས་པ་དེ་སྲིད་དུ་སེ༷མསཅ༷ན་རྣམས་ལ་ཕ༷ན་པ༷་མཐའ་ཡས་པ་རྟག་ཏུ་བགྱི༷ད་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བའོ། །དེ་ནང་བཞིན་ང་ཚོས་ནམ་རྒྱུན་མི་ཚེ་འདིའི་ཐོག་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་འོང་དགོསཟེར་ན་དཀའ་མོ་ཡིན་ན་ཡང༌། རང་གི་ཉེ་འཁོར་ན་ཡོད་པ་རྣམས་ལ་ལྷག་བསམ་རྣམ་དག་གིསྒང་ནས་ཕན་ཅི་ཐོགས་བྱས། སེམས་ཅན་ཐམས་ཅད་ལ་ཕན་པར་ཤོག་ཅིག་ཅེས་སྨོན་ལམགནང་དགོས་པ་རེད་མ་གཏོགས། ཁ་སང་དེ་རིང་ང་ཚོས་ནང་ཆོས་སྒྲུབ་སྟངས་མང་ཆེ་བ་དེསྨོན་ལམ་རྐྱང་རྐྱང་བརྒྱབས་ནས་བགྲོད་པ་ཞིག་འོང་གིན་འདུག དཔེར་ན་རང་ལ་དལ་འབྱོརཐོབ་པ་དེ་ནི་ཆུད་ཟོས་སུ་བཏང་ནས་ང་ལ་དལ་འབྱོར་མི་ལུས་ཞིག་ཐོབ་པར་ཤོག་ཅིག་ཅེསསྨོན་ལམ་གནང་བ་ནི་རང་ལ་སྒོར་མོ་ཞིག་ཐོབ་ཡོད་ན་དེ་མར་གཡུག་ནས་ཡང་སྒོར་མོ་ཞིགཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བ་འདྲ་བོ་འདུག དེ་བས་སྨོན་ལམ་གནང་བ་ཇི་བཞིནདུ་ལག་ལེན་ལ་འདེབས་རྒྱུ་གལ་ཆེན་ཡིན་པ་རེད། བཞི་བ་དངོས་སུ་ལུང་བསྟན་ཐོབ་པར་བསྔོ་བ་ནི། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག ། རྒྱ༷ལ་བ༷་དམ་པ་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་ཕུན་སུམ་ཚོགས་པ་དེར་སྤྱོདཔའི་འཁོར་གྱི་དཀྱི༷ལ་འཁོ༷ར་བདེ་ཞིང་སྐྱིད་པས་བཟ༷ང་ཞི༷ང་དག༷འ་བ༷ར་གྱུར་བའི་དབུས་དེ༷ར། བདག་པདྨོ༷་ད༷མ་པ༷་རིན་པོ་ཆེའི་པདྨོ་ཤི༷ན་ཏུ༷་མཛེ༷ས་པ་ལ༷ས་བརྫུས་ཏེ་སྐྱེ༷ས་ནས་བྱང་ཆུབ་སེམསདཔའི་སྤྱད་པ་སྤྱོད་པའི་ཚེ་དེ་ལ་རྒྱ༷ལ་བ༷་སྣ༷ང་བ༷་མཐ༷འ་ཡ༷ས་ཀྱིས་བདག་ལ་མངོ༷ན་སུ༷མ་དུ༷་ལུ༷ངབསྟ༷ན་ཏེ་ཞལ་མཇལ་གསུང་ཐོས་པར་བྱས་ནས་ལུང་བསྟན་མཛད་པའོ། །ལུང་བསྟན་ནི་མ་འོངས་པའི་དུས་ན་འཇིག་རྟེན་འདི་ཞེས་བྱ་བ། བསྐལ་བ་འདི་ཞེས་བྱ་བ། དུས་འདི་ཞེས་བྱབ་ལ། སངས་རྒྱས་འདི་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན་པ༷་དེ་ཡ༷ང་བད༷ག་གི༷ས་དུས་དེ་སྐབསདང་གནས་དང་གྲོགས་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་དེ༷ར་ཐོ༷བ་པར་ཤོ༷ག་ཅིག་སྨོནལམ་གནང་བའོ། །མདོར་ན། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར་རང་ཉིད་སྐྱེས་ནསསངས་རྒྱས་འོད་དཔག་མེད་ཀྱིས་ཞལ་མངོན་སུམ་དུ་བསྟན་ནས་དངོས་སུ་འཇིག་རྟེན་ཁམསའདི་ཞེས་བྱ་བ་དང་བསྐལ་བ་འདི་ཞེས་བྱ་བ་ལ། སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ་ཞེསདངོས་སུ་ལུང་བསྟན་པ་དེ་བདག་གིས་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་མཛད་པ་རེད། ལྔ་པ་སེམས་ཅན་ལ་ཕན་པར་སྒྲུབ་པར་བསྔོ་བ་ནི། དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ༷ར་ནི༷་སྨོན་ལམ་མཛད་པ་པོ་བད༷ག་གི༷ས་མ་འོངསཔ་ན་སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ་ཞེས་དངོས་སུ་ལུ༷ང་བསྟ༷ན་ར༷བ་ཏུ་ཐོ༷བ་པ་ལ་བརྟེནན༷ས། སྤྲུ༷ལ་པ༷་གྲངས་མེད་པ་མཐའ་ཡས་པ་མ༷ང་པོ༷་བྱེ༷་བ༷་ཕྲ༷ག་བརྒྱ༷་ཡི༷་ཞེས་གསུངས་ནས། གཞན་དོན་ལ་གཅིག་ཏུ་གཞོལ་བའི་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེའི་བློ༷འི་སྟོ༷བས་ཀྱི༷ས་ཕྱོ༷གསབཅུ༷འི་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣ༷མས་སུ༷་ཡ༷ང༌། སྐད་ཅིག་རེ་རེ་ལ་སེ༷མས་ཅ༷ན་མཐའཡས་པ་རྣ༷མས་ལ༷་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ནས་མཐོ་རིས་སུ་འགོད་པ་དང༌། ཉནཐོས་ཀྱི་ས་ལ་འགོད་པ། བླ་ན་མེད་པ་སངས་རྒྱས་ཀྱི་ས་ལ་འགོད་པ་སོགས་མདོར་ན་ཕ༷ན་པ༷མ༷ང་པོ༷་ཞིག་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་བགྱི༷ད་པར་ཤོག་ཅིག་ཅེས་སྨོན་ལམ་གནངབའོ། །མདོར་ན་རང་ཉིད་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས། དེ་ནས་ལུང་བསྟན་ཐོབ་པའི་རྗེསསུ་སྤྲུལ་པ་མང་པོ་མཐའ་ཡས་པའི་སྒོ་ནས་ཕྱོགས་བཅུའི་སེམས་ཅན་མཐའ་མེད་པ་རྣམས་ལགནས་སྐབས་དང་མཐའ་ཐུག་གི་བདེ་བ་མ་ལུས་པ་སྒྲུབ་པར་ཤོག་ཅིག་ཅེས་སྨོན་ལམ་གནང་པ་རེད། དྲུག་པ་གཞན་དོན་ཁོ་ནར་བསྔོ་བ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གི་ཐམས་ཅད་འབྱོར་བར་ཤོག ། གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག ། དེང་སང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་བཞུགས་ས་ནི་ཕལ་བོ་ཆེའི་སྡོང་བོབཀོད་པའི་མདོ་ནང་བཞུགས་པ་རེད། དེའི་ནང་ལ་ཚིགས་སུ་བཅད་པ་འདི་གཉིས་པོ་མི་འདུག་ཚིགས་སུ་བཅད་པ་འདི་གཉིས་ཀྱི་གོང་ནས་ཚིགས་སུ་བཅད་པ་དྲུག་ཅུའི་སྒོ་ནས་འཕགས་པབཟང་པོ་སྤྱོད་པའི་སྨོན་ལམ་རྫོགས་ཚར་ཡོད་པ་རེད། ཚིགས་བཅད་འདི་གཉིས་མདོ་དེའི་ནངམེད་པར་མ་ཟད། རྒྱ་འགྲེལ་མང་པོར་ཡང་ཚིགས་བཅད་འདི་གཉིས་བཤད་པ་མི་འདུག ཡིནན་ཡང༌། ཤཱཀྱ་བཤེས་གཉེན་གྱི་བཟང་སྤྱོད་ཀྱི་འགྲེལ་བ་དང་མཁན་པོ་ཡེ་ཤེས་སྡེའི་བཟངསྤྱོད་ཀྱི་འགྲེལ་བ་གཉིས་པོའི་སྐབས་སུ་བཤད་པ་མཛད་འདུག བཟང་སྤྱོད་ཀྱི་གླེགས་བམལོགས་སུ་བྱས་པའི་རྒྱ་དཔེ་གཅིག་ན་ཡང་འདིའི་ཚིགས་སུ་བཅད་པ་གཉིས་པོ་འདི་འདུག་ཅེསརྗེ་ཏཱ་ར་ནཱ་ཐས་གསུངས་འདུག དེའི་རྒྱུ་མཚན་གྱིས་རྗེ་ཏཱ་ར་ནཱ་ཐས་ཚིགས་སུ་བཅད་པ་གཉིསཔོ་འདི་མདོ་ཚིག་ཡིན་པར་གསུངས་པ་རེད། ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ནི། འཕགསཔ་བཟ༷ང་པོ༷་སྤྱོ༷ད་པ༷འི་སྨོ༷ན་ལ༷མ་གྱི་གླེགས་བམ་དེ་དག་བཀླགས་པ་དང༌། ཁ་ཏོན་དུ་བྱས་པནི་བཏོ༷ན་པ༷འོ། །དེ་ལ་བརྟེན་ནས་བད༷ག་གི༷ས་དགེ༷་བ༷འི་རྩ་བ་ཅུ༷ང་ཟ༷ད་ཅི༷་བས༷གས་པ༷་དེ༷ས་ནི༷། འགྲོ༷་བ༷་སེམས་ཅན་ཐམས་ཀྱིས་ཡིད་ལ་སྨོན་ཞིང༌། ངག་གིས་གྱུར་ཅིག་སོགས་བརྗོད་པའི་སྨོ༷ནལ༷མ་གྱི་རིགས་ལས་དགེ༷་བ༷ར་གཏོགས་པ་རྣ༷མས་འབད་རྩོལ་མེད་ཅིང་ཡུན་རིང་དུ་ཐོགས་པམ་ཡིན་པར། མྱུར་དུ་སྐ༷ད་ཅི༷ག་གཅི༷ག་གི༷ས་ཏེ་མྱུར་དུ་ཐ༷མས་ཅ༷ད་འབྱོ༷ར་ཞིང་འགྲུབ་པ༷ར་ཤོ༷གཅིག་ཅེས་སྨོན་ལམ་གནང་བའོ། །མདོར་ན་བདག་གིས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་བཏོན་པའི་དགེ་བའི་རྩ་བ་ཅི་བསགས་པ་དེའི་མཐུ་ལ་བརྟེན་ནས་སེམས་ཅན་ཐམསཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང་སྨོན་ལམ་ཐམས་ཅད་ཡོངས་སུ་གྲུབ་ནས་འགྲུབ་པ་དེཡང་ཡུན་ཐུང་དུ་མ་ཡིན་པར་སྐད་ཅིག་གཅིག་ལ་མྱུར་དུ་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་མཛད་པ་དང༌། ག༷ང་ཡ༷ང་བདག་གིས་བཟ༷ང་པོ༷་སྤྱོ༷ད་པ༷་འདི༷་བསྔོ༷་བར་བྱས་པ༷འི་དགེ་བའི་རྩབ་འདི་ཡིས་བསོ༷ད་ན༷མས་དགེ་བའི་རྩ་བ་རྒྱ་ཆེ་བས་མཐ༷འ་ཡ༷ས་ཤིང༌། ངོ་བོ་བཟང་པས་ད༷མཔར་གྱུར་པ༷་ག༷ང་ཞིག་ཐོ༷བ་པ་དེ༷ས། འགྲོ༷་བ༷་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐྱེ་རྒ་ན་འཆིའི་སྡུ༷ག་བསྔ༷ལ་གྱི་ཆུ༷་བོ༷ར་བྱི༷ང་པ༷འམ་སྡུག་བསྔལ་མྱོང་བའི་སེམས་ཅན་རྣ༷མས། སངས་རྒྱས་བཅོམ་ལྡན་འདས་འོ༷ད་དཔ༷ག་མེ༷ད་པ༷འི་གན༷ས་བདེ་བ་ཅན་གྱི་ཞིང་ཁམས་སྡུག་བསྔལ་གྱི་མིང་ཡང་མི་གྲག་ཅིང༌། རྟག་ཏུ་བདེ་བའི་གནས་དེ་ལ་ར༷བ་ཏུ་ཐོ༷བ་པ༷ར་ཤོ༷ག་ཅིག་ཅེས་དང༌། མདོར་ན། རང་གིས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འདོན་པ་ལ་བརྟེན་ནས་བསོད་ནམསཀྱི་དགེ་བའི་རྩ་བ་གང་བསགས་པ་དེ་ལ་བརྟེན་ནས་འགྲོ་བ་སེམས་ཅན་སྡུག་བསྔལ་གྱི་རྒྱམཚོ་དེའི་ནང་ལ་གནས་པའི་སྡུག་བསྔལ་མྱོང་མཁན་དག་སངས་རྒྱས་འོད་དཔག་མེད་ཀྱི་གོའཕང་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་གནང་བའོ། །སྨོན་ལམ་རྒྱལ་བོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །ཀུན་ཏུ་བཟང་བོས་བརྒྱན་པའི་ཞིང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག ། ཚིགས་བཅད་འདི་ནི་བསྟན་པ་སྔ་དར་གྱི་དུས་སུ་བཟང་སྤྱོད་སྨོན་ལམ་བསྒྱུར་གནངམཛད་མཁན་ལོ་ཙཱ་བ་བཻ་རོ་ཙ་ན་སོགས་ཀྱི་འགྱུར་གྱི་སྨོན་ལམ་ཞིག་ཡིན་པར་སྣང༌། བཟངསྤྱོད་སྨོན་ལམ་གྱི་རྒྱ་འགྲེལ་མང་པོ་བྱུང་ན་ཡང་དེ་དག་གི་ནང་ལ་ཡང་ཚིགས་བཅད་འདི་མི་འདུག་ཅེས་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། མདོ་དང༌། སྔར་སྨོས་པ་བདག་གིསམཐོང་བའི་འགྲེལ་པ་རྣམས་ན་མི་སྣང་ཞིང༌། སངས་རྒྱས་གྲགས་པའི་འགྲེལ་པ་ནའང་མེད་པར་གྲགས་ལ། པ་གོར་བཻ་རོ་ཙ་ན་རི་ཏ་ལ་སོགས་པ་འདིའི་གཞུང་འགྲེལ་རྣམས་འགྱུར་མཛདཔའི་ལོ་ཙཱ་བ་དག་གིས་འགྱུར་གྱི་སྨོན་ལམ་གྱི་ཚུལ་དུ་མཛད་པ་ཡིན་ནོ་ཞེས་གྲགས་ཏེ། དེ་ལྟརཡིན་པར་ཡང་སེམས་ལ། དོན་ནི་བཟང་པོ་ཞིག་སྟེ། ཞེས་གསུངས་སོ། །དེའི་དོན་ནི། འདིརྒྱ་འགྲེལ་གྱི་གཞུང་ཞིག་ལ་བརྟེན་ས་མེད་པས་བོད་ཀྱི་མཁས་དབང་ཚོ་རང་རང་གིས་འགྲེལཚུལ་མི་འདྲ་བ་གྲངས་རེ་བཟོས་འདུག དེ་གང་ཞེ་ན། རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བའིསྐབས། འཕགས་པ་བཟང་པོ་སྤྱོད་པའི་སྨོ༷ན་ལ༷མ་གྱི་རྒྱ༷ལ་བོ༷་འདི༷་ད༷ག་ནི། མཆོ༷ག་གི༷་གཙོ༷་བོསངས་རྒྱས་ལ་བྱས་ནས་དེ་འགྲུབ་ཅིང༌། མཐ༷འ་ཡ༷ས་པའི་འགྲོ༷་བ༷་ཀུ༷ན་ལ༷་ཕ༷ན་པར་བྱེ༷ད་པ། ཞེས་སྦྱར་བ་དང༌། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་བཟང་སྤྱོད་འགྲེལ་བ་དང་དེ་ལས་གཞནཔའི་བཟང་སྤྱོད་འགྲེལ་བ་དག་གི་སྐབས་སུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལབོ་འདི་དག་ནི་སྨོན་ལམ་གཞན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བའམ་གཙོ་བོའོ། །མཆོགཏུ་གྱུར་བས་མཐའ་ཡས་པའི་འགྲོ་བ་ཀུན་ལ་ཕན་པར་བྱེད་ཅིང༌། ཞེས་སྦྱར་འདུག ཚིག་རྐངའོག་མ་གཉིས་ཀྱི་དོན་ནི་རྗེ་ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བ་ལས། ཁྱད་པར་དུ་ཕྱོགས་བཅུའིཞིང་ཁམས་མ་ལུས་པའི་ངན་སོང་གི་གནས་རྣམས་མ་ལུས་པར་སྟོང་པ་དང་ཕྱོགས་ཐམས་ཅདཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བརྒྱན་པའི་ཞིང་ཁམས་ཁྱད་པར་ཅན་དུ་བསྒྲུབས་པས་འགྲུབཔར་གྱུར་ཅིག་པའོ། །ཞེས་དང༌། ཀུ༷ན་ཏུ༷་བཟ༷ང་པོ༷ས་གསུངས་པའི་སྨོན་ལམ་ལ་སོགས་པསབརྒྱ༷ན་པ༷འི་གཞུ༷ང་ལུགས་སུ་གསུངས་པ་ནང་བཞིན་དུ་གྲུ༷བ་སྟེ༷། ང༷ན་སོ༷ང་གི་གན༷ས་ཐམས་ཅདལུ༷ས་པ་མེད་པར་སྟོ༷ང་བ༷ར་ཤོ༷ག་ཅིག་ཅེས་སྨོན་ལམ་མཛད་པ་རེད། གསུམ་པ་མཇུག་གི་དོན་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་རྫོགས་སོ། །གཞུང་གཞན་དུ་ཀུན་ཏུ་བཟང་པོས་གཞོན་ནུ་ནོར་བཟང་ལ་གསུངས་པ་རྫོགས་སོ་ཞེས་ཀྱངསྦྱར་འདུག འགྱུར་བྱང་ནི། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། སུ་རེནྟྲ་བོ་དྷི་དང༌། ལོ་ཙཱ་བ་བནྡེཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང༌།ཞུ་དག་གནང་མཁན་གཙོ་བོ་ལོ་ཆེན་བཻ་རོ་ཙ་ནས་ཞུ་ཆེན་མཛད་པའོ། །དེ་ནས་ད་ལོ་ཁྱེད་རྣམ་པར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱིརྒྱལ་བོའི་ཚིག་འགྲེལ་རགས་ཙམ་ཞུས་པ་ཡིན། ཡིན་ན་ཡང༌།༑རང་ངོས་ནས་དཔེ་ཁྲིད་མངཔོ་དང་བྱ་བ་མང་པོ་ཡོད་པས་གྲ་སྒྲིག་ཅི་ཡང་མེད་པའི་སྒོ་ནས་སྐབས་ཐོག་སྐབས་ཐོག་ལ་ཞུསཔ་ཙམ་ཡིན། ང་ཚོའི་སློབ་གླིང་འདི་ནས་ནམ་རྒྱུན་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམགསུང་བཞིན་ཡོད་པ་རེད། དེས་ན་རང་རང་སོ་སོས་གོང་ནས་གསུངས་པ་ལྟར་ཕན་ཡོན་མངཔོ་ཡོད་པ་དེ་དག་ཤེས་པའི་སྒོ་ནས་དད་པ་རྣམ་དག་གིས་བཟང་སྤྱོད་སྨོན་ལམ་གསུངས་ནཕན་ཡོན་ཤིན་ཏུ་ཆེ་སྟེ། འདི་གསུང་ན་རང་རང་སོ་སོའི་སྐུ་རིམ་གྱི་ཚབ་ཀྱང་འོང་ཐུབ་ལ། ཚེའདིར་ཡང་གོང་ནས་གསུངས་པ་ལྟར་མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་ཞེས་གསུངསཔ་དང༌།༑ཚེ་ཕྱི་མ་ལ་ཡང་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་ནས་མཐར་བླ་མེད་རྫོགས་བྱང་ཐོབཔར་འགྱུར་བ། དེས་ན་དད་པ་རྣམ་དག་གི་སྒོ་ནས་ཉི་མ་རེ་རེ་དང་དགུན་གནང་དང་དབྱརགནང་སྐབས་ཀུན་ཏུ་ཡང་གསུང་རྒྱུ་གལ་ཆེན་པོ་རེད་མ་གཏོགས།༑ང་ཚོ་གྲྭ་བ་ཚོའི་གྲལ་ན་ཡངགྲྭ་བ་བྱས་ནས་ལོ་འགའ་སོང་ན་ཡང༌།༑རང་རང་གི་རང་མོས་ཀྱིས་ཐོག་ནས་སྐྱབས་འགྲོ་ཚརགཅིག་ཀྱང་མི་གསུང་མཁན་འདུག དེ་འདྲ་རྩ་བ་ཉིད་ནས་གནང་ཉན་གི་མི་འདུག་ལགས། ཐུགས་ལ་བཟུང་རོགས་ཞུ། དཻ་ཙམ་གྱིས་བཟང་སྤྱོད་ཀྱི་ཆོས་ཁྲིད་རྫོགས་པ་ཡིན། དེ་ལྟར་ཅུངཟད་ཞུ་ཁུལ་བྱས་པ་འདི་ལ་བརྟེན་ནས་བསྟན་འགྲོ་ལ་ཕན་པར་གྱུར་ཅིག སྨྲས་པ། ཀུན་རྨོངས་ལས་ཀྱི་འཁྲུལ་འཁོར་བཙན་པོ་ཡིས། །མི་འདོད་དབང་མེད་འཁྱམས་པའི་སྐྱེ་དགུ་འདི། །མནར་གཅོད་དུ༔ཁའི་ཀློང་ལས་རབ་ཐར་ནས། །གཏན་བདེ་ཞི་བའི་སྐམ་སར་ཕྱིན་གྱུར་ཅིག །འདིར་འབད་བརྩོན་པའི་རྣམ་དཀར་གཟེགས་མའི་བཅུད། །ཐེག་ཆེན་རྒྱལ་བའི་གཞུང་ལམ་ལ་འདྲེས་ཏེ། །བཤེས་གཉེན་མཆོག་དེའི་སྐུ་ཚེ་རབ་བརྟན་ཞིང༌། །འཕྲིན་ལས་འགྲོ་བའི་གསོས་སུ་ལེགས་སྨིན་ཤོག ། ཕྱི་ལོ་༢༠༡༩ལོར་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ནས་བཟང་པོ་སྤྱོད་པའི་སྨོན་ལམགྱི་བཀའ་ཁྲིད་གནང་བ་འདི་གཞན་ལ་ཕན་པའི་བློ་ཅུང་ཟད་ཀྱིས་བསྐུལ་ཏེ་ཚིག་སྦྱོར་སོགསཀྱི་མཛེས་ཆ་སྤངས་ནས།.གསུང་ཚིག་ཇི་བཞིན་ཕབ་ཅི་ཐུབ་ཀྱིས་གང་གི་སློབ་འབངས་སུགཏོགས་པ་ངག་དབང་རྒྱ་མཚོས་སློབ་གསེང་གི་ཆུ་ཚོད་ལ་རྔ་ཡུལ་བསེ་དགོན་ནས་ཕྱི་ལོ༢༠༢༠ལོའི་ཟླ་༡་ཚེས་༢༢ཉིན་དབུ་བཟུང་སྟེ་ཟླ་༢་ཚེས་༡༥ཉིན་མཇུག་གྲུབ་པར་བགྱིས་སོ། །

སྙིང་གཏམ་སུམ་ཅུ་པའི་བཀའ་ཁྲིད་ཐར་བ་ལག་སྟེར།

སྙིང་གཏམ་སུམ་ཅུ་པའི་བཀའ་ཁྲིད་ཐར་བ་ལག་སྟེར།

འོད་གསལ་སྤྲོས་མེད་སྤྲིན་བྲལ་མཁའ་ལ་སྣ་ཚོགས་རྟེན་མེད་སྒྱུ་མའི་གར། །འགྲོ་བློའི་ཡིད་ཀྱི་མེ་ལོང་གཙང་མར་རང་རང་འཚམ་པར་འཆར་བའི་གཟུགས། །སྟོན་མཆོག་ཐུབ་པའི་བསྟན་པ་འདི་ལ་སྒྲུབ་དང་སྨྲ་བའི་ཁྱུ་མཆོག་གཅིག ། ཐེག་དགུའི་ཤིང་རྟ་ཀློང་ཆེན་རབ་འབྱམས་བདག་ཡིད་སྙིང་གི་དབུས་སུ་བཞུགས། །གང་གིས་འགྲོ་ལ་བུ་བཞིན་གཅེས་པས་སྙིང་གཏམ་སུམ་ཅུ་སྦྲན་པ་དེ། །བུ་བཞིན་སྐྱོང་ལ་ཕ་བཞིན་སྤྱོད་པའི་བཀའ་དྲིན་འཁོར་མེད་བླ་མ་ཡི། །ལེགས་གསུང་གདམས་པ་གཙུག་ཏུ་ཐོབ་དེ་གཞན་ལ་ཡང་ནི་ཕན་སེམས་དང༌། །བསོད་ནམས་ཚོགས་གཉིས་རབ་ཡངས་གསོག་ཕྱིར་ཡི་གེའི་ལམ་དུ་བྱ་བར་བརྩོན། །མཛད་པ་པོའི་རྣམ་ཐར། དེ་རིང་འདིར་སྔ་འགྱུར་རྙིང་མའི་མཁས་དབང་ཆེན་མོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིགསུང་སྙིང་གཏམ་སུམ་ཅུ་བ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། ཀུན་མཁྱེན་ཀློང་ཆེན་རབ་འབྱམསཁོང་ནི་དུས་རབས་བཅུ་བཞིའི་ནང་བྱོན་པའི་སྔ་འགྱུར་རྙིང་མའི་མཁས་དབང་ཆེན་པོ་ཞིག་ཡིནཏེ། བསྟན་པ་ཕྱི་དར་གྱི་དུས་ལ་སྔ་འགྱུར་རྙིང་མ་ལ་ཁོང་འདྲ་བའི་མཁས་དབང་ཞིག་ཕལ་ཆེརབྱོན་མེད་ཚོད་འདུག ཁོང་ནི་རབ་བྱུང་ལྔ་པའི་ས་སྤྲེལ་ཕྱི་ལོ་༡༣༠༨ལོར་སྐུ་འཁྲུངས་ཤིང༌། དགུངལོ་ལྔ་ནས་ཡི་གེ་འབྲི་ཀློག་དང་བརྡ་སྤྲོད་སོགས་ཐུགས་སུ་ཆུད། དགུང་ལོ་བདུན་གྱི་སྟེང་བཀའབརྒྱད་བདེ་གཤེགས་འདུས་པ། རྟ་མགྲིན་ལ་སོགས་པའི་དབང་ལུང་མན་ངག་དང་སྨན་རྩིས་ལསོགས་གསན་བསམ་མཛད་ནས་ཐུགས་རྒྱུད་ལ་ཆུད་པར་མཛད། དགུང་ལོ་བཅུ་གཉིས་སྟེངབོད་ཀྱི་དགོན་སྡེའི་ཐོག་མ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་པོ་ཆེ་དང་སློབ་དཔོནཀུན་དགའ་འོད་ཟེར་གཉིས་ལས་རབ་བྱུང་གི་སྡོམ་པ་བཞེས་ཏེ། ཁོང་གི་རབ་བྱུང་གི་མཚནལ་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། ཁོང་རིས་མེད་ཀྱི་གྲྭ་ས་མང་པོར་བྱོན་ནས་སློབ་དཔོནགཞོན་ནུ་རིན་ཆེན་སོགས་བསྟེན་ཏེ་ཕར་ཕྱིན་དང་ཚད་མ་དབུ་མ་ལ་སོགས་པ་གསན་ཞིང་དབུསགཙང་གི་གྲྭ་ས་ཆེ་ཤོས་ཁག་ལ་གྲྭ་སྐོར་བྱོན་ནས་མཁས་པའི་མཚན་སྙན་ཕྱོགས་སོ་སོར་ཁྱབ།ཁོང་གིས་ཐོས་བསམ་གནང་ཡུལ་གཙོ་བོ་ནི་གསང་ཕུའི་ཆོས་གྲྭ་ཡིན་ལ། གསང་ཕུའི་ཆོས་གྲྭནི་བོད་ཀྱི་མཁས་དབང་མང་པོ་འཚར་ལོངས་བྱུང་སའི་ཆོས་གྲྭ་ཆེན་མོ་ཞིག་ཡིན་ཞིང༌། དེའིརྒྱུ་མཚན་གྱིས་མཁས་དབང་ཁོང་གིས་གསང་ཕུའི་ཆོས་གྲྭ་ནས་གཞུང་ཆེན་ཁག་མང་པོར་ཐོསབསམ་གནང༌། དེས་ན་ཁོང་གིས་གསུངས་པའི་མཛོད་བདུན་ལ་སོགས་པ་གཞུང་གང་ཡིན་ན་ཡང་གཞུང་སྤྱིའི་དགོངས་པ་དང་མཐུན་པའི་ལེགས་བཤད་བསམ་གྱིས་མི་ཁྱབ་པ་ཞིག་ཡིནཔར་ང་རང་གིས་བསམ་གི་ཡོད། རྗེས་སུ་ཁོང་གི་བླ་མ་གཙོ་བོ་རིག་འཛིན་ཀུ་མཱ་ར་རཱ་ཛའི་དྲུངནས་གསང་སྔགས་སྔ་འགྱུར་གྱི་གདམས་པ་མཐའ་དག་མཉམ་གཅིག་ཏུ་གསན་ནས་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་མཛད། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམསརྟོགས་མཐར་ཕྱིན་ཏེ། གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཁོང་གིས་གཙོ་བོ་སྒྲུབ་པཉམས་ལེན་མཛད་སའི་གནས་གངས་རི་ཐོད་དཀར་དུ་བཞུགས་ནས་སྐལ་ལྡན་གྱི་གདུལ་བྱ་མང་པོ་ལ་ཆོས་རྒྱ་ཆེར་གསུངས། ཁོང་གིས་མཛད་པའི་བསྟན་བཅོས་ནི་མཛོད་ཆེན་བདུན། སྙིང་ཏིག་ཡ་བཞི། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས།༩༥ ནང་གི་གནས་རྒྱ་ཆེར་བཤད་པའི་བསྟནབཅོས།༡༢༨ གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས།༣༠སོགས་མང་པོ་ཡོདཔ་རེད། ད་ལྟ་སྡེ་དགེའི་པར་ཤིང་ན་པོད་བདུན་མ་གཏོགས་མི་འདུག ཁོང་གིས་དགོན་གནསཡང་བཏབ་པ་ཡིན་ལ། དགོན་པའི་མིང་ལ་ཨོ་རྒྱན་རྫོང་ཞེས་མཚན་གསོལ། དེ་འདྲའི་བསྟནའགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་ལྔ་བཅུ་ང་དྲུག་རབ་བྱུང་དྲུག་པ་ཕྱི་ལོ་༡༣༦༣ལོར་ཁོང་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་དོ། །ཁོང་ནི་སྤྱིར་ནང་པ་སངས་རྒྱས་པའི་བསྟནཔ་ལ་བྱས་རྗེས་རླབས་ཆེན་འཇོག་མཁན་ཞིག་དང༌། སྒོས་སུ་བསྟན་པ་ཕྱི་དར་གྱི་དུས་སུ་ལེགསབཤད་མང་པོ་བརྩམས་ནས་སྔ་འགྱུར་རྙིང་མའི་བསྟན་པ་གསལ་བར་བྱེད་མཁན་ཞིག་ཡིན་ནོ། །ཁོང་བྱོན་པའི་སྐུ་དུས་ནི་ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་མཆོག་དངབུ་སྟོན་ཐམས་ཅད་མཁྱེན་པ་སོགས་དང་སྐུ་དུས་མཉམ་པ་རེད། འདིར་ཀུན་མཁྱེན་ཀློང་ཆེནརབ་འབྱམས་ཁོང་གིས་གསུངས་པའི་གདམས་ངག་སྙིང་གཏམ་སུམ་ཅུ་བའི་ཚིག་འགྲེལ་རགསཙམ་ཞུ་བར་བྱེད་པ་ལ། སྙིང་གཏམ་སུམ་ཅུ་བ་བཞུགས་སོ། །ཞེས་པའི་སྙིང་གཏམ་ནི་ཁོང་གིསམདོ་རྒྱུད་ཀྱི་དགོངས་པའི་ཆོས་ཉམས་སུ་ལེན་པའི་རིམ་པ་དག་བསྡུས་ནས་གསུང་པའི་སྙིངགི་གཏམ་མོ། །དེ་ཡང་གཞུང་ཚད་ཀྱི་སྒོ་ནས་བསྟན་བཅོས་འདིའི་མཚན་ལ་སུམ་ཅུ་བ་ཞེས་བཏགས་པ་ཡིན་ལ། མཆོད་བརྗོད་དང་བརྩམས་པར་དམ་བཅའ་བ། མཇུག་གི་སྨོན་ལམདག་མ་བགྲང་ན་ཤོ་ལོ་ཀ་སུམ་ཅུ་ཡོད་པས་དེ་ལྟར་བཏགས་པ་རེད། དེ་ལྟ་བུའི་བསྟན་བཅོསགང་ན་བཞུགས་ན་འདི་ན་བཞུགས་སོ། །བསྟན་བཅོས་དངོས་ལ་ཀླད་ཀྱི་དོན་དང༌། བར་གྱིགཞུང་དོན། ཐ་མར་མཇུག་དོན་བཅས་གསུམ་ལས་དང་པོ་ལ་གཉིས། དང་པོ་མཆོད་བརྗོདནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གིས་རང་གི་བླ་མ་དག་ལ་མཆོད་བརྗོད་མཛད་པ་ཡིན་ལ་དེ་གང་ཞེ་ན། ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་སྨོན་ལམ་སྤྲིན་ཆེན་ལས། །ཐུགས་རྗེ་ཚ་ཟེར་བདུད་རྩིའི་ཆུ་རྒྱུན་ལེགས་ཕབ་ནས། །གདུལ་བྱའི་ཞིང་དུ་སྐུ་གསུམ་མྱུ་གུ་སྨིན་མཛད་པའི། །སྐྱབས་གསུམ་མཆོག་གྱུར་སྐྱོབ་མཛད་བླ་མའི་ཞབས་ལ་འདུད། །ཅེས་བླ་མའི་ཐུགས་རྒྱུད་ཀྱི་ཡེ་ཤེས་ནི་ཆོས་དབྱིངས་ཀྱི་མཁའ་ལྟར་ཁྱབ་ཅེས་བླ་མའི་ཐུགསདེ་ནམ་མཁའི་གཟུགས་སུ་བཀོད་ནས་ཁོང་གི་སྔོན་སློབ་པ་ལམ་གྱི་གནས་སྐབས་ཀྱི་སྨོན་ལམདག་སྤྲིན་ཆེན་གྱི་གཟུགས་སུ་བཀོད་དེ། སྤྲིན་ཆེན་པོ་དེ་ལས་བྱུང་བའི་ཐུགས་རྗེ་ཚ་ཟེར་དང༌། བདུད་རྩིའི་ཆུ་རྒྱུན་གྱི་གཟུགས་སུ་བཀོད་ནས་དེ་ལྟ་བུའི་བདུད་རྩིའི་ཆུ་རྒྱུན་ལེགས་པར་ཕབཔ་ལ་བརྟེན་ནས་སྐལ་ལྡན་གདུལ་བྱ་དག་ས་ཞིང་གི་གཟུགས་སུ་བཀོད་ནས། དེ་འདྲའི་ཞིངསར་སྐུ་གསུམ་སྨིན་པར་མཛད་པའི་སངས་རྒྱས་དཀོན་མཆོག་ཆོས་དཀོན་མཆོག་དགེ་འདུནདཀོན་མཆོག་སྟེ་སྐྱབས་གནས་མཆོག་ཏུ་གྱུར་བ་དེ་རྣམས་ལས་ཀྱང་རང་ཉིད་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་དངོས་སུ་སྐྱོབ་པར་མཛད་མཁན་ཏེ་བླ་མ་རྣམས་ཡིན་པས་དེ་དག་གི་སྐུའི་དམའ་ཤོས་ཞབས་ཀྱི་པདྨོས་མཚོན་ནས་བླ་མའི་སྐུ་གསུང་ཐུགས་གསུམ་ལ་རང་གི་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་འདུད་ཅེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིསཁོང་གི་བླ་མ་དགེ་བའི་བཤེས་གཉེན་དག་ལ་མཆོད་བརྗོད་མཛད་པ་རེད། སྤྱིར་ཀུན་མཁྱེནཀློང་ཆེན་རབ་འབྱམས་ཁོང་གི་སྐུ་ཚེའི་ནང་བླ་མ་དུ་མ་ཡོད་ན་ཡང༌། ཁོང་གིས་འོད་གསལརྫོགས་པ་ཆེན་མོ་སོགས་གདམས་ངག་ཁྱད་པར་ཅན་གསན་བསམ་མཛད་སའི་བླ་མའི་གཙོབོ་ནི་རིག་འཛིན་ཀུ་མཱ་ར་རཱ་ཛ་ཡིན་ལ། དེ་འདྲའི་བླ་མ་དག་ལ་སྒོ་གསུམ་གུས་པ་ཆེན་མོས་འདུད་ཅེས་དང༌། མཆོད་བརྗོད་འདིའི་སྐབས་ཀྱི་དཔེ་ནི་ནམ་མཁའ་ལ་སྤྲིན་འཁྲིགས་ནས་སྤྲིནལས་ཆར་ཕབ། ཉི་མ་ཤར་ནས་དེའི་ཚ་ཟེར་གྱིས་ས་ཞིང་ནང་དུ་མྱུ་གུ་དང་ལོ་ཏོག་སོགས་སྨིནཔར་བྱེད་པ་ལྟར་དཔེ་ཅན་ཆོས་དབྱིངས་མཁའ་ཁྱབ་སྨོན་ལམ་དང་བླ་མའི་ཐུགས་རྗེ་གཉིསལ་བརྟེན་ནས་གདུལ་བྱ་དག་གི་རྒྱུད་ལ་སྐུ་གསུམ་སྨིན་པར་མཛད་པ་རེད། སྨིན་པར་མཛདཚུལ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་བ་འདོདཔ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་སྐྱབས་ཡུལ་སངས་རྒྱས་དཀོན་མཆོག་ཆོས་དཀོནམཆོག་དགེ་འདུན་དཀོན་མཆོག་གསུམ་ཡོད་པ་ལས་དེ་དག་ལས་མཆོག་ཏུ་གྱུར་བ་རང་ཉིདསྲིད་ཞིའི་འཇིགས་པ་ལས་དངོས་སུ་སྐྱོབ་པར་མཛད་པ་དཔལ་ལྡན་བླ་མ་དམ་པ་དང་དངོསསུ་ཞལ་མཇལ། གསུང་ཐོས། མིའི་ཤ་ཚུགས་ཅན་གྱིས་རང་ལ་བརྩེ་བའི་སྒོ་ནས་བླང་དོར་གྱིགནས་ཕྱིན་ཅི་མ་ལོག་པར་བསྟན་ནས་ཐར་བའི་ལམ་ལ་ཁྲིད་པར་མཛད་པའི་སྐྱབས་ཡུལ་མཆོག་ཏུ་གྱུར་བ་དཔལ་ལྡན་བླ་མའི་ཞབས་ལ་འདུད་ཅེས་མཆོད་བརྗོད་གནང་བའོ། །གཉིས་པ་བརྩམ་པར་དམ་བཅའ་བ་ནི། སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དམ་པས་རྗེས་བཟུང་ཡང༌། །རང་ཉིད་མི་བརྩོན་དོན་མེད་དུས་འདས་ཚེ་འདི་གྲིབ་སོར་གཏུགས། །དྲང་སྲོང་སྤྱོད་བསམ་རང་ལ་ཡི་མུག་དེ་འདྲ་གཞན་ཡང་མཐོང༌། །དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །ཅེས་སྔོན་གྱི་ཚོགས་བསགས་སྒྲིབ་སྦྱངས་དང་སྨོན་ལམ་གྱི་སྟོབས་ཀྱིས་བོད་ཁ་བ་གངསཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཐོག་མ་སྔ་འགྱུར་རྙིང་མ་ཡིན་པ་དང་དེའིསྒྲུབ་བརྒྱུད་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བླང་དོར་གྱི་གནས་བསྟན་པ་དང་ཐུགས་བརྩེ་བས་གདམས་ངག་བསྟན་ནས་རྗེས་སུ་བཟུང་ཡང༌། ཚེ་འདིར་རང་ཉིད་ཀྱི་སྒྱིད་ལུག་པའིལེ་ལོ་སོགས་ཀྱི་དབང་གིས་དམ་པའི་ཆོས་ལ་མ་བརྩོན་ཞེས། ཀུན་མཁྱེན་ཀློང་ཆེན་རབ་འབྱམསཁོང་གིས་ཁེངས་སྐྱུང་དང་བཅས་པའི་སྒོ་ནས་ཆོས་ལ་མ་བརྩོན་པ་ཞེས་སྦྱར་ནས་དོན་མེད་པའིའཇིག་རྟེན་གྱི་བྱ་བཞག་མང་པོ་ཞིག་ལ་གཡེང་ནས་ཚེ་འདི་རིམ་གྱིས་ཉི་རྒས་ཀྱི་གྲིབ་སོ་ལྟ་བུར་གྱུར་ཚར་འདུག ཀློང་ཆེན་རང་གིས་བསམ་པ་ལ་ལུས་ངག་ཡིད་གསུམ་དྲང་པོར་སྲོང་པའིདྲང་སྲོང་ཀྱི་སྤྱོད་པའམ་སྔོན་བྱོན་དམ་པའི་སྤྱོད་པ་དང་མཐུན་པར་དགེ་བ་ཞིག་བསྒྲུབ་བསམན་ཡང༌། མང་པོ་ཞིག་གིས་དེ་རིང་ཆོས་བསྒྲུབ་མི་འདོད། སང་ཉིན་ཡང་མི་འདོད་པར་རྗེས་མརྗེས་མ་ལ་བཞག་ནས་ཕྱི་བཤོལ་གྱི་ལེ་ལོའི་དབང་གིས་ཚེ་ཕྱི་མ་འགྲིམ་འགྲོ་བ་ལྟར། འདིརཡང་དྲང་སྲོང་གི་སྤྱོད་པ་ལ་སྤྱོད་བསམ་ན་ཡང་སྤྱོད་བསམ་པ་ཙམ་དུ་ལུས་ནས་ཆོས་ཡག་པོ་བསྒྲུབ་མ་ཐུབ་པས་ཀུན་མཁྱེན་ཀློང་ཆེན་ཁོང་ཡང་ཡི་རེ་མུག་ཅེས་ཁེངས་སྐྱུང་མཛད་འདུག དེནང་བཞིན་གཞན་གྱིས་ཀྱང་ཆོས་བསྒྲུབ་བསམ་ཡང་ཆོས་མི་བསྒྲུབ་པར་འཇིག་རྟེན་རྐྱང་རྐྱངབསྒྲུབས་ནས་འཁོར་བའི་ཁ་འཛིན་བྱས། ཚེ་འདི་རྟག་པར་བཟུང༌། དེ་ལ་ཞེན་ཆགས་བྱས། ཚེའདིར་དགྲ་འདུལ་གཉེན་སྐྱོང་བྱས། དཔལ་འབྱོར་མངའ་ཐང་ཆེད་དུ་བརྩོན་པ་བརྒྱབ། ཚེའདིའི་བདེ་བ་ཙམ་ལ་ཞེན་ནས་ཚེ་ཕྱི་མའི་དོན་དུ་ཆོས་བསྒྲུབ་པའི་དཀའ་སྤྱད་སྡུག་རུས་ད་ལྟཉིད་ནས་གནང་མ་ཐུབ་པའི་རྐྱེན་གྱིས་ཆོས་སྒྲུབ་པ་ལྷག་སོང་བ་དེ་འདྲ་་གཞན་ལ་ཡང་འདུག རྒྱུ་མཚན་དེའི་ཕྱིར་ན། ཀུན་མཁྱེན་ཀློང་ཆེན་ཁོང་གི་རང་བློ་འཁོར་བ་ལས་ངེས་པར་འབྱུང་བའི་ངེས་འབྱུང་ཐར་བ་ལ་བསྐུལ་བའི་ཆེད་དུ་ཀློང་ཆེན་རང་གི་སྙིང་ནས་སྨྲས་པའི་གཏམ་ཚིགསསུ་བཅད་པ་སུམ་ཅུ་ཡོད་པ་ཤོ་ལོ་ཀ་སུམ་ཅུའི་སྒོ་ནས་བརྗོད་ཅེས་གསུངས་པའོ། །གཉིས་པ་གཞུང་དོན་དངོས་ནི། ཀྱེ་ཧོ། སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི། །མཐུན་རྐྱེན་འཛོམས་པའི་དགོན་གཞི་འཛིན་པ་ཡང༌། །རྩོད་པའི་གཞི་དང་བདག་སེམས་ཞེན་པའི་གཞི། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་ལ་མཚོན་ན་ཡང་སྐུ་ཚེ་སྨད་ལ་གངས་རིཐོད་དཀར་སོགས་སུ་ཕེབས་ནས་རི་ཁྲོད་པ་བྱས། སྤྱིར་ཆོས་པ་ལ་རབ་འབྲིང་ཐ་གསུམ་ཡོདན་ཡང་འདིར་གསུངས་པའི་ཆོས་པའི་ཚད་གཞི་ནི་འཇིག་རྟེན་གྱི་བྱ་བཞག་ཀུན་འདོར་ཞིང༌། དགོན་པ་བསྐྱངས་པ་དང་འཁོར་བསྡུ་བ་སོགས་ཐམས་ཅད་འདོར་བའི་བྱ་བཏང་བའམ་རི་ཁྲོདཔ་ཞིག་གི་དབང་དུ་བྱས་པ་ཡིན་པས་རང་གིས་ཐོས་བསམ་སྒོམ་གསུམ་རེ་བྱས། གཞན་ལཡང་གང་ལ་གང་འཚམས་ཀྱིས་ཆོས་འཆད་ཉན་བྱས་པའི་དགོན་སྡེ་སྐྱོང་མཁན་གྱི་ཆོས་པ་དགནི་སྐབས་འདིའི་ཆོས་པ་མིན་ནོ། །ཉམ་ཐག་པའི་ཚིག་གིས་ཀྱེ་ཧོ་ཞེས་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་ཆབ་སྲིད་སོགས་ཐབས་སྣ་ཚོགས་ཀྱིས་འཁོར་མང་བསྡུས། ཁ་སང་དེ་རིངདགོན་སྡེ་མང་པོས་ཀྱང་དཔལ་འབྱོར་གྱིས་བསླུ་ཐུབ་ས་ནས་དཔལ་འབྱོར་གྱིས་བསླུས། ཁྱིམཚང་འབྱོར་ལྡན་ཞིག་ཡོད་ན་ཁྱིམ་ཚང་དེའི་བུ་དེ་སྤྲུལ་སྐུའི་མིང་བཏགས། དེ་འདྲའི་གཡོ་ཁྲམཀྱི་ཐབས་ཞི་རྒྱས་དབང་དྲག་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རང་གི་འཁོར་དུ་བསྡུ་ཨེ་ཐུབ་བལྟས། ང་ཚོ་ཇོ་ནང་པ་ལ་མཚོན་ན་དེ་འདྲ་ཤུགས་ཆེན་པོ་འདུག རེད་དེ། དེ་འདྲ་གནང་མི་རུང༌། འཁོརམང་པོ་བསྡུས་ནས་འཁོར་དེ་དག་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི་ལམ་ཁལ་བསྐྱོད་དུ་འཇུག་རྒྱུ་དང༌། དེ་དག་གི་མདུན་ལམ་ལ་ཚེ་འདི་དང་ཕྱི་མ་གཉིས་ཀྱི་ནང་ནས་ཚེ་ཕྱི་མའི་མདུན་ལམ་གཙོ་བོ་བྱ་རྒྱུ། ཚེ་འདིའི་མདུན་ལམ་ལ་ཡང་བསམ་བློ་གཏང་དགོས་པརེད་དེ། གཙོ་བོ་ཚེ་ཕྱི་མའི་མདུན་ལམ་ལ་བསམ་བློ་གཏང་དགོས་འདུག དེ་མིན་པར་རང་གིའཁོར་དུ་བསྡུས་པ་ཙམ་བྱས་ནས་བཞག་ན་བཀག་རྡོའི་རང་བཞིན་དུ་ཆགས་འགྲོ་བཞིན་འདུག སྤྱིར་ཐེག་པ་ཆེན་པོའི་དབང་དུ་བྱས་ན་གདུལ་བྱ་དག་ཆོས་ཀྱི་ལམ་ལ་འགོད་པའི་ཆེད་དུ་མཁོབ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པའི་སྟེང་ནས་གདུལ་བྱ་དེ་དག་ཆོསལ་འགོད་པའི་ཆེད་དུ་འཁོར་བསྡུས་པ་ལེགས་ན་ཡང༌། གཡོ་སྒྱུ་སྣ་ཚོགས་ཀྱི་སྒོ་ནས་འཁོརམང་བསྡུས་ནས་དེ་དག་ཐམས་ཅད་ཆོས་ལ་མི་འགོད་པར་རང་ཉིད་རྒྱས་སྤྲོས་འོང་བའི་ཆེདདང་རང་ཉིད་ཀྱི་མ་འོངས་པའི་འཚོ་གནས་ཙམ་གྱི་ཆེད་དུ་འཁོར་བསྡུས་ན་མི་འགྲིག་པས་འདིརསྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི་མཐུན་རྐྱེན་ཟས་གོས་གནས་མལ་སོགས་འཛོམས་པའི་དགོན་སྡེའི་གཞི་མ་ཞིག་འཛིན་ན་ཡང་ཞེས་གསུངས་པ་དང༌། སྤྱིར་ཐོས་བསམསྒོམ་གསུམ་ཡག་པོ་ཡོད་པའི་དགོན་སྡེ་ཞིག་འོང་ན་བསྟན་པའི་གཞི་མ་དགེ་འདུན་འདུག་པའི་གནས་ཤིག་འོང་བ་སྟེ། སྤྱིར་དགོན་སྡེ་ཞེས་པ་ནི་སྔར་རྒྱ་གར་འཕགས་པའི་ཡུལ་ལ་མཚོནན་གྲོང་ནས་རྒྱང་གྲགས་དུ་བརྒལ་བའི་དབེན་པའི་གནས་ཤིག་ལ་དགོན་པ་ཞེས་གསུངས་སོ། །དགོན་པ་ཞེས་པ་ནི་དབེན་པའི་དོན་ལ་འཇུག་པས་དེ་འདྲའི་དགོན་སྡེ་ཞིག་འཛིན་ནུསན་ཡག་པོ་ཡིན་ན་ཡང༌། དེ་མ་ཐུབ་ན་འཁོར་བ་ཆེན་པོ་ཞིག་ཆགས་འདུག དེང་སང་དགོན་སྡེ་མང་པོས་ཕྱོགས་ཁག་བཙུགཆབ་སྲིད་བྱེད། ཐོབ་གོ་ས་རྩོད། དད་ལྡན་མང་ཚོགས་ཀྱི་ལག་ནས་དཔལ་འབྱོར་ཞིག་ཨེ་ལོན་བལྟ།སློང་མོ་རྐྱང་རྐྱང་བརྒྱབ་ནས་ཐུགས་བསྐྱེད་སྨོན་ལམ་ཙམ་ཡང་མི་བྱེད། དེ་འདྲའི་གཡོ་སྒྱུ་སྣ་ཚོགས་བྱས་ནས་དགོན་སྡེ་སྐྱོང་བ་ནི་འཁོར་བ་ཆེན་པོ་འདྲ་ཞིག་ཆགས་འདུག དེས་ན་མཐུན་རྐྱེན་འཛོམས་པའི་དགོན་གཞི་འཛིན་པ་ཡང༌། རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ་ཡིན་པ། སྔོན་བཀའ་གདམས་གོང་མ་ཚོ་ལ་སློབ་མ་ཚོས་དགོན་པ་འདེབས་སམ་མི་འདེབས་ཞེས་དྲིས་པ་ན་བཀའ་གདམས་གོང་མ་ཁ་ཤས་ཀྱིས་དགོན་པ་མ་འདེབས། མ་འོངས་པར་རྩོད་པ་དང་ཆགས་སྡང་གི་རྒྱུར་འགྱུར་བ་རེདཅེས་གསུངས་པ་མང་པོ་འདུག དེ་དང་འདྲ་བར་དངོས་གནས་ཁ་སང་དེ་རིང་རྩོད་པ་དང་ཆགསསྡང་གི་རྒྱུར་གྱུར་འདུག དགོན་སྡེའི་གཞི་འཛིན་པ་ནི་རྩོད་པའི་རྒྱུ་དང་བདག་སེམས་ཞེན་པའི་རྒྱུར་གྱུར་འགྲོ་བ་རེད། དེས་ན་འཁོར་མང་བསྡུས་པ་དང་དགོན་སྡེའི་གཞི་མི་འཛིན་པརམི་མེད་དབེན་པའི་གནས་ལ་གཅིག་པུར་སྡོད་པ་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོངགིས་སྙིང་གཏམ་སུམ་ཅུ་བཤད་པའི་ནང་ནས་སྙིང་གཏམ་དང་པོ་དེ་ཡིན་ཞེས་གསུངས་སོ། །དེའི་རྒྱུ་མཚན་གྱིས་ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཉེ་དུ་འཁོར་བའི་ཞགས་པ་ཡིན། །ཞེསགསུངས་པ་ལྟར། རང་རང་སོ་སོའི་ཕ་ཡུལ་ནི་ཆགས་སྡང་འཕེལ་བའི་གནས་ཡིན་པས་ཆོསབསྒྲུབ་ལོ་ཐོས་ལོ་ཅི་ཙམ་བྱས་ཀྱང་རང་རང་གི་ཕ་ཡུལ་ནས་མཐའ་འཁྱོལ་བ་འོང་མི་ཐུབ་པསཚང་མས་དབེན་པ་བསྟེན་རྒྱུ་གལ་ཆེན་པོ་རེད། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟརགཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནགཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར། ཕ་ཡུལ་ནི་འདོདཆགས་ཞེ་སྡང་གཏི་མུག་འཕེལ་བའི་གནས་ཡིན་པས་དེ་སྤོང་བ་ནི་རྒྱལ་སྲས་བྱང་ཆུབ་སེམསདཔའ་དག་གིས་དམ་པའི་ཆོས་ལ་སྤྱོད་པའི་ལག་ལེན་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་ལས། གང་ལ་ཉོན་མོངས་ཡོད་པ་དེ་དག་དུ། །ཡུད་ཙམ་ཞིག་ནི་གནས་ཤིངའདུག་མི་བྱ། །ཞེས་གང་ལ་ཆགས་སྡང་འཕེལ་ས་རྩོད་པ་ཆེ་ས།ཕན་ཚུན་བར་ཐོབ་གོ་ས་རྩོདཔའི་གནས་དེ་དག་ལ་ཡུད་ཙམ་ཞིག་ནི་གནས་ཤིང་འདུག་པར་མི་བྱ་བར་གསུངས་སོ། །གྲྭ་བ་ཚོ་ཡང་རང་རང་སོ་སོ་དགོན་སྡེའི་ནང་ལ་མི་བཞུགས་པར་ཁྱིམ་ཚང་ནང་ལ་འདུག་ནས་འཁོརབའི་ཁ་འཛིན་བྱས་ན་ཆགས་སྡང་མང་པོ་འཕེལ་བ་རེད། དེས་ན་ཕ་ཡུལ་དང་ཁྱིམ་ནང་ལ་རྒྱུན་པར་མི་འདུག་རྒྱུ་གལ་ཆེན་པོ་ཡིན། རྗེ་མི་ལས་ཀྱང༌། ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཐར་བར་དཀའ་བས་མྱུར་དུ་བྲོས། །ཞེས་དང༌། རྗེ་རྒོད་ཚང་བས། ཕ་ཡུལ་དུག་ལྔའི་གཏེརམཛོད་ཡིན། །ཆགས་སྡང་མི་ཟད་སྐྱེ་བའི་རྒྱུ། །ཞེས་གསུངས་པ་དེས་ན་དབེན་པ་བསྟེན་དགོསཔ་རེད། སྙིང་གཏམ་གཉིས་པ། གྲོང་ཆོག་སྲི་གསོན་འདྲེ་འདུལ་ལ་སོགས་ཀྱི། །ཡོན་ཏན་སྐྱེ་བོའི་དབུས་སུ་བྲིན་གྱུར་ཀྱང༌། །ཟས་ནོར་སྲེད་པས་བདག་བློ་བདུད་ཀྱིས་ཁྱེར། །རང་སེམས་འདུལ་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གྲོང་ནང་ལ་འོང་ནས་གཏོ་མང་པོ་བཏོན།སྲི་མནན་དང་སྦྱིན་སྲེག་སོགས་བྱས། གསོནའདྲེ་འདུལ་བ་སོགས་ཀྱི་སྒོ་ནས་ལྷ་མཐོང་འདྲེ་མཐོང་བཤད། གཅོད་སོགས་བཏོན་པའི་ཡོནཏན་དག་སྐྱེ་བོ་མང་པོའི་དབུས་སུ་བྲིན་པའམ་འགྲེམ་སྟོན་བྱས་ནས་ལྷ་མཐོང་འདྲེ་མཐོང་སོགསབཤད། ཡོན་བདག་ཡོད་སར་ཡོན་ཏན་ཡོད་མདོག་བསྟན་པ་སོགས་ཅི་བྱས་ཀྱང༌། དོན་གྱིསཞེ་ཕུགས་སུ་བཟུང་བ་ནི་ཟས་ནོར་ལ་སྲེད་པའི་དབང་གིས་ཟས་ནོར་ཞིག་ཨེ་རྙེད་སྙམ་པ་དངདཔལ་འབྱོར་ཞིག་ཨེ་ཐོབ་སྙམ་མི་རུང་ལ། འཇིག་རྟེན་ཁ་དཔེར། བླ་མ་རློམ་སེམས་ཅན་ལ་རྟ་ཕོ་ཞིག །གྲྭ་བ་སྙིང་རྗེ་ཅན་ལ་པགས་ལུ་ཞིག །ཨ་སྐྱོ་འདྲེན་སྟོབས་ཅན་ལ་ཞོ་ཕོར་གང༌། །ཞེས་གཏམ་རྒྱུད་ཅིག་ཡོད་དེ། སྔོན་ཁྱིམ་ཚང་ཞིག་ལ་མི་ཞིག་ཤི་ནས་བླ་མ་ཞིག་གདན་དྲངསཤིང༌། བླ་མས་བསམ་པ་ལ་ཡོན་བདག་ཚང་ལ་རྟ་ཕོ་བཟང་པོ་ཞིག་འདུག་པས་དེ་ང་ལ་ཨེ་ཐོབ་སྙམ་ནས་རློམ་སེམས་སྐྱེས་ནས་རྟ་ཕོ་ཐོབ་པ་དང༌། བླ་མའི་གྲྭ་བ་ནི་སྙིང་རྗེ་ཅན་ཞིག་ཡིནཔས་ཤི་བོ་ལ་སྙིང་རྗེ་བསྐྱེད་ན་ཡང༌། མཐར་པགས་པ་ཞིག་ལས་མ་ཐོབ། དེ་ནས་ཨ་སྐྱོ་བཞིག་ཐོན་ནས་དེས་ཤི་བོ་དེ་ཐར་བའི་ལམ་ལ་དྲངས་སོང་ཡང་མཐར་ཞོ་ཕོར་གང་ཕུལ་བའི་གཏམ་རྒྱུད་འདུག དེས་ན་སྤྱིར་ལས་དང་པོ་པ་ཞིག་ཡིན་ན་གྲོང་ཆོག་ལ་འགྲོ་ན་ཡང་རློམ་སེམསདང་དེ་འདྲའི་དབང་གིས་ཡག་པོ་ཞིག་འཁྱོང་རྒྱུ་དཀའ་མོ་འདུག མཐོང་ལམ་གྱི་བདེན་པ་མཐོབ་ན། །གཤིན་པོ་ལ་འཕོ་བ་མ་འདེབས་ཤིག །ཅེས་གསུངས་ཡོད་པ་ལྟར། རང་རྒྱུད་མའདུལ་གོང་ནས་གཞན་རྗེས་སུ་འཛིན་པ་ནི་མི་འགྲིག་པར་ཐོག་མར་རང་རྒྱུད་བཏུལ་ནས་མཐོངལམ་སོགས་ཀྱི་གོ་འཕང་ཐོབ་པར་བྱས་ནས་ད་གཟོད་གཞན་རྗེས་སུ་འཛིན་དགོས་ཞེས་མཁསཔ་འགའ་རེས་གསུངས་པ་འདུག མདོར་ན་རྒྱུད་ཐོས་བསམ་སྒོམ་གསུམ་ལས་མི་ཡོལ་བརབྱས་ནས་ཞར་ལ་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་བསྐྱེད་སྨོན་ལམ་གནང་དགོས། དེནས་ཟས་ནོར་གྱི་སྲེད་པའི་དབང་གིས་འདྲེ་འདུལ་སོགས་བྱེད་པ་ནི་རང་བློ་བདུད་ཀྱིས་ཁྱེརབ་ཡིན་པར་གསུངས་པ་དང༌། རྗེ་ཏཱ་ར་ནཱ་ཐས་ཀྱང༌། གྲོང་ཆོག་བརྒྱུགས་པའི་དགོན་པ་དེ། །མིང་ཆོས་པར་བཏགས་ཀྱང་ཁྱིམ་པ་ཡིན། །ཞེས་གསུངས་པ་ཡིན་ན་ཡང༌། གསུངས་པ་དེ་དགརྣ་ནང་ལ་ཐོས་པ་ཙམ་ལས་སེམས་ནས་དེ་དག་གསུངས་པ་ལྟར་ཉམས་སུ་ལེན་དགོས་སྙམ་མཁན་དཀོན་མོ་ཆགས་འདུག ཆོས་དེ་མ་བཤད་ན་གཞན་སྡིག་པོར་ཆགས་ནས་ཕན་མི་ཐོགསལ། བཤད་ན་ཡང་སེམས་ལ་མི་འཛིན་དང་དུ་མི་ལེན་ན་དཀའ་མོ་རེད། འཇིག་རྟེན་ཁ་དཔེར། བཟུང་ཟེར་ན་ལག་པ་འཚིགབཏང་ཟེར་ན་རྫ་མ་ཆག་ཅེས་པ་ལྟར་ཆགས་འདུག མདོར་ནརང་སེམས་འདུལ་བ་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་སུམ་ཅུའི་ནངགི་གཉིས་པ་དེ་ཡིན་ཞེས་གསུངས་པ་རེད། དེས་ན་རང་ལ་བྱམས་དང་སྙིང་རྗེ་མེད་བཞིན་དུའདྲེ་འདུལ་སོགས་བྱས་ན་རྫས་དང་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པས་ཕ་རོལ་བོརགནོད་སྐྱེལ་ཐུབ་ན་ཡང༌། ཡང་ཚུར་གནོད་བསྐྱལ་ནས་རང་ཉིད་ངན་ཤི་བྱེད་འགྲོ་བ་ཡང་མངཔོ་འདུག གྲོང་ཆོག་རྒྱུགས་མཁན་ཚོས་གྲལ་ན་འདྲེ་འདུལ་སོགས་བྱས་བྱས་པའི་མཐར་རང་ཉིད་འཆི་རྐྱེན་ངན་པ་ཞིག་གིས་འཆི་འགྲོ་བ་ཡང་འདུག ལྷག་ཏུ་དགེ་ཚུལ་སློང་ཞིག་ཡིན་ན་མངོན་སྤྱོད་དྲག་པོའི་ལས་ལ་བརྟེན་ནས་བདག་འཛིན་གྱི་དབང་དུ་མི་འགྲོ་བར་རྒྱུད་ལས་གསུངས་པ་ལྟར། སྙིང་རྗེ་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུངཔོ་རྡོ་རྗེ་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། །ཞེས་གསུངས་པ་ལྟར་འོང་ནའགྲིག་པ་རེད་དེ། དེ་མིན་པར་མངོན་སྤྱོད་དྲག་པོའི་ལས་ལ་བརྟེན་ནས་མི་བསད་པ་སོགསབྱས་ན་དགེ་སློང་ཞིག་ཡིན་ན་ཕམ་པ་བྱུང་བ་དང༌། དགེ་ཚུལ་ཡིན་ན་ཕམ་འདྲ་བྱུང་བས་མངོན་སྤྱོད་དྲག་པོའི་ལས་དག་ལ་དགེ་ཚུལ་སློང་ཞིག་ཡིན་ཕྱིན་ངེས་པར་གཟབ་དགོས་འདུག རྒྱལསྲས་ལག་ལེན་ལས།རང་གི་འཁྲུལ་བ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ། །བརྟགས་ནས་སྤོང་བ་རྒྱལསྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་རང་གི་སེམས་དང་འགྲོ་འདུག་སོགས་ཀྱི་སྤྱོད་ལམ་ལ་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཡིན། རང་གི་ཆོས་པའི་གཟུགས་འདིས་ཆོས་དངཆོས་མིན་གང་བྱེད་ཀྱིན་ཡོད་པར་བརྟགས་པ་དང༌། ཁྱིམ་པ་སུན་འབྱིན་པའི་ལས་གསོག་བཞིནཡོད་དམ་ཡང་ན་ཁྱིམ་པ་ལ་དད་པ་སྐྱེད་བྱེད་ཀྱི་ལས་ཤིག་གསོག་གིན་ཡོད་མེད་བརྟགས་པདང༌། ཡང་ན་ཁྱིམ་པ་དག་ལ་མགོ་བསྐོར་གྱིན་ཡོད་དམ། བྱམས་དང་བརྩེ་བའི་སྒོ་ནས་གཞནདོན་སྒྲུབ་ཀྱིན་ཡོད་མེད་བརྟགས་དགོས། ང་ཚོས་བསྒྲུབ་ནུས་པ་ཁྱིམ་པ་ཚོ་ལ་མ་དད་པའི་རྐྱེནདུ་འགྱུར་བ་དེ་དག་ངེས་པར་སྤང་དགོས་ཏེ། སྟོན་པ་ཐུབ་པའི་ཞལ་ནས་ཀྱང༌།གང་གིས་སེམསཅན་མ་དད་གྱུར། །དེ་ནི་བསྒྲིམས་ཏེ་སྤང་བར་བྱ། །ཞེས་གསུངས་པ་དང༌། དྭགས་པོ་རིན་པོ་ཆེས། ཕ་རོལ་མ་དད་པ་བག་མེད་ཀྱི་སྤྱོད་ལམ་སྤང༌།རང་སྐྱོན་སྤངས་ནས་གཞན་སྐྱོན་སྒྲོགཔ་སྤང༌།ཞེས་གསུངས་པ་ལྟར་ནམ་རྒྱུན་རང་གི་འཁྲུལ་བ་དག་བརྟག་ཅིང་དཔྱད་ནས་སྤང་དགོས། རང་གི་སྤྱོད་པ་དེ་རབ་བྱུང་གི་སྤྱོད་པ་དང་མཐུན་ནམ། ཡང་ན་ཁྱིམ་པའི་སྤྱོད་པ་དངམཚུངས་པར་འདུག་སྙམ་ནས་བསམ་གཞིག་གཏང་དགོས། དེར་མ་ཟད། རང་གི་སྤྱོད་པ་ཆོསདང་འགལ་བ་འདུག་གམ་སྙམ་ནས་དཔྱད་པ་གཏང་དགོས་ཤིང༌། འདིར་ཡང་རང་སེམས་འདུལ་བ་ཁོ་བོའི་སྙིང་གཏམ་ཡིན་ཞེས་གསུངས་པ་ལྟར་ཐོག་མར་རང་སེམས་འདུལ་དགོསཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་ངོ་སྤྲོད་གནང་པ་ན།སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་རང་སེམས་འདུལ་དགོས་ཞེས་གདམས་པ་རེད། ཐོས་བསམསྒོམ་གསུམ་ཞིག་བྱས་ན་ཡང༌། ཐོག་མར་ཚིག་ཤེས། ཚིག་ཤེས་པ་ཙམ་གྱིས་མི་ཆོག་པར་དེའིདོན་ཤེས་དགོས་པ། དེའི་དོན་ཤེས་ནས་ཉམས་སུ་ལེན་དགོས་པ། ཉམས་སུ་བླངས་ནས་ཉོནམོངས་དག་བཀྲུ་ནས་རིམ་གྱིས་དེ་དག་སྤངས་ཏེ་ཐར་བ་ཐོབ་པར་བྱ་དགོས། དེས་ན་རང་སེམས་ལ་བརྟགས་ནས་རང་རྒྱུད་འདུལ་དགོས། སྤྱོད་འཇུག་ལས་ཀྱང༌། སེམས་བསྲུང་བརྟུལཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་དང༌། རྗེ་མིལས་ཀྱང༌། འདུལ་བ་འདུལ་བ་ངས་མི་ཤེས། །རང་སེམས་གྱོང་བོ་འདུལ་ན་འདུལ་བ་ཡིན། །ཞེས་གསུངས་པའོ། །དེས་ན་རང་སེམས་འདུལ་བ་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོངགི་སྙིང་གཏམ་ཡིན་ཞེས་གསུངས་སོ། །དེ་རིང་འདི་ནས་མཚམས་འཇོག་གི་ཡིན། སྙིང་གཏམ་གསུམ་པ། དབུལ་ཕོངས་རྣམས་ལ་ཁྲལ་ཆེན་བསྡུས་ནས་ནི། །རྟེན་ཆེན་བཞེངས་དང་ཡོ་ལང་འགྱེད་ལ་སོགས། །དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ། །རང་སེམས་དགེ་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ང་ཚོ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་རྒྱལ་ཁབ་གཞན་ལ་བལྟས་ན་ཧ་ཅང་དབུལ་ཕོངས་བའི་མི་རིགས་ཤིག་རེད། དེའི་ནང་ལ་ཡང་ལྷག་པར་ཟས་གོས་སོགས་ཀྱི་ཆ་རྐྱེན་མ་འདང་བའི་དབུལ་ཕོངས་ཡང་མང་པོ་འདུག དེ་འདྲའི་དབུལ་བོ་དག་ལ་ཁྲལ་བཞག་ནས་ངས་རྟེནབཞེངས་བྱེད་ཀྱིན་ཡོད་ཅེས་ཁྲལ་བསྡུས། སྤྱིར་ཁྲལ་བསྡུ་སྟངས་ཀྱི་རིམ་པ་ནི་རྒྱལ་ཁབ་ཅིགཡིན་ན་ཁྲལ་བསྡུས་ནས་གཞུང་ཞབས་པ་དག་ལ་གླ་ཕོགས་སྟེར་བ་དང༌། གནའ་སྔ་མོར་བོདཀྱི་ལུང་པ་སོ་སོའི་རྒྱལ་བོ་དག་གིས་མི་དམངས་ལ་ཁྲལ་བསྡུ་བ་སོགས་བྱུང་བ་རེད། ཡིན་ནཡང༌། འདིར་ཁྲལ་ཆེན་བསྡུས་ཞེས་པ་ནི་རྟེན་བཞེངས་ཡོད་པར་སྐད་ནས་ཁྲལ་བསྡུ་བ་དགལ་བཤད་འདུག བསྡུ་མཁན་དེ་ཡང་ཁ་སང་དེ་རིང་ནི་མཁན་མིང་ཡོད་མཁན་དང་སྤྲུལ་མིངཡོད་མཁན་དག་གིས་རྟེན་བཞེངས་བྱེད་ན་དགེ་བ་རླབས་ཆེན་པོ་ཡོད་པར་བཤད་ནས་བསྡུ་བཞིན་ཡོད་ལ། ལྷག་ཏུ་དེང་སང་རྒྱ་མི་རིགས་ཀྱི་ནང་ནས་ཆོས་དད་ཡོད་མཁན་དགེ་བསྙེནདག་ལ་ཁྲལ་བཞགགཡོ་སྒྱུ་སྣ་ཚོགས་ཀྱི་སྒོ་ནས་སྒོར་མོ་མང་པོ་བླངས་ནས་ཁོ་ཚོས་རིག་སརམཆོད་རྟེན་སོགས་རྟེན་བཞེངས་སྣ་ཚོགས་བྱེད་ཀྱིན་ཡོད་ལ། ཁ་སང་དེ་རིང་བསྟན་པ་ཟེརབ་ནི་ཚོང་རྫས་ལྟ་བུར་ཆགས་འགྲོ་བཞིན་འདུག ཚོང་རྫས་ཅི་ལྟར་བྱེད་ཅེ་ན། རྒྱ་ནག་ཡུལནི་རྒྱ་ཆེ་བས་ན་ཡུལ་ལུང་ཞིག་ནས་རྒྱ་མི་ཚོའི་ལག་ནས་སྒོར་མོ་བསྡུ་ལེན་བྱས་ནས་རྟེན་ཆེནམཆོད་རྟེན་གཅིག་བཞེངས་ན་འདྲ། གཙུག་ལག་ཁང་བཞེངས་ན་འདྲ། སྐུ་གཟུགས་ཤིག་བཞེངསན་ཡང་འདྲ། རྟེན་གང་ཞིག་བཞེངས་ན་དེ་བསྟན། དེ་ནས་ཡང་རྒྱ་ནག་གི་ཡུལ་ལུང་གཞན་པརསོང་ནས་དཔལ་འབྱོར་མང་པོ་བསྡུ་ལེན་བྱས་ནས་སྔར་གྱི་མཆོད་རྟེན་གཅིག་གིས་མཆོད་རྟེནམང་པོ་བཞེངས་པའི་དཔལ་འབྱོར་བསྡུ་བཞིན་འདུག དེང་སང་སྐུ་གསུང་ཐུགས་གསུམ་སོགསཚོང་རྫས་ལྟ་བུར་ཆགས་འདུག དེས་ན་དབུལ་ཕོངས་དག་ལ་ཁྲལ་ཆེན་བསྡུས་ནས་མཆོད་རྟེན་སོགས་རྟེན་ཆེན་བཞེངས་པ་ནི་སྡིག་པ་གསོག་པའི་རྒྱུ་ཡིན་པར་གསུངས་པ་དང༌། སྤྱིའིཆ་ནས་རྟེན་བཞེངས་ཆུང་ཆུང་ཞིག་བཞེངས་ན་ཡང་མདོ་སོགས་ཀྱི་སྐབས་ལ་ཕན་ཡོན་ཆེ་བརགསུངས་པ་དང་སེམས་ཅན་གྱི་ཚོགས་བསགས་སའི་རྟེན་དུ་བཞེངས་ན་ཡག་པོ་རེད། ཡིན་ན་ཡང༌། མང་དྲགས་སོང་ན་ཚོགས་བསགས་པའི་རྟེན་དུ་མི་འགྱུར་བར་ཚོགས་ངན་བསགསཔའི་རྟེན་དུ་འགྱུར་སྲིད་པས་མང་དྲགས་ན་ཡག་པོ་མི་འདུག དེང་སང་དར་ལྕོག་ཀྱང་འཛུགསཔ་མང་དྲགས་ནས་གང་ཡིན་སར་གད་སྙིགས་དང་མི་གཙང་བ་སོགས་ཡོད་སར་གཏོར་ནསའོང་གི་འདུག དེ་ནི་ཚོགས་བསགས་སར་ཚོགས་ངན་བསགས་པ་རེད། སྔོན་གྱི་ལོ་རྒྱུས་ཁྲོདམ་འོངས་པར་གསུང་རབ་གླེགས་བམ་སོགས་ལ་ཐོས་བསམ་སྒོམ་གསུམ་བྱེད་མཁན་མེད་པརགྱུར་ཚེ་གནས་བརྟན་བཅུ་དྲུག་གིས་འཛམ་གླིང་བསྐོར་བ་བྱས་ནས་གསུང་རབ་ཀྱི་ཤོག་བུ་དགཤོག་སྟོང་འགྱུར་འགྲོ་བར་གསུངས་ཡོད། དེའི་རྒྱུ་མཚན་ནི་གལ་སྲིད་དེ་ལྟར་བསྐྱུར་བཞག་ན་ཚོགས་བསགས་པའི་རྟེན་དུ་མི་འགྱུར་བར་ཚོགས་ངན་བསགས་པའི་རྟེན་དུ་འགྱུར་ངེས་པསདེ་ལྟར་བྱས་པ་ཡིན་པར་གསུངས་སོ། །སྤྱིར་བཏང་ནོར་དང་འདུ་འགོད་སོགས་རབ་ཏུ་སྤངསནས་དགེ་བའི་ཕྱོགས་ལ་རབ་ཏུ་བཀོལ་དགོས་ཞེས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚནམཆོག་གིས་བཀའ་བསྡུ་བཞི་བ་ལས། ནོར་གྱི་སོ་ཚིས་འདུ་འགོད་རབ་སྤངས་ནས། །སྒོ་གསུམདགེ་བའི་ཕྱོགས་སུ་རབ་བཀོལ་ཏེ། །ཞེས་འཇིག་རྟེན་གྱི་ཟས་ནོར་སོགས་སྤངས་ནས་དགེ་བའི་ནོར་བུ་སྤེལ་བ་རྣམས་ལ་ཁོང་དད་ཅེས་དང༌། འབད་བརྩོན་མེད་པར་ངང་གིས་དཔལ་འབྱོར་ལོངས་སྤྱོད་སོགས་བྱུང་བ་ཡིན་ན་སྙིང་བོ་མེད་པར་ཤེས་པར་བྱས། ཆུ་ཡི་ལྦུ་བ་ནངབཞིན་དུ་གཟིགས་ནས་ཡར་དཀོན་མཆོག་གྱི་ཞིང་སར་མཆོད་པ་འབུལ། མར་དབུལ་པོ་སོགསལ་སྦྱིན་པར་ལེགས་པར་བཏང་སྟེ། དེ་འདྲ་སྤྱད་པའི་དགེ་བའི་སྙིང་བོ་སྒྲུབ་པ་རྣམས་ལ་ཡངཁོང་དད་ཅེས་གསུངས་སོ། །དེ་མ་གཏོགས་ཁ་གསག་གཞོགས་སློང་ཐོབ་འཇལ། རྙེད་པའིརྙེད་པ་སོགས་ལོག་འཚོ་ལྔས་འབད་རྩོལ་བྱས་ནས་དཔལ་འབྱོར་བཙལ་བ་ནི་མི་འགྲིག་ཅིང༌།དེས་ན་འདོད་ཆུང་ཆོག་ཤེས་བྱ་དགོས། ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚནཁོང་གི་སྐུ་ཚེའི་ནང་ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས་པ་རེད། ཡིན་ན་ཡང༌། དཔལའབྱོར་ལོངས་སྤྱོད་རང་དབང་གིས་འདུ་བ་དག་ཡར་དཀོན་མཆོག་གི་ཞིང་སར་བཏང་བ་དང༌།དེར་མ་ཟད། དེ་བཞེངས་པའི་སྐབས་ལ་སེམས་ཅན་གཅིག་ལ་ཡང་གནོད་འཚེ་མ་བྱུང་བར་ས་ཕྱོགས་དེར་ཁོང་གིས་ལྗགས་མཆིལ་བཏབ་པ་ཙམ་གྱིས་ས་ཕྱོགས་དེའི་འབུ་སྲིན་ཐམས་ཅདམེད་པར་གྱུར་བའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་བྱུང་བ་རེད། རྒྱ་གར་འཕགས་པའིཡུལ་ལ་མཚོན་ན་རྒྱལ་པོ་དང་སྦྱིན་བདག་སྐོར་གྱིས་གཙུག་ལག་ཁང་དང་མཆོད་རྟེན་སོགསབཞེངས་པ་ལས་དགེ་འདུན་པའི་ཚོགས་ཀྱིས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏནགྱི་ལས་ལ་གཞོལ་བ་ལས་ལྷག་པའི་བྱ་བ་ལས་ཀྱི་འཁོར་ལོ་ཟེར་བ་ཞིག་སྲོལ་བཏོད་མེད་ཅིང༌། བྱ་བ་ལས་ཀྱི་འཁོར་ལོ་ཟེར་བ་ནི་བོད་ཀྱི་གསུང་རབ་ཁ་ཤས་ནང་བྱ་བ་ལས་ཀྱི་འཁོར་ལོ། ཀློགཔ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ་ཞེས་བརྡ་ཆད་བཏགས་འདུག ཡིན་ན་ཡང༌། རྒྱ་གར་འཕགས་པའི་ཡུལ་གྱི་མདོ་དང་བསྟན་བཅོས་ནང་བྱ་བ་གསུམ་ཞེས་པའིབརྡ་ཆད་ནི་བྱུང་མེད་ཚོད་འདུག དེས་ན་གལ་སྲིད་རང་རང་སོ་སོ་ལ་སྐུ་གསུང་ཐུགས་རྟེན་ཞིག་དགོས་ན་ཡང༌། རྒྱས་སྤྲོས་མི་བྱེད་པར་དད་པའི་རྟེན་ལ་ཆུང་ཆུང་ཙམ་གྱིས་འགྲིག་འདུགཡོད་ལ། དེ་མ་གཏོགས་རྟེན་བཞེངས་ཙམ་གྱིས་ཆེད་དུ་དབུལ་པོ་དག་ལ་སློང་མོ་རྐྱང་རྐྱང་བརྒྱབ་ནས་བྱ་བ་སྣ་ཚོགས་བཟོས་ན་ཡག་པོ་མི་འདུག དེ་ནས་ཡོ་ལང་འགྱེད་ལ་སོགས་ཞེསཡོ་ལང་འགྱེད་པ་ནི་དགའ་བ་བསྐྱེད་པའི་ཆེད་དུ་ཟང་ཟིང་གི་བྱ་བ་དག་ལ་བརྩོན་པ་ནི་ཡོ་ལངའགྱེད་པ་ཡིན་ལ། དེང་སང་དགོན་སྡེ་མང་པོས་དགོན་པའི་ནང་དུ་ཀི་གླུ་སྒྲུང་གསུམ་བྱས། ཆོས་སྟོན་བྱེད་ཀྱིན་ཡོད་ཅེས་ས་གནས་གང་ཡིན་གྱི་གླུ་བ་གླུ་མ་བསྡུས། མི་གཙང་དྲི་ལ་འབུསྲིན་འཁོར་བ་བཞིན་ཞེས་གསུངས་པ་ལྟར། ཐམས་ཅད་དེར་འཁོར་ནས་དེར་རྒྱུག་བཞིན་འདུག ཡིན་ན་ཡང༌། ཆོས་ཤིག་གསུང་བཞིན་ཡོད་ཅེ་ན། དེ་ལ་འོང་མཁན་དང་འཁོར་མཁནཧ་ཅང་ཉུང་བ་རེད། མདོར་ན་དེ་འདྲའི་ཡོ་ལང་འགྱེད་པ་སོགས་ནི་དགེ་བ་ལ་བརྟེན་ནས་གཞནསྡིག་པ་གསོག་པའི་རྒྱུ་རེད། དེས་ན་རང་སེམས་དགེ་བར་བྱས་པ་ཀུན་མཁྱེན་ཀློང་ཆེན་རབའབྱམས་ཁོང་གི་སྙིང་གཏམ་ཡིན་ཞེས་གསུངས་པ་དང༌། དགེ་སྡིག་ཆེ་ཆུང་གཟུགས་བརྙན་རྗེས་མི་འབྲང༌། །ཞེས་གསུངས་པ་ལྟར་རང་རང་སོ་སོས་བསམ་པ་ཡག་པོ་ཞིག་བྱེད་རྒྱུ་གལཆེན་ཡིན་པའོ། །སྙིང་གཏམ་བཞི་བ། རང་ཆེ་འདོད་ཕྱིར་གཞན་ལ་ཆོས་བཤད་དང༌། །གཡོ་ཐབས་ཆེན་པོས་མཆོག་དམན་འཁོར་སྐྱོང་བ། །དངོས་འཛིན་སེམས་ཀྱི་ང་རྒྱལ་སྐྱེ་བའི་རྒྱུ། །བློ་སྣ་བསྟུང་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཉིད་རྒྱ་ཆེ་བ་དང་རང་ཉིད་ཀྱི་རྒྱས་སྤྲོས། མཚན་སྙན་གྲགས། དཔལ་འབྱོར་ལོངསསྤྱོད་སོགས་ཀྱི་ཆེད་དུ་གཞན་ལ་ཆོས་བཤད་པ་ནི་ཀུན་སློང་མ་དག་པ་ཡིན་ཞིང༌། ཀུན་སློང་མ་དག་ན་ཆོས་བཤད་པའི་དགོས་པ་རྙེད་མི་ཐུབ་ལ། སྤྱིར་གང་ཟག་གཞན་ལ་ཆོས་བཤད་ནདེ་ལ་ཕན་ཡོན་ཤིན་ཏུ་ཆེ་བ་སྟེ། དཔེར་ན་སྟོང་གསུམ་རིན་ཆེན་གང་བས་སྦྱིན་པ་བྱས་པ་བསདམ་པའི་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་བརྗོད་པའི་བསོད་ནམས་དང་ཕན་ཡོན་ཆེ་བ་སོགས་ཆོས་འཆད་པའི་ཕན་ཡོན་ཤིན་ཏུ་མང་བོ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། བསོད་ནམས་བསགས་པའི་གང་ཟག་ནི་གཉིས་ཏེ། གུས་པའི་སྒོ་ནས་ཆོས་འཆད་པ་དང་གུསཔའི་སྒོ་ནས་ཆོས་ཉན་པའོ། །ཞེས་གསུངས་ལ། ཡིན་ན་ཡང༌། ཆོས་འཆད་སྐབས་ལ་རང་དོནཁོ་ནས་ཆེད་དུ་ཆོས་མི་བཤད་རྒྱུ་གལ་ཆེན་ཡིན་ཅིང༌། སྤྱིར་ལས་དང་པོ་པ་ཞིག་ཡིན་ཕྱིན་ཀུནསློང་གཙང་མ་གཙང་དག་ཅིག་འོང་དཀའ་སྟེ། དཔེར་ན་ང་ཚོ་འཇིག་རྟེན་གྱི་འཁོར་བའི་མཚོཆེན་ནང་ལྷུང་ནས་ཡར་ཐར་བར་བྱས་ནས་ཡར་བུད་ན། ལུས་སྟེང་ན་ཆུ་ཐིགས་ཙམ་ཡང་མེདཔར་སྐམ་པོ་སྐམ་ཐགས་ཅིག་གི་སྒང་ནས་འབུད་མི་ཐུབ་པ་ལྟར་རེད། རེད་དེ། རིམ་གྱིས་རིམགྱིས་ཉོན་མོངས་ཆེ་རིམ་ནས་སྤོང་སྟེ། འཇིག་རྟེན་ཆོས་བརྒྱད་སོགས་ཇེ་ཟད་ནས་ཇེ་ཟད་དུབཏང༌། ཀུན་སློང་བཅོས། དང་པོ་ཀུན་སློང་མ་དག་པ་ཞིག་སྐྱེ་ན་དེ་མ་དག་པ་ཡིན་པར་ངོསཟིན་པར་བྱས། མ་དག་པར་ངོས་ཟིན་པར་བྱས་ནས་འགོག་ཨེ་ཐུབ་བལྟ། རྒྱུན་གཅོད་ཨེ་ཐུབབལྟ་དགོས་པ་རེད། བློ་སྦྱོང་དོན་བདུན་མའི་སྐབས་སུ། དཀའ་བ་རྣམ་གསུམ་རྟག་ཏུ་སྦྱངས། །ཞེས་གསུངས་པ་ལྟར་དཀའ་བ་རྣམ་གསུམ་ཞེས་པ་ནི་དང་པོ་ཉོན་མོངས་ངོ་ཤེས་པར་དཀའ། བར་དུ་བཟློག་དཀའ། ཐ་མར་རྒྱུན་གཅོད་དཀའ་བ་ཞེས་དེ་དག་དཀའ་བ་ཡིན་པར་གསུངསཔས་དཀའ་མོ་ཅིག་ཡིན་ན་ཡང༌། ཡང་ནས་ཡང་དུ་གོམས་པར་བྱས་ན་སླ་མོ་ཆགས་འགྲོ་སྟེ།རྒྱལ་སྲས་ཞི་བ་ལྷས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ནས་གཡོ་ཐབས་ཆེན་པོས་མཆོག་དམན་འཁོར་སྐྱོང་བ། ཞེས་གདམསཔ་ལྟར་གཡོ་སྒྱུའི་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཆོག་དམན་གྱི་འཁོར་སྐྱོང་བ། ཁ་སང་དེ་རིངཡང་མི་ཚོའི་གྲལ་ན་དཔལ་འབྱོར་ལོངས་སྤྱོད་ཆེན་པོ་ཅན་ཞིག་ཡིན་ན་དགའ་བསུ་བྱས། ཟམ་རེ་ཕུལ། ངོ་བསྟོད་བྱས། ཚོ་བ་སྡེ་བའི་ནང་གི་དཔོན་པོ་འགོ་ཁྲིད་རེ་ཡིན་ན་ངོ་བསྟོད་བཤད། དམན་པ་ཞིག་ཡིན་ན་ཡང་ངོ་བསྟོད་བྱས་ནས་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཆོག་དམནགྱི་འཁོར་སྐྱོང་བ་དེ་ནི་དངོས་འཛིན་ནམ་བདེན་འཛིན་གྱི་དབང་གིས་ང་རྒྱལ་སྐྱེ་བའི་རྒྱུ་ཡིན།དེའི་རྒྱུ་མཚན་གྱིས་རང་གི་བློ་སྣ་བསྟུང་བའམ་ཐུང་ངུར་བཏང་ནས་བློ་སྣ་མ་མང་ཞེས་ཀུན་མཁྱེནཀློང་ཆེན་རབ་འབྱམས་ཀྱིས་གདམས་པའོ། །སྤྱིར་ཁ་སང་དེ་རིང་གྲྭ་བ་ཚོའི་ལས་འགན་ནི་འགྲོ་བ་སེམས་ཅན་ལ་ཕན་པའི་ཆེད་དུ་ཆོས་སྤེལ་བ་དང་ཆོས་བཤད་རྒྱུ་གལ་ཆེན་པོ་རེད། དེསན་རང་རང་སོ་སོས་བྱ་བ་ཆེ་འགྲུབ་ཆུང་འགྲུབ་ལ་བརྩོན་དགོས་ཏེ། དེ་མིན་པར་མི་མང་པོ་ཞིག་ལ་སྙིང་གཏམ་འདི་འདྲ་གསུངས་སྐབས་ཆོས་བཤད་པ་དང་འཆད་པ་སོགས་གང་ཡང་མི་ཉན་པར་རི་ཁྲོད་ཅིག་ལ་ངེས་པར་འགྲིམ་དགོས་སྙམ་མཁན་ཡང་འདུག ཡིན་ན་ཡང༌། དེའདྲ་ཞིག་མ་ཡིན་ཏེ། ཐེག་པ་དམན་པའི་སྐབས་ཡིན་ན་རང་ཁོ་ནའི་དོན་དུ་གཉེར་བ་ལས་གཞནདོན་ལ་མི་བརྩོན་པ་རེད་མ་གཏོགས། ཐེག་པ་ཆེན་པོས་ནི་གཙོ་བོ་གཞན་དོན་དོན་དུ་གཉེར། གཞན་དོན་གཉེར་བ་ལ་གཞན་ལ་ཆོས་བཤད་པའི་སྒོ་ནས་གཞན་སེམས་ཅན་དག་འཁོར་བའིའདམ་ནས་དགྲོལ་བར་བྱ་དགོས་པ་ལས་རང་རྒྱུད་ཀྱི་རྟོགས་པ་གཞན་ལ་འཕོ་བ་སོགས་བྱེདཐབས་མེད་དེ། མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང༌། །འགྲོ་བའི་སྡུག་བསྔལཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས་གཞན་ལ་ཆོས་འཆད། མང་ཚོགསཚོར་བསྙུང་གནས་རེ་བཙུགས། ཆོས་ཚོགས་ཆུང་ཆུང་རེ་འཚོགས། མང་ཚོགས་ལ་གང་ཐུབ་ཀྱིསཕན་བདེ་བསྐྲུན་དགོས། ཡིན་ན་ཡང༌། དེ་འདྲའི་སྐབས་ལ་རང་ཆེ་འདོད་ཕྱིར་ཞེས་གསུངསཔ་ལྟར་ཀུན་སློང་མ་དག་པ་དེ་དག་ངེས་པར་སྤང་དགོས། སྤྱིར་འཁོར་བའི་བྱ་བ། འཇིག་རྟེན་གྱི་བྱ་བ། རང་དོན་གྱི་བྱ་བ་དག་བྱ་ཉུང་དོན་ཉུང་བྱས་ཏེ། གཞན་དོན་བསྒྲུབ་པ་མང་པོ་གནངདགོས། དེ་མིན་པར་ཁ་ཅིག་གིས་གཞན་དོན་སྒྲུབ་པ་ཉུང་ཉུང་བྱས། རང་དོན་བསྒྲུབ་པ་ཧ་ཅངདམ་འཛིན་བྱས་ནས་རང་དོན་ལ་ལུས་སྲོག་གཏོང་དགོས་རུང་གཏོང་ཐུབ་པ། དེ་འདྲར་ཆགསན་མི་རུང་ངོ༌། །དེས་ན་གཞན་དོན་བསྒྲུབ་པར་བསམ་གཞིག་གནང་དགོས། གཞན་ལ་དམཔའི་ཆོས་བཤད། གཞན་གྱིས་དེ་དག་ཉམས་སུ་བླངས་ན་སེམས་ཀྱི་སྡུག་བསྔལ་མང་པོ་ཞིགདམ་པའི་ཆོས་ཀྱིས་ཐག་གཅོད་ཐུབ་པ་རེད། འཛམ་བུ་གླིང་འདིར་དཔལ་འབྱོར་ལོངས་སྤྱོདམངའ་ཐང་སོགས་ཧ་ཅང་ཡར་རྒྱས་སོང་ཡོད་ན་ཡང༌། སེམས་ཀྱི་སྡུག་བསྔལ་སེལ་མ་ཐུབ་པས་སློབ་ཆེན་ཁག་གི་སློབ་མ་དང་ཚན་རིག་པ་དཔལ་འབྱོར་ཅན་མང་པོས་སེམས་ཀྱི་སྡུག་བསྔལ་སེལ་ཐབས་ལ་དོ་སྣང་གནང་འོང་དུས་ང་ཚོའི་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོབྱུང་བ་རེད། དེས་ན་ནང་ཆོས་ལ་བརྟེན་ནས་སེམས་ཀྱི་སྡུག་བསྔལ་མང་པོ་སེལ་ཐུབ། ལུསཀྱི་བཀྲེས་སྐོམ་གྱི་སྡུག་བསྔལ་དང་ཚ་གྲང་གི་སྡུག་བསྔལ་དག་ཕྱི་དངོས་པོའི་དཔལ་ཡོན་ལབརྟེན་ནས་སེལ་ཐུབ་ན་ཡང༌། སེམས་ཀྱི་སྡུག་བསྔལ་མང་པོ་ཞིག་དམ་པའི་ཆོས་ལ་མ་བརྟེནཔར་གང་གིས་ཀྱང་སེལ་ཐབས་མ་ཡོད་པས་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་མཁན་མིསྣ་མང་པོས་ནང་པའི་ཆོས་ལུགས་ལ་དོ་སྣང་བྱེད་ཀྱིན་ཡོད་པ་རེད། དེས་ན་རབ་བྱུང་དང་གྲྭབ་ཚོས་ཕར་ཁྱིམ་པ་ཚོར་ཆོས་བཤད་དགོས་པ་ལྟ་བུར་ཆགས་འདུག ཆོས་བཤད་པ་ཡིན་ནལྷག་བསམ་རྣམ་དག་གི་སྒང་ནས་ཆུང་ས་ནས་བཤད་དགོས་པ་རེད་མ་གཏོགས་ཆེ་ས་རྐྱང་རྐྱངནས་བཤད་འདུག་པ་ཡིན་ན་ཕ་རོལ་བོས་བསྒྲུབ་མི་ཐུབ་ལ། དེ་ནང་བཞིན་སྤྱི་ཕན་གྱི་བྱ་བཞིག་བསྒྲུབ་ན་ཡང༌། ཆུང་ས་ནས་བསྒྲུབ་དགོས། སྙིང་གཏམ་ལྔ་བ། ཚོང་དང་བུན་སྐྱེད་གཡོ་སྒྱུ་ལ་སོགས་ཀྱི། །ལོག་འཚོས་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང༌། །ལོ་འདོད་དགེ་བ་ཆོས་བརྒྱད་དག་གི་རྒྱུ། །ཞེན་ལོག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་འཇིག་རྟེན་ན་གཡོ་སྒྱུ་སྣ་ཚོགས་ཀྱི་སྒོ་ནས་ཚོང་བྱས་པ།བུན་སྐྱེད་ལ་སོགས་པ་གཡོསྒྱུ་སྣ་ཚོགས་ཀྱི་ལོག་འཚོ་རྣམ་པ་ལྔ་སོགས་ཚིག་འཇམ་པོ་བཤད་ནས་གཞན་གྱི་དཔལ་འབྱོརལོངས་སྤྱོད་བསྡུ་ཐབས་བྱས་པ། གཞོགས་སློང༌། རྙེད་པའི་རྙེད་པ། ཐོབ་ཀྱིས་འཇལ་བ་ལྔསབསགས་པའི་ནོར་རྫས་བརྒྱ་འབུལ་ཡང་ཞེས་གསུངས་པ་དང༌། སྤྱིར་གྲྭ་བ་དག་ཚོང་ལ་གཟབདགོས། ཚོང་ནི་དྲང་མོ་དྲང་རྐྱང་བྱས་ན་མི་སྐྱོན་མོད། གཡོ་སྒྱུའི་སྒོ་ནས་རྐུ་སེམས་ཡོད་ན་ཕམཔ་ཡང་འབྱུང་ཉེན་ཆེ་ཞིང༌། རྫ་དཔལ་སྤྲུལ་གྱིས་ཚོང་ལ་མི་དགེ་བ་བཅུ་ཚང་བ་གསུངས་ཡོད། དེས་ན་གྲྭ་བ་དག་གིས་ཚོང་ལ་གཟབ་དགོས་ཏེ། ཆོས་འདུལ་བའི་ནང་དགེ་སློང་ཞིག་ལ་བུལོན་མང་པོ་ཡོད་ན་ཁོ་རང་གིས་ཚོང་བྱས་ནས་བུ་ལོན་འཇལ་ཐུབ་ན་ཚོང་བྱེད་པ་གནང་བ་ལས་དེ་མིན་པར་གཤོབ་བཤད་རྫུན་བཤད་པས་མགོ་གཡོག་མགོ་བསྐོར་བའི་སྒོ་ནས་ཚོང་བྱེད་པ་ནི་གནང་མེད་དོ། །བུན་སྐྱེད་ཡང་དེ་དང་མཚུངས་པར་བུན་སྐྱེད་དེ་རང་ཉིད་སྒེར་གྱིདོན་ཡིན་ན་ཡུལ་དུས་དེར་གྲགས་པའི་བུན་སྐྱེད་དེ་རང་ལ་ཐོབ་སོང་ན་ལྟུང་བྱེད་འབྱུང་སྟེ།དགེ་ཚུལ་སློང་ཞིག་ཡིན་ན། ཕམ་པའི་སྡེ། ལྷག་མའི་སྡེ། ལྟུང་བྱེད་ཀྱི་སྡེ། སོར་བཤགས་ཀྱི་སྡེ། ཉེས་བྱས་ཀྱི་སྡེ་ལྔ་ལས། ཡན་ལག་གཞན་ཚང་གཞིར་བཞག་ལ་ཡུལ་དུས་དེར་གྲགས་པའིབུན་སྐྱེད་དེ་རང་ལ་ཐོབ་སོང་ན་ལྟུང་བྱེད་འབྱུང་བ་ཡིན་ལ། ཕམ་པ་དང་ལྷག་མ་དེ་འདྲ་ཞིགའབྱུང་བ་མིན་ན་ཡང༌། རང་རང་སོ་སོའི་སྒེར་ཁོ་ནའི་དོན་ཡིན་ན་དེ་ལ་གཟབ་དགོས། དེསན་ཚོང་དང་བུན་སྐྱེད་གཡོ་སྒྱུ་སྣ་ཚོགས་ཀྱི་ལོག་འཚོས་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང༌། ལོ་འདོད་ཀྱི་ཆེད་དུ་ཞེས་ལོ་འདོད་ནི་སྙན་གྲགས་དང་སྐད་གྲགས་ཀྱི་ཆེད་དུ་དགེ་བབསྒྲུབ་པ་དེ་ཆོས་བརྒྱད་དག་གི་རྒྱུ་ཡིན་ཞེས་གསུངས། འཇིག་རྟེན་ཆོས་བརྒྱད་ནི་རྙེད་ན་དགའ་བ། མ་རྙེད་ན་མི་དགའ་བ། སྙན་ན་དགའ། མ་སྙན་ན་མི་དགའ། བསྟོད་ན་དགའ། སྨདན་མི་དགའ། བདེ་ན་དགའ། མ་བདེ་ན་མི་དགའ་བ་བཅས་བརྒྱད་པོ་དེའོ། །སྤྱིར་ཆོས་བརྒྱདཐམས་ཅད་འདོར་བའི་ཆོས་པ་ཞིག་དཀའ་མོ་ཡིན། ཆོས་བརྒྱད་གཏན་ནས་མེད་པའི་ཆོས་པཞིག་ཡིན་ན་ཆོས་པའི་ཚད་གཞི་མཐོན་པོར་སླེབས་ཡོད་པ་རེད། རེད་དེ་འཇིག་རྟེན་ཆོས་བརྒྱདདེ་དག་རིམ་གྱིས་རིམ་གྱིས་ཉམས་དམའ་བར་བྱ་དགོས། དེ་མིན་པར་ཆོས་བརྒྱད་ཁོ་ནའི་དབངདུ་མི་འགྲོ་རྒྱུ་གལ་ཆེན་པོ་རེད། གཞན་ལ་ཆོས་འཆད་པ་དང་རང་གིས་ཐོས་བསམ་སྒོམ་གསུམགང་བྱས་ཀྱང་རྙེད་པ་དང་སྙན་གྲགས་བསྟོད་བཀུར་ཐོབ་པའི་ཆེད་ཁོ་ན་མིན་པར་གནང་དགོས། རིམ་གྱིས་རང་རྒྱུད་དེ་འདུལ་ཅི་ཐུབ་བྱེད་པར་བརྩོན་དགོས་འདུག ངས་ནམ་རྒྱུན་ཁྱེད་རྣམཔར་ཞུས་ཟིན་པ་ལྟར་ནངས་སྔ་མོར་ཡར་བཞེངས་དུས་སྐྱབས་འགྲོ་དང་ངེས་འབྱུང་གི་བསམཔ་རེ་བསྒོམས། དེ་ནས་བྱང་ཆུབ་ཀྱི་སེམས་དེ་སྐར་མ་ཁ་ཤས་རིང་ངེས་པར་བསྒོམ་དགོས།དེ་མིན་པར་སྐྱབས་འགྲོས་རྩིས་མ་ཟིན་པའི་ཆོས་ཤིག་བྱེད་ན་ཡང༌། ནང་པའི་ཆོས་སུ་མི་འགྲོ། ངེས་འབྱུང་གི་བསམ་པས་རྩིས་མ་ཟིན་ན་ཐར་བའི་རྒྱུར་མི་འགྲོ། བྱང་ཆུབ་སེམས་ཀྱིས་རྩིསམ་ཟིན་ན་ཐེག་ཆེན་གྱི་ཆོས་སུ་མི་འགྲོ། དེས་ན་རང་གིས་བློ་འདོན་སྐྱོར་ནའང་འདྲ། དཔེ་ཆབལྟ་ན། ཁ་ཏོན་བཏོན་པ་སོགས་དགེ་སྦྱོར་ཅི་ལ་བརྩོན་ཀྱང་འགོ་ནས་ངེས་པར་སྐྱབས་འགྲོསེམས་བསྐྱེད་ཅིག་ནམ་རྒྱུན་གོམས་གཤིས་དང་རྒྱུན་ཤེས་ཐོག་ཡོད་དགོས། དེས་ན་འཇིགརྟེན་ཆོས་བརྒྱད་དེ་དག་ལ་ཞེན་ལོག་བསྒོམ་དགོས། སྤྱིར་འཁོར་བ་ལ་ཞེན་ལོག་མ་སྐྱེས་ན་ཐར་བ་ཐོབ་མི་ཐུབ། ངས་ཁ་སང་སྔོན་མ་ཞེན་པ་བཞི་བྲལ་ཞུས་པ་ལྟར་འཁོར་བ་ལ་ཞེན་ནངེས་འབྱུང་མིན་ཞེས་གསུངས་པ་ལྟར་འཁོར་བ་ལ་སྐྱོ་བ་སྐྱེ་དགོས་ཤིང༌། འཁོར་བ་ལ་སྐྱོ་བསྐྱེ་དགོས་ན་དེ་ལ་ཞེན་ལོག་བསྒོམ་དགོས། དེ་ལ་ཞེན་ལོག་བསྒོམས་སྟངས་ནི་འཁོར་བའི་ཉེས་དམིགས་དང་སྡུག་བསྔལ་སོགས་མཐོང་བར་བྱས་ནས་བསྒོམ་དགོས་ཏེ། སྐྱོན་མཐོང་ཕྱིརན་སྲིད་པ་མིན། །ཞེས་གསུངས་པ་ལྟར། འཁོར་བའི་སྐྱོན་མཐོང་ན་སྲིད་པ་ལས་ལྡོག་ཐུབ་ལའཁོར་བའི་སྐྱོན་མ་མཐོང་ན་ལྡོག་མི་ཐུབ་ཅེས་གསུངས་པ་དང༌། དེ་ནང་བཞིན་དབུ་མ་བཞིབརྒྱ་པ་ལས། གང་ལ་འདི་སྐྱོ་ཡོད་མིན་ན། །དེ་ལ་ཞི་གུས་ག་ལ་ཡོད། །ཞེས་གསུངས་པ་ལྟར། འཁོར་བ་ལ་སྐྱོ་བ་མ་སྐྱེས་ན་ཞི་བ་ཐར་བ་ཡང་ཐོབ་པ་མེད་པར་གསུངས་པས་ཞེན་ལོག་བསྒོམསཔ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་པར་གསུངས་པའོ། །སྙིང་གཏམ་དྲུག་པ། གཉའ་དང་དཔང་པོ་ཞལ་ལྕེ་ལ་སོགས་ཀྱིས། །གཞན་རྩོད་བསྡུམ་པ་འགྲོ་དོན་ཡིན་སྙམ་ཡང༌། །དེ་ལ་བརྟེན་པའི་ཞེ་འདོད་འབྱུང་བའི་རྒྱུ། །རེ་དོགས་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གཉའ་དང་ཞེས་པ་ནི་གྱོད་པའི་ནང་གི་གཟུ་བ། གཟུ་བའི་ནང་གི་གཟུ་སྙིང་རྒྱབ་རྟེནབྱེད་ཡུལ་དེ་ཡིན་ལ། དེ་འདྲའི་དཔང་པོ་དང་གཟུ་བ་སོགས་ཀྱིས་ཕན་ཚུན་བར་ཁ་བདེ་ལྕེ་བདེབྱས་ནས་ཞལ་ལྕེ་ལ་སོགས་ཀྱིས་གཞན་གྱི་རྩོད་པ་དག་འདུམ་པར་བྱེད་པ་ནི་འགྲོ་དོན་ཡིནཔར་བསམ་ན་ཡང༌། དེ་ལ་བརྟེན་ནས་ཞེན་ཆགས་ཀྱིས་ཁོ་ཚང་ཕམ་པ་དང་འདི་ཚང་རྒྱལ་དགོསསྙམ་ནས་ཆགས་སྡང་གི་དབང་དུ་འགྲོ་བ་དང༌། རང་ཉིད་ཆེ་འདོད་དང་གྲགས་འདོད་སོགསཀྱི་ཞེ་འདོད་མང་པོ་འབྱུང་བའི་རྒྱུ་ཡིན་པས། རེ་དོགས་མང་པོ་མི་བྱེད་པ་ནི་ཀུན་མཁྱེན་ཀློངཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་ལ། སྤྱིར་བཏང་ང་ཚོས་འཁོན་འདུམ་པགནང་དགོས་པ་དང་བྱེད་དགོས་པ་ཡིན་ན་ཡང༌། དེང་སང་མྱི་ཆེན་ཁག་གིས་ཁོ་ཚོའི་བར་ཕྱོགསཞེན་ཨེ་ཐུབ་བལྟ། རང་ཉིད་སུ་ཚང་གཟུ་བར་མངགས་ན་དེ་ཚང་རྒྱལ་ཨེ་ཐུབ་བལྟ། དེ་འདྲའིགཡོ་སྒྱུ་སྣ་ཚོགས་ཀྱིས་རྒྱལ་ཕམ་ཏག་ཏག་རྩོད་ནས་ཆགས་སྡང་མང་པོ་བསོགས་པ་ལས་བློདྲང་མོ་ཡིན་པ་དང༌། གཟུ་བོར་གནས་པ། ལྷག་བསམ་རྣམ་དག་གི་སྒང་ནས་འཁོན་འདུམབསམ་མཁན་དཀོན་མོ་རེད། མི་སྐྱ་ཚོར་ཁག་ཀྱང་ཆེན་པོ་མེད་མོད། ཆགས་སྡང་རྐྱང་རྐྱང་གིསཕར་འཐེན་ཚུར་འཐེན་མང་པོ་བྱེད་བཞིན་ཡོད་ལ། དེ་དག་ལ་རེ་དོགས་ཆེར་མི་བྱེད་པ་ནི་ཀུནམཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་ཞེས་གསུངས་པ་ལྟར་འཁོན་འདུམ་པསོགས་ཅི་བྱས་ཀྱང༌། ཆགས་ཞེན་མི་གནང་རྒྱུ་གལ་ཆེན་ཡིན་པ་དང༌། དེ་ནང་བཞིན་འདོད་ཆུངཆོག་ཤེས་གནང་དགོས་པ་རེད། ཆེད་དུ་བརྗོད་པའི་ཚོམས་ལས། ཀར་ཤ་པ་ཎས་ཆར་འབབཀྱང༌། །འདོད་པ་སྣོད་ཆུང་ཚིམས་མི་འགྱུར། །ཞེས་གསུངས་པ་ལྟར་འདོད་པ་ཤིན་ཏུ་ཆེ་ན་ཀར་ཤ་པ་ཎས་ཆར་འབབ་ཀྱང་འདོད་པ་ཚིམས་རྒྱུ་མེད་པ་དང༌། འཛམ་གླིང་གི་དཔལ་འབྱོརལོངས་སྤྱོད་མངའ་ཐང་ཐམས་ཅད་རང་ལ་ཐོབ་སོང་ཡང་ཚིམས་པ་མེད། དེས་ན་ནོར་རྣམསཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི་ཆོག་ཤེས་ཡིན་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ནོར་རྣམས་ཀུན་ཀྱི་ནང་ན་ཆོག་ཤེས་པ། །ཞེས་གསུངས་པ་ལྟར་འདོད་ཆུང་ཆོག་ཤེས་གནང་དགོས། ཡང་འདོད་ཆུང་ཆོག་ཤེས་དང་བྱ་བ་ཉུང་དགོས་ཞེས་ཐོས་བསམ་སྒོམ་གསུམ་ཡང་ཉུང་དགོས་སྙམ་ན་འདོད་ཆུང་ཆོག་ཤེས་དང་བྱ་ཉུང་དོན་ཉུང་མ་ཤེས་པ་རེད། ལྷག་ཏུ་ཤེསཡོན་མེད་སའི་གནས་ནས་བཤད་གྲྭ་དང་སྒྲུབ་གྲྭ་སྐྱོང་པ་ཆོག་ཤེས་བྱས་ནས་རང་ཉིད་ཀྱི་རྒྱསསྤྲོས་དང་རང་ཉིད་ཀྱི་མཚན་སྙན་གྲགས་ཀྱི་ཆེད་དུ་འདོད་ཆུང་ཆོག་ཤེས་མི་བྱེད་པ་ནི་ཆོག་ཤེསམ་ཤེས་པའི་རྟགས་ཡིན། ང་ཚོ་བདག་ཅག་གི་སྟོན་པའི་རྗེས་འཇུག་ཡིན་པའི་ངོས་ནས། བདགཅག་གི་སྟོན་པར་བླ་བྲང་ཡང་མེད་པ། ཁང་བ་ཡང་མེད། རྒྱས་སྤྲོས་ཀྱང་མ་དགོས་པར་འཁོརབཙུན་མོ་སོགས་རྒྱལ་བོའི་ཁབ་ཐམས་ཅད་མཆིལ་མའི་ཐལ་བ་ནང་བཞིན་སྤངས་སོང་བ་ལྟར། ང་ཚོ་ཁོང་གི་རྗེས་འཇུག་ཡིན་པས་ཅི་ཐུབ་ཀྱིས་འདོད་ཆུང་ཆོག་ཤེས་གནང་དགོས། འདོད་ཆུང་ཆོག་ཤེས་གནང་ཐུབ་ན་མི་ཚེ་འདིར་ཆོས་པ་ཞིག་འོང་ངེས་ལ། ཆོག་ཤེས་གནང་མ་ཐུབན་ཚེ་འདིར་ཞེན་སོང་བས་ཆོས་པ་འོང་མི་ཐུབ་སྟེ། ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་ཞེན་པབཞི་བྲལ་སོགས་ཀྱི་སྐབས་སུ་ཞུས་པ་ལྟར་རེད། དེ་རིང་འདིར་མཚམས་འཇོག་གི་ཡིན། སྙིང་གཏམ་བདུན་པ། མངའ་རིས་ལོངས་སྤྱོད་འཁོར་དང་བསོད་ནམས་དང༌། །སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང༌། །རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད། །སྒྲུབ་ལ་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་རྒྱལ་བོ་ཞིག་ཡིན་ན་མངའ་རིས་ནི་རང་ཉིད་ཀྱི་མངའ་ཁོངས་སུ་གཏོགས་པའི་སཆ་དག་ཡིན་ལ་དེ་དང་དཔལ་འབྱོར་ལོངས་སྤྱོད། རང་གི་འཁོར་གཡོག་དང་བསོད་ནམསལས་སྐལ་སོགས་དང༌། ངོ་བསྟོད་སོགས་སྙན་པའི་གཏམ་ལ་སོགས་པས་འཛམ་གླིང་གང་གྱུརཀྱང༌། རང་ཉིད་འཆི་བའི་ཚེ་མངའ་རིས་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་མཛོད་ཁང་དངམཉམ་ན་ཡང༌།ཁབ་ཙམ་ཡང་ཁྱེར་དབང་མེད་པ། འཁོར་ཡང་བརྒྱ་སྟོང་འབུམ་ཕྲག་མང་པོ་ཡོད་ན་ཡང༌། འཆི་བའི་ཚེ་ཁྱེའུ་གཅིག་ཀྱང་ཁྱེར་དབང་མེད། སོ་ནམ་ལས་ཀ་པ་སོགས་ཅི་འདྲའི་མང་ན་ཡང༌། འཆི་བའི་ཚེ་གང་ཡང་ཕན་པ་མེད། སྙན་པའི་གྲགས་པ་ས་སྟེང་ལ་ཁྱབཀྱང༌། འཆི་བའི་ཚེ་དེ་དག་ཐམས་ཅད་ཤུལ་དུ་བཞག་ནས་འགྲོ་དགོས་ན་སྡུག་བསྔལ་བསྐྱེདཔ་ལས་ཕན་པ་ཅི་ཡང་མེད་དེ། དཔེར་ན་མི་ཞིག་གིས་སྒོར་བརྒྱ་འབོར་བ་ལས་སྒོར་སྟོང་བོརབའི་སྡུག་བསྔལ་ཆེ་བ་དང༌། སྒོར་ཁྲི་ཞིག་བོར་བ་ལས་འབུམ་གཅིག་བོར་བའི་སྡུག་བསྔལཆེ་བ་ལྟར་རང་ཉིད་ལ་འཁོར་གཡོག་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་སོགས་ཇི་འདྲའིཆེ་ན་ཡང༌། སྡུག་བསྔལ་ཡང་དེ་ཙམ་ཆེ་བ། གལ་སྲིད་རང་ཉིད་ལ་འཁོར་གཡོག་དཔལ་འབྱོརལོངས་སྤྱོད་སྙན་གྲགས་སོགས་ཤིན་ཏུ་མང་པོ་ཡོད་ན་ཡང༌། ནམ་ཞིག་དེ་དག་ཐམས་ཅདབསྐྱུར་ནས་རང་ཉིད་དབང་མེད་དུ་ལས་དང་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་ནས་འཆི་བདག་ཐོན་ནས་སྐད་ཅིག་ཀྱང་སྡོད་དབང་མེད་པར་ཁྲིད་སོང་ན་གཉེན་གྱིས་ཀྱང་མི་ཕན། ལོངསསྤྱོད་མངའ་ཐང་གིས་ཀྱང་ཕན་པ་མེད་ལ། དེ་བས་ད་ལྟ་ཉིད་ནས་རང་ཉིད་ཆོས་པ་ཞིག་འོངབསམ་ན་འཆི་བ་ངེས་པར་དྲན་པར་བྱས་ཏེ། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་ཕནཔ་མེད་པར་བསམ་དགོས། འཆི་བ་ནི་ཡུན་རིང་པོ་ཞིག་གི་ཐོན་རྒྱུ་མ་ཡིན་པར་ནམ་འཆི་ཆ་མེད་དང༌། འཆི་རྐྱེན་ངེས་པ་མེད་པ་ཞིག་རེད། འཆི་བའི་གནས་སྐབས་ན་སེམས་ཀྱི་རྒྱུན་ཞིགཚེ་ཕྱི་མར་འགྲོ་བ་ན་སེམས་ཀྱི་སྟེང་གི་ལས་དགེ་སྡིག་གི་བག་ཆགས་དེ་དག་ལུས་དང་གྲིབ་མ་ནང་བཞིན་འགྲོགས་པ་དང༌། རང་རང་གིས་ལས་དགེ་བ་བྱས་ཡོད་ན་དགེ་བའི་རྗེས་སུ་སྙེགཔ་དང་མི་དགེ་བ་བྱས་ཡོད་ན་མི་དགེ་བའི་རྗེས་ལ་སྙེག་པ། ལས་འབྲས་ཆུད་མི་ཟ་བ་ཡིན་པརམདོ་སྡེ་ལས་བརྒྱ་བ་ལས༌། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མིཟ། །ཚོགས་ཤིང་དུས་ལ་འབབ་པ་ན། །འབྲས་བུ་དེ་ཉིད་སྨིན་པར་ངེས། །ཞེས་གསུངས་པལྟར་ལས་དགེ་སྡིག་དེ་དག་ཆུད་ཟོས་སུ་མི་འགྲོ། དེས་ན་འཆི་བའི་ཚེ་ཕན་པའི་དངོས་པོ་ནི་དམ་པའི་ཆོས་གཅིག་པུ་ཡིན་པར་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཏུ། བསྐལ་བ་དུ་མར་རབདགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་བསྐལ་བ་དུ་མར་རབ་ཏུ་དགོངས་པ་ཡིན་ཀྱང༌། ཐུབ་པའི་དབང་པོ་རྣམས་ཀྱིས་དམ་པའི་ཆོས་འདི་ཁོ་ན་ཕན་པར་གསུངས་པ་རེད། དེས་ན་དམ་ཆོས་སྒྲུབ་ལ་བརྩོན་པ་ཀུན་མཁྱེན་ཀློང་ཆེན་རབའབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །དེས་ན་ཆོས་ཡག་པོ་ཞིག་བསྒྲུབ་ཨེ་ཐུབ་བལྟ་དགོས། ཆོས་བསྒྲུབ་ན་ཡར་དཀོན་མཆོག་གི་ཞིང་སར་བརྟེན་ནས། སྐྱབས་འགྲོ་དང་ཕྱགའཚལ་བ། མཆོད་པ་འབུལ་བ། ཚོགས་བསགས་སྒྲིབ་སྦྱོང་བྱེད་དགོས་པ་རེད། བསམ་ན་དོནམི་གོ། བསྒོམ་ན་རྒྱུད་ལ་མི་སྐྱེ་བའི་སྐབས་དེར་ཞིང་གི་མཐུ་ལ་བརྟེན་པ་ནི་གནད་དམ་པ་ཡིན། དེའི་སྟེང་ལ་ཐོས་བསམ་སྒོམ་གསུམ་བྱས། དེ་ནས་སྒྲུབ་པ་ཉམས་ལེན་བྱེད་པ་ནི་ཁོ་བོའི་སྙིངགཏམ་ཡིན་པར་གསུངས་པ་རེད། སྙིང་གཏམ་བརྒྱད་པ། གཉེར་པ་ཉེ་གནས་གཙོ་བོ་ལ་སོགས་པ། །ཐབས་ཀ་གྲྭ་སའི་སྲོག་ཤིང་ཡིན་མོད་ཀྱང༌། །གཟུང་འཛིན་བློ་ཡི་སེམས་ཁྲལ་འབྱུང་བའི་རྒྱུ། །འདུ་འཛི་བསྐྱུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དགོན་པའི་དཔལ་འབྱོར་སོགས་བདག་སྐྱོང་གནང་མཁན་གྱི་གཉེར་བ་དང་ལསཀ་གནང་མཁན་ཉེ་གནས་སོགས་དང་དགོན་བདག ཐབས་ཤེས་ཀྱི་སྒོ་ནས་དཔལ་འབྱོར་རྩོལསྒྲུབ་གནང་མཁན་སོགས་གྲྭ་སའམ་དགོན་སྡེ་དག་གི་སྲོག་ཤིང་ལྟ་བུར་ཡིན་མོད་ཀྱང༌། འདིརཆོས་པ་ཚད་གཞི་མཐོ་བ་བྱ་བྲལ་བ་ཞིག་གི་དབང་དུ་བྱས་ནས་གསུངས་པ་ཡིན་པས་དེ་དགནི་གཟུང་འཛིན་བློ་ཡི་སེམས་ཁྲལ་འབྱུང་བའི་རྒྱུ་ཡིན་པ། དགོན་སྡེའི་ཆེད་དུ་དཔལ་འབྱོར་དང་ཟས་གོས་འཚོ་ཐབས་མང་པོ་བསྒྲུབ་དགོས་པས་སེམས་ཁྲལ་སྣ་ཚོགས་འབྱུང་བ་རེད། སེམསཁྲལ་འབྱུང་བའི་རྒྱུ་ཡིན་པས་དགོན་པའི་གཙོ་བོ་དང་གཉེར་བ་ཚོང་ལས་པ་ལས་ཀ་སོགས་བྱབ་མང་པོའི་འདུ་འཛི་བསྐྱུར་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །སྙིང་གཏམ་དགུ་བ། རྟེན་མཆོད་དཔེ་ཆ་ཐབ་ཁ་ལ་སོགས་པ། །ཅི་དགོས་ཁུར་ནས་རི་ཁྲོད་འགྲིམ་པ་ཡང༌། །འཕྲལ་ལ་འཛོམས་ཏེ་སྡུག་བསྔལ་རྩོད་པའི་རྒྱུ། །དགོས་མེད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་མང་པོ་ཞིག་གིས་སྐུ་གསུང་ཐུགས་རྟེན་ཞེས་བཤད་ནས་ཧ་ཅང་རྩ་ཆེན་བརྩི་བ་རེད། ཡིན་ན་ཡང༌། སྐུ་གསུང་ཐུགས་རྟེན་མང་པོ་དང་རྟེན་རྙིང་སོགས་ལ་ནོར་གྱི་འདུ་ཤེས་འཛིནམི་རུང༌། ལྷག་ཏུ་རབ་བྱུང་ཞིག་ཡིན་ཕྱིན་རྟེན་མང་པོ་མི་དགོས་པར་རང་རྒྱུད་ཀྱི་སྐྱབས་འགྲོདང་དཀོན་མཆོག་གསུམ་ལ་དད་པ་དག་སྣང་ཡོད་ན་མཆོག་གསུམ་གྱིས་སྐྱོབ་ཐུབ་པ་ལས་རངརྒྱུད་ལ་སྐྱབས་འགྲོ་མེད་ན་ཕྱི་དངོས་པོའི་རྟེན་ཞིག་ལ་བརྟེན་ནས་སྐྱོབ་མི་ཐུབ། དེས་ན་རངལ་དགོས་པའི་རྟེན་གཙོ་བོ་ནི་སྐྱབས་འགྲོ་ཡིན་པ་ལས་རྟེན་རྙིང་མང་པོ་ཡོད་ན་ཡང༌། དེང་སང་རྐུན་མ་ཇག་པ་དག་གིས་ནོར་གྱི་འདུ་ཤེས་ཙམ་བཟུང་ནས་དགོན་སྡེ་དག་སྟོར་ནས་འགྲོབཞིན་པ་ལྟར་རང་རང་གི་སྲོག་ལ་ཡང་ཕན་མི་འདོགས་པར་མ་ཟད་གནོད་སྐྱེལ་ཡང་ཉེན་ཆེབར་འདུག རྟེན་དང་མཆོད་རྫས་མང་པོ་གསེར་དངུལ་གྱི་བྱས་པ་རྣམས་ལ་ཧ་ཅང་ཆགས་ཞེནཆེ་བའི་གནས་ཡིན་པས་བླ་མ་འགའ་རེས་དགོན་པའི་སྐུ་གསུང་ཐུགས་རྟེན་དང་དགོན་པའི་ལྷ་ཁང་གསེར་ཁང་དག་ལ་ཧ་ཅང་ཆགས་ཞེན་བྱས།ཧ་ཅང་རྩ་ཆེན་རློམ་པར་འདུག སྤྱིར་བླ་མ་གྲྭ་བ་དག་ཚོགས་གནས་ཀྱི་འདུ་ཁང་ཙམ་དགོས་ན་ཡང༌། རྒྱས་སྤྲོས་རིགས་བྱེད་མཁན་ནིབསྟན་པ་འཛིན་མཁན་མ་ཡིན་པར་བསྟན་པ་བཤིག་མཁན་ཡིན་པར་ངོས་ཟིན་དགོས། དེ་ནསརི་ཁྲོད་ཅིག་འགྲིམ་ན་རང་རང་སོ་སོའི་ཉམས་ལེན་གྱི་རིམ་པའི་དཔེ་ཆ་མང་པོ་དགོས་སྙམ་ནས་དཔེ་ཆ་མང་པོ་བསྒྲིག མེ་འབུད་སའི་ཐབ་ཁ་སོགས་ཅི་དགོས་མང་པོ་ཅིག་ཁུར། རང་གིསཁུར་མ་ཐུབ་པས་གཡག་ལ་བཀལ་ནས་བཅའ་ལག་མང་པོ་ཞིག་ཁུར་ནས་འགྲོ་ན་མི་འགྲིགཅེས་གསུངས་པ་ལྟར་ནམ་རྒྱུན་རང་ཉིད་གང་ལ་འགྲོ་ན་རང་རང་སོ་སོ་ལ་དགོས་ངེས་ཀྱི་བཅའལག་ཞིག་ཁྱེར་དགོས། ཁ་སང་དེ་རིང་གྲྭ་བ་ཚོས་བཅའ་ལག་མང་པོ་ཁུར་ནས་ཐམས་ཅདརི་ཁྲོད་འགྲིམ་མི་ཐུབ་ལ། དེ་ཐུབ་ན་དེང་སང་ཡག་ཤོས་རེད་དེ། དེ་ཐུབ་ཀི་མ་རེད། མ་ཐུབན་ཡང༌། ནམ་རྒྱུན་རང་རང་སོ་སོའི་ཤག་ལ་རྒྱས་སྤྲོས་མི་བྱེད་རྒྱུ་གལ་ཆེན་ཡིན། ང་ཚོའི་སློབགླིང་འདིར་གྲྭ་བ་ཁ་ཤས་རེ་ཕར་འགྲོ་ཚུར་འོང་སྐབས་བཅའ་ལག་མང་པོ་ཁྱེར། ཁྱིམ་ལ་མཤོང་བར་ཕྱིར་ཕུད་ནས་ལམ་ཁ་སོགས་ལ་བཞག་ནས་ཕར་འགྲོ་ཚུར་འགྲོ་གནང་མཁན་དགལ་གནོད་པ་བཟོ་བཞིན་འདུག ལྷམ་ཞིག་ཉོས་ན་ཡང་དགོས་ངེས་པ་ཞིག་ཉོ་བ་ལས་ལྷག་པམང་པོ་མ་ཉོ། དེས་ན་རྒྱས་སྤྲོས་རིགས་མ་བྱེད་ན་ཡག་པོ་འདུག གྲྭ་ས་ནས་ལོ་གསར་སྐབསཡིན་ན་ཡང་བཤམས་བཀོད་འདྲ་མིན་མང་པོ་དང༌། ཟ་མ་མང་པོ་ལས་རྒྱུ། འཐུང་ཆུ་འདྲ་མིའདྲ་མང་པོ་བཤམས་པ་སོགས་རྒྱས་སྤྲོས་རིགས་མི་ཆོག་པར་མ་ཟད། མཁན་པོ་ལས་ཐོགབྱོན་ནས་ཤག་སོ་སོར་ལྟ་རྟོག་བྱེད་པ་རེད། དེས་ན་ཟ་མ་བཟོ་པ་ལས་གཞན་མང་པོ་གནང་མི་ཆོག་པའི་རྒྱུ་མཚན་གང་རེད་ཅེ་ན། ཁ་ཤས་ལ་དཔལ་འབྱོར་མེད་ན་ཡང༌། གཅིག་གི་གཅིགལ་འགྲན་བསྡུར་བྱས་ཏེ་གྲལ་ཆོད་མི་ཆོད་སོགས་དཀའ་ངལ་མང་པོ་སྤྲད་འོང་བས་འགྲིག་ལམདེ་བཟོས་པ་རེད། སྤྱིར་གྲྭ་བ་དག་གིས་འདོད་ཆུང་ཆོག་ཤེས། བྱ་ཉུང་དོན་ཉུང་དགོས་པསབཅའ་ལག་མང་པོ་མི་ཉོ་བར་ནམ་རྒྱུན་གྲྭ་བ་གྲྭ་རྐྱང་བྱས་ན་ཡག་པོ་འདུག བཀའ་གདམསགོང་མ་ཚོས་གཏད་པ་བཞི་ཞེས། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲངཕུགས་ཤི་ལ་གཏད། ཤི་ཕུགས་བྲག་ལ་གཏད། ཅེས་གསུངས་པ་ལྟར། ཤི་ཕུགས་བྲག་ལ་གཏད་ཨེ་ཐུབ་བལྟ་དགོས། དེས་ན་ཐོས་བསམ་སྒོམ་གསུམ་བྱེད་པ་ལས་གཞན་པ་ཚོ་བྱ་ཉུང་དོན་ཉུང་བྱ་དགོས་སོ། །བཅའ་ལག་ཅི་དགོས་ཁུར་ནས་རི་ཁྲོད་འགྲིམ་ན་ཡང༌། འཕྲལ་ལ་འཛོམསཏེ་སྡུག་བསྔལ་རྩོད་པའི་རྒྱུ་ཞེས། དོན་དུ་བཅའ་ལག་མང་པོ་ཞིག་མ་བསྒྲིག་ན་ཡང༌། ཆོས་པརི་ལ་འདུག་ན། ཟན་གོང་གྱེན་ལ་འགྲིལ། ཞེས་བཤད་པ་ལྟར་འཕྲལ་དུ་འཛོམ་འོང་བ་རེད། སྣོད་མེད་ན་སྣོད་སྦྱིན་དུ་འོང་བ་དང༌། ཟས་མེད་ན་ཟས་སྦྱིན་དུ་འོང་བ། དེས་ན་འཕྲལ་ལའཛོམས་ངེས་ཡིན། རྟེན་མཆོད་མང་པོ་དང་བཅའ་ལག་མང་པོ་བདག་གཉེར་བྱེད་ན་སྡུག་བསྔལམང་པོ་འབྱུང་བྱེད་དང་རྩོད་པའི་རྒྱུར་འགྱུར་བ། ལྷག་ཏུ་ཆོམ་རྐུན་མང་སར་གནའ་རྟེན་མངཔོ་ཡོད་ན་རྐུན་མ་དག་གིས་བཅོམ་འགྲོ་བས་དེ་དག་དགོས་མེད་བསྟེན་པ་ཀུན་མཁྱེན་ཀློངཆེན་རབ་འབྱམས་ཁོང་གི་སྙིང་གི་གཏམ་ཡིན་པར་གསུངས་པའོ། །སྙིང་གཏམ་བཅུ་བ། སྙིགས་མའི་དུས་འདིར་དམུ་རྒོད་འཁོར་རྣམས་ལ། །བཀའ་བཀྱོན་ལ་སོགས་ཕན་སེམས་ཡིན་མོད་ཀྱང༌། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །ཞི་བར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དུས་ཀྱི་སྙིགས་མ། ཚེ་ཡི་སྙིགས་མ། ཉོན་མོངས་བའི་སྙིགས་མ། ལྟ་བའི་སྙིགས་མ། སེམས་ཅན་གྱི་སྙིགས་མ་ལྔ་བདོ་བའི་དུས་ཚིགས་འདིར་ཧ་ཅང་དམུ་རྒོད་ཀྱི་འཁོར་རྣམས་ལམཚང་ནས་བཟུང་སྟེ་འདི་དང་འདི་ཞེས་བཀའ་བཀྱོན་སོགས་གནང་བ་ནི་ཕན་སེམས་ཀྱིས་ཡིནན་ཡང༌། སྙིགས་མའི་དུས་སྐབས་འདིར་དཔེར་ན་བླ་མ་ཞིག་གིས་རང་གི་སློབ་བུ་ལ་ངོ་བསྟོདབཤད་ན་སློབ་མ་དེས་ཁོང་ངའི་བླ་མ་ཡིན་ཞེས་གནས་སྐབས་ཙམ་ལ་དགའ་ཁུལ་བྱེད་ངེས་ཡིན། ཡིན་ན་ཡང༌། ནམ་ཞིག་བཀའ་བཀྱོན་སོགས་གནང་བ་ན་དེ་ནས་བཟུང་བླ་མ་ཅིག་ཅིགཉིག་ཉིག་ཟེར་ནས་སྐྱོན་བརྗོད་པའི་འགོ་བཟུང་ཚར་བ་རེད། སྔོན་བཀའ་གདམས་གོང་མ་ཚོའི་རྣམ་ཐར་ནང་ནཱ་རོ་པས་ཏེ་ལོ་བསྟེན་པ་ན་ནཱ་རོ་པས་དཀའ་ཆེན་བཅུ་གཉིས་སྤྱད་པའི་ལོརྒྱུས་དང༌། ནཱ་རོ་པས་ཀྱང་རྗེ་མར་པ་ལ་ཡང་ཚོགས་བསགས་སྒྲིབ་སྦྱངས་ཆེད་དུ་བཀའ་བཀྱོནམང་པོ་གནང༌། རྗེ་མར་པས་ཀྱང་རྗེ་མི་ལ་རས་པ་ལ་མཁར་མང་པོ་ཡར་བཞེངས་སུ་བཅུག མར་བཤིགས་སུ་བཅུག ས་རྡོ་སོགས་རང་རང་སར་ཁྱེར་དུ་བཅུག་ནས་ལོ་མང་པོའི་རིང་བཀའབཀྱོན་མང་པོ་གནང་བ་དང༌། ཕྱིས་སུ་རྗེ་མར་པས་ང་འདྲ་བའི་བླ་མ་ཚད་ལྡན། ཁྱེད་འདྲ་བའིསློབ་མ་ཚད་ལྡན་ལ་འདི་འདྲའི་བཀའ་བཀྱོན་ཚོགས་གཏམ་སོགས་བཏང་ན་ཚོགས་བསགསསྒྲིབ་སྦྱོང་འོང་ན་ཡང༌། ད་ཕྱིན་ཆད་ཁྱེད་འདྲ་བའི་སློབ་མ་སྣོད་ལྡན་དཀའ་ཞེས་གསུངས་པལྟར་དངོས་གནས་ཁ་སང་དེ་རིང་དེ་འདྲ་ཆགས་འདུག ཡིན་ན་ཡང༌། ང་ཚོས་ནམ་རྒྱུན་ཅིགབཤད་འདུག་ན་མི་རེ་ཟུང་ལ་ཕན་པ་འདུག འགའ་རེར་སྐོར་གཅིག་ལ་ཞུས་པ་ཙམ་གྱིས་ཀྱངབཅོས་བསྒྱུར་བྱེད་བཞིན་འདུག མི་གཅིག་ལ་ཕན་པ་ཡོད། དེས་ཐར་བའི་ལམ་ལ་ཟིན་པ་ཙམའོང་ན་དོན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབས་པ་ཡིན་ལ། མི་དེ་ས་ལམ་རིམ་གྱིསབགྲོད་ནས་སངས་རྒྱས་ན་སངས་རྒྱས་ནས་འཁོར་བ་མ་སྟོང་བར་དུ་སེམས་ཅན་གྱི་དོན་ལ་བརྩོན་ངེས་ཡིན་པས་མི་གཅིག་ལ་ཕན་ན་ཡང་བརྒྱུད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་འོངབ་རེད། དེའི་རྒྱུ་མཚན་གྱིས་སྔོན་གྱི་སྐྱེས་བུ་དམ་པ་ཚོས་སེམས་ཅན་གཅིག་གི་ཆེད་དུ་ཡང་བསྐལ་བའི་བར་དུ་དམྱལ་བར་གནས་དགོས་ན་ཡང་གནས་ནས་དཀའ་སྤྱད་སྡུག་རུས་གནངབའི་ལོ་རྒྱུས་འདུག དེང་སང་མཚང་ནས་བཟུང་སྟེ་བཀའ་བཀྱོན་སོགས་གནང་ན་དཀའ་མོཆགས་འདུག ཡིན་ན་ཡང༌། ཐམས་ཅད་ལ་ནམ་རྒྱུན་ངོ་བསྟོད་རྐྱང་རྐྱང་གནང་ན་ཁྲིམས་ཀྱངཞིག ཐམས་ཅད་ཀྱིས་སློབ་སྦྱོང་ཡང་འཐུས་ཤོར་འགྲོ། ཀུན་སྤྱོད་ཀྱང་ངན་པར་ཆགས། དེའདྲ་ཆགས་ན་རང་ཉིད་ཀྱི་སློབ་མ་དག་ལ་བརྟེན་ནས་རང་གི་འཁོར་འབངས་ཙམ་དང་རང་ཉིད་ཆེ་ཐབས་ཙམ་དང༌། འཇིག་རྟེན་གྱི་རྒྱས་སྤྲོས་རིགས་བསྒྲུབས་པ་ཙམ་ལས་ཆོས་ཀྱི་བྱ་བ་གང་ཡང་གནང་མི་ཐུབ་ལ། དེའི་རྒྱུ་མཚན་གྱིས་བཀའ་བཀྱོན་གནང་མཁན་དང་གནང་ཡུལ་ཐམས་ཅད་ཀྱིས་གཟབ་གཟབ་བྱེད་དགོས། སློབ་མ་ཚོས་ཀྱང་བསམ་གཞིག་ལེགས་པརགནང་སྟེ། དགེ་བའི་བཤེས་གཉེན་ཚོས་ཉིན་གྱི་སྟེང་ལ་མཚན་བཞག་ནས་སློབ་མ་ཚོའི་དོནལ་དཀའ་བ་སྤྱོད་བཞིན་ཡོད་པ་ཤེས་དགོས། རང་དོན་ལ་མྱི་ངོ་མ་བཅག་ཟེར་བ་ལྟར་རང་གིདོན་ཡིན་པར་ཤེས་ནས་བླ་མས་བཀའ་བཀྱོན་ཅི་གནང་ཡང་དང་དུ་ལེན་ཐུབ་དགོས། བླ་མནི་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་པས་དེ་བསྟེན་ཚུལ་མ་ལེགས་ན། ཆོས་དང་འཇིག་རྟེན་གངགི་ཡོན་ཏན་ཐམས་ཅད་ཕྱགས་མ་བཏབ་པ་ལྟར་ཉམས་འགྲོ་ཞེས་རྗེ་ཏཱ་ར་ནཱ་ཐས་གསུངས་ལ། འཇིག་རྟེན་གྱི་ལམ་ལུགས་ཡིན་ན་ཡང༌། རང་ཉིད་ཀྱི་དོན་དུ་དཀའ་ལས་རྒྱབ་མཁན། རངཉིད་ལ་དྲིན་ཆེ་བའི་གང་ཟག་དེ་དག་དྲིན་ཆེན་ཡིན་པར་ཤེས་དགོས་ཏེ། ཁ་སང་དེ་རིང་ཉིནགཅིག་གཉིས་རེར་དབང་བསྐུར་བ་ཙམ་གྱིས་འུར་བསྒྲག་བྱས་ནས་དེ་ངའི་བླ་མ་ཡིན། རྩ་ཆེནཔོ་ཡིན། མིང་ཆེན་ཡིན་ཞེས་བཀའ་དྲིན་ཆེ་མདོག་བསྟན། ལྷག་ཏུ་བླ་མ་རྒྱང་ཐག་རིང་བ་ཞིགལ་ཡོད་ན་ཕན་ཚུན་གྱི་སྐྱོན་ཡང་མ་མཐོང༌། བཀའ་བཀྱོན་ཡང་མི་གནང༌། རང་རང་སོ་སོསབསྟན་པ་བཤིག ཇི་འདྲའི་སྤྱོད་པ་ངན་པ་བྱེད་ཀྱང་ལྟ་རྟོག་ཡང་མི་གནང༌། ཅི་ཡང་མི་ཟེརམཁན་ཚོར་བརྩི་མཐོང་ཆེན་པོ་བྱས། ནམ་རྒྱུན་རང་རང་སོ་སོ་ལ་ཤ་ཚ་གྲོས་འདེབས་གནངམཁན་ཚོར་བརྩི་མཐོང་ཆེན་པོ་མི་བྱེད་པ་ཆགས་འགྲོ་བཞིན་འདུག དེས་ན་ཞི་བར་སྨྲ་བ་ཀུནམཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་པ་དང༌། ནམ་རྒྱུན་སྐད་ཆ་ཅིབཤད་ཀྱང་གནས་ལུགས་དང་རྒྱུ་མཚན་མང་པོ་བཤད། སྐད་ཆ་སྐོར་བ་བརྒྱབ་ནས་བཤད་ཤེསདགོས་ལ། ཡིན་ན་ཡང༌། ནམ་རྒྱུན་ངོ་བསྟོད་རྐྱང་རྐྱང་བཤད་ན་ཡར་རྒྱས་འོང་མི་ཐུབ། ང་ཚོསློབ་གཉེར་བ་ཚོར་མཚོན་ན་ནམ་རྒྱུན་ཆོས་རའི་ནང་ནས་མི་ཞིག་གིས་མི་འགྲིག་པ་ཅིག་ལབན་ཐད་ཀར་རྟགས་དང་རྒྱུ་མཚན་བཀོད་ནས་སྒྲུབ་བྱེད་བཀོད་དེ་གནོད་བྱེད་བཏང་བ་དང༌།དེ་ལྟར་གནོད་བྱེད་བཏང་ན་ཡང་མི་མཐུན་པ་མི་འོང༌། ཡིན་ན་ཡང༌། སྤྱི་ཚོགས་སྟེང་ནམ་རྒྱུནགནས་ལུགས་དང་རྒྱུ་མཚན་བཤད་ན་ཡང་བཤད་ས་མི་འགྲོ་བའི་སྡེ་ཁག་འདུག དེས་ན་གནསལུགས་དང་རྒྱུ་མཚན་བཤད་ན་བཤད་ས་འགྲོ་བའི་སྡེ་དང་བཤད་ས་མི་འགྲོ་བའི་སྡེ་གཉིས་སོསོར་ཤེས་པར་བྱས་ནས་སྐད་ཆ་བཤད་དགོས། ཡང་འགའ་རེས་རང་ལྟ་མཆོག་འཛིན་གྱི་དབངགིས་རང་གིས་བཤད་པ་བདེན་པ་བདེན་རྐྱང་ཡིན་པ་དང་མཆོག་ཡིན་པ། དེ་དང་མི་མཐུན་ན་མི་འགྲིག་པར་འདོད་མཁན། དཔེར་ན། གྲོང་ཆོག་པ་ཞིག་ཡིན་ན་གྲོང་ཆོག་པ་ཚོར་ཅིགབཤད་ན་ཁོ་རང་ཁོང་ཁྲོ་ལངས་བཞག་པ་རེད། དེ་ནང་བཞིན་རྐུན་མ་ཞིག་ཡིན་ན་རྐུན་མའིསྟེང་ལ་ཅིག་བཤད་ན་རྐུན་མ་དེ་སྤྲོ་ལངས་པ་དང༌། རྒྱ་ནང་འགྲོ་ནས་མགོ་གཡོག་མགོ་བསྐོརབྱེད་མཁན་ཞིག་ཡིན་ན་རྒྱ་བླ་ཚོར་ཅིག་བཤད་ན་ཁོ་རང་སྤྲོ་ལངས་པ། ཐོས་བསམ་གནང་མཁན་ཞིག་ཡིན་ན་ཐོས་བསམ་གནང་མཁན་ཚོའི་སྟེང་ལ་ཅིག་བཤད་ན་ཁོ་རང་སྤྲོ་ལངས་པརེད། དེས་ན་རང་རང་སོ་སོའི་བྱ་བ་མཆོག་ཏུ་བཟུང་ནས་གནས་ལུགས་དང་རྒྱུ་མཚན་ལ་མིཉན་པར་འགྲོ་མཁན་ཚོར་གནས་ལུགས་དང་རྒྱུ་མཚན་བཤད་ས་མི་འགྲོ་ལ། ཡང་འགའ་རེརགཡོ་སྒྱུའི་དབང་གིས་རང་གི་སྐྱོན་སྦས་པའི་ཆེད་དུ་སྐད་ཆ་འདྲ་མིན་མང་པོ་བཤད་མཁན་ཡངའདུག དེས་ན་མི་སོ་སོ་ལ་སྐད་ཆ་སྣ་ཚོགས་རེད། ཡིན་ན་ཡང༌། མི་ཞིག་ལ་དྲང་མོ་མ་ཡིནན་ཡང༌། དྲང་མོ་རེད་ཅེས་བཤད་ན་མགོ་བསྐོར་ཐེབས་འགྲོ་བ་དང༌། ལྷག་ཏུ་མི་བླུན་པོ་ཞིགལ་མཁས་པ་རེད་ཅེས་བཤད་ན་མི་མང་པོ་ལ་མགོ་བསྐོར་ཐེབས་འགྲོ་བས་ཁོ་རང་གཅིག་པུཡིན་ན་དགོས་པ་དང་དགོས་དབང་ཡོད་ན་ངོ་བསྟོད་ཅུང་རེ་བཤད་རུང་སྐྱོན་ཆེན་པོ་མི་འདུག རང་གི་ཉེ་འབྲེལ་དང་གཉེན་ཉེ་ཐད་ཀར་ཟེར་ཐུབ་ས་ཡིན་ན་ངོ་བསྟོད་སྐོར་མི་བཤད་པར་ཐདཀར་མཚང་ནས་བཟུང་སྟེ་སྐྱོན་བརྗོད་དགོས་པ་རེད། འཇིག་རྟེན་ཁ་དཔེར། ཤ་ཚ་བའི་གཏམལ་སྙན་མོ་མེད་ཅེས་བཤད་པ་ལྟར་སྐྱོན་བརྗོད་གནང་དགོས། དེ་མིན་རང་ལ་རེ་ལྟོས་མི་བྱེདམཁན་དང་འབྲེལ་བ་མེད་ན་ཁོ་རང་ལ་སྐྱོན་ཡོད་ན་ཡང༌། སྐྱོན་བརྗོད་བྱེད་ན་དཀྲུགས་ཤིང་གིརྒྱུ་ལས་མི་འོང་བས་ཕན་པ་ཆེན་པོ་མེད་ལ། རང་ལ་རེ་ལྟོས་གནང་མཁན་ཡིན་ན་ཁོ་རང་ལསྐྱོན་ཞིག་ཡོད་ན་དེ་འཆོས་པའི་ཆེད་དུ་ངེས་པར་སྐྱོན་བརྗོད་གནང་དགོས། ཆོས་འདུལ་བའིསྐབས་ཡིན་ན་ཡང༌། རང་ཉིད་ཀྱིས་སློབ་དཔོན་དང་མཁན་པོ་ཞིག་གི་མདུན་ནས་དགེ་ཚུལ་སློངཞིག་བསྒྲུབས་པ་ཡིན་ན་མཁན་པོ་དང་སློབ་དཔོན་དེས་རྒྱུན་པར་བསླབ་བྱ་སོགས་མ་གནང་ན། ལག་ལ་རལ་གྲི་བཞག་ནས་བཤན་པར་བཏང་བ་ལས་ཉེས་པ་ཆེ་ཞེས་འདུལ་བ་ལས་གསུངསསོ། །དེས་ན་གནས་ལུགས་དང་རྒྱུ་མཚན་བཤད་ས་མི་འགྲོ་ན་དེ་བཤད་པ་ལ་ཕན་ཐོགས་ཡོདཔ་མ་རེད། ཡང་སྐད་ཆ་འགའ་རེར་མི་ཁག་གཅིག་ལ་ཕན་པ་མེད་ཀྱང་མི་ཁ་ཅིག་ལ་ཕན་ནབཤད་དགོས་ཏེ། དཔེར་ན་ངས་རྒྱུན་པར་འདི་ནས་རྒྱ་ནང་ལ་མ་འགྲོ་ཟེར་བ་དང་ནང་བའི་བསྟན་བཅོས་ཁག་ལས་ལོག་པའི་བསྟན་བཅོས་ཁག་ལ་མ་བལྟ་ཟེར་བ་སོགས་མི་འགའ་རེར་ཕན་པ་འདུག ཡིན་ན་ཡང༌། མི་འགའ་རེར་ཅང་ཕན་པ་མི་འདུག ཕན་པ་མེད་མཁན་དེ་ཡངསློབ་སྦྱོང་མེད་མཁན་དང་ས་ཆུང་གི་མི་རྐྱང་རྐྱང་རེད་མ་གཏོགས། སློབ་གཉེར་ཅུང་རེ་བྱསམཁན་འགའ་རེས་ང་ཚོར་ཚུར་སྐད་ཆ་དེ་འདྲ་བཤད་ན་ཕན་པ་འདུག བཀའ་དྲིན་ཆེ་ཞེས་བཤདཔ་འདུག སློབ་སྦྱོང་ཅུང་རེ་གནང་མཁན་ཡིན་ན་རྒྱ་ནང་ཞིག་ལ་སོང་རུང༌། རང་ཉིད་ཁོ་ན་རྒྱསསྤྲོས་ཆེད་ཙམ་མི་དམིགས་པར་བསྟན་པ་དང་དགོན་སྡེའི་ཆེད་ལ་བརྩོན་པ་རེད། ཡིན་ན་ཡང༌། སློབ་གཉེར་བྱས་མེད་མཁན་རྒྱ་ནང་ལ་སོང་ནས་མགོ་གཡོག་མགོ་སྐོར་རྐྱང་རྐྱང་བྱེད་མཁནཚོར་བཤད་ཀྱང་ཕན་ཐོགས་མི་འདུག དེས་ན་ང་ཚོས་བཤད་པའི་དམིགས་ཡུལ་གཙོ་བོ་ནི་ཁྱེད་ཅག་ལྟ་བུའི་སློབ་གཉེར་ཚུལ་བཞིན་གནང་མཁན་ཚོར་ཕན་ཐོགས་ཨེ་ཡོད་སྙམ་ནས་དམིགས་ཡུལ་བཟུང་པ་ཡིན། དེ་མ་གཏོགས་རང་ལ་རེ་ལྟོས་བྱས་མེད་མཁན་ཚོར་ཅང་བཤདཔ་ལ་ཕན་ཐོགས་མི་འདུག སྤྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་དགོས་པ་རེད་དེ། དེ་དག་ནི་གཙོ་བོ་རང་ལ་རེ་ལྟོས་གནང་མཁན་ཞིག་མ་རེད། མདུན་ན་བཞག་ཡོད་པའི་འགནའཁྲི་ཞིག་ཀྱང་མ་རེད། ཁྱེད་ཅག་ནང་ནས་བརྒྱ་ཆའི་དགུ་བཅུ་རང་ལ་རེ་ལྟོས་བཅའ་མཁནཡིན་ངེས། དེས་ན་ང་ཚོས་ངོས་ནས་ཀྱང་ཁྱེད་ཅག་ལེགས་ལམ་དུ་བསྐྱོད་དུ་འཇུག་དགོས། ནམ་རྒྱུན་སྐད་ཆ་ཅི་བཤད་ཀྱང་ཚིག་འཇམ་པོའི་སྒོ་ནས་སྨྲ་དགོས་ཤིང༌། རང་གི་དོན་ཞིག་སྒྲུབབཞིན་ཡོད་ན་གཞན་གྱིས་ཚིག་རྩུབ་ཅི་སྨྲས་ཀྱང་བཟོད་བསྲན་བྱས་ནས་ཚིག་འཇམ་པོ་བཤདན་དོན་དག་ལེགས་ལམ་དུ་འགྲོ་བའི་ཕན་ཐོགས་ཡོད་ཅིང༌། སྔོན་མ་དབུས་གཙང་ཕྱོགས་ཀྱི་ལས་བྱེད་པ་ཚོས་རང་གི་ལྟ་བ་དང་མི་མཐུན་པ་ཞིག་གཞན་གྱིས་བཤད་ན་ཡང༌། དེ་འདངརྒྱབ་ས་འདུག དེ་བདེན་པ་རེད་ཏ་ཞེས་ཁ་ནས་ཡག་པོ་བཤད་ཀྱང་དོན་གྱིས་ཕར་ཡང་གནསལུགས་དང་རྒྱུ་མཚན་མང་པོ་བཤད་འགྲོ་བ་རེད། དེ་འདྲ་བསྐོར་བ་བརྒྱབ་ནས་འཆད་ཀྱིན་འདུག དེས་ན་ཚིག་འཇམ་པོའི་སྒོ་ནས་སྐད་ཆ་བཤད་དགོས། དེ་རིང་འདིར་མཚམས་འཇོགགི་ཡིན། སྙིང་གཏམ་བཅུ་གཅིག་པ། ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ། །བརྩེ་བའི་མི་ལ་མཚང་ནས་བརྗོད་པ་ཡང༌། །དྲང་པོ་ཡིན་ཀྱང་སྙིང་སྐྲན་འཇུག་པའི་རྒྱུ། །སྙན་པར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ལྷག་བསམ་དང་ཕན་པའི་སེམས་ཀྱིས་རང་དོན་མིན་པར་ལྷག་བསམ་རྣམ་དག་དྲངམོ་དྲང་རྐྱང་གིས་གཞན་ལ་རང་འདོད་མེད་པའི་བསླབ་བྱ་སོགས་གནང་པའི་གཏམ། བྱམསབརྩེ་ཡོད་སའི་མི་ལ་མཚང་ནས་བརྗོད་པ་དེ་ཡང་དྲང་མོ་དྲང་རྐྱང་ཡིན་ན་ཡང༌། གཞན་གྱིསདེ་གདམས་ངག་ཏུ་མི་འཛིན་པར་སྙིང་གི་སྐྲན་ནད་འཇུག་པའི་རྒྱུར་གྱུར་བའི་རྒྱུ་མཚན་གྱིས་མི་སུ་ཡིན་རུང་ཕར་ཚིག་བཤད་པའི་སྐབས་སྙན་པར་སྨྲ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམསཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །ནམ་རྒྱུན་ང་ཚོའི་ངོས་ནས་ཟོལ་མེད་ཀྱི་ལྷག་བསམརྣམ་དག་ཡིན་རུང༌། ཕ་རོལ་བོའི་ངོས་ནས་བྱ་བའི་ཉམས་མྱོང་མེད། ཁེངས་སེམས་ང་རྒྱལ་གྱིདབང་གིས་རང་རང་གི་སྐྱོན་དང་མཚང་ནས་བཟུང་ནས་སྐད་ཆ་བཤད་ན་བཟོད་སྒོམ་མ་ཐུབ། གུ་ཡངས་བྱེད་མ་ཐུབ། རང་དོན་ཡིན་པར་ཧ་མ་གོ་བའི་རྒྱུ་མཚན་གྱིས་ཕོག་ཐུག་བཟོ་སྲིད་པསཚིག་སྙན་པར་སྨྲ་དགོས་ཞེས་གསུངས་འདུག ཡིན་ན་ཡང༌། བླ་མ་སོ་སོའི་གསུང་ཚུལ་མི་འདྲབ་མང་པོ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས།གདམས་ངག་གི་མཆོག་མཚང་ཐོག་ཏུ་རྒོལབ་ཡིན། ཞེས་གསུངས་པ་དང༌། སྐབས་འདིར་དེ་འདྲ་མི་ཉན་པར་ཚིག་སྙན་པར་སྨྲ་དགོས་ཞེསགསུངས་འདུག ཡིན་ན་ཡང༌། ཕ་རོལ་བོར་བཤད་ན་ཕན་ཐོགས་ཡོད་པ་དང༌། ཁོང་ཁྲོ་དངཞེ་སྡང་གི་རྒྱུར་མི་འགྲོ་ན་བཤད་རུང་ཕན་ཐོགས་ཡོད་ལ། ལ་ལར་བཤད་ན་ཕན་ཐོགས་ཀྱངམེད། རང་ལ་དམིགས་གསལ་གྱི་རེ་ལྟོས་གནང་མཁན་མིན་ན་བཤད་ཀྱང་ཕན་ཐོགས་མེདཔར་མ་ཟད། བཤད་རུང་ཕ་རོལ་བོ་ཁོང་ཁྲོ་སྐྱེད་བྱེད་ཙམ་ལས་ཕན་ཐོགས་མེད་པ་རེད། ང་ཚོའིསློབ་གླིང་ལྟ་བུའི་འདི་འདྲ་འཁོར་ཡུག་ཅིག་གི་ནང་ལ་བཤད་རུང་མི་གཅིག་གཉིས་རེར་གནསསྐབས་ཕན་ཐོགས་མེད་ཀྱང༌། སྤྱི་ཡོངས་ནས་ཕན་ཐོགས་ཡོང་གི་འདུག ས་སྐྱ་པནྚི་ཏས། དོནརྟོགས་པ་དང་ཧ་གོ་བའི་མི་ཞིག་ཡིན་ན་མ་སྨྲས་ཀྱང་ཆོག་ལ། མ་སྨྲས་ཀྱང་རང་ལ་སྐྱོན་ཡོདན་བཅོས་ངེས་ཡིན་པ། འབྲིང་ཞིག་ཡིན་ན་ཕར་བཤད་ན་གང་ལ་གང་འཚམ་གྱིས་བསྒྱུར་བཅོསགནང་ངེས་ལ། ཡང་ནས་ཡང་དུ་སྨྲས་གྱུར་ན་དུད་འགྲོ་ལ་ཡང་གོ་བ་སྐྱེ་བར་གསུངས་ལ། དེའིརྒྱུ་མཚན་གྱིས་ཁྱེད་ཅག་ལ་སྐད་ཆ་མང་པོ་བཤད་པ་ཡིན། ཁ་མང་འགྲོ་བཞིན་འདུག རེད་དེ། འདི་འདྲའི་མང་པོ་བཤད་པ་ཡང་ཁྱེད་ཅག་ཡར་རྒྱས་དང་ཕན་རེ་ཨེ་ཐོགས་སྙམ་ནས་བཤདཔ་ཡིན་མ་གཏོགས། ཡར་རྒྱས་ཀྱི་ཆེད་མིན་པར་རང་དོན་དུ་ཡིན་ན་ཁྱེད་ཚོར་ངོ་བསྟོད་བཤད། བཟང་གི་རྒྱན་གི་ཞེས་བཤད་ན་དགའ་བོ་འདུག་ཨ། ཟང་ཟིང་ནི་དེང་སང་རྩ་ཆེན་བརྩི་བ་རེདདེ། དོན་གྱིས་ཆོས་ནི་རྩ་ཆེན་ཡིན་ན་ཡང༌། རྩ་ཆེན་ཡིན་པར་ཧ་མ་གོ་བ། དེས་ན་རང་ལ་ཤཚ་བའི་གཏམ་དེ་དག་ཧ་གོ་དགོས། ལྷ་ཆོས་ཀྱི་ངོས་ནས་ཀྱང་གདམས་ངག་གི་མཆོག་མཚངཐོག་ཏུ་རྒོལ་བ་ཞེས་བྱུང་བ་དང་འཇིག་རྟེན་མི་ཆོས་ཀྱི་ལམ་ལུགས་ལ་ཡང་ཤ་ཚ་བའི་གཏམལ་སྙན་མོ་མེད་ཅེས་བཤད་པ་ལྟར་རོ། །དེང་སང་རང་རང་སོ་སོ་ལ་ངོ་བསྟོད་གནང་མཁན་ཚོའི་གྲལ་ན་དད་པའི་ངོས་ནས་ངོ་བསྟོད་གནང་མཁན་ཡང་ཡོད་པ་རེད་དེ། དོན་མེད་དུ་ངོ་བསྟོད་གནང་མཁན་དང་བླ་སློབ་ཀྱི་འབྲེལ་བ་མེད་མཁན་ཞིག་གིས་ངོ་བསྟོད་མང་པོར་གནངའོང་ན་ཁོ་རང་གི་དགོས་མཁོ་ཞིག་གི་ཆེད་དུའམ་དམིགས་ཡུལ་ཞིག་གི་ཆེད་དུ་བཤད་པ་ཡིནངེས། དེ་མ་གཏོགས་དེང་སང་ཕན་ཚུན་བར་ཕྲག་དོག་དར་བའི་སྒང་འདིར་ཡོན་ཏན་ཆེན་པོཅན་ཞིག་ཡིན་ན་ཡང༌། ཡོན་ཏན་གྱི་ཆ་ནས་བསྟོད་པ་མི་བྱེད་པར་ཕྲག་དོག་བྱེད་ཀྱིན་འདུག དེས་ན་ཕྲག་དོག་གི་དབང་གིས་ཕན་ཚུན་གྱི་ཡོན་ཏན་སྒྲིབ་ནས་མ་མཐོང་ན་རང་དགར་ངོ་བསྟོདགནང་བ་ཙམ་གྱིས་ལམ་སེང་དགའ་དགའ་མི་བྱེད་པར་དེའི་སྐད་ཆ་ལ་དམིགས་ཡུལ་ག་རེ་འདུག རྒྱུ་མཚན་གང་ཞིག་འདུག་སྙམ་ནས་བསམ་བློ་གཏང་དགོས། སྤྱིར་བཏང་ནམ་རྒྱུནརང་རང་གི་བྱ་བ་ཅི་བྱས་ཀྱང་འདོད་ཆགས་ཞེ་སྡང་ཤུགས་མི་ཆེ་བར་རང་རང་གིས་བཏང་སྙོམསསུ་བཞག་ཅི་ཐུབ་བྱེད་ན་ཡག་པོ་འདུག རང་གིས་ཀྱང་གཞན་ལ་མཚང་ནས་བཟུང་སྟེ་སྐྱོན་བརྗོདམང་པོ་བྱེད་ཉན་གི་མི་འདུག ཡིན་ན་ཡང༌། རང་གི་སློབ་མ་དང་རང་ལ་རེ་ལྟོས་གནང་མཁནཡིན་ན་སྐྱོན་བརྗོད་ངེས་པར་གནང་དགོས་ཏེ། སྐྱོན་བརྗོད་གནང་ན་ཕན་ཐོགས་ཡང་འདུག སྤྱིར་ཐེག་པ་ཆེན་པོའི་བླ་མའི་མཚན་ཉིད་རྒྱ་ཆེ་བ་གཏིང་ཟབ་པ་དག་ང་ཚོར་བློ་ཤོང་དཀའ་བསང་ཚོའི་བློར་ཤོང་བའི་ཐེག་པ་དམན་པའི་ཆོས་འདུལ་བའི་སྐབས་ཀྱི་བླ་མའི་མཚན་ཉིད་བསྟནཔ་ནི། ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོནཔ། །ཞེས་སྙིང་བརྩེ་བ་དང་ལྡན་དགོས་ཞེས་གསུངས་ན་ཡང༌།སློབ་མར་སྙིང་བརྩེ་མཁན་ཞིགཡིན་ཞེས་རང་གི་སློབ་མས་ཆང་འཐུང་ན་ཡང་ཡག་གི་ཞེས་བཤད། འབྱུང་བོ་རོ་ལངས་བྱས་ནསའགྲོ་བཞིན་ཡོད་ན་ཡང་ད་རུང་ཁྱོད་རྩལ་ཆེན་རེད་ཅེས་གཟེངས་བསྟོད་བྱས། རྐུན་མ་ཞིགཡིན་ན་ཡང༌། ཁྱོས་རྐུ་རྫས་རགས་བཞིན་འདུག་ཅེས་བསྟོད་པ་བྱས་མཁན་ཡོད་པ་རེད་དེ། ང་ཚོའི་སློབ་གླིང་འདིའི་ནང་ནས་འདི་འདྲ་གནང་མཁན་མེད་པའི་དབང་གིས་སློབ་གླིང་ལསཕྱི་རོལ་སྤྱི་ཚོགས་སྟེང་སོང་ན་དེ་འདྲ་བཤད་ན་མགོ་སྐོར་ཐེབས་འགྲོ། དེང་སང་སྤྱི་ཚོགས་འདིའཁྲབ་སྟོན་གྱི་རང་བཞིན་ཡིན་པས་སྐད་ཆ་ཡང་དེ་བཞིན་རེད། བདེན་པ་བདེན་རྐྱང་དང་དྲངམོ་དྲང་བཞག་གི་སྐད་ཆ་དཀོན་མོ་ཡིན་ལ། ཐེངས་རེར་སྐད་ཆ་སྙན་མོ་བཤད་ནས་གཡོ་སྒྱུ་ཡིན་པར་ཧ་མ་གོ་ན་ཡང༌། འཇིག་རྟེན་ཁ་དཔེར། བཤད་པ་མི་བདེན་བྱ་བ་བདེན་ཞེས་བཤདཔ་ལྟར། དེའི་ཕྱིས་སུ་ཁོའི་ལག་ལེན་གྱི་བྱ་བའི་ཁྲོད་ནས་གཡོ་སྒྱུ་ཡིན་པར་ཧ་གོ་འོང་བ་རེད། དེང་སང་གི་དུས་རབས་ནང་མི་མང་པོས་དྲྭ་རྒྱ་བེད་སྤྱོད་བྱེད་བཞིན་ཡོད་པས་མི་ཞིག་གི་གཤིསལུགས་དང་ཁམས་གཤིས་དགའ་ཕྱོགས་སོགས་ཤེས་དགོས་ན་ཁོའི་འཕྲིན་ཕྲན་གྱི་རྒྱབ་ལྗོངསཤིག་ཀློག་བཞག་ན་ཕལ་ཆེར་ཚོད་འཛིན་ཐུབ་ལ། དེས་ན་བྱ་བའི་ལག་ལེན་ཁྲོད་ནས་བདེནཔ་བྱུང་བ་རེད། བླ་མ་ཞིག་ཡིན་ན་སློབ་མར་བརྩེ་བའི་སྒོ་ནས་མཚང་ནས་བཟུང་སྟེ་སྐྱོན་བརྗོདགནང་དགོས་པ་རེད་དེ། སྤྱིར་བཏང་གཞན་སྐྱོན་མང་པོ་མ་བརྗོད་ན་ཡག་པོ་འདུག སངསརྒྱས་བཅོམ་ལྡན་འདས་ཀྱིས།གཞན་གྱི་སྐྱོན་ལ་མི་བརྟག་ཅིང༌། །གཞན་གྱི་བྱས་དང་མ་བྱསམིན། །ཞེས་དང༌། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས།གཞན་སྐྱོན་ལྷོད་ལ་ཞོག་དངདགེ་བ་ཡིན། །ཞེས་གསུངས་པ་ལྟར་རེད། མི་སྒེར་བ་ཞིག་གི་མིང་ནས་བཟུང་སྟེ་སྐྱོན་བརྗོདསྣ་ཚོགས་བྱས་ན་ཡག་པོ་མེད་ཀྱང༌། སྤྱིར་བཏང་ནས་རྐུན་མ་ཞེས་དགག་དགོས་པ་དང་སྐྱོནབརྗོད་གནང་དགོས་ལ། དེ་ཕན་ཐོགས་ཀྱང་འདུག བླ་མར་མི་བརྩི་མཁན་དང་དད་པ་མེདམཁན་ཞིག་ལ་བཤད་ཀྱང་ཕན་ཐོགས་མེད་རུང༌། གྲྭ་མང་ཞིག་ལ་ཞུས་ན་མང་ཆེ་བས་ཕྱིསསུ་རྐུན་མ་བྱེད་ཉན་གི་མི་འདུག་ཅེས་དོགས་ཟོན་གནང་ངེས་ཡིན། དོགས་ཟོན་གནང་ཡང་དགོས་པ་རེད་མ་གཏོགས་དགེ་ཚུལ་སློང་ཞིག་ཡིན་ན་བུད་མེད་ལ་མི་ཚངས་པར་མ་སྤྱོད་པ་ཙམ་གྱིས་ཕམ་པ་མི་འབྱུང་བ་མིན་ཏེ། ཡན་ལག་གཞན་ཚང་གི་དབང་དུ་བྱས་ན་རྐུས་བྱས་ནཡང་ཕམ་པ་འབྱུང་བའོ། །བོད་ལ་སྔོན་མ་ལུགས་སྲོལ་ངན་པའི་དབང་གི་བུད་མེད་ལ་མི་ཚངསཔར་མ་སྤྱོད་ན་དགེ་ཚུལ་སློང་ཡིན་པར་སྣང༌།༴སྡོམ་པ་ཡོད་ཁུལ་བྱེད་པ་རེད་དེ། དོན་གྱིས་སྡོམཔ་ཡོད་པའི་ངེས་པ་མེད་ཅིང༌། ལྷག་ཏུ་ཁྲི་ཐོག་ལ་འདུག་མཁན་མིང་ཆེན་ཅན་དག་ལ་མི་ཆོསབླ་མའི་ཕམ་པ་འབྱུང་ཉེན་ཆེ་བ་འདུག ཁྱེད་རྣམ་པ་ཚོས་ཀྱང་མི་ཆོས་བླ་མའི་རྫུན་ལ་གཟབདགོས་པ་རེད་མ་གཏོགས་ནམ་ཞིག་གཞན་གྱིས་གདེངས་འཇོག་ཐོབ་ས་དང་བརྩི་བཀུར་ཐོབས་ཆགས་འོང་དུས་མི་ཆོས་བླ་མའི་རྫུན་བཤད་རྒྱུ་དྲན་འོང་ལ། དེས་ན་གཟབ་གཟབ་གནངདགོས་འདུག སྔོན་ལོ་རྒྱུས་ཁྲོད་བོད་ཀྱི་སྡོམ་པ་བསྲུང་ཚུལ་ནི་བུད་མེད་གཅིག་པུའི་སྟེང་བསྲུངབ་དང༌། སོག་པོས་རྐུས་མ་བྱས་ན་སྡོམ་པ་ཡོད་ཚུལ་འདོད་པ། རྒྱ་ནག་གིས་ཤ་མ་ཟོས་ན་སྡོམཔ་གཏང་གི་མེད་ཚུལ་འདོད་པ་དེ་འདྲའི་བཤད་སྲོལ་འདུག༼ བཞད་སྒྲ། ༽དེ་འདྲ་ཆགས་སོང་ན་ཆོས་འདུལ་བ་མ་ཤེས་པའི་རྟགས་རེད། དེས་ན་ང་ཚོས་ནམ་རྒྱུན་འདི་ནས་འདི་ཉནའདི་མི་ཉན་ཞེས་བཤད་པ་དེ་དག་གཞན་ཅིག་ལ་འཆད་བཞིན་འདུག་མི་བསམ་པར་རང་རངསོ་སོས་དང་དུ་བླངས་ནས་འདི་བྱས་ན་རུང༌། འདི་བྱས་ན་མི་རུང་བསམ་ནས་རང་རང་གིསགདམས་ངག་ལེན་དགོས། རྐུན་མའི་སྟེང་ལ་ཅིག་བཤད་ན་གཞན་ལ་རེད་མི་བསམ་པར་ངསརྐུན་མ་བྱེད་མི་ཉན་ང་དགེ་ཚུལ་སློང་ཞིག་ཡིན་བསམ་ནས་རང་ཐོག་ཏུ་ལེན་རྒྱུ་གལ་ཆེན་པོ་རེད། སྙིང་གཏམ་བཅུ་གཉིས་པ། རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ། །བགྲོ་གླེང་བསྟན་པའི་གད་བདར་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ཆོས་བརྒྱུད་དང་གྲུབ་མཐའ་འཛིན་པ་གང་དང་གང་ཡིན་ན་ཡང་རང་ཕྱོགས་ཧ་ཅངབཟང་རབས་དེ་ལས་ལྷག་ཅིག་མེད་རབས་དེ་ལས་ཡན་ཞིག་མེད་རབས། ཡང་རྩེ་ཡིན་རབསསོགས་ཐམས་ཅད་ཀྱིས་འཆད་བཞིན་ཡོད་པ་རེད། སྤྱིར་རང་རང་སོ་སོའི་གྲུབ་མཐའི་ཆེ་བ་བརྗོད་ན་ཡག་པོ་ཡིན་ན་ཡང༌། གཞན་པ་ཚོར་བཟང་བ་རེད་ངེད་ཅག་དེ་ལས་ཁྱད་འཕགསཞེས་བཤད་ན་བདག་བསྟོད་གཞན་སྨོད་འབྱུང་ཉེན་ཆེ་བར་མ་ཟད། ང་ལྟ་བུའི་སོ་སྐྱེ་འཆིངབ་ཀུན་ལྡན་ཞིག་གིས་བདག་འཛིན་གྱི་དབང་གིས་གཞན་སྨད་རང་བསྟོད་པ་བྱེད་ན་བདག་བསྟོད་གཞན་སྨོད་འབྱུང་ངེས་ཡིན། དེས་ན་རང་ཕྱོགས་བསྟོད་དེ་གཞན་ཕྱོགས་བཀག་ནསབགྲོ་གླེང་བྱེད་པ་ནི་བསྟན་པའི་གད་བདར་ཡིན་སྙམ་ཡང་རང་ཕྱོགས་དེ་མང་པོར་བསྟོད། གཞནཕྱོགས་ལ་དགག་པ་མང་པོ་བྱས་ན་གང་ཟག་གཞན་པ་མང་པོར་ཁོང་ཁྲོ་དང་ཞེ་སྡང་ཕྱོགས་རིསསྐྱེ་ཉེན་ཆེ་བ་འདུག དེས་ན་དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བས་སྨྲ་བཅད་བྱེད་པ་ཀུན་མཁྱེནཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །སྤྱིར་བཏང་ཆོས་ཀྱི་གནས་ཚུལ་ནི་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་དགོས། གཏན་ལ་འབེབས་པའི་གནསསྐབས་ན་རྩོད་པ་ཙམ་གྱིས་ཆེད་མིན་པར་གནས་ལུགས་གཏན་ལ་ཕབ་པའི་ཆེད་ཡིན་པར་ངོསཟིན་དགོས། དཔལ་ལྡན་ཟླ་བ་གྲགས་པས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའིཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་བསྟན་བཅོས་ལས་ལུང་དང་རིགས་པའི་སྒོ་ནས་དཔྱད་པ་ནི་རྩོད་ལ་ཆགས་པའི་ཆེད་ཙམ་མིན་པར་གཙོ་བོ་རྣམ་གྲོལ་ཐར་བ་ཐོབཔའི་ཆེད་དུ་བསྟན་པ་དང༌། ཆགས་སྡང་གི་རིས་སུ་བཅད་པའི་ཀུན་སློང་ངན་པར་མེད་པརཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལུང་རིགས་ཀྱི་སྒོ་ནས་གཏན་ལ་ཕབས་ན་གཞན་གྱི་གཞུང་ལུགསའཇིག་པར་འགྱུར་ཡང་ཉེས་པ་མེད་ཅིང༌། རང་གི་ལྟ་བ་ལ་ཆགས་པ་སྤངས། གཞན་གྱི་ལྟ་བསྡང་པ་སྤངས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པའི་རྣམ་དཔྱོད་དང་ལྡན་པའི་གང་ཟག་དེ་ནི་མྱུར་དུ་རྣམ་པར་གྲོལ་བ་ཐར་བ་ཐོབ་ཐུབ་ཅེས་གསུངས་སོ། །དེས་ན་ཆོས་ཀྱི་གནསཚུལ་ནི་རིགས་པས་གཏན་ལ་འབེབས་དགོས་ཏེ། རྗེ་བཙུན་བྱམས་པ་མགོན་པོའི་མདོ་སྡེ་རྒྱནལས།ཆོས་བཟང་རིགས་པའི་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཅེས་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམསཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར་ཆོས་ཀྱི་གནས་ལུགས་གཏན་ལ་འབེབསདགོས། ཡིན་ན་ཡང༌། ངེད་ཀྱི་གྲུབ་མཐའ་བཟང༌། གཞན་གྱི་གྲུབ་མཐའ་ངན་ཞེས་སྨོད་ནཉོན་མོངས་སྐྱེ་བའི་རྒྱུར་འགྲོ་བས་གཟབ་དགོས་འདུག བོད་ཀྱི་འདས་པའི་རྒྱབ་ལྗོངས་ལ་ཕྱིར་ བལྟས་ན་གྲུབ་མཐའི་ཆགས་སྡང་གི་དབང་གིས་འཁྲུག་རྩོད་སྣ་ཚོགས་བྱུང་བ་རེད། སྔ་འགྱུརསྐབས་བན་བོན་སྣ་ཚོགས་རྩོད་པ་བྱུང་བ་དང༌། བསྟན་པ་ཕྱི་དར་སྐབས་ས་སྐྱ་དང་ཕག་གྲུ་སོགསརྩོད་པ་སྣ་ཚོགས་བྱུང་བ། རྒྱལ་དབང་ལྔ་བའི་སྐུ་དུས་ལ་ཡང་འཁྲུག་རྩོད་སྣ་ཚོགས་བྱུང་ནསབསྟན་པ་ཉམས་ཆགས་མང་པོ་བྱུང་བའི་ལོ་རྒྱུས་འདུག དེའི་ཕྱིས་སུ་ཡང་སོག་པོས་དམག་བརྒྱབ་ནས་ཧ་ཅང་ཉམས་རྒུད་བྱུང་བའི་ལོ་རྒྱུས་ཡ་ང་བ་བྱུང་བ་རེད། དེ་དག་འབྱུང་རྐྱེན་གཙོབོ་གྲུབ་མཐའ་ཕན་ཚུན་བར་ཆགས་སྡང་གིས་རྩོད་པ་བྱས་པའི་གྲུབ་འབྲས་ཡིན་ལ། ཆགསསྡང་རྩོད་ན་མཐུན་སྒྲིལ་མེད་པར་ཆགས། མཐུན་སྒྲིལ་མེད་ན་གཞན་གྱིས་ལག་བསྐྱངས་ནསརང་གི་ནུས་སྟོབས་ཉམས་སོང་བ་ཡིན་པས། ཆོས་འཇིག་རྟེན་གང་གི་ཐད་ནས་ཀྱང་བསྟནཔ་དང་གྲུབ་མཐའ་མི་རྩོད་རྒྱུ་གལ་ཆེན་ཡིན་པའོ། །ང་རང་གི་མི་ཚེའི་ནང་མཚོན་ན་ངའི་དགོནཔ་ནི་སྔོན་སྔ་འགྱུར་རྙིང་མ་ཧ་ཅང་ཤུགས་ཆེ་བ་རེད། སྔོན་ཀཿ་ཐོག་དགོན་གྱི་དགོན་ལག་ཡིནལ། དེའི་ཕྱིས་སུ་དུས་འཁོར་གྱི་སྦྱོར་དྲུག་བཙུགས་ནས་ཇོ་ནང་དགོན་པར་ཆགས་འདུག དེའིདབང་གིས་དགོན་པའི་ནང་ཚོགས་དུས་མཆོད་སྐབས་སྐུ་གསུམ་མཆོད་པ་སོགས་རྒྱུན་པར་ཞལ་འདོན་གནང་བས་སྐུ་གསུམ་ཆོ་ག་དག་ཆུང་དུས་དབུ་མཛད་གནང་དགོས་རུང་དཀའ་ངལཆེར་མི་འདུག དེའི་རྗེས་སུ་མཁན་པོ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་ཀྱི་མདུནནས་སྙིང་ཐིག་ཡ་བཞིའི་དབང་ལུང་སོགས་ཉིན་བཅུ་བཞི་ཡས་མས་ཤིག་ལ་ཞུས་པ་ཡིན། མགོལོག་ཕྱོགས་རྙིང་མ་ཤུགས་ཆེ་བས་ཆུང་དུས་ནས་རྙིང་མ་ལ་དད་འདུན་ཡོད་པ་ཡིན། ཇོ་ནངཔར་མཚོན་ན་ཇོ་ནང་གི་དུས་འཁོར་སྦྱོར་དྲུག་ལ་བསྡད་ནས་ཇོ་ནང་གི་བླ་མ་མང་པོའི་མདུནནས་ཆོས་ཞུས་པ་ཡིན། རི་བོ་དགེ་ལྡན་པར་མཚོན་ན་ལོ་བཅུ་གཉིས་བཅུ་གསུམ་ཞིག་ལ་ནངབསྟན་གྱི་གཞུང་ལ་བག་ཆགས་རེ་འཇོག་ཁུལ་བྱས། ཉི་མ་རེ་རེ་ལ་རི་བོ་དགེ་ལུགས་པའི་དགེབཤེས་དག་གིས་དཔེ་ཁྲིད་གནང༌། བཀའ་དྲིན་གཞལ་ན་བཀའ་དྲིན་གཞལ་མཐའ་དང་བྲལབ་ཞིག་ཡིན། དེ་ནས་བཀའ་བརྒྱུད་པར་མཚོན་ན་ང་རྒྱ་གར་ནས་མར་འོང་ནས་དགོན་སྡེ་ཁཅིག་ལ་དཔེ་ཁྲིད་བྱས་པ་ཡིན། རྙིང་མའི་ཕྱོགས་ཀྱི་དགོན་སྡེ་ཁ་ཤས་ལ་ཡང་དཔེ་ཁྲིད་བྱསཔ་ཡིན། དེས་ན་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་བསྟན་པར་ཞབས་ཕྱི་གནང་འདོད་ཡོད། མ་འོངསཔར་ཡང་བསྟན་པར་ཕྱོགས་རིས་མི་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གི་ཡོད། རང་རང་སོ་སོའིགྲུབ་མཐའི་གཞི་ལམ་འབྲས་གསུམ་ཤེས་ནས་རང་གི་བསྟན་པ་འཛིན་ན་ཡག་པོ་འདུག དེ་མིན་གྲུབ་མཐའ་ཆགས་སྡང་རྩོད་མཁན་ཚོས་རང་རང་གི་གྲུབ་མཐའི་གཞི་ལམ་འབྲས་གསུམདང་ལྟ་སྒོམ་སྤྱོད་གསུམ་གང་ཡང་མ་ཤེས་པར་རྩོད་བཞིན་འདུག རང་གི་གྲུབ་མཐའ་ཆེན་པོཞིག་ཡིན་བསམ། གཞན་གྱི་གྲུབ་མཐའ་ངན་པ་ཡིན་པར་རློམས་ནས་གྲུབ་མཐའ་གཞན་པར་སྐྱེས་བུ་དམ་པ་ཞིག་ཡོད་ན་མཚན་ནས་སྨོད། མགོ་གནོན་ཨེ་ཐུབ་བལྟ་བ་རེད། དེ་འདྲའི་སྐོརགནང་མཁན་ནི་དམིགས་ཡུལ་ངན་པ་དང༌། ཀུན་སློང་བཙོག་པ་རེད། དེས་ན་གྲུབ་མཐའ་མི་རྩོད་རྒྱུ་གལ་ཆེན་ཡིན། བརྟག་དཔྱད་བྱས་ནས་ལུང་རིགས་རྣམ་དག་གི་སྒོ་ནས་རྩོད་པ་གནངན་ཡག་པོ་འདུག གྲྭ་སའི་སློབ་གཉེར་བ་ཚོར་མཚོན་ན་གུ་ཡངས་ཡིན་པ་དང་དྲང་བདེན་ཡོདཔར་ཆགས་འདུག་ཡོད་ལ། ནམ་རྒྱུན་ཆོས་རའི་ནང་ནས་ཆོས་ཀྱི་གནས་ཚུལ་གཏན་ལ་ཕབས། ཆེད་དུ་གཞི་ལམ་འབྲས་གསུམ་སྐོར་སྦྱོང་བཞིན་ཡོད་པས་ཕན་ཚུན་བར་ཆེན་པོ་གནོད་པ་ཐེབསམི་ཐུབ། ང་རང་མཚོན་ན་ཡང༌། གྲྭ་ས་ནས་འཛིན་གྲྭ་གོང་འོག་གི་དཔེ་ཆ་བ་ཡག་པོ་དག་བཀའདྲིན་ཆེ་བསམ་གི་ཡོད། དེ་མིན་གཞན་ཞིག་ཡིན་ན་ལུང་རིགས་རྣམ་དག་ཡོད་ན་ཡང༌། མི་དེའིཁམས་དང་བསྟུན་ནས་བཤད་དགོས་པ་རེད་མ་གཏོགས། མི་དེ་ཁོང་ཁྲོ་ལངས་འགྲོ་ལ། ངསཁ་སང་གོང་ནས་ཞུས་པ་ལྟར་སྐད་ཆ་ཞིག་བཤད་ན་ཡང་གནས་ལུགས་དང་རྒྱུ་མཚན་ཇི་འདྲབཤད་ཀྱང་བཤད་ས་མི་འགྲོ་བ་ཡོད་པ་རེད། ང་ཚོའི་སློབ་གཉེར་བ་ཚོས་ཀྱང་གཞན་ལ་ངསགནས་ལུགས་བཤད་ཡོད། རྒྱུ་མཚན་བཤད་ཡོད་ཅེས་རྩ་ཆེན་ཞིག་བརྩི་ན་ཡང༌། གཞན་གྱིསགནས་ལུགས་དང་རྒྱུ་མཚན་རྩ་ཆེན་དུ་མི་བརྩི་བར་ཁོ་རང་གི་ཞེན་ཕྱོགས་དང་འདོད་ཕྱོགསཙམ་གཙོ་བོར་བྱས་ན་གནས་ལུགས་བཤད་ས་མི་འགྲོ་སྟེ། ལོག་པའི་ལམ་དུ་ཞུགས་གྱུར་ན། །འཕགས་པས་ཀྱང་ནི་ཟློག་མི་ནུས། །ཞེས་གསུངས་པ་ལྟར་དེ་འདྲའི་སྐོར་ནི་བཏང་སྙོམས་སུབཞག་ན་འགྲིག་འདུག་ཡོད་ཅིང༌། ཡིན་ན་ཡང༌། བསྟན་པའི་དོན་ལ་བསམ་ཕོད་པ་བཤདཕོད་པ་སྒྲུབ་ཕོད་པ་ཞིག་གནང་དགོས། ཉན་ཐོས་ལྟ་བུ་ཞིག་ཡིན་ན་རང་དོན་རྐྱང་བ་དོན་དུགཉེར་བས་ན་གཞན་དོན་ལ་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཞིག་མིན་ཀྱང་ཆོག ཡིན་ན་ཡང༌། གཞན་དོན་དོན་དུ་གཉེར་མཁན་ཞིག་ཡིན་པའི་ངོས་ནས་བཤད་ཕོད་པ་དང་སྒྲུབ་ཕོད་པ་གནངདགོས་པ་རེད་མ་གཏོགས་རང་འདུག་འདུག་ན་གཞན་ལ་ཕན་ཡང་མི་ཐོགས་ལ། བསྟན་པཡང་འཕེལ་རྒྱས་སུ་གཏོང་མི་ཐུབ། ང་ཚོ་ཇོ་ནང་པར་མཚོན་ན་སྔོན་བྱོན་སྐྱེས་བུ་མང་པོ་རི་ཁྲོདལ་ཕེབས་སོང་བ་དང་ཐོས་བསམ་མ་བྱས་པའི་དབང་གིས་བསྟན་པ་ཉམས་ཆག་སོང་བ་རེད། འཆད་ཉན་མི་བྱེད་པར་ཐམས་ཅད་ཀྱི་སྨྲ་བཅད་གནང་བ་རེད། འདིར་སྨྲ་བཅད་བྱེད་པ་ཁོ་བོའིསྙིང་གཏམ་ཡིན་ཞེས་གསུངས་པ་རེད་དེ། ང་ཚོ་ཇོ་ནང་པ་ལྟ་བུས་ཆོས་སྨྲ་བཅད་བྱས་ན་བསྟནཔ་ཉམས་འཇིག་འགྲོ་ངེས་ཡིན།༼ བཞད་སྒྲ། ༽ ཆོས་འཆད་ཉན་ཤེས་མཁན་ཚོས་གཞནལ་འཆད་ཉན་མ་བྱས་པར་རི་ཁྲོད་ལ་ཕེབས། མི་ཤེས་མཁན་ཚོས་འཇིག་རྟེན་ཞིག་བསྒྲུབ། རང་ཉིད་རྒྱས་སྤྲོས་རེ་བྱེད་ནས་འདུག་པ་ཡིན་ན་བསྟན་པ་ཉམས་འཇིག་ལ་འགྲོ་བ་རེད། སྙིང་གཏམ་བཅུ་གསུམ་པ། བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང༌། །རང་བསྟོད་གཞན་སྨོད་ཆགས་སྡང་དག་གི་རྒྱུ། །ཐམས་ཅད་བསྐྱུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་རང་གི་བླ་མ་དེ་བཟང་ཞེས་སྤྱིར་བསྟོད་ན་ལེགས་ལ།རང་རང་སོ་སོའི་བླ་མ་ལ་དདཔ་དག་སྣང་ཡོད། མོས་པ་ཡོད་ན་ཡོན་ཏན་བརྗོད་ན་ཡག་པོ་འདུག བླ་མ་ལ་དད་པ་དག་སྣངདང་མོས་པ་ཡོད་མེད། དེ་ལ་བསྟོད་བཀུར་བསྔགས་གསུམ་བྱེད་མིན་ལས་རྟོགས་ཐུབ་ཅིང༌།བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་སུ་མོས་པ་སྒོམ་ལམ་གྱི་ཕན་ཡོན་བཤད་སྐབས་བསྟོདབཀུར་བསྔགས་གསུམ་བཤད་པ་ལྟར། མོས་པ་ཇི་འདྲའི་ཆེ་ན་དེ་ལྟའི་བསྟོད་བཀུར་བསྔགསགསུམ་འོང་བ། དེ་ནང་བཞིན་རྗེ་ཏཱ་ར་ནཱ་ཐས། སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བརྗོདན་དངོས་གྲུབ་སྟེ། །སྐྱོན་བརྗོད་པ་ལས་དངོས་གྲུབ་ཉམས། །ཞེས་གསུངས་པ་ལྟར་རེད། ཡིནན་ཡང༌། རང་གི་བླ་མ་བཟང་ཞེས་བསྟོད། གཞན་གྱི་བླ་མ་ངན་ཞེས་སྨོད་ན་མི་ཆོས་དང་ལྷ་ཆོསགང་ལ་ཡང་མི་འགྲིག་སྟེ། མི་ཆོས་ཀྱི་ཐད་ནས་གཞན་གྱི་བླ་མ་དང་གཞན་གྱི་ཚོགས་དཔོནདེ་ཇི་འདྲའི་ངན་ཡང་དེ་ལ་ཕྱག་དང་གུས་བཀུར་དགོས་ཞེས་སྔོན་བྱོན་དམ་པ་ཚོས་གསུངས་སོ། །གཞན་གྱི་བླ་མ་དང་གཞན་གྱི་ཆོས་བརྒྱུད་ཀྱི་སྔོན་གྱི་བརྒྱུད་པ་འཛིན་པ་དག་ལ་སྨད་པར་མཟད། དེ་ཚོའི་ཆོས་དེ་དག་ཕྱི་རོལ་བའི་ཆོས་ཡིན་པ་རེད་དེ་ལ་ཞུགས་མི་ཉན་ཞེས་སློབ་གསོངན་པ་གཏོང་མཁན་ཡང་འདུག སྔོན་གྱི་ས་དགེ་རྙིང་གསུམ་རིས་སུ་མ་ཆད་པའི་མཁས་པ་ཆེན་པོ་དག་གིས་ཀྱང་རང་རང་གི་གྲུབ་མཐའ་དེ་ཐོག་མ་དང་མཐོ་ཤོས་ཡིན་པར་བཤད། གཞནགྱི་གྲུབ་མཐའ་དེ་དམའ་སར་བཞག་འདུག་ཡོད། ཡིན་ན་ཡང་དེ་ལ་དགོས་པ་དགོངས་གཞིཡོད་རྒྱུ་རེད་དེ། ཕྱི་རོལ་བའི་ཆོས་རེད་ཟེར་ནས་སྨོད་ན་ཁྱོན་ནས་ཡག་པོ་མི་འདུག ཉོག་དྲ་ཚབོ་རེད། དེ་ནས་གྲུབ་མཐའ་སོགས་ལ་སྨོད་པ་གོང་ནས་ཞུས་ཚར་བ་ལྟར་ཕྱོགས་རིས་ཁ་འཛིནབྱས་པ་དེ་ཞབས་ཏོག་ཡིན་སྙམ་ཡང་ཞབས་ཏོག་མིན་པར་གསུངས་ལ། གུང་ཐང་རིན་པོ་ཆེས། བསྟན་པའི་བྱ་བར་སྒྲོ་བཏགས་ནས། །ཆགས་སྡང་རུ་མར་སོང་བ་ཡི་རེ་མུག །ཞེས་གསུངསཔ་ལྟར་བསྟན་པའི་བྱ་བ་ལ་སྒྲོ་བཏགས་ནས་ཕན་ཚུན་སྒྲོ་འདོགས་སྣ་ཚོགས་བྱས། དྲང་མོརབཤད་ན་ཁ་སང་དེ་རིང་དགོན་སྡེ་མང་ཆེ་བ་རང་གི་ཉེ་འཁོར་གྱི་དགོན་སྡེ་དང་མི་མཐུན་པ་རྐྱང་རྐྱང་རེད། ཁ་ནས་འགྲིག་རབས་དང་མཐུན་རབས་གླེང་ཡང་སེམས་གཏིང་ནས་དོན་གྱིསམཐུན་སྒྲིལ་མེད་པ་ཆགས་འདུག དེས་ན་རང་བསྟོད་པ་དང་གཞན་སྨོད་པ་ནི་ཆགས་སྡང་དགགིས་རྒྱུ་ཡིན་པས་གྲུབ་མཐའི་ཆགས་སྡང་རྩོད་པ་སོགས་ཐམས་ཅད་བསྐྱུར་བ་ཀུན་མཁྱེན་ཀློངཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །སྤྱིར་ཆོས་རང་རང་མོས་པའི་ངོ་ལ་ཟབ་ཅེས་གསུངས་པ་ལྟར་རང་ཉིད་གང་ལ་མོས་པ་དང་དད་འདུན་ཡོད་པའི་ཆོས་བརྒྱུད་རང་གི་ངོར་ཟབ་པ་མ་གཏོགས། སྤྱིའི་ཆ་ནས་བསྟན་པ་ལ་བཟང་ངན་ཆེན་པོ་མེད་པ་ཡིན་པརསངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལབྱ་རང་རང་སོ་སོའི་དབང་གིས་ཐེག་པ་དམན་པ་ལ་ཐེག་དམན་གྱི་ཆོས་གསུངས། ཐེག་ཆེནཔ་ལ་ཐེག་ཆེན་གྱི་ཆོས་གསུངས་པ་དང་ཤིན་ཏུ་དབང་བོ་རྣོན་པོ་ལ་སྔགས་ཀྱི་ཐེག་པ་གསུངསཔ་རེད། དེས་ན་གདུལ་བྱའི་དབང་གིས་རེད་མ་གཏོགས་བསྟན་པ་ལ་བཟང་ངན་ཡོད་པས་མིན་ནོ། །མདོར་ན་ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འདུས། །ཞེས་གསུངས་པ་ལྟར་ཐར་བ་ཐོབ་པའི་ཐབས་སུ་འགྲོ་བ་ལ་ཐམས་ཅད་གཅིག་པ་ཡིན། རྗེཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཤངས་བའི་ཆོས་འབྱུང་གི་སྐབས་སུ་ཉམས་སུ་ལེན་ན་མཐུནའགྲོ་ཞེས་གསུངས་པ་ལྟར་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་མང་པོ་གསུངས་ཀྱང༌། ཐམས་ཅད་ཉམས་སུ་ལེན་པ་ན་སྤྲོས་བྲལ་དུ་ཉམས་སུ་ལེན་དགོས་པས་དེས་ན་ཉམས་སུ་བླངས་ནམཐུན་འགྲོ་བ་རེད། དེས་ན་ཆོས་ལུགས་ཀྱི་གྲུབ་མཐའི་ཆགས་སྡང་མི་རྩོད་རྒྱུ་གལ་ཆེན་པོ་ཡིན་པར་མ་ཟད། ལྷག་ཏུ་དེང་སང་དགོས་སུ་གལ་ཆེན་འདུགཁ་སང་དེ་རིང་དྲྭ་ཐོག་ནས་ཆབསྲིད་ཀྱི་དབང་གིས་བསམ་བཞིན་དུ་ཉོག་དྲ་སློང་མཁན་མང་པོ་འོང་གི་འདུག མི་གཅིག་གིསམི་སྣ་མང་པོ་བརྫུས་ནས་དཀྲུགས་ཤིང་བཏང་གི་འདུག དཀྲུགས་ཤིང་གཏོང་ན་འཐོར་ཞིགགི་རྣམ་པ་འགྲོ་བས་ཆེད་ལས་ཀྱིས་དེ་འདྲ་བྱེད་མཁན་ཡོད་སྲིད་པས་ཅི་བཤད་རུང་བཏང་སྙོམསསུ་འཇོག་དགོས། གཞན་གྱིས་ངན་ཞེས་ཇི་ལྟར་སྨོད་རུང་རང་རང་སོ་སོས་བློ་མི་ཕམ། སེམསམི་ཞུམ་པར་རང་གིས་སྤོབས་པ་བསྐྱེད་ནས་མདུན་ནས་མདུན་དུ་འགྲོ་དགོས་པ་རེད་མ་གཏོགསགཞན་གྱིས་ཅིག་བཤད་ན་དེས་དབང་གི་རང་ཉིད་བག་འཁུམས་ནས་བྱ་བ་དེ་འདོར་འགྲོ་བཞིནའདུག དེས་ན་རང་གིས་ཤུགས་རྒྱབ། མདུན་བསྐྱོད་བྱེད། གཞན་གྱིས་བར་ཆད་ཅི་བྱས་ཀྱངསྣང་མེད་དུ་བསྐྱུར་ནས་འགྲོ་དགོས། བསྟན་པའི་སྐུ་རིམ་ངོ་མ་དེ་ཡང་བྱ་བའི་དཀའ་ངལ་ཇིའདྲ་འཕྲད་ཀྱང་སྙིང་སྟོབས་དང་སྤོབས་པ་ཡོད་ན་བསྟན་པའི་སྐུ་རིམ་ངོ་མ་རེད། བྱ་བ་ཅི་བྱསཀྱང་མཇུག་འཁྱོངས་དགོས་པ་རེད་མ་གཏོགས་འཇིག་རྟེན་ཁ་དཔེར་ཆོས་ཀྱི་མཐར་དཀའ། བྱ་བའི་འགོ་དཀའ་ཟེར་བ་ལྟར་སློབ་གཉེར་བ་སུ་ཡིན་ཡང་དང་པོ་ལོ་གཅིག་གཉིས་ཤིག་ལདཔེ་ཆ་བལྟ་རུང༌། རིམ་གྱིས་རིམ་གྱིས་མཐའ་མི་འཁྱོངས་བ་ཆགས་འགྲོ་འདུག དེས་ན་བྱ་བརྒྱུན་སྐྱོང་བྱེད་རྒྱུ་གལ་ཆེན་རེད། ཁ་ཅིག་གིས་ལྷག་བསམ་རྣམ་དག་གི་སྒང་ནས་ལོ་ཁ་ཤསརེ་བྱ་བ་ཡག་པོ་རེ་འགོ་བཟུང་ན་ཡང༌། དེའི་རྗེས་ནས་སེམས་ཤུགས་ཉམས་ནས་བྱ་བ་དེ་འདོར་འགྲོ་གིན་འདུག བྱ་བ་ཞིག་འགོ་བརྩམས་པ་ནས་བཟུང་སྟེ་མཐར་ཕྱིན་པ་བྱ་དགོས། ཡིན་ན་ཡང༌། བྱ་བ་དེ་མཇུག་འབྲས་ཡག་པོ་ཞིག་མེད་ན་ལམ་སེང་འདོར་དགོས་པ་རེད་མགཏོགས་ངས་སྔོན་མ་འགོ་བཟུང་ཚར་ཟེར་ནས་མཐར་ཕྱིན་པར་བྱ་དགོས་ཟེར་ན་གླེན་རྟགསརེད། ཆོས་རའི་ནང་ཁས་ལེན་རྒྱབ་ན་ཡང་ཁས་ལེན་ཡག་པོ་མེད། ལུང་རིགས་ཀྱིས་གནོདབྱེད་ཐོན་ན་དམ་བཅའ་འབུད་དགོས་པ་རེད། གལ་སྲིད་བྱ་བ་མཇུག་འབྲས་ཡག་པོ་ཅན་ཞིགཡིན་པ་ཐག་ཆོད་པ་ནས་བཟུང་དཔེར་ན་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལྟ་བུ་ཚེ་འདི་ཕྱི་གངལ་ཡང་ཕན་ངེས་ཀྱི་བྱ་བ། དེ་འདྲའི་བྱ་བ་ནི་སྲོག་ལ་བབས་ཀྱང་སྤོབས་པ་དང་ཆོད་སེམས་བརྟན་པོའི་སྒོ་ནས་མཐར་ཕྱིན་པར་བྱ་དགོས། དེའི་ལམ་ལ་བསྐྱོད་དགོས་པ་རེད། དེས་ན་བྱ་བའི་ལེགས་ཉེས་ཤེས་པར་བྱ་དགོས། གྲགས་པ་ཙམ་གྱིས་རྗེས་འབྲང་མི་རུང་བ། དཔེརན་ཁྱི་ཞིག་ཟུག་ན་ཐམས་ཅད་དེའི་རྗེས་འབྲང་ནས་ཟུག་འགྲོ་བ་ལྟ་བུ་དང་རི་བོང་ཅལ་འདྲོགསལྟ་བུ་མི་བྱེད་པར་ཐམས་ཅད་ལ་བརྟག་དཔྱད་བྱས་ནས་འཇུག་དགོས་པ་རེད། དེ་རིང་འདིརམཚམས་འཇོག་གི་ཡིན། སྙིང་གཏམ་བཅུ་བཞི་བ། ཐོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། །གཞན་སྐྱོན་བརྟགས་པ་ཤེས་རབ་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་རང་སྡིག་གསོག་པའི་རྒྱུ། །དག་སྣང་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཐོས་པའི་ཤེས་རབ་ལ་བརྟེན་ནས་གཞན་སྐྱོན་བརྟགསཔ་ནི་ཤེས་རབ་ཡིན་སྙམ་ཡང༌། གཞན་སྐྱོན་བརྟགས་པ་དེ་ལ་བརྟེན་ནས་རང་སྡིག་གསོག་པསདག་སྣང་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན་གསུངས་པའོ། །རང་རང་སོ་སོའི་ལས་སྣང་མ་དགཔའི་དབང་གིས་གཞན་ལ་སྐྱོན་མེད་ན་ཡང༌། སྐྱོན་དུ་སྣང་བ། དཔེར་ན་རླན་གཤེར་ཕོར་གངཡི་དྭགས་ལ་རྣག་ཁྲག་སྣང་བ་དང་ལྷ་ལ་བདུད་རྩི་སྣང་བ་མི་ལ་ཆུ་སྣང་བ་ལྟར། ལས་སྣང་མདག་པའི་དབང་གིས་གཞན་སྐྱོན་ཅན་དུ་སྣང་ཡང༌། སྐྱོན་ཅན་ཡིན་མིན་ཅི་རིགས་ཡོད་པ་རེད། གཞན་སྐྱོན་བརྟགས་པ་ཤེས་རབ་ཡིན་པར་སྙམ་ན་ཡང༌། དེ་ལ་བརྟེན་ནས་རང་སྡིག་གསོགཉེན་ཆེ་བ། དོན་དུ་བྱང་སེམས་ཡིན་ན་ཡང༌། ལས་སྣང་མ་དག་པའི་དབང་གིས་སྒྲོ་སྐུར་སྣ་ཚོགསབྱས་ནས་རང་སྡིག་བསགས་ན། ཆགས་མེད་བདེན་སྨོན་ལས། ཁམས་གསུམ་སེམས་ཅན་བསདལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུར་བ་བཏབ། །ཅེས་གསུངས་པ་ལྟརསྡིག་པ་ཧ་ལས་པའི་ལྕི་བས་རང་རང་གི་དགེ་བའི་བཤེས་གཉེན་ཡང་སྐྱོན་ཅན་དུ་སྣང་སྟེ་སྐྱོནཅན་དུ་བཟུང་བ་སོགས་བྱེད་ན་རང་སྡིག་གསོག་པའི་རྒྱུར་འགྲོ་བ། དེའི་རྒྱུ་མཚན་གྱིས་རངརང་གིས་མ་མཐོང་བའི་དབང་གིས་དེ་ལ་ཡོན་ཏན་མེད་ཅེས་བཤད་པ་དང༌། ལས་སྣང་མ་དགཔའི་དབང་གིས་སེམས་ཅན་དེ་དག་སྐྱོན་དང་བཅས་པར་སྣང་མི་རུང༌། རྒྱས་པའི་བསྟན་བཅོསཚད་མ་རྣམ་འགྲེལ་སོགས་ལས་མི་སྣང་བ་མ་དམིགས་པའི་རྟགས་བཤད་པའི་དགོས་པ་ཡངམ་མཐོང་བ་ལ་མེད་ཅེས་བརྗོད་མི་རུང་བར་བསྟན་པའོ། །དེས་ན་དག་སྣང་སྦྱོང་རྒྱུ་གལ་ཆེནརེད། དག་སྣང་སྦྱོང་སྟངས་ཡང་སེམས་ཀྱིས་དག་སྣང་སྦྱོང་དགོས། སྤྱིར་དག་སྣང་དང་དངོསཡོད་གནས་ཚུལ་གཉིས་ལ་མི་འདྲ་བ་མང་སྟེ། བསྐྱེད་རིམ་སོགས་སྒོམ་པའི་སྐབས་དག་སྣངབྱེད་པ་དང་དངོས་ཡོད་གནས་ཚུལ་མི་འདྲ་བ་མང་པོ་འདུག ཡིན་ན་ཡང༌། སྐབས་ཀུན་ཏུ་དགསྣང་བྱེད་དགོས་པ་མེད་དེ། མི་ཞིག་གིས་མི་དགེ་བཅུ་ལ་སྤྱད་ན་དག་སྣང་སྦྱོང་དགོས་ཞེས་སྐྱབསསུ་མཆི་དང་ལེགས་སོ་ཟེར་མི་རུང་བ་དང༌། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཁོང་གི་མིཚེའི་ནང་སྐྱོན་ཅན་ལ་ངོ་བསྟོད་བཤད་ནས་བཟང་གི་ཞེས་བཤད་མྱོང་མེད་ཅེས་དང༌། བཟངཔོ་ལ་སྐྱོན་བརྗོད་ཕྲག་དོག་ཀྱང་བྱེད་མྱོང་མེད་ཅེས་གསུངས་འདུག སྤྱིར་དག་སྣང་སྦྱོང་རྒྱུ་གལཆེན་ཡིན་ན་ཡང༌། བསྟན་པ་ལ་གནོད་པའི་འགལ་རྐྱེན་བར་ཆད་དུ་གྱུར་ན་མི་རུང༌། རང་རྒྱུདཀྱི་སྐྱོན་གཅིག་ཀྱང་མི་བརྟགས་པར་གཞན་སྐྱོན་རྐྱང་རྐྱང་འཚོལ་ན་མི་འགྲིག་པས་རང་ལ་སྐྱོནཡོད་མེད་བརྟགས། སྐྱོན་ཡོད་ན་དེ་སྤང་དགོས་པ་དང༌། སྙིང་གཏམ་སུམ་ཅུ་བ་འདིར་བླང་བྱདང་དགག་བྱ་གཉིས་རེ་གཉིས་རེ་བྱས་ནས་གསུངས་པ་རེད། དེའི་ནང་ནས་བླང་བྱ་དག་ཅི་ཐུབ་ཀྱིས་བླངས། དགག་བྱ་དག་ཅི་ཐུབ་ཀྱིས་འདོར་དགོས། འདིར་དག་སྣང་སྦྱོང་དགོས་ཞེསགསུངས་ན་ཡང༌། བསྟན་པ་བཤིག་མཁན་དང་བསྟན་པ་འཆོལ་ཉོག་གཏོང་མཁན་དག་ལ་དགསྣང་སྦྱོང་བ་ནི་བསྟན་པར་མི་སེམས་པ་དང་སེམས་ཅན་གྱི་བདེ་སྐྱིད་མི་སེམས་པས་ཡིན་ནོ། །འདི་ཡན་ཆོད་མདོ་སྔགས་གཉིས་ཀྱི་ནང་ནས་གཙོ་བོ་མདོ་ཕྱོགས་ཀྱི་བསླབ་བྱ་བསྟན་པ་རེད། སྙིང་གཏམ་བཅོ་ལྔ་པ། སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང༌། །ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད། །ཟུང་འཇུག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་འདི་མན་ཆད་མདོ་སྔགས་གཉིས་ཀྱི་ནང་ནས་གཙོ་བོ་སྔགས་ཕྱོགས་ཀྱི་བསླབ་བྱ་བསྟནཔའོ། །དེས་ན་མི་འགའ་རེས་སྤྲོས་བྲལ་རེད། ཀ་དག་རེད། སྟོང་བ་རེད། སྟོང་བ་ཆེན་པོ་རེདཅེས་བཤད་དེ་ལས་འབྲས་ཁྱད་དུ་བསད། སྟོང་བ་རེད་ཟེར་ནས་ལས་འབྲས་མེད་པར་བཤད། དགེ་བས་ཕན་མ་བཏགས། སྡིག་པས་གནོད་མ་བསྐྱལ་ཟེར་ནས་སྟོང་སྐད་སྣ་ཚོགས་ཀྱིས་ལསའབྲས་ཁྱད་དུ་བསད་ན་མི་ལེགས། ལྟ་བ་ཇི་འདྲའི་མཐོ་ཡང་ལས་འབྲས་བག་ཕྱེ་ལས་ཀྱངཞིབ་དགོས་ཞེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྟ་བ་ནམ་མཁའ་ལས་མཐོ་ཡང༌། ལསརྒྱུ་འབྲས་བག་ཕྱེ་ལས་ཀྱང་ཞིབ་དགོས་ཞེས་གསུངས་པ་ལྟར་ལས་འབྲས་ཁྱད་དུ་བསད་མི་རུང༌། ཐམས་ཅད་སྟོང་བ་ཞེས་བཤད་ཀྱང་སྡིག་པའི་དབང་གིས་དམྱལ་བར་འགྲོ་དགོས་པ་དང༌། དགེ་བའི་དབང་གིས་བདེ་བར་འགྲོ་བ་རེད། དམྱལ་བ་སྟོང་བ་ཡིན་ཡང༌། དམྱལ་བལྷུང་མཁན་ཚོས་སྡུག་བསྔལ་མྱོང་དགོས། སྟོང་བ་རེད་ཅེས་མེད་པར་སྨྲ་རུང་གི་མ་རེད། སྣངསྟོང་ཟུང་འཇུག་གནང་ཐུབ་དགོས་པ་རེད་མ་གཏོགས། སྟོང་བའི་རྣམ་བཞག་འཇོག་དུས་སྣངབ་བཞག་མ་ཐུབ། སྣང་བའི་རྣམ་བཞག་འཇོག་དུས་སྟོང་བ་འཇོག་མ་ཐུབ་པར་རིས་སུ་ཆདསོང་ན། སྣང་སྟོང་ཟུང་འཇུག་འཇོག་མི་ཐུབ། དེས་ན་ཐམས་ཅད་སྟོང་བ་ཡིན་ཡང༌། ལསའབྲས་བྱ་བྱེད་སྙོན་དུ་མེད་པ་ཡིན་པ་རེད་མ་གཏོགས་སྟོང་སྐད་སྣ་ཚོགས་བཤད་ནས་ལས་རྒྱུ་འབྲས་མེད། ཚེ་སྔ་ཕྱི་མེད་ཐམས་ཅད་སྟོང་བ་རེད་ཟེར་ནས་མིག་གོར་གོར་བྱས། མིག་གིསགྱེན་བལྟས་བྱས་ནས་བཤད་མཁན་མང་པོ་འདུག སློབ་གཉེར་བ་ཚོའི་གྲལ་ན་དེ་འདྲ་བཤདམཁན་མང་པོ་མི་འདུག་མོད། རེད་དེ། ཁ་ཤས་ཀྱིས་ཆོས་ཀྱི་ངོ་མ་འཕྲོད་པས་དབང་གིས་དགགབྱའི་མཚམས་མ་ཟིན་པར་ཀུན་རྫོབ་ལས་འབྲས་ཆ་ཚང་མེད་ཅེས་སྟོང་བའི་ཕྱོགས་ནས་བཤདམཁན་འོང་སྲིད་པ་རེད། དེས་ན་གཟབ་དགོས་པ་རེད་མ་གཏོགས་སྔོན་མ་ཞིག་ལ་བླ་མ་ཞིགགིས་ཆོས་བཤད་ནས་འཁོར་གསུམ་བདེན་པར་མེད་སྟངས་སྐོར་སྟོང་སྐད་སྣ་ཚོགས་བཤད་ནས་ཆོས་ཉན་མཁན་རྒད་པོ་ཞིག་ཕར་སོང་ནས་ཁོས་ལུག་ཅིག་བཤས་ཏེ། ཁོས་ལུག་དེ་ལཁྱོད་ཅེས་བསད་བྱ་ཡང་ཡོད་པ་མ་རེད། ང་ཞེས་གསོད་མཁན་ཡང་མེད་ཅེས་བཤད་པ་རེད། ༼ བཞད་སྒྲ། ༽ཆད་མཐར་ལྟུང་ཟེར་བ་དེ་རེད། དེས་ན་སྟོང་བ་རེད་ཟེར་ནས་གཏན་ནས་མེད་པ་ཞིག་བཟུང་ན་ཆད་མཐར་ལྟུང་ཉེན་ཆེ་བ་འདུག རྒྱ་ནག་ནང་ཁ་ཤས་ཀྱིས་སྟོང་བ་རེདཟེར་ནས་རྒྱ་མི་ཁ་ཤས་ཀྱིས་དྲི་བ་གནང་གི་འདུག སྟོང་བ་རེད། མེད་པ་རེད་ཨ། དེས་ན་དགེབ་བསྒྲུབ་པ་ལ་ཕན་ཐོགས་མི་འདུག་ཨ་ཟེར་ནས་ཆད་མཐའ་ལྟུང་གིན་འདུག དེས་ན་ཆོས་ཀྱིབྱ་བ་སོགས་མེད་ཅེས་སྨྲ་བ་ནི་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང༌། དེས་ཚོགས་གཉིས་སྤངསའགྲོ་བས་ཉམས་སུ་ལེན་པའི་སྐལ་བ་ཆད་འགྲོ་བ། ཆད་མཐར་ལྟུང་ངེས་ཡིན་པ་དང༌། ཆདམཐར་ལྟུང་བས་བསོད་ནམས་ཀྱི་ཚོགས་གཏན་ནས་མེད་པའི་གང་ཟག་ནི་དམྱལ་བར་འགྲོ་ཞེས་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསུངས་འདུག དཔལ་མགོན་འཕགས་པ་ཀླུ་སྒྲུབཀྱིས། སྟོང་བ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཞེས་དང༌། སངས་རྒྱསབཅོམ་ལྡན་འདས་ཀྱི་མདོ་ལས། གང་ཟག་ཏུ་ལྟ་བ་ནི་སླ་ཡི། སྟོང་བ་ཉིད་ལ་ལྟ་ཉེས་ན་དེ་ལྟ་མཡིན་ནོ། །ཞེས་དང༌། ཐོགས་མེད་ཀྱིས་བྱང་སར་མདོ་དྲངས་ནས་ཀུན་བཏགས་གཞན་དབངཡོངས་གྲུབ་གསུམ་ལ་བསྐུར་བ་བཏབ་ན་དམྱལ་བ་སྐྱེ་ཞེས་གསུངས་པ་འདུག དེས་ན་འདིརཡང་དེ་འདྲའི་སྐུར་བ་བཏབ་ན་ཉམས་ལེན་གྱི་སྐལ་བ་ཆད་འགྲོ་བས་བསོད་ནམས་ཀྱི་ཚོགསདང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་སྒོམ་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གིསྙིང་གཏམ་ཡིན་གསུངས་པའོ། །ཟུང་འཇུག་ཅེས་པ་སྣང་སྟོང་ཟུང་འཇུག་ལ་སྦྱར་ཡང་སྔ་འགྱུརརྙིང་མའི་ཕྱོགས་ལ་མི་མཐུན་པ་མེད་པ་འདྲ། སྔ་འགྱུར་རྙིང་མའི་ཟུང་འཇུག་ལ་སྣང་སྟོང་ཟུངའཇུག་དང་སྣང་གནས་ཀྱི་དེ་ཉིད་འཇོག་ཚུལ་གཉིས་ཡོད་པར་བླ་མ་མི་ཕམ་ཚང་གིས་གཞནསྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོའི་སྐབས་གསུངས་འདུག སྣང་སྟོང་གི་དེ་ཉིད་འཇོག་ཚུལནི་སྟོང་བ་དོན་དམ་བདེན་པ་དང་སྣང་བ་ཀུན་རྫོབ་བདེན་པ་གཉིས་གཞི་གཅིག་གི་སྟེང་དུ་ངོབོ་དབྱེར་མེད། སྣང་བཞིན་དུ་སྟོང༌། སྟོང་བཞིན་དུ་སྣང་ཞེས་འཆད་ཀྱིན་འདུག དེས་ན་དེའདྲའི་སྐོར་ཤེས་དགོས་འདུག་མ་གཏོགས་སྟོང་བ་ཉིད་ཡིན་པའི་རྒྱུ་མཚན་གྱིས་མེད་པར་བཤདན་ཡག་པོ་མི་འདུག སྟོང་བ་ཉིད་ཡིན་པའི་རྒྱུ་མཚན་གྱིས་ལས་རྒྱུ་འབྲས་ཡོད་ཅེས་བཤད་དགོས། དེ་མིན་སྟོང་བ་ཉིད་ཡིན་པའི་རྒྱུ་མཚན་གྱིས་མེད་པར་བཤད་ན་འགལ་ཁྱབ་ལྟ་བུ་ཆགས་པ་རེད། དེས་ན་སྤྱིར་འདིར་སྣང་སྟོང་ཟུང་འཇུག་ཅེས་སྦྱར་རུང་མི་འགྲིག་པ་མེད་ཀྱང༌། གོང་གི་ཚིག་དང་འབྲེལ་ན་ཚོགས་གཉིས་ཟུང་འཇུག་སྒོམ་པ་སྙིང་གཏམ་ཡིན་ཞེས་འཆད་དགོསཔ་འདྲ། བླ་མ་དགེ་བའི་བཤེས་གཉེན་ཁ་ཤས་ཀྱིས་ཀྱང་དེ་ལྟར་འཆད་འདུག ཆད་མཐར་མིལྟུང་བ་གལ་ཆེན་རེད་མ་གཏོགས་བླ་མ་ཆེ་ཁག་ཚོའི་གྲལ་ན་ཡང༌། སྟོང་བ་ཡིན་པའི་རྒྱུ་མཚནགྱིས་མེད་པར་འདོད་མཁན་འདུག ང་ལ་བླ་མ་ཞིག་གིས་ཁོས་མང་ཚོགས་ཚོར་བདག་མེདཀྱི་སྐོར་བཤད་ཀྱིན་མེད། ཁོ་ཚོར་བདག་མེད་སྐོར་བཤད་ན་ཐམས་ཅད་མེད་ཅེས་བཤད་དགོསཔས་དེ་འདྲ་བཤད་ན་ཁོ་ཚོས་ལས་འབྲས་བརྩི་འཇོག་བྱེད་ཀྱིན་མི་འདུག་ཅེས་ང་ལ་བཤད་སོང༌།༼བཞད་སྒྲ།༽མང་ཚོགས་ཚོས་བདག་མེད་ལ་བརྟེན་ནས་ལས་འབྲས་བརྩི་འཇོག་མི་བྱེད་པཡིན་མིན་མི་ཤེས་ཀྱང༌། ཁོ་རང་གིས་བདག་མེད་ཟེར་དུས་ཐམས་ཅད་མེད་པར་ཞིག་ལ་བཟུངའདུག གོང་ནས་ཞུས་པ་ལྟར་བདག་མེད་པའི་རྒྱུ་མཚན་གྱིས་ལས་འབྲས་ཡོད་པར་གྲུབ་པརེད་མ་གཏོགས་མེད་པར་མི་གྲུབ་བོ། །སྙིང་གཏམ་བཅུ་དྲུག་པ། གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས། །གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང༌། །ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང༌། །གྲོལ་ལམ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དབང་གསུམ་པ་ཤེར་དབང་གི་དོན་དུ་དབང་པོ་གཉིས་སྦྱོར་གྱི་ཐིག་ལེ་དབབ་པསོགས་གཞན་གྱི་ལུས་ནི་ལམ་གོང་འཕེལ་དུ་འགྲོ་བའི་ལམ་གྱི་བོགས་འདོན་ཡིན་པར་སྙམ་ནཡང༌། དེ་འདྲའི་ཟག་པ་དང་བཅས་པའི་ལམ་གྱིས་སྒོམ་ཆེན་བསླུས་པ་མང་བ་རེད། སྤྱིར་ལྟ་བམཐོ་སར་སླེབས་ནས་ཐིག་ལེ་དབབ་བཟློག་བཀྲམ་གསུམ་བྱས་ནས་ཐིག་ལེ་འཛག་པའི་རིམཔ་འཛག་མེད་དུ་གནང་ཐུབ་པའི་སྐབས་དང༌། ས་ལམ་མཐོན་པོ་གནས་པའི་སྐབས་ལ་ཕྱི་ལུསཀྱི་ཕྱག་རྒྱ་དང་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་བརྟེན་པའི་སྔགས་ཀྱི་ལམ་མཐར་ཐུག་མཐོ་སཞིག་མེད་པ་མ་རེད། ཡིན་ན་ཡང༌། སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་གྱི་གང་ཟག་ཐིག་ལེ་དབབབཟློག་བཀྲམ་གསུམ་བྱེད་མི་ཐུབ་པའི་གང་ཟག་ལ་ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུ་འགྲོཞེས་གསུངས་འདུག ཁ་ཤས་ཀྱིས་སྔགས་བླ་ན་མེད་པའི་སྐབས་སུ་ཅིག་ཡིན་ཉིག་ཡིན་ཟེརནས་བུད་མེད་སོགས་བསྟེན་ན་མཐུན་རྐྱེན་ཞིག་ཡིན་མདོག་མདོག་བྱས་ན་རང་ཉིད་ཀྱིས་རངཉིད་བསླུས་འགྲོ་བ་རེད། དེ་འདྲ་བའི་སྒོ་ནས་སྒོམ་ཆེན་བསླུ་བ་མང་ཞེས་གསུངས་ལ། དཔེརན་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ལ་མཚོན་ན་སོར་སྡུད་བསམ་གཏན་སྲོག་རྩོལ་འཛིན་པརྗེས་དྲན་ལས་འཛིན་པ་མཐར་ཕྱིན་ནས་རྗེས་དྲན་དུ་ཐོན་པ་ན་ད་གཟོད་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་སོགས་ལ་བརྟེན་ན་རུང་པ་ལས། དེ་མ་གཏོགས་ལས་དང་པོ་པ་ཞིག་གིས་བུད་མེདབསྟེན་ན་ཁོ་རང་འཁོར་བ་འཆིང་བྱེད་ཀྱི་རྒྱུར་འགྲོ་བ་ལས་གཞན་འོང་མི་ཐུབ། དེང་སང་ཁཤས་ཀྱིས་རང་རྒྱུད་ཀྱི་སྡོམ་པ་བསྲུང་མ་ཐུབ་ན་རང་ཉིད་མར་དམའ་སོང་བ་མ་ཤེས་པར་རིམཔ་ཡར་མཐོ་སོང་སྙམ་ནས་སྔགས་ལ་ཞུགས། མི་ཚེ་གང་བོར་རང་ཉིད་ཀྱིས་དཀའ་སྤྱད་བྱེདམ་ཐུབ་པར་དཀོར་ཟས་དཀོར་ཆུ་རྐྱང་རྐྱང་ལ་རོལ། ལུང་བསྟན་བཤད་ནས་སེམས་ཅན་ལམགོ་གཡོག་མགོ་བསྐོར་བྱས། ད་རུང་བླ་གོས་གོན། སྤྱོད་པ་སྣ་ཚོགས་ཀྱིས་འཆོལ་ཉོག་བྱེདཀྱིན་འདུག སྤྱིར་བཏང་དགེ་ཚུལ་སློང་གི་སྡོམ་པ་རང་རྒྱུད་ལ་མེད་ན་རབ་བྱུང་ངུར་སྨྲིག་གི་གོན་པ་འདི་གོན་མི་རུང་བ་ཡིན་ཏེ། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟངཔོས། ཚུལ་ཁྲིམས་འཆལ་བའི་དགེ་སློང་གཞོན་ནུ་ཁྱོད། །དགེ་སློང་བཞིན་དུ་མ་འཆོས་དཀརཔོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་ཆོག་པར། །ཚུལ་འཆོས་ཉེས་པས་གོས་ན་མིརུང་ངོ༌། །ཞེས་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་ལས། བསླབ་ལ་མི་གནས་དེདག་ནི། །གཟུགས་པོ་ཁྱིམ་པར་གནས་པ་མཆོག །ཅེས་དང༌། ས་སྐྱ་པནྟི་ཏས། སྡོམ་གསུམརབ་དབྱེའི་སྐབས་སུ་སྡོམ་པ་དགེ་བ་ཡིན་པ་ལས། ངུར་སྨྲིག་གི་གོས་དེ་དགེ་བ་མ་རེད། དེསན་སྡོམ་པ་བསྲུངས་ནས་དགེ་བ་བསྒྲུབ་དགོས་པ་ལས་ངུར་སྨྲིག་གི་གོས་གྱོན་པ་ཙམ་གྱིས་དགེབ་མི་འོང་བར་གསུངས་སོ། །དེའི་རྒྱུ་མཚན་གྱིས་དགེ་ཚུལ་སློང་གི་སྡོམ་པ་མེད་ན་རབ་བྱུང་ངུར་སྨྲིག་གི་གོས་ནི་མི་དབང་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོའི་སྐབས་ན་སྡོམཔ་མེད་པའི་གང་ཟག་གིས་རབ་བྱུང་ངུར་སྨྲིག་གི་གོས་གྱོན་པ་ནི་རོ་ཞིག་ལ་རྒྱན་ཆ་འདོགསཔ་དང་འདྲ་ཞེས་གསུངས་པ་དང༌། དེ་ནང་བཞིན་ཚུལ་ཁྲིམས་འཆལ་བའི་མདོ་སོགས་ཀྱི་སྐབསསུ་རྒྱས་ཤིང་རྒྱས་པར་མང་པོ་བསྟན་འདུག དེང་སང་དུས་ངན་སྙིགས་མ་ལྔ་བདོ་བའི་སྐབསའདིར་ལས་རྒྱུ་འབྲས་ལ་ཡིད་ཆེས་ཆེན་པོ་མེད། མཆོག་གསུམ་ལ་ཡིད་ཆེས་མེད། ཆོས་སྐྱོངསྲུང་མ་ལ་ཡིད་ཆེས་མ་ཡོད་པའི་དབང་གིས་སྡོམ་པ་མེད་རུང་ཡོད་མདོག་བསྟན། ཉིན་མོ་རབབྱུང་གྲལ་ལ་འོང༌། མཚན་མོར་ཁྱིམ་པའི་གྲལ་ལ་འགྲོ་བ། དེ་འདྲའི་སྤྱོད་པ་རྣམ་པ་སྣ་ཚོགསབྱེད་མཁན་མི་སྲིད་པ་མ་རེད། དེས་ན་གཟབ་དགོས་འདུག སྡོམ་པ་ཉམས་རུང་བླ་ཆེན་གྱིམིང་ཡོད་མཁན་ཚོར་ད་རུང་དག་སྣང་སྦྱོང་ཁུལ་བྱས་ན་སངས་རྒྱས་ཀྱི་བསྟན་པ་འཆོལ་ཉོགཏུ་འགྲོ་བའི་རྒྱུར་འགྲོ་བ་རེད། དེས་ན་དེ་འདྲའི་སྐོར་ལ་ལེགས་ཉེས་འབྱེད་ཤེས་དགོས། དེའདྲའི་ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང་བ་དེའི་རྒྱུ་མཚན་གྱིས་གྲོལ་ལམ་སྦྱོང་བདང་པོ་སྐྱབས་འགྲོ་ནས་བཟུང་སྟེ་ངེས་འབྱུང་གི་བསམ་པ་ཚུལ་ཁྲིམས་རྣམ་པར་དག་པས་གཞིབཟུང༌། དེ་ནས་ཐོས་བསམ་སྒོམ་གསུམ་བྱས་ནས་གྲོལ་ལམ་སྦྱོང་བ་ནི་ཁོ་བོའི་སྙིང་གཏམ་ཡིན་ཞེས་གསུངས་པའོ། །གྲོལ་ལམ་ཞེས་པའི་དོན་ནི་དེ་ལྟར་དགེ་བའི་བཤེས་གཉེན་ཁ་ཤསཀྱིས་འཆད་ཀྱིན་འདུག ཁ་ཤས་ཀྱིས་འོད་གསལ་རྫོགས་པ་ཆེན་པོའི་ལམ་ལ་རིག་མ་དང་ལུསཀྱི་ཕྱག་རྒྱ་སོགས་ལ་མ་བསྟེན་པར་སྤྲོས་མེད་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་ཐུབ་པ་ནི་གྲོལལམ་ལ་ཡང་སྦྱར་མཁན་འདུག་པའོ། །སྙིང་གཏམ་བཅུ་བདུན་པ། སྐལ་མེད་དག་ལ་དབང་བསྐུར་སྦྱིན་པ་དང༌། །སྐྱེ་བོའི་དབུས་སུ་དམ་རྫས་འགྲེམ་ལ་སོགས། །གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ། །བཙུན་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་སྤྱིར་ང་ཚོ་བོད་པ་དག་ཡུལ་ལུང་ཞིག་ན་དབང་བསྐུར་གྱིན་འདུག་ཟེར་ན་ཐམས་ཅདའདུ་འོང༌། ཆོས་ཤིག་བཤད་ཀྱིན་འདུག་ཟེར་ན་གཅིག་ཡང་འོང་མཁན་མེད་པ་འདྲ་ཆགསའདུག སྐྱབས་མགོན་རིན་པོ་ཆེས་ཀྱང༌། དུས་འཁོར་དབང་ཆེན་ཟེར་བ་ནི་ངས་བསྐུར་གི་ཡོདན་ཡང༌། ཐོབ་ཟེར་བ་དཀའ་མོ་རེད། གནས་ཁྱད་པར་བ་དང་རང་རང་སོ་སོ་དཀོན་མཆོགགསུམ་ལ་དད་པ་དག་སྣང་རེ་ཡོད་ན་བྱིན་རླབས་རེ་འཇུག་སྲིད། ཅེས་གསུངས་ཀྱིན་འདུག ང་ཚོས་ཀྱང༌། མཚམས་རེ་མང་ཚོགས་ཚོར་དབང་རེ་བསྐུར་ན་རྗེས་གནང་སྐབས་ལ་ནང་ཆོསངོ་སྤྲོད་རེ་བྱས། ཕན་རེ་ཨེ་ཐོགས་བསམ་པ་ཡིན། དེ་ནས་སྐྱེ་བོ་མང་པོ་ཚོགས་ཀྱི་དབུས་སུསྔགས་ཀྱི་རྫས་སྔགས་དང་རྡོར་དྲིལ་ཟེར་བ་སོགས་དམ་རྫས་ཐམས་ཅད་ཚོགས་ཀྱི་དབུས་སུའགྲེམ་པ་ལ་སོགས་པ་བྱས་ན་གཤེ་བ་དང་སྐུར་བའི་གཞི་འགྱུར་བ། དམ་ཚིག་ཉམས་པའི་རྒྱུར་གྱུར་འགྲོ་བ་དེའི་རྒྱུ་མཚན་གྱིས་དེ་འདྲ་མི་བྱེད་པར་དམ་ཚིག་འདོན་པ་དང་བསྲུང་བ་ནིཁོ་བོའི་སྙིང་གཏམ་ཡིན་ཞེས་གསུངས་པ་དང༌། ཡང་ན་གཞན་ལ་དབང་བསྐུར་ནས་གཞན་ལ་དབང་ཐོབ་ན་ཡང་དམ་ཚིག་གི་སྡོམ་པ་མི་བསྲུངས་བ་སོགས་བྱེད་པ་ལས་རང་ཉིད་ཀྱིསསོར་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ནས་བཙུན་འགོ་བཟུང་བ་ཁོ་བོའི་སྙིང་གཏམཡིན་ཞེས་གསུངས་པའོ། །དེང་སང་དབང་བསྐུར་མཁན་གྱིས་དབང་བསྐུར།མང་ཚོགས་ཚོསདབང་གི་དམ་ཚིག་ཡོད་པར་མ་ཤེས་པའི་དབང་གིས་དབང་མང་པོ་ཞུ་བཞིན་འདུག ས་སྐྱ་པནྚིཏས། དེང་སང་ཁྲོམ་དབང་བསྐུར་བ་ནི་དམ་ཉམས་ཀྱི་ལུང་པ་གང་བྱེད་ཡིན་པ་རེད་ཅེས་གསུངསཔ་ལྟར་དེང་སང་དབང་བསྐུར་མི་ཤེས་མཁན་མེད་པའི་དབང་གིས་མི་མང་པོས་དབང་ཞུས། ཞུསནས་རང་རང་གི་བླ་མ་དགེ་བའི་བཤེས་གཉེན་དག་གི་བཀའ་བཅག་པ་སོགས་བྱས་ན་དམ་ཚིགཉམས་འགྲོ་བ། དེའི་རྒྱུ་མཚན་གྱིས་རང་རང་སོ་སོས་སྔགས་ཀྱི་རྩ་ལྟུང་སོགས་བཤགས་པའིཆེད་དུ་ཡིག་བརྒྱ་རེ་འདོན། གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་བྱས། སླར་ཡངདམ་ཚིག་སོགས་ལེན་ནས་བཤགས་བཅོས་ཚུལ་བཞིན་བྱེད་དགོས། སྤྱིའི་ཆ་ནས་སོ་སོར་ཐར་བའི་སྡོམ་ལྡན་ཞིག་ཡིན་ན་མ་མཐའ་དགེ་ཚུལ་ཡིན་ན་ཕམ་འདྲ་བཞིས་མ་གོས་པར་བྱས། དགེ་སློང་ཡིན་ན་ཕམ་པ་བཞིས་མ་གོས་པར་བྱས།བྱང་སེམས་ཀྱི་སྡོམ་པ་བླངས་བའི་གང་ཟགཅིག་ཡིན་ན་བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད་ཀྱིས་མ་གོས་པར་བྱེད་དགོས། ཡིན་ན་ཡང༌། སོ་སོའི་སྐྱེ་བོ་ང་ལྟ་བུ་ཞིག་ཡིན་ན་བཀུར་བསྟི་ལ་ཆགས་པའི་དབང་གིས་བདག་བསྟོད་གཞནསྨོད་ཀྱི་རྩ་ལྟུང་འབྱུང་སླ་བས་ན་གཟབ་དགོས་པ་རེད། མདོར་ན་སོ་ཐར་གྱི་རྩ་ལྟུང་དང་བྱངསེམས་ཀྱི་རྩ་ལྟུང་སྔགས་ཀྱི་རྩ་ལྟུང་སོགས་ལ་གཟབ་གཟབ་བྱེད་དགོས། ལྟུང་བ་དེ་དག་ངོབགྲང་རེ་བྱེད། རང་ཉིད་ལ་ལྟུང་བ་དེ་དག་འབྱུང་གིན་ཡོད་མེད་བརྟགས་ནས་རང་རང་སོ་སོསབསླབ་པ་དེ་ལེགས་པར་བསྲུང་དགོས། སྤྱིར་བཏང་མང་ཚོགས་དག་ལ་ཆོས་བསྟན་ཏེ་དབངལུང་གི་རྗེས་གནང་རེ་གནང་དགོས། རེད་དེ། ཁྲོམ་དབང་དེ་འདྲ་མི་གནང་བར་དམ་ཚིག་བསྲུངཐུབ་པའི་སྣོད་ལྡན་སློབ་མ་དག་ལ་དབང་བསྐུར་བ་སོགས་བྱེད་རྒྱུ་གལ་ཆེན་རེད་མ་གཏོགསབླ་ཆེན་ཞིག་གིས་དེ་འདྲ་གནང་གིན་འདུག་ཅེས་ཆུང་ཆུང་ཅིག་གིས་ཆེན་པོ་ལ་འགྲན་རུང་གིམ་རེད། རི་བོ་དགེ་ལྡན་པ་ལ་མཚོན་ན་ཁོ་ཚོས་བདེ་གསང་འཇིགས་གསུམ་གྱི་དབང་དེ་ལབརྟེན་ནས་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་ཉམས་སུ་ལེན་ཏེ་གསང་འདུས་བསྐྱེད་རྫོགསཀྱི་ཁྲིད་དབང་དག་ཧ་ཅང་གསང་བ་བྱེད་ཀྱིན་འདུག ཁྲོམ་དབང་མང་པོ་བྱེད་ན་བྱིན་རླབསཀྱི་ཚན་ཁ་ཉམས་འགྲོ་བས་རེད། ཇོ་ནང་པའི་དབང་གཙོ་བོ་ནི། སྔགས་བསྐྱེད་རྫོགས་ཀྱི་རིམ་གཉིས་ལམ་དུས་འཁོར་ལ་བརྟེན་པ་ཡིན་པས་དཔལ་དུས་ཀྱི་འཁོར་ལོའི་དབང་ཡིན་ལ། དེ་དག་གསང་བ་བྱས་ནས་གཅིག་གིས་གཅིག་ལ་གདམས་པ་བྱས་ན་བྱིན་རླབས་ཀྱི་ཚན་ཁ་འོང་བ་ལས་ཁྲོམ་དབང་མང་པོ་བྱས་ན་དམ་ཉམས་ཀྱིས་ལུང་བ་གང༌། དམ་ཉམས་ཀྱིས་ལུངབ་གང་ན་སྔགས་ཀྱི་རྟོགས་པ་སོགས་གང་ཡང་སྐྱེ་མི་ཐུབ། དེས་ན་བསམ་གཞིག་གནང་དགོས། སྤྱིར་ཐོས་བསམ་སྒོམ་གསུམ་བྱས་ཏེ་སྤྱོད་པ་ནི་ཆོས་འདུལ་བ་ལས་གསུངས་པ་ལྟར་གནང་ཨེཐུབ་བལྟ་དགོས་པ་རེད་མ་གཏོགས་རང་རང་སོ་སོའི་སྤྱོད་པ་གཙོ་བོར་བྱས་ཏེ་ཆོས་འདུལ་བནས་ཅིག་གསུངས་འདུག་ཟེར་ན་སྤྲོ་ལངས་འགྲོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟནཔ་ཉམས་པའི་རྟགས་མཚན་ཆེན་པོ་ཞིག་ཡིན་པས་ཐམས་ཅད་ཀྱིས་ནང་པ་སངས་རྒྱས་པའིབསྟན་པའི་འཇུག་རིམ་མ་ནོར་བ་ཞིག་བྱས། བསྟན་པ་ཤེས་ནས་འཛིན། ཤེས་ནས་ཉམས་སུལེན། ཤེས་ནས་གཞན་ལ་འཆད་དགོས། དེ་རིང་འདིར་མཚམས་འཇོག་གི་ཡིན། སྙིང་གཏམ་བཅོ་བརྒྱད་པ། སྐྱེ་བོའི་དབུས་སུ་གཅེར་རྒྱུགས་བྱེད་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང༌། །འཇིག་རྟེན་པ་དག་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་འཁྲུལ་བ་ཞིག་ཡོད་མདོགརྣམ་རྟོག་མེད་མདོག་བསྟན་ནས་སྐྱེ་བོའི་དབུས་སུ་གཅེརརྒྱུགས་བྱེད་པ་དང་རྟོགས་པ་མཐོ་མདོག་བྱས་ཏེ་ས་གཉན་དཀྲུགས་པ་དང་ཆུ་གཉན་དཀྲུགསཔ་སོགས་ཐོ་ཅོའི་སྤྱོད་པ་དེ་དག་བརྟུལ་ཞུགས་ཡིན་སྙམ་ན་ཡང༌། འཇིག་རྟེན་པ་དག་ལ་མ་དད་པ་སྐྱེ་བའི་རྒྱུ་དང་ཁྱིམ་པ་སུན་འབྱིན་པའི་ལས་ཡིན་པས་བག་ཡོད་བསྟེན་པ་ཀུན་མཁྱེནཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །དེས་ན་གཅེར་རྒྱུགས་བྱསཔ་ཙམ་གྱིས་བཟང་བའི་ངེས་པ་མེད་ལ། གཅེར་རྒྱུགས་བྱས་པ་ཙམ་གྱིས་བཟང་ན་སྨྱོན་པ་ཚོཡང་གཅེར་རྒྱུགས་བྱེད་པ་རེད། རྒྱ་གར་ན་ཡང་ཕྱི་རོལ་གཅེར་བུ་པ་ཚོ་གཅེར་བུར་འགྲོ་བཞིནཡོད་ལ། དེའི་རྒྱུ་མཚན་གྱིས་གཅེར་བུར་འགྲོ་ཐུབ་པ་ཙམ་གྱིས་བདག་འཛིན་ཆོད་སོང་བ་མཡིན་ལ། འཁྲུལ་བ་ཞིག་སོང་བ་ཡང་མིན། ཁ་ཤས་ཀྱིས་རྣལ་འབྱོར་བ་ལ་ངོ་ཚ་མེད་ཟེར་ནསགཅེར་བུ་བུད་མཁན་འདུག་ཏ། རྣལ་འབྱོར་བ་ལ་ངོ་ཚ་ཡོད་དགོས་ཏེ། ངོ་ཚ་མེད་པ་ཁྲེལ་མེདཔ་དག་མི་དགེ་བའི་ས་མང་ཡིན་པས་རྣལ་འབྱོར་བ་ལ་ངོ་ཚ་ཡོད་དགོས། ངོ་ཚ་མེད་ཟེར་མཁནཚོས་ཁྱབ་ལོག་བསྒྲགས་པ་རེད།༼བཞད་སྒྲ།༽ཐོ་ཅོའི་སྤྱོད་པ་ནི་ས་གཉན་དཀྲུགས་པ་ཆུ་གཉནདཀྲུགས་པ་སོགས་བྱེད་པའི་སྤྱོད་པ་ཞིག་རེད། དེ་འདྲའི་སྤྱོད་པ་དག་འཁྲུལ་བ་སོགས་ཞིགཔའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཡིན་སྙམ་ཡང༌། འཇིག་རྟེན་པ་དག་ལ་མ་དད་པ་སྐྱེ་བའི་རྒྱུ་ཡིན། ཁ་སང་དེ་རིང་གི་དུས་རབས་འདི་དུས་རབས་སྔོན་མ་དང་མི་འདྲ་ལ། དུས་རབས་སྔོན་མརའཇིག་རྟེན་ཁྱིམ་པ་ཚོ་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་གྱིས་ཞེས་གསུངས་པ་ལྟརདད་པ་དག་སྣང་ཧ་ལས་ཆེ་བ་དང་སྐབས་དེར་དད་པ་དག་སྣང་ཆེ་བའི་རྒྱུ་མཚན་ནི། དེའི་སྐབསལ་རྣལ་འབྱོར་བ་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་ །གྲུབ་པའི་རྟགས་མཚན་ཡང་མང་པོ་ཡོདཔ། མངོན་ཤེས་ཡང་ལྡན་པ་ཡོད་པས་ངེས་པ་དོན་གྱིས་འཁྲུལ་བ་ཞིག་ནས་དོན་གྱིས་བརྟུལཞུགས་ཀྱི་སྤྱོད་པ་ལ་གནས་པ་ཡོད་པ་བྱུང་སྟེ། དེ་དག་གིས་བདེན་དཔང་བྱས་ནས་ནང་པ་སངསརྒྱས་པའི་ཆོས་ནི་རྣམ་དག་ཞིག་རེད་སྙམ་པ། རྒྱུ་མཚན་ཤེས་པ་དང་མ་ཤེས་གང་ཡིན་ཀྱངཐམས་ཅད་ཀྱིས་ཡིད་ཆེས་བརྟན་པོ་ཐོབ་ཡོད་པ་རེད། སྔོན་བྱོན་སྐྱེས་བུ་དམ་པ་ཚོའི་རྟོགསཔའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པས་དེང་སང་གི་དུས་ལ་དེ་འདྲ་བཤད་ན་བདེན་བཟུངམི་ཐུབ་པར་སྒྲུང་གཏམ་ཡིན་པར་བཟུང་འགྲོ། སྔོན་མའི་དུས་རབས་ལ་དེང་སང་གི་ཁ་པརསྐོར་དང་གློག་རྡུལ་སྐོར་བཤད་ན་ཡང་བདེན་བཟུང་མི་ཐུབ། སྔོན་གྱི་སྐྱེས་བུ་དམ་པ་ཚོའི་སྐབསལ་དད་པ་དག་སྣང་ཆེན་པོ་ཡོད་ན་ཡང༌། དེང་སང་སྐྱེས་བུའི་བསོད་ནམས་དམན་པ། ལསསྣང་མ་དག་པ། གཡེང་རྐྱེན་ཤིན་ཏུ་མང་བའི་རྐྱེན་གྱིས་སྒྲུབ་པ་ཉམས་ལེན་དང་བརྩོན་འགྲུསདཀའ་ལས་སྡུག་རུས་གང་ཡང་གནང་མ་ཐུབ་པ། དེའི་དབང་གིས་རྟོགས་པ་རྒྱུད་ལ་སྐྱེ་བ་མེདཔའི་རྐྱེན་གྱིས་རྟོགས་པ་ཁྱད་པར་དང་ལྡན་སྟོབས་ཀྱིས་འབྲས་རྟགས་ཀྱིས་སྐྱེས་བུ་དམ་པ་ཁྱད་པར་བ་མཚོན་པར་ཆགས་མ་ཐུབ་པ། མི་མང་པོས་གྲྭ་བ་ཚོར་དཔྱད་པ་བྱས། ཅི་བྱེད་ཀྱིནའདུག གང་བསྒྲུབ་ཀྱིན་འདུག་ཟེར་ནས་དཔྱད་པ་མང་པོ་བྱས། གྲྭ་བ་གཅིག་གིས་སྤྱོད་པངན་པ་བྱས་ན་འཛམ་བུ་གླིང་ལ་ཁྱབ་སྤེལ་འགྲོ་བའི་དུས་ཚོད་ཆགས་འདུག འདི་འདྲའི་སྐབསལ་ཁྱིམ་པ་དག་ལ་མ་དད་པ་སྐྱེ་བའི་རྒྱུར་འགྲོ་བ་ལས་དད་པ་སྐྱེ་བའི་རྒྱུར་མི་འགྲོ། དེས་ན་ཁྱིམ་པ་སུན་འབྱིན་པའི་ལས་ལ་གཟབ་དགོས། རང་རང་སོ་སོས་ཁྱིམ་པ་སུན་འབྱིན་པའི་ལསབྱས་ན་དེ་ལ་བརྟེན་ནས་ཁྱིམ་པའི་དད་པ་ལོག དད་པ་ལོག་པ་ལ་བརྟེན་ནས་དགེ་འདུན་པདག་ལ་ཞབས་ཕྱི་བསྙེན་བཀུར་གནང་མཁན་མེད་པར་ཆགས། བསྟན་པའི་གཞི་མ་དགེ་འདུནབྱེད་མཁན་ཡང་མེད་པར་གྱུར་སོང་ན་བསྟན་པ་ཉམས་འགྲོ་བ་རེད། པཎ་ཆེན་སྐུ་ཕྲེང་བཅུབ་མཆོག་གིས། ལྷ་ཁང་མེད་ཀྱང་བཞེངས་ཆོག ཡི་གེ་མེད་རུང་དཔར་ཆོག ཡིན་ན་ཡང༌། ཁྱིམཔའི་དད་པ་ཉམས་སོང་ན་ནང་བ་སངས་རྒྱས་པའི་གཞི་རྩ་མེད་པར་གྱུར་སོང་བ་རེད་ཅེས་གསུངསཔ་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། ཆོས་འདུལ་བ་སོགས་ཀྱི་སྐབས་སུ་ཁྱིམཔ་སུན་འབྱིན་པའི་ལས་བསགས་མི་རུང་བར་ཡང་ནས་ཡང་དུ་གསུངས་པར་མ་ཟད། སངསརྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བའི་བཅས་པ་མང་པོ་ཞིག་ཁྱིམ་པའི་ཁ་ཟེར་སོགས་ལ་འཛེམས་པའི་ཆེད་དུ་བཅས་པ་མཛད་པ་ཡིན་པས་ཁྱིམ་པ་སུན་འབྱིན་པའི་ལས་མི་གསོག་རྒྱུགལ་ཆེན་པོ་ཡིན། ནམ་རྒྱུན་རང་རང་སོ་སོ་ཕྱི་རོལ་ཞིག་ལ་སོང་ན་ཡང༌། སངས་རྒྱས་བསྟན་པཡུན་རིང་དུ་གནས་པའི་ཆེད། དགེ་འདུན་པའི་སྡེ་དར་ཞིང་རྒྱས་པའི་ཆེད་དུ་ཀུན་སྤྱོད་ཡག་པོགནང་དགོས། རང་གི་ཀུན་སྤྱོད་འདི་ལ་བརྟེན་ནས་བསྟན་པ་དང་དགེ་འདུན་པའི་སྡེ་ལ་ཕནམ་ཐོགས་རུང༌། གནོད་མི་སྐྱེལ་རྒྱུ་གལ་ཆེན་ཡིན་པ་དང༌། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཏུ། འཇིག་རྟེན་མ་དད་གྱུར་བ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་གསུངས་པ་ལྟར་འཇིགརྟེན་པ་དག་ལ་མ་དད་པར་གྱུར་བའི་ལས་གང་ཡིན་པ་ཐམས་ཅད་རང་གིས་མཐོང་བ་དང་མམཐོང་བ་དག་གཞན་ལ་དྲིས་ནས་སྤང་བར་བྱ་དགོས་ལ། མ་བཟང་ན་བཟང་མདོག་བསྟན། གྲུབ་རྟགས་ཡོད་མདོག གྲུབ་ཐོབ་ཡིན་མདོག་བྱེད་པ་ཐམས་ཅད་བསྙེན་བཀུར་ལ་བརྟེན་ནསབྱུང་བས་ན་དེའི་རིགས་ལ་གཟབ་དགོས། ཁ་ཤས་ཀྱིས་གཞི་བདག་དང་ལྷ་ཀླུ་འབྱུང་བོའི་རིགསལ་བརྟེན་ནས་ལུང་བསྟན་བཤད་ནས་མཚམས་རེ་རིག་འགྲོ་བ་འོང་བྱེད་ཀྱི་ཟག་བཅས་ཀྱི་མངོནཤེས་ཕྲ་མོ་རེ་ཡོད་སྲིད་ཀྱང༌། ཁ་ཤས་རེས་ཚོད་དཔག་བྱས་ནས་བཤད་མཁན་ཡང་མང་པོའདུག འཇིག་རྟེན་ཁ་དཔེར། མཁྱེན་ནི་མ་ཡིན་ཀྱང༌། ཁེད་ནི་ཡིན་པ་ཟེར་བ་ཞིག་ཡོད་པལྟར་རོ། །དེས་ན་རང་རང་སོ་སོས་ཀུན་སྤྱོད་ངེས་པར་བརྟགས་དགོས་ཏེ།རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས།རང་གི་འཁྲུལ་བ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོསམིན་བྱེད་སྲིད་པས། །དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ། །བརྟགས་ནས་སྤོང་བ་རྒྱལ་སྲསལག་ལེན་ཡིན། །ཞེས་གསུངས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་གྱི་འཁྲུལ་བ་གང་ཞིགབྱེད་ཀྱིན་ཡོད་མེད་རང་གིས་བརྟགས་དགོས། མ་བརྟགས་ན་རང་ཉིད་ཆོས་པའི་གཟུགས་བྱསཏེ། ཆོས་མིན་བྱེད་སྲིད་པ་དང༌། ཁ་ཤས་ཀྱིས་ཆོས་ལ་བརྟེན་ནས་དགོན་པའི་ལ་རྒྱ་བཟུང༌། ཆོས་བརྒྱུད་ཀྱི་ལ་རྒྱ་བཟུང་སྟེ་ཆོས་ལ་བརྟེན་ནས་ཆོས་མིན་གྱི་ལས་མང་པོ་བསགས་སྲིད་པརེད། གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས། བསྟན་པའི་བྱ་བར་སྒྲོ་བཏགས་ནས། །ཆགསསྡང་རུ་མར་སོང་བ་ཡི་རེ་མུག །ཅེས་གསུངས་པ་ལྟར་རོ། །དགེ་སློང་ཞིག་ཡིན་ན་མ་མཐའི་ཆ་རྐྱེན་ཕམ་པ་བཞིས་མ་གོས་པའི་སྟེང་ནས་རང་བཞིན་གྱི་ཁ་ན་མ་ཐོ་བར་འཛེམས་པ་ཞིག་དང་དགེ་ཚུལ་ཞིག་ཡིན་ན་ཕམ་འདྲ་བཞིས་མ་གོས་པའི་སྟེང་ནས་རང་བཞིན་གྱི་ཁ་ན་མ་ཐོ་བར་འཛེམས་པ་ཞིག་དགོས་པ་འདུལ་བ་ལུང་སོགས་ཀྱི་སྐབས་སུ་བསྟན་པ་ལྟར་གནང་སྟེ། ཁྱིམ་པ་སུན་འབྱིན་པའི་ལས་བསགས་མི་རུང་ངོ༌། །སྙིང་གཏམ་བཅུ་དགུ་བ། ས་ཕྱོགས་འདི་ན་བདག་ཉིད་མཆོག་འདོད་ཕྱིར། །བཙུན་དང་མཁས་ཤིང་བཟང་པོར་སྒྲུབ་པ་ཡང༌། །མཐོན་པོའི་རྩེ་ནས་དམའ་སར་ལྷུང་བའི་རྒྱུ། །ཐང་ལྷོད་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་བཞུགས་པའི་སྐབས་ཀྱི་ས་ཕྱོགས་འདི་ན་རངཉིད་མཁས་པ་རྣམས་ཀྱི་མཆོག་དང༌། གྲུབ་པ་རྣམས་ཀྱི་མཆོག དགོན་སྡེའི་ནང་ནས་མཆོགཏུ་གྱུར་བ། འཇིག་རྟེན་གྱི་བརྩིས་ཐང་ཆེ་ས་སོགས་དེ་འདྲའི་མཆོག་ཏུ་འདོད་པའི་ཆེད་དུ་རངཉིད་བཙུན་པ་ཡིན་མདོག་བསྟན། མཁས་པ་ཡིན་མདོག་བསྟན། བཙུན་པའི་ཡོན་ཏན་མི་ལྡནན་ཡང་ལྡན་མདོག་བསྟན། ཅུང་ཟད་ཅིག་ལྡན་ཡང་དེ་ལས་ཆེ་བ་ལྡན་མདོག་བྱེད་པ་སོགསཚུལ་འཆོས་སྣ་ཚོགས་བྱས་ཏེ་མཁས་བཙུན་བཟང་གསུམ་དང་ལྡན་པར་སྒྲུབ་པ་ཡང༌། མཐོནཔའི་རྩེ་ནས་དམའ་སར་ལྷུང་བའི་རྒྱུ་ཡིན། གནས་སྐབས་ཙམ་ཚུལ་འཆོས་བྱེད་ཐུབ་ཀྱང༌། མིཚེ་གང་བོར་བྱེད་མི་ཐུབ་པ་དང༌། མཁས་མདོག་བསྟན་ན་ཡང༌། བླུན་པོའི་ཚོའི་གྲལ་ནས་མཁསཔ་མིན་ཀྱང་མཁན་པོའི་མིང་བཏགས་ན་མཁས་པར་རློམ་པ་དང༌། སྤྲུལ་མིང་བཏགས་ན་སྤྲུལསྐུ་ཡིན་པར་བསམ་པ་རེད། ཡིན་ན་ཡང༌། མཁས་པ་ཚོའི་གྲལ་དུ་ཐོན་ན་མཁས་པ་མིན་པརཤེས་འགྲོ་བ་དང༌། དེ་ནང་བཞིན་ཤེལ་ཞིག་ནོར་བུའི་ཁ་ཏོག་བསྒྱུར་ནས་ནོར་བུ་ཡིན་མདོགབྱས་ན་ཡང༌། ཆུ་དང་འཕྲད་ཚེ་ནོར་བུའི་ཁ་ཏོག་མེད་འགྲོ་བ། དེ་ནང་བཞིན་གནས་སྐབསཙམ་མཁས་བཙུན་བཟང་གསུམ་ལྡན་ཁུལ་བྱེད་ཀྱང་མཐར་མཐོན་པོའི་རྩེ་ནས་དམའ་སར་ལྷུང་བའི་རྒྱུ་ཡིན་པ། མཐོན་པོ་གང་ཡིན་ཀྱང་རྟག་མི་ཐུབ་པ། དར་བའི་མཐའ་མ་རྒུད་པ་ཟེརབ་ལྟར་དར་རྒུད་ཡོད་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པའོ། །བཀའ་གདམས་གོང་མ་ཚོས་དམའན་དམའ་བའི་དགའ་སྟེ་དམའ་ས་རྩན་ཞེས་གསུངས་པ་ལྟར་དམའ་ས་ཞིག་ལ་ཡོད་ན་དེའི་མནལ་ལྷུང་རྒྱུ་མེད་པ་དང༌། མཐོན་པོ་ཞིག་ཡིན་ན་ཕལ་ཆེར་དམའ་སར་ལྷུང་ངེས་ཆེ་བ་རེད། དེའིརྒྱུ་མཚན་གྱིས་མཐོན་པོ་ཞིག་ཡིན་པས་སྐྱིད་པའི་ངེས་པ་མེད། ནམ་རྒྱུན་རང་ཉིད་དམའ་སརལྷུང་ཨེ་འགྲོ་སྙམ་ནས་རེ་དོགས་སྣ་ཚོགས་བྱས། ལྷག་ཏུ་མཐོན་པོ་ཞིག་ཡིན་ན་གཞན་གྱིསཕྲག་དོག་ཡང་མང་པོ་འོང་བ་དང༌། དགེ་འདུན་ཆོས་འཕེལ་གྱིས། བལྟས་ན་སྐྱིད་སྐྱིད་འདྲབའི་འཇིག་རྟེན་གྱི་ཕུན་ཚོགས། །ཐོབ་ན་རང་རང་ས་ན་སྡུག་བསྔལ་རེ་ཡོད་པས། །ཞེས་གསུངསཔ་ལྟར་བདེ་སྐྱིད་ཅི་ཞིག་ཡིན་ཀྱང་ཕར་བལྟས་ན་སྐྱིད་པོའི་སྣང་བ་ཞིག་ཤར་ཡང༌། དེ་ཐོབ་འོང་དུས་སྡུག་བསྔལ་རེ་ཡོད་པ། དེས་ན་ཐང་ལྷོད་མེད་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམསཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །དགེ་ཚུལ་སློང་ཞིག་ཡིན་ན་མ་མཐའ་ཐང་ལྷོད་མེདཔར་ཕམ་པ་བཞི་བསྲུང་དགོས། རབ་ན་མི་ཚེ་གང་བོར་ཐང་ལྷོད་མེད་པར་ཁྲིམས་ཉིས་བརྒྱལྔ་བཅུ་རྩ་གསུམ་གྱིས་མ་གོས་པ་ཞིག་གནང་དགོས་ཏེ། ཉིན་རེ་མཁས་བཙུན་བཟང་མདོགབསྟན། ཡང་ཉིན་རེ་སྨྱོན་པ་ལྟ་བུའི་སྤྱོད་པ་བྱས་ན་མི་རུང་ངོ༌། །གཞན་ཕན་གྱི་བྱ་བ་ཞིག་བསྒྲུབན་ཡང༌། ཉིན་རེ་ཧ་ལས་པའི་མཛད་སྤྱོད་ཆེན་པོ་གནང་ནས་བྱང་སེམས་འདྲ་བོ་བྱེད། འཇིགརྟེན་ཁ་དཔེར་སངས་རྒྱས་རློན་པ་འདྲ་བོ་ཟེར་བ་ལྟར་ཉིན་རེ་སངས་རྒྱས་རློན་པ་ལྟ་བུ་བྱེད།ཡང་ཉིན་རེ་ཕྱོགས་རིས་འཐེན་ཁྱེར་སོགས་སྤྱོད་པ་ཧ་ཅང་ངན་པ་བྱེད། དེ་འདྲ་མ་ཡིན་པར་ཐང་ལྷོད་མེད་པར་རང་རང་སོ་སོས་སྒྲུབ་ཐུབ་པའི་བྱ་བ་དེ་དག་བསྒྲུབ་དགོས་པ་རེད་མ་གཏོགསཡང་སྒྲུབ་མི་ཐུབ་པའི་བྱ་བ་བསྒྲུབ་ན་ཁུར་བོ་མི་ཐེག་པ་ཆེན་པོ་ཞིག་ཁུར་བ་འདྲ་བོ་དང༌། དེཁུར་ན་མཚམས་ཤིག་མི་ཐེག་པར་གཡུག་བཞག་དགོས་པ་ཆགས་འགྲོ། ཁུར་ནུས་པའི་ཁུརབོ་ཞིག་ཁུར་ན་ལ་ཁར་བགྲོད་ནས་ཕ་རོལ་ལ་བསྐྱོད་ཐུབ་པ་ལྟར་རོ། །ས་མཐོན་པོ་ཞིག་ཡིནན་ས་མཐོན་པོའི་བྱ་བ་གནང༌། དམའ་མོ་ཡིན་ན་དམའ་མོའི་བྱ་བ་གནང༌། བྱང་སེམས་ཤིགཡིན་ན་བྱང་སེམས་ཀྱི་བྱ་བ་གནང༌། སོ་སྐྱེ་ཡིན་ན་དེའི་ཚོད་ཀྱི་བྱ་བ་གནང་དགོས། བྱ་བ་སྒྲུབཐུབ་པ་གནང་ན་རང་རང་སོ་སོའི་བྱ་བ་མཐར་ཕྱིན་པ་ཞིག་འོང་ཐུབ་སྟེ། ས་མཐོན་པོར་གནསཔའི་བྱང་སེམས་དག་གིས་མགོ་ཡན་ལག་སྙིང་ལག་དག་སྦྱིན་པ་གནང་དགོས་ཀྱང༌། ཆོས་སྒྲུབཔའི་འགལ་རྐྱེན་དུ་མི་འགྱུར་བ་རེད། སོ་སྐྱེས་རང་ག་བ་ཞིག་གིས་མགོ་ཡན་ལག་སྙིང་ལགདག་སྦྱིན་པ་གནང་ན་ཆོས་སྒྲུབ་པའི་འགལ་རྐྱེན་དུ་འགྱུར་ཉེན་ཆེ་བ། དེའི་རྒྱུ་མཚན་གྱིས་རངརང་སོ་སོ་དང་འཚམ་པའི་བྱ་བ་གནང་དགོས། ཡང་གུས་སྦྱོར་གྱི་བརྩོན་འགྲུས་དང་རྟག་སྦྱོརགྱི་བརྩོན་འགྲུས་ལ་བརྟེན་ན་ཐང་ལྷོད་མེད་པ་ཞིག་བརྩོན་འགྲུས་གནང་དགོས། དེས་ན་རྟགསྦྱོར་གྱི་བརྩོན་འགྲུས་ལ་བརྩོན་རྒྱུ་གལ་ཆེན་ཡིན། ཁ་ཤས་ཀྱིས་ད་ལྟ་དཔེ་ཆ་བལྟས་ན་ད་ལྟམཁས་པར་འགྱུར་དགོས་པ། ད་ལྟ་ཉིད་ནས་མཁས་པར་མ་གྱུར་ན་དཔེ་ཆ་ཤེས་ཐུབ་ཀི་མི་འདུག་ཟེར་ནས་དཔེ་ཆ་བསྐྱུར་འགྲོ་བ་ཆགས་འདུག དེའི་རྒྱུ་མཚན་གྱིས་ཡུན་ཐུང་ངུ་ཞིག་ལབསམ་བློ་མི་བཏང་བར་ཕུགས་རྒྱང་རིང་པོའི་བསམ་བློ་ཡོད་དགོས། བརྩོན་པ་ཡང་ཡུན་རིངབྱས་ཏེ་ཐང་ལྷོད་མེད་པ་ཞིག་བྱ་དགོས་པ་རེད་མ་གཏོགས་སྔོན་བྱོན་གོང་མ་ཚོས་ཐོས་པ་ཡུནཐུང་ཡོན་ཏན་མ་མཆིས་ཀྱང༌། །མྱུར་དུ་བླ་མ་ཟེར་བའི་ལས་ལ་དགའ། །ཞེས་གསུངས་པ་ལྟརཐོས་པ་ཡུན་ཐུང་ངུ་ཙམ་ལས་མ་བྱས། དེའི་རྐྱེན་གྱིས་རྒྱུད་ལ་ཡོན་ཏན་མ་མཆིས་ཀྱང༌། མྱུརདུ་གཞན་ལ་དབང་བསྐུར་གཞན་གྱི་བླ་མ་བྱས་ན་མི་འགྲིག་ལ། བླ་མ་རེ་གྲོང་ཆོག་འགྲོ་སརརྙེད། འཕོ་ལུང་བཏབ་ས་ཞིག་རྙེད་ན་ཁ་ཤས་ཀྱིས་བླ་མ་དེའི་མཛད་འཕྲིན་དར་འདུག་ཟེར་ན་ཡང༌། དོན་གྱིས་རང་སྡུག་རང་གིས་ཉོས་ནས་ལས་ངན་པ་ཡང་བསགས་ཉེན་ཆེ་བས་གཟབདགོས་པ་རེད། ལས་རྒྱུ་འབྲས་ལ་མགོ་བསྐོར་མི་ཐུབ་ལ། མིང་རེ་ལ་བརྟེན་ནས་ཡུལ་ལུང་རེའིམི་འགའ་རེ་མགོ་བསྐོར་ཐུབ། བསླུ་ཐུབ་ན་ཡང༌། དེའི་རྒྱབ་ན་མི་བསླུ་བ་ལས་རྒྱུ་འབྲས་ཡོད་པསནམ་ཞིག་ལས་རྒྱུ་འབྲས་ཀྱིས་ཐག་བཅད་འོང༌། དེས་ན་ཐུགས་བསམ་གནང་དགོས་པ་རེད། སྙིང་གཏམ་ཉི་ཤུ་བ། གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །གང་དུ་སྡོད་ཀྱང་སྒོས་མཛའ་མི་འཚོལ་ཞིང༌། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གྲོང་ལ་འདུག་པ་དང་དགོན་པ་དང་རི་ཁྲོད་ལ་སོགས་པ་རང་ཉིད་གནས་གང་དུསྡོད་ཀྱང༌། སྒོས་ཀྱི་མཛའ་ས་མི་འཚོལ་བ་དགོས་ཏེ། སྒོས་ཀྱི་མཛའ་ས་མང་པོ་འཚོལ་ན་དེའིདབང་གིས་ཆོས་སྒྲུབ་པ་སོགས་ལ་འགལ་རྐྱེན་དུ་གྱུར་བ་དང༌། ཡང་ན་མི་དང་མཐུན་དྲགསན་མཇུག་བསྡུ་མི་ཐུབ་པར་འགལ་བར་ཆགས་འགྲོ་བ་ཡང་ཡོད་པ། འཇིག་རྟེན་ཁ་དཔེར་མའཛིང་ན་མི་མཐུན་ཟེར་བ་ཞིག་ཡོད་པ་རེད་དེ། མཐུན་དྲགས་ན་མཐའ་མ་འཛིང་རེས་འོང་བསསྒོས་མཛའ་མི་འཚོལ་ཞིང་ཞེས་གསུངས་པའོ། །ཁ་ཤས་ཀྱིས་ཇ་འཐུང་བ་སོགས་ཀྱི་ཆེད་དུ་གཞན་གྱི་ཤག་ལ་སོང་ནས་ཁ་བརྡ་མང་པོ་བྱས་ན་ཆོས་ཀྱི་འགལ་རྐྱེན་དུ་འགྲོ་བ་ནི། ཅི་བྱསཆོས་ཀྱི་གེགས་སུ་འགྲོ་བ་འདི། །རྐྱེན་ངན་འདུ་ཚོགས་མང་བའི་སྐྱོན་ཡིན་པས། །ཞེས་གསུངསཔ་ནང་བཞིན་ཡིན་ལ། ངོ་ཤེས་པ་མང་པོ་ཡོད་པའི་དབང་གིས་ཤག་ཚོགས་མང་པོ་བྱས་ན་ཆོསཀྱི་འགལ་རྐྱེན་དུ་ཆགས་པས་སྒོས་ཀྱི་མཛའ་ས་མི་འཚོལ་ཞིང༌། སུ་དང་འགྲོགས་ཀྱང་ཆེས་མཛའ་བར་མི་བྱེད་པ། འཁོན་འཛིང་ཡང་མི་བྱེད་པར་རང་གིས་རང་ཚུགས་འཛིན་པ་ནི་ཀུནམཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །རང་རང་གི་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་དམ་པའི་ཆོས་རྩོད་རོགས་ཀྱི་མཆེད་གྲོགས་དག་འཇིག་རྟེནགྱི་ཆང་འཐུང་རོགས་དང་དུ་བ་འཐེན་རོགས་མ་ཡིན་པར་སྐྱེ་བ་གཏན་གྱི་ཆོས་གྲོགས་ཡིན་པསརང་རང་གི་མཆེད་གྲོགས་དེ་དག་རིན་ཐང་ཅན་དུ་བཟུང༌། རྩ་ཆེན་དུ་བརྩི། གུས་བཀུར་བྱེད། རྒྱབ་སྐྱོར་བྱེད། རོགས་རེམ་གནང༌། ཕན་ཚུན་ཡིད་ཆེས་གནང་དགོས་པ་རེད། ཡིན་ན་ཡང༌། ཧ་ཅང་མཛའ་བར་བྱེད་ན་མཇུག་འཁྱོངས་རྒྱུ་དཀའ་མོ་ཡིན་ལ། འཁོན་འཛིང་ཡང་བྱེད་མི་རུང༌། མཆེད་གྲོགས་ཕན་ཚུན་བར་འགལ་བ་བྱུང་ན་རྩ་ལྟུང་བཅུ་བཞིའི་ནང་གི་རྩ་ལྟུང་གསུམ་པ་རྡོརྗེ་སྤུན་ལ་ཁྲོས་པ་ཆགས་ཉེན་ཆེ་བ་རེད། དེང་སང་ཁ་ཤས་ཀྱིས་སྦྱོར་དྲུག་མཉམ་འདུག་གནངརོགས་ནི་མཆེད་གྲོགས་ཡིན་པ་མ་གཏོགས་གཞན་རྣམས་མིན་པར་བཤད་མཁན་འདུག རེད་དེ། སྔགས་རྒྱུད་སྡེ་དག་གི་རྩ་ལྟུང་བཤད་པ་གང་གི་སྐབས་ཡིན་ན་ཡང༌། བླ་མ་གཅིག་གི་སློབ་མཞེས་གསུངས་པ་ལས་གདན་ཐོགས་གཅིགམཉམ་དུ་ཆོས་ཁྲིད་ཐོབ་པ། མཉམ་དུ་སྦྱོར་དྲུགའདུག་མཁན་དེ་འདྲ་སྦྱར་མི་འདུག དེས་ན་བླ་མ་གཅིག་གི་སློབ་མ་དང་འཁོན་པ་བྱེད་མི་རུངབར་ནམ་རྒྱུན་རང་གིས་རང་ཚུགས་འཛིན་དགོས་པ་རེད་མ་གཏོགས། ཡིད་བརྟན་གང་ཡངམེད་པར་གཞན་གྱིས་ཅིག་བཤད་ན་དེའི་ཁར་རྒྱུགས། ཡང་གཞན་གྱིས་ཅིག་བཤད་ན་དེའི་ཁར་རྒྱུགས་ནས་རླུང་ཁའི་དར་ལྕོག་ནང་བཞིན་བྱེད་ན་མི་འགྲིག་པས་རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན་གསུངས་པ་དང༌། རྗེ་ཏཱ་ར་ནཱ་ཐས་ཀྱང༌། རང་ལུགས་མ་སྤོང༌། གཞནལུགས་ལ་མ་སྨོད། ཅེས་རང་ལུགས་ཀྱི་གཞི་ལམ་འབྲས་གསུམ་ལ་ཐོས་བསམ་སྒོམ་གསུམབྱེད་པ་མ་གཏོགས་སྤོང་མི་ཉན་པ་དང༌། གཞན་གྱི་ལུགས་དེ་སྨོད་མི་རུང་ཞེས་གསུངས་པལྟར་གནང་དགོས། དེ་རིང་འདིར་མཚམས་འཇོག་གི་ཡིན། སྙིང་གཏམ་ཉེར་གཅིག་པ། དད་ལྡན་ཕོ་མོས་འཚོ་བ་སྦྱར་བྱས་ནས། །བཟང་པོར་བཀུར་ནས་ཚུལ་འཆོས་སྤྱོད་པ་ཡང༌། །གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །རོ་སྙོམས་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དད་པ་དང་ལྡན་པའི་སྐྱེས་བུ་ཕོ་མོ་སོགས་ཀྱིས་འཚོ་བ་སོགས་སྦྱར་བར་བྱེད་པ་ནརང་ཉིད་བཟང་པོ་ཡིན་པར་བཀུར་བའི་ཆེད་དུ་ཚུལ་འཆོས་ཀྱི་སྤྱོད་པ་སྣ་ཚོགས་བྱེད་པ་ནི།ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས། ཚུལ་ཁྲིམས་འཆལ་བའི་དགེ་སློང་གཞོནནུ་ཁྱོད། །དགེ་སློང་བཞིན་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པའི་མི་ཆོག་པར། །ཚུལ་འཆོས་ཉེས་པས་གོས་ན་མི་རུང་ངོ༌། །ཞེས་གསུངས་པ་ལྟར། ཚུལ་འཆོསནི་རང་ཉིད་ལ་ཚུལ་ཁྲིམས་དང་མི་ལྡན་ཀྱང་ལྡན་པར་བྱས་པ་ནི་ཚུལ་འཆོས་ཡིན་པ་དང༌། དེནང་བཞིན་རང་རང་སོ་སོ་ལ་གང་ཞིག་མི་ལྡན་ཀྱང་དེ་ལྡན་ཁུལ་བྱེད་པ་ནི་ཚུལ་འཆོས་ཡིན་ལ། གཞན་ཕ་རོལ་གྱི་བསྙེན་བཀུར་ཐོབ་པའི་ཆེད་དུ་མ་མཛེས་རུང་མཛེས་ཁུལ་བྱེད་པ་ནི་ཚུལ་འཆོས་ཡིན་པ་ལས་གཞན་ཕ་རོལ་བོ་དད་པ་སྐྱེ་བའི་ཆེད་དུ་ལུས་ངག་ཡིད་གསུམ་གྱི་སྒོ་བསྡམསན་ཚུལ་ཁྲིམས་ཆགས་འདུག་ཡོད་ཅིང༌། དེས་ན་ཁྱིམ་པ་སུན་འབྱིན་པའི་ལས་དང་ཁྱིམ་པའིཁ་ཟེར་ཕོག་པ་ལ་འཛེམས་ནས་ཚུལ་ཁྲིམས་བསྲུང་དགོས། ཡིན་ན་ཡང༌། བསྙེན་བཀུར་ཙམཐོབ་པའི་ཆེད་དུ་ཚུལ་འཆོས་བྱས་ན་མི་རུང་ངོ༌། །སྤྱིར་མཁས་བཙུན་བཟང་གསུམ་ལས་མཁསཔ་ནི་གཞུང་ལུགས་ཀྱི་དོན་རྟོགས་ནས་ལག་ལེན་སྟེང་མ་རྨོངས་པར་ཆགས་ན་མཁས་པ་ཡིནཔ། ཆོས་དེ་ཉམས་སུ་ལེན་ཐུབ། ཉམས་སུ་ལེན་སྟངས་ཤེས། ཤེས་ནས་ཉམས་སུ་བླངས་མཁནནི་དོན་གྱིས་མཁས་པ་ཡིན། བཙུན་པ་ནི་ཆོས་འདུལ་བའི་སྐབས་སུ་དགེ་ཚུལ་སློང་ཞིག་ཡིནན་ཕམ་འདྲའམ་ཕམ་པ་སོགས་ཀྱིས་མ་གོས་པའི་སྡོམ་ལྡན་ནི་བཙུན་པ་དང༌། དེ་ཡང་ཕམ་པ་དང་ཕམ་འདྲ་སོགས་མངོན་ལྐོག་མེད་པར་བསྲུང་ཐུབ་མཁན་ཞིག་ཡིན་དགོས། བཙུན་པམཆོག་ཏུ་གྱུར་པ་ནི་དགེ་སློང་གི་དབང་དུ་བྱས་ན་ཁྲིམས་ཉིས་བརྒྱ་ལྔ་ཅུ་རྩ་གསུམ་སོགས་ལུསཔར་མེད་པར་ཆ་ཚང་བསྲུང་ཐུབ་མཁན་ཞིག་དགོས། བཟང་པོ་ནི་གུང་ཐང་བསྟན་པའི་སྒྲོནམེས་ཉོན་མོངས་པ་ཅི་རིགས་མངོན་གྱུར་འགོ་གནོན་པ་ནས་བཟུང་སྟེ་དེའི་གཉེན་པོར་འགྲོ་བའི་ཆོས་ཉམས་སུ་བླངས་ཐུབ་ན་མཁས་བཙུན་བཟང་གསུམ་གྱི་ནང་ནས་བཟང་པོ་ཡིན་ཞེསགསུངས་པ་དང༌། ཁ་ཤས་ཀྱིས་གཞན་ཕན་གྱི་བསམ་བློ་དང་གཞན་དོན་སྒྲུབ་ནུས་མཁན་ལབཟང་པོ་ཞེས་འཆད་མཁན་འདུག ཚུལ་འཆོས་སྤྱོད་པ་དེ་དག་ནི་གཞན་སེམས་བསྲུངས་བའིཆེད་དུ་བྱས་པ་ཡིན་ལ། དེ་ནི་རང་ཉིད་འཁོར་བར་འཆིང་བྱེད་ལས་གྲོལ་བྱེད་དུ་མི་འགྲོ་བསརོ་སྙོམས་བྱེད་དགོས། ཁྱིམ་པ་ཚོས་རིག་ས་ནས་ཡག་ཡག་གནང༌། མི་རིག་ས་ནས་སྤྱོད་པངན་པ་དེ་འདྲ་མི་གནང་བར་རོ་སྙོམས་བྱེད་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིངགཏམ་ཡིན་གསུངས་པའོ། །དེས་ན་དད་ལྡན་ཕོ་མོ་ཚོས་འཚོ་བ་སོགས་སྦྱར་ན་མི་བསླུ་བ་བྱེདདགོས་ཏེ། རང་ཉིད་ལ་མི་སུས་ཡིད་ཆེས་བྱས་ན་དེ་བསླུ་མི་རུང་རེད་མ་གཏོགས་རང་ཉིད་ལཡིད་ཆེས་མེད་མཁན་ཞིག་བསླུ་ཡང་མི་ཐུབ་པས་དད་ལྡན་ཕོ་མོ་ཚོས་ཡིད་ཆེས་བྱས་ན་མི་བསླུབ་བྱེད་རྒྱུ་དང༌། མི་བསླུ་བ་བྱེད་སྟངས་ནི་མངོན་ལྐོག་མེད་པར་ཚུལ་ཁྲིམས་བསྲུངས། སྡེ་སྣོདགསུམ་ལ་འཆད་ཉན་བསླབ་གསུམ་ཉམས་ལེན་བྱེད་དགོས་ཏེ། དེ་མིན་པར་ཐོས་བསམ་སྒོམགསུམ་ཡང་མ་བྱས། འཆད་ཉན་ཡང་མ་བྱས་ན་དད་ལྡན་ཕོ་མོ་ཚོས་འཚོ་བའི་མཐུན་རྐྱེན་གནངབ་དོན་མེད་དུ་ཆགས་འགྲོ་བཞིན་འདུག སྤྱིར་ཡོན་སྦྱོར་བའི་གནས་ནི་འཕགས་པའི་དགེ་འདུནཡིན། འཕགས་པའི་དགེ་འདུན་ཚོའི་རྒྱུད་ལ་ཚུལ་ཁྲིམས་དང་ལྡན་ཞིང་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་གཉེར་བས་ཡོན་སྦྱོར་བའི་གནས་ཁྱད་པར་ཅན་ཡིན་པ་རེད། ཡིནན་ཡང༌། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གང་ལ་ཡང་བརྩོན་མི་ཐུབ་པར་མ་ཟད། ཡོན་བདག་ཚོའི་མདུན་ནས་ཚུལ་འཆོས་གནང༌། སྒོམ་མང་པོ་ཞིག་རྒྱབ་ཡོད་མདོགརྟོགས་པམང་པོ་ཞིག་རྒྱུད་ལ་སྐྱེས་མདོག་བསྟན་ནས་གཞན་བསླུ་བའི་ཆེད་དུ་ཚུལ་འཆོས་བྱེད་མི་རུངལ། གཞན་མ་དད་པ་སྐྱེ་བའི་རྒྱུར་འགྲོ་སྙམ་པའི་སྒོ་ནས་རང་རང་གི་སྤྱོད་ལམ་ལ་དོགས་ཟོནབྱས་ནས་སྤྱོད་པ་ངན་པ་སྤོང་དགོས། ནམ་རྒྱུན་བསྟན་པ་དང་རབ་བྱུང་གི་སྡེ་ལ་བསམ་བློ་བཏངནས་རང་རང་གིས་ཀུན་སྤྱོད་ཡག་པོ་གནང་དགོས། དེང་སང་ནང་གི་ཐུགས་རྒྱུད་ཀྱི་ཤེས་ཚདལ་མི་བལྟ་བར་ཕྱིའི་ལུས་ངག་གི་སྤྱོད་ལམ་ལ་བལྟས་ནས་རྗེས་སུ་དཔག་བཞིན་ཡོད་པ་རེད། དེས་ན་ཕྱིའི་ལུས་ངག་གི་སྤྱོད་ལམ་ཡག་པོ་གནང་དགོས། ཁ་ཤས་ཀྱིས་སྤྱོད་ལམ་ངན་པ་བྱསཀྱང་ང་བཟང་པོར་གྱུར་མི་དགོས་ང་ལ་ཅི་ཟེར་རུང་སྐྱོན་མེད་ཅེས་བཤད་མཁན་ཚོར་འདོར་ཞིག་པ་རེད་མ་གཏོགས། ཁོ་ལ་སྐྱོན་མེད་ན་ཡང༌། ནང་བའི་བསྟན་པ་དང་རབ་བྱུང་གི་སྡེ་ལགནོད་བསྐྱལ་བ་རེད། དེས་ན་དེང་སང་གི་སྐད་ཆ་ལ་ཕན་མ་ཐོགས་རུང༌། གནོད་མི་བསྐྱལཅེས་སྡོམ་ཚིག་ཡོད་པ་ལྟར་རང་ཉིད་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞུགས་ནས་ནང་བའིབསྟན་པ་ལ་ཕན་མ་ཐོགས་རུང༌། ནང་བའི་བསྟན་པ་དང་རབ་བྱུང་གི་སྡེ་ལ་གནོད་མི་སྐྱེལ་རྒྱུགལ་ཆེན་ཡིན་པ་རེད། སྙིང་གཏམ་ཉེར་གཉིས་པ། བཟོ་རྩིས་སྨན་སོགས་ཡིག་སྣ་དཔག་མེད་ཀྱང༌། །རྟེན་འབྲེལ་ཐབས་ཀུན་རྣམ་མཁྱེན་རྒྱུ་ཡིན་ཀྱང༌། །སྣ་ཚོགས་མང་པོས་བསམ་གཏན་གཅོག་པའི་རྒྱུ། །ཤེས་བྱ་བསྐྱུང་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་བཟོ་དང་མོ་རྩིས་སྨན་ལ་སོགས་པའི་ཡིག་སྣ་དཔག་ཏུ་མེད་པ་དེ་དག་དང་གཞན་ རྗེས་སུ་འཛིན་པར་བྱེད་པའི་རྟེན་འབྲེལ་གྱི་ཐབས་ལམ་ཀུན་སྤྱིར་རྣམ་མཁྱེན་གྱི་རྒྱུ་ཡིན་པརརྗེ་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་ཀུན་ལ་མ་སྦྱངས་ན། །འཕགསམཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་རིག་པའི་གནས་མཐའ་དག་ལསྦྱང་དགོས་པར་གསུངས་པ་དང༌། དེ་ནང་བཞིན་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། རྒྱལསྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང་ས་སྐྱ་པནྟིཏས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའལས་རིང༌། །ཞེས་གསུངས་པ་ལྟར་ཤེས་བྱ་ཐམས་ཅད་ལ་སྦྱངས་ན་ད་གཟོད་ཀུན་མཁྱེན་ཐོབཐུབ་ལ། ཀུན་མཁྱེན་ནི་ཐམས་ཅད་མཁྱེན་པའོ། །ཐམས་ཅད་མཁྱེན་པ་ལ་ཐམས་ཅད་སྦྱངསནས་ཐམས་ཅད་མཁྱེན་པ་ཐོབ་དགོས་པ་ལས། ཐམས་ཅད་ལ་མ་སྦྱངས་ན་ཐམས་ཅད་མཁྱེནཔ་ཐོབ་མི་ཐུབ་སྟེ། དཔེར་ན་འཆི་བ་མི་རྟག་པ་ལ་སྦྱངས་ནས་འཆི་བ་མི་རྟག་པ་རྟོགས་པའིབློ་རྒྱུད་ལ་བསྐྱེད་དགོས་པ་རེད་མ་གཏོགས་འཆི་བ་མི་རྟག་པ་མ་ཐོས་མ་བསམ་པར་འཆི་བམི་རྟག་པ་རྟོགས་མི་ཐུབ་པས་སྤྱིར་ཀུན་མཁྱེན་ཐོབ་པ་ལ་ཤེས་བྱའི་གནས་མཐའ་དག་ལ་སྦྱངདགོས་པའི་རྒྱུ་མཚན་ནི། སངས་རྒྱས་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དགོས་ཤིང༌། སེམས་ཅད་ཐམས་ཅད་ཀྱི་དོན་མཛད་པ་ལ་སེམས་ཅན་རེ་རེའི་རང་རང་གི་ཁམས་དབང་མོསཔ་ལྟར་དོན་མཛད་དགོས་ཏེ། འཇིག་རྟེན་པའི་བཟོ་རྩིས་སྨན་སོགས་གང་དང་གང་སྦྱང་འདོདན་དེ་དང་དེ་བསྟན་ནས་དོན་བསྒྲུབ་དགོས། ཉན་ཐོས་ཀྱི་ཐར་བ་འདོད་པའི་གང་ཟག་ཞིགཡིན་ན་དེ་ལ་ཉན་ཐོས་ཀྱི་ལམ་འབྲས་ཆ་ཚང་ཞིག་བསྟན་དགོས་པ་དང༌། རང་རྒྱལ་གྱི་ཐརབ་འདོད་པའི་གང་ཟག་ལ་རང་རྒྱལ་གྱི་ལམ་འབྲས་ཆ་ཚང་སྟོན་ཤེས་དགོས། ཐེག་ཆེན་གྱི་ལམ་ལ་སློབ་པར་འདོད་མཁན་ཞིག་ཡིན་ན་ཐེག་ཆེན་གྱི་ལམ་འབྲས་ཆ་ཚང་ཤེས་ནས་བསྟནདགོས་ཏེ། གདུལ་བྱ་མཐའ་དག་རྗེས་སུ་འཛིན་པ་ལ་ཐམས་ཅད་མཁྱེན་དགོས་པའི་རྒྱུ་མཚནདེའི་ཕྱིར། ཤེས་བྱའི་གནས་ཐམས་ཅད་ལ་སྦྱང་དགོས།ཡིན་ན་ཡང༌། ལས་དང་པོ་པ་ཞིགཤེས་བྱ་སྣ་ཚོགས་ལ་ཆགས་ཏེ་རང་གི་སྒོམ་ཉམས་ལེན་གང་ཡང་གནང་མ་ཐུབ་པར་ཚེ་ཕྱི་མརབུད་སོང་ན་ཐོས་དོན་རྒྱུད་ལ་གཞོལ་བའི་ཉམས་ལེན་གནང་མ་ཐུབ་ན་དེ་མི་འགྲིག་པས་ཤེསབྱ་སྣ་ཚོགས་ལ་ཆགས་པ་ནི་བསམ་གཏན་ནམ་ཏིང་ངེ་འཛིན་གཅོག་པའི་རྒྱུར་འགྲོ་བའི་རྒྱུ་མཚན་གྱིས་ཤེས་བྱ་མང་པོ་སྦྱང་པ་བསྐྱུང་ནས་རང་རང་གི་ངེས་པར་ཤེས་དགོས་པས་སྐྱབསའགྲོ་ངེས་འབྱུང་གི་བསམ་པ་བྱང་ཆུབ་ཀྱི་སེམས་བདེན་བཞི་མི་རྟག་བཅུ་དྲུག་རྟེན་འབྲེལ་ཡནལག་བཅུ་གཉིས་སྟོང་བདག་མེད་སོགས་ཁ་ཡོད་ལག་ཡོད་ཀྱིས་ཐོག་མར་ཤེས་དགོས། སྤྱིརཤེས་བྱ་ཐམས་ཅད་ཤེས་དགོས་ཀྱང་དེའི་ནང་ནས་ཐོག་མར་ཤེས་དགོས་པ་ཞིག་དང་དེ་ལ་བརྒྱུད་རིམ་མམ་གོ་རིམ་ཅིག་ཡོད་པ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེའི་ཚེ་ཐམས་ཅད་ཤེས་དགོས་ཀྱང༌། ལས་དང་པོ་པ་ཞིག་ལམ་ལ་ཐོག་མར་ཞུགས་པ་ལ་ཐོག་མར་ནང་པསངས་རྒྱས་པའི་འཇུག་སྒོ་སྐྱབས་འགྲོ་ཤེས་པར་བྱས། ཐར་བའི་ལམ་ལ་ཞུགས་པ་ལ་ངེས་འབྱུང་བསམ་པ་ངེས་པར་ཤེས་དགོས། དེས་ན་རང་རང་སོ་སོ་ལ་ཐོག་མར་ཤེས་དགོས་པའིགལ་ཆེན་པའི་ཤེས་བྱ་ཞིག་ཡོད་པ་དེ་ཐོག་མར་ཤེས་པར་བྱ་དགོས་ཏེ། ཇོ་བོ་རྗེ་དཔལ་ལྡནཨ་ཏི་ཤས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང༌། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་ལོངས་ཤིག་ཨང༌། །ཞེས་སྤྱིརཤེས་བྱ་ཐམས་ཅད་སྦྱང་དགོས་ཀྱང༌། ཁ་ཡོད་ལག་ཡོད་ཀྱི་ཐོག་མར་ཉམས་སུ་གང་ལེན་དགོསཔ་ཡིན་ན་དེར་ཐོག་མར་སྦྱང་དགོས་ཞེས་གསུངས་པ་དང༌། ལྷག་ཏུ་བསམ་གཏན་ལ་རྩེ་གཅིགཏུ་བརྩོན་པའི་གང་ཟག་ཞིག་ཡིན་ན་ཤེས་བྱ་སྣ་མང་ལ་སྦྱངས་ན་བསམ་གཏན་ལ་ཅུང་ཟད་གནོད་པ་དང༌། དེ་ནང་བཞིན་ནང་ཆོས་སྦྱོང་མཁན་ཞིག་ཡིན་ན་ཚེ་འདི་ཙམ་གྱི་ཆེད་དུ་དམགདོན་རིག་པ་དང་ཚན་རིག་ཡིག་རིགས་སྣ་ཚོགས་སྐད་རིགས་སྣ་ཚོགས་དང་ཚོང་ལས་རིག་པསོགས་དང༌། བོད་ཀྱི་སྲོལ་རྒྱུན་གྱི་དབང་དུ་བྱས་ན་འབྲོག་ལས་རིག་པ་ཞིང་ལས་རིག་པ་སོགསསྦྱངས་ན་ཚེ་འདིའི་རིག་གཞུང་ཙམ་ལ་སྦྱངས་པ་ཡིན་ལ། དེ་སྦྱངས་ན་ནང་ཆོས་ཀྱི་ལུང་རྟོགསཀྱི་བསྟན་པ་ཉམས་བྱེད་ཀྱི་རྒྱུར་འགྲོ་བ་ལས་འཕེལ་བྱེད་ཀྱི་རྒྱུར་མི་འགྲོ། སངས་རྒྱས་བཅོམལྡན་འདས་ཀྱི་མདོའི་སྐབས་ན་ཡང༌། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཉམས་བྱེད་ཀྱི་རྒྱུ་ནི་ཚེ་འདིའི་གཙུག་ལག་སོགས་བཞེངས་པ་དེ་ཡིན་པར་གསུངས་པ་དང༌། ནང་ཆོས་སྦྱོངམཁན་ཞིག་ཡིན་ན་ཚེ་འདིའི་གཙུག་ལག་བསྐྱུང་ནས་ནང་ཆོས་ཀྱི་གཞུང་ལུགས་ལ་སྦྱང་དགོས། དེས་ན་འདིར་ཡང་བསམ་གཏན་སྒོམ་མཁན་ཞིག་ཡིན་ན་ཤེས་བྱ་སྣ་ཚོགས་སྦྱང་པ་དེ་བསྐྱུངདགོས་ཞེས་གསུངས་པའོ། །སྤྱིར་བྱ་བ་གང་སྒྲུབ་ཀྱང་འདུན་པ་གཅིག་ལ་གཏད་ནས་བྱ་བ་སྣ་གཅིག་ལ་བརྩོན་རྒྱུ་གལ་ཆེན་ཡིན་པ་དང༌། དེང་སང་སྐད་ཆ་ཡིན་ན་རིགས་གཅིག་རྐངའཛིན་ཟེར་བ་བྱ་དགོས། སྙིང་གཏམ་ཉེར་གསུམ་པ། ནང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་སྤང༌། །དབེན་པའི་ཁོངས་ནས་ཕུན་ཚོགས་སྒྲུབ་པ་དང༌། །དོན་ཆུང་ངང་ལ་མི་ཚེ་ཟད་པའི་རྒྱུ། །བྱ་བྱེད་བཤོལ་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ཁང་བའི་ནང་དུ་རང་ཉིད་སོས་དལ་དུ་སྡོད་པ་དེའི་ཚེ་ཁ་ཤས་ཀྱིས་རང་ཉིད་ལ་གྲྭ་ཤགཆུང་ཆུང་ལས་མེད་ན་ཡང༌། བཅའ་ལག་ཚོ་ཡར་སྤོར་མར་སྤོར་བྱས། དེ་རིང་ཉལ་ས་ཐད་བསྐོརཡོད་ན་སང་ཉིན་ཉལ་ས་འཕྲེད་བསྐོར་བ། མཚན་རིང་མཚན་མི་ཁོམ་པར་ལས་ཀ་ཏག་ཏགབྱེད་མཁན་འདུག དེ་དག་གིས་རང་ཉིད་མི་ཁོམ་པར་བྱས་པ་ཡིན་ལ། གལ་སྲིད་དེ་འདྲའིཁང་བ་བཀོད་སོགས་བྱེད་པ་སྤང་ཁུལ་བྱས་ཏེ། དབེན་པའི་རི་ཁྲོད་ལ་བཞུགས་ནས་འཇིགརྟེན་གྱི་ཕུན་ཚོགས་བཅའ་ལག་གིས་རྒྱས་སྤྲོས་མང་པོ་སྒྲུབ་པ་ནི་དོན་ཆུང་ཆུང་ཡིན་ལ། དོནཆུང་དེའི་ངང་ནས་མི་ཚེ་ཟད་འགྲོ་བ་དེའི་རྒྱུ་མཚན་གྱིས་འཇིག་རྟེན་གྱི་བྱ་བྱེད་བཤོལ་བ་ནི་ཁོ་བོའི་སྙིང་གཏམ་ཡིན་གསུངས་པའོ། །རི་ཁྲོད་པ་ཞིག་ཡིན་ན་ཟས་གོས་ཙམ་ཡོད་ན་གཞནབྱ་བ་མང་པོ་སྒྲུབ་མི་དགོས། དགོན་སྡེ་ཞིག་གི་སློབ་གཉེར་བ་ཞིག་ཡིན་ན་ཁ་ཟ་རྒྱུ་དང་རྒྱབགོན་རྒྱུ་གང་ལ་གང་འཚམ་ཡོད་པ་གཞིར་བཞག་གི་སྟེང་ནས་དཀའ་སྤྱད་སྡུག་རུས་ཅུང་ཙམགནང་ཐུབ་དགོས་པ་རེད་མ་གཏོགས་དཀའ་སྤྱད་སྡུག་རུས་བྱེད་མ་ཐུབ་ན་སྔོན་ཤེས་པ་ལསལྷག་གི་ཡོན་ཏན་གང་ཡང་ཤེས་མི་ཐུབ། བཀའ་གདམས་གོང་མ་ཚོས་སྡུག་རུས་རྡོ་རུས་ཐུགཔ་བྱོས་ཞེས་གསུངས་པ་ལྟར་དཀའ་སྤྱད་སྡུག་རུས་བརྒྱབ་ནས་དཔེ་ཆ་བསླབ་སྟེ་བྱ་ཉུང་དོནཉུང་བྱ་དགོས་པ་རེད། བཅའ་ལག་མང་པོ་ཡོད་ན་ཁོར་ཡུག་དེ་ཡང་བརྫད་འགྲོ་བ་དང༌། ལྷགཏུ་གྲྭ་ཤག་ཆུང་ཆུང་ཡིན་ཏེ་བཅའ་ལག་མང་པོ་ཡོད་ན་ཁྱིམ་ལ་མི་ཤོང་བར་སྒོ་ཕུད་ནས་གཞནལ་གནོད་པ་བཟོ་བཞིན་འདུག སྤྱིར་བཏང་རབ་ཏུ་བྱུང་བ་དགེ་སློང་ཞིག་ཡིན་ཕྱིན་ཆོས་གོསབླ་གོས་གཅིག་ལས་ལྷག་པ་ཡོད་ན། ཡང་མིན་ན་བྱིན་རླབས་དགོས། ཡང་མིན་ན་གཞན་ལབྱིན་དགོས་པར་གསུངས་ཡོད། ཆོས་འདུལ་བ་ལྟར་འདོད་ཆུང་ཆོག་ཤེས་བྱ་ཉུང་དོན་ཉུང་བྱདགོས་པ་རེད་མ་གཏོགས་འཇིག་རྟེན་གྱི་བྱ་བཞག་རྐྱང་རྐྱང་ལ་ཞེན་ན་དོན་ཆུང་ཆུང་ཞིག་གིསམི་ཚེ་ཟད་འགྲོ་བ་རེད། དེས་ན་དོན་ཆེན་པོ་ཞིག་བསྒྲུབས་ཏེ་མི་ཚེ་ཟད་པར་བྱ་དགོས། དོནཆེན་པོ་ནི་རབ་བྱུང་ལ་མཚོན་ན་རང་རང་གི་རྒྱུད་ཀྱི་སྡོམ་པ་ཡང་དག་པར་བསྲུངས་ཏེ་ཐོས་བསམསྒོམ་གསུམ་བྱས་ནས་མི་ཚེ་འདའ་རྒྱུ་དེའོ། །མི་ཚེ་འདིར་ཟས་གོས་གནས་མལ་སོགས་དགོསན་ཡང་དེ་ཙམ་གྱིས་ཆེད་དུ་མི་ཚེ་འདའ་སོང་ན་མི་ཚེ་དོན་ལྡན་འོང་བ་མིན་ལ། མི་ཚེ་གནསཔའི་དགོས་པའང་དེ་མིན། མི་ཚེ་གནས་པའི་དགོས་པ་ནི་ནང་བ་སངས་རྒྱས་པ་ཞིག་ཡིན་ནནང་ཆོས་ཡང་དག་པ་ཞིག་སློབ་སྦྱོང་བྱེད་ཐུབ་ན་མི་ཚེ་དོན་ལྡན་དུ་གྱུར་སོང་བ་ལས། དེ་མ་ཐུབ་ན་མི་ཚེ་དོན་ལྡན་དུ་མི་འགྱུར། དེས་ན་བྱ་བྱེད་བཤོལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམསཁོང་གི་སྙིང་གཏམ་ཡིན་གསུངས་པའོ། །མདོར་བསྡུས་ན་བྱ་བ་དོན་ཆུང་ཆུང་མང་པོ་ཞིག་ལབརྩོན་སོང་ན་དེའི་ངང་ནས་མི་ཚེ་ཚར་འགྲོ། དེས་ན་སློབ་སྦྱོང་གི་དུས་སྐབས་ལ་སློབ་སྦྱོང་ངེས་པར་གནང་དགོས། ཁ་པར་སྤྲོད་རྒྱུའི་འགྲིག་ལམ་འདི་འདྲའི་སྐོར་ཆ་བཞག་ན་རང་རངསོ་སོའི་རྒྱན་དུ་བླངས་ནས་ཁ་པར་ཡག་པོ་སྤྲད་དགོས་པ་རེད། དེ་འདྲ་མ་ཡིན་པར་རང་རངསོ་སོས་རྒྱན་དུ་མ་ཁྱེར་བར་ཁུར་དུ་བླངས་སོང་ན་རང་རང་སོ་སོ་ལ་དཀའ་ངལ་ངེས་པར་འོངསྟེ། དཔེར་ན་མི་ཞིག་གི་མགོ་ལ་གཡུ་བྱུར་མང་པོ་བཏགས་ན་ཡང༌། རྒྱན་དུ་ཁྱེར་ན་དཀའངལ་མི་འདུག་ཨ། དེ་ལས་རྡོ་མང་པོ་བཏགས་ན་དཀའ་ངལ་འོང་བ་ལྟར་རོ། །དེས་ན་ཆོས་འདུལ་བའི་བཅས་པ་དགེ་འདུན་གྱི་ནང་ཁྲིམས་སོགས་རང་རང་སོ་སོའི་སློབ་སྦྱོང་གི་མཐུནརྐྱེན་དུ་ངེས་པར་འགྲོ་བ་དགོས། ངས་ནམ་རྒྱུན་ཁྱེད་རྣམ་པར་ཞུས་པ་ལྟར་ང་ཚོའི་སློབ་གླིངའདིའི་འགྲིག་ལམ་དག་གཞུང་དང་སྒེར་གང་ལ་ཡང་ཕན་མི་ཐོགས་པའི་འགྲིག་ལམ་ཡོད་ནལམ་སེང་ཡར་ཞུས་དང་ང་ཚོས་བསྒྱུར་བཅོས་ངེས་པར་གཏོང་ངེས་ཡིན། དེ་མིན་རང་རང་སོསོའི་བློ་དང་འཚམ་མི་འཚམ་ཡོད་ན་རང་རང་སོ་སོ་བསྒྱུར་བཅོས་གཏོང་དགོས་པ་རེད་མགཏོགས་ངའི་འདོད་བློ་བསྐང་ཐུབ་ཀི་མི་འདུག་ཅེས་འགྲིག་ལམ་བཟོ་ས་མི་འགྲོ། རང་གི་རྣམགཡེང་གི་དབང་གིས་འགྲིག་ལམ་འདི་བཞག་ན་འགྲིག་གི་མི་འདུག་ཟེར་ན་ཁོས་བསམ་བློ་བཏང་མ་ཤེས་པར་ཁོ་རང་སྨྱོན་པར་ཆགས་སོང་བ་དང༌། ཆོས་དང་འཇིག་རྟེན་གང་གི་འགྲོསྟངས་མ་ཤེས་པའི་རྟགས་རེད། དེ་ནང་བཞིན་རང་རང་སོ་སོའི་གྲྭ་ཤག་ཇི་འདྲའི་ཆུང་ན་ཡང༌། ད་རུང་བཅའ་ལག་མང་པོ་སྒྲིག རྒྱས་སྤྲོས་མང་པོ་བྱས་བྱས་པའི་མཐར་ཁྱིམ་པ་ཚོ་ལྟ་བུར་ཆགསའགྲོ་བཞིན་འདུག ཁྱིམ་པ་ཚོའི་གྲལ་ན་ཡང་ཤོག་ཁུག་ཅིག་ལས་མེད་ན་ཡང༌། དེ་ཡར་བསགས། རས་ཆུང་ཆུང་ཞིག་ལས་མེད་ན་ཡང་བདག་བྱས་ཏེ་ཁྱིམ་ནང་ལ་བཅའ་ལག་མང་པོ་བསགསབསགས་ནས་མཐར་རང་ཉིད་འཆི་བའི་ཉིན་མོར་གཞན་གྱི་བཙོག་བལྟས་ནས་མར་འཕོ་མི་ཐུབ་པ་ལྟ་བུར་ཆགས་འགྲོ་བཞིན་འདུག དེས་ན་ཐམས་ཅད་ཀྱི་བྱ་ཉུང་དོན་ཉུང་བྱེད་དགོས། བཅའ་ལག་དགོས་མི་དགོས་མང་པོ་མི་བསག་པར་བྱ་བ་བསྐྱུང་དགོས་པ་རེད། སྙིང་གཏམ་ཉེར་བཞི་པ། མཁས་དང་བཙུན་སོགས་སྒྲུབ་ལ་བརྩོན་གྱུར་ཀྱང༌། །ཕྱོགས་རིས་ཡོན་ཏན་ཕུལ་དུ་ཕྱིན་གྱུར་ཀྱང༌། །གང་ཞེན་དེ་ཡིས་བདག་རྒྱུད་འཆིང་བའི་རྒྱུ། །ཕྱོགས་མེད་ཁྲོལ་ཤེས་ཁོ་བོའི་སྙིང་གཏམ་ཡིན། །ཞེས་མཁས་པ་དང་བཙུན་པའི་ཡོན་ཏན་སོགས་གོང་ནས་ཞུས་ཟིན་པ་ལྟར་མདོར་ན་རངགི་ལག་ལེན་ཐོག་མ་རྨོངས་ན་དོན་གྱིས་མཁས་པར་ཆགས་སོང་བ་ལས། དེ་མིན་ཁ་ནས་ཅིའདྲའི་ཡག་པོ་བཤད་ཤེས་ཀྱང༌། ལག་ལེན་ཐོག་རྨོངས་ན་བླུན་པོར་ཆགས་པ་རེད། དཔེརན་རང་རང་གིས་སེམས་བསྐྱེད་ཀྱི་དམིགས་རྣམ་སོགས་བྱ་བའི་ཐོག་ནས་ཡང་དག་པ་ཞིག་སྒོམཐུབ་ན་སེམས་བསྐྱེད་ལ་མཁས་སོང་བ་རེད། དེ་མིན་སེམས་བསྐྱེད་ཀྱི་དམིགས་རྣམ་སོགསཁ་ནས་ཅི་ལྟར་བཤད་ཤེས་ཀྱང་ལག་ལེན་གྱི་ངོས་ནས་སྒོམ་མ་ཤེས་ན་སེམས་བསྐྱེད་ལ་མ་མཁས་པ་ཡིན་པས་ལག་ལེན་གྱི་ངོས་ནས་མཁས་པར་བྱ་དགོས། རྗེ་ས་སྐྱ་པནྟིཏས། མཁསཔ་ཇི་ལྟར་ཐབས་སྡུག་ཀྱང༌། །བླུན་པོ་ཞུགས་པའི་ལམ་མི་འགྲོ། །ཞེས་གསུངས་པ་ལྟར་མཁསཔ་ཇི་འདྲའི་ཐབས་སྡུག་ན་ཡང༌། བླུན་པོ་ཞུགས་པའི་ལམ་ནང་དུ་མི་འགྲོ་བར་བྱ་བའི་སྟེང་ནསམི་རྨོངས་པ་ཞིག་ཡིན་པའོ། །བཙུན་པ་ནི་ཆོས་འདུལ་བ་སོགས་ཀྱི་སྐབས་སུ་ཕམ་པ་བཞིསམ་གོས་པ་ཞེས་གོང་ནས་ཞུས་ཟིན་པ་ལྟར་ཕམ་པ་བཞི་བོ་མངོན་ལྐོག་མེད་པར་བསྲུང་བ་ནབཙུན་པ་ཡིན་པ་དང༌། བཙུན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ལ་ཁྲིམས་ཉིས་བརྒྱ་ལྔབཅུ་རྩ་གསུམ་ཐམས་ཅད་བསྲུང་དགོས། ཉེས་པ་ཆུང་ངུ་བསྲུང་ཁུལ་བྱས་ཏེ་ཆེན་པོ་ཞིག་བསྲུངམ་ཐུབ་ན་མི་འགྲིག་ལ། འབྲུག་པ་ཀུན་ལེགས་ལམ་དུ་ཕེབས་པའི་སྐབས་ཆུ་ཆུང་ཆུང་དག་བརྒལ་བའི་སྐབས་ལྷམ་ཕུད་པ་དང༌། ཆུ་ཆེན་པོ་དག་བརྒལ་བའི་སྐབས་ལྷམ་མ་ཕུད་པར་གོནནས་སོང་བ་རེད། དེ་ཅི་ཡིན་ཞེས་དྲིས་པའི་སྐབས་འབྲུག་པ་ཀུན་ལེགས་ཀྱིས་དེ་ནི་བོད་ཀྱིསསྡོམ་པ་བསྲུང་སྟངས་རེད་ཅེས་གསུངས་པ་ལྟར། བོད་ཀྱི་བླ་མ་འགའ་རེས་མི་ཆོས་བླ་མའི་རྫུནབཤད། དགེ་འདུན་པའི་རྒྱུ་རྫས་དག་བག་མེད་དུ་སྤྱོད། གཤོབ་བཤད་རྫུན་བཤད་ནས་དཔལའབྱོར་མང་པོ་བསྒྲུབས་བརྐུས་བྱས་ཏེ་ཕམ་པ་འབྱུང་མཁན་ཡོད་ཅིང༌། དེས་ན་ཕམ་པ་བཞི་ཡིན་ན་འདྲ། ཕམ་འདྲ་བཞི་གང་དང་གང་ཡིན་ཀྱང་ཐམས་ཅད་མངོན་ལྐོག་མེད་པར་བསྲུངདགོས། བཟང་པོའི་ཡོན་ཏན་ནི་ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱ་དགོས་ཏེ། སངསརྒྱས་བཅོམ་ལྡན་འདས་ཀྱིས་ཁོང་གི་བསྟན་པ་ཉམས་སུ་ལེན་པའི་རིམ་པ་གསུངས་པ་ན། སྡིགཔ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་སྡིག་པ་མི་བྱ་བར་དེ་ལསལྡོག་དགོས་པར་གསུངས་པ་དང༌། འཇུག་ཡུལ་ནི་དགེ་བ་ལ་འཇུག་དགོས་པ། དེ་ལ་འཇུགཔའི་བཟང་པོའི་ཡོན་ཏན་ནི་རང་སེམས་ཡོངས་སུ་འདུལ་བར་བྱ་དགོས་པར་གསུངས་པ་དང༌། དྭགས་པོ་རིན་པོ་ཆེས་ཀྱང༌། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་འགྲོ་ན་ཆོསམིན་ཞེས་གསུངས་སོ། །དེས་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དེ་དག་སྒྲུབ་ལ་བརྩོནཀྱང་ང་དང་ཁྱོད་ཅེས་ཕྱོགས་རིས་ཀྱི་ཡོན་ཏན་དང་གཞུང་ཕྱོགས་རེ་བ་ཙམ། ཡང་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕྱོགས་རེ་བ་ཙམ་ཕུལ་དུ་ཕྱིན་པར་གྱུར་ན་ཡང༌། བདེན་མེདམ་རྟོགས་པར་བདེན་ཞེན་གྱིས་འཆིང་བའམ་བཅིང་སོང་ན་གང་ལ་ཞེན་ན་དེ་འཆིང་བའི་རྒྱུརགྱུར་ཏེ། བུ་སྣང་བའི་མི་འཆིང་ཞེན་པའི་འཆིང༌། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངསཔ་ལྟར་ཞེན་པ་ཡོད་ན་འཆིང་བར་ཆགས་འགྲོ་བ་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཞེས་གསུངས་པ་ལྟར་ང་ཚོས་གང་ལ་ཞེན་པ་བྱས་ན་དེ་ཉིད་འཁོར་བར་འཆིང་བའི་རྒྱུར་གྱུརབ་དེས་ན་བདེན་ཞེན་གང་ཡང་མེད་པར་ཕྱོགས་རིས་མེད་པར་སྤྲོས་པ་ཐམས་ཅད་དང་བྲལབའི་སྤྲོས་བྲལ་དུ་ཤེས་པ་ནི་ཁོ་བོའི་སྙིང་གཏམ་ཡིན་གསུངས་པའོ། །སྙིང་གཏམ་ཉེར་ལྔ་པ། ཐོག་སེར་ལ་སོགས་གཏད་སྲུང་སྣ་ཚོགས་ཀྱིས། །གདུལ་བྱ་འདུལ་བ་འཕྲིན་ལས་ཡིན་སྙམ་ཡང༌། །གཞན་རྒྱུད་སྲེག་ཅིང་རང་ཉིད་ངན་འགྲོའི་རྒྱུ། །དམན་ས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ཐོག་དང་སེར་བ་མནན་བསྲེགས་འཕེན་གསུམ་གཏད་པ་དང་སྲུང་བ་སྣ་ཚོགས་ཀྱིསའདུལ་དཀའ་བའི་སྐྱེ་བོ་དག་དྲག་པོའི་ལས་ཀྱི་སྒོ་ནས་འདུལ་བ་ནི་འཕྲིན་ལས་ཡིན་པར་སྙམན་ཡང༌། བསྐྱེད་རིམ་མཚན་ཉིད་པ་ཞིག་གི་སྒོ་ནས་མནན་བསྲེགས་འཕེན་གསུམ་གནང་བལ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་དགོས་པ་ལས་དེས་མ་ཟིན་པར་ཐེག་ཆེན་གྱི་ཆོས་སུ་འགྱུརམི་ཐུབ། སྔགས་དང་མདོ་ཕར་ཕྱིན་སྡེ་སྣོད་གང་གི་སྐབས་ན་ཡང༌། ཐེག་པ་ཆེན་པོའི་སེམསབསྐྱེད་ཀྱིས་རྩིས་མ་ཟིན་ན་ཐེག་པ་ཆེན་པོའི་ཆོས་སུ་འགྱུར་མི་ཐུབ་པར་གསུངས་པས་བསྐྱེདརྫོགས་རིམ་གཉིས་ཀྱི་ལམ་བསྒོམ་པ་ལ་ཐོག་མར་ངེས་འབྱུང་བསམ་པ་དང་བྱང་ཆུབ་སེམསཀྱིས་རྒྱུད་སྦྱངས་བ་སྔོན་དུ་འགྲོ་དགོས། དེ་གཉིས་སྔོན་དུ་མ་སོང་བར་ཞེ་སྡང་རང་མཚན་པའིསྒོ་ནས་ཀྱང་སྔགས་དང་རྫས་ཀྱིས་གཞན་ལ་གནོད་བསྐྱལ་ཐུབ་ལ། སྔོན་གྱི་ལོ་རྒྱུས་ནང་གཙངབླ་རྟ་ནག་ཅན་ཟེར་བ་དེས་རྟ་ཐོག་ནས་ཕཊ་སྒྲ་བྱས་པ་ན་མི་རྣམས་ཀྱི་སྐྲ་ལྟག་བླངས་བ་མ་ཟད་ཀླད་པ་ཡང་ལེན་འགྲོ་བ་ཞིག་ཡོད་པ་རེད། ཡིན་ན་ཡང༌། རྗེས་མར་ཡར་འབྲོག་གཡུམཚོའི་ནང་དུ་ཉ་ཆེན་པོ་ཞིག་གི་སྐྱེ་བ་བླངས་ནས་འབུ་སྲིན་ཁྲི་ཕྲག་མང་པོའི་ཁ་ཟས་སུ་གྱུརཏེ་ངན་འགྲོར་སྐྱེས་སོང་བའི་ལོ་རྒྱུས་ཡོད་པ་ལྟར། རྫས་སྔགས་ལ་བརྟེན་ནས་གང་ཟག་ཕ་རོལབོའི་ནད་ཅུང་ཟད་རེ་ཞི་བར་བྱེད་པ་དང་ལྷ་ཀླུ་མི་མ་ཡིན་ཚོར་ཕོག་ཐུག་རེ་གནས་སྐབས་ཙམཐུབ་པ་རེད་དེ། དེ་དག་ཐེག་པ་ཆེན་པོའི་ཆོས་སུ་འགྱུར་བ་ལ་བྱང་ཆུབ་སེམས་ཀྱིས་རྩིས་ཟིནཔར་བྱ་དགོས། གང་ཟག་རང་ཉིད་ཐེག་པ་ཆེན་པོར་འགྱུར་དགོས་པ་ལ་རང་རྒྱུད་ལ་སེམསབསྐྱེད་བསྐྱེད་པར་བྱ་དགོས་པ་ལས་དེ་མ་སྐྱེས་ན་ཐེག་ཆེན་པར་འགྱུར་མི་ཐུབ། དེས་ན་སྔོནབྱོན་སྐྱེས་བུ་དམ་པ་ཚོས་གསུངས་པ་ལྟར་ཆོས་ཐེག་པ་ཆེན་པོར་བྱ་དགོས་པ་མ་ཟད། གང་ཟགརང་ཉིད་ཀྱང་ཐེག་པ་ཆེན་པོར་བྱ་དགོས། བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པར་བྱ་དགོས་པལས་གལ་སྲིད་ཞེ་སྡང་རང་མཚན་པ་ཙམ་གྱི་སྒོ་ནས་ཕ་རོལ་པོ་མནན་བསྲེགས་སོགས་བྱསནས་མི་བསད་ན་དགེ་སློང་ཞིག་ཡིན་ན་ཕམ་པ་འབྱུང་ཉེན་ཆེ་བ་འདུག མངོན་སྤྱོད་དྲག་པོའིལས་ལ་བརྟེན་ནས་ཞེ་སྡང་གི་སྒོ་ནས་མི་བསད་པ་ན་ཆོས་འདུལ་བ་ནས་བཤད་པའི་གཞི་བསམཔ་སྦྱོར་བ་མཐར་ཐུག་མཐའ་དག་ཚང་འགྲོ་བ་རེད། རྒྱུད་ཀྱི་སྐབས་ན། སྙིང་རྗེས་བསྒྲལ་བའིདམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་གསུངས་པ་ལྟར་དུ་འོང་དགོས་པ་ལས་རང་གིས་ཀྱང་ཞེསྡང་རང་མཚན་པའི་སྒོ་ནས་མི་བསད་ན་རང་གིས་སྡིག་པ་བསགས། གཞན་ལ་ཡང་དེ་འདྲའིམི་འདོད་པ་སྣ་ཚོགས་པས་ཁོང་ཁྲོ་སྐྱེ་བར་བྱས་ཏེ་གཞན་རྒྱུད་སྲེག་ཅིང༌། དེ་འདྲའི་དབང་གིསརང་ཉིད་ཀྱང་ངན་སོང་དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པར་སྐྱེ་བའི་རྒྱུར་འགྱུར་འགྲོབའི་རྒྱུ་མཚན་གྱིས་དམན་ས་འཛིན་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཁོང་གི་སྙིང་གཏམཡིན་པར་གསུངས་པའོ། །སྤྱིར་དམན་ས་བཟུང་ན་གོང་མའི་རྒྱལ་ས་ཐོབ་པའི་ལོ་རྒྱུས་ཡོད་པ་དང༌། སྔོན་བྱོན་སྐྱེས་བུ་དམ་པ་ཚོས་ཀྱང༌། མི་གྲལ་ནས་འབུད། ཁྱི་གྲལ་དུ་བསྙེགལྷ་གྲལཐོབ་ཅེས་གསུངས་པ་ལྟར་འབུད་བསྙེག་ཐོབ་གསུམ་དང་གཏད་པ་བཞི་སོགས་མང་པོ་འདུག དེ་ནང་བཞིན་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་གོད་ཁ་རང་གིས་ལོངས། །ཞེས་དམནས་འཛིན་པའི་གདམས་པ་མང་དུ་གསུངས་པ་དང༌། དགེ་སྦྱོང་གི་ཆོས་བཞིའི་དབང་དུ་བྱས་ན་ཚུར་གཤེ་ཡང་སླར་མི་གཤེ་བ། ཚུར་ཁྲོ་ཡང་སླར་མི་ཁྲོ་བ། ཚུར་རྡེག་ཀྱང་སླར་མི་རྡེག་པ། ཚུར་མཚང་བྲུས་ཀྱང་སླར་མི་འབྲུ་བར་བྱས་ཏེ་དམན་ས་འཛིན་དགོས། དམན་ས་འཛིན་པ་དེ་ཡང་ཆེ་འདོད་དང་གྲགས་འདོད་མིང་རྫུན་མ་བཏགས་པ་ཙམ་གྱིས་ཆེད་དུ་མིན་པར་བྱ་དགོསཔ་རེད། ཁ་ཤས་ཀྱིས་དམན་ས་བཟུང་ན་ཡང༌། ཐལ་ཆེས་འགྲོ་གིན་འདུག བྱ་བ་ཞིག་བསྒྲུབདགོས་རུང་ངས་མི་ནུས། ངས་མི་ཐུབ་ཟེར་ནས་ཁ་ཙམ་གྱིས་འགྲོ་ལ་ཕན་ཕྱིར་བྱེད་ཀྱིན་འདུག དེ་འདྲ་གནང་མི་རུང་བར་ཁ་ནས་གཞན་དོན་འགྲུབ་པར་ཤོག་ཅེས་སྨོན་ལམ་བཏབ་པ་ཙམགྱིས་ཆོག་པར་མི་བྱེད་པར་དོན་ལག་ལེན་གྱིས་གཞན་དོན་བསྒྲུབ་དགོས། དཔེ་ཁྲིད་བྱེད་ཐུབམཁན་ཞིག་ཡིན་རུང་དཔེ་ཁྲིད་གནོངས་ཟེར་ན་ངས་མི་ཐུབ་ཟེར་བ་དང༌། སྐད་ཆ་ཞིག་ཤོདཟེར་ན་ཡང་མི་ཐུབ་ཟེར་ནས་ནམ་རྒྱུན་ཨེ་ཐུབ་ཟེར་ན་མི་ཐུབ་ཟེར་མཁན་ཚོར་དེ་ན་ཁྱོས་འཇོནགི་མི་འདུག་ཅེས་མི་ནུས་པའི་གྲས་སུ་བཞག་ན་ཡང་འཕྲོད་ཀྱིན་མི་འདུག སྤྱིར་མི་ཟེར་བ་དེར་འཕྲོད་རྒྱུ་གཅིག་ཀྱང་མི་འདུག དེས་ན་དམན་ས་བཟུང་ཆེས་བ་ཞིག་ཀྱང་འདུག གྲྭ་སནས་གྲལ་ཞིག་བསྒྲིག་ན་འཛིན་གྲྭ་གང་སླེབས་ཡོད་ན་དེའི་མཚམས་ནས་བཞུགས་པ་དང༌།ཆོས་རྩོད་པའི་སྐབས་ལ་འཛིན་གྲྭ་གོང་འོག་བྱས་ནས་བཞུགས་པ་རེད། ཚོགས་དུས་མཆོདགསུངས་སྐབས་གྲྭ་སར་སྔོན་མར་སུ་སླེབས་ཡོད་ན་དེ་བཞུགས་པ་སོགས་རང་རང་སོ་སོ་ལཐོབ་ཐང་དང་ཁེ་དབང་ཞིག་ཡོད་པ་དེ་བཟུང་དགོས། དམན་ས་བཟུང་ན་ཡང་འཛིན་སྟངས་ཞིག་ཡོད་དེ། དཔེར་ན་སྐྱེས་པ་ཕོ་ཞིག་གིས་ངས་དམན་ས་འཛིན་དགོས་ཞེས་སྐྱེས་མ་ཞིག་གི་འོག་ཏུ་འདུག་ན་མི་འགྲིག་པ་ལྟར་རང་རང་སོ་སོ་ལ་འདུག་གནས་དང་ཐོབ་ཐང་ཞིག་ཡོདཔ་ལྟར་འདུག་དགོས། འཇིག་རྟེན་མིའི་འགྲོ་སྟངས་དང་དམ་པའི་ཆོས་ཀྱིས་དབང་དུ་བྱས་ན་ཡང་བསླབ་པ་རྒན་གཞོན་འོང་བ་ལྟར་དམན་ས་འཛིན་སྟངས་ཤེས་དགོས་པས་དམན་སའཛིན་པ་ཁོ་བོའི་སྙིང་གཏམ་ཡིན་ཞེས་སོ། །ཁ་སང་གོང་དུ་ཞུས་པའི་ནང་སྤྱིའི་ཆ་ནས་ནང་བའི་བསྟན་པའི་དབང་དུ་བྱས་ན་གནོད་བྱེད་དེ་དག་ཞི་བའི་ཆ་ནས་འདུལ་དགོས། དེ་ཙམ་གྱིས་འདུལ་མ་ཐུབ་ན་ཞིང་བཅུ་ཚང་བའི་བསྟན་དགྲ་ཡིན་ཚེ་བསྒྲལ་དགོས་པར་སྔགས་སོགསལས་གསུངས་འདུག ཡིན་ན་ཡང༌། གང་ཟག་རང་ཉིད་ལ་ཞིང་བཅུ་ཚང་བའི་བསྟན་དགྲ་བསྒྲལབའི་ཆ་རྐྱེན་ཚང་དགོས་པ་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་གཞན་དོན་ཁུར་དུ་ཁྱེར་བའིསྙིང་རྗེ་སོགས་ཁོ་ནས་དབང་དུ་བྱས་ནས་བསྒྲལ་དགོས་པ་རེད་མ་གཏོགས་བདག་འཛིན་གྱིདབང་དུ་སོང་ནས་བསྒྲལ་བ་ན་རང་ཉིད་ལ་མི་བསད་པའི་ཕམ་པ་འབྱུང་ཉེན་ཆེ་བ་རེད། སྤྱིརཁོར་ཡུག་གང་ཞིག་ཡིན་ཡང་སྒྲིག་ལམ་ཞིག་ངེས་པར་ཡོད་དགོས་པ་རེད། སྒྲིག་ལམ་དེ་ཡངཞི་རྒྱས་དབང་དྲག་གི་སྒྲིག་ལམ་ཡོད་དགོས།ཁ་ཤས་ཀྱིས་སྒྲིག་ལམ་དེ་ཤེས་པ་ཙམ་གྱིས་གོབརྡ་འཕྲོད་པ་དང༌། ཡང་ཁ་ཤས་ལ་བཤད་ནས་གོ་བརྡ་འཕྲོད་འགྲོ་བ། ཁ་ཤས་ལ་བཤད་པཙམ་གྱིས་མི་ཐུབ་པར་ཆད་ལས་བརྒྱབ་ནས་གོ་བརྡ་སྤྲོད་སྟངས་སོགས་དགོན་སྡེ་དང་རྒྱལ་ཁབལས་རིགས་གང་ཞིག་ཡིན་ཀྱང་ངེས་པར་སྒྲིག་ལམ་ཡོད་དགོས་པ་རེད། ཆོས་འདུལ་བ་ལྟརན་དགེ་བའི་བཤེས་གཉེན་ཚོས་ལེགས་པར་བཤད་དེ་ཁ་ཤས་ཀྱིས་ཤེས་འགྲོ་བ་ན་ཉེས་པ་དེལས་ལྡོག་ཐུབ་པ་དང༌། ཁ་ཤས་ཚོགས་ནས་སྤོ་མགུ་དབྱུང་གསུམ་གྱི་སྒོ་ནས་དང་པོ་ཁོ་རངགི་ངོ་ཤེས་མངགས་ནས་ཁོ་རང་ལ་སློབ་གསོ་གཏོང་དུ་བཅུག དེས་མ་ཐུབ་ན་ཚོགས་ནས་བརྗོད་པ་དང་པོ་གཉིས་པ་སོགས་ཚོགས་ནས་ཡར་ཞུ་བྱེད། དེས་མ་ཐུབ་ན་གནས་དབྱུང་བཏངབ་དང་ཆད་ལས་བཀར་བ། ཆོས་དང་ཟང་ཟིང་མཉམ་དུ་ལོངས་མི་སྤྱོད་པ་སོགས་ནན་ཏུརགྱི་ལས་བྱེད་དགོས་ལ། ནན་ཏུར་གྱི་ལས་ནི་མི་འདོད་བཞིན་དུ་ཆད་ལས་བཀར་བ་ལ་ཟེརཞིང༌། མི་འདོད་བཞིན་དུ་ཆད་ལས་བཀར་བའི་དགོས་པ་ནི་བསམ་པ་གནག་པ་དང་དམའའབེབས་བྱེད་པའི་ཆེད་མིན་པར་ཉེས་པ་དེ་ལས་ལྡོག་པའི་ཆེད་དུ་ནན་ཏུར་གྱི་ལས་བྱེད་དགོས། དེ་འདྲའི་དགོས་པ་ཡོད་པ་ནི་མཁྱེན་པར་བྱ་དགོས་རེད་མ་གཏོགས་ཁ་ཤས་ཀྱིས་རང་དབངདང་འདྲ་མཉམ་ཟེར་ནས་ལོག་རྟོག་སྣ་ཚོགས་སྐྱེ་བཞིན་འདུག ཁོ་ཚོས་ཁ་ནས་རང་དབང་དངའདྲ་མཉམ་གླེང་བ་ཙམ་ལས་དོན་གྱིས་རང་དབང་དང་འདྲ་མཉམ་མ་ཤེས་པ་ཡིན་ལ། རྒྱལཁབ་ཞིག་ལ་མཚོན་ན་ཆད་ལས་དང་རྡུང་བརྡེག་ཙམ་མེད་ན་རྩ་ཁྲིམས་ཤིག་གཞི་ནས་འཇོགས་མི་འགྲོ། ཁོར་ཡུག་གང་ཞིག་ཡིན་ཡང་ཁོར་ཡུག་དེར་འགྲོ་མི་འགྲོ་རང་གི་ལག་རེད། སོངནས་བཟུང་སྟེ་ཁོར་ཡུག་དེར་སྒྲིག་ལམ་གང་ཞིག་ཡོད་ན་དེ་རང་རང་སོ་སོས་ངེས་པར་བསྲུངཐུབ་དགོས། འཇིག་རྟེན་ཁ་དཔེར། ཡར་ལུང་ཁོག་ལ་འདུག་ན། །ཡར་ལུང་ཤན་པ་མཆོད་དགོས་ཞེས་ལོ་རྒྱུས་ཡོད་པ་ལྟར་དགོས། ནང་བ་སངས་རྒྱས་པའི་བསྟན་པའི་དབང་དུ་བྱསན་ཐོག་མར་དགེ་སློང་གི་སྡོམ་པ་ཞུ་མི་ཞུ་རང་ལ་རག་ལས་པ་དང༌། དགེ་སློང་ཞུས་ནས་བཟུངསྟེ་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་ཅུ་རྩ་གསུམ་བསྲུང་དགོས་པ་དང༌། མ་བསྲུང་ན་ཉེས་པའབྱུང་བ། ཉེས་པ་དེ་ཡང་ཉེས་པ་གཅོད་མཁན་ཞིག་གིས་མ་བཅད་ན་ཡང་སངས་རྒྱས་བཅོམལྡན་འདས་ཀྱིས་གསུངས་པ་ལྟར་ལས་རྒྱུ་འབྲས་བསླུ་བ་མེད་པ་ཡིན་པས་གནས་སྐབས་མངོནལྐོག་གིས་གཡོ་སྒྱུ་བྱ་ཐུབ་ན་ཡང༌། ལས་རྒྱུ་འབྲས་ལ་མངོན་ལྐོག་ནམ་ཡང་བྱེད་མི་ཐུབ། དཀོརཟས་དཀོར་ཆུ་མང་པོ་ཟ་རྒྱུ་རེག་ན་ཁེ་བཟང་ཡིན་པར་མ་བསམ་མ་གཏོགས་ལས་རྒྱུ་འབྲས་བསླུ་བ་མེད་པ་ཡིན་པས་ནམ་ཞིག་ལ་ངེས་པར་འཚབ་དགོས་པ་རེད། ད་མང་པོ་མི་བཤདསྐད་ཆ་འཕྲོས་འགྲོ་ཀིན་འདུག སྙིང་གཏམ་ཉེར་དྲུག་པ། གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་ན་ཡང༌། །ཉམས་ལེན་མ་བྱས་འཆི་ཚེ་དཔེའི་མི་ཕན། །སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་སྤྱིར་བསྟན་བཅོས་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གིས་བྱ་བྲལ་བཞིག་གི་དབང་དུ་བྱས་ནས་གསུངས་པ་ཡིན་ལ། དེར་མ་ཟད། གཙོ་བོ་སེམས་ཀྱི་འོད་གསལརྫོགས་པ་ཆེན་པོ་སྒོམ་མཁན་གྱི་གང་ཟག་ཞིག་གི་དབང་དུ་བྱས་ནས་གསུངས་པ་རེད། དེསན་འདིར་ཡང་གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ་ཟབ་མོའི་དཔེ་ཆ་དགོས་རྒུ་སྣཚོགས་པ་ཞིག་རང་ལ་འཛོམས་ན་ཡང༌། རང་གིས་ཉམས་ལེན་མ་བྱས་ན་འཆི་བའི་ཚེ་དཔེ་ཆཇི་འདྲའི་མང་པོ་བརྩེགས་ཡོད་ཀྱང་ཕན་མི་ཐོགས། དཔེ་ཆའི་དོན་དེ་ངེས་པར་ཉམས་སུ་ལེནདགོས་ཏེ། མ་བླང་ན་ཕན་མི་ཐོགས་ལ། དེའི་རྒྱུ་མཚན་གྱིས་སེམས་ལ་བལྟས་ཏེ་སེམས་ཀྱིརང་བཞིན་འོད་གསལ་བའི་སྟེང་དུ་མཉམ་པར་བཞག་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམསཁོ་བོའི་སྙིང་གཏམ་ཡིན་ཞེས་གསུངས་པ་རེད། སྙིང་གཏམ་ཉེར་བདུན་པ། རྩེ་གཅིག་སྒྲུབ་ཚེ་ཉམས་དང་གོ་བསྡུར་དང༌། །བསྟན་བཅོས་རྩོམ་དང་ཉམས་དབྱངས་ལེན་པ་སོགས། །རྩལ་སྣང་ཡིན་ཀྱང་རྣམ་རྟོག་འཕེལ་བའི་རྒྱུ། །བློ་བྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་རྩེ་གཅིག་སྒྲུབ་པ་ཉམས་སུ་ལེན་པའི་སྐབས་དེར་ཉམས་སྣང་སྣ་ཚོགས་འཆར་བདེ་དག་གོ་བསྡུར་བ་དང་བསྟན་བཅོས་རྩོམ་པ། རང་རང་གིས་སྒོམ་ཉམས་ལེན་སྒྲུབ་པ་རྩེ་གཅིགལ་གཞོལ་བའི་སྐབས་ལུས་ཉམས་ངག་ཉམས་སེམས་ཉམས་བདེ་གསལ་མི་རྟོག་པའི་ཉམསསོགས་སྣ་ཚོགས་སྐྱེ་བ་ཡོད་ཅིང༌། དེའི་ཉམས་དབྱངས་དག་དབྱངས་ལེན་པ་སོགས་རིག་པའིནུས་མཐུའམ་རིག་པའི་རྩལ་སྣང་ཡིན་ཡང་བསྟན་བཅོས་རྩོམ་པ་སོགས་དེ་དག་ནི་རྣམ་རྟོགའཕེལ་བའི་རྒྱུ་ཡིན་པས་སེམས་རིག་གཉིས་སུ་ཕྱེ་བའི་སེམས་བྲལ་བར་བྱས་ཏེ་རིག་པ་འོདགསལ་བའི་ངང་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན་ཞེས་དང༌། ཡང་ན་སྔ་འགྱུར་རྙིང་མའི་རང་ལུགས་ཀྱི་འོད་གསལ་རྫོགས་པ་ཆེན་པོའི་སྐབས་ལ་བློ་འདས་རིག་པ་ཟེར་བ་ཞིག་ཡོད་དེ། སྤྱིརབློ་འདས་རིག་པ་དང་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་རིམ་པ་གཉིས་གཅིག་པ་ལྟ་བུར་འཇིགས་མེདརྡོ་གྲུབ་བསྟན་པའི་ཉི་མས། རྫོགས་ཆེན་བློ་འདས་རིག་པ་དང༌། །དུས་འཁོར་ལུགས་ཀྱི་སྦྱོརདྲུག་གཉིས། །མིང་འདོགས་ཚུལ་ཙམ་ལས་སོ་སོར་མེད། །ཅེས་གསུངས་པའོ། །དེས་ན་བློབྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན་གསུངས་པ་འདིའི་སྐབས་ལ་གཙོ་བོ་སྤྲོས་བྲལ་གྱི་ལྟ་བསྐྱོང་ཚུལ་གསུངས་པ་ཡིན་ཏེ། བླ་མ་མི་ཕམ་པའི་དབུ་མ་ངེས་ཤེས་སྒྲོན་མེ་ལས། མཐའ་བཞིསྤྲོས་པ་ཅིག་ཅར་དུ། །ཁེགས་པ་བློ་འདས་གཉུག་མའི་དབྱིངས། །ཞེས་ཡོད་མཐའ་མེད་མཐའགཉིས་ཡིན་གྱི་མཐའ་གཉིས་མིན་གྱི་མཐའ་ལ་སོགས་པའི་སྤྲོས་པ་མཐའ་དག་ཅིག་ཅར་དུ་བྲལ་ཏེ་ཁེགས་པ་ན་བློ་འདས་གཉུག་མའི་དབྱིངས་དང་འདིར་བཤད་པའི་བློ་བྲལ་སྐྱོང་བ་གཉིསམཐའ་བཞི་སྤྲོས་བྲལ་གྱི་དབྱིངས་ལ་མཉམ་པར་འཇོག་དགོས་པར་བསྟན་པའོ། །སྙིང་གཏམ་ཉེར་བརྒྱད་པ། དབེན་པའི་གནས་སུ་རྟོག་པའི་རྒྱུན་མཛད་ནས། །མི་རྟོག་སྒོམ་པའི་ཏིང་འཛིན་སྒོམ་པ་ཡང༌། །རྩེ་གཅིག་སྒོམ་ལ་ཞེན་སེམས་འཆིང་བའི་རྒྱུ། །གང་ཤར་རང་གྲོལ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་པའི་ཚིགས་བཅད་འདི་དཔེ་ཆ་མང་པོར་ཆད་འདུགལུས་དབེན་པ་ནི་མ་བསྟེན་ན། །སེམས་དབེན་པ་ནི་རྙེད་མི་འགྱུར། །ཞེས་གསུངས་པ་ལྟར་ལུས་བྱ་སྤྱོད་ཀྱིས་དབེན་པ། ངགསྨྲ་བརྗོད་ཀྱིས་དབེན་པར་བསྟེན་ནས་འདུ་འཛི་སོགས་དབེན་པའི་གནས་སུ་རྣམ་པར་རྟོག་པ་ལ་སོགས་པའི་རྒྱུན་བཀག་ནས་དེ་བཀག་པའི་བཀག་ཆ་ཙམ་ལ་འཇོག་སྒོམ་ཙམ་དང་ཞི་གནས་མི་རྟོག་པ་སྒོམ་པ་ཡང༌། རྩེ་གཅིག་སྒོམ་ལ་ཞེན་སེམས་འཆིང་བའི་རྒྱུ་ཡིན་པས་གངཤར་རང་གྲོལ་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན་གསུངས་པའོ། །སྐབས་འདིར་སྔ་འགྱུར་རྙིངམའི་གཞུང་ལུགས་སོགས་ལས་བསྟན་པའི་ཐོད་བརྒལ་མཁྲེགས་ཆོད་ཟེར་བ་ཞིག་བྱུང་བ་སྟེ། མཁྲེགས་ཆོད་སྐབས་སེམས་ཀྱི་རྣམ་རྟོག་གང་ཤར་བ་ན་ཆེད་དུ་མི་བཀག་པར་རྣམ་རྟོག་དེ་གའི་ངང་ནས་གྲོལ་བར་བྱས་ཏེ་གང་ཤར་རང་གྲོལ་ཞེས་བཤད་པ་དང༌། རྣམ་རྟོག་གང་ཤརབ་ཐམས་ཅད་འཛིན་མེད་ངང་དུ་ལྟ་བ་འོད་གསལ་གྱི་ངང་ལ་ཕར་སྐྱེལ་ནས་གྲོལ་བར་བྱ་དགོས། སྤྱིའི་ཆ་ནས་མི་རྟོག་པ་ལྟ་བུ་ཞིག་བསྒོམ་ན་དེ་སྒོམ་པའི་སྐབས་ལ་ཅིར་ཡང་མི་འཛིན་པར་སྟོངཉིད་ཀྱི་ལྟ་བ་སྐྱོང་ནས་སྤྲོས་བྲལ་གྱི་ངང་དུ་མི་རྟོག་པར་མཉམ་པར་བཞག་ན་ཡག་པོ་འོང་བལས་སྤྲོས་བྲལ་དུ་མཉམ་པར་མ་བཞག་པར་རང་དགར་ཅི་ཡང་མི་སེམས་པར་འཛིན་མེད་དུགནས་པ་ཙམ་གྱིས་ལེགས་པོ་ཞིག་འོང་མི་ཐུབ། དེ་ཡང་བླ་མ་མི་ཕམ་པའི་དབུ་མ་ངེས་ཤེསསྒྲོན་མེའི་ལས། ལྟ་བའི་དངོས་གཞི་སྐྱོང་བའི་དུས། །ཁ་ཅིག་ཅིར་ཡང་མི་འཛིན་ཟེར། །ཅིརཡང་མི་འཛིན་ཞུགས་པའི་དོན། །ལེགས་པར་རྟོགས་དང་མ་རྟོགས་གཉིས། །ཞེས་ལྟ་བའི་དངོས་གཞི་སྐྱོང་བའི་དུས་ལ་ཁ་ཅིག་གིས་ཅིར་ཡང་མི་འཛིན་པར་གནས་དགོས་ཞེས་བཤདཀྱང༌། ཅིར་ཡང་མི་འཛིན་པར་ཞུགས་པའི་དོན་ལ་ལེགས་པར་རྟོགས་པ་དང་ལོག་པར་རྟོགཔ་གཉིས་ཡོད་ཅིང༌། ལེགས་པར་རྟོགས་པ་ནི་མཐའ་བཞིའི་སྤྲོས་པ་མཐའ་དག་དང་བྲལ་བའིསྤྲོས་བྲལ་དེའི་ངང་དུ་མཉམ་པར་འཇོག་ཐུབ་ན་དེ་ནི་ལེགས་པར་རྟོགས་པ་དང༌། སྤྲོས་པ་གངཡང་མ་བྲལ་བར་གང་ཡང་མི་བསམ་གང་ལ་ཡང་མི་འཛིན་པ་ནི་རྒྱ་ནག་ཧྭ་ཤང་གི་ལྟ་བ་ཡིནཔར་གསུངས་པ་རེད། ཡིན་ན་ཡང༌། རྒྱ་ནག་ཧྭ་ཤང་གི་ལྟ་བ་དེ་ཀུན་མཁྱེན་ཀློང་ཆེན་རབའབྱམས་ཀྱི་གནས་ལུགས་མཛོད་ཀྱི་འགྲེལ་བ་ལས། དེ་དུས་སུ་བློ་དམན་པ་རྣམས་ཀྱི་བློར་མ་ཤོང་ཡང༌། དོན་ལ་དེ་ལྟར་གནས་སོ། །ཞེས་གསུངས་པ་དང༌། དེང་སང་རྒྱ་ནག་ནང་ཁུལནས་ཀྱང༌། དག་ཞིང་བ་དང་བསམ་གཏན་པ་གཉིས་འོང་གི་འདུག བསམ་གཏན་པས་ཐོསབསམ་མང་པོ་མི་བྱེད་པར་སྒོམ་པ་གཙོ་བོ་བྱེད་ལ། དག་ཞིང་པས་ཀྱང༌། ནུབ་ཕྱོགས་བདེ་བཅན་གྱི་ཞིང་བཀོད་སོགས་ཡང་ནས་ཡང་དུ་ཡིད་ལ་བྱེད་པ་ཙམ་ལས་ཐོས་བསམ་མང་པོ་བྱེདཀྱིན་མི་འདུག ཐོས་བསམ་དང་འཆད་ཉན་མ་བྱས་པའི་རྐྱེན་གྱིས་རྒྱ་ནག་ལ་ཡང་དེང་སང་བསྟན་པ་ཉམས་ཆག་ཏུ་སོང་བ་རེད། མདོར་ན་རྒྱ་ནག་ཧྭ་ཤང་གི་ལྟ་བ་དེ་ཐོས་བསམ་བཀགཔ་དེ་སྐྱོན་ཡོད་ཀྱང༌། དེ་མ་གཏོགས་ལྟ་བ་དངོས་གཞི་སྐྱོང་བའི་དུས་སུ་ནོར་བ་ཆེན་པོ་མེད་པ་འདྲ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཀྱང་དེ་དུས་སུ་བློ་དམན་པ་རྣམས་ཀྱི་བློརམ་ཤོང་ཡང༌། དོན་ལ་དེ་ལྟར་གནས་སོ། །ཞེས་གསུངས་པ་དང༌། རྗེ་ཐམས་ཅད་མཁྱེན་པཏཱ་ར་ནཱ་ཐས་དྲིས་ལན་ཞིག་ཏུ། ལྟ་བ་དངོས་གཞིའི་ཆ་ལ་འཁྲུལ་བ་མེད་པ་ལྟ་བུར་གསུངས་འདུག སྙིང་གཏམ་ཉེར་དགུ་བ། རྣམ་རྟོག་སྐྱེས་ཚེ་ཅེར་གྱིས་ལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །སྒོམ་དུ་མེད་ཀྱང་སྒོམ་དུ་བཞག་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་རྣམ་རྟོག་ལ་སོགས་འདི་ཡིན་འདི་མིན་གྱི་རྟོག་བཟོ་སྣ་ཚོགས་པ་འཆར་བའི་ཚེ་ཕརརྩེ་གཅིག་པའི་ཅེར་གྱིས་ལྟ་བ་གཅེས་པ། སེམས་ཀྱི་རང་བཞིན་འོད་གསལ་བ་སྤྲོས་བྲལ་ཡིནཔས། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པར་སེམས་ཐག་ཆོད་པའི་ཚེ་དེའི་ཐོགཏུ་ཕར་བཞག་པ་གཅེས། འདི་དག་བླ་མ་མི་ཕམ་པས་གསུངས་པ་ལྟར་བྱས་ན་དཔྱད་སྒོམ་བྱསནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་དེ་ངེས་པ་རྙེད་ནས་སྤྲོས་བྲལ་དུ་ངེས་པ་རྙེདཔ་དེའི་ཚེ་མཐའ་ཆོད། མཐའ་ཆོད་པའི་སྐབས་ལ་སྤྲོས་བྲལ་དེའི་སྟེང་དུ་འཇོག་སྒོམ་བྱས་ནསརང་བྱུང་ལྷུན་འགྲུབ་ཏུ། མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ཞེས་གསུངས་པ་ལྟར་ལྷུནའགྲུབ་ཏུ་མཉམ་པར་བཞག་པ་གཅེས་ཞེས་གསུངས་པ་དང༌། སྒོམ་པ་འདི་ཡིན་མིན་གྱི་སྒོམཔ་མེད་ཀྱང་སྤྲོས་བྲལ་མཐའ་བྲལ་གྱི་འོད་གསལ་གྱི་ངང་ལ་སྒོམ་དུ་བཞག་པ་གཅེས། དེ་འདྲབའི་སྒོ་ནས་རྣམ་རྟོག་གི་ཡེངས་བ་མེད་པར་སྐྱོང་བ་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོངགི་སྙིང་གཏམ་ཡིན་གསུངས་པའོ། །འདི་དག་ནི་གཙོ་བོ་སྔ་འགྱུར་རྙིང་མའི་འོད་གསལ་རྫོགསཔ་ཆེན་མོའི་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་ལ་སོགས་པར་གསུངས་པ་ལྟར་བསྒོམ་དགོསཔ་རེད། དེ་རིང་འདིར་མཚམས་འཇོག་གི་ཡིན། སྙིང་གཏམ་སུམ་ཅུ་པ། སྟོང་ཉིད་ངང་ལས་རྒྱུ་འབྲས་སྤྱོད་བྱེད་ཅིང༌། །བྱར་མེད་རྟོགས་ནས་སྡོམ་གསུམ་སྲུང་བ་དང༌། །དམིགས་མེད་སྙིང་རྗེས་འགྲོ་ལ་ཕན་བརྩོན་པ། །ཚོགས་གཉིས་དབྱེར་མེད་ཁོ་བོའི་སྙིང་གཏམ་ཡིན། །ཞེས་སྟོང་ཉིད་རྟོགས་ན་ལས་འབྲས་སོགས་ཁྱད་དུ་གསོད་མི་རུང་སྟེ། དེང་སང་ཆོས་ཀྱིགནས་ཚུལ་མི་ཤེས་མཁན་མང་པོས་སྟོང་སྐད་ཧབ་པོ་ཆེ་བཤད་ནས་ཐམས་ཅད་སྟོང་བ་ཉིདརེད་ཟེར་ནས་ཅི་ཡང་མེད་པར་དགེ་བས་ཕན་མ་བཏགས་སྡིག་པས་གནོད་མ་བསྐྱལ་བའི་ལྟབ་འཆད་མཁན་མང་པོ་འདུག དེ་འདྲ་མི་རུང་བར་སྟོང་བའི་ངང་ལས་རྒྱུ་འབྲས་སོགས་ཁྱདདུ་མི་གསོད་པར་རྒྱུ་འབྲས་ཚུལ་བཞིན་དུ་ཡང་དག་པར་སྤྱོད་དགོས་ཏེ། སློབ་དཔོན་པདྨ་འབྱུངགནས་ཀྱིས། ལྟ་བ་ནམ་མཁའ་ལས་མཐོ་ཡང༌། ལས་རྒྱུ་འབྲས་བག་ཕྱེ་ལས་ཀྱང་ཞིབ་དགོས། ཞེས་གསུངས་པ་ལྟར་སྟོང་ཉིད་རྟོགས་ན་དོན་གྱིས་ལས་རྒྱུ་འབྲས་འཐད་པར་རྟོགས་ནས་ལསའབྲས་ཇེ་ཞིབ་ཇེ་ཕྲར་བྱེད་ཤེས་དགོས། སྟོང་ཉིད་རྟོགས་པའི་རྒྱུ་མཚན་གྱིས་ལས་འབྲས་བླངདོར་མ་ནོར་བ་ཞིག་འོང་ཐུབ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་ལ་སྟོང་བ་ཉིདརུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་སྟོང་བ་ཉིད་ཡིན་པའི་རྒྱུ་མཚན་གྱིས་འཕགས་པའི་བདེན་པ་བཞི་དང་ལསརྒྱུ་འབྲས་སོགས་སྟོང་བཞིན་དུ་སྣང༌། སྣང་བཞིན་དུ་སྟོང་བར་སྣང་སྟོང་ཟུང་འཇུག་ཡིན་པ་དང༌། དེས་ན་རྒྱུ་འབྲས་སྤང་བླང་ལེགས་པར་སྤྱོད་དགོས་པ་གལ་ཆེན་ཡིན་པ་རེད། བླང་བྱ་དང་འདོརབྱ་ལ་སོགས་པའི་བྱ་བ་ཐམས་ཅད་དོན་དམ་པར་མེད་པར་རྟོགས་ནས་སོར་བྱང་སྔགས་གསུམགྱི་སྡོམ་གསུམ་ཚུལ་བཞིན་ཏུ་བསྲུང་དགོས། གསང་སྔགས་ཀྱི་སྒོར་ཞུགས་ཤིང་དབང་ཐོབསྟེ་དངོས་གྲུབ་ཐོབ་མིན་ནི་དམ་ཚིག་བསྲུང་བ་ལ་རག་ལས་པ་ཡིན་པས་དམ་ཚིག་མ་བསྲུང་ན་དངོས་གྲུབ་མི་ཐོབ་ལ། དེའི་རྒྱུ་མཚན་གྱིས་གསང་སྔགས་བླ་ན་མེད་པའི་སྒོར་ཞུགས་པ་ན་སྔགས་ཀྱི་དམ་ཚིག་དང་སྡོམ་པ་བསྲུང་བར་གལ་ཆེ། སྔགས་ཀྱི་སྡོམ་པ་བསྲུང་བ་ལ་བྱང་སེམས་ཀྱི་སྡོམ་པ་དང་སོར་ཐར་གྱི་སྡོམ་པ་གཉིས་ངེས་པར་བསྲུང་དགོས་ཏེ། བྱང་ཆུབ་སེམསདཔའི་སྡོམ་པ་རང་རྒྱུད་ལ་སྐྱེ་བ་ལ་དེའི་རྟེན་ལ་ངེས་པར་སོ་སོར་ཐར་བའི་སྡོམ་པ་དགོས་པརཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། སོ་སོར་ཐར་བ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡནཔ་ལ། །བསྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པ་ལྟར་རོ། །སྔ་འགྱུར་རྙིང་མའི་གཞུང་ལུགས་དེ་དག་གི་སྐབས་སུ་སོར་ཐར་གྱི་སྡོམ་པ་ནི་རྫ་བུམ་དང་བྱང་སེམས་ཀྱི་སྡོམ་པནི་རྫ་བུམ་དེའི་ནང་གི་ཆུ་ལྟ་བུ། སྔགས་ཀྱི་སྡོམ་པ་ནི་རྫ་བུམ་དེའི་ནང་གི་ཟླ་གཟུགས་ལྟ་བུརབཤད་པ་འདུག དེའི་རྒྱུ་མཚན་གྱིས་རྫ་བུམ་མེད་ན་རྫ་བུམ་གྱི་ནང་གི་ཆུ་མེད་ལ། ཆུ་མེད་ནདེའི་ནང་ཤར་བའི་ཟླ་བའི་གཟུགས་བརྙན་ཤར་བ་མེད་པ་ལྟར་སྔགས་ཀྱི་སྡོམ་པ་ལ་ངེས་པརསྔོན་དུ་སོར་བྱང་གི་སྡོམ་པ་ཡོད་དགོས་སོ། །གསང་བ་སྔགས་ཀྱི་སྡོམ་པ་ལེགས་པར་མ་བསྲུངན་གསང་བ་སྔགས་ཀྱི་མཆོག་ཐུན་མོང་གི་དངོས་གྲུབ་མི་ཐོབ་ལ། དེ་ཡང་སྔགས་ཀྱི་སྡོམ་པའིརྟེན་ལ་བྱང་སེམས་ཀྱི་སྡོམ་པ་ལེགས་པར་བསྲུང་དགོས། བྱ་རྒྱུད་སྤྱོད་རྒྱུད་སོགས་རྒྱུད་བཞིགང་གི་དབང་ཞུས་ན་ཡང་སྔོན་དུ་བྱང་སེམས་ཀྱི་སྡོམ་པ་ངེས་པར་ལེན་དགོས་ཤིང༌།བྱང་སེམསཀྱི་སྡོམ་པའི་སྔོན་དུ་སོ་སོར་ཐར་བ་རིགས་བདུན་གྱི་སྡོམ་པ་བླང་ན་བྱང་སེམས་ཀྱི་སྡོམ་པའིརྟེན་དུ་འགྱུར་ཐུབ་ལ། དེས་ན་སྡོམ་གསུམ་ལེགས་པར་བསྲུང་དགོས་པར་གསུངས་པའོ། །རྣམ་པ་ཐམས་ཅད་ཀྱིས་སྡོམ་པའི་མི་མཐུན་ཕྱོགས་ངོ་ཤེས་པར་བྱས་ནས་སྡོམ་པ་ལེགས་པརབསྲུང་དགོས། ཉེས་པ་གང་ཞིག་གིས་གོས་ན་བཤགས་ནས་དག་པར་འགྱུར་བ་གང་ཡིན་པཐམས་ཅད་ཕྱིར་བཅོས་དང་བཤགས་པའི་སྒོ་ནས་འདག་པར་བྱེད་དགོས་པ་དང༌། གསང་བསྔགས་ཀྱི་རྩ་ལྟུང་ཞིག་བྱུང་ན་སྔགས་བླ་མེད་ཀྱི་དབང་དང་བདག་འཇུག་སོགས་བླངས་ནསསླར་དམ་ཚིག་དང་སྡོམ་པ་བླངས་ཏེ་གཉེན་པོ་སྟོབས་བཞིའི་སྒོ་ནས་རྡོར་སེམས་སྒོམ་བཟླསསོགས་ལ་བརྟེན་ནས་རྩ་ལྟུང་དེ་དག་བཤགས་སྡོམ་བྱེད་དགོས་པ་རེད། དེ་ནང་བཞིན་བྱང་སེམས་ཀྱི་ཀུན་དཀྲིས་ཆེན་པོ་ཚང་བའི་རྩ་ལྟུང་བྱུང་ན་བྱང་སེམས་ཀྱི་སྡོམ་པ་སླར་བླངས་ནསགཉེན་པོ་སྟོབས་བཞི་དང་བྱང་སེམས་ཀྱི་ཕྱིར་བཅོས་ཚུལ་བཞིན་དུ་བྱེད་དགོས། སོར་ཐར་གྱི་སྡོམ་པའི་དབང་དུ་བྱས་ན་ཕམ་པ་འཆབ་བཅས་དང་འཆབ་མེད། ལྷག་མའི་ལྟུང་བ་དངལྟུང་བྱེད་སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་སོགས་དེ་དག་གང་བྱུངབ་ན་དེ་དག་ཐམས་ཅད་ཕྱིར་བཅོས་ཀྱི་སྒོ་ནས་བཅོས་པར་བྱས་ན་འདག་ཐབས་ཡོད་པ་དང༌། ཕམ་པ་འཆབ་བཅས་བྱུང་ཡང་ཚེ་འདིར་སླར་སྡོམ་པ་བླངས་ཏེ་ལྟུང་བ་དེ་ལས་ལྡང་མི་ཐུབ་ཀྱང༌། དེའི་ལྟུང་བ་རང་གིས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་བསྡམས་བྱས་ན་སྡིགཔ་དག་ནས་རྣམ་སྨིན་མི་འབྱིན་པ་ཞིག་འོང་ཐུབ་པ་རེད་མ་གཏོགས་ཕམ་པ་འཆབ་བཅས་དངཕམ་འདྲ་འཆབ་བཅས་གང་བྱུང་ཡང་ཚེ་དེར་སླར་སོ་ཐར་གྱི་སྡོམ་པ་ལེན་པའི་སྐལ་བ་མེད་པརེད། དགེ་སློང་བཞིན་དུ་དགེ་ཚུལ་ཡང༌། །ཕྱི་ནས་སྡོམ་སྐྱེས་སྐལ་བ་མེད། །ཅེས་གསུངསཔ་ལྟར་རོ། །དེའི་རྒྱུ་མཚན་གྱིས་སྡོམ་པ་གསུམ་ངེས་པར་བསྲུང་དགོས། སྐྱབས་འགྲོ་ལྟ་བུ་ལམཚོན་ན་ཐོག་མར་དཀོན་མཆོག་གསུམ་སྐྱབས་སུ་བསྟེན་ཏེ་དཀོན་མཆོག་གསུམ་གྱིས་སྐྱོབམི་སྐྱོབ་རང་རང་སོ་སོས་ཤེས་རབ་ཀྱི་བསླབ་པ་དང་ཚུལ་ཁྲིམས་ཀྱི་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་མི་སློབ་ལ་རག་ལས། བསླབ་པ་གསུམ་ལ་ཚུལབཞིན་དུ་སློབ་ན་མཆོག་གསུམ་གྱིས་སྐྱོབ་ཐུབ་ལ། བསླབ་གསུམ་ལ་ཚུལ་བཞིན་དུ་མ་སློབན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཡང་སྐྱོབ་པའི་ཐབས་དང་བྲལ་བ་ཡིན་པའོ། །དེསན་སྡོམ་གསུམ་ལེགས་པར་བསྲུང་དགོས། དེ་ནས་དམིགས་པ་མེད་པའི་འཁོར་གསུམ་བདེནམེད་དུ་རྟོགས་པས་རྩིས་ཟིན་པའི་སྒོ་ནས་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱམཚོ་ལས་བསྒྲལ་འདོད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་སོགས་བརྩོན་དགོས་པ་དང༌། དེ་ལྟར་སྟོང་ཉིད་རྟོགས་པ། སྡོམ་པ་བསྲུང་བ། རྒྱུ་འབྲས་ཚུལབཞིན་དུ་སྤྱོད་པ། སྙིང་རྗེའི་སྒོ་ནས་གཞན་ཕན་ལ་བརྩོན་པ་སོགས་བསོད་ནམས་ཀྱི་ཚོགསདང་དམིགས་པ་མེད་པའི་སྟོང་བ་ཉིད་རྟོགས་པའི་ཡེ་ཤེས་སོགས་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགསདེ་གཉིས་དབྱེར་མེད་ཟུང་འཇུག་ཏུ་སྤྱོད་དགོས་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གིསྙིང་གཏམ་ཡིན་གསུངས་པའོ། །དེས་ན་རྣམ་པ་ཐམས་ཅད་ཀྱིས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འཇུག་ཏུ་བྱས་ནས་ལམ་ལ་བསླབ་དགོས། གཞི་བདེན་པ་གཉིས། ལམ་ཚོགས་གཉིས་ཟུང་འཇུག འབྲས་བུ་སྐུ་གཉིས་ཟུང་འཇུག་ཅེས་གསུངས་པ་ལྟར་ལམ་ལ་སློབ་པའི་གནས་སྐབས་ན་ཚོགས་གཉིས་ཟུང་འཇུག་ཏུ་བྱས་ནས་བསླབ་དགོས་པ་དང༌། ལྷག་པར་སློབ་གཉེར་བ་ཞིག་ལ་མཚོན་ན་ཕྱག་འཚལ་བ།མཆོད་པ་འབུལ་བ། སྡིག་པ་བཤགསཔ། རྗེས་སུ་ཡི་རངས་པ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལབ་འདེབས་པ་ལ་སོགས་པས་མཚོན་ནས་ཞིང་གི་མཐུ་ལ་བརྟེན་ནས་དགེ་བའི་རྩ་བ་གསོག་རྒྱུ་གལ་ཆེན་པོ་ཡིན། བཟུང་ན་ཚིག་མི་ཟིན། བསམ་ན་དོན་མི་གོ། སྒོམ་ན་རྒྱུད་ལ་མི་སྐྱེ་བའིསྐབས་དེར་ཞིང་གི་མཐུ་ལ་བརྟེན་པ་ནི་གནད་དམ་པ་ཡིན་ལ། ཚོགས་བསགས་སྒྲིབ་སྦྱོང་གིརྒྱབ་རྟེན་ཡོད། དེའི་སྟེང་དུ་རང་རང་གིས་ཐོས་བསམ་སྒོམ་གསུམ་ལ་བརྩོན་ན་རང་རྒྱུད་ཀྱིཡོན་ཏན་གོང་འཕེལ་དུ་འགྲོ་ཐུབ། མདོ་རྒྱ་ཆེན་རོལ་བ་ལས། བསོད་ནམས་ལྡན་པའི་མི་ཡིབསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ་ནམིའི་བསམ་པའི་འདོད་དོན་ཐམས་ཅད་འགྲུབ་ཐུབ་པ་རེད།ནམ་རྒྱུན་ཐོས་བསམ་སྒོམ་གསུམབྱེད་མཁན་ཞིག་ཡིན་ན་ཉི་མ་རེ་རེ་ལ་ཞག་བསྐྱེད་ཡོད་དགོས་པ་དང༌། སྔར་མ་ཤེས་པ་ཞིགདེ་རིང་ཤེས་པར་བྱ་དགོས་ལ། རྒྱལ་བའི་གསུང་རབ་ཀྱི་ཚིག་གཅིག་ཡིན་ན་སྔར་ལས་ལྷགཔས་བློ་འགྲོ་བར་བྱ་དགོས། དཔེ་ཆའི་དོན་ཉན་པ་དག་རྩོད་པ་བྱས་ནས་དོན་དེ་ཡང་སྔར་ལསཀྱང་ཉི་མ་རེ་རེ་བཞིན་དུ་གསར་དུ་ཤེས་པར་བྱ་དགོས། དེ་འདྲ་གནང་ཐུབ་ན་ཞག་བསྐྱེད་འོང་ཐུབ་པའོ། །དེ་མ་ཐུབ་ན་ཡང༌། ཟླ་བསྐྱེད་ལོ་བསྐྱེད་ཐུབ་པར་བྱ་དགོས་པ་རེད་མ་གཏོགསཁ་ཤས་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་ཡང་མེད། ཐོས་བསམ་སྒོམ་གསུམ་ཡང་བྱེད་མི་ཐུབ།ལོ་རེ་ནས་ལོ་རེ་ཇེ་ངན་ནས་ཇེ་ངན་ལ་བུད་འགྲོ་མཁན་ལ་ཞག་བསྐྱེད་ཟླ་བསྐྱེད་ལོ་བསྐྱེད་མེད་པར་མ་ཟད། སྐྱོན་ཐམས་ཅད་ལོ་རེ་བཞིན་སྔར་ལས་ཇེ་མང་ཇེ་མང་དུ་འགྲོ་བ་ལས་ཅིཡང་མེད་པས་ནམ་རྒྱུན་རང་རང་སོ་སོའི་སེམས་ལ་བརྟག་དཔྱད་བྱས་ནས་དེ་འདྲའི་སྐོར་མིགནང་བར་གལ་ཆེན་པོ་རེད། མཁས་གྲུབ་བླ་མ་མང་བསྟེན་གདམས་པ་ཟབ་མོའང་ཞུས། །མདོ་རྒྱུད་ཟབ་མོ་འགའ་མཐོང་ཅུང་ཞིག་ནང་དུ་བརྟགས། །ཤེས་བཞིན་མི་སྤྱོད་ཀྱེ་ཧུད་རང་གིས་རང་བསླུས་པ། །བདག་དང་བདག་འདྲའི་ཚུལ་ལ་སྙིང་གཏམ་སུམ་ཅུ་བཤད། །ཅེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གིས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། གདམས་ངག་ཟབ་མོ་ཡང་མང་དུ་ཞུས། མདོ་རྒྱུད་ཟབ་མོ་འགའ་མཐོང༌། ཅུང་ཟད་ཞིག་རངགི་སེམས་ཀྱི་ནང་དུ་བརྟགས། ཡིན་ན་ཡང༌། ཤེས་བཞིན་དུ་དམ་པའི་ཆོས་ལ་སོགས་པར་མིསྤྱོད་པ་ནི་ཀྱེ་ཧུད་རང་གིས་རང་བསླུས་པ་ཡིན་པ་གསུངས་པ་ལྟར་བླང་དོར་གྱི་གནས་ལ་སོགསཔ་ཧ་གོ་བཞིན་དུ་རང་གིས་ཉམས་སུ་མི་ལེན་ན་འཇིག་རྟེན་ཁ་དཔེར་ཤེས་བཞིན་དུག་འཐུངཟེར་བ་ལྟ་བུར་ཆགས་འདུག ཆོས་སྦྱངས་སྦྱངས་ནས་ད་རུང་རང་གིས་སྡིག་པ་མི་དགེ་བརསྤྱོད་ན་རང་རང་གིས་ཧ་གོ་བཞིན་དུ་ངན་སོང་གི་གཡང་སར་མཆོངས་བ་ཡིན་པས་དེ་འདྲའི་རང་གིས་རང་བསླུས་པ་བདག་དང་བདག་འདྲའི་ཚུལ་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམསཁོང་གིས་སེམས་ཀྱི་གཏམ་དང་སྙིང་གི་གཏམ་སྡེ་ཚན་སུམ་ཅུ་བྱས་ནས་བཤད་པ་ཡིན་ཞེསགསུངས་པ་རེད། མཇུག་བསྔོ་བ། ངེས་འབྱུང་ཡིད་ཀྱིས་འདི་བརྩམས་དགེ་དེས་འགྲོ་བ་ཀུན། །སྲིད་པའི་དགོན་པ་ལས་བསྒྲལ་བདེ་ཆེན་ལ་བཀོད་དེ། །དུས་གསུམ་རྒྱལ་དང་དེ་སྲས་དྲང་སྲོང་ཆེ་རྣམས་ཀྱི། །རྗེས་སུ་སྤྱོད་པའི་སྲས་ཀྱི་ཐུ་བོར་བདག་གྱུར་ཅིག ། ཞེས་འཁོར་བ་ལ་སྐྱོ་བ་སྐྱེ་བའི་ངེས་འབྱུང་གི་ཡིད་ཀྱིས་ཀུན་ནས་བསླངས་ཏེ་སྙིང་གཏམསུམ་ཅུའི་བསྟན་བཅོས་འདི་བརྩམས་པའི་དགེ་བའི་མཐུ་ལ་བརྟེན་ནས་འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་སྲིད་པ་འཁོར་བའི་སྡུག་བསྔལ་གྱི་དགོན་པ་དེ་ལས་བསྒྲལཏེ་བདེ་བ་ཆེན་པོའི་ས་ལ་བཀོད་པ་དང༌། འདས་མ་འོངས་ད་ལྟ་དུས་གསུམ་དུ་བཞུགས་པའིརྒྱལ་བ་སངས་རྒྱས་དང་དེའི་སྲས་བྱང་ཆུབ་སེམས་དཔའ་དྲང་སྲོང་ཆེན་པོ་རྣམས་ཀྱི་རྗེས་སུསློབ་སྟེ་རྒྱལ་བའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔར་བདག་གྱུར་བར་ཤོག་ཅིག་ཅེས་བསྟནབཅོས་རྩོམ་པའི་དགེ་བ་བསྔོ་བར་མཛད་པ་རེད། སྤྱིར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གི་སྙིང་གཏམ་སུམ་ཅུ་བ་འདི་གཙོ་བོ་བྱ་བ་མཐའ་དག་བཏང་བའི་རི་ཁྲོད་པ་ཞིག་གི་དབངདུ་བྱས་ནས་གསུངས་པ་ཡིན་ལ། གོང་དུ་གསུངས་པ་ལྟར་སྤྲོས་པའི་བྱ་བ་སྣ་ཚོགས་ཤིག་དོརནས་དབེན་པའི་རི་ལ་སྒོམ་བྱེད་དགོས་པ་དང༌།སྒོམ་པ་དེའི་ཚེ་ཚོགས་གཉིས་ཟུང་འཇུག་བྱསནས་བསྒོམ་དགོས་པར་གསུངས་པ་ལྟར་རོ། །སྙིང་གཏམ་སུམ་ཅུ་བ་ཞེས་བྱ་བ་ངེས་པར་འབྱུངབ་ཅུང་ཟད་ཀྱི་བློས་བསྐུལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བའོ། །དགེའོ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་སྙིང་གཏམ་སུམཅུ་བ་མདོར་བསྡུས་ཙམ་ཞུ་ཁུལ་བྱས་པ་ཡིན། གཞུང་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམསགྱིས་མཛད་པ་ཡིན་མིན་ལ་དཔྱད་པ་ཅུང་ཟད་རེ་ཡོད་མོད་སྔོན་བྱོན་དམ་པའི་གསུང་ལ་འདྲབ་མང་དུ་ཡོད་པས་འགལ་བ་མེད་སྙམ།ཁྱེད་རྣམ་པ་ཚོས་ཀྱང་གང་ལ་གང་འཚམས་ཀྱིས་དོནདེ་དག་ཡང་ནས་ཡང་དུ་ལྟ། ཉམས་བཞེས་མཛད། སྒོམ་ཉམས་ལེན་སོགས་བྱེད་རྒྱུ་གལ་ཆེནཔོ་རེད། རང་ལ་ཡང་སྔ་འགྱུར་རྙིང་མའི་གཞུང་ལུགས་ཁག་ཆུང་དུས་ནས་བཟུང་སྟེ་དབང་ལུངཁྲིད་གསུམ་སོགས་ཆོས་མང་པོ་ཐོབ་ཡོད་ལ། རང་གི་ངོས་ནས་ཀྱང་རིས་སུ་མ་ཆད་པའི་བསྟནཔ་ལ་བྱ་བ་ཅུང་ཟད་རེ་སྒྲུབ་ཨེ་ཐུབ་སྙམ་གི་ཡོད། དེའི་ཕྱོགས་ལ་བསམ་པ་དང་མོས་པ་ཡོད། ང་ཚོས་ཡང་ཁ་ནས་རིས་མེད་ཙམ་མིན་པར་དོན་གྱིས་རིས་སུ་མ་མཆིས་པའི་གཞུང་ལུགས་ཁག་ལ་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་བྱེད་དགོས། རིས་མེད་ཀྱི་གཞུངལུགས་ཁག་སྦྱང་བའི་གོམས་གཤིས་ཆགས་པའི་ཆེད་དུ་གཞུང་ཚན་མདོར་བསྡུས་རེ་ཞུས་པཡིན། དེ་དེ་བཞིན་དུ་ཐམས་ཅད་ཀྱིས་ཉམས་ལེན་གནང་དགོས་འདུག འདི་ལྟ་བུའི་གསུངརབ་ཁྱད་འཕགས་ལ་ལྟ་རྒྱུ་གལ་ཆེན་རེད། འདི་འདྲའི་གསུང་ཁྱད་འཕགས་ལ་དཔེ་ཀློག་བྱསན། འཆང་བ་དང་ནི་སྟོན་དམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པ་ཡང་སངས་རྒྱས་མཁྱེན། །ཞེས་གསུངས་པ་ལྟར་རང་རྒྱུད་ལ་བྱིན་རླབས་དང་རང་རྒྱུད་ལ་ཆོས་ཀྱི་དྲི་བྲོ་བ་རང་རྒྱུད་ལ་དགེ་བློ་རེ་བསྐྱེད་པའི་ཕན་ཐོགས་འདུག ནང་པ་སངས་རྒྱས་པའི་དཔལ་ལྡན་བླ་མ་དམ་པ་རྣམསཀྱི་རྣམ་ཐར་དེ་ཇི་འདྲ་ཞིག་ཡིན་པར་ཧ་གོ་བར་བྱས་ན་ང་ཚོ་དེའི་རྗེས་ལ་འབྲང་བའི་དགོས་པ་སོགས་དེ་འདྲའི་དགོས་པ་མང་པོ་ཡོད་པ་རེད། དེ་མིན་དེང་སང་ལྟ་བ་ལོག་པའི་རྩོམ་ཉགཉོག་སྐོར་ལྟ་མི་རུང༌།ལྟ་མི་རུང་བའི་རྒྱུ་མཚན་ནི་དེ་དག་ལ་གནས་ལུགས་དང་རྒྱུ་མཚན་ཡོདཔས་མིན་པར་རང་རང་སོ་སོའི་བློ་བསྒྱུར་ནས་མ་ཡིན་པ་ལ་ཡིན་པར་བཟུང༌། ཡིན་པ་ལ་མིནཔར་བཟུང༌། རང་རང་སོ་སོ་ཐོག་མ་ནས་མ་རིག་པའི་རྨོངས་པའི་དབང་གིས་ཆོས་ཀྱི་གནསཚུལ་ནི་སྒྲིབ། ལོག་པར་རྟོག་པའི་ཕྱིན་ཅི་ལོག་པའི་དབང་གིས་ནི་མུན་པ་འཐིབ་འདུག་ཡོདཔས་དེ་འདྲ་ཡིན་ན་ཐམས་ཅད་ཀྱིས་བསམ་གཞིག་གནང་སྟེ་ལོག་རྩོམ་སྐོར་ལྟ་མི་རུང༌། སངསརྒྱས་བཅོམ་ལྡན་འདས་ཀྱིས་བརྟན་མཁས་གཉིས་ལྡན་གྱི་ཤཱ་རིའི་བུ་ལྟ་བུ་ལ་ཡང་ཕྱི་རོལ་མུསྟེགས་པ་དང་རྩོད་པའི་དགོས་པ་ཡོད་ན་ཉིན་གུང་རིག་པ་མི་གསལ་བའི་སྐབས་ལ་ཕྱི་རོལབའི་བསྟན་བཅོས་ལྟ་བར་གནང་བ་རེད་མ་གཏོགས་ང་ཚོ་ལྟ་བུའི་བརྟན་མཁས་གཉིས་ལྡནགྱི་ཡོན་ཏན་དང་མི་ལྡན་པ་དག་ལ་ཕྱི་རོལ་བའི་བསྟན་བཅོས་ཚིག་གཅིག་ལྟ་བ་ལའང་སངསརྒྱས་བཅོམ་ལྡན་འདས་ཀྱིས་གནང་མི་འདུག ཡང་སྐབས་རེ་དེ་དག་ལ་གནས་ལུགས་རྒྱུ་མཚནམི་འདུག དེ་དག་གི་རྗེས་མི་འབྲང་བསམ་ན་ཡང༌། དེ་བརྟན་པོ་ཞིག་མིན་ཏེ། གྲུབ་མཐའིབློས་བསྒྱུར་བ་ནི་ཤུགས་ཆེན་པོ་རེད། དཔེར་ན་མྱུ་གུ་ལྟ་བུ་རྒྱུ་རྐྱེན་ལས་སྐྱེ་བ་མངོན་སུམ་གྱིསའགྲུབ་ཐུབ་ཀྱང༌། ཁ་ཤས་ཀྱིས་རྒྱུ་རྐྱེན་ལས་སྐྱེས་པ་མ་རེད་ཟེར་ན་དེ་བདེན་པར་འཛིན་འགྲོབ་ཡོད་པ་དང༌། དེ་ནང་བཞིན་ཕྱུགས་སོགས་བསད་ན་ཐར་བ་ཐོབ་པ་རེད་ཟེར་ན་དེ་ཡང་བདེན་པ་འཛིན་འགྲོ་མཁན་ཡོད་ལ། སྲོག་ཆགས་ཉ་ལྟ་བུ་ཡང་དེང་སང་གི་ཆོས་ལུགས་ཆེནཔོ་ཡེ་ཤུའི་ཆོས་ལུགས་པ་ཚོས་ང་ཚོར་དཀོན་མཆོག་གི་ཟ་རྒྱུར་གནང་བ་རེད་ཟེར་ན་དེ་ཡང་བདེན་པར་འཛིན་འགྲོ་མཁན་ཡང་བྱུང་འདུག དེ་དག་བདེན་པར་འཛིན་འགྲོ་ན་ལྐོག་གྱུར་གནས་ལ་སྒྲོ་འདོགས་དང་སྐུར་འདེབས་བྱས་ཏེ་དེའི་རྗེས་འབྲང་ཆོག་ཆོག་ལྟ་བུར་གྱུར་ཡོདཔ་རེད། དེའི་རྒྱུ་མཚན་གྱིས་བསྟན་བཅོས་ཕྱིན་ཅི་ལོག་དེ་དག་ལ་མ་བལྟས་ན་ཡག་པོ་འདུག་དེ་བས་འདི་ལྟ་བུའི་བསྟན་བཅོས་ཁྱད་འཕགས་ནང་པའི་ཆོས་མ་གཞི་བྱས་ནས་བརྩམས་ཡོདཔ་གསུང་པ་པོ་ཡང་མཁས་པ་བསམ་གྱིས་མི་ཁྱབ་པ། དེ་འདྲའི་བསྟན་བཅོས་ཡང་དག་པ་དགལ་དཔེ་ཀློག་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ཙམ་གྱིས་མཇུག་གྲུབ་པ་ཡིན་ནོ། །སྨྲས་པ། དེང་འདིར་འབད་པའི་དགེ་ལེགས་མཆིས་སོ་ཡིས། །མཚན་ལྡན་བཤེས་གང་ཚེ་རབས་ཕྲེང་བ་རུ། །མི་འབྲལ་སྟོན་འཁོར་གཅིག་ཏུ་ལྷན་འཛོམས་ནས། །བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག ། ཕྱི་ལོ་༢༠༡༩ལོར་བཤེས་གཉེན་གང་གིས་སྙིང་གཏམ་སུམ་ཅུའི་བཀའ་ཁྲིད་གནང་བ་གངསལྗོངས་རིས་མེད་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ནས་སློབ་གསེང་དང་ཉིན་གུང་གི་དུསཚོད་བེད་སྤྱད་ནས་གང་གི་སློབ་འབངས་སུ་གཏོགས་པ་ངག་དབང་རྒྱ་མཚོས་ཕྱི་ལོ་༢༠༢༠ལོའིཟླ་༤ཚེས་༡༦ནས་དབུ་བཟུང་སྟེ་ཟླ་༥ཚེས་༥ཉིན་མཇུག་གྲུབ་པར་བྱས་སོ། །ཞེན་པ་བཞི་བྲལ་གྱི་བཀའ་ཁྲིད་སྲིད་པའི་འཆིང་གཅོད། མི་རྟག་མི་སྡོད་ཚེ་འདི་ཐད་བོར་ནས། །འཁྲུལ་དང་ཡང་འཁྲུལ་སྲིད་ལ་སྐྱོ་ཤས་དང༌། །གཞན་གཅེས་གཞན་དོན་ཁུར་ཁྱེར་བརྩེ་བའི་བདག ། མཐའ་བྲལ་མཐའ་ཡས་སྲས་བཅས་རྒྱལ་བར་འདུད། །ཆེར་སྙིགས་དུས་ཀྱི་རྒུད་པ་ལྡང་བ་ན། །ཐུགས་བསྐྱེད་གོ་ཆ་དགུ་བརྩེགས་གོས་སུ་གྱོན། །སྨྲ་བ་ཟླ་བྲལ་བླ་མའི་གདམས་ངག་མཆོག ། ཕན་འདོད་བློ་ཡིས་སྤེལ་ལ་ཡིད་རབ་སྤྲོ། །དང་པོ་ཞེན་པ་བཞི་བྲལ་འདི་ཉམས་སུ་བླངས་པ་ལ་ས་བཅད་ཀྱི་དབང་དུ་བྱས་ན་ཡིདཆེས་ཤིང་ཁུངས་བཙུན་པར་བྱེད་པ་བླ་མ་བརྒྱུད་པའི་ཕྱེ་ཚུལ་དང༌། གདམས་ངག་དངོས་བཤདཔ་དང་གཉིས་ལས། དང་པོ་ནི། ཐོག་མར་ཞེན་པ་བཞི་བྲལ་གྱི་གདམས་ངག་འདི་ནི་རྣལ་འབྱོརགྱི་དབང་ཕྱུག་ཆེན་མོ་ས་སྐྱ་བ་ཀུན་དགའ་སྙིང་བོ་ཁོང་དགུང་ལོ་བཅུ་གཉིས་བཞེས་པའི་སྐབསལ་སྙིང་རྗེ་ཆེན་པོའི་བདག་ཉིད་བ་རི་ལོ་ཙཱ་བ་བླ་མར་བསྟེན་པ་ན་ཁོང་གིས་གསུངས་དོན། ཁྱོདཕ་ཇོ་སྲས་གྱི་བུ་ཡིན་པས་ངེས་པར་སློབ་གཉེར་གནང་དགོས་ཞེས་དང༌། སློབ་གཉེར་གནངབ་ལ་ངེས་པར་ཤེས་རབ་དགོས་པས་ཐོག་མར་ཁྱེད་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་སྒྲུབཔར་གྱིས་ཤིག་ཅེས་གསུངས། དེ་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཨ་ར་པ་ཙའི་རྗེསགནང་དང་ལུང་སོགས་གནང་བར་མ་ཟད། བླ་མས་ཀྱང་བསྒྲུབ་རོགས་མཛད་ནས་བླ་བྲང་རྙིངབར་རྗེ་བཙུན་འཇམ་དཔལ་དབྱངས་བསྒྲུབ་པ་མཛད་པ་རེད། དུས་ཡུན་ཟླ་བ་དྲུག་གི་རིང་ལརྗེ་བཙུན་འཇམ་དཔལ་དབྱངས་སྒོམ་བཟླས་ལ་བརྩོན་པས། རྗེ་བཙུན་འཇམ་དཔལ་དབྱངསརིན་པོ་ཆེའི་ཁྲིའི་སྟེང་ན་བཟང་པོའི་འདུག་སྟངས་ཀྱིས་འཁོར་བྱང་སེམས་གཉིས་དང་བཅསཏེ། མངོན་སུམ་དུ་ཞལ་གཟིགས་ནས་བླ་མ་ས་སྐྱ་བ་མཆོག་ལ་ཞེན་པ་བཞི་བྲལ་གྱི་གདམསངག་རྣམ་པ་བཞིའི་སྒོ་ནས་གདམས་པ་རེད། དང་པོ། ཚེ་འདི་ལ་ཞེན་ན་ཆོས་པ་མིན། ཞེསགསུངས་པ་དང༌། གཉིས་པ། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། ཞེས་དང༌། གསུམ་པ། བདག་དོན་ལ་ཞེན་ན་བྱང་སེམས་མིན། ཞེས་དང༌། བཞི་བ། འཛིན་པ་བྱུང་ན་ལྟ་བ་མིན། ཞེསགདམས་པ་རེད། དེ་ལྟར་གདམས་པའི་སྐབས་བླ་མ་ས་སྐྱ་བ་ཁོང་གི་ཐུགས་སྣང་ལ་སངས་རྒྱསཀྱིས་གསུངས་པའི་བཀའ་མདོ་རྒྱུད་ཐམས་ཅད་ཀྱི་ཉམས་ལེན་ཐམས་ཅད་འདུས་ཤིང༌། ཧཅང་ཟབ་པ་ཡིན་པར་དགོངས་ནས་ཉམས་བཞེས་གནང་བ་དང༌། དེ་ནས་བླ་མ་ས་སྐྱ་བ་ཁོངགིས་གདམས་པ་དེ་སློབ་དཔོན་རིན་པོ་ཆེ་ལ་གནང༌། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལགནང་བ་དང༌། དེས་ས་སྐྱ་པནྚིཏ་ལ་གནང༌། ས་སྐྱ་པནྚིཏ་ཁོང་གིས་འགྲོ་མགོན་ཆོས་རྒྱལ་འཕགསཔ་ལ་གནང༌། དེས་ཞང་དཀོན་མཆོག་དཔལ་ལ་གནང༌། དེ་ལྟར་རིམ་བཞིན་ཞེན་པ་བཞི་བྲལགྱི་གདམས་ངག་འདི་བརྒྱུད་འོང་པ་རེད། དེ་ནི་བརྒྱུད་རིམ་མདོར་བསྡུས་ཙམ་ཡིན། གཉིས་པ་གདམས་ངག་དངོས་བཤད་པ་ལ། སྔོན་འགྲོ། དངོས་གཞི། མཇུག་དང་གསུམ་བཅསའདིའི་འགྲེལ་བ་ཁ་ཤས་ན་འདུག་པས་དེ་ལྟར་ཞུ་གི་ཡིན། དང་པོ་སྔོན་འགྲོ་ནི་ཞེན་པ་བཞི་བྲལ་འདི་ཉམས་སུ་ལེན་པ་ལ་ཐེག་ཆེན་སེམས་བསྐྱེད་དང་སྐྱབས་འགྲོ་གཉིས་སྦྲགས་ནས་ཉམས་བཞེས་མཛད་དགོས་པ་རེད། དེ་ཡང་ཐོག་མར་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོགརྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའིབསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་གསུངས་པ་ལྟརསངས་རྒྱས་ཞེས་པ་ནི་སྒྲིབ་པ་མཐའ་དག་ཡོངས་སུ་སྤངས་ཤིང༌། མཁྱེན་པའི་བློ་གྲོས་པདྨའིའདབ་མ་ལྟར་རྒྱས་པའི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་དང་ལྡན་པའི་མཐར་ཐུག་གི་སྐྱབས་གནསཤིག་ལ་སངས་རྒྱས་དང༌། ཆོས་ཞེས་པ་ནི་འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་བྱང་བདེནཔ་དང༌། ཡང་ན་འཆད་ཚུལ་གཞན་པར་གསུང་རབ་ལུང་གི་ཆོས་དང་རྟོགས་པའི་ཆོས་ཞེས་བཤད་ཚུལ་ཡང་ཡོད། མདོར་ན། དེ་ལྟ་བུའི་ཆོས་དཀོན་མཆོག་དེ་དང༌། ཚོགས་རྣམས་ཀྱི་མཆོགཏུ་གྱུར་བ་འཕགས་པའི་དགེ་འདུན་རྣམས་ལ་བདག་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུསྲིད་ཞིའི་འཇིགས་པ་ལས་སྐྱོབས་པའི་སྐྱབས་སུ་བསྟེན་གི་ཡིན་ཞེས་བྱང་ཆུབ་བར་དུ་བདགནི་སྐྱབས་སུ་མཆི་ཞེས་གསུངས་པ་དང༌། བདག་གིས་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱིདགེ་བའི་རྩ་བའམ་དགེ་བའི་རྩ་བ་གང་བགྱིས་པ་དེ་དག་ཐམས་ཅད་འགྲོ་བ་སེམས་ཅན་ཐམསཅད་ལ་ཕན་པའི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འགྲུབ་པར་ཤོག་ཅིག་ཅེས་སེམསབསྐྱེད་མཛད་པ་རེད། སྔོན་འགྲོ་མདོར་མཚོན་པ་ཙམ་ཞུས་པ་ཡིན། ཁྱེད་རྣམ་པ་ཚོས་ཐེག་པཆེན་པོའི་ཆོས་གང་བསྒྲུབ་པའི་སྐབས་ཡིན་ན་ཡང༌། སྐྱབས་འགྲོ་དང་ངེས་འབྱུང་གི་བསམཔ། སེམས་བསྐྱེད་སོགས་ངེས་པར་ཚང་དགོས་ཏེ། ནང་པ་སངས་རྒྱས་པའི་ཆོས་སྒྲུབ་པ་ལ་ངེསཔར་སྐྱབས་འགྲོ་དགོས་པ་དང༌། ཐར་བའི་རྒྱུར་གྱུར་བའི་ཐར་ལམ་སྒྲུབ་པ་ལ་ངེས་འབྱུང་གིབསམ་པ་དགོས་པ་དང༌། ཐེག་ཆེན་གྱི་ཆོས་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་དགོས་པ་ནི་གཞུངལུགས་ཀུན་གྱི་སྐབས་སུ་གསུངས་པ་ལྟར་རྣམ་པ་ཚང་མས་དེ་ལྟར་མཁྱེན་དགོས་འདུག གཉིས་པ་དངོས་གཞི་ལ་ཞེན་པ་བཞི་བྲལ་གྱི་དོན་མདོར་བསྡུས་པ་དང༌། སོ་སོའི་དོན་རྒྱས་པར་བཤད་པ་དང་གཉིས་ལས། དང་པོ་མདོར་བསྡུས་ནི་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་ཞེན་པ་བཞི་བྲལ་གྱི་འགྲེལ་བ་ལྟར་འཆད་ཀི་ཡིན། ཆོས་རྣམ་དག་རང་རྒྱུད་ལ་སྐྱེ་དགོས་ནཞེན་པ་བཞི་དང་བྲལ་བའི་སྒོ་ནས་ཉམས་ལེན་གནང་དགོས་པ་རེད། སྤྱིའི་ཆ་ནས་ང་ཚོ་ལདལ་འབྱོར་གྱི་མི་ལུས་ཐོབ། རྒྱལ་བའི་བསྟན་པ་དང་མཇལ་བའི་སྐབས་འདིར། ངེས་འབྱུངགི་བསམ་པ་སྐྱེས་པར་བྱས་ནས་དམ་པའི་ཆོས་ཕྱིན་ཅི་མ་ལོག་པ་ཞིག་བསྒྲུབ་དགོས་པ་དང༌། དེ་སྒྲུབ་པ་ལ་ཞེན་པ་བཞི་དང་བྲལ་བ་ཞིག་གི་སྟེང་ནས་ངེས་པར་ཉམས་ལེན་གནང་དགོས།དེ་ཉམས་སུ་ལེན་པ་ལ་ཚེ་འདི་ལ་མ་ཞེན་པ་ཞིག་དགོས་པ་དང༌། འཁོར་བ་ལ་མ་ཞེན་པ། བདགདོན་ལ་མ་ཞེན་པ། དངོས་པོ་དང་མཚན་མ་ལ་མ་ཞེན་པ་ཞིག་དགོས་པ་རྣམས་ལས། ཚེ་འདིནི་ཆུའི་ཆུ་བུར་དང་འདྲ་བས་ནམ་འཆི་ངེས་པ་མེད་པའི་རྒྱུ་མཚན་གྱིས་ཚེ་འདི་ལ་ཞེན་པར་མི་རིགས་ཤིང་དེ་ལ་ཞེན་པ་བཟློག་དགོས་པ་དང༌། འཁོར་བ་ལ་ཞེན་པ་བཟློག་པ་ལ་ཁམསགསུམ་འཁོར་བ་འདི་དག་དུག་གི་འབྲས་བུ་དང་འདྲ་བས་འཕྲལ་ཞིམ་ཡང་ཕུགས་སུ་གནོདཔར་གྱུར་བས་དེ་ལ་ཞེན་པ་དང་བྲལ་དགོས་ལ། སུས་ཞེན་པ་བྱས་ན་དེ་ནི་འཁྲུལ་བ་ཡིན་པདང༌། རང་གི་དོན་ལ་ཞེན་ན་དགྲའི་བུ་གསོས་པ་དང་འདྲ་ཞེས་གསུངས་པ་རེད། ཐེག་པ་ཆེནཔོའི་ཆོས་འོང་བ་ལ་ངེས་པར་རང་དོན་ལ་ཞེན་པ་དང་བྲལ་དགོས་ཏེ། དེ་དང་བྲལ་མ་ཐུབ་ནཐེག་པ་ཆེན་པོར་མི་འོང་བ་རེད། དགྲའི་བུ་གསོས་པ་དང་འདྲ་ཞེས་གསུངས་པ་ནི་དགྲའི་བུ་གསོས་ན་གནས་སྐབས་དགའ་དགའ་ལྟར་བྱེད་ན་ཡང་མཐར་རང་ལ་གནོད་པ་སྐྱེལ་ངེས་པཡིན་པས་རང་དོན་ལ་ཞེན་ན་འཕྲལ་བདེ་ཡང་ཕུགས་ངན་སོང་དུ་འགྲོ་བ་རེད། མཚན་འཛིནབྱུང་ན་ལྟ་བ་མིན་ཞེས་གསུངས་པ་ནི་མཚན་འཛིན་གྱི་ཞེན་པ་བཟློག་དགོས་པར་གསུངས་ཏེ། གལ་ཏེ་མཚན་མ་ལ་མངོན་པར་ཞེན་ན་སྨིག་རྒྱུ་ལ་ཆུར་འཛིན་པ་དང་འདྲ་ལ། གནས་སྐབསཙམ་ལ་ཆུར་སྣང་བ་ཡིན་ན་ཡང༌། མཐར་བཏུང་རྒྱུ་ཅི་ཡང་མེད་པ་ལྟར་འཁོར་བ་འདི་བློ་འཁྲུལབ་སོགས་ལ་ཇི་འདྲར་སྣང་ཡང་ཤེས་རབ་ཀྱིས་བརྟགས་ན་ངོ་བོས་གྲུབ་པ་ཅུང་ཟད་ཙམ་ཡངམེད་པས་འདས་པ་ལ་སེམས་མི་འཇུག མ་འོངས་པ་ལ་སེམས་མི་འཇུག ད་ལྟ་བ་ལ་ཡང་རྣམཔར་ཤེས་པ་མི་འཇུག་པ་ཞིག་གོ་བར་བྱས་ནས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པར་བྱདགོས་ཞེས་ས་སྐྱ་པནྚིཏས་གསུངས་པ་རེད། ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་གསུངས་པབཞིན་དུ་ང་ཚོས་ཚེ་འདི་ལ་མ་ཞེན་པའི་སྒོ་ནས་ངན་སོང་དུ་མི་སྐྱེ་བར་ཚེ་ཕྱི་མ་མངོན་མཐོ་ལྷམིའི་གོ་འཕང་ཐོབ་པའི་དོན་དུ་ཆོས་བསྒྲུབ་པ་ཡིན་ན་ངན་སོང་དུ་མི་སྐྱེ་བ་ཞིག་འོང་ཐུབ། སྤྱིའིཆ་ནས་ཚེ་འདི་ལ་ཞེན་པ་བྲལ་དགོས་པ་དེ་སྐྱེས་བུ་ཆུང་ངུའི་ཁྱད་པར་ཅན་གྱི་ཆོས་སྐོར་ཡིནཔར་ཇོ་བོ་རྗེས་གསུངས་ཏེ། དེ་ཡང་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། གང་ཞིག་ཐབས་ནི་གངདག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེནི་ཐ་མར་ཤེས། །ཞེས་གསུངས་པ་ལྟར། འཁོར་བའི་བདེ་བ་ཙམ་དོན་དུ་གཉེར་བ་ན་ངན་སོངདག་སྡུག་བསྔལ་དུ་མཐོང་བར་བྱས། དེ་ལས་ཐར་བའི་ཆེད་དུ་དམ་པའི་ཆོས་བསྒྲུབ་པ་ཡིནན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ཆགས་སོང་བ་རེད། སྐྱེས་བུ་ཆུང་ངུའི་ཁྱད་པར་ཅན་ཡིན་ན་ཚེའདི་ལ་མི་ཞེན་པར་ཚེ་ཕྱི་མའི་མངོན་མཐོ་ལྷ་མིའི་གོ་འཕང་གཙོ་བོར་དོན་དུ་གཉེར་བས་ངནསོང་དུ་མི་འགྲོ་བ་འོང་ཐུབ་ལ། སྲིད་པ་འཁོར་བའི་རྩ་བ་དེ་བདག་མེད་རྟོགས་པའི་ཤེས་རབམ་སྐྱེས་པར་བཅད་མི་ཐུབ། ཡིན་ན་ཡང༌། འཁོར་ལོ་བསྐོར། ཕྱག་འཚལ། མ་ཎི་འདོན་པ། གཟུངས་སྔགས་བཟླ་བ་སོགས་ཚོགས་བསགས་སྒྲིབ་སྦྱངས་བྱས་ན་ངན་སོང་དུ་མི་འགྲོ་བ་འོང་ཐུབ་ལ། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་ཞེས་གསུངས་པ་ནི། འཁོར་བ་ལ་སྐྱོ་བ་སྐྱེདགོས་པར་གསུངས་ཏེ། འཁོར་བ་ལ་སྐྱོ་བ་མ་སྐྱེས་པར་དེ་ལ་ཞེན་སོང་ན་ངེས་འབྱུང་གི་བསམཔ་རྣམ་དག་འོང་མི་ཐུབ་པ། ཇོ་བོ་རྗེས་སྐྱེས་བུ་འབྲིང་གི་ཆོས་སྐོར་གསུངས་པ་ན། བྱང་ཆུབལམ་གྱི་སྒྲོན་མར། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་སྲིདཔ་འཁོར་བ་དང་སྡིག་པ་ལ་སོགས་པ་ལས་ལྡོག་པར་བྱས་ཤིང༌། རང་ཉིད་ལ་སྡུག་ཀུན་ཉེ་བརཞི་བའི་ཞི་བ་ཐར་བ་ཙམ་འཐོབ་པར་དོན་དུ་གཉེར་མཁན་གྱི་སྐྱེས་བུ་དེ་ནི་སྐྱེས་བུ་འབྲིང་དུཤེས་པར་བྱ་ཞེས་གསུངས་པ་དང༌། ཞེན་པ་བཞི་བྲལ་གྱི་ནང་ནས་འཁོར་བ་ལ་ཞེན་ན་ངེསའབྱུང་མིན་ཞེས་གསུངས་པ་གཉིས་གནད་གཅིག་དུ་འགྲོ་བ་རེད། དེའི་རྗེས་སུ་བདག་དོན་ལཞེན་ན་བྱང་སེམས་མིན་ཞེས་གསུངས་པ་ནི། རང་གི་དོན་ལ་ཞེན་ན་བྱང་སེམས་མིན་པས་ནགཞན་དོན་བསྒྲུབ་པ་ལྷུར་ལེན་དགོས་ཞེས་གསུངས་པ་དང༌། དེ་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་རེད། དེ་ཡང་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོགཡིན་ནོ། །ཞེས་གསུངས་པ་ལྟར་བདག་དོན་ལ་མ་ཞེན་པར་གཞན་དོན་བསྒྲུབ་པའི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་དང༌། དེའི་སྐབས་ལ་ཐེག་པ་ཆེན་པོའི་ལམ་གྱི་ཐབསདང་ཤེས་རབ་གཉིས་ཀྱི་ནང་ནས་ཐབས་དེ་བསྟན་པ་དང༌། ཤེས་རབ་དེ་ཞེན་པ་བཞི་བྲལ་གྱིམཐའ་མ་འཛིན་པ་བྱུང་ན་ལྟ་བ་མིན་ཞེས་པའི་སྐབས་སུ་བསྟན་པ་རེད། དེ་ཡང་འཛིན་པ་བྱུངན་ལྟ་བ་མིན་པས་ཐེག་པ་ཆེན་པོའི་ལྟ་བ་ནི་སྤྲོས་པ་མཐའ་དག་དང་བྲལ་བ་ཞིག་དགོས་པརགསུངས་པ་རེད། མདོར་ན། ཞེན་པ་བཞི་བྲལ་གྱི་གདམས་ངག་འདི་ལམ་རིམ་སྤྱིའི་གསུངསཔ་ལྟར་གྱི་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཆོས་སྐོར་རྣམས་དང་གཅིག་པ་ལྟ་བུར་ཆགས་འདུགཡོད་པའི་རྒྱུ་མཚན་གྱིས་ས་སྐྱ་པནྚིཏས་ཀྱང༌། ཁམས་གསུམ་འཁོར་བ་ལ་མ་ཞེན་པས་འཁོརབར་མི་བསྐྱེད་པར་གསུངས་པ་དང༌། བདག་གི་དོན་ལ་མ་ཞེན་པས་ཉན་རང་དུ་མི་བསྐྱེད་ཅེསདང༌། དངོས་པོ་དང་མཚན་མ་ལ་མ་ཞེན་པས་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཅེས་ས་སྐྱ་པནྚིཏས་ཞེན་པ་བཞི་བྲལ་བསྒོམས་སྟངས་མདོར་བསྡུས་ཙམཞིག་གསུངས་པ་ལྟར་ཞུས་པ་ཡིན། གཉིས་པ། ཞེན་པ་བཞི་བྲལ་སོ་སོའི་དོན་རྒྱས་པར་འཆད་པ་ནི། ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་གསུངས་པ་ནི་ས་སྐྱ་པནྚིཏས་ཚུལ་གནས་ཐོས་དང་བསམལྡན་པའི། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་དེ་ལ་སྦྱར་ཏེ་ཚུལ་ཁྲིམས་བསྲུང་བ། ཐོས་པ་བྱས་པ། བསམ་པ་བྱས་པ། སྒོམ་པ་བྱས་པ་ལ་སོགས་པ་གང་ཡིན་ན་ཡང་ཚེ་འདི་ལཞེན་ན་དེ་དག་ཆོས་རྣམ་དག་ཏུ་མི་འགྲོ་ཞིང༌། ཚེ་འདི་ལ་མ་ཞེན་ན་ཐོས་བསམ་སྒོམ་གསུམདེ་དག་རྣམ་དག་དུ་འགྲོ་བ་རེད་ཅེས་གསུངས་པ་རེད། དེ་ནས་ཡང་འགྲེལ་བ་ཁ་ཤས་ན་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་གསུངས་པ་ནི་ཚེ་འདི་ལ་ཞེན་པའི་གཉེན་པོ་གཙོ་བོ་འཆི་བམི་རྟག་བ་སྒོམ་པ་དེ་ཡིན་པར་སྦྱར་ནས་གསུངས་འདུག ཡང་འགྲེལ་བ་ཁ་ཤས་ན་ཚེ་འདི་ལཞེན་པའི་གཉེན་པོར་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་སྒོམ་པ་གཉིས་ལ་སྦྱར་ནསགསུངས་འདུག ཐོག་མར་ས་སྐྱ་པནྚིཏས་གསུངས་པ་ལྟར་ཚེ་འདི་ལ་མ་ཞེན་པ་ཞིག་ངེས་པརགནང་དགོས་པའི་རྒྱུ་མཚན་ནི། ཚེ་འདི་ལ་ཞེན་ན་ཆོས་པ་རྣམ་དག་དང་ཆོས་རྣམ་དག་དུ་མིའགྲོ་བ་ལྟར་ཚེ་འདི་ལ་དམིགས་ནས་ཚུལ་ཁྲིམས་བསྲུང༌། ཐོས་པ་སོགས་བྱས་པ་ཡིན་ན་ཆོསཔ་རྣམ་དག་དུ་མི་འགྱུར་བ་དང༌། ཆོས་པ་རྣམ་དག་ཏུ་འགྱུར་དགོས་པ་ཡིན་ན་ཚེ་འདི་ལ་ཞེནཔ་ངེས་པར་བྲལ་དགོས་པ་རེད། སྤྱིར་ཚུལ་ཁྲིམས་ནི་མཐོ་རིས་བསྒྲུབ་པའི་རྩ་བ་ཅན། །ཐརབ་བསྒྲུབ་པའི་ཐེམ་སྐས་ཅན། །སྡུག་བསྔལ་སྤོང་བའི་གཉེན་པོ་ཅན། །ཚེ་འདི་ལ་ཞེན་པའི་ཚུལ་ཁྲིམས་ནི་ཆོས་བརྒྱད་བསྒྲུབ་པའི་རྩ་བ་ཅན། །ཚུལ་ཁྲིམས་ངན་ལ་གཤེ་བ་ཅན། །ཚུལ་ཁྲིམས་ལྡན་ལ་ཕྲག་དོག་ཅན། །རང་གི་ཚུལ་ཁྲིམས་ངོ་ཕག་ཅན། །ངན་འགྲོ་སྒྲུབ་པའི་ས་བོནཅན། །ཞེས་གསུངས་པ་དང༌། སྤྱིར་ཐོས་བསམ་གནང་བ་ཡིན་ན་ཐོས་བསམ་བྱེད་པའི་གང་ཟག་དེ། །ཤེས་བྱ་བསྒྲུབ་པའི་ལོངས་སྤྱོད་ཅན། །མ་རིག་སེལ་བའི་སྒྲོན་མེ་ཅན། །འགྲོ་བ་འདྲེན་པའི་ལམ་རྒྱུས་ཅན། །ཆོས་ཀྱི་སྐུ་ཡི་ས་བོན་ཅན། །ཐོས་བསམ་ལ་མེད་ཐབས་མི་གདའསྟེ། །ཞེས་གསུངས་པ་ལྟར་ཡིན་ན་ཡང༌། ཚེ་འདི་ལ་ཞེན་ནས་ཐོས་བསམ་བྱས་པ་ནི། ང་རྒྱལསྒྲུབ་པའི་ལོངས་སྤྱོད་ཅན། །ཐོས་བསམ་དམན་ལ་བརྙས་པ་ཅན། །ཐོས་བསམ་ལྡན་ལ་ཕྲགདོག་ཅན། །འཁོར་གཏོགས་ལོངས་སྤྱོད་འཆོལ་བ་ཅན། །ངན་འགྲོ་བསྒྲུབ་པའི་རྩ་བ་ཅན། །ཆོས་བརྒྱད་ཀྱི་ཐོས་བསམ་ཤོལ་ལ་ཞོག །ཅེས་ཆོས་བརྒྱད་ཀྱི་དབང་དུ་སོང་ནས་ཚེ་འདི་ལ་ཞེན་པའི་ཚུལ་ཁྲིམས་དང་ཐོས་པ་སོགས་བཤོལ་བ་ཞོག་ཅེས་དང༌། སྒོམ་པ་རྣམ་དག་ཞིགགི་དབང་དུ་བྱས་ན། བསྒོམ་པ་བགྱིད་པའི་གང་ཟག་ཀུན། །ཉོན་མོངས་སྤོང་བའི་གཉེན་པོཅན། །ཐར་ལམ་བསྒྲུབ་པའི་རྩ་བ་ཅན། །སངས་རྒྱས་བསྒྲུབ་པའི་ས་བོན་ཅན། །སྒོམ་པ་ལམེད་ཐབས་མི་གདའ་སྟེ། །ཞེས་གསུངས་པ་རེད། ཡིན་ན་ཡང༌། ཚེ་འདི་ལ་ཞེན་ནས་སྒོམ་བྱསཔ་ཡིན་ན། ཚེ་འདི་ལ་དམིགས་པའི་བསྒོམ་པ་དེ། །དབེན་པར་བསྡད་པའི་འདུ་འཛི་ཅན། །ལོང་གཏམ་སྨྲ་བའི་ཁ་འདོན་ཅན། །ཐོས་བསམ་བྱེད་ལ་སྐུར་བ་ཅན། །བསྒོམ་པ་གཞན་ལཕྲག་དོག་ཅན། །ཆོས་བརྒྱད་ཀྱི་བསམ་གཏན་བཤོལ་ལ་ཞོག །ཅེས་ས་སྐྱ་པནྚིཏས་ཞེན་པ་བཞི་བྲལ་གྱི་ནང་ནས་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་པ་ནི་སློབ་དཔོན་དབྱིག་གཉེན་གྱིཆོས་མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པའི། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པའི་དོན་དེ་ལ་ཡང་དག་དང་ལྟར་སྣང་གཉིས་རེ་སྦྱར་བ་དང་དེའི་ཤུགས་ལ་ཚེའདི་ལ་ཞེན་པའི་གཉེན་པོར་འཆི་བ་མི་རྟག་པ་དང་དལ་འབྱོར་རྙེད་དཀའ་གཉིས་བསྟན་ཀྱངརྒྱས་པར་མ་བསྟན་པ་རེད། འགྲེལ་བ་གཞན་ན་སྐབས་འདིར་ཚེ་འདི་ལ་ཞེན་པའི་གཉེན་པོརའཆི་བ་མི་རྟག་པ་དང་དལ་འབྱོར་རྙེད་དཀའ་གཉིས་ལ་རྒྱས་པར་སྦྱར་མཁན་མང་པོ་འདུགཡང་འགྲེལ་བ་གཞན་ན་དལ་འབྱོར་རྙེད་དཀའ་ལ་མ་སྦྱར་བར་འཆི་བ་མི་རྟག་པར་སྦྱར་ནསགསུངས་པ་ཡང་འདུག ཡིན་ན་ཡང་ཁྱད་པར་ཆེན་པོ་མི་འདུག ཚེ་འདི་ལ་ཞེན་པ་བཟློག་ནསཆོས་བྱེད་པར་འདོད་པའི་བློ་སྐྱེ་བའི་ཆེད་དུ་དལ་འབྱོར་རྙེད་དཀའ་སྦྱང་དགོས་པ་དང༌། ཆོསབྱེད་པ་ལ་བརྩོན་འགྲུས་མཆོག་ཏུ་གྱུར་བའི་ཆེད་དུ་འཆི་བ་མི་རྟག་པ་བསྒོམ་དགོས་པ་རེད།དལ་འབྱོར་རྙེད་དཀའ་འདི་རྒྱུ་གྲངས་དཔེ་ངོ་བོ་བཞིའི་སྒོ་ནས་རྙེད་པར་དཀའ་བ་ཡིན་པསའདི་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་ཆོས་བྱེད་དགོས་པས། ཆོས་བྱེད་པ་ཡིན་ན་ད་ལྟ་ཉིད་ནསབརྩོན་འགྲུས་ཆེན་པོའི་སྒོ་ནས་ངེས་པར་བྱེད་དགོས་པ་རེད། ཚེ་འདི་མི་རྟག་པ་ཡིན་པ། ནམའཆི་ཆ་མེད་ཡིན་པ། འཆི་རྐྱེན་ངེས་པ་མེད་པ་དག་བསྒོམས་ན་ཚེ་འདི་ལ་ཞེན་པའི་གཉེན་པོརའགྲོ་ཐུབ། རྗེ་བདག་ཉིད་ཆེན་པོས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམསཔས་ཚེ་འདིའི་སྣང་ཤས་ལྡོག །ཅེས་དལ་འབྱོར་རྙེད་པར་དཀའ་བ་དང༌། ཚེ་ལ་ལོང་མེད་པའམཁོམ་པ་མེད་པའམ། འཆི་བ་མི་རྟག་པ་སོགས་བསྒོམ་སྟོབས་ཀྱིས་ཚེ་འདིའི་སྣང་ཤས་བཟློགཐུབ་ཅེས་གསུངས་པ་ལྟར་ཚེ་འདི་ལ་ཞེན་པ་བཟློག་པའི་གཉེན་པོར་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསྒོམ་དགོས། སྤྱིར་བཏང་བློ་ལྡོག་རྣམ་བཞི་གསུངས་པའི་བློ་ལྡོག་ཅེསཔ་ནི་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་བསྒོམས་པ་ལ་བརྟེན་ནས་ཚེ་འདིའི་ཞེན་པ་བཟློག་ཐུབ་པ་དང༌། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་བསྒོམས་པ་ལ་བརྟེན་ནས་ཚེཕྱི་མའི་འཁོར་བའི་ཕུན་ཚོགས་ལ་ཞེན་པ་བཟློག་ནས་འཁོར་བ་ལས་བཟློག་ཏེ་འཁོར་བ་ལསྐྱོ་བ་སྐྱེས་ནས་ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེ་བའི་ཐབས་སུ་བློ་ལྡོག་རྣམ་བཞི་གསུངསཔ་རེད། དེ་ནས་ཞེན་པ་བཞི་བྲལ་འདིའི་འགྲེལ་བ་ཁག་ན་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་སོགས་རྒྱས་པར་བཤད་ཡོད་ན་ཡང༌། དུས་ཚོད་དང་གང་ཅིའི་ཐད་ནས་མདོར་བསྡུསཙམ་ཞུ་ན། དང་པོ་དལ་འབྱོར་རྙེད་དཀའ་ནི། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། དལའབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུ་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས་པལྟར་དམ་པའི་ཆོས་སྒྲུབ་པའི་རྟེན་དུ་གྱུར་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྟེན་འདི་ལྟ་བུ་ཞིག་རྙེད་དཀའ་བ་རྙེད་པའི་དུས་འདིར་ཆོས་རྣམ་དག་ཞིག་བྱ་དགོས་སྙམ་དུ་ཡང་ནས་ཡངདུ་བསྒོམ་དགོས། དེ་འདྲའི་དལ་འབྱོར་གྱི་མི་ལུས་འདི་རྙེད་པར་དཀའ་ཚུལ་ལ་བསམ་བློ་བཏངབ་ཡིན་ན་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་དང༌། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ། དཔེའིསྒོ་ནས་རྙེད་པར་དཀའ་བ། ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་བཞིའི་སྒོ་ནས་རྙེད་པར་དཀའཚུལ་བསྒོམ་དགོས། དང་པོ་རྒྱུའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི་དལ་འབྱོར་གྱི་རྟེན་རྣམ་པརདག་པ་ཐོབ་པ་ལ་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་བ་ལ་སོགས་པའི་དགེ་བའིལས་བསྒྲུབ་དགོས་པ་དང༌། མི་དགེ་བ་མཐའ་དག་སྤངས་དགོས་ན་ཡང༌། ཁམས་གསུམ་གྱིསེམས་ཅན་མི་དགེ་བ་བསྒྲུབ་པ་ཆེས་མང་བ། དགེ་བ་བསྒྲུབ་མཁན་ཤིན་ཏུ་ཉུང་བས་དལ་འབྱོར་གྱི་མི་ལུས་འདི་རྒྱུའི་སྒོ་ནས་རྙེད་པར་དཀའ་ཚུལ་ཤེས་དགོས། ནམ་རྒྱུན་ང་ཚོས་དལའབྱོར་རྙེད་དཀའ་གསུངས་པ་ན་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྨོན་ལམདྲི་མ་མེད་པས་མཚམས་སྦྱར། སྦྱིན་སོགས་དགེ་བ་མང་པོས་གྲོགས་བྱེད་དགོས་པ་ཡིན་ན། རྒྱུ་དེ་འདྲ་བསྒྲུབ་མཁན་ནི་སེམས་ཅན་རྣམས་ཀྱི་གྲངས་ལ་ལྟོས་ན་ཤིན་ཏུ་ཉུང་བའི་རྒྱུ་མཚནགྱིས་དལ་འབྱོར་གྱི་མི་ལུས་ནི་རྙེད་པར་དཀའ་བ་ཡིན་པ་རེད། གཉིས་པ་གྲངས་ཀྱི་སྒོ་ནསརྙེད་པར་དཀའ་ཚུལ་ནི། སེམས་ཅན་གྱི་ཁམས་ལ་དམྱལ་བ་ནི་ཤིན་ཏུ་མང་བ་སའི་རྡུལ་གྲངསཙམ་ཡོད་པ་དང༌། ཡི་དྭགས་ནི་ཧ་ཅང་གྲངས་མང་བ་ཁ་བ་བུ་ཡུག་འཚུབ་པའི་གྲངས་ཙམ་ཡོདཔ། དུད་འགྲོ་ནི་རྒྱ་མཚོ་ཆེན་པོ་ལ་ཆང་གར་མའི་སྦང་མ་ཙམ་སྟེ། དམྱལ་བ་ཡི་དྭགས་དུད་འགྲོལ་སོགས་པ་ལ་བལྟོས་ན་མི་ལུས་རྣམ་པར་དག་པ་ཐོབ་པ་ནི་ཆེས་ཉུང་བ་དང༌། སངས་རྒྱསབཅོམ་ལྡན་འདས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་གྱིས་གཟིགས་པ་ན་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་ཡང༌། སྟོང་གསུམ་གྱི་ལྷ་མི་ལས་མང་བའི་སེམས་ཅན་ཡོད་པར་གསུངས་ཡོད། དེང་སང་ཚན་རིག་གིས་ཀྱང་བལྟས་པ་ཡིན་ན་ལུས་ན་ཕྲ་ཕུང་གི་ནངན་སེམས་ཅན་གྱི་གཟུགས་སུ་གྲུབ་པ་གྲངས་ལས་འདས་པ་མང་པོ་ཡོད་པར་བཤད་པ་རེད། མི་ལུས་མ་ཐོབ་པའི་སེམས་ཅན་ཆེས་མང་བ་དང་མི་ལུས་ཐོབ་པའི་སེམས་ཅན་ཆེས་ཉུང་བའིརྒྱུ་མཚན་གྱིས་གྲངས་ཀྱི་སྒོ་ནས་དལ་འབྱོར་གྱི་མི་ལུས་རྙེད་པར་དཀའ་ཚུལ་ཤེས་དགོས། གསུམཔ་དཔེའི་སྒོ་ནས་དལ་འབྱོར་རྙེད་པར་དཀའ་ཚུལ་ནི། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་རྒྱ་མཚོ་ཆེན་པོ་ལ་གནས་པའི་རུས་སྦལ་མིག་ལོང་བ་ལོ་བརྒྱའི་མཚམས་རེ་མཚོ་ཁར་འོང་བ་ཞིག་དང་སྐད་ཅིག་ཀྱང་མི་སྡོད་པར་རླུང་གིས་དེདའགྲོ་བའི་གཉའ་ཤིང་གཉིས་འཕྲད་དཀའ་བ་ལྟར་སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབཔ་ཡོད་ཀྱང་མིར་སྐྱེས་པ་སྲིད་མཐའ་ཙམ་ཡིན་པས། དཔེའི་སྒོ་ནས་དལ་འབྱོར་གྱི་མི་ལུས་འདི་ཐོབ་དཀའ་བ་རེད། བཞི་བ་ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། ལྐུག་པ་སོགས་མི་ཁོམཔ་བརྒྱད་ལས་ཐར་བ་དང༌། འབྱོར་བ་བཅུ་ཚང་བའི་ཆ་ནས་ངོ་བོའི་སྒོ་ནས་མི་ལུས་རིན་པོ་ཆེ་འདི་རྙེད་པར་དཀའ་ཚུལ་ཤེས་དགོས། སྐབས་འདིར་དལ་བ་བརྒྱད་དང་འབྱོར་བ་བཅུ་སོགསམ་ཞུས་ན་འགྲིག་གི་འདུག དེས་ན་དལ་འབྱོར་གྱི་མི་ལུས་འདི་འདྲའི་རྙེད་དཀའ་བ་ཞིག་རྙེདཡོད་པའི་སྐབས་འདིར་ཚེ་འདིའི་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་བསྙེན་བཀུར་སྙན་གྲགསགཉིད་ཀྱི་བདེ་བ། རྣམ་གཡེང་རྩེད་རྒོད་བག་མེད་སོགས་ཀྱི་སྤྱོད་པ་དང་ཚེ་འདི་ལ་མ་ཞེན་པརརང་གིས་ཆོས་རྣམ་དག་ཅིག་བསྒྲུབ་དགོས་པ་རེད། རྙེད་དཀའ་བ་ཞིག་རྙེད་ཡོད་པའི་སྐབསའདིར་ཆོས་བསྒྲུབ་པའི་སྒོ་ནས་དལ་འབྱོར་དོན་ཡོད་བྱེད་དགོས་པ་ལས། ཚེ་འདིར་དཔལ་འབྱོརམངའ་ཐང་ཞིག་རྒྱ་བསྐྱེད་པས་དལ་འབྱོར་དོན་ཡོད་དུ་བྱས་པ་མ་རེད། ཆོས་རྣམ་དག་དང་ཡངདག་པ་ཞིག་བསྒྲུབ་ཐུབ་ན་ད་གཟོད་དལ་འབྱོར་དོན་ཡོད་དུ་བྱེད་ཐུབ། དལ་འབྱོར་རྙེད་དཀའབསྒོམས་ནས་འཆི་བ་མི་རྟག་པ་བསྒོམ་དགོས་ལ། སློབ་དཔོན་དཔའ་བོའི་མྱ་ངན་གསལ་བའིསྐབས་སུ། དེ་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་ཡིན། །ཞེས་གསུངསཔ་ལྟར་དལ་བ་བརྒྱད་འབྱོར་བ་བཅུ་ཚང་བའི་དལ་འབྱོར་གྱི་རྟེན་འདི་མི་འཆི་བར་ཡུན་རིངདུ་གནས་ཐབས་མེད་ལ། དེའི་རྒྱུ་མཚན་གྱིས་རང་རང་སོ་སོ་ལ་འཆི་བ་ཟེར་བ་ནི་ངེས་པར་འོང་དགོས་པས་འཆི་བ་མ་སླེབས་པའི་སྔ་རོལ་དུ་མྱུར་དུ་ཆོས་བྱེད་དགོས་སྙམ་པ་དགོས། ངེསཔར་འཆི་སྙམ་པ། ནམ་འཆི་ངེས་པ་མེད་པ། འཆི་བའི་ཚེ་ན་ཆོས་འདི་མ་གཏོགས་གཞན་གངགིས་ཀྱང་ཕན་པ་མེད་པར་བསྒོམ་དགོས། ངེས་པར་འཆི་སྙམ་ཚུལ་ནི། སྤྱིར་འདུས་བྱས་ཐམསཅད་མི་རྟག་པ་ཡིན་པ་ཆོས་ཉིད་ཡིན་པས་མཐར་ངེས་པར་འཇིག་དགོས་པ་དང༌། སངས་རྒྱསབཅོམ་ལྡན་འདས་ཀྱི་མདོ་རྒྱ་ཆེན་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་གའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རིགཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར་རྟག་ཐུབ་པའི་འདུསབྱས་ཀྱི་དངོས་པོ་གཅིག་ཀྱང་མེད་པ་ཤེས་དགོས་ལ། དེ་ནང་བཞིན་སློབ་དཔོན་དཔའ་བོས། །སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །མཚན་དང་དཔེ་བྱད་སྤྲས་པ་ཡི། །རྡོ་རྗེ་སྐུ་ཡང་མིབརྟན་ན། །སྐྱེས་བོའི་ལུས་ལྟ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་འཆི་བ་མེད་པའི་གོ་འཕངབརྙེས་པའི་རྫོགས་པའི་སངས་རྒྱས་ཀྱང་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡིན་ན་ང་ཚོསོ་སོའི་སྐྱེ་བོ་རྣམས་ངེས་པར་འཆི་དགོས་པ་སྙམ་དུ་བསམ་དགོས། ཡང་སློབ་དཔོན་དཔའ་བོས།དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་ཐོགས་མེད་རྒྱུ་བས་ཀྱང༌། །གང་ལ་འཆི་མེད་སྤྱོད་ཡུལ་བའི། །གནས་འདིར་ཕྱིན་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་དཔེར་ན་ཕྱི་རོལ་བའི་དྲང་སྲོང་ཆེན་མོ་དག་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁའ་ལ་རྒྱུ་ཐུབ་པའི་རྫུ་འཕྲུལདང་མངོན་ཤེས་ཐོབ་ན་ཡང༌། འཆི་བ་མེད་སའི་ཡུལ་ལུང་ཞིག་ལ་བགྲོད་ཐུབ་མེད་ལ། དེའི་རྒྱུ་མཚན་གྱིས་ང་ཚོས་ངེས་པར་འཆི་བ་ལ་བསམ་གཞིག་གཏང་དགོས་པ་རེད། དེ་ཡང་དཔལམགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བར། འཆི་བའི་རྐྱེན་ནི་ཤིན་ཏུ་མང༌། །འཚོ་བའི་རྐྱེན་ནི་ཉུང་ཟད་ཙམ། །དེ་དག་ཉིད་ཀྱང་འཆི་རྐྱེན་ཏེ། །དེ་བས་རྟག་ཏུ་ཆོས་མཛོདཅིག །ཅེས་གསུངས་པ་ལྟར་སྤྱིར་བཏང་འཆི་རྐྱེན་ནི་ཤིན་ཏུ་མང་ལ། འཚོ་བའི་རྐྱེན་ནི་ཧ་ཅངཉུང༌། ད་རུང་འཚོ་བའི་རྐྱེན་དེ་དག་གནས་སྐབས་འཚོ་བའི་རྐྱེན་ཡིན་ན་ཡང༌། མཐར་དེ་དགའཆི་རྐྱེན་དུ་འགྱུར་བ་ཆེས་མང་བ་ཡིན་པས་ངེས་པར་འཆི་ངེས་པ་དང་ནམ་འཆི་ངེས་པ་མེདཔ་ཡིན། དཔེར་ན་རླུང་ནང་གི་མར་མེ་ལྟ་བུ་རེད། དེས་ན་ངེས་པར་འཆི་བ་ལ་བསམ་བློ་གཏངདགོས། མདོར་བསྡུས་མདོར་བསྡུས་ཙམ་ཞུ་ན་འགྲིག་གི་འདུག ནམ་འཆི་ཆ་མེད་བསམ་ཚུལནི། ང་ཚོ་ནམ་འཆི་བ་ལ་ངེས་པ་མེད་ལ། ལོ་དྲུག་གིས་འཆི་ན་ཆོག་ལ། ལོ་གཅིག་ནས་འཆི་ནཡང་ཆོག མ་ཟད་སང་ཉིན་ཡང་འཆི་ན་ཆོག་གི་རེད། མི་སོ་སོ་ལ་བལྟས་པ་ཡིན་ན་ལ་ལ་མའིམངལ་ནས་འཆི་འགྲོ་ལ། ལ་ལ་སྐྱེས་མ་ཐག་ནས་འཆི་འགྲོ་བ། ཡང་ལ་ལ་ལོ་བཅུ་ཉི་ཤུ་ཙམགྱི་སྟེང་ལ་འཆི་འགྲོ་བ་རེད། དེ་ལ་དར་མ་དང་རྒན་པ་གཞོན་པ་ཟེར་བ་མེད་ལ། རྒན་གཞོནམེད་པར་འཆི་བ་ནི་ང་ཚོས་མངོན་སུམ་གྱིས་རིག་ཐུབ། གོང་ནས་འཆི་བ། འོག་ནས་འཆི་བསོགས་ང་ཚོས་གཞན་པ་མང་པོ་ཞིག་འཆི་བཞིན་ཡོད་པ་ཧ་གོ་བ་ཡིན་ན་ཡང༌། རང་རང་སོསོའི་རྟག་འཛིན་གྱི་དབང་གིས་ང་ད་དུང་མི་འཆི་བསམ། མ་འོངས་པ་ན་འཆི་དགོས་སྙམ་པཞིག་ཡོད་ཀྱང༌། དེ་རིང་མི་འཆི། སང་ཉིན་མི་འཆི། གནངས་ཉིན་མི་འཆི་བསམ་ནས་དེ་འདྲའིརྟག་འཛིན་གྱི་དབང་གིས་ཚེ་འདི་ལ་ཞེན་འགྲོ་བ་རེད། དེས་ན་ནམ་འཆི་ངེས་པ་མེད་པའི་ཚུལདེ་ངེས་པར་མཁྱེན་དགོས་ལ། ནམ་ཞིག་འཆི་བ་ཐོན་པའི་གནས་སྐབས་ན་ཆོས་ལས་གཞནགྱིས་ཕན་ཐོགས་པ་ཨེ་རེད་ཅེ་ན། གཞན་པ་གང་གིས་ཀྱང་ཕན་མི་ཐོགས། དཔེར་ན་ཁ་དྲགཅིང་དབང་བཙན་པ། འཁོར་དང་ལོངས་སྤྱོད་ཆེ་བ། དཔའ་བ་ལ་སོགས་པ་གང་གིས་ཀྱང་མིཐུབ་པར་ངེས་པར་འཆི་དགོས་པ་རེད། འཆི་བའི་ཚེ་ན་འགྱོད་པ་མེད་པ། འགྲོ་བ་བཟང་བོརསྐྱེ་བའི་གདེང་ཐོབ་པའི་བློ་བདེ་བ་ཞིག་གནང་དགོས་པ་དང༌། དེས་ན་ད་ལྟ་ཉིད་ནས་ཆོས་བསྒྲུབ་དགོས་བསམ་པ་ཡོད་དགོས། དེ་ཡང་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། བསྐལབ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐལ་བ་དུ་མར་དགོངས་ན་ཡང་འཆི་བའིཚེ་དམ་པའི་ཆོས་འདི་ཁོ་ན་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་མེད་ཅེས་གསུངས་པ་ལྟར་དེ་ང་ཚོས་ཧ་གོ་ཐུབ་པ་ཞིག་ཡིན་པ་རེད། སུ་ཡིན་རུང་འཁོར་དང་ལོངས་སྤྱོད་སྙན་གྲགསཇི་འདྲའི་ཆེ་ན་ཡང༌། ནམ་ཞིག་འཆི་བའི་ཉིན་དཀར་དེ་དག་ཤུལ་དུ་བཞག་ནས་རང་ཉིད་གཅིགཔུ་ཚེ་ཕྱི་མར་འགྲོ་དགོས་པས་འཁོར་དང་ལོངས་སྤྱོད་སྙན་གྲགས་དེ་དག་གིས་ཕན་པ་ཅི་ཡངམེད་ལ། ཕན་པ་མེད་པ་མ་ཟད། དེ་དག་ལ་ཞེན་ཞིང་ཆགས་ནས་བྲལ་དཀའ་བ་ཞིག་འོང་བརེད། འཁོར་མང་པོ་ཞིག་ཡོད་ན་དེ་དག་ལ་ཆགས་ནས་དེ་དག་དང་བྲལ་དཀའ་བའི་སྡུག་བསྔལཆེན་པོ་ཡོད་པ་དང༌། ཁང་བ་རླངས་འཁོར་སོགས་ཇི་འདྲ་མང་ན་དེ་འདྲའི་ཚོད་ཀྱིས་སྡུག་བསྔལའབྱུང་བ་རེད། སྒོར་མོ་བཅུ་ལས་མེད་མཁན་ཞིག་ལ་སྒོར་བཅུ་དང་བྲལ་བའི་སྡུག་བསྔལ་ལསམེད་ལ། དེ་ལས་སྒོར་ཁྲི་ཕྲག་གཅིག་ཡོད་ན་དེ་ཅིག་གིས་འཕྲོག་སོང་ན་དེའི་སྡུག་བསྔལ་ཆེབ་ལྟར་དཔལ་འབྱོར་ལོངས་སྤྱོད་ཇི་འདྲའི་མང་ན་དེའི་ཚོད་ཀྱིས་སྡུག་བསྔལ་ཡོད་པ་རེད།གྲྭ་བ་ཚོའི་གྲལ་ན་ཡང༌། དཀོར་ཟས་དཀོར་ཆུ་ཚོད་མེད་དུ་ཟ་ནས། ཁང་བ་རྫིག་པོ་རེའི་དོནདུ་སྒོར་ཁྲི་ཕྲག་མང་པོ་བཏང༌། ཁང་བ་གྲུབ་ཚར་དུས་ལོ་ལོན་ནས་ཚེ་ཕྱི་མ་འགྲོ་རན་ཡོད་པལྟར་སྙིང་པོ་ཅི་ཡང་མི་འདུག་ཨ། བྱིས་པ་ཆུང་ཆུང་ཚོས་རྩེད་མོ་རྩེས་ནས་རྩེད་རྡོ་བསྒྲིག་བསྒྲིགསཔའི་མཐར་འགྲོ་རན་འདུག་ཡོད་པ་འདྲ་བོ་རེད། དེས་ན་འཆི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད་པས་སོ་སོས་འཆི་ཁར་བློ་ལ་འགྱོད་པ་མེད་པ་ཞིག་དང་བློ་བདེ་བ་ཞིག་བྱ་དགོས་ལ། རབ་ཡིན་ན་སྐྱེ་བ་ཕྱི་མ་ཞིང་ཁམས་ཤིག་ལ་སྐྱེ་ངེས་ཡིན་སྙམ་པ་དང༌། དེ་མ་ཡིནན་ཡང༌། མི་ཚེ་ཐོས་བསམ་གྱིས་བསྐྱལ་སོང་བས་བློ་འགྱོད་མི་འདུག་སྙམ་པ་ཞིག་དགོས་པརེད། ཆོས་པ་ཆེན་པོ་ཞིག་ཡིན་ན་འཆི་བའི་ཚེ་ན་དགའ་སྤྲོ་དང་བཅས་པ་ཞིག་དང༌། ཆོས་པཐ་མ་ཞིག་ཡིན་ན་འཆི་ཁར་འགྱོད་པ་མེད་པ་ཞིག་བྱ་དགོས་ཤིང༌། དེ་འདྲ་དགོས་ན་ད་ལྟ་ཉིདནས་ངེས་པར་བསྒྲུབ་དགོས། མདོར་ན་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསྒོམསཔའི་སྒོ་ནས་ཚེ་འདི་ལ་ཞེན་པ་བཟློག་དགོས་པ་རེད། ཚེ་འདི་ལ་ཞེན་སོང་ན་ཐོས་བསམ་སྒོམགསུམ་དང་ཚུལ་ཁྲིམས་སོགས་བསྲུང་བ་ཡིན་ན་ཡང༌། གོང་ནས་གསུངས་པ་ལྟར་ཆོས་རྣལམ་ཞིག་དང་ཡང་དག་ཅིག་གཤའ་མ་ཞིག་འགྲུབ་མི་ཐུབ། ཚེ་འདི་ལ་མ་ཞེན་པ་ཡིན་ན་སྐྱེསབུ་ཆུང་ངུའི་ཆོས་ཤིག་བསྒྲུབ་ན་ཡང༌། ངན་སོང་གསུམ་གྱི་སྡུག་བསྔལ་སོགས་སྡུག་བསྔལ་གྱིསྡུག་བསྔལ་ལ་སྐྱོ་བ་སྐྱེས་ནས་ཚེ་ཕྱི་མར་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པའི་ཆེད་དུ་བརྩོནབཞིན་ཡོད་ལ། སྐྱེས་བུ་འབྲིང་ཞིག་ཡིན་ན་ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལདུ་མཐོང་ནས་དེ་ལས་ཐར་བའི་ཆེད་དུ་ལམ་ལ་བརྩོན་དགོས་པ་རེད། སྐྱེས་བུ་ཆེན་པོ་ཞིགཡིན་ན་རང་དོན་ལ་མི་ཞེན་པའི་སྟེང་ནས་སེམས་ཅན་གཞན་གྱི་དོན་དུ་ལམ་ལ་སོགས་ལ་བརྩོནཔ་སོགས་དགོས་ལ། དེ་དག་གང་གི་དབང་དུ་བྱས་ཀྱང་ཚེ་འདི་ལ་མ་ཞེན་པ་ཞིག་དགོས་པརེད། དེས་ན་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་གསུངས་པ་ལ་ཐམས་ཅད་ཀྱིས་ཐུགས་བསམབཞེས་དགོས་ལ། དེང་སང་བླ་མ་མཁན་པོ་སྤྲུལ་སྐུ་ཕལ་ཆེར་གྱིས་ཚེ་འདི་ལ་ཞེན་པའི་ཆོས་རྐྱང་རྐྱང་བཤད་འདུག་པ་འདྲ་བོ་རེད། ཚེ་འདི་ལ་འདོད་ཆུང་ཆོག་ཤེས་དགོས་པ་རེད་ཟེར་ན། དེ་ལ་རྒོལ་བ་མང་པོ་བརྒྱབ་ནས། འདོད་པ་དགོས་པ་རེད། དཔལ་འབྱོར་དགོས་པ་རེད། ལོངསསྤྱོད་དགོས་པ་རེད། འཇིག་རྟེན་ཆོས་བརྒྱད་བསྒྲུབ་དགོས་པ་རེད། འཇིག་རྟེན་པ་དང་མཐུནདགོས་ཞེས་མང་པོ་བཤད་ཀི་ཡོད་ན་ཡང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། སྤྱོད་པའི་མཆོགའཇིག་རྟེན་པ་དང་མི་མཐུན་པ་ཡིན། ཞེས་གསུངས་པ་ལས། སྤྱོད་པའི་མཆོག་འཇིག་རྟེན་པདང་མཐུན་པ་ཡིན་ཞེས་གསུངས་མེད་པ་རེད། ཁ་ཅིག་གིས་དུས་རབས་དང་མཐུན་དགོས། སྤྱི་ཚོགས་དང་མཐུན་དགོས་ཞེས་ཆོས་འདུལ་བ་ཕར་གཡུགས་ནས་དེའི་བར་ཞིག་ནས་རངརང་སོ་སོས་བླ་མའི་ཆོས་ལུགས་ཞིག་བསྒྲུབ་བཞིན་འདུག དེ་ནི་མི་འགྲིག་ལ། ངས་གང་ཞུསཔ་ཐམས་ཅད་ཚད་མ་ཡིན་པའི་ངེས་པ་མེད་པས། ཁྱེད་རྣམ་པ་ཚོས་ཀྱང་བརྟག་དཔྱད་བྱེད་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླངས་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར། རང་རང་སོ་སོས་བརྟག་དཔྱད་བྱས་ནས་སངསརྒྱས་བཅོམ་ལྡན་འདས་ནི་ང་ཚོའི་བླང་དོར་གྱི་གནས་སྟོན་པའི་སྟོན་པ་ཡིན་པས་དེའི་བཀའདང་མཐུན་མི་མཐུན་ལ་བལྟ་དགོས་ཏེ། སྔོན་དཔལ་ནཱ་ལེན་དྲའི་ནང་ལ་ཡང་སྡེ་སྣོད་གསུམ་ལ་མཁས་པ་དག་ཚོགས་ནས་དགེ་འདུན་པའི་ནང་ཁྲིམས། དགེ་འདུན་པའི་ཐོས་བསམ་སྒོམགསུམ་བྱེད་སྟངས། དགེ་འདུན་པའི་བཅས་པ། བསླབ་ཁྲིམས་ཀྱི་བཅས་པ་གང་ཡིན་ན་ཡང༌། སངས་རྒྱས་ཀྱི་གཞུང་ལུགས་དང་མཐུན་མི་མཐུན་དང༌། སྡེ་སྣོད་གསུམ་དང་མཐུན་མི་མཐུནབལྟ་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་འོངས་པ་ན་ཁོང་གི་ཚབ་ནི་ཆོས་འདུལབ་ཡིན་ཞེས་གསུངས་པས་ན་ཆོས་འདུལ་བ་ཚད་གཞི་བྱས་ནས་ཐམས་ཅད་འགྲོ་དགོས་པ་རེད། དེ་རིང་ཞེན་པ་བཞི་བྲལ་གྱི་ནང་ནས་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་པ་འཆད་ཚར་བ་རེད། དེས་ན་ཁྱེད་རྣམ་པ་ཚོས་ཡང་ཚིག་རྐང་དང་པོ་འདི་ལ་བསམ་གཞིག་བཏང་ནས་ཚེ་འདི་ལ་ཞེན་པའི་གཉེན་པོར་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་སོགས་བསྒོམ་དགོས་ལ། བསྡུསགྲྭ་སོགས་རྩོད་པ་གནང་རྒྱུ་གལ་ཆེ་བ་ཡིན་ན་ཡང༌། དེ་ལས་ཀྱང་གལ་ཆེ་བ་ནི་ལམ་རིམ་བློ་སྦྱོང་སོགས་ལ་ངེས་པར་གསན་དགོས་ཤིང༌། གསན་ནས་རང་རྒྱུད་ལ་ཆོས་ཀྱི་དྲི་བྲོ་བ་ཞིགའོང་བ་ལ་འབད་དགོས་ཞེས་ངས་ནམ་རྒྱུན་ཁྱེད་རྣམ་པ་ཚོར་ཞུས་པ་ལྟར་ཡིན། ཁྱེད་རྣམ་པཚོ་སློབ་སྦྱོང་གི་ཆ་ནས་ཡར་རྒྱས་འགྲོ་བཞིན་འདུག ཡིན་ན་ཡང༌། ངས་མ་འོངས་པ་ན་ཁྱེད་རྣམཔ་ཚོ་བསྟན་པ་འཛིན་མཁན་ཞིག་དང་ཆོས་པ་རྣམ་དག་འོང་མིན་ལ་སེམས་ཁྲལ་བྱེད་ཀི་ཡོད། དེའི་རྒྱུ་མཚན་གྱིས་ངས་འདི་ནས་ནམ་རྒྱུན་ལམ་རིམ་དང་བློ་སྦྱོང་ཁག་ཞུས་པ་ལྟར་ཁྱེད་རྣམཔ་ཚོས་ཀྱང་ཐུགས་ལ་བཟུང་དགོས་འདུག་ཞུས་པ་ཡིན། དེ་རིང་འདིར་མཚམས་འཇོག་བྱ། དེ་ནས་ཁ་སང་ཞེན་པ་བཞི་བྲལ་གྱི་ནང་ནས་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་པ་དེ་ཞུས་ཚར་བ་ལྟར་རྣམ་པ་ཚང་མས་ཚེ་འདི་ལ་ཞེན་ན་ཆོས་པ་ཡང་དག་པ་འོང་གི་མེད་པ་དེ་ཐུགསབཞེས་གནང་དགོས་འདུག སྤྱིའི་ཆ་ནས་ཚེ་འདིའི་འཚོ་བའི་མཐུན་རྐྱེན་ཟས་གོས་གནས་མལཡོ་བྱད་སོགས་མི་དགོས་ཞུས་པ་མིན་ཀྱང་དེ་དག་ལ་ཞེན་པ་མི་བྱེད་པར་དེ་དག་གནས་སྐབསའཚོ་བའི་མཐུན་རྐྱེན་ཙམ་ལས་ཕུགས་ཀྱི་ཞེན་པ་བྱེད་སའི་གནས་ཞིག་དང་རྟག་པ་བརྟན་པམེད་པས་དེ་ལ་ཞེན་པ་བཟློག་དགོས། གནས་ཤིག་ཏུ་གྲྭ་བ་ཁྲི་ཕྲག་མང་པོ་འདུས་བཞག་པཡིན་ན་དེའི་ནང་ནས་ཆོས་པ་རྣམ་དག་དེ་ཉིན་མོའི་སྐར་མ་ནང་བཞིན་ཤིན་ཏུ་ཉུང་བ་དེ་ཡངམང་པོ་ཞིག་ཚེ་འདི་ལ་ཞེན་པའི་དབང་གིས་ཆོས་པ་རྣམ་དག་ཅིག་ཆགས་མ་ཐུབ་པ་རེད། ཚེའདི་ལ་ཞེན་པ་ཆེ་བ་ཡིན་ན་དེའི་གཉེན་པོ་བསྒོམས་ནས་ཇེ་ཆུང་དུ་བཏང་བ་དང་དེ་དང་བྲལབར་བྱ་དགོས། སྐྱེས་པ་ཐམས་ཅད་མི་རྟག་ཅིང་ཐམས་ཅད་འཆི་དགོས་ལ། བསགས་པ་ཐམསཅད་མི་རྟག་པས་འཛད་འགྲོ་བ། འདུས་པ་ཐམས་ཅད་མི་རྟག་པས་ཐམས་ཅད་དང་བྲལ་འགྲོབ། བརྩིགས་པ་ཐམས་ཅད་མི་རྟག་པས་འགྱེལ་འགྲོ་བ། མཐོན་པོ་ཐམས་ཅད་མི་རྟག་པསལྷུང་འགྲོ་བ་སོགས་མདོར་ན་དགྲ་གཉེན་སྐྱིད་སྡུག་བཟང་ངན་ལ་སོགས་པ་ཐམས་ཅད་ལསཉོན་གྱི་དབང་གིས་གཞན་དབང་དུ་གྱུར་བས་མི་རྟག་པ་ཡིན་པར་བསྒོམ་དགོས། དཔེར་ན་མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུ་གང་དང་གང་ཡིན་ན་ཡང༌། འཆིབ་གློ་བུར་དུ་ཐོན་ན་སྐད་ཅིག་ཀྱང་མི་སྡོད་པར་གཅིག་པུ་ལག་སྟོང་མཆན་དུ་བཅུག་ནས་རྒྱུ་ནོར་དང་གནས་ཉེ་དུ་འཁོར་སློབ་མ་སྡེ་འབངས་བཟའ་བཏུང་ཇི་འདྲ་མང་པོ་ཡོད་ན་ཡང༌། ཐམསཅད་དང་འབྲལ་མི་འདོད་བཞིན་དུ་འབྲལ་དགོས་པ་རེད། དཔེར་ན་གྲྭ་བ་ཁྲི་ཕྲག་མང་པོའིསློབ་དཔོན་ཡིན་ན་ཡང༌། ཚེ་ཕྱི་མར་གྲྭ་བ་གཅིག་ཙམ་ཡང་ཁྲིད་དབང་མེད་པ་དང༌། རྒྱལ་ཁབཅིག་གི་དཔོན་པོ་ཡིན་ན་ཡང༌། བློན་འཁོར་གཅིག་ཙམ་ཡང་ཁྲིད་དབང་མེད་པ། འཛམ་གླིངགི་རྒྱུ་རྫས་ཐམས་ཅད་ཀྱི་བདག་པོ་ཡིན་ན་ཡང༌། ཚེ་ཕྱི་མར་ཁབ་སྐུད་པ་ཙམ་ཡང་ཁྱེར་དབངམེད་པ། ཐ་ན་རང་གིས་གཅེས་པར་བསྐྱངས་བའི་ཚེ་འདིའི་ཟག་བཅས་ཉེར་ལེན་གྱི་ཕུང་པོའདི་ཡང་བསྐྱུར་ནས་འགྲོ་དགོས་པའི་རྒྱུ་མཚན་གྱིས་ཐམས་ཅད་ཀྱིས་འཆི་བ་མི་རྟག་པར་བསྒོམས་ནས་ཚེ་འདི་ལ་ཞེན་ཞིང་ཆགས་པའི་གནས་མེད་པར་མཁྱེན་དགོས་པ་རེད། འཆི་བ་མི་རྟག་པ་ལ་བསམ་གཞིག་གཏང་དགོས་པ་རེད་མ་གཏོགས། འཆི་བ་མི་རྟག་པ་ལ་བསམགཞིག་མ་བཏང་ན་ཆོས་པ་རྣམ་དག་ཞིག་འོང་མི་ཐུབ་ལ། གལ་སྲིད་འཆི་བ་མི་རྟག་པར་རྟོགསསོང་ན་ཚེ་འདི་ལ་ཞེན་པ་ཅུང་ཙམ་བཟློག་ཐུབ་པ་དང༌། ཚེ་འདི་ལ་ཞེན་པ་བཟློག་སོང་ན་ཆོསཔ་རྣམ་དག་ཅིག་འོང་ཐུབ་པ་རེད། རྗེ་མི་ལ་རས་པས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ནང་བཞིན་ཞིག་ཨེ་འོང་བལྟ་དགོས་པ་རེད། རྗེ་པོ་ཏོ་བས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པའདི་བསྒོམ་ན་དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐམ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེནབྱེད། ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམན། དང་པོ་དད་པ་སྐྱེ་བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབསྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ཚོལ་བའིརྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཅེས་གསུངསཔ་ལྟར་འཆི་བ་མི་རྟག་པ་འདི་བསྒོམ་རྒྱུ་གལ་ཆེན་པོ་རེད། དེ་ནང་བཞིན་ཕ་དམ་པའི་ཞལ་ནས་ཀྱང༌། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོནའགྲུས་ཀྱི་ལྕག་བྱེད། མཐར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད་ཅེས་གསུངས་པ་ལྟར་འཆི་བམི་རྟག་པ་བསྒོམ་དགོས། འཆི་བ་མི་རྟག་པ་འདི་མ་བསྒོམ་ན་ཆོས་བསྒྲུབ་ལོ་ཐོས་ལོ་བསམ་ལོ་བསྒོམ་ལོ་ཇི་ཙམ་བྱེད་ཀྱང་མཐར་ཆོས་དྲེད་ཀྱི་རྒྱུར་འགྱུར་འགྲོ་བ་རེད། ཆོས་དྲེད་དུ་ཆགསསོང་ན་ཆོས་དྲེད་ཆོས་ཀྱིས་མི་འདུལ། མར་སྐོག་གྱོང་བོ་སྣུམ་གྱིས་མི་འདུལ་ཟེར་བ་ལྟར། སྤྱིརཆོས་ཀྱིས་སེམས་རྒྱུད་འདུལ་ཐུབ་ཀྱང༌། ཆོས་དྲེད་དུ་ཆགས་སོང་ན་ཇི་འདྲའི་ཆོས་བཤད་ཀྱངཕན་མི་ཐོགས། སྤྱིར་གྱོང་བོ་སྣུམ་གྱིས་འདུལ་ཐུབ་ཀྱང༌། མར་སྐོག་གྱོང་བོ་དེ་སྣུམ་གྱིས་འདུལམི་ཐུབ་པ་ལྟར་ཡིན་པ་རེད། དེའི་རྒྱུ་མཚན་གྱིས་ཐམས་ཅད་ཀྱིས་ཆོས་དྲེད་དུ་ཆགས་སུ་མི་འཇུག་པར་འཆི་བ་མི་རྟག་པ་བསྒོམ་རྒྱུ་གལ་ཆེན་པོ་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང༌། གདམས་ངག་གི་མཆོག་རང་སེམས་ལ་བལྟ་བ་ཡིན། འདུ་ཤེས་རྣམས་ཀྱི་མཆོག་མི་རྟག་པའིའདུ་ཤེས་མཆོག་ཡིན།ཞེས་གསུངས་པ་ལྟར་གནང་དགོས། དེ་ཡན་དུ་ཞེན་པ་བཞི་བྲལ་གྱི་ནང་ནས་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་པའི་དོན་མདོར་བསྡུས་ཙམ་ཞུས་པ་ཡིན། གཉིསཔ་འཁོར་བར་ཞེན་ན་ངེས་འབྱུང་མིན། །ཞེས་པའི་དོན་འཆད་པ་ནི། ང་ཚོར་མི་ཞིག་གིས་ཁྱེདཅག་ཐར་བ་དོན་དུ་གཉེར་མཁན་ཞིག་ཡིན་ནམ། འཁོར་བ་དོན་དུ་གཉེར་མཁན་ཞིག་ཡིན་ཞེས་དྲི་བ་གནང་དུས་ཏན་ཏན་ཐར་བ་དོན་དུ་གཉེར་མཁན་ཡིན་ཞེས་ལན་འདེབས་ངེས། ཡིནན་ཡང༌། དོན་གྱིས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདིའི་དོན་དང༌། ཚེ་འདིའི་གྲོགས་མཛའབཤེས། གཉེན་ཉེ་དུ། དཔལ་འབྱོར་ལོངས་སྤྱོད་མངའ་ཐང་སོགས་ལ་ཞེན་ནས་དེ་དག་གི་དོནལ་བརྩོན་བཞིན་ཡོད་པ་རེད། དེར་ཞེན་ནས་དེའི་དོན་ལ་བརྩོན་ན་ངེས་འབྱུང་གི་ཐར་བའི་རྒྱུ་དགེ་བ་གང་བསྒྲུབ་ན་ཡང༌། ཐར་བའི་རྒྱུར་འོང་ཐུབ་མེད། དེས་ན་འཁོར་བ་ལ་ཞེན་ན་ངེསའབྱུང་མིན་ཞེས་གསུངས་པ་རེད། འཁོར་བ་ཞེས་པ་ནི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཡིན་ལ། འདི་ལ་ཞེན་ཞིང་ཆགས་སོང་ན་འཁོར་བ་འདི་ལས་ངེས་པར་འབྱུང་བའི་ཐར་བ་ཐོབཔའི་གནས་མེད། དེས་ན་འཁོར་བ་འདི་ལས་ངེས་པར་ཐར་པ་ལ་དེ་ལ་སྐྱོ་བ་སྐྱེས་ནས་དེ་ལསཐར་བའི་ཆེད་དུ་ལམ་བསྒྲུབས་ནས་འཁོར་བ་ལས་ངེས་པར་འབྱུང་བའི་ངེས་འབྱུང་ཐར་བ་དེ་འཐོབ་དགོས་པ་རེད། འདོད་པའི་ཉོན་མོངས་ལ་ཞེན་པ་ལྡོག་དགོས་ན་འདོད་ཉོན་ལ་སྐྱོནདུ་བལྟས་ནས་དེ་ལ་ཆགས་པའི་ཆགས་པ་དང་བྲལ་བར་བྱ་དགོས་པ་དང༌། དེ་ལ་ཞེན་པ་དངཆགས་པ་ལྡོག་ཐུབ་ན་རང་གི་གོང་མའི་འཁོར་བ་གཟུགས་ཁམས་ལ་སྐྱེ་ཐུབ་པ་ལྟར་འཁོར་བ་ལས་ངེས་པར་འབྱུང་བ་ལ་འཁོར་བ་ལ་ཞེན་ཅིང་ཆགས་པ་དེ་ངེས་པར་ལྡོག་དགོས། སློབདཔོན་ཨརྱ་དེ་ཝའི་དབུ་མ་བཞི་བརྒྱ་པ་ལས། གང་ལ་འདི་སྐྱོ་ཡོད་མིན་ན། །དེ་ལ་ཞི་གུས་གལ་ཡོད། །ཅེས་གསུངས་པ་ལྟར་འཁོར་བ་ལ་སྐྱོ་བ་སྐྱེས་པ་མེད་ན་དེ་ལ་ཞེན་ཅིང་ཆགས་པ་ལྡོག་མི་ཐུབ་ལ། དེ་ལ་ཞེན་ཞིང་ཆགས་པ་མ་ལྡོག་ན་འཁོར་བ་འདི་ལས་ཐར་བའི་ཞི་བ་ཐརབའི་ཆེད་དུ་མི་བརྩོན། འཁོར་བ་ལ་ཞེན་ཞིང་ཆགས་ན་འཁོར་བའི་དོན་ལ་འབད་འབུངས་བྱེད་པ་ལས་ཐར་བ་ཐོབ་པའི་ཆེད་དུ་འབད་བརྩོན་མི་བྱེད་ལ། ཐར་བ་ལ་འཇུག་པའི་སྒོ་ངེསའབྱུང་གི་བསམ་པ་ཡིན་ཞེས་གསུངས་པ་དང་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་ཞེས་གསུངསཔ་གཉིས་གནད་གཅིག་ལ་འགྲོ་བཞིན་ཡོད་པ་མཁྱེན་དགོས་པ་རེད། འཁོར་བ་ལ་སྐྱོ་བ་སྐྱེ་སྟངས་ནི། དེ་ལ་སྦྲུལ་གདུག་པའི་ཚང་ལྟ་བུ། མེ་འབར་གྱི་འོབས་ལྟ་བུ། འཁོར་བའི་གནསགང་དུ་འདུག་ཀྱང་སྡུག་བསྔལ་གྱི་གནས།གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགསཡིན་པར་ཤེས་ནས་སྐྱོ་བ་སྐྱེ་དགོས་པ་དང༌། སྐྱོ་བ་སྐྱེས་ནས་ཞེན་ཆགས་ལྡོག དེ་ནས་ངེས་འབྱུངགི་བསམ་པ་བསྐྱེད་ནས་དགེ་བ་གང་དང་གང་བསྒྲུབ་ཀྱང༌། ཐར་བའི་རྒྱུར་འགྲོ། སངས་རྒྱསབཅོམ་ལྡན་འདས་ཀྱིས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་སྐབས་ལ་ཐོགམར་གསུངས་པ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །སྡུག་བསྔལ་ཤེས་པར་བྱའོ། །ཞེས་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང༌། དེ་སྡུག་བསྔལ་བ་ཡིན་པར་ཤེས་དགོས། འདི་སྡུག་བསྔལ་ཡིན་པར་མ་ཤེས་ན་དེ་ལ་ཞེན་པ་ལྡོག་མི་ཐུབ་པས། དེ་ལ་ཞེན་པ་ལྡོག་མ་ཐུབ་ན་ངེས་པར་འབྱུང་བའི་ཐར་བ་ཐོབ་པ་མིན། དེས་ན་འཁོར་བ་ལ་ཞེནན་ངེས་འབྱུང་མིན་ཞེས་གསུངས་པ་རེད། འཁོར་བ་ལ་ཞེན་ན་ཆོས་གང་བྱས་ཀྱང༌། ཐར་བ་ཐོབ་པའི་རྒྱུར་མི་འགྲོ་བས་འཁོར་བ་ལ་མ་ཞེན་པ་ཞིག་དགོས་སོ། །འཁོར་བ་ལ་མ་ཞེན་པ་ཞིག་འོང་དགོས་ན་འཁོར་བའི་ཉེས་དམིགས་དང་འཁོར་བའི་སྡུག་བསྔལ་ཤེས་དགོས། ཆོསབཤད་མཁན་ཞིག་ཡིན་ན་འཁོར་བའི་སྡུག་བསྔལ་འདི་ལེགས་པར་བཤད་དགོས་ཏེ། མ་བཤདན་རང་དགར་སློབ་མ་རྣམས་འཁོར་བར་ཞེན་པ་བཟློག་མི་ཐུབ། ཁ་སང་དེ་རིང་གི་བླ་མ་འགའརེས་འཁོར་བའི་སྐྱོན་མི་བཤད་པར་མ་ཟད། འཁོར་བའི་ཡོན་ཏན་རྐྱང་རྐྱང༌། དཔལ་འབྱོར་དགོས་རབས། ཐོབ་གོ་ས་དགོས་རབས། མཚན་སྙན་གྲགས་དགོས་རབས་སོགས་སེམས་ཅནལ་མགོ་སྐོར་མགོ་གཡོག་གི་ཆ་རྐྱེན་ཏག་ཏག་བསྒྲིགས་ནས་བཤད་འདུག་པ་ཡིན་ན་འཁོར་བ་ལ་ཞེན་པ་བཟློག་མི་ཐུབ། འཁོར་བ་ལ་ཞེན་པ་བཟློག་པའི་དོན་དུ་འཁོར་བའི་ཉེས་དམིགསབཤད་དགོས་པ་རེད། འཁོར་བ་ལ་ཞེན་པ་བཟློག་ན་འཁོར་བའི་ཉེས་དམིགས་མཐའ་དག་མཐོང་ནས་ཐར་བ་དོན་དུ་གཉེར་བའི་བློ་དེ་འབྱུང་ཐུབ། འཁོར་བ་ལ་ཞེན་པ་བཟློག་པའི་ཆེདདུ་འཁོར་བའི་ཉེས་དམིགས་མཐའ་དག་ཤེས་དགོས་ཏེ། འདིའི་ཐད་ཀྱི་ཞེན་པ་བཞི་བྲལ་གྱིའགྲེལ་བ་ཁག་ན་དང་པོ་འཁོར་བའི་ཉེས་དམིགས་དང༌། ལས་རྒྱུ་འབྲས་བཤད་པ་གཉིས་རེའོང་གི་འདུག དེས་ན་ལས་རྒྱུ་འབྲས་ཡང་དག་པ་ཞིག་ཡིད་མ་ཆེས་ན་འཁོར་བ་སྡུག་བསྔལགྱི་རྒྱ་མཚོ་ལས་མི་དགེ་བ་དང་ཉོན་མོངས་པའི་དབང་གིས་འབྲས་བུ་སྡུག་བསྔལ་བ་འབྱུང་བ་སོགས་རྒྱུ་འབྲས་ཀྱི་རིམ་པ་དེ་དག་ལེགས་པར་ཡིད་མི་ཆེས། དེ་ནང་བཞིན་བློ་ལྡོག་རྣམབཞིའི་སྐབས་སུ་ཡང་འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་གཉིས་རེའི་དབང་དུ་བྱསནས་བཤད་པ་དེའི་ནང་ནས་ཕྱི་མ་གཉིས་པོ་འཁོར་བ་ལ་ཞེན་ཞིང་ཆགས་པའི་གཉེན་པོ་འཁོརབ་ལས་ངེས་པར་འབྱུང་བའི་ཆེད་དུ་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། འདོདཔའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིནགཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང༌། །ཞེས་གསུངས་པ་ལྟར་ཁམས་གསུམ་པོ་སྐྱོན་དང་བཅས་ན་ཡང༌། སྡུག་བསྔལ་ལས་ངེས་པརཐར་བའི་མྱང་འདས་དེ་སྐྱོན་མེད་པ་ཡིན་ཞེས་གསུངས་པ་རེད། དེ་ནང་བཞིན་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱའི་ནང་ལ་ཡང༌། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་བཤད་པ་ལྟར་མྱངན་ལས་འདས་པ་ནི་སྡུག་བསྔལ་ཞི་བའི་ཞི་བ་དངོས་ཡིན། ཡིན་ན་ཡང༌། ཚེ་འདིའི་ཟག་བཅསཀྱི་བདེ་བ། རྒྱུ་རྐྱེན་གྱི་བདེ་བ་སོགས་རེ་ཞིག་སོ་སོའི་སྐྱེ་བོ་དག་ལ་བདེ་བ་ལྟར་སྣང་ན་ཡང༌། མཐར་མི་རྟག་ཅིང་འགྱུར་འགྲོ་བ་ཆོས་ཉིད་དོ། །དེའི་རྒྱུ་མཚན་གྱིས་དེ་དག་ནི་ཞི་བ་དངོས་མིན་པར། སྡུག་བསྔལ་ཞི་བའི་ཞི་བ་དངོས་ནི་མྱ་ངན་ལས་འདས་པ་དེ་ཡིན་པ་དང༌། མྱ་ངནལས་འདས་ཞེས་པའི་མྱ་ངན་ནི་སྡུག་བསྔལ་དང་དེ་ལས་འདས་པས་ན་མྱ་ངན་ལས་འདས་པཞེས་བྱ་བ་སྟེ། མདོ་སྡེ་རྒྱན་ལས། དེ་ཕྱིར་ཐར་བ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་ལྟར། ཐར་བ་ནི་གང་ཞེ་ན། ནོར་བ་བདག་འཛིན་སོགས་ཡོངས་སུ་ཟད་པའི་ཟད་པ་དེ་ཐོབ་སོང་ན། ཐར་བ་ཐོབ་སོང་པ་རེད། ཐར་བ་ཞེས་ཡུལ་གཞན་ལ་བྲོས་བྱོལ་འགྲོ་ས་མི་རྙེད་ལ། རྡོ་འཕེནཔ་ལྟར་ཡུལ་ཕྱོགས་གཞན་ཞིག་ལ་འཕེན་པ་ཡང་མེད། རང་རྒྱུད་ཀྱི་ལས་དང་ཉོན་མོངས་པདེ་སྤངས་པ་ཡིན་ན་ཐར་བ་དངོས་ཡིན་ལ། དེས་ན་མྱ་ངན་ལས་འདས་པའི་ཞི་བ་འཐོབ་པ་ལ། འཁོར་བ་ལ་ཞེན་པ་ལྡོག་དགོས་པས་འཁོར་བའི་སྡུག་བསྔལ་བསམ་དགོས་ཤིང༌། དེ་ཡང་སྡུག་བསྔལ་ལ་བསམ་བློ་གཏོང་སྟངས་ནི། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སོགས་ལ་བསམ་གཞིག་བཏང་ནས་འགྲོ་བ་རིགས་དྲུག་པོ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་བསམ་དགོས་པ་རེད། དེ་ཡང་སངས་རྒྱས་བཅོམལྡན་འདས་ཀྱི་མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡིདྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོབ་ཐུང་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཚ་དམྱལ་ལ་ཚ་བའི་སྡུག་བསྔལ། གྲང་དམྱལལ་གྲང་བའི་སྡུག་བསྔལ། དམྱལ་བ་ཉེ་འཁོར་སོགས་ལ་མེ་མ་མུར་རོ་མྱགས་ཀྱི་འདམ། སྤུགྲིའི་ཐང་ལ་སོགས་པའི་སྡུག་བསྔལ་བཟོད་གླགས་དང་བྲལ་བ་ཡོད་པ་རེད། རབ་ཡིན་ན་ཁྱེདརྣམ་པ་ཚོས་ཚ་དམྱལ་བརྒྱད་སོ་སོའི་སྡུག་བསྔལ་དང་དེའི་ཚེ་ཚད། དེ་ནང་བཞིན་གྲང་དམྱལབརྒྱད་སོ་སོའི་སྡུག་བསྔལ་དང་ཚེ་ཚད་སོགས་ཞིབ་པར་ལམ་རིམ་ཁག་དང་བློ་ལྡོག་རྣམ་བཞིསོགས་ལ་བལྟ་དགོས་པ་རེད། མདོར་ན་དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་བཟོད་གླགསབྲལ་བ་ཡོད་ཅིང༌། ཚ་བའི་སྡུག་བསྔལ་ནི་འཇིག་རྟེན་གྱི་ཁམས་ཀྱི་རང་བཞིན་གྱི་མེ་ལས་ཙནྡནགྱི་མེ་ཚ་བ་དང༌། ཙནྡན་གྱི་མེ་བདུན་འགྱུར་ལས་དམྱལ་བའི་མེ་ཚ་བའོ། །ད་ལྟ་རང་རང་སོསོའི་སྟེང་ལ་མེ་སྟག་ཙམ་ལྷུང་ན་ཡང༌། མི་བཟོད་པ་ཡིན་ན་ནམ་ཞིག་ལས་ཉོན་གྱི་དབང་གིསགཞན་དབང་དུ་གྱུར་ནས་དམྱལ་བར་ལྷུང་སྟེ། དེའི་ཚ་བའི་སྡུག་བསྔལ་མྱོང་བ་ཡིན་ན་དེ་ནི་བཟོད་གླགས་དང་བྲལ་བ་ཞིག་ཡིན་པ་རེད། དེ་ནང་བཞིན་གྲང་དམྱལ་ནི་ལུས་ཚལ་པ་ཚལཔ་བྱས་ནས་གས་པ། པདྨ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ་སོགས་སྡུག་བསྔལ་བསམགྱིས་མི་ཁྱབ་པ་དེ་དག་སངས་རྒྱས་ཀྱིས་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིསགཟིགས་ནས་གསུངས་པ་རེད། དེ་ནང་བཞིན་ཁ་སང་དེ་རིང་དྲྭ་ལམ་གྱི་སྒང་ནས་སེམས་ཅནམང་པོ་གསོན་བསྲེགས་བྱེད་པ་མཐོང་དུ་ཡོད་པ་སོགས་སེམས་ཅན་མང་པོས་སྡུག་བསྔལདྲག་པོ་མྱོང་བཞིན་པ་དེ་དག་ང་ཚོས་མཐོང་ཐོས་སུ་གྱུར་བ་ལྟར་དམྱལ་བ་ཚ་གྲང་གི་སྡུག་བསྔལདེ་ཡང་བསམ་གྱིས་མི་ཁྱབ་པ་དང༌། ཡི་དྭགས་བཀྲེས་ཤིང་སྐོམ་པའི་གདུང་བ་བསམ་གྱིས་མི་ཁྱབ་པ། དུད་འགྲོ་ཡིན་ན་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ། མི་རྣམས་འཚོ་བ་ཐུང་བའིསྡུག་བསྔལ་ཡོད་པ་སྟེ། མི་ཚེ་དེ་ཧ་ཅང་དུས་ཡུན་ཐུང་ངུ་སྐད་ཅིག་ཙམ་གྱི་ཡུན་ལ་རྫོགས་འགྲོབ་ནི་རྨི་ལམ་རྨིས་པ་ནང་བཞིན་གྱི་སྔོན་ཆད་ལ་བསམ་བློ་བཏང་ན་ཤེས་ཐུབ་པ་རེད། ལྷ་རྣམསནི་འདོད་ཡོན་གཟུགས་སྒྲ་དྲི་རོ་སོགས་ལ་གཡེང་ནས་བག་མེད་ཀྱི་དབང་གིས་དམ་པའི་ཆོསབསྒྲུབ་པ་ཉམས་འགྲོ་བ་སོགས་མདོར་ན། འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོདམ་ཡིན། །ཞེས་གསུངས་པ་ལྟར་རིགས་དྲུག་སོ་སོའི་སྡུག་བསྔལ་ལ་ལེགས་པར་བསམ་བློ་གཏངདགོས་ཏེ། དམྱལ་བ་ཚ་གྲང༌། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས་ཀྱི་སྡུག་བསྔལ་ལ་སོགས་པ་དང༌། མི་རྣམས་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ཡོད་པར་བསམ་གཞིགགནང་རྒྱུ་གལ་ཆེན་པོ་རེད། འགྱུར་བའི་སྡུག་བསྔལ་ནི། མི་རྣམས་ལ་རེ་ཞིག་ལོངས་སྤྱོད་དགའཛོམས་ནས་བདེ་བ་ལྟར་སྣང་ན་ཡང༌། མཐར་མི་རྟག་ཅིང་འགྱུར་འགྲོ་བའི་སྡུག་བསྔལ་ཕྱིམ་ཕྱི་མ་ལ་སྦྱོར་འགྲོ་བ་དེ་ནི་རང་དབང་མ་ཐོབ་པར་ལས་ཉོན་གྱི་གཞན་དབང་ཡིན་པས་རེད། དཔེར་ན། མི་སོ་སོས་རང་ཉིད་མི་འཆི་བར་གནས་འདོད་པ་ཡིན་ན་ཡང༌། མཐར་འཆི་བ་ལསམ་འདས་པ་དང༌། ད་ལྟ་ནད་མེད་པ་ཞིག་ཡིན་ན་ཡང༌། མཐར་འགྱུར་ནས་ནད་ཡོད་པར་གྱུརབ་དང༌། མི་རྣམས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་མ་གྲོལ་བས་རང་དབང་མ་ཡོད་པ་རེད། མི་ནི་རིགས་དྲུག་གི་འགྲོ་བ་རྣམས་ཀྱི་ནང་ནས་སྐྱིད་ཤོས་ཡིན་ན་ཡང༌། མི་ལ་ཡང་སྡུག་བསྔལམང་པོ་ཡོད་པར་མཁྱེན་དགོས་འདུག ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ཟག་བཅས་ཉེརལེན་གྱི་ཕུང་པོ་དེ་ལས་ཉོན་གྱིས་གཞན་དབང་དུ་གྱུར་ནས་རང་དབང་མེད་པར་ཁམས་གསུམའགྲོ་བ་རིགས་དྲུག་ཐམས་ཅད་དུ་འགྲོ་དགོས་པར་ཆགས་ཡོད་པ། དེའི་རྒྱུ་མཚན་གྱིས་སངསརྒྱས་བཅོམ་ལྡན་འདས་ཀྱིས། གང་ལ་རང་དབང་མེད་པ་ནི་སྡུག་བསྔལ་བའོ། །ཞེས་གསུངསཔ་ལྟར་རེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པ་ནི། ཁམས་གསུམ་འཁོར་བ་མཐའ་དགལ་ཡོངས་སུ་ཁྱབ་པའི་སྡུག་བསྔལ་ཞིག་ཡིན་ལ། ཁྱེད་རྣམས་པ་ཚོས་ཁམས་གསུམ་འཁོར་བལ་ཞིབ་ཏུ་བསམ་བློ་ཞིག་ཐོངས་དང་དངོས་གནས་སྡུག་བསྔལ་ལས་མ་འདས་པ་ཞིག་ཡིན་ཞིང༌། སོ་སོའི་སྐྱེ་བོ་དག་གི་མཐོང་སྣང་དུ་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་གཉིས་རེས་མོས་བྱས་ནས་འོང་བ་དང༌། དེར་མ་ཟད། ན་བའིསྡུག་བསྔལ། འཆི་བའི་སྡུག་བསྔལ། མི་འདོད་པ་སྣ་ཚོགས་ཐོག་ཏུ་འབབ་པའི་སྡུག་བསྔལ། སྡུག་པ་ཡིད་དུ་འོང་བ་དང་བྲལ་བའི་སྡུག་བསྔལ། དེ་འདྲའི་སྡུག་བསྔལ་མང་པོ་ཞིག་དང་འགྲོགསནས་མི་ཚེ་དེ་རྫོགས་འགྲོ་བ་རེད། དེས་ན་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དང༌། ཁམསགསུམ་འཁོར་བ་འདི་སྡུག་བསྔལ་གསུམ་མམ་བརྒྱད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང༌། སྡུག་བསྔལ་གྱི་ཡོ་ལང་ཡིན་པ། སྡུག་བསྔལ་གྱི་འཕྲུལ་འཁོར། སྡུག་བསྔལ་གྱི་ཁུངསཚང་ཅན། སྡུག་བསྔལ་གྱིས་ཀུན་ཏུ་བསྐོར་བ། སྡུག་བསྔལ་མེ་ལྟར་འབར་བ། ཆུ་ལྟར་འཁྲུགསཔ། རླུང་ལྟར་གཡོ་བ། རི་ལྟར་ནོན་པ་ལས་མ་འདས་པའི་རྒྱུ་མཚན་གྱིས་འཁོར་བ་འདི་མེའིའོབས་ལྟ་བུར་མཐོང་ཨེ་ཐུབ་བལྟ་དགོས་ཤིང༌། སྲིན་པོའི་གླིང་ལྟ་བུ། རྒྱ་མཚོའི་ཀློང་ལྟ་བུ། མཚོན་ཆའི་རྩེ་ལྟ་བུ། མི་གཙང་བའི་འདམ་ལྟར་མདོར་ན་བདེ་བའི་གོ་སྐབས་ཅུང་ཙམ་ཡངམེད་པར་གནས་གང་ལ་གནས་ཀྱང་སྡུག་བསྔལ་གྱི་གནས། ལུས་ཅི་ཙམ་བླངས་ཀྱང་སྡུགབསྔལ་གྱི་ལུས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་སྤྱོད་ཇི་འདྲ་ཡོདཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ཡིན་པར་བསམ་གཞིག་གནང་དགོས་ཏེ། རྒྱལ་ཚབ་བྱམསཔ་མགོན་པོས། འགྲོ་ལྔ་དག་ལ་བདེ་བ་མེད། །མི་གཙང་ཁང་བར་དྲི་ཞིམ་མེད། །ཅེས་གསུངསཔ་ལྟར་རེད། དེ་ནས་ནམ་རྒྱུན་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབཔ་འདུ་བྱེད་ཀྱི་སྡུག་བསྔལ་དག་ལ་ངེས་པར་བསམ་གཞིག་གནང་ནས་བསྒོམས་ཏེ་ལས་ཉོནགྱི་གཞན་དབང་དུ་གྱུར་བའི་སྡུག་བསྔལ་ཁམས་གསུམ་འཁོར་བ་མཐའ་དག་ལ་ཁྱབ་པའི་ཁྱབཔ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ངེས་པར་ཞེན་པ་ལྡོག་དགོས་ལ། འཁོར་བ་ལ་ཞེན་ན་ངེས་འབྱུངམིན་ཞེས་གསུངས་པའི་ཞེན་པ་ལྡོག་ཡུལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུགབསྔལ། ན་བ་དང་ཚ་བ་ཙམ་ལ་ཞེན་པ་ལྡོག་པས་མི་ཆོག་པར་མིའི་ཟག་བཅས་ཉེར་ལེན་གྱིཕུང་པོ་ལ་ཡང་ངེས་པར་ཞེན་པ་ལྡོག་དགོས་ཏེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལ་ཞེན་པམ་ལྡོག་ན་ངེས་པར་འབྱུང་བའི་ལམ་སྐྱེ་མི་ཐུབ་པ། སྐྱེས་བུ་ཆུང་ངུ་ལ་ཡང་སྡུག་བསྔལ་གྱི་སྡུགབསྔལ་ལ་སྐྱོ་བ་སྐྱེས་ནས་མངོན་མཐོ་ལྷ་མིའི་གོ་འཕང་དོན་གཉེར་ཙམ་ཡོད་པ་ཡིན་ན་ཡང༌། དེ་ཙམ་གྱིས་ངེས་འབྱུང་རྣམ་དག་ཏུ་འགྱུར་མི་ཐུབ་པར་ངེས་འབྱུང་རྣམ་དག་ཏུ་གྱུར་པ་ལ་ཁམསགསུམ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་དགོས་པ་དང༌། སྡུག་བསྔལགྱི་རང་བཞིན་དུ་མཐོང་བ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་རྟོགས་པར་བྱ་དགོས་ལ།ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རྟོགས་པ་ལ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་རྟོགས་དགོས། ང་ཚོས་གཅེས་པར་བསྐྱངས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདིའི་དོན་དུ་ལས་དང་ཉོནམོངས་པ་སྣ་ཚོགས་ཤིག་བསགས་བསགས་ནས་སྐྱེ་བ་འདི་ནས་ཕྱི་མ། ཕྱི་མ་ནས་ཕྱི་མར་སྐྱེབ་མང་པོར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མི་ཐར་བར་བྱེད་འགྲོ་བ་དེ་ཡང་ཟག་བཅསཉེར་ལེན་གྱི་ཕུང་པོ་འདིའི་དོན་ལ་བྱེད་པ་རེད། དེར་མ་ཟད། ཚེ་འདིར་ཡང་ཟག་བཅས་ཉེརལེན་གྱི་ཕུང་པོ་འདིའི་དོན་ལ་འབད་རྩོལ་མང་པོ་བྱས། དེ་འགྲུབ་མི་འགྲུབ་ལ་དཀའ་ངལ་མངཔོ་དང་འཕྲད། སྡུག་པ་ཡིད་འོང་དང་བྲལ། མི་འདོད་པ་སོགས་ཐོག་ཏུ་བབས། སྐྱེ་རྒ་ན་འཆིའིསྡུག་བསྔལ་མཐའ་དག་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ལ་བརྟེན་ནས་བྱུང་བ་ཡིན་ལ།དེས་ན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ནི་སྡུག་བསྔལ་གྱི་འབྱུང་ཁུངས་ལྟ་བུ་རེད། སངསརྒྱས་བཅོམ་ལྡན་འདས་ཀྱིས། འདི་ནི་སྡུག་བསྔལ་བའོ། །འདི་གཙང་བར་འཛིན་པ་དང་བདེབར་འཛིན་པ་ནི་ལོག་ཤེས་ཉིད་དོ། །ཞེས་གསུངས་པ་ལྟར། ཟག་བཅས་ཉེར་ལེན་གྱི་ཕུང་པོའདི་གཙང་བ་མིན་པ་མི་གཙང་བའི་འཕྲུལ་འཁོར་ཡིན་པ་དང༌། མི་གཙང་བའི་རྫས་རྣམ་པསྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན་པར་བལྟས་ནས་དེ་ལ་རྣམ་པ་ཚང་མས་ཡང་ནས་ཡང་དུ་མིགཙང་བ་ཡིན་པར་བལྟ་དགོས་པར་འདུག ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་མི་གཙང་བཡིན་པར་མ་ཤེས་ན། དེ་ལ་ཞེན་ཞིང་ཆགས། དེ་ལ་ཞེན་ཞིང་ཆགས་ན་འཁོར་བ་ལ་ཞེན། འཁོརབ་ལ་ཞེན་ནས་ཚུལ་ཁྲིམས་བསྲུངས། ཐོས་པ་བྱས། བསམ་པ་བྱས། བསྒོམ་པ་སོགས་གངབྱས་ན་ཡང་ངེས་པར་འབྱུང་བ་ཐར་བ་ཐོབ་པའི་རྒྱུར་མི་འགྲོ། ཁ་སང་གོང་ནས་ས་སྐྱ་པནྚིཏའིཞེན་པ་བཞི་བྲལ་གྱི་འགྲེལ་བ་ལས་ཚེ་འདི་ལ་ཞེན་པའི་སྒོ་ནས་ཐོས་བསམ་བསྒོམ་གསུམ་གང་བྱས་ཀྱང་ཆོས་རྣམ་དག་དང་གཤའ་མར་མི་འགྱུར་ཞེས་གསུངས་པ་ལྟར་ཡིན་ལ། ཡིན་ན་ཡང༌། སྐབས་འདིར་འཁོར་བ་ལ་ཞེན་ནས་ཐོས་བསམ་སྒོམ་གསུམ་གང་བྱས་ཀྱང་ཆོས་མིནཞེས་གསུངས་པ་མ་རེད་དེ། འཁོར་བ་ལ་ཞེན་ནས་ཐོས་བསམ་སྒོམ་གསུམ་གང་བྱས་ཀྱང་ངེསའབྱུང་གི་ཐར་བ་ཐོབ་པའི་རྒྱུ་མིན་ཞེས་གསུངས་པ་རེད། འཁོར་བ་ལ་ཞེན་པའི་ཞེན་པ་མ་ལྡོགཔ་དེ་སྲིད་དུ་ཐོས་བསམ་སྒོམ་གསུམ་གང་བྱས་ཀྱང་ངེས་པར་འབྱུང་བ་ཐར་བ་ཐོབ་པའི་རྒྱུརམི་འགྲོ་བ་དེས་ན་འཁོར་བ་ལ་ཞེན་པ་ལྡོག་པར་བྱེད་རྒྱུ་གལ་ཆེན་པོ་རེད། འཁོར་བ་འདི་སྡུགབསྔལ་གྱི་རང་བཞིན་ལས་མ་འདས་པ་ཡིན་པར་བསམས་ནས་དེ་ལས་ཐར་འདོད་ཀྱི་བློ་རེ་སྐྱེད་པར་བྱེད་དགོས་ཏེ། ངས་ནམ་རྒྱུན་ཁྱེད་རྣམ་པར་ཞུས་པ་ལྟར། ཉི་མ་དེ་རིང་ནས་བཟུངསྟེ། ནངས་དུས་སྔ་མོ་ཡར་བཞེངས་དུས་ཁམས་གསུམ་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིནདུ་བལྟ། དེ་ལས་ཐར་འདོད་ཀྱི་བློ་རེ་བསྐྱེད་པར་བྱེད། དེ་ལས་ཐར་བའི་ཆེད་དུ་དཀོན་མཆོགགསུམ་ལ་སྐྱབས་འགྲོ་དང་ངེས་འབྱུང་གི་བསམ་པ་རེ་བསྒོམས། རང་རྒྱུད་ཀྱི་སྡུག་བསྔལ་གྱིསདཔག་ནས་སེམས་ཅན་གཞན་ཐམས་ཅད་ལ་ཡང་དེ་འདྲའི་སྡུག་བསྔལ་ཡོད་པར་ཤེས་པར་བྱས་ནས། སེམས་ཅན་གཞན་ཐམས་ཅད་སྡུག་བསྔལ་ལས་བྲལ་བའི་ཆེད་དུ་སྙིང་རྗེ་རེ་བསྒོམ། དེ་ནས་སེམས་ཅན་གཞན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ནུས་པ་ད་ལྟ་བདག་ལ་མེད་ན་ཡང༌། མཐར་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ནས་སེམསཅན་ཐམས་ཅད་འཁོར་བ་སྡུག་བསྔལ་འདི་ལས་བསྒྲལ་བར་བྱའོ་སྙམ་དགོས། ནང་པ་སངསརྒྱས་པའི་ཆོས་སུ་འགྲོ་བར་བྱེད་པ་ལ་སྐྱབས་འགྲོ་ཡོད་དགོས་ཤིང༌། ཐར་བ་ཐོབ་པའི་རྒྱུར་འགྲོ་དགོས་ན་ངེས་འབྱུང་གི་བསམ་པ་ཡོད་དགོས་ལ། ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བར་བྱེད་པ་ལ་ཐེག་ཆེན་སེམས་བསྐྱེད་ཡོད་དགོས་པ་དེ་དག་ངེས་པར་མཁྱེན་པར་བྱས་ཏེ་ཐོས་བསམ་གྱི་ཆོས་ཤིག་བསྒྲུབས་པ་ཡིན་ན་ཆོས་དངོས་གནས་པ་ཞིག་དང་ཆོས་ཡང་དག་ཅིག་ཆགས་ཀི་རེད། ཁ་ཅིག་གིས་ཆོས་ཀྱི་རིན་ཐང་མ་རྟོགས་ནས་བཟང་སྤྱོད་ཙམ་རེ་ཞལ་འདོནབྱས་ན་འགྲིག་པ་རེད་ཅེས་བཤད་པ་དང༌། མ་ཎི་རེ་འདོན་ན་ཆོས་ཆེན་པོ་ཡིན་མདོག་བསྟནམཁན་མང་པོ་འདུག ཡིན་ན་ཡང༌། དེ་རིང་ངས་དཔེ་ཆ་ཡག་པོ་ཞིག་བལྟས་པས་དགེ་བ་ཆེནཔོ་འགྲུབ་སོང་ཟེར་མཁན་དེ་དཀོན་མོ་ཆགས་པ་ནི་ཆོས་ཀྱི་རིན་ཐང་མ་རྟོགས་པས་ཡིན་ལ། ང་ཚོས་ཚིག་འདོན་པའི་དགེ་བ་ལས་དོན་བསམ་པ་དེ་བརྒྱ་འགྱུར་སྟོང་འགྱུར་གྱི་དགེ་བ་རླབསཆེན་དུ་འགྱུར་ཏེ། རྗེ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། དག་དང་མ་དག་སྟོང་འགྱུར་དང༌། །ཏིངའཛིན་གཡོ་མེད་འབུམ་འགྱུར་ཡིན། །ཞེས་གསུངས་པ་ལྟར་ཚིག་དག་པ་དང་མ་དག་པ་གཉིསཀྱི་ནང་ནས་ཚིག་དག་པའི་སྒོ་ནས་འདོན་པ་ཡིན་ན་ཚིག་དག་པ་དེ་སྟོང་འགྱུར་ཡིན་པ་དང༌།དེ་ལས་དེའི་དོན་བསམ་པ་ཡིན་ན་འབུམ་འགྱུར་གྱིས་བཟང་བ་ཡིན་པ་དེས་ན་རང་རང་སོ་སོསཆོས་རླབས་ཆེན་ཞིག་སྒྲུབ་ཀྱིན་ཡོད་པར་ཤེས་དགོས་པ་དང༌། ཐོས་བསམ་སྒོམ་གསུམ་བྱསན་ཀུན་མཁྱེན་ཐོབ་པའི་དངོས་རྒྱུ་ཡིན་པར་ཤེས་དགོས། དེས་ན་ཀུན་མཁྱེན་འཐོབ་དགོསན་ཀུན་མཁྱེན་ཐོབ་པའི་དངོས་རྒྱུ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་འབད་དགོས་ཤིང༌། དེའི་ལྷན་ཅིག་བྱེད་རྐྱེན་བྱམས་སྙིང་རྗེ། ཚོགས་བསགས་སྒྲིབ་སྦྱངས། མཆོད་པ་འབུལ་བ། ཕྱག་འཚལ་བ། སྡིག་པ་བཤགས་པ། བསྔོ་བ་བྱེད་རྒྱུ། བཟོད་པ་བསྒོམ་པ། བརྩོན་འགྲུསབརྩོན་པ། ཚུལ་ཁྲིམས་བསྲུངས་པ་སོགས་བསོད་ནམས་ཀྱི་ཚོགས་རྒྱབ་རྟེན་དུ་ཡོད་དགོསལ། དེས་ན་ཁྱེད་རྣམ་པ་ཚོས་ངེས་འབྱུང་ཐར་བའི་རྒྱུར་འགྲོ་ངེས་ཀྱི་ཆོས་ཤིག་བསྒྲུབ་ཨེ་ཐུབབལྟ་དགོས། ང་ཚོས་ཉན་རང་ཞིག་རེད་ཟེར་ནས་དམའ་ས་ཞིག་ལ་བཞག་ན་ཡང༌། ཁོ་རང་གིརྒྱུད་ལ་ངེས་འབྱུང་གི་བསམ་པ་སྐྱེས་ཡོད་ལ། ང་ཚོས་ངེས་འབྱུང་གི་བསམ་པ་ཙམ་མ་ཟད་སྐྱེསབུ་ཆུང་ངུ་ཆོས་སྐོར་ཙམ་ཡང་བསྐྱེད་ཐུབ་མེད་པ་རེད། དེས་ན་ངས་མི་འོང་བ་དང་མི་ཐུབ་སྙམནས་སྒྱིད་ལུག་མི་བྱེད་པར་རང་རང་སོ་སོའི་བློ་དེ་སྦྱངས་ནས་འབད་དགོས། དེ་རིང་འདི་ནསམཚམས་འཇོག་གི་ཡིན། དེ་ནས་ཞེན་པ་བཞི་བྲལ་གྱི་ནང་ནས་ཚེ་འདི་ལ་ཞེན་ན་ཆོས་པ་མིནཞེས་ཚེ་འདི་ལ་ཞེན་པའི་གཉེན་པོ་འཆི་བ་མི་རྟག་པ་རྟོགས་པའི་བློ་དང་འཁོར་བར་ཞེན་ན་ངེས་འབྱུང་མིན་ཞེས་འཁོར་བར་ཞེན་པའི་གཉེན་པོར་འཁོར་བའི་ཉེས་དམིགས་སམ་དེའི་སྐྱོནམཐོང་དགོས་པ་སོགས་བཤད་ཟིན་ནས་སྐབས་འདིར་བདག་དོན་ལ་ཞེན་ན་བྱང་སེམས་མིནཞེས་པ་དེ་འཆད་པར་བྱ། རང་དོན་དང་གཞན་དོན་གཉིས་ཀྱི་ནང་ནས་རང་དོན་ཁོ་ནར་ཞེནན་བྱང་ཆུབ་སེམས་དཔའ་ཡིན་པར་ཆགས་མི་ཐུབ་སྟེ། སྐྱེས་བུ་ཆུང་ངུ་ཡིན་ན་ཚེ་འདི་ལ་མི་ཞེནཔར་གཙོ་བོ་ཕྱི་མ་དོན་དུ་གཉེར་མཁན་ཞིག་ཡིན་པ་དང༌། སྐྱེས་བུ་འབྲིང་ནི་ཚེ་འདི་ལ་མི་ཞེནཔར་མ་ཟད། ཐར་བ་གཙོ་བོར་དོན་དུ་གཉེར་ཞིང༌། སྐྱེས་བུ་ཆེན་པོ་ནི་ཚེ་འདི་ལ་མི་ཞེན་པརསེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པ་ལ་འབད་བརྩོན་བྱེད་མཁན་ཞིག་ཡིན་པ་རེད། རྗེཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ། །ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། །རྣམ་དག་ལམ་གསུམ་ཐོབ་པར་བྱིན་གྱིས་རློབས། །ཞེས་གསུངས་པ་དང་དེ་རིང་འདིར་བདགདོན་ལ་ཞེན་ན་བྱང་སེམས་མིན་ཞེས་པ་གཉིས་གནད་གཅིག་པ་རེད། དེ་ཡང་ཇོ་བོ་རྗེ་དཔལལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སྐྱེས་བུ་ཆེན་པོ་བསྟན་ཞིང༌། རང་རྒྱུད་ཀྱི་སྡུག་བསྔལ་གྱིས་མཚོན་ནསགཞན་གྱི་སྡུག་བསྔལ་ལ་སོགས་པ་བསལ་འདོད་ཀྱི་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་རྒྱུད་ལབསྐྱེད་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དེ་བདག་གིས་བསྒྲལ་བར་བྱའོ། །ཐོག་མར་རང་ཉིད་ལ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་བསྐྱེད་པར་བྱས་ནས་སེམས་ཅནགཞན་གྱི་དོན་བསྒྲུབ་དགོས་པ་རེད་མ་གཏོགས་ད་ལྟ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབཐུབ་ཀི་མ་རེད། དེས་ན་ཁྱེད་རྣམ་པ་སོ་སོས་ཁ་ཡོད་ལག་ཡོད་ཀྱིས་བྱ་བ་བསྒྲུབ་ཐུབ་རྒྱུ། རངགི་ཉེ་འཁོར། འཁོར་གཡོག་ཐམས་ཅད་ཀྱི་བྱ་བ་བསྒྲུབ་ཐུབ་པ་དག་ངེས་པར་བསྒྲུབ་དགོསཤིང༌། དེ་ཡང་དམ་བཅའ་བ་ཙམ་མ་ཡིན་པར་དངོས་སུ་ལག་ལེན་གྱི་སྟེང་ནས་བསྒྲུབ་དགོསཔ་རེད། ཡིན་ན་ཡང༌། ད་ལྟ་ཉིད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དངོས་སུ་བསྒྲུབ་དགོསཟེར་ན་སྟོང་བསམ་ལྟ་བུ་ལས་མེད་ན་ཡང༌། ད་ལྟ་ཉིད་ནས་མ་འོངས་པ་ན་སེམས་ཅན་ཐམསཅད་ཀྱི་དོན་བསྒྲུབ་དགོས་སྙམ་ན་མ་འོངས་པ་ན་དེ་བསྒྲུབ་ཐུབ་པ་ཞིག་རེད། དེ་ཇི་ལྟར་ཐུབཅེ་ན། རང་ཉིད་ཀྱིས་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང༌། རྫོགས་པའི་སངས་རྒྱས་ཀྱི་གོའཕང་རིན་པོ་ཆེ་ཐོབ་ནས་འཁོར་བ་མ་སྟོང་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོའབད་མེད་ལྷུན་འགྲུབ་ཏུ་བྱེད་ཐུབ་པ་ཞིག་འོང་ཐུབ་ཅིང༌། དེ་མི་སྲིད་པ་ཞིག་དང་རི་བོང་རྭ་ལྟ་བུ་ཞིག་མིན་ལ། དེའི་རྒྱུ་མཚན་གྱིས། སྤྱིར་བཏང་མ་འོངས་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་ཐུབ་པ་ཡིན་ཡང༌། ཚེ་འདི་ལྟ་བུའི་རྟེན་ལ་དངོས་སུ་ད་ལྟ་སེམས་ཅན་ཐམས་ཅདཀྱི་དོན་བསྒྲུབ་དགོས་ཟེར་ན་དཀའ་མོ་ཆགས་ཡོད་པས་ན་རང་རང་སོ་སོས་ད་ལྟ་མི་གཅིག་གི་དོན་བསྒྲུབ་ཐུབ་ན་དེ་བསྒྲུབ། རང་རྒྱུད་ཀྱི་ལུང་རྟོགས་ཀྱི་བསྟན་པ་ལ་གཅེས་སྤྲས་བྱེད་པའིསྒང་ནས་བསྟན་པ་འདིའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱིས་འབད་བརྩོན་བྱེད་དགོས་ལ། འདིའིསྐབས་ལ་ཡང་བདག་དོན་ལ་ཞེན་ན་བྱང་སེམས་མིན་ཞེས་གསུངས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་དོན་ཡལ་བར་དོར་ནས་གཞན་དོན་ཁོ་ན་དོན་དུ་གཉེར་དགོས་པར་གསུངས་པ་ཡིན་ལ། དེ་ཡང་གཙོ་བོ་ཐོག་མེད་ནས་གོམས་པའི་རང་གཅེས་འཛིན་གྱི་དབང་གིས་ང་ཚོ་འཁོར་བ་ཐོག་མ་མེད་པ་ནས་ད་བར་དུ་འཁོར་བར་འཁྱམས་སོང་བ་རེད། མ་རིགཔའི་དབང་གིས་བདག་འཛིན་བྱུང༌། བདག་འཛིན་གྱི་དབང་གིས་བདག་གཅེས་པར་འཛིནཔ་བྱུང༌། དེའི་དབང་གིས་བདག་དོན་སྣ་ཚོགས་ལ་ཞེན། དེའི་དབང་གིས་ཉོན་མོངས་པ་འདོདཆགས་ཞེ་སྡང་གཏི་མུག་སོགས་ཀྱི་ལས་སྣ་ཚོགས་བསགས་ཏེ། འཁོར་བར་འཁོར་སོང་བ་རེད། དེའི་རྒྱུ་མཚན་གྱིས་བློ་སྦྱོང་དོན་བདུན་མ་སོགས་ཀྱི་སྐབས་སུ།ལེ་ལན་ཐམས་ཅད་གཅིག་ལབདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས་པ་ལྟར་ཐོག་པ་མེད་པ་ནས་ད་བར་དུ་འཁོར་བ་འཁོར་དུ་འཇུག་མཁན་ནི་བདག་གཅེས་འཛིན་དེ་ཆགས་ཡོད་ལ། དེས་ན་ལེ་ལན་ཐམས་ཅད་བདག་གཅེས་འཛིན་ལན་སོང་བ་ཡིན་པ་ལས་རང་ཉིད་ལ་གནོད་བྱེད་ཀྱིདགྲ་བགེགས་ནད་ལ་སོགས་པ་འདི་དག་རང་གི་སྡིག་པ་སྦྱོང་མཁན་ཡིན་པས་བཀའ་དྲིན་ཆེ་སྙམ་དུ་བསྒོམ་དགོས་པ་རེད། དེ་ནང་བཞིན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་དོན་ཡལ་བར་དོར་ནས་གཞན་དོན་བསྒྲུབ་པ་རེད་དེ། རང་དོན་སྤངས་རྟོགས་མཐར་ཕྱིནསོང་བ་རེད། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་བདག་ཁོ་ནའི་དོན་བྱས་ནས་གཞན་དོན་མི་འགྲུབཔར་མ་ཟད། རང་དོན་ཡང་མ་འགྲུབ་པ་རེད། དེས་ན་རྣམ་པ་ཐམས་ཅད་ཀྱིས་ཀྱང་གཙོ་བོ་བདགདོན་ལ་མི་སྤྱོད་པར་གཞན་ཕན་གྱི་སེམས་རེ་བསྐྱེད་པར་བྱ་དགོས། དེ་ནས་བདག་དོན་ལ་ཞེནཔའི་གཉེན་པོ་གང་རེད་ཅེ་ན། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་གཉེརགྱི་བློ་སྟེ། སེམས་བསྐྱེད་རྒྱུད་ལ་བསྐྱེད་པར་བྱ་དགོས་པ་རེད། སེམས་བསྐྱེད་རྒྱུད་ལ་སྐྱེ་བ་ལབདག་གཞན་མཉམ་བརྗེའི་སྒོ་ནས་སྐྱེ་ཚུལ་དང༌། རྒྱུ་འབྲས་མན་ངག་བདུན་གྱིས་སེམས་བསྐྱེདཚུལ་ལ་སོགས་པ་མང་པོ་ཞིག་གསུངས་ཡོད་ལ། དང་པོ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་རིམ་བཞིན་དུ་བསྒོམ་དགོས་པར་རྗེ་ཏཱ་ར་ནཱ་ཐས་ལམ་རིམ་བདུད་རྩིའི་ཉིང་ཁུའིསྐབས་སུ་གསུངས་པ་དང༌། རྗེ་བདག་ཉིད་ཆེན་པོས།ལམ་རིམ་ཆེན་མོ་སོགས་ཀྱི་སྐབས་སུཡང་དེ་ལྟར་བསྒོམ་དགོས་པར་བསྟན་ཡོད། དེས་ན་སྐབས་སུ་བབ་པ་ཞེན་པ་བཞི་བྲལ་གྱི་འགྲེལ་བ་མང་ཆེ་བར་བདག་དོན་ལ་ཞེན་ན་བྱང་སེམས་མིན་ཞེས་པའི་བདག་དོན་ལ་ཞེན་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པར་གསུངས་ཤིང༌། བྱང་ཆུབ་ཀྱི་སེམསདེ་ནི་བྱམས་པ་དང་སྙིང་རྗེ་སོགས་བསྒོམས་ནས་རང་རྒྱུད་ལ་བསྐྱེད་པར་བྱེད་དགོས། དང་པོ་བྱམས་པ་བསྒོམ་པ་ལ་ནི་མར་ཤེས་པ། དྲིན་དྲན་པའི་སྒོ་ནས་བྱམས་པ་བསྒོམ་དགོས་ལ། དང་པོ་ད་ལྟའི་མ་ལྟ་བུ་ལ་མཚོན་ན་རང་གིས་བསམ་བློ་ཞིབ་མོའི་སྒོ་ནས་བསམ་གཞིག་གནངན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རང་ཉིད་དྲིན་ཆེན་པོས་བསྐྱངས་པ་ཤེས་ཐུབ་ཅིང༌། དེསམཚོན་ནས་རང་གི་ད་ལྟའི་ཕ་མར་གྱུར་པ་ནང་བཞིན་དུ་སེམས་ཅན་རེ་རེ་ཕ་མར་གྱུར་བ་ནི་གྲངས་ལས་འདས་པ་ཞིག་དང་མཐའ་ལས་འདས་པ་ཞིག་ཡིན་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིགས་གུ་ཙམ། །རི་ལུར་བགྲངསཀྱང་ས་ཡིས་ལངས་མི་འགྱུར། །ཞེས་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། སེམསཅན་གཅིག་གིས་མ་བྱས་ཏེ། །ནུ་ཞོ་བྱིན་པ་གང་ཡིན་པ། །རྒྱ་མཚོ་བཞི་ལའང་དེ་ཙམ་མེད། །སེམས་ཅན་གཅིག་གིས་ཕ་བྱས་ཏེ། །རྟ་དང་གླང་པོ་བྱིན་པ་གང༌། །ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ། །ཞེས་གསུངས་པ་རེད། གོང་ནས་མར་ཤེས་པ་དང་དྲིན་དྲན་པ་ཞེས་པ་ལྟརདང་པོ་སེམས་ཅན་ཐམས་ཅད་མར་གྱུར་པ་ཡིན་པ་དང༌། མར་གྱུར་བ་མ་ཟད། སེམས་ཅནརེ་རེས་མར་བྱས་པ་དེ་གྲངས་མེད་པ་ཡིན་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ས་ཡིརྡུལ་ཆེན་པོ་འདི་རིལ་བུར་གྲངས་བྱས་ཀྱང༌། ས་ཡི་གྲངས་ཀྱིས་མི་འདང་གསུངས་པ་ལྟར་སེམསཅན་རེ་རེས་མར་བྱས་པ་གྲངས་མེད་ཡིན་ལ། སྐྱེ་བ་ཐོག་མ་མེད་པ་ཡིན་པས་སེམས་ཅན་རེརེའི་ཕ་མར་བྱས་པ་ནི་གྲངས་མེད་དང་མཐའ་མེད་པ་ཞིག་ཡིན་ཏེ། གལ་སྲིད་སེམས་ཅན་གྱིམར་བྱས་པའི་གྲངས་ལ་མཐའ་བཟུང་ན་འཁོར་བ་ལ་མཐའ་ཡོད་པར་གྱུར་བས་ན་སེམས་ཅནཐམས་ཅད་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་པར་ཤེས་དགོས། གཉིས་པ་དྲིན་དྲན་པ་ནི། མ་བྱས་ཐེངས་རེར་ཕན་ཚད་མེད་པ་རང་ལ་བཏགས་ཏེ། དེའང་མངལ་དུ་ཆགས་ནས་ཟླ་བ་དགུའམ་བཅུའི་བར་དུ་ལུས་ལྕི་བ་དང༌། ངལ་བ་དང༌། བཙས་པའི་དུས་སུ་རང་གི་ལུས་སེམསའབྲལ་བ་ལ་ཐུག་པའི་སྡུག་བསྔལ་བྱུང་ཡང་བཟོད་པར་བྱས། སྐྱེས་ནས་བརྡ་དོན་མི་ཤེས་ཤིང༌། ཅི་ཡང་མི་ནུས་པ་རལ་ཁའི་འབུ་ལྟ་བུར་ཡོད་པ་ལ་མ་དེས་བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། ཟས་ཞིམ་པ་ལྕེས་བསྙོད། མི་གཙང་བ་ལག་པས་ཕྱིས། སོར་མོབཅུའི་ཁ་ལ་བླངས། ཟས་གོས་ལ་སོགས་པ་ཅི་ནུས་སུ་སྦྱར། གནོད་པ་མཐའ་དག་བསལ། ཆེརསྐྱེས་ནས་རང་གི་སྲོག་དང་བསྡོས་པའི་ནོར་གཅེས་པ་བྱིན། འབྲི་ཀློག་ལ་སོགས་པ་བསླབ་བྱའིརིགས་ཀུན་བསླབས། མདོར་ན་རང་གི་དྲིན་ཆེན་གྱི་ཕ་མ་དེས་ཕན་བཏགས་ཤིང་གནོད་པཀུན་ལས་བསྐྱབས་པ་སོགས་དྲིན་ཆེ་བ་བསམ་གཞིག་གནང་ན་ཤེས་ཐུབ་པ་ཞིག་རེད། དེསན་མ་རྒན་སེམས་ཅན་ཀུན་གྱི་དྲིན་ནི་དྲན་དགོས་ལ། ཁ་ཅིག་གིས་ལོག་རྟོག་གི་དབང་གིསམར་གྱུར་བ་གྲངས་མེད་ཡིན་ཡང་དགྲར་གྱུར་བ་ཡང་གྲངས་མེད་ཡིན་ཞེས་ལབ་མཁན་ཡོདན་ཡང༌། ནང་པ་སངས་རྒྱས་པའི་ཆོས་གཞུང་ནས་གནོད་པ་བྱས་པ་གྲངས་མེད་མ་ཡིན་ཞེསབཤད་མེད་ལ། དགྲར་གྱུར་བ་གྲངས་ལས་འདས་པར་འདོད་ཀྱང༌། དགྲར་གྱུར་བ་ལ་བསམབློ་བཏང་ན་ཁེ་ཕན་དང་དགོས་པ་གང་ཡང་མེད་པས། རང་གཞན་ལ་གནོད་པའི་རྒྱུར་འགྲོབ་མ་གཏོགས་དེ་ལས་གཞན་ཅི་ཡང་ཁེ་ཕན་མེད། དེ་བས་མར་གྱུར་བར་བསམ་བློ་བཏང་ནདྲིན་དྲན་པ་དང་དྲིན་གཟོ་བ་སོགས་དགོས་པ་ཁྱད་པར་ཅན་ཡོད་ལ། འཇིག་རྟེན་མི་ལུགས་དང་ལྷ་ལུགས་གང་ཡིན་ཡང་དགོས་མཁོ་ཅན་ཞིག་ཆགས་ཡོད་པ་རེད་མ་གཏོགས། འདི་དགྲཞིག་རེད་སྙམ་ན་དེ་ལ་ཞེ་སྡང་སྐྱེས། ཁོང་ཁྲོ་སྐྱེས་ན་རང་གིས་ལས་ངན་བསགས། རང་གིསསྡུག་བསྔལ་མྱོང་བ་ཞིག་ལས་འོང་མི་ཐུབ། སྡུག་བསྔལ་ལ་སྦྱོར་བྱེད་ཞིག་གིས་ཕན་ཐོགསཅི་ཡང་མེད། དེས་ན་དྲིན་དྲན་རྒྱུ་དེ་གལ་ཆེན་པོ་རེད། དྲིན་དྲན་པ་ཙམ་གྱིས་མི་ཆོག་པར་མརྒན་དེ་དག་གིས་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་བསྒྲུབ་མི་ཤེས། དེའི་རྒྱུ་བསྒྲུབ་པའིཐབས་ལ་རྨོངས་བས་མ་རྒན་དེ་དག་སྐྱོབས་མཁན་ནི་བུ་དེས་མ་སྐྱོབས་ན་གཞན་སྐྱོབས་མཁནནི་མེད། དཔེར་ན་ཐང་དཀྱིལ་ཞིག་ཏུ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་མིག་མེད། ཐར་བ་དང་ཐམསཅད་མཁྱེན་པའི་གནས་ལ་འགྲོ་བྱེད་ཀྱི་རྐང་བ་ཆད་འདུག་ཡོད་མཁན་སྐྱབས་མེད་མགོན་མེདཀྱི་རང་གི་མ་རྒན་ཞིག་ཡོད་ན་རང་གི་བུ་དེས་མ་སྐྱོབས་ན་གཞན་གང་ཡང་སྐྱོབ་མཁན་མེད་ལ། དེའི་རྒྱུ་མཚན་གྱིས་སེམས་ཅན་དེ་དག་ཐམས་ཅད་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡནཔར་གྱུར་ཅིག འདི་དག་ལ་བདེ་བ་དང་ལྡན་པར་གྱུར་ཅིག འདི་དག་ལ་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་ནས་འདུན་པ་བསྐྱེད་དགོས་པ་དང༌། འདི་དག་ཐམས་ཅད་ལ་བདེ་བ་དང་ལྡནཔར་བདག་གིས་བྱའོ་སྙམ་པའི་སྒོ་ནས་བདག་གིས་ཁུར་དུ་ཁྱེར་བའི་བྱམས་པ་སོགས་བསྒོམདགོས་པ་རེད། སྤྱིར་བྱམས་པ་ཞེས་པ་ནི་སེམས་ཅན་ལ་དམིགས་ནས་བདེ་བ་ལྡན་འདོད་ཀྱིབློ་ཞིག་ལ་བྱ་སྟེ། དཔལ་ལྡན་ཟླ་བ་གྲགས་པས། འགྲོ་ལ་ཕན་པ་ཉེར་བསྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པ་ལྟར་འགྲོ་ལ་ཕན་པ་བསྒྲུབ་འདོད་ཀྱི་བསམ་པ་ཡང་ན་འགྲོ་བ་དག་བདེ་བ་དང་ལྡན་འདོད་ཀྱི་བློ་དེ་ནི་བྱམས་པ་ཡིན་ཞེས་གསུངས་པ་རེད། དེས་ནམ་རྒན་སེམས་ཅན་ཐམས་ཅད་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅིག་ཅེས་བསམདགོས་པ་དང༌། དེའི་སྟེང་ནས་བྱམས་པ་བསྒོམ། བྱམས་པ་དེ་ཐོག་མར་རང་གི་ད་ལྟའི་རྩ་བའིམ་ལ་བསྒོམས། དེ་ནས་རིམ་གྱིས་རིམ་གྱིས་ཉེ་དུ་ཡུལ་འཁོར་སོགས་ལ་བསྒོམ་ནས་དམིགསཔ་རྒྱ་ཇེ་ཆེ་ཇེ་ཆེར་བྱས་ནས་བསྒོམ་པའི་རིམ་པ་ཞིག་ལམ་རིམ་ཁག་ནས་གསུངས་པ་ལྟར།དེ་ལྟ་བུའི་བྱམས་པ་བསྒོམ་སྟོབས་ཀྱིས་སྙིང་རྗེ་ཡང་སྐྱེས་སླ་བ་ཞིག་ཡིན་པ་ལ། སྙིང་རྗེ་ཞེསཔ་ནི་སེམས་ཅན་དག་སྡུག་བསྔལ་དང་བྲལ་འདོད་ཀྱི་བསམ་པ་ཞིག་ཡིན་ལ། དེས་ན་སེམསཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་སྙམ་པའི་འདུན་པ་བསྐྱེད། སེམས་ཅན་ཐམས་ཅདསྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་སྨོན་ལམ་གནང༌། སེམས་ཅན་ཐམས་ཅད་ཀྱི་སྡུགབསྔལ་བདག་གིས་བསྒྲལ་བར་བྱའོ་བསམ་པ་ནི་རྒྱུ་འབྲས་མན་ངག་བདུན་གྱིས་རིམ་པའི་དབངདུ་བྱས་ནས་དྲུག་པ་ལྷག་བསམ་ཟེར་བ་དེ་ཆགས་ཡོད་ཅིང༌། སྤྱིར་སྙིང་རྗེ་ཆེན་པོ་ཟེར་བ་ནི་སེམས་ཅན་ཀུན་སྡུག་བསྔལ་ལས་སྐྱོབས་འདོད་ཅིག་ཡིན་ཏེ། དཔལ་ལྡན་ཟླ་བ་གྲགས་པས། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །སྙིང་རྗེ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཡིན་ཞིང༌། དེའི་རྒྱུ་མཚན་གྱིས་སྡུག་བསྔལ་བྲལ་འདོད་ཀྱི་བློ་དེ་རང་གི་གཉེན་ལ་ཡང་བསྒོམ། དགྲ་གཉེན་བར་མ་ལ་བསྒོམ། དགྲ་ལ་ཡང་བསྒོམ། དེ་ནས་རིམ་པ་བཞིན་དུ་སེམས་ཅན་ཐམསཅད་ལ་དེ་འདྲ་བསྒོམས་ཏེ། བདག་གི་དྲིན་ཆེན་གྱི་མ་རྒན་འདི་དག་སྡུག་བསྔལ་དང་བྲལ། བདེབ་དང་ལྡན་ན་སྙམ་ནས་རང་གི་རྒྱུད་ལ་སྙིང་རྗེ་བསྐྱེད་པར་བྱས། སྡུག་བསྔལ་དང་སྡུག་བསྔལགྱི་རྒྱུ་དང་བྲལ་དགོས་པ་ལ་མ་རྒན་རང་གི་ཆོས་ཀྱི་གནས་ཚུལ་བླང་དོར་དེ་འདྲ་མ་ཤེས་པསདབང་གིས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་ལྡན་འགྲོ་བ་ཡིན་པ་ལ། མ་རྒན་དེ་དགཐམས་ཅད་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱའོ་སྙམ་ནས་སྙིང་རྗེ་ཡང་ནས་ཡང་དུ་བསྒོམས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་དགོས་ཤིང༌། སེམས་བསྐྱེད་ཀྱིརྩ་བ་ནི་སྙིང་རྗེ་ཡིན་ཏེ། དེ་ཡི་རྩ་བ་སྙིང་རྗེ་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་གསུངས་པ་ལྟར་སྙིང་རྗེ་ནི་སེམས་བསྐྱེད་ཀྱི་རྩ་བ་ཡིན་ཞིང༌། སྙིང་རྗེ་བསྒོམས་ནས་བྱངཆུབ་ཀྱི་སེམས་བསྒོམ་དགོས། ཡང་བྱང་ཆུབ་ཀྱི་སེམས་བདག་གཞན་མཉམ་བརྗེའི་བསྒོམ་ཚུལ་ནི། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་དགེ་བས་དེ་ཀུན་བདེ་ཐོབ་ཤོག །ཅེས་གསུངས་པ་ལྟར་བདག་གི་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་སེམས་ཅན་རྣམས་ལ་ཕངས་བ་མེད་པར་གཞན་ལ་བྱིན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡུགབསྔལ་གྱི་རྒྱུ་མི་དགེ་བ་ཐམས་ཅད་རང་གིས་བླངས་ནས་རང་གི་བདག་གཅེས་འཛིན་དེ་བརླགསཔར་བསམ་དགོས་ཏེ། མདོར་ན་ཇོ་བོ་རྗེའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། རང་རྒྱུད་གཏོགསཔའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནསའདོད། །ཅེས་དང༌། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། རང་གིལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པ་སོགས་ཀྱིས་བསམབློ་བཏང་ན་རང་རང་སོ་སོ་ལ་སྡུག་བསྔལ་ཡོད་པ་དེ་བཞིན་དུ་སེམས་ཅན་གཞན་ལ་ཡང་སྡུགབསྔལ་ཡོད་པར་ཧ་གོ་བར་བྱས་ཏེ། སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་དང་བྲལ་ན་སྙམ་པ་དང༌། བྲལ་བར་གྱུར་ཅིག བྲལ་བར་བདག་གིས་བྱའོ་ཞེས་བསྒོམ་དགོས་པ་རེད། དལྟ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་གིས་བསྒྲལ་མི་ནུས་པ་ཡིན་ན་ཡང༌། བདགརྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོག་མར་ཐོབ་པར་བྱས། དེ་ནས་སེམས་ཅན་ཐམས་ཅདཀྱི་སྡུག་བསྔལ་དང་བྲལ། བདེ་བ་མ་ལུས་པ་དང་ལྡན་པར་བྱས་ནས་སེམས་ཅན་ཐམས་ཅདསངས་རྒྱས་ཀྱི་ས་ལ་དགོད་པར་བྱ་སྙམ་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོསལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅེས་གསུངས་པ་ནི་རྒྱལ་ཚབ་བྱམས་པ་མགོན་པོས། བསྟན་བཅོས་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགསཔའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་སེམས་བསྐྱེད་པ་ནི་གཞན་དོན་དུ་ཡང་དག་པརརྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་བློ་ཞིག་ལ་སེམས་བསྐྱེད་ཅེས་གསུངསཔ་ལྟར། དེ་འདྲའི་སེམས་བསྐྱེད་རང་རྒྱུད་ལ་བསྐྱེད་པ་ལ་རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས། རང་གྲོགས་བྱང་ཆུབ་ལ་དམིགས་པའི་བློ་ཞིག་དགོས་ཏེ། དགེ་བ་གང་བྱསཀྱང་ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བར་བྱེད་པ་ལ་སེམས་བསྐྱེད་པ་དེ་ཡོད་ན་དེས་ཆོག མེདན་ཐབས་ཆག ཐེག་པ་ཆེན་པོའི་གཞུང་ཤིང་ལྟ་བུ། ཐེག་པ་ཆེན་པོའི་ཐབས་དང་ཤེས་རབ་གཉིསཀྱི་ནང་ནས་ཐབས་ཡིན་པ། དེས་ན་ཐེག་པ་ཆེན་པོའི་ཆོས་སུ་འགྲོ་མིན་ནི་ཐེག་ཆེན་གྱི་ཐབསལ་རགས་ལས་ཤིང༌། ང་ཚོའི་འཇིག་རྟེན་ན་ཡང༌། རང་ཉིད་རྒྱལ་རིགས་རྗེ་རིགས་སོགས་རིགསགང་ཡིན་མིན་ནི་ཕའི་རིགས་དེད་པ་ལྟ་བུ་རེད།ཕ་རྒྱལ་རིགས་ཡིན་ན་རྒྱལ་རིགས་ཡིན་པརབཞག་པ་ལྟར་ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཅེས་ཐེག་པ་ཆེ་ཆུང་ནི་ཐབས་ཀྱིས་སྒོ་ནས་བཞག་པ་ཡིན་ལ། དེའི་རྒྱུ་མཚན་གྱིས། ཐེག་པ་ཆེན་པོའི་འཇུག་སྒོ་ཡང་སེམས་བསྐྱེད་ཡིན་པ་རེད། དེ་ཡང་བྱང་ཆུབ་སེམས་བསྐྱེད་གྱུར་བའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམསཔའི་ཉམ་ཐག་རྣམས། །བདེ་བཤེགས་རྣམས་ཀྱི་སྲས་ཞེས་རབ་རྗོད་ཅིང༌། །འཇིག་རྟེན་ལྷ་མིརབཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་རྒྱུད་ལ་སྐྱེས་པ་ནས་བཟུང་སྟེ། མིང་ཡང་འཕོ་བ། དོན་ཡང་འཕོ་བ། མིང་འཕོ་བ་ནི་རྒྱལ་བའི་སྲས་བྱང་ཆུབ་སེམསདཔའ་ཞེས་པའི་མིང་ཐོབ་པ་དང༌། དོན་གྱི་སྟེང་ནས་འཇིག་རྟེན་ལྷ་མིར་བཅས་པ་ཀུན་གྱི་ཕྱགབྱ་བའི་འོས་སུ་གྱུར་བ་དང༌། བྱང་ཆུབ་སེམས་རྒྱུད་ལ་སྐྱེས་ན་བདེ་ནས་བདེ་བར་འགྲོ་ཐུབསྟེ། རིན་ཆེན་ཕྲེང་བ་ལས། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུགའགྱུར། །ཞེས་གསུངས་པ་དང༌། ཡང་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་སྐབས་སུ་བྱང་ཆུབ་སེམསསྐད་ཅིག་ཙམ་ལ་དྲན་པ་དང་སྐྱེས་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བྱང་འགྲོ་ཞེས་བྱང་ཆུབསེམས་ལ་ནི་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་པ་དང༌། དེ་ཡང་བྱང་ཆུབ་སེམས་དེས་དམིགསཡུལ་སེམས་ཅན་གྲངས་མེད་པ་ཡིན་པས་དེའི་སེམས་ཅན་རེ་རེ་ལ་བརྟེན་ནས་དགེ་བའི་རྩ་བ་རེ་རེ་འབྱུང་བ། སེམས་ཅན་ཐམས་ཅད་ལ་དམིགས་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངཐོབ་པར་འདོད་པ་ཡིན་ན་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པ་ཡིནཔས། བསམ་མི་ཁྱབ་པའི་ཡོན་ཏན་དེ་ལ་དམིགས་ནས་སེམས་བསྐྱེད་པར་བྱས་པ་ཡིན་ནཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པར་འབྱུང་བ་རེད། དེའི་རྒྱུ་མཚན་གྱིས། ནམ་རྒྱུན་ཐོསབསམ་སྒོམ་གསུམ་གང་གིས་སྐབས་ཡིན་ན་ཡང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་བརྗེདམི་རུང་བར་གལ་ཆེན་པོ་ཡིན་པ་ཤེས་དགོས། དེས་ན་འདིར་བདག་དོན་ལ་ཞེན་ན་བྱང་སེམསམིན་ཞེས་པའི་དོན་དེ་ཤེས་པར་བྱས་ནས་བདག་དོན་ལ་ཞེན་པའི་གཉེན་པོར་བྱང་ཆུབ་ཀྱི་སེམསའདི་ངེས་པར་བསྒོམ་དགོས་ལ། བྱང་ཆུབ་ཀྱི་སེམས་དེ་རྒྱུ་འབྲས་མན་ངག་བདུན་ནམ་བྱམསཔ་དང་སྙིང་རྗེས་རྒྱུ་བྱས་ནས་རྒྱུད་ལ་བསྐྱེད་པར་བྱེད་དགོས་པ་དེ་ཡང་ནས་ཡང་དུ་དྲན་པསབཟུང་ནས་བསྐྱེད་དགོས་པ་རེད་ཅེས་ཞུས་པ་ཡིན། དེ་རིང་འདི་ནས་མཚམས་འཇོག་གི་ཡིནལགས། དེ་ནས་ཁ་སང་ཞེན་པ་བཞི་བྲལ་གྱི་ནང་ནས་བདག་དོན་ལ་ཞེན་ན་བྱང་སེམས་མིནཞེས་པ་དེ་བཤད་ཚར་ནས་དེ་རིང་ཡིན་ན། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་པའི་གདམསངག་དེ་འཆད་ཀི་ཡིན། འཛིན་པ་བྱུང་ན་ལྟ་བ་མིན་ཞེས་པའི་འཛིན་པའི་གཙོ་བོ་དེ་ནི་གང་ཟགགི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་སོགས་ལ་བྱེད་ཅིང༌། ཆོས་ཀྱི་བདག་མེད་ལ་མཉམཔར་བཞག་པའི་སྐབས་འགག་བྱ་གཙོ་བོ་ནི་ཆོས་ཀྱི་བདག་འཛིན་ཡིན་པ་དང༌། འགོག་ཚུལདེ་ཡང་ཞེན་ཡུལ་སུན་བྱུང་བའི་སྒོ་ནས་འགོག་དགོས་ཤིང༌། ཞེན་ཡུལ་སུན་བྱུང་བའི་སྒོ་ནསའགོག་པ་ལ་གཅིག་དུ་བྲལ་གྱི་རིགས་པ་དང་མཐའ་བཞི་སྐྱེ་འགོག་དང་རྟེན་འབྲེལ་གྱི་རིགསཔ་སོགས་ལ་བརྟེན་ནས་བཀག་དགོས་པ་རེད། སྤྱིའི་ཆ་ནས་འཛིན་པ་བྱུང་ན་ལྟ་བ་མིན་ཞེསགསུངས་པ་ནི་འཛིན་པ་བྱུང་ན་མཚན་འཛིན་དེའི་དབང་གིས་བདག་འཛིན་བྱུང་ལ། བདགའཛིན་ནི་འཁོར་བའི་རྩ་བ་ཡིན་པས་དེ་མ་སྤངས་བར་འཁོར་བ་ལས་གྲོལ་སྟེ་ཐམས་ཅད་མཁྱེནཔ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པས་འཛིན་པའི་གཉེན་པོ་འཛིན་པ་མེདཔའི་ལྟ་བ་ཞིག་བསྒོམ་དགོས་པར་བསྟན་པ་རེད། འཛིན་པ་མེད་པའི་ལྟ་བ་བསྒོམ་ཚུལ་ནི་སསྐྱའི་གཞུང་ལུགས་ཁག་གི་ནང་ལ་གསུངས་པ་ན། ལྟ་བ་གཏན་ལ་ཕབས་པ་དང༌། སྒྱུ་མ་གཏནལ་ཕབས་པ། ཟུང་འཇུག་གཏན་ལ་ཕབས་པ་བཅས་ཁ་ཤས་བཤད་ཅིང༌། དེའི་ནང་གི་ལྟ་བགཏན་ལ་ཕབས་པ་ན་ཡོད་པའི་མཐའ་དང་མེད་པའི་མཐའ་མཐའ་དག་དང་བྲལ་བའི་མཐའབྲལ་དབུ་མ་ཆེན་པོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ལྟ་བ་ཞིག་གཏན་ལ་ཕབས་པ་ཡིན་ལ། གཉིས་པ་སྒྱུ་མ་གཏན་ལ་ཕབས་ཚུལ་ནི་ཆོས་ཐམས་ཅད་སྒྲ་རྟོག་ལ་སྣང་ཀྱང༌། སྣང་བ་ལྟརབདེན་པར་མ་གྲུབ་པའི་ཆ་ནས་བདེན་སྟོང་སྒྱུ་མ་གཏན་ལ་ཕབས་པ་རེད། རང་གི་ངོ་བོ་སྤྲོསཔ་མཐའ་དག་དང་བྲལ་ཞིང༌། རང་གི་ངོ་བོ་གསལ་སྟོང་ཟུང་དུ་འཇུག་པའི་ཆ་ནས་གསལ་སྟོངའཛིན་མེད་ཀྱི་རིག་པ་ངོས་ཟིན་པར་བྱ་དགོས། སྤྱིའི་ཆ་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེསན་ཡང་འཛིན་པ་དང་དངོས་འཛིན་བཟློག་མ་ཐུབ་ན་རྟག་ཆད་ཀྱི་མཐར་ལྟུང་ནས་གྲོལ་བ་རྫོགསཔའི་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་ལ། དེའི་རྒྱུ་མཚན་གྱིས་དངོས་པོ་དང་མཚན་མར་འཛིན་པའི་གཉེན་པོར་ཞི་གནས་དང་ལྷག་མཐོང་གཉིས་བསྒོམ་དགོས་ཞེས་ཞེན་པ་བཞི་བྲལགྱི་འགྲེལ་བ་ཁག་ན་གསུངས་འདུག རྒྱལ་ཚབ་བྱམས་པ་མགོན་པོས། ཡང་དག་གནས་པ་ལབརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དག་ལ་ལྷག་མཐོང་མཐོང༌། །ཞེས་གསུངས་པ་ལྟར་ཞི་ལྷག་བསྒོམ་པའི་གནས་ནི་གནས་དབེན་ཅིང་ཉམས་དགའ་བ། གཞན་གྱིས་གནོད་ཅིང་འཚེ་བ་མེད་པའི་ཆོས་མཐུན་གྱིགནས།སྐྱེ་བོ་ཀུན་གྱི་འགྲིམ་འགྲུལ་དང་ནགས་གཅོད་པ་སོགས་དེ་འདྲ་མེད་པའི་དབེན་པའིབདེ་བའི་གནས་ཤིག་ལ་ཞི་ལྷག་གཉིས་བསྒོམ་དགོས་ཤིང༌། ཞི་གནས་སྒོམ་པའི་སྐབས་ལརྣམ་སྣང་ཆོས་བདུན་གྱི་ཕྱག་རྒྱ་མཛད། དམིགས་རྟེན་སྐུ་གཟུགས་སོགས་ཅི་རིགས་ལ་དམིགསནས་ཞི་གནས་བསྒྲུབ་དགོས། ལྷག་མཐོང་སྒྲུབ་པའི་སྐབས་ལ་བདེན་སྟོང་སྒྱུ་མ་ལྟ་བུར་བསྒོམསནས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སོགས་རིམ་པ་བཞིན་དུ་བསྒོམས་ཏེ། སྐབས་ཀུནཏུ་ཡིན་ན་ཡང་དབུ་མ་པའི་ལུགས་ལ་མཐའ་གཉིས་དང་བྲལ་བའི་གཙོ་བོ་ལྷག་མཐོང་ཕྱོགསལ་གསལ་ཆ་ངར་ཤུགས་བསྐྱེད་ནས་བསྒོམ་དགོས་པ་དང༌། དེ་ཡང་ཞི་གནས་ཀྱི་སྒོམ་ནི་གཙོབོ་ཏིང་ངེ་འཛིན་གྱི་གནས་ཆ་ལ་གསུངས་པ་དང༌། ལྷག་མཐོང་གི་སྒོམ་ནི་གཙོ་བོ་དཔྱད་སྟོབསཀྱིས་དྲངས་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེའི་ཆ་ནས་གསུངས་པ་ཡིན་ལ། དེ་ཡངའཇོག་སྒོམ་གྱི་དབང་དུ་བྱས་ན་ཡང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་གསལ་ཆ་ཤུགསཆེ་བ་དེའི་སྒོ་ནས་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་བྱས་ནས་ངེས་པར་བསྒོམ་དགོས། མཐའ་བྲལ་བསྒོམ་ཚུལ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཡོད་ཅེས་བྱ་བ་རྟག་པརལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མིབྱའོ། །ཅེས་གསུངས་པ་ལྟར་ཡོད་མེད་ཀྱི་མཐའ་མཐའ་དག་དང་བྲལ་བའི་སྒོ་ནས་འཇོག་དགོསཞེས་གསུངས་པ་ལྟར་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལྟ་བུར་མཚོན་ན་ཡང་མཉམ་བཞག་ལ་གནས་པའི་སྐབས་དེར་ཡོད་པ་དང་མེད་པའི་མཐའ་དག་དང་བྲལ་བའི་སྒོ་ནས་རྟོགམེད་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པར་འདོད་སྟེ། ཀུན་མཁྱེན་དོལ་པོ་པ་ཤེས་རབརྒྱལ་མཚན་དཔལ་བཟང་བོས་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཀྱི་སྐབས་སུ་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པར་གསུངས་ཡོད། དེ་ནང་བཞིན་ས་ཆེན་ཀུན་དགའ་སྙིངབོས་རྣམ་པར་རྟོག་པ་ཡེ་ཤེས་ཀྱི་དབང་དུ་གྱུར་ན་འཁོར་བ་མེད་དོ། །ཡེ་ཤེས་ཀྱི་རྣམ་པ་དེ་རྣམ་པར་རྟོག་པའི་དབང་དུ་གྱུར་ན་འཁོར་བ་ལས་གྲོལ་བ་མེད་དོ། །དེའི་རྒྱུ་མཚན་གྱིས་རྟོགཔ་འཛིན་པ་དག་གི་དབང་དུ་མི་འགྲོ་བར་རྟོག་པ་འཛིན་མེད་ཀྱི་སྤྲོས་བྲལ་ཡེ་ཤེས་བསྒོམ་དགོསཞེས་གསུངས་པ་དང༌། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཉམས་དབྱངས་ཆེན་མོ་ལས། དབུམ་སེམས་ཙམ་ལ་སོགས་པ། །ཚིག་ཏུ་བརྗོད་པ་སྤྲོས་པ་ཡིན། །ཞེས་ཚིག་ཏུ་བརྗོད་ནས་ཕརབཤད་པ་མཐའ་དག་སྤྲོས་པ་དང་བཅས་པ་ཡིན་པ་དང༌། ཡིད་ལ་སེམས་པ་ཐམས་ཅད་རྣམརྟོག་ཡིན་པས་རང་བཞིན་བྱར་མེད་སེམས་ཀྱི་ངང་དུ་མཉམ་པར་བཞག་ནས་བསྒོམ་དགོས་པ་དང༌། བསམ་མེད་སེམས་ཀྱི་སེམས་ལ་བལྟ་བ་དང༌། མཐོང་རྒྱུ་བྱུང་ན་སེམས་ཀྱི་གནས་ལུགསམ་ཡིན་པ། མཐོང་མེད་མཐོང་བ་མེད་ན་སེམས་ཉིད་སེམས་ཀྱི་གནས་ལུགས་མཐོང་ཐུབ་ཅེསདང༌།གྲུབ་ཆེན་ས་ར་ཧ་པས་མ་གཡེང་སེམས་ཀྱིས་སེམས་ལ་ལྟོས། །ཞེས་གསུངས་པ་ལྟར་ང་ཚོའི་སེམས་དག་ཐོག་མེད་ནས་ཕྱི་རོལ་གྱི་གཟུགས་སོགས་ལ་གཡེང་ནས་རྣམ་རྟོག་སོགསངོས་མ་ཟིན་པ་རེད། ཡིན་ན་ཡང༌། རྣམ་རྟོག་ངོས་ཟིན་པར་བྱས་ནས་སེམས་མི་གཡེང་བརསེམས་ཀྱི་རང་བཞིན་ལ་སེམས་ཀྱིས་བལྟས་པ་ཡིན་ན་སེམས་ཀྱི་རང་བཞིན་འོད་གསལ་བའིཡེ་ཤེས་ཟུང་འཇུག་གི་ལྟ་བ་མཐོང་ཐུབ་ཅིང༌། མ་རྙེད་པ་ནི་རྙེད་པའི་མཆོག་ཅེས་གསུངས་པདང༌། སེམས་ཀྱིས་སེམས་ལ་བལྟས་ན་སེམས་ཀྱི་རྣམ་རྟོག་ཐམས་ཅད་རང་ཞི་བྱས་ནས་རངགྲོལ་གྱི་ལྟ་བའམ་རྣམ་རྟོག་ཐམས་ཅད་རང་གྲོལ་དུ་སྤྲོས་པ་ཀུན་བྲལ་གྱི་གནས་ལུགས་དེ་མཐོངངམ་རྟོགས་ཐུབ་པ་རེད། སྤྱིར་ས་སྐྱ་གོང་མ་རྣམ་ལྔ་དེ་དག་གི་གསུངས་ཚུལ་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་ཕབ་པའི་སྐབས་ལ་སྤྲོས་བྲལ་གནས་ལུགས་དེ་སྤྲོས་པ་ཐམསཅད་དང་བྲལ་བའི་སྤྲོས་བྲལ་གྱི་ངོར་གཏན་ལ་ཕབས། ཡིན་ན་ཡང༌། གཙོ་བོ་གསལ་སྟོང་ཟུངའཇུག་སྒོམ་སྐབས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བའི་འོད་གསལ་བའི་སེམས་སམ་འཛིན་མེདའཛིན་པ་ཀུན་དང་བྲལ་བའི་ཕྱག་ཆེན་གྱི་འོད་གསལ་བའི་ཡེ་ཤེས་གཙོ་བོར་བསྒོམས་པ་རེད། དེ་ཡང་འོད་གསལ་བའི་ཡེ་ཤེས་སམ་གསལ་སྟོང་ཟུང་འཇུག་གི་ལྟ་བ་མཐར་ཐུག་ནི་སངསརྒྱས་དང་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་ཡིན་པར་གསལ་ཁ་བྱས་ནས་གསུངས་མི་འདུག ཡིན་ན་ཡང༌། ལྟ་བ་མཐར་ཐུག་དེ་སྔགས་དང་སྦྱར་ན་གསལ་སྟོང་ཟུང་འཇུག་ཡིན་པརབཤད་པར་སྣང༌། དེས་ན་རྣམ་པ་ཚང་མས་ལྟ་བ་དེ་ནམ་རྒྱུན་གང་སྣང་ཐམས་ཅད་བདེན་སྟོངསྒྱུ་མ་ལྟ་བུར་བསྒོམ་དགོས་པ། འགྲོ་འཆག་ཉལ་འདུག་སྐབས་ཀུན་ཏུ་ཡང་ཕྱིའི་གཟུགས་སྒྲདྲི་རོ་རེག་བྱ་ལ་སོགས་པ་བདེན་སྟོང་སྒྱུ་མ་ལྟ་བུར་བསྒོམ་པ་དང༌། ནང་སེམས་དྲན་པས་ཟིནཔར་བྱས་ནས་མི་གཡེང་བར་སེམས་ཀྱིས་སེམས་ལ་བལྟས་ནས་སེམས་ཀྱི་རྣམ་རྟོག་ངོས་ཟིན་པར་བྱས། རྣམ་རྟོག་ངོས་ཟིན་པར་བྱས་ནས་རྣམ་རྟོག་འཕྲོ་ན་ཡང་མ་བཅོས་པར་བཞགན་སེམས་ཀྱི་རྣམ་རྟོག་ནི་སེམས་ཀྱི་ཆོ་འཕྲུལ་ཡིན་པས་སེམས་ཉིད་རང་གི་ངང་དུ་བཞག་ན་རྣམ་རྟོག་དེ་དག་ལས་གྲོལ་འགྲོ་བ། རྗེ་མི་ལས། རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམསཉིད་རང་གི་ངང་དུ་ཞོག །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །རྒྱ་མཚོ་རང་གི་ངང་དུ་ཞོག །རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །རི་བོ་རང་གི་ངང་དུ་ཞོག །ཞེས་གསུངས་པ་ནང་བཞིན་སེམསཀྱི་རྣམ་རྟོག་དག་ངོས་ཟིན་པ་ཡིན་ན་རྣམ་རྟོག་རང་གྲོལ་དུ་འགྲོ་བ་དང༌། སེམས་ཀྱི་རང་བཞིནའོད་གསལ་སྤྲོས་བྲལ་དེ་མཉམ་བཞག་སོགས་ཀྱི་སྐབས་སུ་རྒྱུན་པར་བསྒོམས་ནས་དྲན་ཤེསབསྟེན་རྒྱུ་གལ་ཆེན་པོ་རེད། འདིར་འཛིན་པ་བྱུང་ན་ལྟ་བ་མིན་ཞེས་གསུངས་པས་ཆོས་ཀྱི་བདགའཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀྱི་དབང་དུ་འགྲོ་བར་མི་བྱེད་རྒྱུ་གལ་ཆེན་པོ་དང༌། གང་ཟག་གི་བདག་འཛིན་དང་འཇིག་ལྟ་ཞེས་པ་ནི། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞནདུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དག་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བ་འགྱུར། །ཞེས་གསུངས་པ་ལྟར་ཉེས་པ་ཐམས་ཅད་ཀྱི་རྩ་བ་ནི་གང་ཟག་གི་བདག་འཛིན་ཡིན་པ་དང༌། གང་ཟག་གི་བདག་ཏུ་འཛིན་པའི་འཛིན་པ་ཡོད་པདེ་སྲིད་དུ་འཁོར་བ་ལས་གྲོལ་བར་མི་འགྱུར། དེས་ན་དེའི་གཉེན་པོ་བདག་ཏུ་འཛིན་པ་མེདཔའི་བདག་མེད་རྟོགས་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱ་དགོས་པ་རེད། དཔལ་ལྡན་ཟླ་བགྲགས་པའི་དབུ་མ་འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལསབྱུང་བ་བློ་ཡིས་མཐོང་གྱུར་ཞིང༌། །ཞེས་གསུངས་པ་ལྟར་ཉོན་མོངས་སྐྱོན་རྣམས་མ་ལུས་པ་ཐམས་ཅད་མདོར་ན་འཇིག་ཚོགས་ཀྱི་ལྟ་བ་ལས་བྱུང་བ་ཡིན་པས་ན་འཇིག་ཚོགས་ལ་ལྟ་བའིབདག་ཏུ་གྲུབ་བར་འཛིན་པའི་འཛིན་པ་དེའི་ཞེན་ཡུལ་མེད་པར་རྟོགས་པར་བྱས་ནས་ཞེན་ཡུལ་སུན་བྱུང་ནས་ཆོས་ཀྱི་གནས་ཚུལ་གཏན་ལ་ཕབ་ནས་བསྒོམ་དགོས་ལ། སྤྱིར་ནང་བ་སངས་རྒྱས་པའི་ལམ་གྱི་དབང་དུ་བྱས་ན་དད་པ་སྔོན་དུ་འགྲོ་རྒྱུ་གལ་ཆེན་པོ་ཡིན་ཏེ། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །ཅེསགསུངས་པ་རེད་དེ། འཁོར་བའི་རྩ་བ་གཅོད་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ངེས་པརབསྐྱེད་དགོས་པ་དེ་ཡང༌། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པ་དང༌། བསྟན་བཅོས་རྒྱུད་བླ་མ་ལས། བདག་སྲེད་མ་ལུས་ཤེས་རབ་ཀྱིསབཅད་དེ། །ཞེས་གསུངས་པ་ལྟར་བདག་ལ་སྲེད་པའི་སྲེད་པ་མ་ལུས་པ་ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་གཅད་དགོས་པ་རེད། ད་ཐེངས་འདིར་ས་སྐྱའི་ཞེན་པ་བཞི་བྲལ་མདོར་བསྡུས་ཤིག་ཞུས་པ་ཡིན། ས་སྐྱའི་ཞེན་པ་བཞི་བྲལ་ཟེར་ནའང་འདྲ། ཇོ་བོ་རྗེ་དཔལལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་རིམ་ཆེན་མོ། རི་བོ་དགེ་ལྡན་པའི་རྗེ་བདག་ཉིད་ཆེན་པོས་མཛདཔའི་བྱང་ཆུབ་ལམ་གྱི་སྒྲོན་མ། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་ལམ་རིམབདུད་རྩིའི་ཉིང་ཁུ་སོགས་ཀྱི་ཉམས་ལེན་གྱི་རིམ་པ་གནད་གཅིག་ལ་འབབ་པ་རེད། དེས་ནཐམས་ཅད་ཀྱིས་རང་རང་སོ་སོ་ཉམས་ལེན་པ་ཞིག་དང༌། ཆོས་པ་ཞིག་ཨེ་འོངས་བལྟ་དགོསལ། ཞེན་པ་བཞི་བྲལ་འདིར་ཐོག་མར་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་པས་ཚེ་འདི་ལ་མཞེན་པ། ཚེ་འདི་ལ་ཞེན་པའི་གཉེན་པོར་འཆི་བ་དྲན་དགོས་པ་དང༌། འཆི་བ་མི་རྟག་པ་ཤེསདགོས། ཚེ་ཕྱི་མར་མངོན་མཐོ་ལྷ་མིའི་གོ་འཕང་ཞིག་ཐོབ་རུང་འདིར་འཁོར་བར་ཞེན་ན་ངེསའབྱུང་མིན་ཅེས་གསུངས་པ་ལྟར་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་བའི་ཆེད་དུ་དམ་པའི་ཆོས་ཤིག་བསྒྲུབས་ན་ཐར་བ་ཐོབ་བྱེད་ཀྱི་དམ་པའི་ཆོས་བསྒྲུབསཔ་ཡིན་ལ། བདག་དོན་ལ་ཞེན་ན་བྱང་སེམས་མིན་ཞེས་གསུངས་པས་བདག་དོན་ལ་མ་ཞེནཔའི་སྒོ་ནས་བདག་དོན་ལ་ཞེན་པའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་སོགས་བསྒོམས་ན་ཐེག་པ་ཆེན་པོའི་ཆོས་སུ་འགྱུར་ཐུབ་པ་རེད། དེ་ཡང་བྱངཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པ་ཙམ་གྱིས་འཁོར་བ་ལས་གྲོལ་བའི་གྲོལ་བ་མི་ཐོབ་པར་འཁོརབའི་རྩ་བ་ནི་བདག་ལ་སྲེད་པའི་སྲེད་པ་བདག་འཛིན་སོགས་ཡིན་པས་བདག་འཛིན་གྱི་གཉེནཔོར་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ་དགོས། འཛིན་པ་བྱུང་ན་ལྟ་བ་མིན་ཞེས་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གྱི་གཉེན་པོར་ཆོས་ཀྱི་བདགམེད་དང་གང་ཟག་གི་བདག་མེད་སོགས་བསྒོམས། དེ་ཡང་ལྟ་བ་གསལ་སྟོང་འཛིན་མེད་ཀྱི་རིག་པ་དང༌། ཁས་ལེན་ཀུན་བྲལ་གྱི་ལྟ་བ་སོགས་གྲུབ་མཐའ་རང་རང་སོ་སོའི་དབུ་མའི་ལུགསམང་པོར་འབྱེད་ན་ཡང༌། ཐམས་ཅད་ཀྱིས་མཐར་ཐུག་ན་སྤྲོས་བྲལ་གཏན་ལ་ཕབ་པ་ཡིན་པས། སྤྲོས་འཛིན་ཡོད་ན་འཛིན་པས་འཆང་བ་ཡིན་པས་དེ་བཟློག་པའི་ཐབས་སུ་སྤྲོས་བྲལ་དུ་བསྒོམདགོས་པ་རེད། སྤྲོས་བྲལ་གཏན་ལ་ཕབ་སྟངས་ནི་མི་འདྲ་བ་རེ་ཡོད་ན་ཡང༌། ཐམས་ཅད་ཀྱིསྤྲོས་འཛིན་གྱི་གཉེན་པོར་འགྲོ་བ་གཅིག་མཚུངས་བྱས་ནས་ཆོས་བརྒྱུད་རང་རང་སོ་སོ་ལ་ཐརབ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད་ཀྱི་ལམ་ཆ་ཚང་བ་རེ་ཡོད་པས་ཕན་ཚུན་བརདད་པ་དག་སྣང་ཡོད་དགོས། ས་སྐྱ་དང་ཇོ་ནང་གཉིས་ལ་མཚོན་ན་ཇོ་ནང་བ་ལ་རྡོ་རྗེ་ཕུར་བདཔལ་ས་སྐྱ་ནས་བརྒྱུད་འོང་བ་དང༌། དེ་ནང་བཞིན་སྦྱོང་རྒྱུད་བཅུ་གཉིས་ཏེ་མི་འཁྲུགས་པ་དང་ཀུན་རིག་སོགས་ས་སྐྱ་གོང་མ་རྣམ་ལྔ་ནས་རིམ་གྱིས་བརྒྱུད་འོང་བ་མང་བ་ཡིན་ལ། དེནང་བཞིན་རྒྱུད་སྡེ་མང་པོ་ཞིག་དཔལ་ས་སྐྱ་ནས་བརྒྱུད་འོང་བ་རེད། དེས་ན་ཆོས་དང་དམ་ཚིག་གི་འབྲེལ་བ་ཧ་ཅང་གཏིང་ཟབ་པས་འབྲེལ་བ་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད། དེའི་ཆ་ནསཀྱང་ཐམས་ཅད་ཀྱི་དད་པ་དག་སྣང་དང༌། མོས་གུས་དང༌། ཕན་ཚུན་གྱི་ཆོས་ལ་ཉམས་ལེནབྱེད་དགོས་པ་རེད་མ་གཏོགས། ཁ་སང་དེ་རིང་ཆབ་སྲིད་ཀྱི་ལྟ་བའི་དབང་གིས་གཅིག་གིསགཅིག་ལ་སྒྲོ་འདོགས་སྐུར་འདེབས་བྱས་ན་རང་རང་སོ་སོས་ཆོས་སྤོང་གི་ལས་བསགས་པརམ་ཟད། སྤྱིར་གྲུབ་མཐའ་སྨད་པ་ཡིན་ན་རྩ་ལྟུང་བཅུ་བཞིའི་ནང་གི་གཅིག་འབྱུང་བ་དང༌། མདོཕར་ཕྱིན་ཐེག་པའི་ལུགས་ལྟར་ན་ཡང༌། གྲུབ་མཐའ་སྨད་ན་ཆོས་སྤོང་གི་ལས་བསགས་པསཧ་ཅང་ཚབས་ཆེན་ཡིན་པར་གསུངས་ཡོད། དེས་ན་ཆགས་སྡང་མི་བྱེད་པར་ཆོས་བརྒྱུད་རིསསུ་མེད་པ་ལ་དད་པ་དང་དག་སྣང་བྱ་རྒྱུ་གལ་ཆེན་པོ་རེད། དེ་ལྟར་ཞེན་པ་བཞི་བྲལ་རགསཙམ་ཞུ་ཁུལ་བྱས་ཟིན་པའོ། །སྨྲས་པ། རྣམ་པར་དཀར་བའི་འདིར་བརྩོན་དགེ་འབྲས་ཀྱིས། །ཡིད་ཅན་མ་ལུས་བདེ་དགེའི་ཕུན་ཚོགས་ལ། །འདོད་དགུར་སྤྱོད་པའི་བསྐལ་བཟང་དགའ་བའི་དཔྱིད། །རིང་མིན་མྱུར་མངོན་འབྱུང་བའི་མཐུ་གྲུབ་ཅིག ། ཕྱི་ལོ་༢༠༡༩ལོར་བཤེས་གཉེན་གང་གིས་ས་སྐྱའི་ཞེན་པ་བཞི་བྲལ་གྱི་བཀའ་ཁྲིད་གནངབ་འདི་གངས་ལྗོངས་རིས་མེད་མཐོ་སློབ་ནས་དམ་པ་གང་གི་སློབ་འབངས་སུ་གཏོགས་པ་ངགདབང་རྒྱ་མཚོས་ཕྱི་ལོ་༢༠༢༠ལོའི་ཟླ༤་ཚེས་༡ནས་དབུ་བཟུང་སྟེ་ཟླ་༤་ཚེས་༡༥ཉིན་མཇུགགྲུབ་པར་བྱས་སོ། །

བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་སེམས་སྦྱོང་ལམ་སྟོན།

བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་སེམས་སྦྱོང་ལམ་སྟོན།

ཉམ་ཐག་འགྲོ་བའི་དུ༔ཁ་ཕྲ་མོ་ཡང༌། །རང་གི་ལུས་སྲོག་ཡལ་བར་འདོར་སྲུང་བའི། །གཏོང་དང་སྙིང་རྗེ་བྱང་ཆུབ་འདོད་པ་སོགས། །གཞན་ཕན་རྒྱལ་སྲས་སྤྱོད་ལ་རབ་ཏུ་དྭངས། །ངར་འཛིན་བདུད་ཀྱི་བསམ་པ་ཡོངས་བཏང་སྟེ། །གཞན་ཕན་ཐུགས་བསྐྱེད་སྒོམ་པའི་མན་ངག་གཞུང༌། །བྱང་ཆུབ་སྤྱོད་ལ་གནས་པའི་ཡོངས་འཛིན་གྱི། །གསུང་ངག་ཡི་གེའི་ལམ་དུ་སྤེལ་བར་བརྩོན། །དེ་རིང་ནས་བཟུང་ཉི་མ་ཁ་ཤས་ཀྱི་རིང་ལ་གླང་རི་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོངཚིགས་བརྒྱད་མ་ཞུ་རྒྱུ་ཡིན། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཇོ་བོ་གསེར་གླིང་བའི་སྐུ་མདུན་དུ་ཕེབས་ནས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ལ་ལོ་བཅུ་གཉིས་བརདུ་བརྩོན་པས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་བཅོས་མ་མཡིན་པ་འཁྲུངས་ཏེ། དེ་རྗེས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལྷ་བླ་མ་ཡེ་ཤེས་འོད་དང་བྱངཆུབ་འོད་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་དུ་ཕེབས་ཏེ་བྱང་ཆུབ་ལམ་གྱི་སྒྲོན་མ་སོགསམཛད་ནས་བྱང་ཆུབ་སེམས་བསྐྱེད་ཀྱི་གདམས་པ་རྒྱ་ཆེར་སྤེལ་བ་རེད། ཁོང་གི་སློབ་མ་གཙོབོ་ནི་ཁུ་རྔོག་འབྲོམ་གསུམ་ཡིན་ལ། ཁོང་རྒྱ་གར་འཕགས་པའི་ཡུལ་ནས་བོད་དུ་ཕེབས་པ་ནིའབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཆེད་དུ་ཕེབས་པ་ལྟ་བུ་ཡིན་པར་ལོ་རྒྱུས་ཁག་ན་གསལ། ཇོ་བོ་རྗེ་བོད་དུ་གདན་འདྲེན་པའི་གནས་སྐབས་ན་ཇོ་བོ་རྗེ་ལ་གསེར་མང་པོ་ཕུལ་བས་ཁོང་བོད་དུ་མ་བྱོན་པ་རེད། རྗེས་སུ་རྗེ་བཙུན་སྒྲོལ་མ་ལ་ལུང་བསྟན་ཞུས་པ་ལྟར་རྗེ་བཙུན་སྒྲོལམས་ལུང་བསྟན་ཏེ། བོད་ཡུལ་དུ་ཕེབས་ན་རྣལ་འབྱོར་བ་ཨུ་པ་སི་ཀ་གཅིག་དང་འཕྲད་ཅེསའབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་འཕྲད་ནས་གདུལ་བྱ་རྒྱ་ཆེར་དར་ཞེས་ལུང་བསྟནགནང་བ་ལྟར་ཁོང་རྒྱ་གར་འཕགས་ཡུལ་ནས་བོད་དུ་ཕེབས། ཁོང་གི་སློབ་མ་གཙོ་བོ་གསུམགྱི་ནང་ནས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཇོ་བོ་རྗེ་སྐུ་གཤེགས་པའི་རྗེས་སུ་སློབཚོགས་མང་པོ་བསྐྱངས། རྭ་སྒྲེང་དགོན་པ་བཏབ་རེད། རྭ་སྒྲེང་དགོན་པ་ནི་བོད་ཀྱི་བསྟན་པའཕེལ་རྒྱས་ཀྱི་གཞི་ཆེན་པོར་གྱུར་ཡོད་ལ། འབྲོམ་སྟོན་པའི་སློབ་མ་གཙོ་བོ་ནི་པོ་ཏོ་བ། སྤྱནམངའ་བ། ཕུ་ཆུང་བ་དག་ཡིན། པོ་ཏོ་བའི་སློབ་མ་གཙོ་བོ་ནི། གླིང་ཐང་པ་རྡོ་རྗེ་སེང་གེ་དང༌། ཤར་བ་དེ་གཉིས་ཡིན་པ་རེད། ཤར་བ་པའི་སློབ་རྒྱུད་ནི་འཆར་དཀའ་བ་ཡེ་ཤེས་རྡོ་རྗེ་སོགསཡིན་པ་དང༌། འཆར་དཀའ་བ་ཡེ་ཤེས་རྡོ་རྗེ་ཡིས་བྱང་ཆུབ་སེམས་ཀྱི་ཉམས་ལེན་ནམ་ལམ་སྒོམ་ཚུལ་གྱི་རིམ་པ་དག་དོན་ཚན་བདུན་དུ་དྲིལ་ནས་སྔོན་འགྲོ་རྟེན་གྱི་དུས་ལ་འཆད་པ། དངོས་གཞི་བྱང་ཆུབ་སེམས་ལ་བློ་སྦྱོང་བ། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ། བློ་སྦྱོང་བའིཚད། བློ་སྦྱོང་གི་དམ་ཚིག བློ་སྦྱོང་བའི་བསླབ་བྱ་སོགས་ལས་བརྩམས་ཏེ་འཆད་པའི་རྒྱུད་པ་ཞིག་རྩལ་འདོན་གནང་བ་དང༌། པོ་ཏོ་བའི་སློབ་མ་གླང་ཤར་གཉིས་ལས་གླང་ཐང་བ་རྡོ་རྗེསེང་གེ་ཡིས་ཚེ་གཅིག་ལ་བཀའ་མདོ་རྒྱུད་ཀྱི་བསྟན་བཅོས་མང་པོ་ཞིག་བཀླགས་ཏེ། ཁོང་གིསཉམས་ལེན་གྱི་གཙོ་བོ་ནི་བདག་གཞན་མཉམ་བརྗེའི་སེམས་ཏེ་བདག་ཡལ་བར་དོར་ནས་གཞནགཅེས་སུ་འཛིན་པའི་བྱང་ཆུབ་ཀྱི་སེམས་སྒོམ་པ་འདི་ཉིད་བཟུང་ནས། ཁོང་གིས་བློ་སྦྱོང་ཚིགསབརྒྱད་མ་བརྩམས་གནང་མཛད་པ་རེད། དེ་ལྟ་བུའི་གཞུང་འདི་འཆད་པར་བྱེད་པ་ལ་གཞུངའདིའི་མཚན་ལ་བློ་སྦྱོང་ཚིགས་བརྒྱད་མ་བཞུགས་སོ་ཞེས་གསུངས་པ་ལས། འདིར་བློ་སྦྱོངཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བ་དང༌། ཚིགས་བརྒྱད་ཅེས་པ་ནི་གཞུང་ཚད་ཀྱི་སྒོནས་བསྟན་བཅོས་འདི་ལ་མཚན་བཏགས་པ་རེད། ཚིགས་སུ་བཅད་པ་དང་པོ་ནི། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག ། ཅེས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་མཁན་བདག་གིས་སེམས་ཅན་ཐམས་ཅད་ལ་ཡིདབཞིན་གྱི་ནོར་བུ་ལས་ལྷག་པར་བལྟ་དགོས་ཤིང༌། དེ་ལྟར་བལྟ་དགོས་པའི་རྒྱུ་མཚན་ནི། ཡིདབཞིན་གྱི་ནོར་བུས་ནི་གནས་སྐབས་ཟས་གོས་དང་དཔལ་འབྱོར་སོགས་འདོད་དོན་ཕྲན་ཚེགསཅུང་ཟད་ཅིག་བསྒྲུབས་ནས་དབུལ་བ་ཅུང་ཟད་ཙམ་སེལ་བ་ལས། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་མི་ནུས་ལ། སེམས་ཅན་ཐམས་ཅད་ལ་བརྟེན་ནས་མཐརཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་ནུས་པའི་རྒྱུ་མཚན་ནི། རྫོགས་པའིསངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཐེག་པ་ཆེན་པོའི་ལམ་ལ་ངེས་པར་བསླབ་དགོས། ཐེག་ཆེན་གྱི་ལམ་ལ་བསླབ་དགོས་པ་ལ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་སོགས་ལ་བསླབ་དགོས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བདགཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་བོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་སོ། །ཐེག་ཆེན་སེམས་བསྐྱེད་དང་སྙིང་རྗེ་དག་ནི་སེམས་ཅན་གྱི་དོན་ལ་དམིགས་པའི་བློ་ཡིན་ལ། སྙིང་རྗེ་ཆེན་པོའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱིསེམས་རྒྱུད་ལ་མ་བསྐྱེད་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་ནུས་པ་རེད། ཐེག་པ་ཆེན་པོའི་སེམས་བསྐྱེད་རང་རྒྱུད་ལ་བསྐྱེད་པར་བྱས་ནས་དེས་ཀུན་ནས་བསླངས་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རང་རྒྱུདསྨིན་བྱེད་དུ་བྱས་ཏེ་ཉམས་སུ་ལེན་དགོས་ཤིང༌། གཞན་རྒྱུད་སྨིན་བྱེད་ནི་མཁོ་བ་སྦྱིན་པ། སྙནཔར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་སོགས་བསྡུ་དངོས་རྣམ་བཞིའི་སྒོ་ནས་རྒྱལ་སྲས་བྱངཆུབ་སེམས་དཔའི་བསླབ་པ་ལ་དགོས། དེ་ལྟར་སློབ་པ་ཇི་སྙེད་ཡོད་པ་ཐམས་ཅད་གནད་བསྡུསན། རང་ཡལ་བར་དོར་ནས་མ་རྒན་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ་གཅེསཔར་འཛིན་པའི་བསམ་པ་ཁྱད་པར་ཅན་བསྐྱེད་ནས་དགེ་བ་གང་སྒྲུབ་ལ་དེས་རྩིས་ཟིན་པ་ཞིགདགོས། དེར་མ་ཟད་སྤྱིར་བཏང་གནས་སྐབས་མཐར་ཐུག་གི་བདེ་དགེ་ཐམས་ཅད་ཕ་མ་སེམསཅན་ལ་བརྟེན་ནས་ཐོབ་དགོས་ཚུལ་ཡང༌། དཔེར་ན། མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་དགོས་ཤིང༌། ཚུལ་ཁྲིམས་མ་བསྲུང་ན་མངོན་མཐོལྷ་མིའི་གོ་འཕང་ཙམ་ཡང་ཐོབ་མི་ཐུབ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མངོནམཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་ལྟར་རེད། མི་དགེ་བཅུ་སྤོང་གིཚུལ་ཁྲིམས་བསྲུང་བ་ལ་ཡང་མ་རྒན་སེམས་ཅན་ཐམས་ཅད་ལ་བརྟེན་ནས་བསྲུང་དགོས་ཏེ། མི་དགེ་བ་བཅུའི་དང་པོ་སྲོག་གཅོད་པ་སྤོང་བ་ལ་མ་རྒན་སེམས་ཅན་དེ་དག་གི་སྲོག་གཅོད་པ་སྤོང་བ་དེ་ལ་བརྟེན་ནས་བསླབ་དགོས་པ་ཡིན་པའི་རྒྱུ་མཚན་གྱིས་མངོན་མཐོ་ལྷ་མིའི་གོ་འཕང་ཙམ་ཐོབ་པ་ལ་ཡང་མ་རྒན་སེམས་ཅན་ཐམས་ཅད་ལ་བརྟེན་དགོས། ཐར་བ་དང་ཐམསཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་ཡང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཚད་མེདབཞི་བསྒོམ་པ་སོགས་ལ་བརྟེན་ནས་ཐོབ་དགོས་པ་རེད། དེས་ན་མངོན་མཐོའི་གོ་འཕང་དངཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ཡོན་ཏན་མ་ལུས་པ་གང་ཐོབ་དགོས་ན། སེམས་ཅན་ཐམས་ཅད་ལ་རང་གི་སྲོག་ལྟར་གཅེས་པར་བསྐྱངས་པ་ལ་བརྟེན་ནས་ཐོབ་དགོསཔའི་རྒྱུ་མཚན་དེས་ན་སེམས་ཅན་ཐམས་ཅད་ནི་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པར་བལྟ་དགོསཞེས་གསུངས་པ་རེད། དེ་ཡང་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། སེམས་ཅན་རྣམས་དངརྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱ་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་སངས་རྒྱས་ཀྱི་ཆོས་འགྲུབ་པ་ནི་རྒྱལ་བ་ལ་བརྟེན་ནས་འགྲུབཔ་དང་སེམས་ཅན་ལ་བརྟེན་ནས་འགྲུབ་པ་འདྲ་བས་རྒྱལ་བ་བཅོམ་ལྡན་འདས་ལ་གུས་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་ཡིད་འོང་གཅེས་ཕངས་ཀྱི་རྣམ་པར་བལྟས་ཏེ་དེ་དགགི་སྡུག་བསྔལ་བསལ་བའི་ཆེད་དུ་རང་གིས་འབད་དགོས་ཞེས་གསུངས་པ་ལྟར་སེམས་ཅནདང་རྒྱལ་བ་གང་ཡིན་ཀྱང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྲོ་བ་ལ་མཚུངསཔ་རེད། མཚུངས་ཚུལ་ཀྱང༌། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པའིཆེད་དུ་རྒྱལ་བ་ལ་དད་པ་དང་བསྙེན་བཀུར་ཕྱག་མཆོད་སོགས་བྱེད་དགོས་པ་ལྟར། མངོནམཐོ་ལྷ་མིའི་གོ་འཕང་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བར་དུ་སེམས་ཅནཐམས་ཅད་ལ་བརྟེན་དགོས་པ་ཡིན། དེས་ན་སེམས་ཅན་ཐམས་ཅད་ནི་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པར་བལྟ་དགོས། དེ་ལྟར་བལྟས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་གཅེསཔར་འཛིན་པར་ཤོག་ཅིག་ཅེས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་སྟངས་ནི་དང་པོའི་ཚིགས་སུ་བཅད་པ་འདིར་གསུངས་པ་རེད། སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཕྱི་གནང་བ་ལ་འཕགས་པའི་དགེ་འདུན་པའི་སྡེ་ལ་བརྟེན་དགོས་པ་དང༌། ཆོས་འཆད་ན་ཡང༌། དགེ་འདུན་པའི་སྡེ་ལ་བརྟེན་ནས་ཆོས་འཆད་དགོས། སེམས་ཅན་གྱི་དོན་སྒྲུབ་པ་ལ་ཡང་སེམསཅན་ལ་བརྟེན་ནས་བསྒྲུབ་དགོས་པ་རེད། སྦྱིན་པ་གནང་དགོས་ན་ཡང་དབུལ་ཕོངས་བའི་སེམས་ཅན་ལ་བརྟེན་ནས་སྦྱིན་པ་གནང་དགོས། བཟོད་པ་སྒོམ་པ་ལ་ཡང་བཟོད་པ་བསྒོམབྱའི་ཡུལ་སེམས་ཅན་མེད་ན་བཟོད་པ་སྒོམ་ལུགས་མེད་པ་སོགས་དེས་མཚོན་པའི་ཆོས་དགེབ་གང་ཞིག་སྒྲུབ་ཀྱང༌། སེམས་ཅན་ལ་བརྟེན་ནས་བསྒྲུབ་དགོས་པའི་རྒྱུ་མཚན་གྱིས་སེམསཅན་ཐམས་ཅད་ནི་རང་གི་ཚོགས་གཉིས་རྫོགས་པའི་རྟེན་ནམ་གཞི་ལྟ་བུ་ཡིན་པས་བདག་ཡལབར་དོར་ནས་སེམས་ཅན་ཐམས་ཅད་ལ་གཅེས་པར་བལྟ་དགོས་ཞེས་གསུངས་སོ། །ཡང་ན། གཅེས་པར་བསྐྱང་དགོས་པའི་རྒྱུ་མཚན་ནི། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་གཅིགཀྱང་མེད། ཕ་མར་གྱུར་བ་དེའི་ཚེ་ད་ལྟའི་ཕ་མ་ཇི་བཞིན་དུ་དྲིན་ཆེན་པོས་བསྐྱངས་པ་ཤ་སྟགཡིན་ལ། དེ་ལྟར་དྲིན་ཆེན་པོས་བསྐྱངས་ཡོད་ན། འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་ཀྱང༌། རང་ལ་དྲིན་ཆེ་བ་ལ་དྲིན་དྲན་པ་དང་དྲིན་ལན་འཇལ་དགོས་པས་གཅེས་པར་བལྟ་དགོས་པཡིན། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་སྒོམ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་སྒོམ། སེམས་ཅན་དེ་དག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བྱང་ཆུབ་ཀྱི་སེམསསོགས་བསྒོམ་དགོས་ཤིང༌། མ་རྒན་སེམས་ཅན་དེ་དག་ནི་རང་ལ་དྲིན་ཆེ་བ་ཤ་སྟག་ཡིན་པསད་ལྟ་མ་རྒན་སེམས་ཅན་དེ་དག་སྡུག་བསྔལ་གྱི་འཁོར་བའི་རྒྱ་མཚོར་ལྷུང༌། ཐར་བ་དང་ཐམསཅད་མཁྱེན་པའི་གནས་ལ་བགྲོད་བྱེད་ཀྱི་ཚུལ་ཁྲིམས་ཀྱི་རྐང་བ་མེད། ཆོས་རབ་ཏུ་རྣམ་འབྱེདཀྱི་ཤེས་རབ་ཀྱི་མིག་ཀྱང་མེད། སྐྱབས་མེད་མགོན་མེད། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའིམ་རྒན་སེམས་ཅན་ཞིག་ཡོད་ན། རང་གི་བུ་དེས་མ་སྐྱོབ་ན་སྐྱོབ་མཁན་གཞན་མེད་པའི་རྒྱུམཚན་གྱིས། མ་རྒན་སེམས་ཅན་དེ་དག་སྐྱོབ་པའི་ཆེད་དུ་དམ་པའི་ཆོས་བསྒྲུབས་ཏེ། མ་རྒནསེམས་ཅན་ཐམས་ཅད་གཅེས་པར་འཛིན་དགོས། ཚིགས་སུ་བཅད་པ་གཉིས་པ་ནི། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང༌། །གཞན་ལ་བསམ་པ་དག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག ། ཅེས་བྱང་ཆུབ་ཀྱི་སེམས་སྦྱོང་མཁན་གྱི་གང་ཟག་རང་ཉིད་ས་ཕྱོགས་དང་ཡུལ་ཕྱོགསགང་དུ་གནས་པའི་སྐབས། གྲོགས་ཆེ་ཆུང་བར་མ་ལ་སོགས་པ་དང་འགྲོགས་པ་དེའི་ཚེ། བདགཉིད་ནི་ཀུན་ལས་དམན་པར་བལྟ་དགོས། དམན་ས་བཟུང་ན་གོང་མའི་རྒྱལ་ས་ཐོབ་ཅེས་བཤདཔ་དང༌། བཀའ་གདམས་གོང་མ་ཚོས་ཀྱང༌། མི་གྲལ་ནས་བུད། ཁྱི་གྲལ་ལ་སྙེགལྷ་གྲལ་ཐོབཅེས་གསུངས་པ་ལྟར་དམན་ས་བཟུང་རྒྱུ་གལ་ཆེན་པོ་རེད། དེའི་རྒྱུ་མཚན་གྱིས། སྐབས་འདིརཡང་བདག་ཉིད་ཀུན་ལས་དམན་པར་བལྟ་དགོས་ཞེས་གསུངས། བདག་ཉིད་ཀུན་ལས་དམནཔར་མ་བལྟས་ན། ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འཆག་ཞེས་འབྲོམ་སྟོན་པས་གསུངསཔ་ལྟར་ང་རྒྱལ་གྱི་ལྒང་བུ་ཞིག་ཡིན་ན། དེའི་ལྒང་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཏེ། ང་རྒྱལ་ཡོདན་ཡོན་ཏན་གྱི་རྟེན་དང་ལམ་གྱི་རྟེན་དུ་ཡང་མི་རུང་བར་རྗེ་བཙུན་བྱམས་པ་མགོན་པོའི་བསྟནབཅོས་མངོན་རྟོགས་རྒྱན་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོརམཛད་དང༌། །ཞེས་ལམ་ཤེས་རྒྱུད་ལ་བསྐྱེད་པ་ལ་རྟེན་གེགས་ང་རྒྱལ་མངོན་གྱུར་ལ་སོགསཔ་དང་བྲལ་དགོས་པར་གསུངས་པ་རེད། དེས་ན་ཆོས་ཤིག་ཉན་པ་ན་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་སོགས་བྲལ་དགོས་པའི་ནང་གི་དྲི་མ་དང་པོ་ནི་ང་རྒྱལ་ཡིན་ལ། ངརྒྱལ་ཅན་ཞིག་ཡིན་ཚེ་ཆོས་ཞུས་ན་ཕན་རྩ་བ་ནས་མི་ཐོགས་པས་ང་རྒྱལ་ཁེངས་སེམས་དེ་དགསྤངས་ནས་ཆོས་ཉན་དགོས། ཆོས་ཀྱི་གནས་ལུགས་ཡང་དག་ཅིག་ཤེས་ན་ང་རྒྱལ་མི་བསྐྱེདཀྱང༌། ཆོས་ཀྱི་གནས་ཚུལ་མ་ཤེས། གོ་ལོ་ཐོས་ལོ་ཙམ་ཡོད་པ་ན་ང་རྒྱལ་སྐྱེ་ཉེན་ཆེ་བ་རེད། དེས་ན་ང་རྒྱལ་མི་བྱེད་པར་རང་གིས་དམན་ས་བཟུང་སྟེ་དགེ་བའི་བཤེས་གཉེན་ལ་བསྟེན་ནསཡོན་ཏན་ལེན་དགོས། དམན་པར་ལྟ་ཚུལ་ནི། རང་ལས་གཞན་མཆོག་ཏུ་བལྟ་དགོས་ཏེ། དེམིན་གཟུགས་ལང་ཚོ། རིགས་ཡོན་ཏན་གྱི་སྒོ་ནས་གཞན་ལས་མཆོག་གོ་སྙམ་པ་བསྐྱེད་རྒྱུཧ་ཅང་སླ་བ། དཔེར་ན། མི་གཞི་བརྟན་པོ་མེད་ན། གཞན་གྱིས་ངོ་བསྟོད་ཙམ་བྱས་པ་ལ་བརྟེནནས་ལྒང་ལི་ལྟར་སྡོད་མི་ཚུག་པར་དེ་མ་ཐག་ནས་ང་རྒྱལ་སྐྱེ་འགྲོ་བ་རེད། དེས་ན་རང་གི་ཚོདརང་གིས་ཟིན་པར་བྱས་ཏེ།རང་ལ་ཡོན་ཏན་གང་བྱུང་ཡང་གཞན་ལ་བརྟེན་ནས་བྱུང་བ་ཡིནཔས་གཞན་དག་མཆོག་ཏུ་བལྟ་དགོས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷག་པའིབསླབ་པ་ལ་བབའི་མདོ་ལས། ཡོན་ཏན་འདོད་པ་ནགས་ན་གནས་པ་ཡི། །ཕ་རོལ་དགགི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་གཞན་ལ་བརྙསཔར་ཡོང་མི་བྱ། །བསྐལ་པ་གཅིག་གིས་ཐར་བ་འཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལགོ་རིམ་ཡིན། །ཞེས་གསུངས་པ་ལྟར་ང་རྒྱལ་ཁེངས་དྲེགས་མི་བྱེད་རྒྱུ་དང༌། གཞན་ལ་བརྩིའཇོག་གནང་དགོས་པ་ཡིན། ང་རྒྱལ་ནི་ཡོན་ཏན་གྱི་བཀག་རྡོ་ཆེན་པོ་ཞིག་ཡིན་པས་འཆདརྩོད་རྩོམ་གསུམ་སྐབས་ང་རྒྱལ་བསྐྱེད་མི་ཉན་ཀྱང༌། རང་རང་གི་ཤེས་རབ་དང་རྒྱུད་ཚོད་བསྟུནཔའི་སྤོབས་པ་ཡོད་དགོས། རང་གི་རྒྱུད་ཚོད་དང་བསྟུན་པའི་ཤེས་རབ་དང་གདེང་ཚོད་གངཡང་མེད་པའི་སྒོ་ནས་སྤོབས་པ་བསྐྱེད་པ་ནི་ཧམ་པ་ལྟ་བུ་ཡིན་པ་ལས་སྤོབས་པ་དངོས་གནསམིན། འཆད་རྩོད་རྩོམ་གསུམ་གནང་བ་ལ་ངོ་ཚ་མི་དགོས།ངོ་ཚ་བའི་གནས་ནི་འདོད་ཆགསཞེ་སྡང་གཏི་མུག་གི་དབང་གིས་ལུས་ངག་སྤྱོད་པ་འདྲ་མིན་གནང་བ་དང༌། སངས་རྒྱས་ཀྱི་བསྟནཔའི་ཞབས་འདྲེན་བྱེད་པ། ཁྱིམ་པ་སུན་འབྱིན་པའི་ལས་བྱེད་པ་སོགས་སངས་རྒྱས་ཀྱི་བསྟནཔ་ལ་གནོད་ཅིང་འཚེ་བའི་རིགས་གནང་བ་དག་ལ་ངོ་ཚ་གནང་དགོས་པ་རེད། དེས་ན་རང་ཉིད་ཀུན་ལས་དམན་པར་བལྟས་ནས་གཞན་སེམས་ཅན་དག་མཆོག་ཏུ་གཅེས་པར་འཛིན་པར་ཤོག་ཅིག་ཅེས་བློ་སྦྱོང་ཚིགས་བརྒྱད་མའི་ཚིགས་བཅད་གཉིས་པ་ཞུས་ཟིན་པ་ཡིན། དེརིང་འདིར་མཚམས་འཇོག་གི་ཡིན། ཚིགས་སུ་བཅད་པ་གསུམ་པ་ནི། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག ། བདག་གཞན་མ་རུང་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག ། ཅེས་བློ་སྦྱོང་གི་ཉམས་ལེན་གང་དང་གང་བྱེད་པ་དང༌། འགྲོ་འཆག་ཉལ་འདུག་ལ་སོགསཔའི་སྤྱོད་ལམ་གང་གི་སྐབས་སུ་རང་རྒྱུད་ལ་དྲན་ཤེས་བཞིན་གྱིས་བརྟགས་ཏེ། རང་རྒྱུད་ལཉོན་མོངས་སྐྱེས་མ་ཐག་ཏུ་རང་དང་གཞན་ཐམས་ཅན་ཉོན་མོངས་པ་དེའི་དབང་གིས་མ་རུངཔ་བྱེད་པས་ན། ཉོན་མོངས་པ་ནི་བཙན་ཐབས་ཀྱི་སྒོ་ནས་བཟློག་པའི་ཐབས་ལ་འབད་དགོས། འདིར་སེམས་ལ་རྟོག་ཅིག་ཅེས་གསུངས་པ་ལྟར་གཅིག་པུར་འདུག་ཚེ་སེམས་བརྟག མང་པོའིནང་དུ་ངག་བརྟག་དགོས་པ་རེད། མདོར་ན་རང་རྒྱུད་བརྟག་རྒྱུ་གལ་ཆེན་པོ་ཡིན། རང་གིསརང་མ་བརྟག་ན་རང་གི་རྒྱུད་ཚོད་རང་གིས་མི་ཤེས་པས་རང་ཉིད་ཆེན་པོར་རློམ་སྟེ་ཁེངས་དྲེགསང་རྒྱལ་ཡང་སྐྱེ་ཉེན་ཆེ་བ་རེད། རང་རྒྱུད་མ་བརྟག་ན། རང་ཉིད་ཆོས་པ་མིན་ཀྱང་ཆོས་པ་ཡིནཔའི་རློམ་སེམས་སྐྱེ། མངོན་ཤེས་སོགས་ཡོན་ཏན་མ་ཐོབ་ཀྱང་ཐོབ་པར་རློམ། གཞན་གྱིས་བླམ་དང་མཁན་པོ་སྤྲུལ་སྐུ་རེད་ཟེར་བ་ཙམ་གྱིས་ཡིན་སྣང་སྐྱེ་བ་རེད། དེས་ན་རང་བློ་རགས་པ་རང་ལ་ལྐོག་ཏུ་མ་གྱུར་བས་རང་རྒྱུད་བརྟག་ཅིང་དཔྱད་དགོས་ཞེས་གསུངས་སོ། །རང་རྒྱུདབརྟག་པ་ན། རང་རྒྱུད་ལ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སོགསགང་སྐྱེས་ན་ངོས་ཟིན་དགོས་ཏེ། སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་བདག་དང་བདག་ལྟ་བུ་ལམཚོན་ན་མཐོ་བ་ལ་ཕྲག་དོག བར་མ་ལ་འགྲན་སེམས། དམའ་བ་ལ་བརྙས་བཅོས་ཁྱད་གསོད། དེས་མཚོན་ཏེ། ཡིད་དུ་འོང་བ་ལ་ཞེན་ཅིང་ཆགས། ཡིད་དུ་མི་འོང་བ་ལ་ཁོང་ཁྲོ། བར་མ་ལ་གཏིམུག་སོགས་ཉོན་མོངས་པ་ཐམས་ཅད་རི་གཟར་གྱི་འབབ་ཆུ་ཇི་བཞིན་སྐྱེ་བཞིན་ཡོད་ཀྱང༌། རང་གི་ལམ་དེ་ངོས་མ་ཟིན་པར་ཚུལ་མིན་ཡིད་བྱེད་ཀྱི་དབང་གིས་ཉོན་མོངས་པ་བསྐྱེད། ཉོནམོངས་པའི་དབང་གིས་ལས་བསགས། ལས་ཀྱི་དབང་གིས་འཁོར་བ་ཐོག་མ་མེད་པ་ནས་དབར་དུ་འཁོར་བའི་རྒྱ་མཚོར་ལྷུང་འདུག་ཡོད་པའི་རྒྱུ་མཚན་གྱིས། སྡུག་བསྔལ་ཐམས་ཅདཀྱི་རྩ་བ་ཉོན་མོངས་པ་ཡིན་པས་དེ་ངོས་ཟིན་དགོས་པ་གལ་ཆེན་པོ་རེད། ཉོན་མོངས་པ་ངོསཟིན་པ་ཙམ་གྱིས་མི་ཆོག་པར་ཉོན་མོངས་པ་བཅོམ་དགོས་ཏེ། དོན་གྱིས་ཆོས་ཡིན་མིན་ནི་ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན་ལ། དེ་མི་འགྲོ་ན་ཆོས་མིན། ཉོན་མོངས་པ་ངོསཟིན་ནས་ཉོན་མོངས་པ་བཅོམ་མ་ཐུབ་ན། རང་གཞན་ཐམས་ཅད་ཕོངས་བར་བྱེད་པ་ཡིན་ཏེ། རྒྱལ་ཚབ་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལས། ཉོན་མོངས་རྣམས་ཀྱིས་བདག་འཇོམསསེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཞེས་ཉོན་མོངས་པ་རང་རྒྱུད་ལ་སྐྱེས་ན་རངཉིད་འཇོམས་པར་བྱེད་པ་དང༌། སེམས་ཅན་གཞན་ཡང་འཇོམས་པར་བྱེད་ལ། རང་རྒྱུད་ཀྱིཚུལ་ཁྲིམས་ཡང་འཇོམས་པར་བྱེད་ཅེས་གསུངས་པ་ལྟར་ཉོན་མོངས་པ་ནི་ཉེས་པ་འབྱུང་བའིགནས་སུ་བལྟ་དགོས་པ་ཡིན། རྒྱལ་སྲས་ཞི་བ་ལྷས། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམསཅད་བདག་ལ་དགྲར་ལངས་ཀྱང༌། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུགམི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང༌། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །ཞེས་ཉོན་མོངས་པ་ཧ་ཅང་ཉེསཔ་ཆེ་བ་ནི་ལྷ་དང་ལྷ་མིན་སོགས་དགྲ་ལངས་པ་ལྟ་བུ་ནི་མིན་ལ། དེ་དག་དགྲར་ལངས་ཀྱང༌། དམྱལ་བ་ཡི་དྭགས་དུད་འགྲོ་སོགས་མནར་མེད་ལ་འཕང་མི་ཐུབ། འོན་ཀྱང༌། ཉོན་མོངསཔ་རྒྱ་ཡན་སྟོབས་ཅན་དེ་དག་དང་འཕྲད་ན་ཁམས་གསུམ་འཁོར་བའི་གནས་ལ་འཁོར་བརབྱེད། སྐད་ཅིག་གཅིག་ལ་ཡང་དམྱལ་བའི་གནས་ལ་ཁྲིད་ཐུབ་པར་གསུངས་པ་རེད། དེའི་རྒྱུམཚན་གྱིས། ཉོན་མོངས་པ་རང་རྒྱུད་ལ་སྐྱེས་པ་ནས་ཐབས་དུ་མའི་སྒོ་ནས་བཟློག་དགོས། བློསྦྱོང་དོན་བདུན་མའི་སྐབས་སུ་དཀའ་བ་རྣམ་གསུམ་རྟག་ཏུ་སྦྱང་ཞེས་གསུངས་པ་ལྟར་དང་པོ་ཉོན་མོངས་པ་ངོ་ཤེས་དཀའ་བ། བར་དུ་འདུལ་དཀའ་བ། ཐ་མར་རྒྱུན་གཅོད་དཀའ་བ་དེདག་སྦྱངས་ནས་ཉོན་མོངས་པ་འདུལ་བའི་ཐབས་སམ་བཟློག་པའི་ཐབས་ལ་འབད་དགོས། རང་རྒྱུད་ལ་ཞེ་སྡང་སྐྱེས་ན་དེའི་གཉེན་པོ་བྱམས་པ་དང་སྙིང་རྗེ་བདག་མེད་རྟོགས་པའི་བློ་སོགསབསྒོམ་དགོས་པ་རེད་མ་གཏོགས་གཉེན་པོ་མ་བརྟེན་པར་བཟློག་པར་ཤོག་ཅིག་ཅེས་ཟེར་བཙམ་གྱིས་བཟློག་མི་ཐུབ། རང་རྒྱུད་ལ་འདོད་ཆགས་སྐྱེས་ན་མི་སྡུག་པའི་ཏིང་ངེ་འཛིན་དངབདག་མེད་རྟོགས་པའི་ཤེས་རབ་སོགས་བསྒོམ་དགོས། ཡུལ་གྱི་གནས་ཚུལ་ལ་རྨོངས་པའིགཏི་མུག་ཅིག་རྒྱུད་ལ་སྐྱེས་ན་དེའི་གཉེན་པོ་ཆོས་ཀྱི་གནས་ཚུལ་ཤེས་པའི་ཤེས་རབ་བསྐྱེདཔར་བྱས་ཏེ། ཤེས་རབ་ཀྱི་འོད་སྣང་དེ་ལ་བརྟེན་ནས་མ་རིག་པའི་མུན་པ་སེལ་དགོས། ཉོནམོངས་པ་སེལ་བར་མ་བྱས་ན། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བར་འཁྱམས་པ་ལྟར་ཕྱིས་སུ་ཡང་འཁོར་བ་འཁྱམས་དགོས་པ་དང༌། ཉོན་མོངས་པའི་དབང་གིས་ངན་སོང་གསུམགྱི་སྡུག་བསྔལ་མྱོང་བར་བྱེད། ཉེས་པ་ཐམས་ཅད་འབྱུང་བའི་གནས་ཡིན་པས་ཉོན་མོངས་པབཙན་ཐབས་ཀྱི་སྒོ་ནས་བཟློག་པའི་ཐབས་ལམ་ལ་འབད་དགོས། རང་གིས་རང་ལ་གྲོསའདེབས། ཤ་ཚ། མགོན་དང་སྐྱབས་དང་དཔུང་གཉེན་བྱེད་ན། རང་གིས་ཆོས་བསྒྲུབས་ཏེ་རངརྒྱུད་ཀྱི་ཉོན་མོངས་པ་ལས་བཟློག་པའི་ཐབས་ལ་བརྩོན་དགོས་པ་རེད། ཉོན་མོངས་པ་ལསཐར་སོང་ན་ཐར་བ་ཐོབ་པ་དང༌། ཉོན་མོངས་ལས་མ་ཐར་ན་ཐར་བ་ཐོབ་པའི་གནས་མེད། སྲིད་པ་འཁོར་བ་ལས་དངོས་སུ་གྲོལ་བྱེད་ནི་ཆོས་དཀོན་མཆོག་ཡིན་ལ། དེས་ན་ཆོས་དཀོནམཆོག་རང་གིས་ཉམས་སུ་བླངས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱབ་དང༌། ཉོན་མོངས་པ་ལས་ཐར་བར་བྱེད་དགོས། ཉོན་མོངས་པ་ལས་ཐར་བར་བྱེད་དགོསཞེས་ང་དང་ང་ལྟ་བུས་བཤད་ཤེས་ཀྱང༌། ཁ་ཙམ་མིན་པར་རང་གིས་ལག་ལེན་ལ་འདེབསདགོས་པ་རེད། བློ་སྦྱོང་ཚིགས་བརྒྱད་མའི་ཚིགས་སུ་བཅད་པ་གསུམ་པའི་དོན་མདོར་བསྡུསཙམ་ཞུས་ཟིན་པ་ཡིན། ཚིགས་སུ་བཅད་པ་བཞི་བ་ནི། རང་བཞིན་ངན་པའི་སེམས་ཅན་ནི། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་ཕྲད་པ་ལྟར། །རྙེད་པར་དཀའ་བས་གཅེས་འཛིན་ཤོག ། ཅེས་རང་བཞིན་ངན་པའི་གང་ཟག་དཀའ་སྡུག་སྣ་ཚོགས་དང་ཕྲད་པའི་སེམས་ཅན། ནདསྣ་ཚོགས་ཀྱིས་མནར་བ། སྐྱབས་དང་མགོན་དང་དཔུང་གཉེན་མེད་པའི་ཉམ་ཐག་པའི་སེམསཅན་ཞིག་མཐོང་བ་ན་དབུལ་ཕོངས་བའི་གང་ཟག་ཅིག་རིན་པོ་ཆེ་གཏེར་རྙེད་པ་ལྟར་རྙེད་པདཀའ་བས་གཅེས་པར་འཛིན་པར་ཤོག་ཅིག་ཅེས་གསུངས་པ་རེད། དབུལ་ཕོངས་བའི་གངཟག་གིས་རིན་པོ་ཆེ་རྙེད་ན་དགའ་བ་བསྐྱེད་པ་ལྟར་རང་ལ་དེ་འདྲའི་ཉམ་ཐག་པའི་གང་ཟགདང་འཕྲད་ན་དགའ་བ་བསྐྱེད་པར་བྱས་ཏེ་ཡིད་འོང་གཅེས་འཕང་གི་རྣམ་པར་བཟུང་ནས་གཅེསའཛིན་བྱེད་དགོས། དབུལ་ཕོངས་བའི་གང་ཟག་ཞིག་གིས་རིན་པོ་ཆེ་རྙེད་ན་གནས་སྐབས་ཀྱིདཀའ་ངལ་སེལ་ཐབས་ཙམ་ལས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་བྱེད་དུ་མི་འགྲོ་ལ།དེ་བས་ཉམ་ཐག་པའི་སེམས་ཅན་གཅིག་མཐོང་བ་ན་བྱམས་པ་དང་སྙིང་རྗེ་བསྒོམས་ནས་དེའིདོན་བསྒྲུབས་ན་འཁོར་བའི་སྡུག་བསྔལ་དེ་དག་ལས་ཐར་བའི་གཏན་གྱི་བདེ་བ་རྙེད་ཐུབ་པདང༌། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ། དེའི་རྒྱུ་མཚན་གྱིས་རྙེད་པར་དཀའ་བཞེས་གསུངས་པ་དང༌། སེམས་ཅན་གཞན་ལ་སྡུག་བསྔལ་ཡོད་ན། སྡུག་བསྔལ་དེ་ལས་རངགིས་དངོས་སུ་སྐྱོབ་ནུས་ན་དངོས་སུ་བསྐྱབ་པར་བྱ་དགོས་པ་དང༌། རང་གིས་སེམས་ཅན་གཞནལ་བྱམས་པ་དང་སྙིང་རྗེ་བསྒོམས་ན། དེའི་ལག་རྗེས་ལ་བརྟེན་ནས་རང་གིས་སྡིག་པ་ཚབ་ཆེན་དག་འདག་ཐུབ་སྟེ། རྒྱལ་སྲས་ཞི་བ་ལྷས། བྱང་ཆུབ་སེམས་བསྐྱེད་གྱུར་བའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱིས་སྲས་ཞེསརབ་བརྗོད་ཅིང༌། །འཇིག་རྟེན་ལྷ་མི་ཀུན་གྱིས་ཕྱག་བྱར་གྱུར། །ཞེས་གསུངས་པའི་རྒྱུ་མཚནགྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་ན་རང་གི་སྡུག་པ་ཚབ་ཆེན་འདག་ཐུབ་པ་དང༌། ཚོགས་རླབསཔོ་ཆེ་མྱུར་དུ་རྫོགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཐུབ། དེས་ན་དོན་ཆེ་བ་ཞིགཡོད་པ་རང་གིས་ཤེས་དགོས། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། དེ་བས་ཇི་ལྟར་ཆུང་ངུན། །མི་སྙན་ལས་ཀྱང་བདག་བསྲུང་བ། །དེ་བཞིན་འགྲོ་ལ་བསྲུང་སེམས་དང༌། །སྙིང་རྗེའིསེམས་ནི་གོམས་པར་བྱ། །ཞེས་ཇི་ལྟ་ཆུང་ངུ་ལ་ཡང༌། ཚིག་མི་ཉན་པ་ལས་བདག་གཅེས་འཛིནགྱི་དབང་གིས་བདག་ཉིད་བསྲུང་བཞིན་ཡོད་པ་ལྟར་འགྲོ་བ་སེམས་ཅན་ཐམས་ཅད་ཡང་མིསྙན་པ་ལས་བསྲུང་སེམས་དང་སྙིང་རྗེ་གོམས་པར་བྱ་དགོས་ཞེས་གསུངས་པ་དང༌། དེའི་རྒྱུམཚན་གྱིས་དམན་པའི་སེམས་ཅན་དག་ལ་བརྩེ་བ་སོགས་བསྒོམ་དགོས་པ་རེད་མ་གཏོགསང་ཚོ་མི་སུ་ཡིན་ཡང༌། མཐོན་པོ་ལ་ངོ་དགའ་བྱེད། དམན་པ་མཐོང་བ་ན་དམའ་འབེབས་དངཁྱད་གསོད་བྱེད། གལ་སྲིད་དེ་མ་བྱས་ཀྱང༌། མིག་གིས་ཀྱང་མི་ལྟ། དམན་པ་དེས་དོན་དགཅིག་བཅོལ་ཀྱང་མི་བསྒྲུབ། རྒྱུ་དཔལ་འབྱོར་ལོངས་སྤྱོད་ཅན་མིང་ཆེན་པོ་ཅན་ཞིག་ཡིན་ནཐམས་ཅད་རྔ་མ་ལ་འཇུས་ནས་རྒྱུག་བཞིན་ཡོད་པ་རེད། དེས་ན་དེ་འདྲ་མི་གནང་བར་དམནཔ་ལ་བརྩེ་བ་བསྒོམ་དགོས། སྤྱིར་དམན་པ་ལ་བརྩེ་བ་བསྒོམ་པ་ནི་བྱང་སེམས་ཡིན་པའི་རྟགསཡིན་པར་གསུངས་པ་དང༌། སྡུག་བསྔལ་ཅན་གྱི་གང་ཟག་དང་དམན་པ་ཞིག་བསྐྱེད་བསྲིངཨེ་ཐུབ་ལྟ་དགོས་པ་རེད། རང་གི་ནུས་ཚོད་དང་བསྟུན་ནས་མི་རིགས་དང་སྐད་ཡིག་སོགསཕྱོགས་ཐམས་ཅད་ནས་སྐྱབས་དང་མགོན་དང་དཔུང་གཉེན་མཛད་དགོས་ཏེ། སེམས་ཅན་གཅིག་གི་དོན་ལ་ཡང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བསྐལ་བའི་བར་དུ་དམྱལ་བགནས་དགོས་ཀྱང༌། སྙིང་སྟོབས་ཀྱི་སྒོ་ནས་གནས་ཐུབ་བཞིན་ཡོད་པ་དང༌། བྱང་ཆུབ་སེམསདཔའ་གང་དང་གང་ཡིན་ཡང༌། ཞི་བའི་མཐའ་ལ་མི་གནས་པ་ནི།རང་ཁོ་ནའི་དོན་དུ་སྡུགབསྔལ་ཞི་བའི་ཞི་བ་དོན་དུ་མི་གཉེར་བར་གཞན་དོན་དུ་སྡུག་བསྔལ་སོགས་དང་དུ་བླངས། གཞན་དོན་དུ་འཁོར་བ་སྐྱེ་བ་ལེན་པས་རེད། བྱང་ཆུབ་སེམས་དཔའ་དག་ནི་ནུབ་ཕྱོགས་བདེབ་ཅན་དུ་འགྲོ་བ་ལས་གདུལ་བྱ་གཞན་དོན་དུ་བསྐལ་བའི་བར་དུ་དམྱལ་བར་གནས་ཐུབ།དེས་ན་དམན་པ་ལ་བརྩེ་བ་ཡོད་རྒྱུ་གལ་ཆེན་པོ་རེད། བདག་ཅག་གི་སྟོན་པའི་ལྟ་བའི་དབངདུ་བྱས་ན། རུས་མི་གཙོ། རིགས་མི་གཙོ། བསླབ་པ་རིན་པོ་ཆེ་འདི་གཙོ། ཞེས་པ་དང༌། ཆོསབདག་མེད་ལ་སྙིང་རུས་གང་ཆེ་ཡང༌།ཞེས་དང༌། ཐམས་ཅད་བདེ་བ་འདོད་པ་འདྲ་མཉམ། སྡུག་བསྔལ་མི་འདོད་པ་འདྲ་མཉམ་ཡིན་པར་གསུངས་པས་འདྲ་མཉམ་དང་རིགས་རུས་ཀྱི་ཁྱད་པར་མེད་པར་གསུངས་པ་ལྟར། སེམས་ཅན་སུ་ལ་སྡུག་བསྔལ་ཡོད་ན་རང་གི་ཕ་མ་མ་གྱུར་བ་གཅིག་ཀྱང་མེད་པས་རང་གིས་ནུས་ཚོད་ཀྱིས་སྐྱབས་དང་མགོན་དང་དཔུང་གཉེན་བྱས་ཏེ་སེམས་ཅན་དམན་པ་ལ་བརྩེ་བ་བསྒོམ་དགོས། དེ་ལྟར་བསྒོམ་ན་རང་ཉིད་ཀྱི་བྱང་ཆུབསྒྲུབ་པའི་གྲོགས་ལ་ཡང་འགྲོ་བ་དང༌། སེམས་ཅན་དམན་པ་ལ་བརྩེ་བ་སྙིང་རྗེ་བསྒོམ། ཟསམེད་པ་ལ་ཟས་སྦྱིན་ན་ཕྱོགས་གཅིག་ནས་གཞན་དོན་དངོས་སུ་སྒྲུབ་པ་ཡིན་ཀྱང༌། རང་དོནཡང་འོང་གི་ཡོད་པ་རེད། བསྟན་པ་ཧ་ཅང་རྒྱས་པའི་གནས་སྐབས་ན་བསྟན་དོན་ཆེན་པོ་གནངམ་ཐུབ་ཀྱང་སྐྱོན་ཆེན་པོ་མི་འདུག ཡིན་ན་ཡང༌། བསྟན་པ་མེ་སྟག་ཙམ་ལས་ལྷག་མེད་པའིདེང་སང་གི་སྐབས་འདི་ལྟ་བུ་ལ་བསྟན་པའི་དོན་ལ་ཐུགས་བསྐྱེད་དགོས། བསྟན་པའི་དོནལ་བསམ་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་པ་གནང་དགོས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའིབླ་མ་ཤན་ཏི་རཀྵིཏས། ཆོས་མིན་སྤྱོད་པས་སྨད་པ་མི་གཏོང་ཞིང༌། །ལེགས་སྤྱད་ཚོགས་ལསྨད་པ་རྒྱུན་དུ་གཏོང༌། །ཞེས་གསུངས་པ་ལྟར། ཆོས་མིན་པས་ཇི་འདྲའི་མགོ་སྐོར་མགོ་གཡོགསྣ་ཚོགས། སྤྱོད་པ་ངན་པ་ཁྱིམ་པ་སུན་འབྱིན་པའི་ལས་ཅི་ཞིག་བྱེད་ཀྱང༌། དེ་ལ་མི་སྨོད་པརབཟང་གི་ཞེས་ངོ་བསྟོད་རྐྱང་རྐྱང་བྱེད་ཀྱིན་ཡོད་པ་དང༌། མི་ཞིག་གིས་འབྱུང་བོ་རོ་ལངས་བྱསནས་འགྲོ་བཞིན་ཡོད་ན། ཁྱོད་རྩལ་ཆེན་རེད་ཟེར་ནས་བསྟོད་པ་ལྟར། མི་ཞིག་གིས་ཆང་འཐུངགི་ཡོད་ན་ཆང་འཐུང་མཁན་ཡ་མཚན་རེད་ཟེར་ནས་ངོ་བསྟོད་གནང་གི་ཡོད་པ་རེད། དེ་མིནགཞན་གྱིས་ཆོས་དང་མཐུན་པའི་སློབ་གསོ་དང་རང་ཉིད་ཡར་རྒྱས་འགྲོ་བའི་སློབ་གསོ་བཏངན་ཅིག་ཅིག་འགྲིག་གི་མི་འདུག ཉིག་ཉིག་འགྲིག་གི་མི་འདུག་ཟེར་ནས་སྨད་པ་རྐྱང་རྐྱང་བྱེདཀྱིན་ཡོད་ལ། བླ་མ་ཤན་ཏི་རཀྵིཏས་གསུངས་པ་ལྟར་ཆགས་འདུག དེས་ན་ཐམས་ཅད་ཀྱིསབསྟན་པའི་དོན་ལ་སེམས་ཁྲལ་གནང་སྟེ། བསྟན་པའི་དོན་བསྒྲུབ་དགོས།བདག་ཅག་གི་སྟོནཔའི་བསྟན་པ་འདི་རྗེས་འཇུག་རྣམས་ཀྱིས་མ་བསྐྱངས་ན་གཞན་བསྐྱང་མཁན་མེད་པའི་རྒྱུ་མཚན་གྱིས་བསྟན་པ་ལ་ཐུགས་བཞེད་རྒྱ་ཆེར་གནང་དགོས། བསྟན་པ་ལ་ཐུགས་བཞེད་གནངདགོས་པའི་རྒྱུ་མཚན་ནི། བསྟན་པ་འདི་ཕན་བདེ་འབྱུང་བའི་གནས་གཅིག་པུ་ཡིན་པ་དང༌། ནང་པའི་ཆོས་ལུགས་འདི་རིགས་གཞུང་གི་ངོས་ནས་ཀྱང༌། རྒྱ་ཆེ་བ་གཏིང་ཟབ་པ། གོ་རྒྱུ་ཡོདཔ་དང༌། སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པའི་ཐད་ནས་ཀྱང༌། ནང་པའི་ཆོས་འདི་མེད་ན་ཧམ་པའིདབང་གིས་ཁ་ཟས་ཀྱང་དུག་ཟས་ལ་བསྒྱུར། སེམས་ཅན་གྱི་འཕྲོད་བསྟེན་ལ་གནོད་པ་རྐྱངརྐྱང་བཟོ་འགྲོ་བ་རེད། དེས་ན་སེམས་ཅན་གྱི་ནང་སེམས་ཀྱི་དཔལ་ཡོན་ཡར་རྒྱས་མ་སོང་བར་ཡར་རྒྱས་འགྲོ་ཚུལ་མེད། དེང་སང་མཁས་དབང་མང་པོས་ཀྱང༌། ནང་སེམས་ཀྱི་དཔལཡོན་ཡར་རྒྱས་མ་སོང་ན་ཕྱིའི་དངོས་པོ་ཅི་ལྟར་ཡར་རྒྱས་སོང་ཡང༌། ཕན་ཚུན་བར་འཁྲུགསཔ་མང་པོ་འབྱུང་བཞིན་ཡོད་པ་དེ་རེད། དེས་ན་ནང་སེམས་ཀྱི་དཔལ་ཡོན་དགོས་ཞེས་ཤོད་བཞིན་ཡོད་པ་ལྟར་གནང་དགོས། ང་ཚོ་ནང་པའི་ངོས་ནས་བདེ་བའི་མཆོག་ནི་སེམས་སྐྱིད་པ། ཞེས་བཤད་པ་ལྟར་ནང་སེམས་ཀྱི་སྟེང་ནས་བདེ་བ་འཚོལ་བཞིན་ཡོད་ལ། ནང་ཆོས་འདིསཚེ་ཕྱི་མ་ཕན་པ་ཡོད་པ་བཤད་མི་དགོས་ལ། ཚེ་འདི་ལ་ཡང༌། ཕན་ཚུན་བར་ཞི་བདེ་དང༌། ཕན་ཚུན་བར་འཁྲུགས་རྩོད་སོགས་མི་འབྱུང་བའི་ཕན་པ་ཡོད་པའི་རྒྱུ་མཚན་གྱིས་ནང་པ་སངསརྒྱས་པའི་ཆོས་ལུགས་འདི་གནས་དགོས་པའི་རྒྱུ་མཚན་ནི། རྩ་ཆེན་དང་མཐོང་ཆེན། རིག་གཞུངཁྱད་པར་བ་དང༌། སེམས་ཅན་ལ་བདེ་སྐྱིད་སྐྲུན་བྱེད་ཀྱི་རིག་གཞུང་ཁྱད་པར་བ་ཞིག་ཡིན་པསརེད། དེ་རིང་འདིར་མཚམས་འཇོག་གི་ཡིན། ཚིགས་སུ་བཅད་པ་ལྔ་བ་ནི། གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་འགའ་ཞིག་གིས། །ཤིན་ཏུ་མི་རིགས་བྱེད་ན་ཡང༌། །བཤེས་གཉེན་དམ་པ་བལྟ་བར་ཤོག ། ཅེས་གང་ཟག་གང་ལ་རང་ཉིད་ཀྱིས་ཆོས་དང་ཟིང་ཟིང་སོགས་ཀྱིས་ཕར་ཕན་བཏགསནས། རང་ལ་དེའི་ལན་དུ་ཚུར་ཕན་འདོགས་རུང་སྙམ་པའི་རེ་བ་ཆེ་བ་འགའ་ཞིག་གིས། ཤིན་ཏུམི་རིགས་པ་རང་ལ་འཕྱ་སྨོད་བརྙས་བཅོས་སོགས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་བྱེད་པ་དང༌། སྒྲོ་འདོགས་བསྐུར་འདེབས་དཀྲོག་གཏམ་སོགས་གང་ཅིའི་ཐད་ནས་གནོདཔ་བྱེད་ཀྱང༌། རང་གི་སེམས་ལ་འཁོན་ལན་བསློག་འདོད་དང༌། སེམས་སྡུག་མེད་པར་དེ་ནིབཤེས་གཉེན་དམ་པར་བལྟ་བར་ཤོག་ཅིག་ཅེས་གསུངས་པ་རེད། བློ་སྦྱོང་དོན་བདུན་མར། ན་ཚ་སྡིག་སྒྲིབ་ཀྱི་ཕྱག་ཤིང་ཡིན། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལངས་ཡིན། །རྐྱེན་ངན་དགེབའི་བཤེས་གཉེན་ཡིན། །འདྲེ་གདོན་རྒྱལ་བའི་སྤྲུལ་བ་ཡིན། །ཞེས་གསུངས་པ་ལྟར། རྐྱེནངན་རང་ཐོག་ཏུ་བབ་ཚེ་རང་རྒྱུད་ཀྱི་ཁེངས་དྲེགས་ང་རྒྱལ་ཡང་བཅོམ་པ་འོང་ཐུབ་པ་དང༌། དགེབའི་བམ་ཡང་འོང་ཐུབ་པ་རེད། བློ་སྦྱོང་དོན་བདུན་མར་རྐྱེན་ངན་དགེ་བའི་བཤེས་གཉེནཡིན་ཞེས་གསུངས་པ་ལྟར་འདིར་ཡང་རྐྱེན་ངན་དག་ནི་དགེ་བའི་བཤེས་གཉེན་བལྟ་དགོས་ཞེས་གསུངས་པ་རེད། སྤྱིའི་ཆ་ནས་རང་ཉིད་རེ་བ་ཆེ་ས་དང༌། རང་གིས་ཕན་བཏགས་ཡོདཔའི་མིས་ཚུར་གནོད་པ་བྱས་ན། གཞན་གྱིས་གནོད་པ་བྱེད་པ་དང་མི་འདྲ་བའི་བཟོད་པ་བསྒོམརྒྱུ་དཀའ་བ་ཡིན་པ་རེད། ཡིན་ན་ཡང༌། བློ་སྦྱོང་སྟེ་དེ་དག་ལ་བཤེས་གཉེན་དམ་པར་བལྟ་དགོས། རྒྱལ་སྲས་རྔུལ་ཆུ་ཐོགས་མེད་ཀྱི་རྒྱལ་སྲས་ལག་ལེན་ལས། རང་ལ་སྒོ་དུ་མ་ལསགནོད་པ་བྱེད་པ་དག་ནི་དགེ་བའི་བཤེས་གཉེན་ཡིན་པར་བལྟས་ཏེ། བཟོད་བསྒོམ་བྱ་དགོསཔར་གསུངས་ཡོད། དཔེར་ན། མི་གཞན་གྱིས་རང་གི་ནོར་དེ་དག་འཕྲོག་བཅོམ་བྱས་ན་རངགིས་ལོངས་སྤྱོད་དེ་དག་གཞན་དེའི་ཆེད་དུ་བསྔོ་བ་གནང་དགོས། དེ་ཡང་རྒྱལ་སྲས་ལག་ལེནལས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་བཅུགན་ཡང༌། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང༌། བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོབོ་གཅོད་བྱེད་ན། །སྙིང་རྗེ་དབང་གིས་དེ་ཡི་སྡུག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལགལེན་ཡིན། །ཞེས་གསུངས་པ་ལྟར་འདིར་ཡང་དེ་ལྟར་གསུངས་འདུག མདོར་ན། ནམ་རྒྱུན་རངལ་གནོད་པ་བྱེད་མཁན་གྱི་དགྲ་དང༌། ནད་དང་གདོན། རྐྱེན་ངན་འབྱུང་བཞིའི་གནོད་པ་སོགསཅི་འདྲ་རང་ཐོག་ཏུ་བབ་ཀྱང༌། དེ་ལ་སེམས་སྡུག་བྱེད་པ་ལ་ཕན་ཐོགས་མེད་པར་བཟོད་སྒོམདང་དག་སྣང་དགོས་པ་རེད། ཇོ་བོ་རྗེའི་བླ་མ་ཤན་ཏི་རཀྵིཏའི་བློ་སྦྱོང་མཚོན་ཆ་མ་ལས། རངལ་སྡུག་བསྔལ་གང་བྱུང་ན། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ཞེས་གསུངས་པལྟར་རང་གིས་ལས་ངན་བསགས་པ་ནི་རང་སྟེང་དུ་སྨིན་པ་ཡིན་པས་དེ་ལ་སེམས་སྡུག་དང་ཡིད་ཆད་གང་ཡང་བྱེད་རྒྱུ་མེད་པ་རེད། རང་ཉིད་ཀྱི་བདག་གཅེས་འཛིན་གྱི་དབང་གིས་ལསངན་བསགས་པའི་རྒྱུ་མཚན་གྱིས་དགྲ་དང་གནོད་པ་ལ་སོགས་པ་འདིར་གསུངས་པ་ལྟར་བཤེསགཉེན་ལྟ་བུར་བཟུང་དགོས། དེ་དག་ནི་རང་གི་སྡིག་པ་སྦྱོང་མཁན་ཡིན་པས་བཀའ་དྲིན་ཆེ་བར་བསམ་དགོས་ཏེ། བློ་སྦྱོང་དོན་བདུན་མ་ལས། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས་སོ། །རང་ཐོག་ཏུ་ནད་གདོན་རྐྱེན་ངན་ཅིལྟར་བྱུང་ཡང༌། ལེ་ལན་ཐམས་ཅད་ནི་བདག་གཅེས་འཛིན་འདིའི་དབང་གིས་བྱུང་བ་ཡིན་ཏེ། བདག་གཅེས་འཛིན་གྱིས་ལས་ངན་སྣ་ཚོགས་བསགས། དེ་དག་ད་ལྟ་རང་ཐོག་ཏུ་སྨིན་པ་ཙམརེད། རྗེ་བདག་ཉིད་ཆེན་པོས། བདག་གི་ལུས་དང་སྲོག་དང་ལོངས་སྤྱོད་ལ། །རྒྱུན་དུ་འཚེ་བའིབསམ་པ་དང་ལྡན་ཞིང༌། །བདག་ལ་མི་སྙན་བརྗོད་པ་དེ་དག་ལའང༌། །བདག་ནི་ལྷག་པརམ་བཞིན་བྱམས་གྱུར་ཅིག །བདག་གིས་དེ་དག་རིང་པོར་མི་ཐོགས་པར། །བདག་བས་གཞནགཅེས་བསྒོམ་པའི་བྱང་ཆུབ་སེམས། །ལྷག་བསམ་དག་པ་རྒྱུད་ལ་སྐྱེད་བྱས་ནས། །བླ་མེད་བྱང་ཆུབ་གོ་འཕང་སྟེར་བར་ཤོག །ཅེས་དང༌། ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས། གངདག་ང་ལ་སྨོད་པ་དང༌། །བརྡེག་བཙོག་མི་སྙན་བརྗོད་པ་དང༌། །ཕྲག་དོག་ངན་སེམས་འཆངབ་ཀུན། །ཚེ་འདིར་སངས་རྒྱས་མྱུར་ཐོབ་ཤོག །བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞནལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུརབར་ཤོག །ཅེས་སྨོན་ལམ་གནང་བ་ལྟར་རྣམ་པ་ཐམས་ཅད་ཀྱིས་བསམ་གཞིག་གནང་དགོས། རྐྱེན་ངན་ཐོག་ཏུ་བབ་པ་དེའི་ཚེ།གཉེན་པོ་སླེབས་པ་ཞིག་དགོས་པ་རེད་མ་གཏོགས་རྐྱེན་ངནཐོག་ཏུ་མ་བབ་ན་མི་སུ་ཞིག་ཡིན་ཡང༌། ཆོས་པ་ཡིན་མདོག་བྱེད་པ་རེད། དེ་ཙམ་གྱིས་མི་འོངཔར། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་བ། །ཞེས་གསུངས་པ་ལྟར་མི་གནང་བར་བྱ་དགོས། རང་རང་ལ་རྐྱེན་ངན་ནད་གདོན་སོགས་ཅི་བྱུངཡང་སྡུག་བསྔལ་ལམ་ཁྱེར་ཨེ་ཐུབ་བལྟ་དགོས་པ་རེད། ཚེ་རབས་ཐོག་མེད་ནས་བསགས་པའིནད་གདོན་རྐྱེན་ངན་ཅི་ཞིག་ཡོད་ན་འདིས་གོ་ཆོད་པར་གྱུར་ཅིག་ཅེས་སྨོན་ལམ་གནང་དགོས། རབ་ཡིན་ན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འདིའི་སྟེང་དུ་སྨིན་པར་གྱུརཅིག་ཅེས་བསམ་དགོས། སྐུ་རིམ་གྱི་ནང་ནས་སྐུ་རིམ་མཆོག་ཏུ་གྱུར་བ་ནི་བྱམས་པ་དང་སྙིངརྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་ལྷག་པ་ཞིག་མེད་དེ། དཔེར་ན། མཛའ་བོའི་བུ་མོའི་གཏམརྒྱུད་ཀྱི་སྐབས་ན། མི་ཞིག་དམྱལ་བ་དངོས་སུ་སྐྱེས་པ་ན། མི་དེའི་རྒྱུད་ལ་བསམ་པ་བཟང་པོཞིག་སྐྱེས་སྟོབས་ཀྱིས་དེ་མ་ཐག་ཏུ་དམྱལ་བ་ཉི་ཚེ་བ་ལས་གྲོལ་སོང་བའི་གཏམ་རྒྱུད་ཡོད་པལྟར་ང་ཚོས་བསམ་པ་བཟང་པོ་ཞིག་བསྐྱེད་ན་སྡིག་པ་མང་པོ་འདག་ཐུབ་པ་དང་སྡུག་བསྔལམང་པོ་ལས་གྲོལ་ཐུབ་ལ། རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་བ་མི་བྱེད་པར་ཆོས་པ་ཞིག་ཨེའཁྱོངས་བལྟ་དགོས། འགྲོ་མགོན་གཙང་བ་རྒྱལ་བས།བདེ་སྐྱིད་འཛོམས་ཙ་ན། །ཁ་ཕོ་སུསཀྱང་མཐོ། །སྡུག་ཐོག་ཏུ་འབབ་པ་དེའི་ཚེ། །ཁ་ཕོ་མཐོན་པོ་ཞིག་གྱིས། །ཞེས་གསུངས་པ་ལྟརམི་སུ་ཡིན་ཡང༌། བདེ་སྐྱིད་འཛོམས་པ་ན་ཁ་ཕོ་མཐོ་བ་ཙམ་གྱིས་མི་ཆོག་པར་སྡུག་ཐོག་ཏུ་བབཔ་དེའི་ཚེ་ཡང་སེམས་མི་ཞུམ། དཔའ་མི་ཞུམ། སྙིང་སྟོབས་བསྐྱེད་དགོས། ཁ་ཤས་ལ་སྡུག་ཐོགཏུ་བབ་པ་ན་སྙིང་ཤོར་ནས་ཅི་བྱེད་འདི་བྱེད་མེད་པ་ཆགས་ཀི་འདུག ཡིན་ན་ཡང༌། སྙིང་ཤོརདགོས་དོན་མེད་དེ། ནད་ཅིག་ཕོག་ན་རྐྱེན་ངན་བྱང་ཆུབ་ལམ་དུ་ཁྱེར་ཨེ་ཐུབ་བལྟ་རྒྱུ་དང༌། སྨན་པས་བཤད་པ་ལྟར་འགྲོ་དགོས། དེ་ནང་བཞིན་བླ་མའི་ཐུགས་ཀྱིས་ཟིན་ན་བཟང་གི་དངརྒྱན་གི་ཞེས་བསྟོད་པ་གནང་བ་ན་ཐམས་ཅད་ཀྱིས་བླ་མ་ལ་མོས་གུས་གནང་ཐུབ་ལ། བླ་མལ་མོས་གུས་ཡོད་ན་བླ་མས་བཀའ་བཀྱོན་གནང་བ་ན་བླ་མ་ལ་དད་པ་མ་ལོག་པར་བྱེད། བཀའབཀྱོན་གནང་བ་དེ་དངོས་གྲུབ་ཡིན་སྙམ་དགོས་པ་རེད། དེའི་རྒྱུ་མཚན་གྱིས། གཞན་གྱིསགནོད་པ་ཅི་བྱས་ཀྱང༌། རང་ཉིད་ཀྱི་བྱང་ཆུབ་སྒྲུབ་པའི་གྲོགས་སུ་ཁྱེར་ན་ཁྱེར་རྒྱུ་ཡོད་པསརང་ལ་གནོད་བྱས་ན་དེ་ལ་བཤེས་གཉེན་དུ་བལྟ་བ་དང༌། དེ་ལ་ཕན་སེམས་དང་བྱམས་པ་སྙིང་རྗེ་སོགས་བསྒོམས་ནས་རང་ཉིད་ཀྱིས་བྱང་ཆུབ་བསྒྲུབ་པའི་གྲོགས་སུ་ཁྱེར་ཐུབ་ན་རྐྱེནངན་བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན་ལ། དེས་ན་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ་ཧ་ཅངགལ་ཆེན་ཡིན། ཚེ་ཕྱི་མ་མ་ཟད་ཚེ་འདི་ལ་ཡང་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་ཐུབ་ལ། ནད་གདོནསོགས་གོང་འོག་གི་དོན་དག་མང་པོ་སེམས་ཁུར་དང་རེ་དོགས་བྱས་ན། དེའི་དབང་གིས་ནདསྣ་ཚོགས་བསྐྱེད་པས་དེ་ལས་རེ་དོགས་མི་བྱེད་པར་སེམས་གུ་ཡངས་གནང་སྟེ། བཟོད་སྒོམབྱེད། ཅི་མི་སྙམ་པར་བཏང་སྙོམས་དུ་གནས་ཐུབ་ན་བདེ་སྐྱིད་འོང་ཐུབ། དེས་ན་ཐམས་ཅདཀྱིས་བློ་སྦྱོང་དགོས། བློ་སྦྱོང་དོན་བདུན་མ་ལས། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང༌། །ཞེས་གསུངས་པ་ལྟར་འགྲོ་འཆག་ཉལ་འདུག་སོགས་གང་གི་སྐབས་ན་ཡང༌། ཁེ་དང་རྒྱལ་ཁ་གཞནལ་བྱིན། །གྱོང་དང་གོད་ཁ་རང་གིས་ལེན། །ཞེས་གསུངས་པའི་ཚིག་དག་ལ་སྦྱང་དགོས། འགྲོའཆག་ཉལ་འདུག་སྐབས་ཀུན་དུ་ངག་འཁྱལ་བཤད། ཀི་\་སྒྲུང་གསུམ་རྐྱང་རྐྱང་བྱེད་པ་ལསའདི་ལྟ་བུའི་ཚིགས་སུ་བཅད་པ་རེ་ལ་བློ་སྦྱོང་དགོས། ལྷག་ཏུ་ད་ལྟ་འདིར་ཞུ་བཞིན་པའི་བློསྦྱོང་ཚིགས་བརྒྱད་མ་འདི་ལ་ཚིགས་སུ་བཅད་པ་བརྒྱད་ལས་མེད། འགྲོ་ཞོར་འདུག་ཞོར་ལདེ་དག་གི་དོན་བསམ་དགོས་པ་རེད། རང་རང་སོ་སོ་འགྲོ་ཞོར་འདུག་ཞོར་ལ་ཞལ་འདོནམཛད། དེའི་དོན་བསམ། དེའི་སྒོ་ནས་བྱང་ཆུབ་སེམས་ལ་བློ་སྦྱངས་ན་ཚེ་འདིར་ཡང་རང་རང་སོ་སོའི་མི་ཚེ་བདེ་སྐྱིད་འོང་བ་དང༌། ཚེ་ཕྱི་མ་ལ་ཡང་ཕན་པ་ཡོད་པ་རེད། ང་ཚོའི་ནང་པའིཆོས་ལུགས་འདི་རྩ་ཆེན་དང་མཐོང་ཆེན་ཡིན་པ་ནི། མི་ཚེ་འདི་སྐྱེལ་བ་ལ་བྱམས་སྙིང་རྗེ། བཟོདསྒོམ་གུ་ཡངས་སོགས་ཡོད་ན་མི་ཚེ་ལ་བདེ་སྐྱིད་བསྐྲུན་ཐུབ་པ་དང༌། ཚེ་ཕྱི་མ་བཤད་མི་དགོསཔས། ཆོས་འདི་མེད་ན་ཀུན་སྤྱོད་ངན་པ་བསམ་སྦྱོར་ངན་པ་འཕེལ་བའི་དབང་གིས་སེམསཅན་ཕན་ཚུན་བར་གནོད་པ་བསྐྱལ། བདེ་སྐྱིད་ཀྱི་འཚོ་བ་ཞིག་གཏན་ནས་མེད། སྡུག་བསྔལརྒྱུན་མར་ཡོད་པར་ཆགས་འགྲོ་བ་རེད། དེས་ན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་ལ་བློ་སྦྱོངརྒྱུ་གལ་ཆེན་པོ་རེད། ཚིགས་སུ་བཅད་པ་དྲུག་པ་ནི། བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པས། །གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག ། ཅེས་ཚིགས་སུ་བཅད་པ་འདི་གོང་མ་དང་འདྲ་བོ་རེད། ཡིན་ན་ཡང༌། ཚིགས་སུ་བཅདཔ་གོང་མའི་ནང་རང་གིས་ཕན་བཏགས་པའི་སེམས་ཅན་དང་ཉེ་དུ་སོགས་ཀྱིས་ཚུར་གནོད་བསྐྱལ་ན་ཕར་གནོད་མི་བྱེད་པར་གཅེས་པར་འཛིན་དགོས་པར་བསྟན་པ་དང༌། སྐབས་འདིརནི་རང་ལ་ཡོན་ཏན་ཅུང་ཟད་རེ་ཡོད་སྟོབས་ཀྱིས་ཕྲག་དོག་ནི་གཞན་གྱི་ཕུན་ཚོགས་ལ་དམིགསནས་དེ་ཉིད་མི་བཟོད་པའི་རྣམ་པ་ཅན་ཞིག་ཡིན་ལ། དེ་ལྟ་བུའི་ཕྲག་དོག་གི་དབང་གིས་གཞནགྱིས་རང་ལ་གཤེ་བ་དང་སྐུར་འདེབས་སྣ་ཚོགས་ཞིག་བྱས་ཏེ། མི་རིགས་པའི་སྤྱོད་པ་སྣ་ཚོགསབྱུང་ན། གྱོང་དེ་རང་གིས་ཁུར་ནས་རྒྱལ་ཁ་གཞན་ལ་འབུལ་ཐུབ་པ་ཞིག་བྱ་དགོས་པར་གསུངསཔ་རེད། གཞན་གྱིས་ཕྲག་དོག་གི་དབང་གིས་གཤེ་བ་དང་སྐུར་འདེབས་གང་བྱུང་ཡང་ཁེ་དངརྒྱལ་ཁ་གཞན་ལ་བྱིན། གྱོང་དང་གོད་ཁ་རང་གིས་བླངས་ནས་བདག་གཞན་མཉམ་བརྗེ་ཡིབྱང་ཆུབ་ཀྱི་སེམས་བསྒོམ་དགོས། སྤྱིར་གཞན་གྱི་ཕྲག་དོག་གིས་རང་ལ་གནོད་པ་སྣ་ཚོགསབྱས་ན་སེམས་ལ་མི་བཟོད་པ་དང་སྡུག་བསྔལ་སྣ་ཚོགས་སྐྱེ་སྲིད། ཡིན་ན་ཡང༌། སྡུག་བསྔལདེ་ལས་བཟློག་པའི་ཐབས་ལ་རང་གིས་བརྩོན་དགོས། ཐབས་ལ་བརྩོན་པ་ན་གཞན་ལ་ལནབྱས་ན་དགྲ་ཇེ་མང་དུ་འགྲོ་བ་དང༌། རང་གི་སེམས་ཉིད་མ་ཐུལ་ན། །ཕྱི་དགྲ་བཏུལ་ཡང་ཇེམང་འགྲོ། །ཞེས་དང༌། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཏུ། ས་གཞི་ཐམས་ཅད་ཀོ་བས་བསྟིམསདགོས་ན་ཀོ་བས་མི་ཁེབས་ལ། དེ་ལས་རང་གིས་རྐང་མགོར་ལྷམ་བཟང་པོ་ཞིག་གྱོན་ན་སགཞི་ཐམས་ཅད་ཚེར་མའི་གང་ན་ཡང་ཚེར་མའི་གནོད་པ་ལས་སྐྱོབ་ཐུབ་པ་ལྟར་རང་གི་སེམསནས་བཟོད་པ་བསྒོམ་ན་གནོད་པ་སེལ་ཐུབ་པ་རེད། གནོད་པ་བྱེད་མཁན་ཐམས་ཅད་ལ་ཕརལན་བྱས་ཏེ་དགྲ་འདུལ་དགོས་ན་དགྲ་ཇེ་མང་འགྲོ་བར་གསུངས་པ་ལྟར་མདོར་ན་རང་ལ་གཞནགྱིས་གནོད་པ་བྱས་ན་དེའི་སྡུག་བསྔལ་སེལ་བའི་ཐབས་ནི་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་གོད་ཁ་རང་གིས་བླངས་ཏེ་རང་གིས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམསབསྒོམ་ནུས་ན་སྡུག་བསྔལ་དེ་ལས་ཏན་ཏན་ཐར་ཐུབ། ཡོངས་འཛིན་ཡེ་ཤེས་རྒྱ་མཚོས། དྲངསྲོང་བཟོད་པ་སྨྲ་བའི་ལམ་བསྟན་ལྟར། །གང་ལ་མི་སྙན་བརྗོད་ཀྱང་མཚོན་བརྡེག་ཀྱང༌། །བདག་གིས་མ་ལས་ལྷག་པར་བལྟ། །དེ་ལས་བརྩེ་བའི་ཕན་ཐོགས་ནུས་པར་ཤོག །ཅེས་སྔོནབདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་དྲང་སྲོང་བཟོད་པ་སྨྲ་བ་ཞེས་བྱ་བའི་སྐྱེ་བ་བཞེས་པ་དེའི་ཚེ། ཡུལ་རྒྱལ་བོ་ཀ་ལང་གིས་ཆད་པ་བཅད་ནས་ཤ་རྣག་འཕྲི་ཀྱིན་འཕྲི་ཀྱིན་བཅད་པ་ན། དྲང་སྲོང་བཟོད་པ་སྨྲ་བས་མ་འོངས་པར་ཁྱེད་ཀྱི་བདག་འཛིན་རྣམས་བདག་གིས་འཕྲིཀྱིན་འཕྲི་ཀྱིན་དུ་གཅོད་པར་ཤོག་ཅིག་ཅེས་བཟོད་པ་སྒོམ་པ་དེ་ལྟ་བུའི་རྣམ་ཐར་ཇི་བཞིན་དུ་བདག་ལ་མི་སྙན་བརྗོད་ཅིང་མཚོན་ལ་སོགས་པའི་རྡེག་པ་ཡིན་ན་ཡང༌། བུས་མ་ལ་བརྡེགཔའི་མ་ཇི་བཞིན་བུ་ལ་བརྩེ་བ་དང་ཕན་ཐོགས་སོགས་ཡོད་པར་ཤོག་ཅིག་ཅེས་གསུངས་པ་དང༌། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། རྟག་ཏུ་གསོད་དང་སྨོད་པའམ། །བརྡེག་སོགསཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདགགི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པའང་བྱེད་དུ་ཆུག །ཅེས་གསུངས་པ་ལྟར་རང་ཉིད་ལ་སྒོ་དུ་མ་ནས་གནོད་པསོགས་བྱས་ཀྱང༌། རང་གིས་དེ་ལ་ཕན་སེམས་སོགས་བསྒོམ་དགོས་ཏེ། རྒྱལ་སྲས་ལག་ལེནལས། འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ན་ཡང༌། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེནཡིན། །ཞེས་དང༌། བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །བདག་ལ་དགྲ་བཞིནལྟ་བར་བྱེད་ན་ཡང༌། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲསལག་ལེན་ཡིན། །ཞེས་གསུངས་པ་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་ཉམས་ལེན་ལ་སྦྱང་བ་ཅི་ཐུབ་གང་ཐུབ་ཀྱིས་བྱེད་དགོས་པ་ཡིན། ཅི་ཐུབ་ཀྱིས་སྦྱངས་བ་བྱེད་ན། གོམསན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་དང་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པ་ན་དཀའ་མོ་ཡིན་ན་ཡང༌། རིམ་གྱིས་རིམ་གྱིསསྦྱངས་ན་གོམས་པ་མཐའ་མེད་དུ་འཕེལ་རྒྱུ་ཡོད་པས་གྲུབ་འབྲས་རྒྱ་ཆེན་པོ་འོང་ཐུབ། དེསན་ངེས་པར་དུ་དུས་ངན་སྙིགས་མ་ལྔ་བདོ་བའི་སྐབས་འདིར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམསབསྒོམ་ཐུབ་ན་ནད་གདོན་སོགས་ཀྱིས་དངོས་སུ་ཚུགས་ན་ཡང་སེམས་ལ་གནོད་པ་མི་འབྱུངབ་དང༌། སྡུག་བསྔལ་དེ་དག་མི་འབྱུང་བའི་སྐུ་རིམ་གྱི་མཆོག་ཀྱང་ཡིན་པ་རེད། དེས་ན་བདགགཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ལ་བསླབ་དགོས། དེ་རིང་འདིར་མཚམས་འཇོག་གི་ཡིན། གླིང་ཐང་པ་རྡོ་རྗེ་སེང་གེའི་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཚིགས་སུ་བཅད་པ་དྲུག་ཙམཞུས་ཟིན་ནས་ཚིགས་སུ་བཅད་པ་དྲུག་པོ་དེའི་དོན་བསྡུ་བ་ནི་འདིར་གསུངས་པ་རེད། སྤྱིར་བློ་སྦྱོང་ལ་བློ་སྦྱོང་ཚུལ་མང་པོ་ཡོད་དེ། སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་བློ་སྦྱོང་ཚུལ། ཐེགཔ་ཆེན་པོའི་བློ་སྦྱོང་ཚུལ་སོགས་མང་པོ་ཞིག་ཡོད་པ་རེད། སྐྱེས་བུ་ཆུང་ངུའི་བློ་སྦྱོང་ནི་སྡུག་བསྔལགྱི་སྡུག་བསྔལ་ངན་སོང་གསུམ་གྱི་སྡུག་བསྔལ་སོགས་བསྒོམ། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམསསོགས་ཉམས་སུ་བླངས་པའི་སྒོ་ནས་བློ་སྦྱོང་དགོས་པ་དང༌། སྐྱེས་བུ་འབྲིང་གི་བློ་སྦྱོང་ཚུལནི། བདེན་བཞི་མི་རྟག་སོགས་བཅུ་དྲུག་བསྒོམ། ཁམས་གསུམ་འཁོར་བ་མཐའ་དག་སྡུགབསྔལ་གྱི་རང་བཞིན་དུ་མཐོང་ནས་སྡུག་བསྔལ་དེ་ལས་ཐར་བའི་ཐར་བ་ཐོབ་པའི་ཆེད་དུ་ལམལ་སོགས་པ་ཉམས་སུ་བླངས་ནས་བློ་སྦྱོང་དགོས། སྐྱེས་བུ་ཆེན་པོའི་བློ་སྦྱོང་ཚུལ་ནི་གཞནདོན་ཁུར་དུ་ཁྱེར་བའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས། སྟོང་ཉིད་རྟོགས་པའི་ཤེས་རབ་སོགསཐབས་ཤེས་ཡ་མ་བྲལ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སམ་ཐེག་པ་ཆེན་པོའི་ལམ་ལ་བློ་སྦྱོངདགོས། བོད་ཡུལ་འདིར་བློ་སྦྱོང་ཞེས་གྲགས་པ་གཙོ་བོ་ནི་ཐེག་པ་ཆེན་པོའི་ལམ་ལ་བློ་སྦྱོངཚུལ་གྱི་རིམ་པས་གསུངས་ལ། དེ་ཡང་བློ་སྦྱོང་དོན་བདུན་མ་དང་བློ་སྦྱོང་ཚིགས་བརྒྱད་མ་འདིདག་གི་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེདགཉིས་ཀྱི་སྒོ་ནས་བློ་སྦྱོང་ཚུལ་གསུངས་པ་རེད། འདི་ཡན་དུ་བདག་གཞན་མཉམ་བརྗེ་ཡི་བྱངཆུབ་ཀྱི་སེམས་སམ་ཀུན་རྫོབ་སེམས་བསྐྱེད་ལ་བློ་སྦྱོང་ཚུལ་གྱི་རིམ་པས་གསུངས་ལ། དེ་དགགི་དོན་བསྡུས་ནས་འདིར་གསུངས་པ་ནི། ཚིགས་སུ་བཅད་པ་བདུན་པ་ནི། མདོར་ན་དངོས་དང་བརྒྱུད་པ་ཡི། །ཕན་བདེ་མ་ལུས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་གིས་ལེན་པར་ཤོག ། ཅེས་གོང་དུ་བཤད་པའི་བྱང་ཆུབ་སེམས་ལ་བློ་སྦྱོང་ཚུལ་གྱི་དོན་དེ་དག་མདོར་བསྡུསན། དངོས་དང་བརྒྱུད་པའི་སྒོ་ནས་བདག་ལ་ཕན་པ་དང་བདེ་བ། བདེ་བའི་རྒྱུ་ཇི་སྙེད་ཡོད་པཐམས་ཅད་ཕངས་སེམས་མེད་པར་གཞན་ལ་འབུལ།གཞན་གྱི་སྡུག་བསྔལ་དང་སྡུག་བསྔལགྱི་རྒྱུ་དང་བཅས་པ་ཐམས་ཅད་རང་སྟེང་དུ་ཚུར་ལེན་དགོས། དེ་ནི་བདག་གཞན་མཉམ་བརྗེའིབྱང་ཆུབ་ཀྱི་སེམས་བསྒོམ་སྟངས་ཡིན་ཏེ། བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་བདེ་མལུས་དེར་སྨིན་ཅིག །ཅེས་གསུངས་པ་ལྟར་བདག་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལདང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ཐམས་ཅད་རང་སྟེང་ལ་བླངས། རང་ལ་ཕན་བདེ་ཅི་ཞིགཡོད་པ་ཐམས་ཅད་གཞན་ལ་བཏང་པ་ནི། བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམསལ་བློ་སྦྱོང་ཚུལ་ཡིན་པར་བློ་སྦྱོང་དོན་བདུན་མ་སོགས་ལས་གསུངས་པ་རེད། དེ་ལྟར་བློ་སྦྱོངརིམ་པ་ཡང་དམིགས་རྣམ་གསལ་བའི་ཆེད་དུ་ཡིན་ཏེ། བློ་སྦྱོང་དོན་བདུན་མ་ལས། དེ་ཉིད་རླུང་ལ་སྐྱོན་ཏེ་ཞི་བར་བྱ། །ཞེས་གསུངས་པ་ལྟར་རླུང་ཕར་འགྲོ་བ་ན་རང་གི་བདེ་བ་དང་བདེབའི་རྒྱུ་ཇི་སྙེད་ཡོད་པ་ཐམས་ཅད་མ་རྒན་སེམས་ཅན་ཐམས་ཅད་ལ་ཕངས་སེམས་མེད་པརབཏང༌། རླུང་ནང་དུ་རྒྱུ་བ་དེའི་ཚེ། གཞན་གྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པཐམས་ཅད་རང་སྟེང་དུ་བླངས་ནས་བདག་གཅེས་འཛིན་དེ་བརླགས་ནས་བློ་སྦྱོང་དགོས་པརབློ་སྦྱོང་དོན་བདུན་མར་གསུངས་པ་དང༌། སྐབས་འདིར་ཡང༌། རང་གི་དངོས་དང་བརྒྱུད་པའིབདེ་དགེ་ཅི་ཞིག་ཡོད་པ་ཐམས་ཅད་མ་རྒན་སེམས་ཅན་གཞན་ཐམས་ཅད་ལ་བཏང་ནས་མརྒན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཇི་སྙེད་ཡོད་པ་ཐམས་ཅད་རང་གིས་དང་དུ་བླངསནས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་གྱི་རིམ་པ་ནི་རང་གིས་སྣོད་མིན་གྱི་གང་ཟག་རྣམས་ལ་གསང་བའི་སྒོ་ནས་ཉམས་ལེན་གྱི་རིམ་པ་མཛད་དགོས་ཞེས་གསུངསཔ་རེད། བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་དང་རང་རྒྱུད་ལ་རྟོགས་པ་ཅི་ཞིག་སྐྱེས་ཀྱང་གཞན་ལངོམ་པར་མི་བྱེད་པར་གསང་བ་བྱེད་རྒྱུ་གལ་ཆེན་པོ་རེད། དུས་ངན་སྙིགས་མ་ལྔ་བདོ་བའི་སྐབས་འདྲེ་དང་ནད་གདོན་སོགས་ཀྱིས་བར་ཆད་ཤིན་ཏུ་ཆེ་བའི་སྐབས་འདིར་བྱང་ཆུབ་སེམསསོགས་རྟོགས་པ་ཁྱད་པར་ཅན་སྒྲུབ་པ་ལ་བར་ཆད་འོང་བའི་རྒྱུ་མཚན་གྱིས་བྱང་ཆུབ་ཀྱི་སེམསདང་སྟོང་ཉིད་ལྟ་བ་ཐམས་ཅད་གསང་བའི་སྒོ་ནས་ཉམས་སུ་ལེན་དགོས་པ་ལྟ་བུ་ཡིན་པ་རེད། འུར་འུར་ཟང་ཟིང་གི་སྤྱོད་པ་ཞིག་ཁྱབ་བསྒྲགས་གནང་ཡང་དེ་ཆོས་ཀྱང་མ་རེད། གསང་བཡང་མི་དགོས། རང་རང་སོ་སོའི་རྒྱུད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཅུང་ཟད་རེ་ཡོད་ན། དེ་ངེསཔར་གསང་དགོས། ཁ་ཤས་ཀྱིས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མ་སྐྱེས་ཀྱང་སྐྱེས་ཡོད་མདོག གཞན་པས་གནོད་པ་བྱས་ན་བཟོད་མདོག ཚུལ་ཁྲིམས་བསྲུང་མ་ཐུབ་ཀྱང་ཚུལ་འཆོས་བྱསནས་བསྲུང་མདོག་སོགས་ཚུལ་འཆོས་ཀྱི་རིགས་ནི་མི་རུང༌། རང་རྒྱུད་ལ་རྟོགས་པ་དངོས་གནསཔ་ཞིག་སྐྱེས་ན་ཡང༌། གསང་བའི་སྒོ་ནས་ཉམས་སུ་ལེན་དགོས་ཞེས་གསུངས་པ་རེད། རྒྱལ་སྲསཞི་བ་ལྷའི་སྤྱོད་འཇུག་ལས། གང་ཕྱིར་བདག་དང་གཞན་གཉིས་ཀ །མྱུར་ཏུ་སྐྱོབ་པར་འདོདཔ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་བདག་དང་གཞན་རྣམས་མྱུར་དུ་སྐྱབས་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེས་བདག་གཞན་བརྗེས་ནས་གཞན་གྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་རང་སྟེང་ལ་ལེན། རང་གི་བདེདགེ་མ་ལུས་པ་གཞན་ལ་བྱིན་པའི་སྒོ་ནས་བདག་གཞན་མཉམ་བརྗེ་ཡི་གདམས་པ་དེ་གསངབའི་སྒོ་ནས་སྤྱད་པ་སྤྱོད་དགོས་པར་གསུངས་པ་རེད། དེའི་རྒྱུ་མཚན་གྱིས་ཐོས་བསམ་སྒོམགསུམ་བྱས་ནས་རང་རྒྱུད་ལ་ཡོན་ཏན་ཅུང་ཟད་རེ་ཡོད་ན་དེ་དག་གསང་དགོས། མངོན་ཤེསམ་ཐོབ་པར་མངོན་ཤེས་ཐོབ་ཞེས་བཤད་ན་མི་ཆོས་བླ་མའི་རྫུན་ཡིན་ཀྱང༌།མངོན་ཤེས་ཐོབན་ཡང་དགོས་པ་མི་ལྡན་པར་མངོན་ཤེས་ཐོབ་བོ་ཞེས་བཤད་པ་ནི་ཐེག་དམན་གྱི་སྐབས་ན་མི་ཆོས་བླ་མ་བདེན་སྨྲས་ལྟུང་བ་ཡིན་ཞེས་གསུངས་པ་རེད། ཉམས་མྱོང་སྟེང་བསམ་བློ་བཏངན། བྱ་བ་མཐའ་དག་ལམ་འགྲོ་སོང༌། མཚན་སྙན་གྲགས་ཡོད་པ་ན།ན་ཚ་མང་པོ་འབྱུང་བཞིནཡོད་པ་རེད། དེས་ན་རང་ལ་ཡོན་ཏན་ཅི་ཞིག་ཡོད་ན་གསང་དགོས། ཡིན་ན་ཡང༌། རང་ལཡོན་ཏན་ཡོད་ཀྱང་མེད་མདོག་བྱས་ཏེ་ལུས་ངག་གི་སྤྱོད་པ་འཆོལ་ཉོག་སོང་ན་མི་འགྲིག ལྟ་བནམ་མཁའ་ལས་མཐོ་ཡང་ལས་རྒྱུ་འབྲས་བག་ཕྱེ་ལས་ཀྱང་ཞིབ་དགོས་ཞེས་གསུངས་པ་དང༌། ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ། །ཞེས་གསུངས་པ་ལྟར་ཕྱིའི་སྤྱོད་པ་ནི་ཆོས་འདུལ་བ་ལྟར་ལུས་ངག་གི་སྤྱོད་པ་དུལ་དགོས་པ་དང༌། ནང་དུ་གསང་སྔགས་བླ་ན་མེད་པའི་བསྐྱེད་པའིརིམ་པ་དང་རྫོགས་པའི་རིམ་པ་རིམ་གཉིས་སོགས་ཉམས་སུ་བླངས་ནས་གྲོལ་དགོས་པ་རེད། དེས་ན་སྤྱོད་འཇུག་དང་བློ་སྦྱོང་ཚིགས་བརྒྱད་མ་གཉིས་ལས་གསང་བའི་སྒོ་ནས་ཉམས་སུ་ལེན་དགོས་པར་བསྟན་པ་དང༌། རི་བོ་དགེ་ལྡན་པའི་གྲྭ་ས་ཁག་ན་བསྟན་བཤིག་དགེ་སྐོསཟེར་བ་ཞིག་འདུག དེ་ནི་བཤད་སྲོལ་ལ་བདུད་ཀྱིས་བར་ཆད་བྱེད་པའི་ཆེད་དུ་ལྟ་རུ་འོང་བན་དགེ་འདུན་པའི་སྡེ་ནི་འདི་འདྲ་ཞིག་རེད། ད་བསྟན་པ་ཉམས་འགྲོ་བཞིན་འདུག་ཞེས་ཁོ་རང་གིས་བར་ཆད་བརྩམས་པ་མ་རེད་ཅེས་བཤད་ཀྱིན་འདུག མཚམས་རེ་ཧ་ཅང་སྤྱོད་པ་ཞིཞིང་འདུལ་བ་གནང་ན་བར་ཆད་འོང་སྲིད་པ་རེད། དེས་ན་རང་རང་སོ་སོའི་རྒྱུད་ཚོད་དང་མཐུནཔའི་ཆོས་ཉམས་སུ་ལེན་དགོས་པ་ནི། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེའདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང༌། དེ་ཕྱིར་བདག་དང་གཞན་རྣམས་ཀྱིས། །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང༌། །འཇིག་རྟེན་ན་ནི་བདེ་བ་མེད། །ཅེས་གསུངས་པ་ལྟར་བདག་གཞན་མཉམ་བརྗེ་ཡི་བྱང་ཆུབཀྱི་སེམས་སྒོམ་ཚུལ་ལ་རྟག་ཏུ་བསླབ་དགོས་པ་ཡིན། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གཞན་ཕན་ལས་ལ་མཐུ་མེད་ཀྱང༌། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམཔ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྒོམ་པན་གནས་སྐབས་གཞན་ལ་དངོས་སུ་ཕན་པའི་ནུས་པ་མེད་ན་ཡང༌། རང་རྒྱུད་ཀྱི་སྡིག་སྒྲིབ་མལུས་པ་བྱང་པ་ལ་ངེས་པར་བདག་གཞན་མཉམ་བརྗེ་ཡི་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པར་གསུངས་པ་རེད། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་བརྟེན་ནས་ལམ་ཚོགས་གཉིས་ཟུངའཇུག་འབྲས་བུ་སྐུ་གཉིས་ཟུང་འཇུག་ཐོབ་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་གནང་ཐུབ་པའི་རྒྱུ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྔོན་བྱང་ཆུབ་སེམས་ཀྱི་ཐུགསབསྐྱེད།བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངསརྒྱས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་པ་རེད། སངས་རྒྱས་པ་ན་སྔོན་གྱི་སྨོན་ལམ་ཐུགས་བསྐྱེད་ཀྱི་དབང་གིས་གཞན་དོན་འབད་མེད་ལྷུན་འགྲུབ་ཏུ་འབྱུང་ཐུབ་སྟེ། མདོ་སྡེ་ལསབརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་སངས་རྒྱསཀྱིས་གདུལ་བྱ་དེར་ཁམས་དབང་མོས་པ་དང་མཐུན་པའི་སྒོ་ནས་འགྲོ་བ་གང་ལ་གང་འདུལགྱི་དོན་མཛད་པ་ལ་ལྷུན་འགྲུབ་དང་དུས་ལས་ཡོལ་བ་མི་སྲིད་པར་གསུངས་པ་རེད། དེའི་རྒྱུ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་ལྷུན་འགྲུབ་ཏུ་བསྒྲུབ་ཀྱང༌།རང་རྒྱུད་ལ་དད་པ་མེད་པའི་དབང་གིས་འདྲེན་པའི་ཐབས་མེད། བསྟན་བཅོས་མངོན་རྟོགསརྒྱན་ལས། ལྷ་ཡི་རྒྱལ་བོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱསརྣམས་ནི་བྱུང་གྱུར་ཀྱང༌། །བ་མེད་པའི་བཟང་མི་མྱོང༌། །ཞེས་གསུངས་པ་ལྟར་རེད། དེསན་དད་པ་དང་དག་སྣང་ཡོད་དགོས། དད་པ་དང་དག་སྣང་མེད་ན། མདོ་ལས། དད་པ་མེདཔའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོནཔོ་ཇི་བཞིན་ནོ། །ཞེས་གསུངས་པ་སོགས་མདོར་ན་རང་ཉིད་འཁོར་བ་ངན་སོང་ལས་གྲོལ་བ་དང་སྡུག་བསྔལ་ལས་གྲོལ་བར་བྱེད་པ་ལ་བདག་གཅེས་འཛིན་མ་བཅོམ་ན་གྲོལ་བར་བྱེདམི་ཐུབ་ལ། བདག་གཅེས་འཛིན་གྱི་དབང་གིས་ཚུལ་མིན་ཡིད་བྱེད་སྣ་ཚོགས་སྐྱེས། དེའི་དབངགིས་ཆགས་སྡང་སྣ་ཚོགས་བསགས། དེའི་དབང་གིས་ལས་བསགས། ལས་ཀྱི་དབང་གིསའཁོར་བ་འཁོར། དེ་ལྟར་རང་སྡུག་རང་གིས་ཉོས་ནས་ཚེ་རབས་ཐོག་མ་མེད་པ་ནས་ད་བརདུ་འཁོར་བ་འཁོར་སོང་བ་བསམ་གཞིག་གནང་ནས་བདག་ཡལ་བར་དོར་གཞན་གཅེས་པརའཛིན་པའི་བྱང་ཆུབ་ཀྱི་སེམས་ཉམས་སུ་བླངས་དགོས་པ་ཡིན། བྱང་ཆུབ་སེམས་ཀྱི་ཕན་ཡོནནི། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས་རྒྱས་པར་གསུངས་པ་དག་གཟིགས་ནས་ཕན་ཡོནདེ་དག་དྲན་པར་བྱས་ཏེ་སྐད་ཅིག་ཙམ་ལ་བསྒོམ་ནུས་ན་ཡང༌།སྐུ་རིམ་ལ་རྔ་རྡུང་སྦུབ་རྡུང་ཁགདང་མིག་ཅེར་རང་གི་བདག་འཛིན་མངོན་དུ་གྱུར་བར་བྱས་ཏེ་ཕ་རོལ་བོ་སྒྲོལ་ཤོག་ཟེར་བལས་འདི་བསྒོམས་ན་ཕན་ཡོན་རླབས་ཆེན་པོ་ཡིན་པ་དང༌། རང་གི་སྐུ་རིམ་ཡང་མཆོག་ཏུ་གྱུརབ་ཡིན་པ་རེད། བློ་སྦྱོང་དོན་བདུན་མ་ལས། བྱང་ཆུབ་སེམས་ཀྱི་གདམས་པ་འདི། །འདི་ཉིདབསྲུང་བ་ཡང་མཆོག་ཏུ་གྱུར་བ་ཡིན། །ཞེས་གསུངས་སོ། །ཚིགས་སུ་བཅད་པ་བརྒྱད་པ་ནི། དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་པར། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་པའི་འཆིང་བ་ལས་གྲོལ་ཤོག ། ཅེས་ཚིགས་སུ་བཅད་པ་གོང་མའི་གོང་མ་དེ་དག་གི་སྐབས་སུ་ཀུན་རྫོབ་སེམས་བསྐྱེདལ་བློ་སྦྱོང་ཚུལ་གྱི་རིམ་པས་གསུངས། འདིར་དོན་དམ་སེམས་བསྐྱེད་ལ་བློ་སྦྱོང་ཚུལ་བསྟནཔ་ཡིན་པ་རེད། གོང་ནས་བདག་གཞན་མཉམ་བརྗེ་ཡི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགསཔ་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསགས་ཚུལ་གསུངས་པ་དེ་དག་ཐམས་ཅད་ཀྱང་འཇིགརྟེན་ཆོས་བརྒྱད་ཀྱི་རྟོག་པའི་དྲི་མས་མ་སྦགས་ཞེས་གསུངས་འདུག ཡིན་ན་ཡང༌། སྐབས་འདིརསྒྱུ་མ་ལྟ་བུའི་སྟོང་ཉིད་སྒོམ་པ་བསམ་བློ་གཏང་ན་སྤྲོས་པའི་མཐའ་བརྒྱད་ལ་སོགས་པ་དང་བྲལ་བ་ཞེས་འདིའི་འགྲེལ་བ་ཁ་ཤས་ན་གསུངས་འདུག ཡང་འགྲེལ་བ་ཁ་ཤས་ན་འཇིག་རྟེནཆོས་བརྒྱད་ལ་སྦྱར་ནས་གསུངས་འདུག མདོར་ན་དེ་འདྲའི་རྟོག་པའི་དྲི་མས་མ་སྦགས་པ་ཞིགདགོས། ང་ཚོས་ཆོས་གང་ཞིག་སྒྲུབ་ཀྱང༌། འཇིག་རྟེན་ཆོས་བརྒྱད་ཀྱིས་མ་སྦག་པ་ཞིག་དང༌། སྦགས་དགོས་པ་ནི་ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་སྐྱབས་འགྲོ་སོགས་ཀྱིསངེས་པར་སྦགས་དགོས་པ་ཡིན། ཀུན་སློང་དེ་དག་ངེས་པར་ཡོད་དགོས། ནང་བ་སངས་རྒྱསཔའི་ཆོས་སུ་འགྱུར་བ་ལ་སྐྱབས་འགྲོ་ངེས་པར་ཡོད་དགོས་པ་དང༌། ཐར་བའི་རྒྱུར་འགྲོ་བ་ལ་ངེས་འབྱུང་གི་བསམ་པ་ཡོད་དགོས། ཐེག་པ་ཆེན་པོའི་ཆོས་སུ་འགྱུར་བ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ངེས་པར་ཡོད་དགོས། དེ་ལྟ་བུའི་ཀུན་སློང་དེ་དག་གིས་ཟིན་པར་བྱས་ཏེ་འཇིགརྟེན་ཆོས་བརྒྱད་ཀྱི་དྲི་མས་མ་སྦག་པ་དགོས། འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་མ་སྦགས་པར་བྱས་ཏེ་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུར་བལྟ་དགོས། ཆོས་ཐམས་ཅད་སྒྱུ་མ་ལྟབུ་ཡིན་ཚུལ་ནི། སྒྱུ་མ་མཁན་གྱིས་རྫས་སྔགས་ལ་བརྟེན་ནས་སྒྱུ་མའི་རྟ་གླང་སྣ་ཚོགས་པ་ཞིགསྒྱུ་མ་ལྟ་བུ་སྣང་ཡང༌། རྟ་གླང་ངོར་མ་གྲུབ་པ་ལྟར་ཆོས་ཐམས་ཅད་རྟག་པ་བརྟན་པ་ཚུགས་ཐུབབདེན་བདེན་པོར་བཟུང་ཡང༌། དོན་ལ་སྣང་ཙམ་བཏགས་ཙམ་ལས་བདེན་པ་ཚུགས་ཐུབ་ཡིནཔ་གཅིག་ཀྱང་མེད་པར་སྒྱུ་མ་ལྟ་བུ་ཡིན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པར་ཤེས་དགོས། བློ་སྦྱོང་དོན་བདུན་མར་དོན་དམ་བྱང་ཆུབ་སེམས་ལ་བློ་སྦྱོང་བའི་སྐབས་ན། ཆོས་རྣམས་སྒྱུམ་ལྟ་བུར་སེམས། །ཞེས་དང༌། ཐུན་མཚམས་སྒྱུ་མའི་སྐྱེས་བུ་བྱ། །ཞེས་གསུངས་པ་ལྟར་ནམརྒྱུན་དགའ་སྤྱད་དང་སྡུག་སྤྱད་ཅི་བྱུང་ཡང་བདེན་སྟོང་སྒྱུ་མ་ལྟ་བུར་ལྟ་ན་རང་གི་སེམས་ལ་སྡུག་བསྔལ་མེད་པ་དང་སེམས་ལ་དཀའ་ངལ་མེད་པ་ཞིག་འོང་ཐུབ་པ་སོགས་ཕན་ཐོགས་མང་པོ་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་འགྲོ་འཆག་ཉལ་འདུག་གང་གི་སྐབས་ན་ཡང༌། ཆོསཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཙམ་དང་རྟེན་འབྲེལ་སྒྱུ་མ་ལྟ་བུར་ངེས་ཤེས་བསྐྱེད་དགོས། སྟོང་ཉིད་གནས་ལུགས་རྟོགས་པའི་ཤེས་རབ་དང་ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམསལ་སོགས་པ་ཐམས་ཅད་གོམས་པར་བྱ་དགོས། བྱང་ཆུབ་ཀྱི་སེམས་དང་ངེས་འབྱུང་གི་བསམཔ་ཡོད་ན་ཡང༌། སྟོང་ཉིད་རྟོགས་པའི་ཤེས་རབ་མི་ལྡན་ན། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་ཐུབ་སྟེ། རྗེ་བདག་ཉིད་ཆེན་པོས། གནས་ལུགས་རྟོགས་པའི་ཤེས་རབམི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །སྲིད་པ་དྲ་བ་གཅོད་པར་མིནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་པ་དང༌།རྗེ་ཐམསཅད་མཁྱེན་པ་ཏཱ་ར་ནཱ་ཐས། གང་ཟག་བདག་མེད་བསྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལབ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་པ་རེད། དེས་ན་ཐམས་ཅད་ཀྱི་བློ་སྦྱོང་ཚིགས་བརྒྱདམ་འདི་བློར་བཟུང༌། མཚམས་མཚམས་ལ་ཁ་འདོན་མཛད། ཚིག་རྗེས་དོན་དྲན་གྱི་སྒོ་ནས་བྱངཆུབ་ཀྱི་སེམས་བསྒོམ། རང་རང་སོ་སོས་ད་ལྟ་ཉིད་ནས་འགོ་བརྩམས་ནས་ཆོས་བསྒྲུབ་དགོས། འདི་ལྟ་བུའི་གདམས་ངག་ཁྱད་པར་ཅག་དག་ཉམས་སུ་ལེན་དགོས་པ་རེད། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཇོ་བོ་གསེར་གླིང་བའི་མདུན་ནས་ཟླ་བ་བཅུ་གསུམ་གྱི་ཡུན་ལ་དཀའངལ་མང་པོའི་བརྒྱུད་རིམ་གྱི་འོག་ནས་བྱང་ཆུབ་སེམས་ཀྱི་གདམས་ངག་འདི་བླངས། བླངསབར་མ་ཟད་ལོ་བཅུ་གཉིས་ཀྱི་ཡུན་ལ་བསྒོམས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་རྒྱུད་ལ་འཁྲུངས་པར་བྱས། དེའི་ཕྱིས་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མཛད་ནས་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་ཁོང་སྐུ་དངོས་སུ་ཕེབས་ནས་བདག་གཞན་མཉམ་བརྗེ་ཡི་བྱང་ཆུབ་ཀྱིསེམས་བསྒོམ་པའི་ཆོས་ཁྱད་པར་ཅན་རྨད་དུ་བྱུང་བ་ཞིག་ང་ཚོར་བརྒྱུད་ནས་གནང་བ་ན་རངརང་གིས་རྩ་ཆེན་དང་མཐོང་ཆེན་བརྩིས་ནས་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོསདཔལ་འབྱོར་དང་སྒོར་རྡོག་ཁ་ཤས་ཀྱི་ཆེད་ལ་དཀའ་ངལ་རྒྱབ་པ་དང་དེའི་དོན་ལ་འབད་ཐུབཀི་ཡོད་པ་རེད། རྩ་ཆེན་ཡང་བརྩི་བཞིན་ཡོད་པ་རེད་དེ། དེ་དང་མི་འདྲ་བར་སེམས་ཀྱི་དཔལཡོན་དང་ཕྱིའི་དངོས་པོ་དཔལ་ཡོན་གཉིས་རིན་ཐང་ཁ་ཁ་ཡིན་པ་རེད། ཕྱིའི་དཔལ་ཡོན་ཅིཙམ་ཡོད་ཀྱང་སེམས་སྟེང་གི་བྱང་ཆུབ་ཀྱི་སེམས་སོགས་ཀྱི་རིན་ཐང་དང་བྲལ་བ་རེད། སྨྲས་པ། དགེ་འདིས་འགྲོ་བ་མ་ལུས་པའི། །ཞེ་སྡང་བདག་སེམས་ཀུན་ཞི་ནས། །ཕན་ཚུན་བྱང་ཆུབ་གྲོགས་བྱེད་བཞིན། །དོན་གཉིས་དགའ་སྟོན་རོལ་བར་ཤོག ། ཕྱི་ལོ་༢༠༡༩ལོར་བཤེས་གཉེན་གང་གིས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནངབ་རང་ཡུལ་ཛམ་ཐང་གྲོང་ནས་དམ་པ་གང་གི་སློབ་མའི་གྲལ་མཐའ་འཛིན་པ་ངག་དབང་རྒྱམཚོས་ཕྱི་ལོ་༢༠༢༠ལོའི་ཟླ་༨ཚེས་༥ནས་དབུ་བཟུང་སྟེ་ཟླ་༨ཚེས་༡༠ཉིན་མཇུག་གྲུབ་པར་བྱས།

དྭགས་པོའི་ཆོས་བཞིའི་བཀའ་ཁྲིད་མན་ངག་ཀུན་འདུས།

དྭགས་པོའི་ཆོས་བཞིའི་བཀའ་ཁྲིད་མན་ངག་ཀུན་འདུས།

ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད། དྭགས་པོའི་ཆོས་བཞིའི་བཀའ་ཁྲིད་མན་ངག་ཀུན་འདུས། མདོ་ཡི་ལྟ་སྤྱོད་གསེར་གྱི་ཡང་ཞུན་སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། །རྒྱུད་རྒྱལ་ཀུན་ཀྱི་ཟབ་མོའི་མན་ངག་རྡོ་རྗེ་ཐེག་པའི་རྫོགས་རིམ་གཉིས། །ཟུང་དུ་སྦྲེལ་བའི་བཀའ་སྲོལ་རྒྱ་ཆེན་གངས་རིའི་ལྗོངས་སུ་ཡོངས་སྤེལ་བ། །དྭགས་བརྒྱུད་བླ་རབས་གྲུབ་པའི་ཕྲེང་བ་མི་ཕྱེད་གཙུག་གིས་བསྟེན་པར་བགྱི། །བརྒྱད་ཁྲི་བཞི་སྟོང་ཐེག་པ་མཐའ་དག་གི། །གདམས་པའི་ཆུ་བོ་མ་ལུས་ཀུན་ཀྱི་གནད། །ཆོས་བཞིའི་ཉམས་ལེན་ཡོངས་འཛིན་དམ་པའི་གསུང༌། །མཉམ་གཞན་ལ་ཕན་འདོད་རེ་བས་དགོད། །དེ་རིང་འདིར་དྭགས་པོ་རིན་པོ་ཆེས་གསུངས་པའི་དྭགས་པོའི་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམགྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བའི་བསྟན་བཅོས་འདིའི་ཚིག་དོནརགས་ཙམ་ཞིག་ཞུ་རྒྱུ་ཡིན། དེ་ཡང་དྭགས་པོ་རིན་པོ་ཆེ་ནི་དུས་རབས་བཅུ་གཅིགཔའི་ནང་བྱོན་པའི་མཁས་པ་ཞིག་ཡིན་པ་དང༌། འགྲོ་མགོན་བཀའ་བརྒྱུད་པར་མཚོན་ན། ཏེ་ལོཔ་དང་ནཱ་རོ་པ། ནཱ་རོ་པའི་དངོས་སློབ་ལྷོ་བྲག་མར་པ། ལྷོ་བྲག་མར་བའི་དངོས་སློབ་རྗེ་བཙུནམི་ལ་རས་པ། རྗེ་བཙུན་མི་ལ་རས་པའི་དངོས་སློབ་ལ་ཟླ་བ་ལྟ་བུའི་སློབ་མ་དང་ཉི་མ་ལྟ་བུའིསློབ་མ་མཆོག་ཏུ་གྱུར་བ་གཉིས་ཡོད་པའི་ནང་ནས་ཉི་མ་ལྟ་བུའི་སློབ་མ་ནི་དྭགས་པོ་བ་ཟླ་འོད་གཞོན་ནུ་འདི་ཡིན་ཞིང༌། ཁོང་ནི་ཆུང་དུས་ནས་སྨན་གྱི་གཞུང་ལུགས་མང་པོར་བལྟས་པསའཚོ་བྱེད་ཟླ་འོད་གཞོན་ནུ་ཞེས་མཚན་གྱི་གྲགས་པ་རྒྱས། ཁོང་དགུང་ལོ་བརྒྱད་ཡས་མས་ཞིགནས་བཟུང་སྟེ་སྨན་གྱི་རིགས་ལ་སྦྱངས་པ་བྱས། དམ་པ་བཅུ་གསུམ་བསྟེན་ཏེ། དམ་པ་བཅུགསུམ་གྱི་རིང་ལ་སྨན་གྱི་གཞུང་ལུགས་ལ་སྦྱངས་པས་སྨན་གྱི་གཞུང་ལུགས་ལ་ཧ་ཅང་མཁསཔར་གྱུར་བ་མ་ཟད། སྨན་གྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་གནང༌། ཕྱིས་སུ་ཁོང་གི་སྲས་ལྕམ་སྲིངགཉིས་དང་ཡུམ་སོགས་ཤི་བའི་རྐྱེན་གྱིས་དགུང་ལོ་སོ་གཉིས་སྟེང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། བསྙེན་རྫོགས་ཀྱི་སྡོམ་པ་སོགས་བཞེས། བླ་མ་གུང་ཐང་རྗེ་བཙུན་མི་ལ་རས་པབསྟེན་ནས་གདམས་ངག་གང་མང་གསན་ཏེ་དྭགས་པོ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའ་སྲོལ་འབྱེད་གནང༌། དྭགས་ལྷ་དགོན་པ་ཕྱག་འདེབས་མཛད། གསུང་ཆོས་ཀྱང་མང་པོ་མཛདཔ་དང༌། གསུང་ཆོས་གྲལ་གྱི་གྲགས་ཆེ་བ་དྭགས་པོའི་ཐར་རྒྱན་ནི་གཙོ་བོ་ཐེག་པ་ཆེན་པོའི་ལམགྱི་རིམ་པ་ལས་བརྩམས་ཏེ་གསུངས་པ་དང༌། དྭགས་པོའི་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་འདི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་སྦྱར་ཏེ་གསུངསའདུག དེ་རིང་འདིར་འཆད་པར་བྱ་བ་ནི། ཡོངས་གྲགས་སུ་དྭགས་པོའི་ཆོས་བཞི་ཞེས་པའིབསྟན་བཅོས་དེ་ཡིན། དྭགས་པོའི་ཆོས་བཞི་ནི། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་བ་སེལ་བ། འཁྲུལ་བ་ཡེ་ཤེས་ཀྱིས་སེལ་བ་དེ་དག་ཡིན། སྐབས་འདིར་དེའི་རྩབ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེ་འཕྲེང་བ་འཆད་པ་ལ། མཚན་དོན་ནི། དྭགས་པོའིཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་བཞུགསསོ། །དེའི་དོན་ནི། དྭགས་པོའི་ཆོས་བཞི་ནི་གོང་དུ་ཞུས་ཟིན་པ་ལྟར་དེ་དག་རྩ་བ་བྱས་ཏེ་སྐྱེསབུ་ཆུང་དང༌། འབྲིང་དང༌། ཆེ་གསུམ་གྱི་ལམ་བགྲོད་པའི་རིམ་པ་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནསབསྟན་པ་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བའི་བསྟན་བཅོས་གང་ན་བཞུགས་ནའདི་ན་བཞུགས་སོ་ཞེས་བསྟན་བཅོས་ཀྱི་མཚན་བཏགས་པ་རེད། གཞུང་དོན་ལ་ཀླད་ཀྱི་དོན་དང༌། གཞུང་དངོས་ཀྱི་དོན་གཉིས་ལས། དང་པོ་ནི། སྡོམ་དང་དམ་ཚིག་གུས་སེམས་མ་ཉམས་ཤིང༌། །ལུང་དང་རྟོགས་པ་བྱིན་རླབས་བརྒྱུད་པར་ལྡན། །ཇོ་བོའི་བཀའ་བརྒྱུད་བླ་མ་དམ་པ་ལ། །རྐང་གི་ཁོང་དང་སྙིང་གི་དཀྱིལ་ནས་འདུད། །ཅེས་ཕྱག་བྱར་འོས་པ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་གསུམ་ལ་གནས་པ་དང༌། བར་དུདམ་ཚིག་གི་སེལ་མ་བསླད་པ། སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་གུས་པ་ཕུན་སུམ་ཚོགས་པ་མ་ཉམསཤིང༌། ལུང་རྒྱ་ཆེར་སྤྱོད་པའི་ཕྱོགས་དང༌། རྟོགས་པ་ཟབ་མོ་ལྟ་བའི་ཕྱོགས། བྱིན་རླབས་ཉམསལེན་གྱི་བརྒྱུད་པ་གསུམ་དང་ལྡན་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བཀའགདམས་པའི་ལུགས་ཀྱི་ཡོངས་འཛིན་བླ་མ་དམ་པའམ་དགེ་བའི་བཤེས་གཉེན་རྣམས་ལ་ཁཙམ་ཚིག་ཙམ་མིན་པར་རྐང་གི་ཁོང་དང་སྙིང་གི་དཀྱིལ་ནས་གུས་པར་འདུད་ཅེས་མཆོད་བརྗོདགནང་འདུག གཉིས་པ་གཞུང་དངོས་ཀྱི་དོན་ལ་གསུམ་ལས་དང་པོ་དགོས་དོན་ནི། ཐེག་པ་ཐམས་ཅད་བརྗོད་བྱར་བསྟན་པ་ཡི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི། །དུས་གསུམ་འཕགས་པ་རྣམས་ཀྱི་གཞུང་ལམ་སྟེ། །ཞེས་དགོས་དོན་ནི་དགོས་སོགས་ཆོས་བཞིའི་སྒོ་ནས་འཆད་ན། བརྗོད་བྱ་ནི་ཐེག་པ་གསུམགྱི་ལམ་གྱི་རིམ་པ་མཐའ་དག་དང༌། རྗོད་བྱེད་ནི་སྐབས་འདིའི་ཚིག སྐྱེས་བུ་གསུམ་གྱི་ལམའབྲས་ལ་འགོད་པ་ནི་དགོས་པ། མཐར་ཐུག་ཐེག་པ་ཆེན་པོའི་ལམ་ལ་བཀོད་ནས་ཐེག་ཆེནགྱི་སྐུ་བཞི་མཛད་པ་འཕྲིན་ལས་སོགས་ཐོབ་པ་ནི་ཉིང་དགོས། སྔ་མ་སྔ་མ་ཕྱི་མ་ཕྱི་མ་དང་འབྲེལབ་ནི་འབྲེལ་བ་ལ་སྦྱར་ནས་འདིར་དགོས་སོགས་ཆོས་བཞི་ལ་སྦྱར་ཡང་རུང༌། སྐྱེས་བུ་གསུམགྱི་ལམ་གྱི་རིམ་པ་འདི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་འཕགས་པ་རྣམས་གཤེགས་པའིགཞུང་ལམ་ལྟ་བུ་ཡིན་ཏེ། རེ་ཞིག་གདུལ་བྱ་ཞིག་ལམ་ལ་དྲངས་བའི་དབང་དུ་བྱས་ན། ངན་སོངབ་རྣམས་མངོན་མཐོ་ལྷ་མིའི་རྟེན་བཟང་ལ་བཀོད་ནས་ཆོས་སྒྲུབ་པའི་རྟེན་བཟང་ལ་འགོད།དེ་ནས་སྐྱེས་བུ་ཆུང་ངུའི་ལམ་ལ་འགོད། དེ་ནས་སྐྱེས་བུ་འབྲིང་གི་ལམ་ལ་འགོད། དེའི་རྗེསཐེག་པ་ཆེན་པོའི་ལམ་ལ་བཀོད་ནས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་ཡིན་ཏེ། འཇམ་དཔལ་མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུརགནས། །ཞེས་གསུངས་པ་ལྟར་མཐར་ཐུག་ཐར་བ་གཅིག་ཏུ་བཞེད། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐར་བ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱེད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེསགསུངས་སོ། །གཉིས་པ་བསྡུས་དོན་ནི། ཆོས་བཞིས་རྒྱས་བཤད་དེ་དག་རེ་རེའང༌། །ལྟ་སྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་བླང༌། །ཞེས་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་བ་སེལ་བ། འཁྲུལ་བ་ཡེ་ཤེསཀྱིས་སེལ་བ་སོགས་ཆོས་བཞིས་རྒྱས་པར་བཤད་པ་དེ་དག་རེ་རེའང༌། ལྟ་སྒོམ་སྤྱོད་པ་གསུམགྱིས་ཉམས་སུ་ལེན་པའི་རིམ་པ་གདམས་ཡོད་ཅེས་འོག་གི་བསྡུས་དོན་གསུངས་པ་དང༌། འདིརཆོས་བཞི་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལས་བསྟནཔའི་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་དག་ཆོས་བཞིའི་ནང་ཚུར་བསྡུས་ནས་གསུངས་པ་རེད། དེ་ཡང་ཇོ་བོ་རྗེའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། གང་ཞིག་ཐབས་ནི་གངདག་གི །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་དང༌། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོགབདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་དང༌། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དགཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་སོ། །དམ་པའི་ཆོསསྒྲུབ་པ་ལ་མངོན་མཐོ་ལྷ་མིའི་རྟེན་བཟང་ཁྱད་པར་བ་ཐོབ་དགོས་ལ། དེ་ཐོབ་པ་ལ་དམ་པའིཆོས་བསྒྲུབ་དགོས་པས་དེ་ལྟ་བུའི་དམ་ཆོས་སྒྲུབ་བྱེད་ཀྱི་སྐྱེས་བུ་ཆུང་ངུའི་ལམ་ཞེས་བྱ་བ་ནིཆོས་ཆོས་སུ་འགྲོ་བ་ལ་སྦྱར་ནས་ཆོས་དེ་ཆོས་སུ་འགྲོ་བ་ལ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབབྱེད་ཀྱི་དམ་པའི་ཆོས་བསྒྲུབ་དགོས། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། དད་པ་རྣམདག་སྐྱེས་བུ་ཆུང་ངུའི་ལམ། །ཞེས་དང༌།མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཅི་ཙམ་འབད་ཀྱང་ཚེ་འདིའི་ཁ་འཛིན་ཙམ། །རང་བློ་ཆོས་སུ་འགྲོ་བ་མི་འདུག་པས། །ཆོས་བརྒྱད་འཆིང་བ་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་པ་དང་འདིར་དྭགས་པོའི་ཆོས་བཞིའི་གྲལ་གྱི་ཆོས་ཆོས་སུ་འགྲོ་བ་གཉིས་གནད་གཅིག་ཏུ་འགྲོ་བ་རེད། དེས་ན་ཆོས་ཆོས་སུ་འགྲོ་བ་འདིསྐྱེས་བུ་ཆུང་ངུའི་ལྟ་སྒོམ་སྤྱོད་གསུམ་དང་སྦྱར་ནས་འོག་ཏུ་གསུངས་འདུག སྤྱིར་གདུལ་བྱ་ལ་ཐེག་པ་གསུམ་གྱི་རིགས་ཅན། ཉན་རང་གི་ལམ་ལ་འགོད་རུང་དང༌། ཐེག་ཆེན་གྱིལམ་ལ་འགོད་རུང་སོགས་གསུམ་དང་གནས་སྐབས་རིགས་ཆད་བཞི་ཡོད་ཅིང༌། གདུལ་བྱ་དེ་དག་གི་དབང་དུ་བྱས་ནས་འདིར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གསུངས་པརེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱི་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ལ་བཞི་སྟེ། ཉན་ཐོས་ཀྱི་རིགས་ཅན་དང༌། རང་སངས་རྒྱས་ཀྱི་རིགས་ཅནདང༌། སངས་རྒྱས་ཀྱི་རིགས་ཅན་དང༌། རིགས་མེད་པའི་གང་ཟག་གོ །དེ་ལ་རིགས་ཅནགསུམ་ནི་ཐེག་པ་གསུམ་དུ་ཡོངས་སུ་སྨིན་པར་བྱའོ། །རིགས་མེད་པའི་གང་ཟག་ཀྱང་ལྷ་དངམིའི་བདེ་འགྲོར་ཡོངས་སུ་སྨིན་པར་བྱའོ། །ཞེས་གསུངས་ལྟར་འདིར་ཡང་ཆོས་ཆོས་སུ་འགྲོབ་ཞེས་པའི་སྐབས་སུ་གནས་སྐབས་ངན་སོང་གི་སྡུག་བསྔལ་ཞི་བར་བྱས་ཏེ་སྡིག་པ་སོགསསྤངས་བར་བྱེད་པའི་ལམ་བསྟན། མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་བྱེད་ཀྱི་མི་དགེ་བཅུསྤོང་གི་ཚུལ་ཁྲིམས་དང་འཆི་བ་མི་རྟག་པ་སྒོམ་པའི་བློ་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དག་བསྟནནས་རིམ་གྱིས་བགྲོད་པར་བྱེད་དགོས། དེས་ན་འདིར་ཆོས་བཞིའི་དོན་ནི་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་བཤད་པ་ཡིན་ཞིང༌། རྣམ་པ་ཐམས་ཅད་ཀྱིས་ཆོས་བཞིའི་ཚིག་དེ་ངེསཔར་བློ་ལ་འགྲོ་དགོས། དེ་ཡང་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་བསེལ་བ། འཁྲུལ་བ་ཡེ་ཤེས་སུ་འཆར་བ་དེ་དག་ངེས་པར་བློ་ལ་ངེས་དགོས་འདུག སྤྱིརཆོས་ནི་རང་གི་ངོ་བོ་འཛིན་པ་ཞེས་བཤད་ལ། ཆོས་ཀྱི་དོན་ནི་རྣམ་པ་བཅུ་ལ་འཇུག་སྟེ། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་གཟུང༌། །གསུང་རབ་ཚེ་དང་ཡེ་ཤེས་དང༌། །འབྱུང་འགྱུར་ཉིད་དང་ཆོས་ཉིད་ལའོ། །ཞེས་ཆོས་ནི་སྤྱིརདོན་བཅུ་ལ་འཇུག་ན་ཡང༌། སྐབས་འདིར་ཆོས་ཆོས་སུ་འགྲོ་བ་ཞེས་པའི་ཆོས་ནི་འཇིགརྟེན་གྱི་ལུགས་བཟང་པོ་རང་ཉིད་ཀྱིས་དེ་སྤྱད་པ་ལ་བརྟེན་ནས་ཐར་བའི་སྣོད་དུ་རུང་བ། ཐརབའི་སྣོད་དུ་རུང་བར་བྱ་བ་ལ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་དགོས་ལ། དེ་ཐོབ་བྱེད་ལ་འདིར་ཆོས་ཞེས་སྦྱར་བ་རེད། དེས་ན་ཆོས་ཆོས་སུ་འགྲོ་བ་ཞེས་པ་ནི་སྐྱེས་བུ་ཆུང་ངུའི་ཆོས་{ོར་ལ་སྦྱར། ཆོས་ལམ་དུ་འགྲོ་བ་ཞེས་པ་ནི་སྐྱེས་བུ་འབྲིང་གི་ཆོས་སྐོར་ལ་སྦྱར། ཆོས་ལམ་དུའགྲོ་ཞེས་བྱ་བ་ནི། འཁོར་བ་སྡུག་བསྔལ་ལ་ཞེན་ལོག་སྐྱེས་པའི་ངེས་འབྱུང་གི་བསམ་པས་རྩིས་ཟིན་ན་ཆོས་དེ་ལམ་དུ་འགྲོ་བ་རེད། ལམ་འཁྲུལ་བ་སེལ་བ་དང་འཁྲུལ་བ་ཡེ་ཤེས་སུའཆར་བ་གཉིས་ནི་ཐེག་ཆེན་གྱི་ལམ་ལ་སྦྱར་ཞིང༌། ལམ་འཁྲུལ་བ་སེལ་བ་ནི། ཉན་རངསོགས་ཀྱི་སྐབས་ན་ཉོན་མོངས་པའི་སྒྲིབ་པ་དེ་དག་སེལ་ཐུབ་པ་ལས་ཤེས་བྱའི་སྒྲིབ་པ་ནི་སེལ་མི་ཐུབ་པས་ཐེག་ཆེན་ལམ་གྱིས་བདེན་པར་འཛིན་པའི་བདེན་འཛིན་གྱི་ཞེན་ཡུལ་མེདཔར་རྟོགས་ན་འཁྲུལ་བ་དེ་དག་སེལ་ཐུབ། དེས་ན་ལམ་འཁྲུལ་བ་སེལ་བ་ཞེས་བཤད་དོ། །ལམ་འཁྲུལ་བ་སེལ་བ་ཞེས་པའི་ལམ་ནི་ཐེག་ཆེན་གྱི་ལམ་ཡིན་ལ། ཐེག་ཆེན་གྱི་ལམ་ལ་ཡང་རྒྱུ་འབྲས་གཉིས་ཡོད་པའི་ནང་གི་རྒྱུའི་ཐེག་པ་ཉམས་ལེན་ལ་གོ་བར་བྱས་ཏེ། རྒྱུའིཐེག་པའི་ཉམས་ལེན་དེ་ལ་བརྟེན་ནས་འཁྲུལ་བ་མཐའ་དག་ཚེར་མ་ཕྱུང་བ་ལྟར་དྲུངསནས་དབྱུང་ཐུབ། དཔེར་ན། ཐག་ཁྲ་ཞིག་སྦྲུལ་རེད་སྙམ་ནས་འཁྲུལ་འདུག་ཡོད་ན། ཐག་ཁྲ་སྦྲུལ་མ་ཡིན་པ་རྟོགས་མ་ཐག་ཏུ་ཐག་ཁྲ་སྦྲུལ་དུ་འཛིན་པའི་འཁྲུལ་བ་སེལ་འགྲོ་བ་ལྟར།ཐེག་པ་ཆེན་པོའི་ལམ་ལ་བརྟེན་ནས་བདེན་འཛིན་གྱི་འཁྲུལ་བ་མཐའ་དག་སེལ་འགྲོ། འཁྲུལབའི་ཆ་དེ་དག་བསལ་ནས་ཡེ་ཤེས་སུ་བསྒྱུར་བ་ན་ཆོས་བཞིའི་ཕྱི་མ་འཁྲུལ་བ་ཡེ་ཤེས་སུ་འཆར་ཚུལ་ཡིན་པར་འགྲེལ་བ་ཁག་ན་གསུངས་འདུག གསུམ་པ་ཚིག་དོན་རྒྱས་པར་བཤད་པལ་བཞི་ལས། དང་པོ་ཆོས་ཆོས་སུ་འགྲོ་བ་རྒྱས་པར་བཤད་པ་ལ། གཉིས་ལས། དང་པོ་ལྷམིའི་ཆོས་ལུགས་བཤད་པ་ནི། འདིར་ལྷ་མིའི་གོ་འཕང་ཐོབ་བྱེད་ཀྱི་ཆོས་ནི་འཇིག་རྟེན་གྱི་ལྟ་སྒོམ་སྤྱོད་གསུམ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ། ལས་འབྲས་ཡང་དག་པར་སྒོམཔ་ནི་འཇིག་རྟེན་པའི་སྒོམ། དགེ་སྒྲུབ་སྡིག་སྤོང་གི་སྤྱོད་པ་ནི་འཇིག་རྟེན་པའི་སྤྱོད་པའོ། །ཡང་དག་ལྟ་བ་ལས་འབྲས་སྒོམ། །དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ། །འབྲས་བུ་མཐོ་རིས་ལྷ་མི་གཉིས། །སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན། །ཞེས་འདིར་བསྟན་པའི་ཡང་དག་པའི་ལྟ་བ་ནི་ལས་དང་ལས་ཀྱི་འབྲས་བུ། དཀོན་མཆོགགསུམ་དང་བདེན་པ་བཞིའི་རྣམ་བཞག་སོགས་ཡོད་པར་ལྟ་བ་ནི་འདིར་བསྟན་པའི་ཡང་དགཔའི་ལྟ་བ་ཡིན་ཏེ། དེ་དག་མེད་པར་ལྟ་ན་ལོག་པའི་ལྟ་བ་ཡིན། དེ་ལས་ལྡོག་པའི་ལྟ་བ་ཡིནཔའི་ཆ་ནས་ཡང་དག་པའི་ལྟ་བ་ཞེས་བཤད་པ་རེད། ལོག་པའི་ལྟ་བ་ནི། སློབ་དཔོན་དཔའ་བོས། སྦྱིན་མེད་མཆོད་སྦྱིན་ཡོད་མེད་དང༌། །འཇིག་རྟེན་ཕ་རོལ་ཡོད་མིན་དང༌། །དགེ་སྦྱོང་བྲམ་ཟེ་ལྷ་རྣམས་མེད། །རྫོགས་སངས་རྒྱས་དང་དགྲ་བཅོམ་དང༌། །རང་སངས་རྒྱས་དང་ལེགསསྤྱོད་དང༌། །ཉེས་པར་སྤྱོད་པ་ཡོད་མིན་ཞེས། །བྱ་བ་ལོག་པར་ལྟ་བ་ཡིན། །ཞེས་གསུངས་པལྟར་དེ་འདྲའི་མེད་ལྟ་རྒྱུད་ལྡན་ནི་ངན་སོང་དུ་འགྲོ་བ་དང༌། ལས་འབྲས་ཡོད་པར་ལྟ་ན་བདེ་འགྲོརའགྲོ་བ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པཔོ་ནི་བདེ་འགྲོར་འགྲོ། །ཞེས་གསུངས་པ་ལྟར།ལས་འབྲས་ཡོད་པར་ལྟ་བ། དཀོན་མཆོག་གསུམ་ཡོད་པར་ལྟ་བ། བདེན་བཞི་ཡོད་པར་ལྟ་བ་ནི་འདིར་འཇིག་རྟེན་པའི་ཡང་དག་པའིལྟ་བ་ཡིན་ཞེས་གསུངས་པ་རེད།ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་ཡང་དག་ལྟ་བ་དེ། །ཆེན་པོ་སུ་ལ་ཡོད་གྱུར་ན། །དེ་ནི་བསྐལ་བ་འབུམ་ཕྲག་བརྒྱ། །ངན་སོང་དུ་ནི་མི་འགྱུརརོ། །ཞེས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་འབྲས་ཡོད་པར་ལྟ་བ། མཆོག་གསུམཡོད་པར་ལྟ་བ་དེ་དག་ཆེན་པོ་སུ་ལ་ཡོད་ན། བསྐལ་བ་སྟོང་ཕྲག་གི་བར་དུ་ངན་སོང་དུ་འགྲོབར་མི་འགྱུར་ཞེས་གསུངས་ལ། དེའི་རྒྱུ་མཚན་གྱིས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནིརང་རྒྱུད་ལ་ཡོད་རྒྱུ་གལ་ཆེན་པོ་ཡིན། འཇིག་རྟེན་པའི་སྒོམ་ནི་ལས་འབྲས་ལ་ཞིབ་པར་བསམ་བློ་བཏང་ནས་སྒོམ་པའི་བློ་ལ་བྱེད་པའོ། །ལས་ལ་ལས་དགེ་བ་དང་མི་དགེ་བའི་ལས། ཡང་ན་བསོད་ནམས་དང་བསོད་ནམས་མིན་པ། མི་གཡོ་བའི་ལས་གསུམ་སོགས་ལས་ལ་བྱེབྲག་མང་པོ་འདུག དཔེར་ན་མི་དགེ་བའི་ལས་རགས་ཙམ་ཞིག་ཞུ་ན། སྲོག་གཅོད་པ། མ་བྱིནལེན་པ། འདོད་པའི་ལོག་པར་གཡེམ་པ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། བརྣབ་སེམས་གནོདསེམས་ལོག་ལྟ་བཅས་མི་དགེ་བ་བཅུ་ཡོད་ལ། མི་དགེ་བ་བཅུ་པོ་རེ་རེའི་གཞི་བསམ་པ་སྦྱོརབ་མཐར་ཐུག་ཚང་བའི་མི་དགེ་བ་དེ་དག་གི་རྣམ་སྨིན་གྱི་འབྲས་བུ་ནི་དམྱལ་བ་ཡི་དྭགས་དུདའགྲོ་ལ་སོགས་པ་དང༌། བྱེད་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན་ལ་སོགས་པའི་འབྲས་བུ་མང་པོབསྐྱེད་པ། དཔེར་ན་སྲོག་གཅོད་པ་གཅིག་གི་དབང་དུ་བྱས་ན་སྲོག་གཅོད་པའི་གཞི་བསམ་སྦྱོར་བ་མཐར་ཐུག་གི་དབང་གིས་ཕ་རོལ་བོའི་སྲོག་དབང་འགག་པར་བྱས་ན་སྲོག་གཅོད་པའིམི་དགེ་བའི་ལས་བྱས། དེའི་དབང་གིས་རྣམ་སྨིན་ངན་སོང་གསུམ་གྱི་སྡུག་བསྔལ་སོགས་མྱོངདགོས། གལ་ཏེ་དེ་ལས་ཐར་ན་ཡང༌། བྱེད་པ་རྒྱུ་མཐུན་མི་ལ་སྐྱེས་ཀྱང་ཚེ་ཐུང་བ་དང༌། མྱོངབ་རྒྱུ་མཐུན་སྲོག་གཅོད་པ་ལ་དགའ་བ་སོགས་འབྲས་བུ་མང་པོ་བསྐྱེད་པ། དེས་ན་མི་དགེ་བ་བཅུ་པོ་རེ་རེའི་སྟེང་གི་ལས་དང་འབྲས་བུ་དེ་དག་ལེགས་པར་སྒོམ་པ་ནི་ལས་འབྲས་སྒོམཔ་ཞེས་བཤད་པ་རེད། དགེ་བའི་ལས་དང་འབྲས་བུ་བསམ་ན། མི་དགེ་བཅུ་སྤོང་བའི་དགེ་བབཅུ་དང༌། སྦྱིན་པ་བྱས། ཚུལ་ཁྲིམས་བསྲུངས། ཚུལ་ཁྲིམས་བསྲུངས་པ་ལ་བརྟེན་ནས་མངོནམཐོ་ལྷ་མིའི་གོ་འཕང་ཐོབ་ཐུབ་པ་སོགས་ལས་འབྲས་མང་པོ་བློ་ལྡོག་རྣམ་བཞིའི་བཤད་པའིསྐབས་དང༌། འདིའི་འགྲེལ་བ་ཁག་ན་ལས་འབྲས་སྐོར་རྒྱས་པར་གསུངས་འདུག དེ་དག་ལབསམ་གཞིག་གནང་དགོས། སྔོན་མ་ལམ་རིམ་སྐོར་རབ་དང་རིམ་པ་མང་པོ་བཤད་ཟིན་པསསྐབས་འདིར་མང་པོ་མ་ཞུས་ན་ཆོག་པ་རེད། སྤྱིར་ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་གནས་ཡིན་པ་དང༌། ལས་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བམི་སྲིད་ལ། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་གནས་ཡིན་པ་དང༌། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་མི་སྲིད། ལས་དེ་དག་ཀྱང་ཆུད་མི་ཟབ་ཡིན་པ་དང༌། བསྐལ་བ་བརྒྱར་སོང་ཡང་ལས་འབྲས་ཆུད་མི་ཟ་བ་ཡིན་པས་ལས་འབྲསཀྱི་རྣམ་བཞག་ལ་བསམ་བློ་གཏང་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་ལས། སབོན་མངར་བ་བཏབ་པ་ལས་འབྲས་བུ་མངར་བ་ཉིད་དུ་སྨིན། ས་བོན་ཁ་བ་བཏབ་པ་ལས་འབྲས་བུ་ཁ་བ་ཉིད་དུ་སྨིན་པར་འགྱུར་ཞེས་གསུངས་ལ། དེས་ན་ལས་འབྲས་ལ་ཡིད་ཆེས་བྱས་ཏེ་ལས་འབྲས་མི་བསླུ་བར་བསམ་དགོས། དེ་སྒོམ་པ་ནི་འཇིག་རྟེན་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ནས་སྒོམ་པ་ཡིན་པར་གསུངས་པ་རེད། ལས་འབྲས་མི་བསླུ་བ་ཡིན་པར་ཤེསདགོས་ཏེ། གནས་སྐབས་ང་ཚོས་བྱ་བ་མངོན་ལྐོག་གང་བྱས་ཀྱང༌། རེ་ཞིག་གཡོ་སྒྱུས་གཞནལ་མགོ་སྐོར་གནང་ཐུབ་ན་ཡང༌། མཐར་ཐུག་ན་ལས་འབྲས་ཀྱིས་ཐག་གཅོད་ཡོད་པ་བརྒྱ་ཆའིབརྒྱ་ཡིན་པས་ལས་འབྲས་མི་བསླུ་བ་ཡིན་པ་ཡང་ནས་ཡང་དུ་བསྒོམ་དགོས། འཇིག་རྟེན་པའིསྤྱོད་པ་ནི། དགེ་བ་ལ་འཇུག་པར་བྱེད། སྡིག་པ་སོགས་སྤངས་པར་བྱེད་པའི་སྤྱོད་པ་སྟེ། དེ་ནི་འཇིག་རྟེན་པའི་ལྟ་སྒོམ་སྤྱོད་གསུམ་གྱི་གྲལ་ནས་སྤྱོད་པ་ཡིན་ལ། མི་དགེ་བ་བཅུ་སྤངསནས་དགེ་བ་བཅུ་ལ་སོགས་པ་སྒྲུབ། སྦྱིན་པ་བྱིན་པ། ཚུལ་ཁྲིམས་བསྲུང་པ་སོགས་ཚུལ་བཞིནདུ་བསླབ། ཁ་བཏོན་བཟླས་བརྗོད། ཚོགས་བསགས་སྒྲིབ་སྦྱངས་སོགས་དགེ་བ་སྒྲུབ། སྲོགགཅོད་པ།མ་བྱིན་པ་ལེན་པ། འདོད་པའི་ལོག་པར་གཡེམ་པ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། བརྣབ་སེམས་གནོད་སེམས། ལོག་ལྟ་སོགས་ཀྱིས་མཚོན་ནས་སྡིག་པ་མི་དགེ་བ་ལས་ལྡོགདགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟནཔ་ཡིན། །ཞེས་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་གྱི་རིམ་པའི་དབང་དུ་བྱས་ན། དགེ་བ་སྒྲུབ། སྡིག་པ་སྤངས། རང་གི་སེམས་ཡོངས་སུ་འདུལ་བར་གསུངས་པ་ལྟར་དགེ་སྡིག་འཇུགལྡོག་གི་སྤྱོད་པ་ལ་གནས་དགོས། འཇིག་རྟེན་པའི་ལྟ་སྒོམ་སྤྱོད་གསུམ་གྱི་དགེ་བ་སྒྲུབ་པ་དེལ་བརྟེན་ནས་འབྲས་བུ་ངན་སོང་ལས་རིས་མཐོ་བའི་ལྷ་དང་མིའི་གོ་འཕང་ཐོབ་ཐུབ། དེ་དགནི་སྐྱེས་བུ་ཆུང་ངུའི་ལམ་ཡིན་པས་སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན་པར་གསུངས་པ་རེད། དེ་དགནི་སྐྱེས་བུ་ཆུང་ངུའི་ཉམས་ལེན་གྱི་རིམ་པས་བསྡུས་ཚུལ་དང༌། གོང་དུ་ཞུས་ཟིན་པ་ལྟར་ལྟསྒོམ་སྤྱོད་གསུམ་གྱིས་བསྡུས་ཚུལ་གཉིས་ཡོད། དེ་རིང་འདིར་མཚམས་འཇོག་གི་ཡིན། དྭགས་པོའི་ཆོས་བཞིའི་ནང་ནས་ཆོས་ཆོས་སུ་འགྲོ་བ་ནི་འཇིག་རྟེན་པའི་ལྟ་སྒོམ་སྤྱོད་གསུམའབྲས་བུ་དང་བཅས་པའི་སྒོ་ནས་ཞུས་ཟིན་ནས། དེ་རིང་འདིར་ཆོས་ལམ་དུ་འགྲོ་བ་ནི། བདག་མེད་ལྟ་བ་ཉེས་དམིགས་བསྒོམ། །ངེས་འབྱུང་བསླབ་པ་གསུམ་སྤྱོད་པ། །འབྲས་བུ་ཉན་རང་བྱང་ཆུབ་སྟེ། །སྐྱེས་བུ་འབྲིང་པོ་བསྡུས་པ་ཡིན། །ཞེས་ཆོས་ལམ་དུ་འགྲོ་བར་བྱེད་པ་ལ་ངེས་འབྱུང་གི་བསམ་པས་རྩིས་ཟིན་པའི་དམ་པའི་ཆོསདགེ་བ་གང་སྒྲུབ་ཀྱང་ཐར་བ་ཐོབ་བྱེད་ཀྱི་ལམ་ཡིན་ལ། དེས་ན་འདིར་ཆོས་ལམ་དུ་འགྲོ་བཞེས་པ་དང༌། ས་སྐྱའི་ཞེན་པ་བཞི་བྲལ་གྱི་ནང་གི་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་ཞེས་པ་དང༌། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །ཞེས་གསུངས་པ་དེ་དག་གནད་གཅིག་ཏུ་འགྲོ་བ་རེད། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའིབྱང་ཆུབ་ལམ་གྱི་སྒྲོན་མ་ལས། རང་ཁོ་ནའི་དོན་དུ་སྡུག་བསྔལ་ཞི་བའི་ཞི་བ་ཙམ་དོན་དུ་གཉེརམཁན་ནི་སྐྱེས་བུ་འབྲིང་ཡིན་པར་གསུངས་ལ། དེས་ན་འདིར་ལྟ་བ་བདག་མེད་སྒོམ་པ། སྒོམ་པ་འཁོར་བའི་ཉེས་དམིགས་ཤེས་པ། སྤྱོད་པ་བསླབ་པ་གསུམ་ལ་ཞུགས་པ། འབྲས་བུ་ཉནརང་གི་བྱང་ཆུབ་ཐོབ་པ་བཞི་ལས་དང་པོ་ནི་ལྟ་བ་བདག་མེད་སྒོམ་པ་ནི། ཉན་རང་གི་ལྟ་བབདག་མེད་པའི་ལྟ་བ་ཡིན་པ་དང༌། སྤྱིར་ཉན་རང་གིས་བདེན་བཞི་མི་རྟག་བཅུ་དྲུག་བསྒོམབྱའི་གཙོ་བོར་བྱས་ཏེ་བསྒོམ་དགོས། ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་ན། མཛོད་ལས། དྲིམེད་ཤེས་བྱ་རྣམ་སྨིན་ཤེས། །ཞེས་གསུངས་པ་དང༌། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམའགྲེལ་ལས། མི་རྟག་ལས་ནི་སྡུག་བསྔལ་དང༌། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་གསུངས་པ་ལྟར་བདེན་བཞི་མི་རྟག་བཅུ་དྲུག་བསྒོམ་དགོས། དེའི་ནང་ནས་ལྷག་ཏུ་བདགམེད་རྟོགས་པའི་ཤེས་རབ་བསྒོམ་དགོས་ཏེ། བདག་མེད་རྟོགས་པའི་ཤེས་རབ་བསྒོམ་དགོསཔའི་རྒྱུ་མཚན་ནི་སྲིད་པ་འཁོར་བའི་རྩ་བ་ནི་གང་ཟག་གི་བདག་འཛིན་ཡིན་ལ། དཔལ་ཆོསཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆཡིན། །ཞེས་གསུངས་པ་ལྟར་བདག་ཏུ་གྲུབ་པར་འཛིན་ན་དེའི་དབང་གིས་བདག་དང་གཞནའཛིན་པ། དེ་འཛིན་པའི་དབང་གིས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་བྱུང༌། དེའི་དབང་གིས་ལས་བསགས།ལས་ཀྱི་དབང་གིས་འཁོར་བར་འཁོར་བ་ཡིན་ཏེ། དཔལ་མགོནའཕགས་པ་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟར་སྡུག་བསྔལ་མཐའ་དག་བདག་འཛིན་གྱི་དབང་གིས་འབྱུང་བཞིན་ཡོད། དེས་ན་བདག་མེད་རྟོགསཔའི་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱས་ཏེ་བདག་འཛིན་གྱི་ཞེན་ཡུལ་སུན་འབྱིན་དགོས། བདགཏུ་གྲུབ་པར་འཛིན་པ་ནི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་པར་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས།ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བརབློ་ཡིས་མཐོང་གྱུར་ཞིང༌། །ཞེས་ཉེས་པ་ཐམས་ཅད་ཀྱི་གཞི་ནི་བདག་འཛིན་ཡིན་པར་གསུངསཔ་ལྟར།ང་ཚོས་ལས་དང་ཉོན་མོངས་པ་བསྒྲུབས། དེའི་དབང་གིས་བྱུང་བའི་འབྲས་བུ་སྡུག་བདེན་ཐམས་ཅད་བདག་གཅེས་འཛིན་དེའི་དབང་གིས་བྱུང་བ་ཡིན་པས་བློ་སྦྱོང་དོན་བདུནམ་ལས་གསུངས་པ་ལྟར།ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་བདག་གཅེས་འཛིན་གྱི་དབང་གིས་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མང་པོ་སྐྱེས། དེའི་དབང་གིས་འདོད་ཆགས་ཞེ་སྡང་གཏི་མུག་སོགས་བྱུང༌། དེའི་དབང་གིས་ལས་མི་དགེ་བ་བསགས། དེའི་དབང་གིས་འབྲས་བུ་སྡུག་བསྔལ་དག་བྱུང་བས་ཐམས་ཅད་ཀྱི་རྩ་བའམ་གཞི་ནི་བདག་གཅེས་འཛིན་ཡིན་པས་བདག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པའམ་བདགམེད་རྟོགས་པའི་ཤེས་རབ་བསྒོམ་དགོས། བདག་ནི་ཕྱི་རོལ་བས་འདོད་པའི་ལོངས་སྤྱོད་པ་པོ། རྟག་པ་གཅིག་པུ། རང་དབང་བའི་བདག་ལ་བྱེད་པ་ཡིན་ཏེ། དབུ་མ་འཇུག་པ་ལས། ཟ་པོ་རྟགདངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེའི་དབྱེཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་གསུངསཔ་ལྟར་མུ་སྟེགས་པ་ཐམས་ཅད་ཀྱི་གྲུབ་མཐའི་རྩ་བའི་གྲངས་ཅན་པའི་འདོད་པའི་བདག་དེབཞག་ནས་དེ་འདོད་སྟངས་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་ཕྱི་རོལ་བ་རང་རང་སོསོས་བཏགས་པའི་བདག་མི་འདྲ་བ་མང་པོ་ཞིག་བྱུང༌། དེ་འདྲའི་བདག་འཛིན་གྱི་དབང་གིསབདག་གིར་ལྟ་བ་ཉི་ཤུ་བྱུང་བ་དང༌། དེ་ལྟར་བྱུང་བ་ཡང་མི་ཤེས་པ་དང་མ་རིག་པའི་དབང་གིས་བྱུང་བ་ཡིན་ཞིང༌། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་ལས། མི་ཤེས་གཉིད་ཀྱིས་རབབསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང༌། །སྒྱུ་མ་སྨིག་རྒྱུ་ལ་སོགས་བརྟགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་སོ། །འཇིག་ཚོགས་ལ་ལྟ་བ་ནི་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། འཇིག་ཚོགས་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཕུང་པོ་དང་ཚོགས་སུགྱུར་བ་ལ་བྱ་སྟེ། དེ་ལ་བདག་ཡོད་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །ཞེས་གསུངས་པས་རྟག་པ་གཅིག་པུ་རང་དབང་བའི་བདག་ཏུ་གྲུབ་བར་འཛིན་ན་དེས་འཛིན་པ་ལྟར་ཞེན་ཡུལ་མ་གྲུབ་པ་ཤེས་དགོས། གང་ཟག་རང་རང་སོ་སོས་ངའོ་སྙམ་དུ་འཛིན་པ་ན་ཕུང་པོ་སོགསལ་མ་ལྟོས་པའི་ངའམ་བདག་ཚུགས་ཐུབ་པ། ལྟོས་མེད་ཚུགས་ཐུབ་ཏུ་གནས་པའི་རང་དབངབའི་བདག་ཅིག་གྲུབ་པར་འཛིན་པ་ཡིན་ན་ཡང༌། དེ་ལྟར་འཛིན་པ་ལྟར་མ་གྲུབ་པ་རེད། ཕུངབོ་བཞིའམ་ལྔ་ལ་ཕར་གང་ཟག་ཅེས་བཏགས་པ་ཙམ་ལས་ཕུང་པོ་ལྔ་ལས་ལོགས་སུ་གྱུར་བའིབདག་གམ་ང་རྟག་པ་གཅིག་པུ་རང་དབང་བར་གྲུབ་པའི་བདག་མེད་དེ། དཔེར་ན། གཞི་བུམཔ་ལྟ་བུ་ནི་བུམ་པའི་མཆུ་ལྟོ་སོགས་ཚོགས་པ་ཙམ་ལ་ཕར་བུམ་པ་ཞེས་བཏགས་པ་ཙམ་ལསབུམ་པའི་མཆུ་ལྟོ་སོགས་ལས་ལོགས་སུ་གྱུར་བའི་རང་དབང་བ་དང་རྟག་པ་གཅིག་པུ་པའི་བུམ་པ་མེད་པ་ནི་མངོན་སུམ་དུ་གྲུབ་ཐུབ་པ་ལྟར་གང་ཟག་ཀྱང་གཟུགས་ཀྱི་ཕུང་པོ་ཚོར་བའིཕུང་པོ་སོགས་ལ་ཕར་གང་ཟག་ཅེས་བཏགས་པ་ལས་དེ་དག་ལས་ལོགས་སུ་གྱུར་བ་མེད་པརཤེས་དགོས། དེས་ན་བདག་མེད་རྟོགས་པའི་ཤེས་རབ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམསཀྱི་ལྟ་བ་ཡིན་ཏེ།བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས།གང་ཆོས་ཐམས་ཅད་ལ་གང་ཟག་གིདངོས་པོ་མེད་དེ། གང་ཟག་གི་བདག་མེད་པར་ཡང་དག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནིཉན་ཐོས་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ། ཉན་རངགི་སྒོམ་པ་ནི། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་ཞེས་གསུངས་པ་ལྟར་འཁོར་བའི་སྐྱོན་མཐོང་བར་བྱས་ཏེ།ངེས་འབྱུང་གི་བསམ་པ་རྒྱུད་ལ་བསྐྱེད་པར་བྱ་དགོས། དེ་རྒྱུད་ལ་སྐྱེད་པར་བྱེད་པ་ལ་འཁོར་བའི་སྐྱོན་མཐོང་དགོས་ཤིང༌། འཁོར་བའི་སྐྱོན་ནི། སྡུག་བསྔལ་གྱི་སྡུགབསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། སྡུག་པ་ཡིད་འོང་དང་བྲལབའི་སྡུག་བསྔལ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། འདོད་པ་བཙལ་ཡང་མི་རྙེད་པའིསྡུག་བསྔལ་སོགས་དེ་དག་ནི་འཁོར་བའི་སྐྱོན་ཡིན་ལ། དྭགས་པོ་ཆོས་བཞིའི་རྩ་བ་འདིའི་འགྲེལ་བ་ཁག་ན། སྐབས་འདིའི་ཉེས་དམིགས་སྒོམ་པ་ནི། དལ་འབྱོར་རྙེད་དཀའ། འཆི་བམི་རྟག་པ་སོགས་སྒོམ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བལྟ། འཁོར་བའི་ཉེས་དམིགསལ་བསམ་བློ་བཏང་བ་སོགས་དེའི་ཤུགས་ལ་མྱང་འདས་ཐར་བ་སོགས་ཀྱི་ཕན་ཡོན་ཤེས་པརབྱས་ཏེ་སྒོམ་པ་ལ་སྦྱར་ནས་གསུངས་འདུག དེས་ན་འདིར་ཡང་ཉེས་དམིགས་སྒོམ་པ་ནི། དལའབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་དག་ལ་བསམབློ་བཏང་ནས་འཁོར་བ་ལ་སྐྱོ་བའི་བློ་རྒྱུད་ལ་བསྐྱེད་པར་བྱ་དགོས། འདིར་དལ་འབྱོར་རྙེདདཀའ་སོགས་ནམ་རྒྱུན་མང་པོ་ཞུ་བཞིན་ཡོད་པས་མདོར་བསྡུས་ཙམ་ཞིག་བཤད་ན་ཆོག་གིནའདུག དེ་ཡང་དལ་འབྱོར་རྙེད་དཀའ་ནི། རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པརཤིན་ཏུ་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབསན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་དལ་འབྱོར་གྱི་མི་ལུས་འདི་ནི་རྙེད་པརཤིན་ཏུ་དཀའ་བར་གསུངས་པ་དང༌། དེ་ནང་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སོ་སོརཐར་བའི་མདོ་ལས། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཞེས་རྙེད་དཀའ་བར་གསུངས་པ་ལྟར་དལ་འབྱོར་གྱི་མི་ལུས་ནིརྒྱུ་གྲངས་དཔེ་ངོ་བོ་ལ་སོགས་པའི་སྒོ་ནས་རྙེད་པར་དཀའ་བ་ཡིན་ཏེ། ངོ་བོའི་སྒོ་ནས་རྙེད་པརདཀའ་ཚུལ་ནི། དལ་བ་བརྒྱད་འབྱོར་བ་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་རྙེད་དཀའ་བསངོ་བོའི་སྒོ་ནས་རྙེད་པར་དཀའ་བ་དང༌། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། དམྱལ་བ་ནིས་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ནི། ཁ་བ་བུ་ཡུག་འཚུབས་པ་ཙམ། དུད་འགྲོ་ནི། རྒྱམཚོ་ལ་ཆང་གར་མའི་སྦང་མ་ཙམ་ཡོད་ལ། ལྷ་མི་གཉིས་ནི། དེ་དག་ལ་ལྟོས་ནས་སྲིད་མཐའཙམ་མམ་སེན་མོའི་སྟེང་གི་རྡུལ་ཙམ་ཡོད་པ་ཆེས་ཉུང་བས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ། རྒྱུའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྨོནལམ་དྲི་མ་མེད་པས་མཚམས་སྦྱར། སྦྱིན་སོགས་དགེ་བ་མང་པོས་གྲོགས་བྱེད་དགོས་པ་ལ་དེ་ཚང་མཁན་ནི་ཧ་ཅང་དཀོན་པས་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་དང༌། དཔེའི་སྒོ་ནས་རྙེད་པརདཀའ་ཚུལ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུག་དང༌། །རུལ་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབངགིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང༌། རྒྱལ་སྲས་ཞི་བ་ལྷས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་གསུངས་པ་ལྟར་དཔེའི་སྒོ་ནས་རྙེད་པར་དཀའ་བ་སོགས་རྒྱུ་གྲངསདཔེ་ངོ་བོ་བཞིའི་སྒོ་ནས་དལ་འབྱོར་མི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་བར་བསྒོམ་དགོས། འཆི་བ་མི་རྟག་པ་སྒོམ་ཚུལ་ནི། ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་རྐྱེན་ངེས་པ་མེདཔ། འཆི་བའི་ཚེ་དམ་པའི་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད་པར་བསྒོམ་དགོས། ངེས་པར་འཆི་ཚུལ་ནི། སྔོན་ཆད་མ་ཤི་བར་ལུས་སོང་བ་གཅིག་ཀྱང་མེད་པ་དང༌། འབྱུང་འགྱུརགྱི་མི་སུ་དང་སུ་ཡིན་ཀྱང་ངེས་པར་འཆི་དགོས་ལ། དེང་སང་འཛམ་བུ་གླིང་ན་ཡོད་པའི་མི་ཐམས་ཅད་ཀྱང་འཆི་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་གྱིས་ཏེ། །ཆོས་ལ་གནས་གྱིས་ཚངས་པར་སྤྱད་པ་སྤྱོད། །ཅེས་གསུངས་པ་ལྟར་མཐོ་དམན་དྲག་ཞན་བར་མ་ཐམས་ཅད་ངེས་པར་འཆི་བ་ལས་མ་འདསཔས་ངེས་པར་འཆི་དགོས། ངེས་པར་འཆི་བ་ལས་མ་འདས་ཀྱང་ནམ་འཆི་བར་ཆ་ཨེ་ཡོད་སྙམན་དེ་ཡང་མེད་དེ། མི་ཁ་ཤས་སྐྱེས་མ་ཐག་ནས་འཆི་འགྲོ་བ་དང༌། ཁ་ཤས་ལོ་བཅུ་བཅོ་ལྔའིསྐབས་འཆི་འགྲོ་བ། ཁ་ཤས་ལོ་དྲུག་ཅུ་བདུན་ཅུའི་སྟེང་འཆི་བས་ད་ལྟ་སྒོའི་དྲུང་ན་འཆི་བདགཐོན་ཡོད་པ་ཡང་མི་ཤེས་ལ། དེས་ན་ནམ་འཆི་ཆ་མེད་པར་བསྒོམ་དགོས། ང་ཚོས་རྟག་འཛིནགྱི་དབང་གིས་མི་འཆི་མི་འཆི་སྙམ་ནས་དེ་རིང་མི་འཆི། སང་ཉིན་མི་འཆི་ད་ལོ་མི་འཆི་སྙམ་ན་ཡང༌། ནམ་འཆི་ངེས་མེད་ཀྱི་འདུ་ཤེས་རྒྱུད་ལ་མ་སྐྱེས་པའི་དབང་གིས་ཚེ་འདིའི་བདེ་སྐྱིདསྙན་གསུམ་ལ་ཞེན་ནས་འཆི་བདག་གི་ཞགས་པས་ཟིན་པ་དེའི་ཚེ། དཔའ་བོའི་དཔུང༌། བཙནཔོའི་ཤེད། ཕྱུག་པོའི་རྒྱུ། མཁས་པའི་གཏམ། མགྱོགས་པོའི་བང་གང་གིས་ཀྱང་མི་ནུས་པརཐམས་ཅད་ངེས་པར་འཆི་དགོས་པ་མ་གཏོགས་བྲོས་ས་དང་གབ་ས་སྐྱབས་དང་སྐྱོབ་པ་མགོནདང་དཔུང་གཉེན་གང་ཡང་མེད། དེར་མ་ཟད། སངས་རྒྱས་སྨན་པའི་རྒྱལ་བོ་དངོས་སུ་བྱོནཀྱང༌། འཆི་བདག་གི་ཞགས་པས་ཟིན་པ་དེའི་ཚེ། བཟློག་པའི་ཐབས་མེད་ལ། དེས་ན་ཡིདབརྟན་གང་ཡང་མི་བྱེད་པར་ཐམས་ཅད་ངེས་པར་འཆི་དགོས་པ་ཤེས་དགོས། ཕྱི་ནང་གི་སྣོདབཅུད་གང་ཡིན་ཀྱང༌། ཐམས་ཅད་རྟག་པ་དང་བརྟན་པ་གཅིག་ཀྱང་མེད་ལ། སྐྱེས་པ་ཐམསཅད་མི་རྟག་སྟེ། འཆི་འགྲོ་བ། བསགས་པ་ཐམས་ཅད་མི་རྟག་སྟེ་འཛད་འགྲོ་བ། འདུས་བྱསཐམས་ཅད་མི་རྟག་སྟེ་འབྲལ་འགྲོ་བ། བརྩིགས་པ་ཐམས་ཅད་མི་རྟག་སྟེ་འགྱེལ། མཐོན་པོཐམས་ཅད་མི་རྟག་སྟེ་ལྷུང༌། དགྲ་གཉེན་དང་སྐྱིད་སྡུག་བཟང་ངན་སོགས་མདོར་ན་ལས་ཉོནགྱི་དབང་གིས་བྱུང་བ་ཐམས་ཅད་མི་རྟག་པ་ཡིན་ལ། མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོགལྟ་བུ། ཕྱུག་པོ་ཀླུ་ལྟ་བུ། མཛེས་པོ་ལྷ་ལྟ་བུ། འཕྱོར་པོ་འཇའ་ཚོན་ལྟ་བུ། ཐམས་ཅད་ལ་འཆིབ་གློ་བུར་དུ་སླེབས་པ་ན་རང་དབང་སྐད་ཅིག་ཀྱང་མེད་པར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་རང་ཉིད་གཅིག་པུ་ཚེ་ཕྱི་མར་འགྲོ་དགོས། དེས་ན་ནམ་འཆི་ངེས་པ་མེད་པ་ལ་བསམ་བློ་གཏང་དགོས། འཆི་རྐྱེན་ངེས་པ་མེད་པ་ནི། འཆི་བའི་རྐྱེན་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་ཧ་ཅང་མང་བར་མ་ཟད། འཚོ་བའི་རྐྱེན་ཡང་སྐབས་རེ་འཆི་རྐྱེན་དུ་གྱུར་བ་ཡོད་དེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག ། ཅེས་དང༌། སློབ་དཔོན་ཨརྱ་དེ་ཝས། འཆི་བའི་རྐྱེན་ནི་ཤིན་ཏུ་མང༌། །འཚོ་བའི་རྐྱེན་ནི་ཤིནཏུ་ཉུང༌། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་གསུངས་སོ། །དེས་ན་འཆི་བ་མི་རྟག་པ་རྒྱུདལ་སྐྱེ་བའི་ཐབས་སུ་འཆི་བ་མི་རྟག་པ་བསྒོམ་དགོས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། འདུཤེས་རྣམས་ཀྱི་ནང་ནས་མཆོག་མི་རྟག་པའི་འདུ་ཤེས་མཆོག་ཅེས་གསུངས་པ་རེད། འཆི་བམི་རྟག་པ་མ་དྲན་ན་ཆོས་ཡང་དག་པ་ཞིག་འོང་བ་མེད་དེ། ཚེ་འདི་ལ་ཞེན་པའི་གཉེན་པོརའཆི་བ་མི་རྟག་པ་རྟོགས་པའི་བློ་བསྒོམ་དགོས། རྗེ་པོ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱབ་ལ་མི་རྟག་པ་སྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགསཔའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན་དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམདུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན་དང་པོ་དད་པ་བྱེད་པའི་རྒྱུ་བྱེད།བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཅེས་སོགསམང་པོ་ཞིག་གསུངས་ཡོད་པ་ལྟར་ངེས་པར་འཆི་ངེས་པ། འཆི་བའི་ཚེ་དམ་པའི་ཆོས་མ་གཏོགསགང་གིས་ཀྱང་ཕན་པ་མེད་ལ། རྒྱལ་སྲས་ཞི་བ་ལྷས། བསྐལ་བ་དུ་མར་རབ་དགོངས་མཛདཔ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་བསྐལ་བ་དུ་མར་སངསརྒྱས་རྣམས་ཀྱིས་དགོངས་ཀྱང་འཆི་བའི་ཚེ་གཉེན་ཉེ་དུ། གྲོགས་མཛའ་བཤེས། གང་གིས་ཀྱངཕན་པ་མེད་པ།ཕན་པ་ཡོད་པ་གཅིག་པུ་ནི་དམ་པའི་ཆོས་འདི་ཁོ་ན་ཡིན། དེ་ཡང་རྒྱལ་སྲས་ཞི་བ་ལྷས། གཤིན་རྗེས་སྐྱེས་བུ་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་དང༌། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང༌། །སྲོག་ཆད་པཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང༌། སྲོག་ཆད་པའི་ཚོར་བ་ནི་རང་ཉིད་གཅིག་པུས་མྱོང་དགོས་ཞེས་གསུངསཔ་རེད། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་ཚུལ་ནི་འགྲོ་བ་རིགས་དྲུག་སོ་སོའི་སྡུག་བསྔལ། དམྱལ་བ་ཚ་གྲང༌། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆིའིསྡུག་བསྔལ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སོགས་འཁོར་བའི་སྡུག་བསྔལ་སྤྱི་དང་བྱེབྲག་ཧ་ཅང་མང་བ། ང་ཚོས་མངོན་སུམ་དུ་མཐོང་ཐོས་ཡོད་པ་ཡང་མང་པོ་ཡོད་ལ། སངས་རྒྱསབཅོམ་ལྡན་འདས་ཀྱི་མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟརའཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན་ལས་བདེ་བའི་དུས་སྐད་ཅིག་ཙམ་ཡང་མེད་དེ། རྗེབཙུན་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁངབར་དྲི་ཞིམ་མེད། །ཅེས་གསུངས་པ་དེས་ན་འཁོར་བའི་གནས་གང་དུ་སྐྱེས་ཀྱང༌། སྡུག་བསྔལགྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལངས། སྡུག་བསྔལ་གྱི་འཕྲུལ་འཁོར། སྡུག་བསྔལ་གྱི་ཁུངསཚང་ཅན། སྡུག་བསྔལ་གྱིས་ཀུན་ཏུ་བསྐོར་བ། སྡུག་བསྔལ་མེ་ལྟར་འབར། ཆུ་ལྟར་འཁྲིགས། རླུང་ལྟར་གཡོ་བ་ལས་མ་འདས་པ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སྡུག་བསྔལསྤྱི་དང་བྱེ་བྲག་ཤེས་དགོས། དེའི་ནང་ནས་རང་གིས་རྟག་པ་བརྟན་པ་བཟུང་བ། ཞེན་ཆགསཧ་ཅང་ཆེ་ཡུལ་ནི་རང་གི་ལུས་སེམས་ཡིན་ལ།རང་གི་ལུས་སེམས་ནི་ལས་ཉོན་གྱིས་བསྐྱེད་པའི་གཞན་དབང་ཅན་ཡིན་པས་སྡུག་བསྔལ་བ་ཉིད་དུ་བལྟ། རང་རྒྱུད་ཀྱི་ཟག་བཅས་ཀྱི་ལུསའདི་མེད་ན། ལུས་འདི་ལ་བརྟེན་ནས་བྱུང་བའི་ཕྱིའི་སྡུག་བསྔལ་གང་ཡང་མི་འབྱུང༌། ལུསའདི་ལ་བརྟེན་ནས་ནད་སྣ་ཚོགས་ཀྱི་སྡུག་བསྔལ་ཡང་མི་འབྱུང༌། ལུས་འདི་ལ་བརྟེན་ནས་ཚགྲང་བཀྲེས་སྐོམ་སོགས་གང་ཡང་མི་འབྱུང༌། ཟག་བཅས་ཀྱི་ལུས་འདི་མེད་ན། འདིའི་དོནདུ་དཀའ་ངལ་མང་པོ་གནང་མི་དགོས། དེས་ན་ཟག་བཅས་ཀྱི་ཕུང་པོ་འདི་ངོ་བོའི་ཆ་ནས་མི་གཙང་བ། སྡུག་བསྔལ་བ། སྟོང་བ། བདག་མེད་པ་ཡིན་པར་བསམ་གཞིག་གནང༌། ཚེའདིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྣ་ཚོགས་པ་ཞིག་རང་རྒྱུད་ཀྱི་ཟག་བཅས་ཀྱི་ལུས་སེམསའདི་ལ་བརྟེན་ནས་བྱུང་བས་འདི་ནི་སྡུག་བསྔལ་སྣ་ཚོགས་འབྱུང་བའི་གཞི་རྟེན་ཡིན་ལ། ཚེཕྱི་མའི་སྡུག་བསྔལ་ཐམས་ཅད་ཀྱང་ཚེ་འདིའི་ལུས་སེམས་ལ་ཆགས་པའི་དབང་གིས་འདོདཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་བྱུང༌། དེ་བྱུང་བ་ལ་བརྟེན་ནས་ལས་བསགས།ལས་བསགས་པའི་དབང་གིས་ཚེ་ཕྱི་མ་ངན་སོང་ལོག་པར་ལྟུང་བ་སོགས་ཀྱིས་མཚོན་པའི་སྡུག་བསྔལ་སྣ་ཚོགས་ཞིག་འབྱུང་བ་ཡིན་པས་ལུས་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པརབསྒོམ་དགོས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསྒོམས་ནས་རྟོགས་ན། དེའི་ཤུགས་ལའཁོར་བ་དེ་ལས་ཐར་བའི་ཕན་ཡོན་རྟོགས་ཐུབ། ཉན་རང་གི་ལྟ་སྒོམ་སྤྱོད་གསུམ་ལས་ལྟ་བདང་སྒོམ་པ་གཉིས་སོང་ཟིན་ནས་འདིར་སྤྱོད་པ་ནི་ངེས་འབྱུང་མྱང་འདས་ཐོབ་པའི་ཆེད་དུ་ལྷགཔ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱིབསླབ་པ་གསུམ་ལ་སྤྱོད་པ་དེ་ཡིན་ལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ངེས་འབྱུང་གི་བསམཔས་རྩིས་ཟིན་པའི་སྒོ་ནས་སོ་ཐར་རིགས་བདུན་གྱི་སྡོམ་པ་བླངས། དེའི་སྤང་བྱ་མི་མཐུན་ཕྱོགསངོ་ཤེས་པའི་སྒོ་ནས་ལེགས་པར་བསྲུངས། ཉེས་དམིགས་སོགས་ཀྱིས་གོས་ན་ཕྱིར་བཅོས་སོགསཚུལ་བཞིན་དུ་གནང༌། འདིར་གཙོ་བོ་ཉན་རང་གི་དབང་དུ་བྱས་པ་ཡིན་པས་བྱང་ཆུབ་སེམསདཔའི་སྡོམ་པ་དང་སྔགས་སྡོམ་ལ་སྦྱར་མི་དགོས་པ་ལྟ་བུ་ཡིན་པ་རེད། དེས་ན་སོ་ཐར་གྱི་ཚུལཁྲིམས་ལ་ངེས་འབྱུང་གི་བསམ་པས་རྩིས་ཟིན་པར་བྱས་ཏེ་ཚུལ་བཞིན་དུ་བསླབ་དགོས། ལྷགཔ་ཏིང་ངེ་འཛིན་གྱི་བསླབ་པ་ནི། ཉན་རང་ལ་སྦྱར་ན། འཁོར་བའི་སྡུག་བསྔལ་ལ་དམིགསཔའི་རྩེ་གཅིག་པའི་བློ་དང༌། བདེན་བཞི་མི་རྟག་བཅུ་དྲུག་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེའཛིན། དེ་ཡང་ཏིང་ངེ་འཛིན་གྱི་བསླབ་པ་རིམ་གྱིས་བསྒྲུབས་ན། དང་པོ་འདོད་སེམས་དགུདང་ཞི་གནས་སྒྲུབ། དེ་ནས་ལྷག་མཐོང་སྒྲུབ། དེ་ནས་བསམ་གཏན་ཉེར་བསྡོགས་དྲུག་ལ་སོགས་པར་བརྟེན་ནས་བསམ་གཏན་གྱི་དངོས་གཞི་སོགས་བསྒྲུབས་ནས་ཏིང་ངེ་འཛིན་སོགསསྒྲུབ། ཏིང་ངེ་འཛིན་སྒྲུབ་པའི་སྐབས་ཞི་གནས་དང་ལྷག་མཐོང་གི་སྒོ་ནས་ཏིང་ངེ་འཛིན་བསྒྲུབདགོས། ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། ཐོས་བསམ་སྒོམ་གསུམ་བྱས་ཏེ་བསྒྲུབ་དགོས། དང་པོ་ཐོས་པ་བྱས། ཐོས་པའི་དོན་ལ་བསམ་བྱུང་གི་ཚད་མས་ངེས་པ་རྙེད། ཚད་མས་ངེས་པརྙེད་པའི་དོན་དེ་ཡང་ནས་ཡང་དུ་གོམས་པར་བྱས་ནས་སྒོམ་བྱུང་གི་ཤེས་རབ་རྒྱུད་ལ་བསྐྱེདཔར་བྱས་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་ངེས་འབྱུང་གི་བསམ་པའི་རྩིས་ཟིན་ན་ལྷགཔའི་ཤེས་རབ་ཀྱི་བསླབ་པ་རང་རྒྱུད་ལ་བསྐྱེད་པ་ཡིན། དེ་ནས་ཉན་ཐོས་ཀྱི་ལྟ་བ་ནི་བདག་མེདརྟོགས་པའི་ཤེས་རབ། སྒོམ་པ་ནི་འཁོར་བའི་ཉེས་དམིགས་སྒོམ་པ། སྤྱོད་པ་ནི་ངེས་འབྱུང་གིབསམ་པས་རྩིས་ཟིན་པའི་ཚུལ་ཁྲིམས་ཀྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ།ཏིང་ངེ་འཛིན་གྱིབསླབ་པ་ལ་སློབ་པ་ནི་སྤྱོད་པ། དེ་དག་གི་འབྲས་བུ་ནི་ཉན་རང་གི་བྱང་ཆུབ། ཉན་ཐོས་དགྲབཅོམ་པའི་རྒྱུད་ཀྱི་སྤངས་པ་དང་རྟོགས་པའི་བྱང་ཆུབ། སྤྱིར་བྱང་ཆུབ་ནི། འཕགས་པ་ཐོགསམེད་ཀྱི་ས་སྡེ་ལས། སྤངས་པ་དང་རྟོགས་པའོ། །ཞེས་གསུངས་པ་ལྟར་རེད། དེས་ན་ཉན་ཐོསདང་རང་རྒྱལ་གྱི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ནི་དེའི་རྒྱུད་ཀྱི་རྟོགས་པ་བྱང་ཆུབ་དང༌། ཉན་ཐོས་དང་རང་རྒྱལ་གྱི་ཉོན་སྒྲིབ་སྤངས་པའི་འགོག་བདེན་ནི་སྤངས་པ་བྱང་ཆུབ་ཡིན་པ་དང༌། དེ་དག་ནི་ཐེག་དམན་གྱི་བྱང་ཆུབ་ཡིན་པ་རེད། དེ་ཡན་དུ་ཉན་རང་གི་ལམ་གྱི་རིམ་པདག་ལྟ་སྒོམ་སྤྱོད་གསུམ་འབྲས་བུ་དང་བཞིའི་སྒོ་ནས་ཆོས་བཞིའི་རྩ་བ་འདིར་བསྟན་པ་དང༌། དེ་དག་གིས་སྐྱེས་བུ་འབྲིང་བསྡུས་པ་ཡིན་པར་གསུངས་པ་རེད། འདི་ཡན་དུ་དྭགས་པོའི་ཆོསབཞིའི་ནང་ནས་ཆོས་ལམ་དུ་འགྲོ་བ་བསྟན་ཟིན་པ་རེད། དེ་རིང་འདིར་མཚམས་འཇོག་གི་ཡིན། སྐྱེས་བུ་ཆུང་ངུའི་ཆོས་སྐོར་དང་སྐྱེས་བུ་འབྲིང་གི་ཆོས་སྐོར་གཉིས་ཞུས་ཟིན་ནས་འདིམན་དུ་སྐྱེས་བུ་ཆེན་པོའི་ཆོས་སྐོར་ཡིན་ཞིང༌། སྐྱེས་བུ་ཆེན་པོའི་ཆོས་སྐོར་ཡང་མདོ་ཕར་ཕྱིནཐེག་པའི་ལུགས་དང་སྔགས་བླ་ན་མེད་པའི་ལུགས་གཉིས་བྱས་ཏེ་གསུངས་འདུག བདེན་གཉིས་ལྟ་བ་ཟུང་འཇུག་སྒོམ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་སྟེ། །འབྲས་བུ་མི་གནས་མྱ་ངན་འདས། །སྐྱེས་བུ་ཆེན་པོ་བསྡུས་པ་ཡིན། །ཞེས་དང་པོ་མདོ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་སྐྱེས་བུ་ཆེན་པོའི་ཆོས་སྐོར་ལ་བཞི་ལས། དངཔོ་ལྟ་བ་ནི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་སྦྱར་ནས་གསུངས་ཏེ། དེ་ཡང་ཀུན་རྫོབ་ཀྱི་རྣམབཞག་ནི། བློ་གྲོས་མི་ཟད་པའི་མདོ་ལས། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱིཐ་སྙད་དང༌། ཡི་གེ་དང་སྒྲ་དང་བརྡས་བསྟན་པ་ཇི་སྙེད་པ། ཞེས་གསུངས་པ་ལྟར་སྒྲ་རྟོག་གམའཇིག་རྟེན་ཀུན་རྫོབ་ཀྱི་རྟོག་པས་བཞག་པའི་ཆོས་དེ་ནི་ཀུན་རྫོབ་བདེན་པ་དང༌། དོན་དམབདེན་པ་ནི། འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱིས་བཞག་པའི་དགེ་བ་དེའོ། །དེ་ཡང་བློ་གྲོས་མི་ཟད་པའི་མདོ་ལས། དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེདཔ་སྟེ་ཡི་གེ་ལྟ་ཅི་སྨོས། ཞེས་དོན་དམ་བསྟན་པ་དང༌། ཆོས་རྣམས་ཀྱི་གནས་ལུགས་མཐརཐུག་མིན་པར་སྒྲ་རྟོག་གི་འཁྲུལ་བའི་སྣང་ངོར་ཙམ་ལ་སྣང་བའི་ཆོས་ནི་ཀུན་རྫོབ་བདེན་པརབྱེད་ལ། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས། མཐོང་བ་རྫུན་པ་ཀུན་རྫོབབདེན་པར་གསུངས། །ཞེས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཆོས་དེ་དག་རྫུན་པ་ཀུནརྫོབ་ཡིན་པར་བསྟན་པ་དང༌། ཡང་དེ་ལས། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །ཞེས་ཡང་དག་པའི་གནས་ལུགས་མཐོང་བའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་རྙེད་དོན་ནིདོན་དམ་བདེན་པའམ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ་ཁོ་ན་ཉིད་ཡིན་པར་གསུངསསོ། །ཀུན་རྫོབ་བདེན་པ་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཡོད་དེ། དབུམ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡངདག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་ཀུན་རྫོབ་ཀྱི་དབྱེ་བ་བསྟནཔ་དང༌། དོན་དམ་བདེན་པ་ལ་ནི་དབུས་མཐའ་སོགས་ལས། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ། འགྱུར་མེད་ཡོངས་གྲུབ་གཉིས་ཡོད་པར་བསྟན་ཀྱང་ཡོངས་གྲུབ་མཚན་ཉིད་པ་ལ་འགྱུར་མེདཡོངས་གྲུབ་ལས་མེད་དོ། །སྤྱིར་བདེན་གཉིས་ཀྱི་དབྱེ་གཞི་དང་དབྱེ་བ། བདེན་གཉིས་ཤེས་པའིཕན་ཡོན། མ་ཤེས་པའི་ཉེས་དམིགས་བཅས་མཁྱེན་དགོས་འདུག ཡིན་ན་ཡང༌། སྐབས་འདིརབདེན་གཉིས་ཀྱི་རྣམ་བཞག་རྒྱས་པར་ཞུ་མི་དགོས་པར་བྱས་ཏེ་རྩ་བའི་ཚིག་ཟིན་ཙམ་འཆདརྒྱུ་ཡིན། སྤྱིར་བོད་ཀྱི་གྲུབ་མཐའ་ཐམས་ཅད་ཀྱིས་དོན་དམ་བདེན་པ་ནི་ཆོས་ཐམས་ཅད་ཀྱིགནས་ལུགས་མཐར་ཐུག་སྤྲོས་བྲལ་དུ་འདོད་ཀྱང༌། སྤྲོས་བྲལ་དུ་འདོད་ཚུལ་མི་འདྲ། ཡིན་ནཡང༌། སྐབས་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་བསྟུན་ནསཞུས་ན་མི་འགྲིག་པ་མེད་པར་སྣང༌། དེ་ཡང་ཇོ་བོ་རྗེས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་དུ་ཡང་མེད། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མར་མཁས་རྣམས་བཞེད། །ཅེས་གསུངས་པ་ལྟར་མཐའ་མཐའ་དག་དང་བྲལ་བའི་སྤྲོས་བྲལ་ཞིགགནས་ལུགས་མཐར་ཐུག་ཏུ་ཁས་ལེན་པ་རེད། དེ་ཡང་རྟག་ཆད་ཀྱི་མཐའ་གཉིས་ལས་གྲོལདགོས་ཏེ། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་ལས། བདེན་པ་གཉིས་སུའང་རང་བཞིན་མེདཔའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པ་མིན། །ཞེས་གསུངས་སོ། །དེས་ན་མཐའ་ཐམས་ཅདདང་བྲལ་བས་མཐའ་གང་དུ་ཡང་ཁས་ལེན་མེད་པས་སྐྱོན་གང་ཡང་མེད་དེ། སློབ་དཔོན་ཀླུསྒྲུབ་ཀྱི་རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་དང༌། སྐབས་འདིརཡང་གཞི་བདེན་པ་གཉིས། ལམ་ཚོགས་གཉིས་ཟུང་འཇུག འབྲས་བུ་སྐུ་གཉིས་ཟུང་འཇུགལྟར་གསུངས་སོ། །དེས་ན་འདིར་ལྟ་བ་ནི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་སྦྱར་ནས་གསུངསཔ་རེད། གཉིས་པ་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ནས་སྒོམ་པ་ནི་དེ་འདྲའི་ལྟ་བ་ཟུང་འཇུག་ཏུསྒོམ་པ་ལ་སྦྱར་ནས་གསུངས་འདུག སྤྱིར་འཁོར་ལོ་དང་པོའི་སྐབས་ཀྱི་སྒོམ་ནི་བདག་མེད་ཀྱི་ལྟ་བ་ཞི་ལྷག་ཟུང་འབྲེལ་དུ་བསྒོམ་དགོས་པར་གསུངས་པ་རེད། ཡིན་ན་ཡང༌། གོང་དུ་སྐྱེསབུ་འབྲིང་གི་ཆོས་སྐོར་སྐབས་སྒོམ་པ་ནི་འཁོར་བའི་ཉེས་དམིགས་སྒོམ་པ་ལ་སྦྱར་བས་དེ་ལ་སྦྱར་ཡང་སྐྱོན་མི་འདུག འཁོར་ལོ་བར་བའི་སྐབས་ནས་བསྟན་པའི་སྒོམ་ནི་ཞི་ལྷག་ཟུང་འབྲེལ་དུ་སྒོམ་པ་ལ་སྦྱར་བ་དང༌། སྐབས་འདིར་ནི་ཐེག་པ་ཆེན་པོའི་མདོ་ཕར་ཕྱིན་ཐེག་པལྟར་ཐབས་ཤེས་ཟུང་འཇུག་དུ་སྒོམ་པ་ལ་སྦྱར་བ་རེད། དེས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བ་དང༌། ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བ་ཞེས་གསུངས་པ་ལྟར་རོ། །འདིར་ཟུང་འཇུག་ཏུ་སྒོམ་ཚུལ་ནི། འདིའི་འགྲེལ་བ་ཁག་ན། ལམ་ཟུང་འཇུག་ཏུ་སྒོམ་པ་ནིལམ་དབུ་མ་ཞེས་གསུངས་པ་ལྟར། ལམ་དབུ་མ་ནི་རྟག་ཆད་གཉིས་ཀའི་མཐའ་དང་བྲལབའི་ལམ་བསྒོམ་དགོས་ཏེ། ཇོ་བོ་རྗེའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ཐབས་དང་བྲལ་བའིཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དང་ནི། །གང་ཕྱིར་འཆིང་བ། །ཞེས་གསུངས་སོ། །ཐབས་ཤེས་གཉིས་མི་སྤོང་བར་ཟུང་འཇུག་ཏུ་བསྒོམ་དགོས་པའི་རྒྱུ་མཚན་གྱིས། ཡངདེ་ལས། དེ་ཕྱིར་གཉིས་ཀ་སྤང་མི་བྱ། །ཞེས་གསུངས་པ་ལྟར་ཐབས་ཤེས་གཉིས་ཀ་མི་སྤོང་ཞེས་པའི་ཐབས་ནི། གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང༌། སྦྱིནསོགས་ཕར་ཕྱིན་དྲུག་གི་ནང་ནས་དང་པོ་ལྔ་ནི་ཐབས་ཡིན་པ་དང༌།ཕྱི་མ་འཁོར་གསུམ་བདེནམེད་དུ་རྟོགས་པའམ་དོན་དམ་བདེན་པ་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་ནི་ཤེས་རབ་ཡིནཞིང༌། ཤེས་རབ་ལེགས་ལམ་དུ་འོང་མིན་ནི་ཐབས་ལ་རག་ལས་པའི་རྒྱུ་མཚན་གྱིས། རྒྱལསྲས་ཞི་བ་ལྷའི་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པ་ལྟར་སྦྱིན་སོགས་ཕར་ཕྱིན་དྲུག་གི་ནང་ནས་དང་པོ་ལྔ་ནི་ཤེས་རབ་ཀྱི་ཕར་ཕྱིན་གྱི་དོན་དུ་གསུངས་པ་ཡིན། དེ་ཡང་ཐབས་ཤེས་ཡ་མ་བྲལ་བར་ཟུངའཇུག་ཏུ་བསྒོམ་དགོས་ཏེ། ཐབས་ནི་གཙོ་བོ་བསོད་ནམས་ཀྱི་ཚོགས་དང༌། ཤེས་རབ་ནི་ཡེཤེས་ཀྱི་ཚོགས་ཡིན་པས་ཚོགས་གཉིས་ཟུང་འཇུག་ཏུ་བྱས་ཏེ་བསྒོམ་དགོས། གསུམ་པ་སྤྱོདཔ་ནི།༴ཕ་རོལ་ཏུ་ཕྱིན་པ་དྲུག་དེ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནཔ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དག་ནི་སྐབས་འདིརསྤྱོད་པ་ཡིན་པར་གསུངས་པ་དང༌། དེ་དག་གི་ངོ་བོ་ནི། མདོ་སྡེ་རྒྱན་ལས། སྦྱིན་པའི་ཕ་རོལ་ཏུཕྱིན་པ་ནི། ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པ་དང༌། མི་མཐུན་ཕྱོགས་བསྲུང་བའི་ཆོས་བཞིལྡན་གྱི་བསྲུང་བའི་སེམས་པ་ནི་ཚུལ་ཁྲིམས་ཀྱི་ཕར་ཕྱིན། མི་འཁྲུགས་པའི་བློ་ཆོས་བཞི་ལྡནནི་བཟོད་པའི་ཕར་ཕྱིན། སྤྲོ་བའི་བློ་ཆོས་བཞི་ལྡན་ནི་བརྩོན་འགྲུས་ཀྱི་ཕར་ཕྱིན། རྩེ་གཅིག་པའིཆོས་བཞི་ལྡན་ནི་བསམ་གཏན་གྱི་ཕར་ཕྱིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཆོས་བཞི་ལྡན་ནི་ཤེསརབ་ཀྱི་ཕར་ཕྱིན་ཡིན་པ། མདོར་ན་ཆོས་གང་ཞིག་སྒྲུབ་ཀྱང༌། ཉོན་མོངས་པའི་རྣམ་རྟོག་དངམ་འདྲེས་པ་ཞིག་དང༌། ཆེ་འདོད་གྲགས་འདོད་སོགས་འཇིག་རྟེན་གྱི་ཆོས་བརྒྱད་དང་མ་འདྲེསཔ་ཞིག་གནང་ནས་འཆད་རྩོད་རྩོམ་གསུམ་དཔེ་ཆ་སྐྱོར་བ་སོགས་ཅི་བྱས་ཀྱང༌། ཉོན་མོངསདང་མ་འདྲེས་པ་ཞིག་གནང་དགོས། གཙོ་བོ་རང་གི་སེམས་ལ་རག་ལས་པ་ཡིན། དོན་དམ་པའིཆོས་ཡིན་མིན་ནི་རང་གི་སེམས་ལ་འགྱུར་བ་ཐེབས་པ་དང་སེམས་ནས་ཆོས་ཡིན་པ་དང༌། སེམསནས་ཀུན་སློང་ཡག་པོ་ཞིག་ཡོད་དགོས་པ་དེ་ཡིན་ལ། དཔེར་ན་སྦྱིན་པ་ཞིག་གནང་ན། ང་དངང་ལྟ་བུའི་ཆོས་ཀྱི་སྦྱིན་པ་གནང་མཁན་ཞིག་ཡིན་ན། ཆེ་འདོད་གྲགས་འདོད་ཙམ་གྱི་ཆེད་དུཡིན་ན་ཀུན་སློང་མ་དག་པའི་དབང་གིས་ཟས་བཟང་པོ་ལ་དུག་བསྲེས་པ་དང་འདྲ་བ་ཞིག་ཡིནལ། དེས་ན་རང་རང་གི་ཀུན་སློང་ལ་བརྟག་དཔྱད་བྱས་ཏེ། ལན་ལ་མི་རེ་བའི་སྒོ་ནས་གཞནལ་ཕན་སེམས་ཀྱིས་སྦྱིན་པ་དང༌། གཞན་ལ་ཆོས་སྦྱིན་པ་སོགས་ཀྱིས་གང་ཟག་དེ་ཐར་བའིལམ་ལ་འགོད་སོང་ན་འགྲིག་འདུག་ཡོད་པ་ལས། དེ་མིན་དཔལ་འབྱོར་བསྡུ་ཐབས་དང་རངགི་འཁོར་གཡོག་ཏུ་འདུ་བའི་ཆེད་ཙམ་དང༌། སྙན་གྲགས་ཁོ་ནའི་ཆེད་དུ་དེ་འདྲ་གནང་ན་མི་རུངངོ༌། །དེའི་རྒྱུ་མཚན་གྱིས། བྱ་བ་གང་ཞིག་བསྒྲུབས་སྟེ། གལ་སྲིད་དེ་ལ་བརྟེན་ནས་མཚན་སྙནགྲགས་རྒྱས་ན། མཚན་སྙན་རྒྱས་པ་དེ་ལ་བརྟེན་ནས་བསྟན་པ་དང་དགོན་པ། འགྲོ་བ་སེམསཅན་ལ་ཕན་ཐོགས་པའི་བྱ་བ་བསྒྲུབས་ན་འགྲིག་འདུག་ཡོད་པས་དགེ་བ་གང་ཞིག་བསྒྲུབ་ཀྱང༌། ཉོན་མོངས་དང་མ་འདྲེས་པའི་རྩེ་གཅིག་པ་ཞིག་དང༌། སྦྱོར་དངོས་རྗེས་གསུམ་ཚང་བཞིག་བྱེད་དགོས། ལས་དང་པོ་པ་སོ་སྐྱེ་རང་ག་བ་ཞིག་ཡིན་ན་ཚེ་རབས་ཐོག་མེད་ནས་གོམསཔའི་དབང་གིས་འཇིག་རྟེན་ཆོས་བརྒྱད་དང་ཉོན་མོངས་དག་རང་ཤུགས་ཀྱིས་སྐྱེས་ན་ཡང༌།དེ་མ་ཐག་ངོས་ཟིན་པར་བྱས། ཀུན་སློང་ཡག་པོ་དག་ཆེ་རུ་གཏང་དགོས། ཆོས་བསྒྲུབ་པ་ལབརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སྙམ་པའི་ཀུན་སློང་ཤུགས་ཆེ་རུ་གཏང་དགོས།རིམ་གྱིས་རིམ་གྱིས་སྦྱངས་ཏེ་ཀུན་སློང་ངན་པ་ཇེ་ཉུང་ལ་བཏང༌། ཀུན་སློང་བཟང་པོ་ནི་ཇེ་མང་ལ་གཏང་དགོས། སྔོན་བཀའ་གདམས་གོང་མ་ཚོའི་གྲལ་གྱི་དགེ་སློང་འབན་གུང་རྒྱལ་གྱིས། དགེ་སེམས་ཤིག་སྐྱེས་ན་རྡོ་དཀར་པོ་ཞིག་བཞགསྡིག་སེམས་ཤིག་རྒྱུདལ་སྐྱེས་ན་རྡོ་ནག་པོ་ཞིག་བཞག་པའི་ལོ་རྒྱུས་འདུག སྔོན་མ་རྡོ་ནག་མང་ན་ཡང༌། ཕྱིས་སུ་རྡོནག་ཇེ་ཉུང་དང་རྡོ་དཀར་ཇེ་མང་ལ་སོང་བ་ལྟར་རང་རང་སོ་སོས་ཀྱང་བློ་སྦྱོང་དགོས། བཞིབ་འབྲས་བུ་ནི། སྲིད་ཞིའི་མཐའ་གང་ལ་ཡང་མི་གནས་པའི་མྱང་འདས་ཐོབ་ཐུབ་སྟེ། སྐྱེས་བུཆེན་པོའི་ལྟ་སྒོམ་སྤྱོད་གསུམ་ལ་བརྟེན་ནས་མི་གནས་པའི་མྱང་འདས་ཐོབ་ཐུབ་པའི་རྒྱུ་མཚནནི། ཐེག་ཆེན་གྱི་དབང་དུ་བྱས་ན། རྒྱུའི་གནས་སྐབས་ན་ཡང༌། ཤེས་རབ་ཀྱི་ཕར་ཕྱིན་བསྒོམཔ་དང༌། འབྲས་བུའི་དུས་སུ་འཁོར་བའི་མཐའ་ལ་མི་གནས་པ་དང༌། རྒྱུའི་དུས་སུ་ཤེས་རབསྒོམ་སྟོབས་ཀྱིས་ཤེས་རབ་ཀྱིས་སྲིད་པའི་རྩ་བ་གཅོད་ཐུབ་ལ། ཡང་ན།ཤེས་རབ་ཀྱིས་སྲིད་པའིསྐྱོན་མཐོང་བ་ལ་བརྟེན་ནས་སྲིད་པའི་མཐའ་ལ་མི་གནས་པ་ཐོབ་ཐུབ། ཞི་མཐའ་ལ་མི་གནསཔ་ནི། སློབ་པ་ལམ་གྱི་གནས་སྐབས་སུ་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་སྒོམ་སྟོབས་ཀྱིས་འབྲསབུའི་གནས་སྐབས་སུ་གཞན་དོན་དུ་འཁོར་བ་མ་སྟོང་བར་དུ་ལོངས་སྐུ་སྤྲུལ་སྐུ་སོགས་གཟུགསཀྱི་སྐུ་མངོན་དུ་མཛད་པ། དེའི་རྒྱུ་མཚན་གྱིས་སྲིད་ཞིའི་མཐའ་གང་ལ་ཡང་མི་གནས་སོ། །དེ་ལྟར་གསུངས་པའི་ཐེག་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་དེ་དག་གིས་སྐྱེས་བུ་ཆེན་པོ་བསྡུས་པ་ཡིནཔར་གསུངས་པ་རེད། འདིའི་འོག་ནས་ལྟ་བ་དང་སྤྱོད་པ་དེ་དག་ཞིབ་ཕྲའི་སྒོ་ནས་གསུངས་འདུག ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །སྣང་བ་བྱང་ཆུབ་སེམས་སུ་སྦྱང༌། །ཞེས་ནམ་མཁའ་ལྟར་ཐམས་ཅད་ལ་ཡོངས་སུ་ཁྱབ་པའི་ཆོས་སྐུ་ལ་སྤྲོས་བྲལ་དུ་མཉམ་པརབཞག་པ་དང༌།རྗེས་ཐོབ་ཀྱི་སྐབས་སུ་གང་སྣང་བ་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུར་བྱངཆུབ་སེམས་ཀྱིས་རྩིས་ཟིན་པའི་སྒོ་ནས་སྦྱང་དགོས་པར་གསུངས་སོ། །བདེན་གཉིས་ཚོགས་གཉིས་བསྒྱུར་བ་འདི། །སྐུ་གཉིས་རྒྱུ་རུ་ཤེས་པར་བྱ། །ཞེས་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཚིག་ཟིན་ལ་ཚོགས་གཉིས་བསྒྱུར་ཞེསགསུངས་ཀྱང༌། གཞིའི་གནས་སྐབས་ཀྱི་ཀུན་རྫོབ་ཀྱི་བློ་དེ་དག་དགེ་སེམས་ངོ་བོར་བསྒྱུར་བནི། བྱང་ཆུབ་སེམས་དཔའ་དག་ཐབས་ལ་མཁས་པའི་རྒྱུ་མཚན་གྱིས་བསོད་ནམས་ཀྱི་ཚོགསཀྱི་ངོ་བོར་བསྒྱུར། དོན་དམ་བདེན་པ་ནི་མངོན་སུམ་དུ་རྟོགས་པར་བྱས་ཏེ། ཡེ་ཤེས་ཀྱི་ཚོགསསུ་བསྒྱུར་བའོ། །གཞིའི་སྐབས་ཀྱི་བདེན་པ་གཉིས་ལམ་ཚོགས་གཉིས་སུ་བསྒྱུར་ནས་མཐརཐུག་སངས་རྒྱས་པ་དེའི་ཚེ་ཚོགས་གཉིས་ནི་ཡེ་ཤེས་ཆོས་སྐུ་དང་གཟུགས་སྐུ་གཉིས་ཀྱི་རྒྱུ་ཡིནཔ་ཤེས་པར་བྱ་ཞེས་གསུངས་པ་ལྟར། བསྟན་བཅོས་རྒྱུད་བླ་མ་ལས། དང་པོའི་སྐུ་ནི་དང་པོསྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་གསུངས་པ་ལྟར་རང་བཞིན་གནས་རིགས་ནི་ཆོས{འི་ངོར་བསྒྱུར་བ་དང༌། རྒྱས་འགྱུར་རིགས་ནི་གཟུགས་སྐུ་གཉིས་ཀྱི་རྒྱུ་ཡིན་པར་གསུངསཔ་ལྟར་འགྲེལ་ན་ཡང་ཆོག གོང་དུ་སྟོང་ཉིད་རྟོགས་པའི་བློ་སོགས་རང་རྒྱུད་ལ་སྐྱེ་ཚུལ་ཞུས་ཟིན་ནས་འདིར་དེ་དག་སྐྱེས་པའི་ཚད་ནི། བདག་གིས་བདེ་ལ་གཞན་སྦྱོར་ན། །བྱམས་པ་ཚད་དུ་ཕྱིན་པ་ལགས། །ཞེས་བྱམས་པ་ཚད་དུ་ཕྱིན་པ་ནི། རང་གི་བདེ་བ་དེ་དག་གཞན་ལ་སྦྱིན་ནུས་ན། བྱམས་པ་ཚདདུ་ཕྱིན་པ་ཡིན་པ་དང༌། གཞན་གྱི་སྡུག་བསྔལ་བདག་ལེན་ན། །སྙིང་རྗེ་ཚད་དུ་ཕྱིན་པ་ལགས། །ཞེས་སྙིང་རྗེ་བཅོས་མ་མིན་པ་རང་རྒྱུད་ལ་སྐྱེས་པའི་ཚད་ནི་གཞན་གྱི་སྡུག་བསྔལ་དག་རངགིས་དང་དུ་ལེན་ནུས་ན་སྙིང་རྗེ་རང་རྒྱུད་ལ་སྐྱེས་པའི་ཚད་ཡིན་པར་གསུངས་པའོ། །གནོད་སྐྱེལ་གྱིས་བློ་མི་སྨས་ན། །བྱང་སེམས་ཚད་དུ་ཕྱིན་པ་ལགས། །ཞེས་དཔེར་ན། བུ་ཆུང་ངུས་རང་གི་མ་ལ་རྡེག་ཀྱང༌། མ་དེས་རང་གི་བུ་ལ་བློ་མི་སྨས་པ་མཟད་ལྷག་པར་དགའ་དགའ་རྩེ་རྩེ་སོགས་ཀྱིས་གཅེས་པར་བསྐྱང་བ་ལྟར་སེམས་ཅན་གཞནགྱིས་ཚུར་རང་ལ་གནོད་སྐྱེལ་ན་ཡང༌། དེ་དག་ལ་ཕར་གནོད་མི་སྐྱེལ་བར་མ་རྒན་སེམས་ཅནདེ་དག་བརྩེ་བ་དང་བདེ་བ་ལ་འགོད་འདོད་སོགས་སྐྱེས་པ་ན་བྱང་སེམས་ཚད་དུ་ཕྱིན་པ་ཡིན་པར་གསུངས་པ་དང༌། བདེ་སྡུག་བླང་དོར་མི་འདོད་ན། །ལྟ་བ་ཚད་དུ་ཕྱིན་པ་ལགས། །ཞེས་བདེ་བ་མྱང་འདས་དང་སྡུག་བསྔལ་འཁོར་བ་དེ་དག་ལ་དོན་དམ་པར་བླང་དོར་བྱ་བ་མེདཔར། ཐམས་ཅད་སྤྲོས་བྲལ་དུ་ལྟ་བའི་ལྟ་བ་རྟོགས་ན་ལྟ་བ་ཚད་དུ་ཕྱིན་པའམ་བདེན་མེད་རྟོགསན་བླང་བྱ་དང་དོར་བྱ་དེ་དག་བདེན་པར་ཞེན་པ་མེད་པའི་སྒོ་ནས་དོན་དམ་པར་བདེན་པར་མི་ཞེན་ན་ལྟ་བ་ཚད་དུ་ཕྱིན་པ་ཞེས་སྦྱར་ན་ཡང་ཆོག་པ་འདྲ། དེ་རིང་འདིར་ཞུས་པ་གོང་དུ་བདེན་གཉིས་ལྟ་བ་ཟུང་འཇུག་སྒོམ་ཞེས་པ་ནས་ལྟ་བ་ཚད་དུ་ཕྱིན་པ་ལགས་ཞེས་པ་འདིའི་བར་དུ་དྭགས་པོའི་ཆོས་བཞིའི་ནང་ནས་ལམ་གྱིས་འཁྲུལ་བ་སེལ་བ་དེ་བསྟན་པ་རེད། བཞིབ་འཁྲུལ་བ་ཡེ་ཤེས་སུ་འཆར་བ་ནི་འོག་ནས་སྔགས་ལ་སྦྱར་ནས་གསུངས་ཤིང༌། དེས་ན་འདིཡན་དུ་སྐྱེས་བུ་ཆུང་ངུའི་ལྟ་སྒོམ་སྤྱོད་གསུམ་དང༌། སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོའི་ལྟ་སྒོམསྤྱོད་གསུམ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དག་འབྱུང་བའི་ཚད་དག་ཞུས་ཟིན་པཡིན། དེ་རིང་འདིར་མཚམས་འཇོག་གི་ཡིན། རྒྱལ་བ་བཀའ་བརྒྱུད་པའི་དྭགས་པོ་ཟླ་འོད་གཞོནནུས་མཛད་པའི་དྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི་ཆོས་བཞིརྩ་བ་བྱས་ཏེ་གསུངས་པ་རེད། ཆོས་བཞི་ནི། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་བ་སེལ་བ། འཁྲུལ་བ་ཡེ་ཤེས་སུ་འཆར་བ་དེ་དག་ཡིན་ལ། དང་པོ་གསུམ་ནི་མདོརམཚོན་པ་ཙམ་ཞིག་ཞུས་ཟིན་ལ། འདིར་བཞི་བ་འཁྲུལ་བ་ཡེ་ཤེས་སུ་འཆར་བ་ནི་རྩ་བ་འདིའི་འགྲེལ་བ་ཁག་ན་གཞི་བསྒྱུར་བའི་ལམ་དང༌། རང་བཞིན་ཡོངས་སུ་ཤེས་པའི་ལམ་གཉིསཀྱི་སྒོ་ནས་འཆད་པ་ལྟར། གཞི་བསྒྱུར་བའི་ལམ་ནི་གཙོ་བོ་སྔགས་ལམ་གྱི་ནུས་མཐུ་ལ་བརྟེནནས་གཞི་བསྒྱུར་ནས་མ་དག་པ་ཐམས་ཅད་སྦྱངས་ཏེ། དག་པར་བསྒྱུར་བ་ལ་བྱེད། དཔེར་ན། དུག་གི་སྡོང་བོ་ཞིག་ཡོད་ན། དུག་གི་ཆ་དེ་སྦྱངས་ནས་སྨན་གྱི་ངོ་བོར་བསྒྱུར་བ་ལྟར་ཟགབཅས་ཀྱི་འཁྲུལ་བའི་ཆ་དེ་དག་སྤངས་ནས་མ་འཁྲུལ་བའི་ཡེ་ཤེས་ཀྱི་ངོར་བསྒྱུར་བ་ཞེས་འགྲེལཚུལ་གཅིག་དང༌། ཡང་ན། འཁྲུལ་བའི་རང་བཞིན་ནི་རང་བཞིན་གནས་ལུགས་དོན་དམ་རངབྱུང་གི་ཡེ་ཤེས་ཡིན་པར་ཤེས་པ་ན། འཁྲུལ་བ་ཡེ་ཤེས་སུ་འཆར་བ་ཞེས་འགྲེལ་ཚུལ་གཉིསཡོད། འཁྲུལ་བ་ཡེ་ཤེས་སུ་འཆར་བྱེད་གཙོ་བོ་ནི་སྔགས་ཀྱི་ལམ་བཟང་ཡིན་པར་གསུངས་ཏེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། སྔ་གས་མཐུ་ཉིད་ལས་གྲུབ་པ་ཡིས། །ཞེས་པ་ནས། ཡོངས་རྫོགས་སློབ་དཔོན་དབང་བསྐུར་བ། །ཞེས་སྔགས་ལ་བརྟེན་པརགསུངས་འདུག གཉིས་པ་རང་བཞིན་ཡོངས་སུ་ཤེས་པས་འཁྲུལ་བ་ཡེ་ཤེས་སུ་འཆར་ཚུལནི། ཉོན་མོངས་པའི་རྟོག་ཚོགས་དང༌། འཁྲུལ་བ་དང་མ་འཁྲུལ་བ་ཐམས་ཅད་ཀྱི་རང་བཞིནགནས་ལུགས་མཐར་ཐུག་གི་ཡེ་ཤེས་ལེགས་པར་ངོས་ཟིན་པའི་སྒོ་ནས་དེ་རྟོགས་པའི་ཡེ་ཤེསརང་རྒྱུད་ལ་བསྐྱེད་དགོས། དེ་ལྟར་འཆད་དགོས་པར་སྣང༌། ང་རང་ལ་དྭགས་པོ་ཆོས་བཞིའིརྩ་བ་འདིའི་ལུང་ཙམ་ཐོབ་པ་ལས་འཆད་ཉན་རྒྱ་ཆེར་བྱས་མེད་པས་འགྲེལ་བ་ཁག་གི་སྐབསན་དེ་ལྟར་གསུངས་པ་རྒྱུ་མཚན་དུ་བྱས་ནས་ཞུས་པ་ཡིན། རང་བཞིན་ཡོངས་སུ་ཤེས་པསའཁྲུལ་བ་ཡེ་ཤེས་སུ་འཆར་ཚུལ་ལ། གཞི་དྲི་མ་མེད་པ། ལམ་དྲི་མ་མེད་པ། འབྲས་བུ་དྲི་མམེད་པ་གསུམ་ལས། དང་པོ་གཞི་དྲི་མ་མེད་པ་ནི། རང་གི་སེམས་ཀྱི་ཆོས་ཉིད་དང༌། །གཞན་གྱི་སེམས་ཀྱི་ཆོས་ཉིད་ལ། །གཉིས་སུ་ཡོད་པ་མ་ཡིན་ན། །བདག་གཞན་འཛིན་པ་ཇི་ལྟར་འཐད། །དེའི་དོན་ནི། རང་གི་སེམས་ཀྱི་ཆོས་ཉིད་དང་གཞན་གྱི་སེམས་ཀྱི་ཆོས་ཉིད་གཉིས་གཅིག་ཡིནཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཅིག་པ་ཡིན་པར་བསྟན་བཅོས་མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་གཞུང་མང་པོར་གསུངས་པ་ལྟར་རང་གིསེམས་ཀྱི་ཆོས་ཉིད་དང་གཞན་གྱི་སེམས་ཀྱི་ཆོས་ཉིད་གཉིས་སུ་ཡོད་པ་མིན། ཤེར་ཕྱིན་གྱི་མདོ་སོགས་ལས། གཉིས་སུ་བྱར་མེད། གཉིས་སུ་མེད། སོ་སོ་མིན་པ། ཐ་མི་དད་དོ། །ཞེསཡང་ནས་ཡང་དུ་གསུངས་པ་ལྟར་ཆོས་ཀྱི་དབྱིངས་ལས་གཞན་པའི་ཆོས་ཐམས་ཅད་ཀྱི་རངབཞིན་མཐར་ཐུག་ཞིག་མེད་ལ། ཆོས་རྣམས་ཀྱི་རང་བཞིན་མཐར་ཐུག་གྲུབ་པ་ནི། གང་དུབདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངསཔ་ལྟར་ཆོས་ཀྱི་དབྱིངས་རྟེན་གཞི་བྱས་ཏེ་འཁོར་འདས་ཀྱི་ཆོས་སྣ་ཚོགས་བྱུང་བ་ལས། གནས་ལུགས་མཐར་ཐུག་ལ་གྲུབ་པ་ཆོས་ཀྱི་དབྱིངས་ལས་མེད་དོ། །དེ་ཡང་ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རེད། དེས་ན་ཆོས་རྣམསཀྱི་རང་བཞིན་མཐར་ཐུག་ལེགས་པར་ཤེས་སོང་ན། འདི་ཉིད་མྱ་ངན་འདས་པ་ཡིན། །འཁོརབ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་སོ། །འདིརརྒྱལ་བ་བཀའ་བརྒྱུད་པའི་རང་ལུགས་ལ། རང་བཞིན་མེད་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིནམེད་ཙམ་ལ་མི་བཞེད་པར་རང་བཞིན་མེད་པ་ནི་ཕྱོགས་ལྷུང་ཐམས་ཅད་དང་མཐའ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་ཞིག་ཏུ་འདོད་པ་ལས་དོན་དམ་པར་ཅང་མེད་དང༌། རང་བཞིནམེད་པ་ཙམ་ལ་མི་འདོད་པར་གསུངས་བཞིན་འདུག དེ་ཡང་དགེ་སློང་པདྨ་དཀར་པོའི་དྭགསཔོ་ཆོས་བཞིའི་རྩ་བའི་རྣམ་བཤད་ལས། འདིར་རང་བཞིན་མེད་པ་ནི་ཕྱོགས་ལྷུང་ཐམས་ཅདབྲལ་བའི་དོན་ལ་མཛད་ཀྱི། དོན་དམ་པར་ཅང་མེད་རང་བཞིན་མེད་པའི་དོན་དུ་མི་འཛིན་ནོ། །ཞེས་གསུངས་སོ། །གཉིས་པ་ལམ་དྲི་མ་མེད་པ་ལ་རྩལ་སྦྱོང་བ་ལ་གསུམ་སྟེ། ལྟ་བ་ཕྱག་རྒྱ་ ཆེན་པོ། སྒོམ་པ་འོད་གསལ་དྲི་མེད། སྤྱོད་པ་ཅིར་སྣང་ཐུག་སྤྲད་དུ་ངོ་སྤྲད་པ་གསུམ་ལས། གཞིའི་མཐའ་དབུས་ཐམས་ཅད་དང་བྲལ་བ་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། རྒྱལ་བ་བཀའ་བརྒྱུདཔའི་རང་ལུགས་ལ་ཕྱག་རྒྱ་ཆེན་པོའི་སྤྲོས་བྲལ་གྱི་ལྟ་བ་ཡེ་ཤེས་སུ་འདོད་མཁན་དང་མི་འདོདམཁན་གཉིས་ཡོད་དེ། ཀརྨ་རང་བྱུང་རྡོ་རྗེའི་ཟབ་དོན་སྣང་བ་སོགས་ལས་གཞི་ཆོས་ཉིད་ཡེཤེས་ཡིན་པར་གསུངས་པ་དང༌། ཀརྨ་མི་བསྐྱོད་རྡོ་རྗེའི་རྗེ་བཙུན་ངལ་གསོ་ལས་ཀྱང༌། གཞིཆོས་ཉིད་ནི་ཡེ་ཤེས་ཡིན་པར་གསུངས་འདུག ཡིན་ན་ཡང༌། མཚན་བཟང་གིས་བརྒྱན་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལྡན་པར་ཁས་མི་ལེན་ནོ། །ཆོས་ཉིད་ཡེ་ཤེས་སུ་ཁས་ལེནཔ་རྣམས་ཀྱི་ལུགས་ལ། མཐའ་ཐམས་ཅད་དང་བྲལ་བའི་དོན་དམ་རང་བྱུང་གི་ཡེ་ཤེས་དེ་ཕྱགརྒྱ་ཆེན་པོ་ཡིན་ལ། དེའི་འཁྲུལ་གཞི་མཐའ་དག་བྲལ་བའི་ཤུལ་ལམ་གཞི་ན་འཁྲུལ་བྲལ་གྱིཡེ་ཤེས་ཡོད་པས་འདིའི་སྐབས་ཀྱི་འཁྲུལ་བ་ཡེ་ཤེས་སུ་འཆར་ཚུལ་ལ་སྦྱར་ཡང་རུང་ངོ༌། །འཁོར་བའི་རང་བཞིན་ཤེས་གྱུར་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །དེ་སྐད་གསུངས་པས་འཁོར་འདས་ལ། །བཟང་ངན་འཛིན་པ་ཇི་ལྟར་འཐད། །ཅེས་འཁྲུལ་བ་ནི་འཁྲུལ་བ་ཡིན་ཀྱང༌། འཁྲུལ་བའི་རང་བཞིན་ནི་འཁྲུལ་བ་མེད་པའི་ཡེ་ཤེསཡིན་པ་དང༌། ཉོན་མོངས་པ་ཉོན་མོངས་པ་ཡིན་ཀྱང༌། ཉོན་མོངས་པའི་རང་བཞིན་ཡེ་ཤེསཡིན་པས་འཁོར་བ་དང་མྱང་འདས་ཐམས་ཅད་ཀྱི་རང་བཞིན་ལ་ཁྱད་པར་མེད་པར་ཐམས་ཅདཆོས་ཉིད་ཡིན་ཏེ། རྣམ་དག་ཡེ་ཤེས་གཟུགས་ཅན་དང༌། །འཁོར་བ་རྣམ་པར་བྱང་བ་གཉིས། །ཁྱདཔར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རང་བཞིན་གནས་ལུགས་མཐར་ཐུག་ལ་བསམ་བློ་གཏང་དགོས་པ་འདྲ། རྒྱལ་བ་བཀའ་བརྒྱུད་པའི་རང་ལུགས་ལ་ཡང༌། མཁས་པཐམས་ཅད་ཀྱི་གསུངས་གཅིག་དབྱངས་གཅིག་གིས་དེ་ལྟར་འདོད་ཀྱིན་མི་འདུག ཁ་ཤས་ཀྱིས། ཉོན་མོངས་རྣམ་རྟོག་དེ་ཉིད་ཡེ་ཤེས་ཡིན་པ་དང༌། འཁྲུལ་བ་དེ་ཉིད་མ་འཁྲུལ་བ་མྱང་འདསསུ་འདོད་ཅིང༌། ཚིག་ཟིན་ལྟར་སེམས་ཅན་སངས་རྒྱས་ཡིན་ཞེས་འདོད་པ་རེད། ཁ་ཤས་ཀྱིས། སེམས་ཅན་གྱི་རང་བཞིན་སངས་རྒྱས་ཡིན་ཀྱང༌། སེམས་ཅན་སངས་རྒྱས་མིན་ཞེས་འདོད་ལ། རྗེ་མི་ལ་རས་པའི་རྣམ་མགུར་ཞིག་ཏུ། འཁྲུལ་བ་དེ་འཕོ་བར་མི་བྱས་པར་ཡེ་ཤེས་ཡིན་ཞེསབཞག་ཙམ་ནི་ཡང་དག་པའི་ལྟ་བ་མིན་པར་ལྟ་བ་ལོག་པ་ཡིན་ཞེས་གསུངས་འདུག དེས་ནའཁྲུལ་བ་དེ་ཉིད་ཡེ་ཤེས་སུ་མི་འདོད་མཁན་ཡང་ཡོད་པ་འདྲ། གཉིས་པ་འོད་གསལ་དྲི་མེདནི། སྟོང་དང་རྟེན་འབྱུང་དོན་གཅིག་པ། །དབུ་མའི་ལམ་དུ་གསུངས་པ་ལ། །ཞེས་སྟོང་བ་དངརྟེན་འབྱུང་གཉིས་དབུ་མའི་ལམ་དུ་གསུངས་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྩོད་བཟློག་གི་མཇུག་ན། གང་ཞིག་སྟོང་དང་རྟེན་འབྱུང་དང༌། །དབུ་མའི་ལམ་དུ་དོན་གཅིགཔར། །ཞེས་གསུངས་པ་ལྟར་འདིར་ཡང་དེ་ལྟར་གསུངས་པ་རེད། ཡང་ན། སྟོང་དང་རྟེན་འབྱུངདོན་གཅིག་ཅེས་པ་ནི། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཡང་མེད་པ་དང༌། གང་ཞིག་སྟོང་ཉིདམ་ཡིན་པའི་ཆོས་འགའ་ཡང་མེད་པས་ཆོས་ཐམས་ཅད་སྟོང་ཉིད་དང་རྟེན་འབྱུང་ཡིན་པའི་སྒོནས་ཀྱང་འཆད་ཚུལ་ཡོད་པ་རེད། སྟོང་ཉིད་སྟོན་པའི་བླ་མ་ཞིག ། ལོག་ན་འཚོལ་དགོས་ཇི་ལྟར་འཐད། །ཅེས་དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ལུགས་མཐར་ཐུག་རྟོགས་སོང་ན་དེ་ལསལྷག་པའི་གཞན་སྟོང་ཉིད་དང་དབུ་མའི་ལམ་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་གཞན་ཞིག་བཙལ་མི་དགོས་པར་གསུངས་སོ། །གསུམ་པ་སྤྱོད་པ་དྲི་མ་མེད་པ་ནི། རང་གི་སེམས་ལ་བཟོ་ཤེས་ན། །ཐམས་ཅད་བདེན་པར་མ་གྲུབ་པས། །ཇི་ལྟར་སྣང་ཡང་བློ་སྦྱོང་གི ། གྲོགས་དང་མཐུན་པའི་རྒྱུ་རུ་སྦྱར། །གེགས་སེལ་ལོགས་ནས་ཅི་ཞིག་དགོས། །ཞེས་རང་གི་སེམས་ལ་ཕར་བཟོ་ཤེས་ན་སྣང་བ་ཐམས་ཅད་སེམས་ལ་དབང་བསྒྱུར་བ་དང༌། ཆོས་ཐམས་ཅད་བདེན་སྟོང་རྟོགས་པའི་སྟོབས་ཀྱིས་བློ་སྦྱོང་ཐུབ་ན། རྐྱེན་ངན་གང་ཞིག་ཡིན་ཡང༌། ཆོས་མཐུན་གྱི་གྲོགས་ཀྱི་རྒྱུ་རུ་སྦྱར་རུང༌། ཡང་ན་ཐམས་ཅད་སྟོང་བ་ཉིད་དུ་རྟོགས་ན། གངལ་སྟོང་བ་ཉིད་རུང་ན། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་ལྟར་ཐམས་ཅད་བདེནཔར་མ་གྲུབ་པའི་གནད་ཀྱིས་ཅི་ཞིག་ཏུ་སྣང་ཡང་བསྒྱུར་དུ་རུང་སྟེ། དཔལ་ལྡན་ཟླ་བ་གྲགསཔས་བདེན་ཞེན་ལྡོག་པར་མཛད་སྟོབས་ཀྱིས། རི་མོ་བྲིས་པའི་བ་ལས་འོ་མ་བཞོས་པ་སྣང་བཐམས་ཅད་ལ་དབང་བསྒྱུར་ཐོབ་པ་རེད། ཡང་ན་འདིའི་འགྲེལ་བ་ཁག་ན། རང་གི་སེམསཀྱི་ཆོས་ཉིད་མཐོང་ནས་འདོད་ཆགས་ལ་སོགས་པ་ཐམས་ཅད་བློ་སྦྱོང་གི་གྲོགས་སུ་འགྲོ་བས། གསང་སྔགས་ལ་འཁྲིག་པའི་འདོད་ཆགས་ལམ་དུ་འཁྱེར་བ། མངོན་སྤྱོད་ཀྱི་ཞེ་སྡང་གི་སྒོ་ནསཞིང་བཅུ་ཚང་བའི་བསྟན་དགྲ་དག་མངོན་སྤྱོད་དྲག་པོའི་ལས་ལ་བརྟེན་ནས་བསྒྲལ་པ་དང༌། འོད་གསལ་གྱིས་གཏི་མུག་སོགས་དེ་ཉིད་རང་གི་དུས་སུ་ལམ་དུ་འཁྱེར་བ་ཡིན་པས་དེ་དགཉོན་མོངས་པའི་ཕྱོགས་སུ་སོང་དྲགས་སྙམ་ནས་ཀླན་ཀ་མི་གདགས་ཏེ། ཆོས་ཐམས་ཅད་བདེནསྟོང་དུ་རྟོགས་སྟོབས་ཀྱིས་གང་སྣང་བསྒྱུར་ཐུབ་བོ། །ཉོན་མོངས་པ་དང་ཕྱིའི་རྐྱེན་གང་ཞིག་ཡིན་ཀྱང༌། སྔགས་ལ་བརྟེན་ནས་ཐམས་ཅད་གྲོགས་སུ་བསྒྱུར་བ་འོང་ཐུབ་པར་གསུངས་པརེད། འདིར་འཁྲུལ་བ་ཡེ་ཤེས་སུ་འཆར་བ་ནི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམསོགས་ལ་སྦྱར་ནས་གསུངས་པ་དང༌། གོང་མ་དེ་དག་ནི་འབྲས་བུ་ལ་སྦྱར་པ་རེད། རྩ་བའིཚིག་ཟིན་ལ་འཁྲུལ་བ་ཡེ་ཤེས་སུ་འཆར་ཚུལ་ལ་འབྲས་བུ་དངོས་སུ་སྦྱར་མི་འདུག ཡིན་ན་ཡང༌། འདིའི་འགྲེལ་བ་ཁག་ན། ལོགས་སུ་ས་བཅད་གསུམ་པ་འབྲས་བུ་དྲི་མ་མེད་པ་ཞེསསྦྱར་འདུག དེ་ཡང་བདུད་བཞི་བཅོམ་ཚུལ་གྱི་རིམ་པ་ལ་སྦྱར་ནས་གསུངས་འདུག མ་རིག་པབཅོམ་པའི་དུས་དེ་ཁར་བདུད་བཞི་བཅོམ་པ་དང༌། སྔགས་ཀྱི་སྐབས་ན་སྣང་གསུམ་འཕོ་བའིབག་ཆགས་དག་བཅོམ་སྟེ་མཐར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ངོ་བོར་སངས་རྒྱས་ཞེས་འབྲས་བུ་གསུངས་པ་རེད། དེས་ན་རྣམ་པ་ཐམས་ཅད་ཀྱིས་དྭགས་པོའི་ཆོས་བཞིའི་ཚིག་དེ་འདོན། དེ་ནས་དེའི་དོན་ལ་བློ་སྦྱོང་དགོས། བློ་སྦྱོང་དོན་བདུན་མའི་སྐབས་ན། སྤྱོད་ལམ་ཀུནཏུ་ཚིག་གིས་སྦྱངས། །ཞེས་གསུངས་པ་ལྟར་ང་ཚོས་ནམ་རྒྱུན་འགྲོ་འཆག་ཉལ་འདུག་སྐབསཀུན་ཏུ་ཡང༌།ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་གོད་ཁ་རང་གིས་ལེན། །ཞེས་པ་དང༌། ཇོ་ནང་ཀུན་མཁྱེན་རིན་པོ་ཆེས། བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མགྱུར་ཅིག །སྒོ་གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུར་བར་ཤོག །ཅེསཔའི་ཚིག་དེ་དག་འདོན་ནས་བློ་སྦྱོང་དགོས།ནམ་རྒྱུན་འགྲོ་འཆག་ཉལ་འདུག་གང་གི་སྐབསན་ཡང༌།སྐད་ཡོད་ཀྱང་མེད་ཀྱང༌། ཀི་\་སྒྲུང་གསུམ་བྱེད་པ་ལས་ཚིག་འདི་དག་འདོན་ནས་བློ་སྦྱོང་དགོས། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་བ་སེལ་བ། འཁྲུལབ་ཡེ་ཤེས་ཀྱིས་སེལ་བ་དེ་དག་ནི་བཀའ་བརྒྱུད་པ་རྣམས་ཀྱིས་གསོལ་འདེབས་ལ་སྦྱར་ནས། ཆོས་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། ལམ་འཁྲུལབ་སེལ་བར་བྱིན་གྱིས་རློབས། འཁྲུལ་བ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཞེས་གསོལའདེབས་གནང་གིན་འདུག ཆོས་བཞིའི་ནང་ནས་དང་པོའི་སྐབས་སུ་སྐྱེས་བུ་ཆུང་ངུའི་ཆོས་སྐོརལ་སྦྱར་ནས་སྐྱེས་བུ་ཆུང་ངུའི་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་བསྟན་ཏེ། ཡང་དག་ལྟ་བ་ནི་ལསའབྲས་ཡང་དག་པར་ལྟ་བ་དང་ཚེ་སྔ་ཕྱི་ཡང་དག་པར་ལྟ་བ། སྒོམ་པ་ནི་ལས་འབྲས་སྒོམ་པ། སྤྱོད་པ་ནི་དགེ་སྡིག་འཇུག་ལྡོག་གི་སྤྱོད་པ། འབྲས་བུ་ནི་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པདེ་དག་གོ། །སྐྱེས་བུ་འབྲིང་གི་ལྟ་སྒོམ་སྤྱོད་གསུམ་ལས། ལྟ་བ་ནི་གང་ཟག་གི་བདག་མེད་པརལྟ་བ། སྒོམ་པ་ནི་འཁོར་བའི་ཉེས་དམིགས་སྒོམ་པ། སྤྱོད་པ་ནི་ངེས་འབྱུང་བསླབ་པ་གསུམ་ལསྤྱོད་པ། འབྲས་བུ་ནི་ཉན་རང་གི་བྱང་ཆུབ་ཐོབ་པ་དེ་དག་ཡིན། མདོ་ཕར་ཕྱིན་ཐེག་པའི་ལུགསལ་སྦྱར་ནས་སྐྱེས་བུ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་ལས་ལྟ་བ་ནི།བདེན་གཉིས་ཀྱི་ལྟ་བ། སྒོམཔ་ནི་ཐབས་ཤེས་ཟུང་འཇུག་ཏུ་སྒོམ་པ། སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ། འབྲས་བུནི་སྲིད་ཞིའི་མཐའ་གང་ལ་ཡང་མི་གནས་པའི་མྱང་འདས་ཐོབ་པ་དེ་དག་ཡིན། དེའི་རྗེས་སུ།སྟོང་ཉིད་རྟོགས་ཚུལ་དང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་འབྱུང་བའི་ཚད་སོགས་བསྟན། དེའི་རྗེས་སུ། གཞི་བསྒྱུར་ནས་འཁྲུལ་བ་ཡེ་ཤེས་སུ་འཆར་ཚུལ་དང་རང་བཞིནཡོངས་སུ་ཤེས་པས་འཁྲུལ་བ་ཡེ་ཤེས་སུ་འཆར་ཚུལ་གྱི་སྒོ་ནས་དྭགས་པོའི་ཆོས་བཞི་འདི་ཚིགདོན་རགས་ཙམ་ཞུས་པ་ཡིན། ད་རེའི་དྭགས་པོའི་ཆོས་བཞི་འདི་གང་མཚམས་ཤིག་ཞུས་པསརྣམ་པ་ཐམས་ཅད་ཀྱིས་ཞུས་པ་ལྟར་ཅི་ཐུབ་ཀྱིས་ཉམས་སུ་བླངས། བག་ཆགས་རེ་བཞག་དགོསཔ་རེད། སྤྱིར་བོད་ཁ་བ་གངས་ཅན་གྱི་ལྗོངས་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེསསུ་འབྲང་བའི་ཆོས་བརྒྱུད་མང་པོ་ཡོད་པ་རེད། ཡིན་ན་ཡང༌། ཐམས་ཅད་མིང་ཙམ་དང་གནསསྐབས་བརྒྱུད་པ་མི་འདྲ་བ། བསྟན་དོན་ཅུང་ཟད་མི་འདྲ་བ་ཙམ་ལས་སྤྱིར་ཐམས་ཅད་གནདགཅིག་པ་ཡིན་ལ། དཔལ་ལྡན་རྒྱལ་བ་ཇོ་ནང་པར་མཚོན་ན། རྗེ་ཐམས་ཅད་མཁྱེན་པ་ཏཱ་རནཱ་ཐས། བདེ་མཆོག་ནི་ཡི་དམ་གྱི་གཙོ་བོར་བྱས་ནས་གསུངས་པ་དང༌། དེའི་བརྒྱུད་པ་ཆ་ཚངཏེ་ལོ་པ་དང་ནཱ་རོ་པ་མར་པ་མི་ལ་སོགས་ལས་བརྒྱུད་འོང་བ་ཡིན་ལ། བདེ་མཆོག་རབ་འབྱམསལ་དབང་ཆེན་བཅོ་བརྒྱད་ཡོད་པ་དང༌། བདེ་མཆོག་གི་དབང་བསྐུར་ན་ཉིན་གཅིག་ལ་ཡང་དབངགཅིག་རྫོགས་མི་རྫོགས་བྱེད་པའི་དབང་ཆེན་པོ་རེད། དབང་ཆེན་བཅོ་བརྒྱད་དེ་དག་ཐམསཅད་ཀྱི་བརྒྱུད་པ་གཙོ་བོ་ནི་རྒྱལ་བ་བཀའ་བརྒྱུད་པའི་ཏེ་ལོ་ནཱ་རོ་མར་པ་མི་ལ་སོགས་ལས་རིམ་གྱིས་བརྒྱུད་འོང་བ་རྐྱང་རྐྱང་ཡིན་པའི་རྒྱུ་མཚན་གྱིས་བརྒྱུད་པའི་ངོས་ནས་ཕན་ཚུན་གཅིགགིས་གཅིག་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད། ལྷག་ཏུ་རྒྱལ་བ་ཇོ་ནང་པར་མཚོན་ན་རྗེ་ཐམསཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྣམ་ཐར་མ་བཅོས་ལྷུག་པའི་མཛད་བྱང་ཁ་ཤས་ངོར་ཤངས་བ་བཀའབརྒྱུད་པའི་ཆོས་བརྒྱུད་དུ་གཏོགས་པ་ཞེས་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་རང་ཉིད་ཤངསཔ་བཀའ་བརྒྱུད་པའི་ཆོས་བརྒྱུད་དུ་གཏོགས་པ་ལྟ་བུར་གསུངས་འདུག ཤངས་པ་བཀའ་བརྒྱུདནི་རྣལ་འབྱོར་བ་ཁྱུང་བོ་ནས་རིམ་གྱིས་བརྒྱུད་འོང་བའི་ཆོས་བརྒྱུད་ཅིག་ཡིན་པ་རེད། ཤངསཆོས་སྐོར་དབང་སོ་དྲུག་སོགས་དབང་ལུང་ཁྲིད་གསུམ་དང༌། འདུན་པའི་ཆོས་དྲུག་གྱི་སྒོ་ནསམཚམས་གནང་རྒྱུ་ཕྱག་བཞེས་སོགས་མ་ཉམས་པར་གནས་ཡོད། མདོར་ན། ཐམས་ཅད་ཀྱིསཆོས་ལུགས་ལ་དག་སྣང་བྱེད་པ་ལས་རིས་སུ་མི་བཅད་རྒྱུ་གལ་ཆེན་པོ་ཡིན་པ་རེད། ཡིན་ནཡང༌། རང་རང་སོ་སོའི་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ་སོགས་ལུང་རིགས་ཀྱིསྒོ་ནས་ཆགས་སྡང་མེད་པར་ཕན་ཚུན་བར་དགག་བཞག་གནང་ན་འགྲིག་ལ། དེ་ལྟར་གནངན་བསྟན་པ་དག་གཙང་འགྲོ་བ་ལ་ཡང་ཕན་ཐོགས་འདུག ལོག་བཤད་དེ་དག་ལུང་རིགསཀྱི་སྒོ་ནས་རྒོལ་བ་གནང་ན། ཕྱིན་ཆོད་ལོག་བཤད་མི་གནང་བ་དང༌། རང་རང་གིས་རྟོག་བཟོམི་བྱེད་པའི་ཕན་པ་མང་པོ་འདུག དེ་མ་གཏོགས་ཕན་ཚུན་བར་ཆགས་སྡང་གི་དབང་གིས་བསྟནཔ་འཛིན་མཁན་གྱི་གང་ཟག་ལ་བཟང་ངན་རྩོད་པ་ནི་མི་རུང་ངོ༌། །དེས་ན་རང་རང་སོ་སོའི་ཆོས་བརྒྱུད་ངོས་ནས་སྔོན་རང་རང་གི་གཞི་ལམ་འབྲས་གསུམ་ལ་བརྟེན་ནས་གྲུབ་པའི་སརགཤེགས་སོང་བ་ཡོད་པའི་སྒོ་ནས་ཆོས་བརྒྱུད་སོ་སོ་ལ་འཚང་རྒྱ་བའི་ཐབས་མ་ནོར་བ་ཡོདཔར་ཤེས་དགོས། སྨྲས་པ། སྐྱེ་དགུའི་བློ་སེམས་ཆོས་སུ་འགྱུར་བ་དང༌། །དེ་ཡང་ངེས་འབྱུང་ལམ་དུ་འགྱུར་བ་དང༌། །གོལ་མེད་ཐེག་ཆེན་སྤྱོད་པས་རྩིས་ཟིན་ནས། །གཉུག་མ་དོན་གྱི་གནས་ལུགས་རྟོགས་པར་ཤོག ། ཕྱི་ལོ་༢༠༡༩ལོར་བཤེས་གཉེན་དམ་པ་གང་གིས་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ནས་དྭགས་པོའི་ཆོས་བཞིའི་བཀའ་ཁྲིད་གནང་བའི་ཟིན་བྲིས་འདི་ནི། ཕྱི་ལོ་༢༠༢༠ལོའི་དབྱརཁའི་སློབ་སྐབས་སུ་ཕ་ཡུལ་ལ་ལོག་དགོས་ཀྱི་དོན་རྐྱེན་ཞིག་བྱུང་ནས། ལས་ཀ་དུ་མའི་ཞརཞོར་ལ་སྒྲ་འཇུག་ལ་བསྐྱར་ཉན་གྱིས་སློབ་སྐབས་ཀྱི་ཆུ་ཚོད་རང་དགར་མ་བཏང་པའི་ཚུལ་དུ་ཕ་ཡུལ་ནས་གང་གི་སློབ་འབངས་སུ་གཏོགས་པ་ངག་དབང་རྒྱ་མཚོས་ཕྱི་ལོ་༢༠༢༠ལོའི་ཟླ་༨ཚེས་༡ནས་དབུ་བཟུང་སྟེ་ཟླ་༨ཚེས་༤ཉིན་མཇུག་རྫོགས་པར་བྱས། ༄༅། །ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད། གཏན་གྱི་འདུན་མ་གཏན་དུ་དགེ་བའི་གཏན་བདེའི་ཞི་ལ་འདོད་པ་དང༌། །སེམས་ཀྱི་དམ་པ་རིན་ཆེན་སེམས་མཆོག་རྒྱལ་སྲས་དམ་པའི་སེམས་བསྐྱེད་དེ། །སྣང་སྟོང་ཟུང་འཇུག་སྒྱུ་མའི་སྣང་བར་སྣང་བ་ཐམས་ཅད་རང་གྲོལ་བ། །ལམ་གྱི་གཙོ་བོ་ལམ་གཙོ་འདི་གསུམ་ལམ་དུ་བྱེད་པ་ཀུན་ལ་གུས། །ཚིག་ཤུན་སྡེབ་ལེགས་སྙན་པས་མ་སྦག་པར། །ཤ་ཚ་གཅེས་པའི་གདམས་ངག་རྗེན་རྗེན་དུ། །འདྲེན་མཆོག་དྲིན་ཆེན་རྗེ་ཡི་གསུང་སྒྲོས་བཞིན། །རང་ནུས་བརྩོན་པ་བསྐྱེད་དེ་སྤེལ་བར་སྤྲོ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་བོ་དེ་ལ་ཕྱག་འཚལ་ལོ། །དེ་ནས་དེ་རིང་འདིར་རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཚིག་དོནམདོར་བསྡུས་ཙམ་ཞུ་རྒྱུ་ཡིན། ཞུ་དགོས་པའི་རྒྱུ་མཚན་ནི་ཐོག་མར་ཐེག་པ་ཆེན་པོའི་ལམ་ཉམསསུ་ལེན་མཁན་གྱི་གང་ཟག་ཅིག་ཡིན་ཕྱིན། ལམ་གཙོ་རྣམ་གསུམ་འདི་གལ་ཆེ་བའི་རྒྱུ་མཚནགྱིས་ཡིན། བསྟན་བཅོས་ཀྱི་མཚན་ནི། ལམ་གཙོ་རྣམ་གསུམ་ཞེས་བྱ་བ་བཞུགས་སོ། །དེའི་དོན་ནི། ལམ་ཉམས་སུ་ལེན་པ་ལ་གལ་ཆེ་བ་རྣམ་གསུམ་སྟེ་ངེས་འབྱུང་གི་བསམ་པ་དང༌། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་ནི་ལམ་གྱི་གཙོ་བོ་ཡིན་པར་གསུངས་པ་དང༌། ལམ་གཙོ་རྣམ་གསུམ་ཞེས་བྱ་བའི་བསྟན་བཅོས་གང་ན་བཞུགས་ན་འདི་ན་བཞུགས་སོ་ཞེསབསྟན་བཅོས་ཀྱི་མཚན་བཏགས་པ་རེད། མཆོད་བརྗོད་ནི། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ཡང་རྗེ་བདག་ཉིད་ཆེན་པོ་ནི་དུས་རབས་བཅུ་བཞི་བའི་དུས་སྐབས་ལ་སྐུ་འཁྲུངས་ཤིང༌། ཁོངསྐུ་མྱ་ངན་ལས་འདས་ནས་ད་ལྟའི་བར་དུ་ལོ་ངོ་དྲུག་བརྒྱ་འགོར་ཡོད་པ་དང༌། ཁོང་སྐུ་མྱ་ངན་ལསའདས་ནས་ལོ་དྲུག་བརྒྱ་ཙམ་འགོར་ཡོད་ན་ཡང༌། ཁོང་གིས་ལེགས་པར་བཤད་པའི་གསུང་རབ་པོ་ཏི་བཅོ་བརྒྱད་ལ་བརྟེན་ནས་ད་ལྟའི་བར་དུ་འཇིག་རྟེན་གྱི་ཁམས་འདིར་བསྟན་པ་ཡུན་རིངདུ་གནས་པ་དང་སེམས་ཅན་རྣམས་ཀྱི་རྒྱུད་ལ་བདེ་སྐྱིད་བླ་ན་མེད་པ་བསྐྲུན་ཡོད་པ་རེད། རྗེབདག་ཉིད་ཆེན་པོ་ཁོང་གིས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན། ཞེས་གསུངས་པ་ལྟར། མཛད་པ་ཐམས་ཅད་ཀྱི་ནང་ནས་མཛད་པ་མཆོག་ཏུ་གྱུར་བ་ནི་གསུངགི་མཛད་པ་ཡིན་ལ། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་དབང་དུ་བྱས་ན་དཔལ་མགོན་འཕགསཔ་ཀླུ་སྒྲུབ་ལྟ་བུར་མཚོན་ན་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་སྟོང་ཕྲག་གཉིས་ལྷག་འགོར་ཡོདན་ཡང༌། ད་ལྟའི་ཆར་ཁོང་གིས་གསུངས་པའི་རིགས་ཚོགས་དྲུག བསྟོད་ཚོགས་དྲུག་ལ་སོགསཔའི་གཞུང་དེ་དག་འཇིག་རྟེན་ཁམས་འདིར་དར་ཞིང་རྒྱས་ནས་ནང་བ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་སེམས་ཅན་ལ་བདེ་སྐྱིད་བླ་ན་མེད་པ་བསྐྲུན་པ་ནི་ཁོང་ཅག་གིསགསུངས་པའི་ལེགས་པར་བཤད་པའི་བསྟན་བཅོས་དེ་དག་ལས་བྱུང་བ་ཡིན་པ་ལས་ལྷ་ཁངསོགས་བཞེངས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱསསུ་འགྲོ་བ་དང༌། སེམས་ཅན་ལ་བདེ་སྐྱིད་བླ་ན་མེད་པ་བསྐྲུན་ཐུབ་པ་ཁག་པོ་རེད། དཔལ་མགོནའཕགས་པ་ཀླུ་སྒྲུབ་ཀྱི་སྐུ་དུས་སུ་བྱུང་བའི་ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུའི་གླིང་འདིར་མཆོད་རྟེན་བྱེ་བ་བཞེངས་པའི་ལོ་རྒྱུས་འདུག ཡིན་ན་ཡང༌། དེ་དག་ད་ལྟ་འཇིག་རྟེན་འདིར་སེམསཅན་སོ་སོའི་རྒྱུད་ལ་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་སྤེལ་བའི་རྒྱུ་དང་སེམས་ཅན་ལ་བདེསྐྱིད་བླ་ན་མེད་པ་བསྐྲུན་པའི་ཐབས་སུ་གྱུར་ཡོད་པ་ཁག་པོ་ཡིན་ལ། དེའི་རྒྱུ་མཚན་གྱིས་གསུངརབ་ལེགས་པར་བཤད་པ་ཞིག་ཡོད་ན་དེ་འཇིག་རྟེན་འདིར་ཡུན་རིང་དུ་གནས་པ་ལ་བརྟེནནས་འཇིག་རྟེན་གྱི་ཁམས་འདིར་བདེ་སྐྱིད་བླ་ན་མེད་པ་བསྐྲུན་ཐུབ་པ་དང༌། བསྟན་པ་འཕེལརྒྱས་སུ་འགྲོ་བ་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོད་པ་རེད། སྔོན་བྱོན་སྐྱེས་བུ་དམ་པ་དག་ལ་དངོསསུ་ཞལ་མཇལ། གསུང་ཐོས་པ་ཡིན་ན་ཡང༌། ད་ལྟ་ཡོད་པའི་ཁོང་ཅག་གིས་གསུངས་པའིབསྟན་བཅོས་འདི་དག་ལས་ལྷག་པ་ཞིག་གསུང་རྒྱུ་མེད་ལ། རྗེ་བདག་ཉིད་ཆེན་པོ་ཁོང་དངཡང་ཞལ་མཇལ། གསུང་ཐོས་ན་ཡང༌། ལམ་གཙོ་རྣམ་གསུམ་འདི་ལྟ་བུ་ལས་ལྷག་པ་གངཡང་གསུང་རྒྱུ་མེད། དེས་ན་ཕྱི་རབས་པ་ཚོས་རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་བླ་ན་མེད་པ་འདི་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་བྱས་ན་རང་རྒྱུད་ལ་མ་འོངས་པ་ན་སྡུག་བསྔལཞི་བའི་ཞི་བ་ཐར་བ་སོགས་ཐོབ་བྱེད་ཀྱི་རྒྱུར་འགྱུར་ཐུབ། རྗེ་བདག་ཉིད་ཆེན་པོ་ཁོང་ནི་མདོསྨད་སྐུ་འབུམ་ཕྱོགས་སུ་སྐུ་འཁྲུངས་ཤིང༌། ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་བསམ་སྦྱོར་གཉིསཀྱིས་ཚུལ་བཞིན་དུ་བླ་མར་ལོ་དུ་མར་བསྟེན་ནས། དགུང་ལོ་བཅུ་དྲུག་དང་བཅུ་བདུན་གྱི་མཚམས་ཤིག་ནས་ཡར་དབུས་གཙང་ཕྱོགས་སུ་ཕེབས་པའི་མཛད་པ་བསྐྱངས། དེ་དུས་དབུསགཙང་སོགས་ལམ་ཐག་རིང་པོར་བསྐྱོད་དགོས་ན་རྐང་ཐང་ལ་འགྲོ་དགོས་པས་རྗེ་རིན་པོ་ཆེཁོང་གིས་ཀྱང་རྐང་ཐང་ལ་སློང་མོར་བྱེད་ཞོར་དཀའ་ངལ་མང་པོ་བརྒྱབ་ནས་དབུས་གཙང་ཆོསཀྱི་ཞིང་དུ་ཕེབས་ནས་བླ་མ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ། དངོས་སུ་ཞལ་མཇལ་གསུང་ཐོས་པ་ལ་བརྟེན་ནས་སློབ་སྦྱོང་རྡོ་རུས་ཐུག་པ་གནང༌། གྲྭ་བ་གྲྭ་རྐྱང་བྱས་ནས་མཁསཔའི་གདན་ཐོབ་རག་པ་ལས་ཐོག་མ་ནས་བླ་མ་ཆེན་པོའི་མཚན་དང་སྤྲུལ་སྐུ་ཆེན་པོའི་མཚནལ་བརྟེན་ནས་བླ་མ་ཆེན་པོར་གྱུར་སོང་བ་མ་རེད། གྲྭ་བ་གྲྭ་རྐྱང་བྱས་ཏེ་དཀའ་སྤྱད་སྡུག་རུསབྱས་ནས་གདུལ་བྱ་ཐུན་མོང་ངོར་ཚོགས་བསགས་སྒྲིབ་པ་སྦྱངས། ལྷག་པའི་ལྷའི་ཞལ་གཟིགསཐོབ། གཞུང་ཆེན་གྱི་ལྟ་བ་རྟོགས་པར་བྱས་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་ལེགསབཤད་གསུང་རབ་པོད་བཅོ་བརྒྱད་སོགས་བརྩམས་གནང་མཛད་པ་རེད། འདིར་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཞེས་རྗེ་བཙུན་འཇམ་དཔལ་དབྱངས་དང་དབྱེར་མ་མཆིས་པའིབླ་མ་རྣམས་ལ་ཕྱག་འཚལ་བ་ཡིན་ལ། དེ་ལྟར་རྗེ་བདག་ཉིད་ཆེན་པོའི་བླ་མ་ཡང་ཆོས་རྗེ་དོན་གྲུབ་རིན་ཆེན་ནས་བཟུང་སྟེ། བླ་མ་བསམ་གྱིས་མི་ཁྱབ་པ་མང་པོ་བསྟེན་པ་རེད། དེརིང་འདིར་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་དགེ་འདུན་པ་བཞི་བརྒྱ་ལྷག་ཡོད་པས་ཆ་ནས་ཇོནང་བའི་ཕྱོགས་ནས་གཅིག་ཞུ་ན། རྗེ་རིན་པོ་ཆེ་ཁོང་གིས་བླ་མ་ཆོས་རྒྱལ་ཕྱོགས་ལས་རྣམརྒྱལ་གྱི་མདུན་ནས་དུས་འཁོར་གསན་པར་མཁས་གྲུབ་རྗེས་རྗེ་རིན་པོ་ཆེའི་རྣམ་ཐར་སྐབསགསུངས་པ་དང༌། དེ་ནང་བཞིན་ཆོས་རྗེ་ཉ་དབོན་པའི་སྐུ་མདུན་ནས་ཕར་ཕྱིན་གསན་གནངམཛད་པ་དང༌། ཇོ་ནང་ལོ་ཙཱ་བ་ས་བཟང་མ་ཏི་པན་ཆེན་གྱི་སྐུ་མདུན་ནས་རིག་པའི་གནས་མང་པོར་བསླབས་པའི་ལོ་རྒྱུས་འདུག སློབ་བརྒྱུད་ཀྱི་ཆ་ནས་ཀྱང་ཇོ་ནང་ཆོས་རྗེ་ཉ་དབོནཔ་ནི་རྗེ་རེད་འདའ་བའི་བླ་མ་གཙོ་བོ་ཡིན་པ་དང༌། རྗེ་རིན་པོ་ཆེས་ཆོས་རྗེ་ཉ་དབོན་པའི་མདུནནས་ཕར་ཕྱིན་གསན་གནང་ཚར་བའི་རྗེས་སུ་མངོན་པ་ཞིག་གསུངས་རོགས་གནོངས་ཞེས་ཞུ་བ་ཕུལ་བ་ན་ཆོས་རྗེ་ཉ་དབོན་པ་ཁོང་གིས་ཁོང་དགུང་ལོ་ཡང་བགྲེས་པས་ཁོང་གི་སློབ་མགཞོན་ནུ་རེད་འདའ་བའི་སྐུ་མདུན་དུ་ཕེབས་དང་དེས་མངོན་པ་ཡག་པོ་མཁྱེན་ཞེས་ཁོང་གིསམངགས་གནང་མཛད་པ་ལྟར་ཕེབས་ནས་བླ་མར་བསྟེན་ཏེ་གཞོན་ནུ་རེད་འདའ་བ་ནི་རྗེ་རིནཔོ་ཆེའི་བླ་མ་གཙོ་བོར་ཆགས་ཡོད་པ་རེད། རི་བོ་དགེ་ལྡན་པར་ཡོངས་གྲགས་ལ་རྗེ་རིན་པོཆེའི་བླ་མ་གཙོ་བོ་ནི་རྗེ་རེད་འདའ་བ་དང་བླ་མ་དབུ་མ་པ་གཉིས་ཡིན་ལ། བླ་མ་དབུ་མ་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་སྣང་བ་ཡོད་མཁན་ཞིག་སྟེ། རྗེ་བཙུན་འཇམ་དཔལ་དབྱངས་ལ་དངོས་སུ་ཞལ་མཇལ་གསུང་ཐོས་མཁན་ཞིག་ཡིན་པས་རྗེ་རིན་པོ་ཆེ་ལ་ལོ་མང་པོའི་བར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གསུངས་པའི་ཆོསརྣམས་བླ་མ་དབུ་མ་པས་གསུངས་པ་དང༌། ཕྱིས་སུ་རྗེ་བདག་ཉིད་ཆེན་པོ་རྒྱལ་བ་བློ་བཟངགྲགས་པ་ལ་ཡང་དངོས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ཐོབ་པ་རེད། ཞལ་གཟིགས་པའི་གནས་སྐབས་ན་རྗེ་བློ་བཟང་གྲགས་པས་ཁོང་གིས་རྟོགས་པའི་ལྟ་བ་འདིདབུ་མ་ཐལ་རང་གང་གི་ལྟ་བ་གང་ཡིན་ཞེས་དྲིས་པ་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིསདེ་གཉིས་གང་གི་ཡང་ལྟ་བ་མིན་པས་ད་རུང་ཚོགས་གསོགས། སྒྲིབ་པ་སྦྱོངས། ལྷག་པའི་ལྷལ་གསོལ་བ་ཐོབས། གཞུང་ཆེན་པོ་ལ་ལྟ་རྟོག་མང་དུ་གྱིས་དང་ནམ་ཞིག་ལ་ལྟ་བ་རྙེད་པརའགྱུར་ཞེས་གསུངས་པ་རེད། དེའི་ཕྱིས་སུ་རྗེ་རིན་པོ་ཆེ་འོལ་ཁ་ཆོས་ལུང་སོགས་སུ་བྱོན་ནསལྟུང་བཤགས་དང་སྦྲགས་ཏེ་ཕྱག་འབུམ་ཐེར་མང་པོ་བཙལ། མནྜལ་མང་པོ་ཕུལ་ནས་ཕྱགགི་མཁྲིས་མ་སོགས་ཀྱང་རྡོལ་བའི་དཀའ་སྤྱད་མང་པོ་གནང༌། རྒྱ་འགྲེལ་མང་པོ་དང་འགྲེལབ་བུདྡྷ་པ་ལི་ཏ་སོགས་གཞུང་ཆེན་མང་པོ་ལ་གཟིགས་ནས་ཐལ་འགྱུར་བའི་ལྟ་བ་དེ་རྒྱུད་ལའཁྲུངས་པར་བྱས་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་བྱུང་འདུག དེས་ན་ཁོང་གིསབླ་མ་བསམ་གྱིས་མི་ཁྱབ་པ་མང་པོར་བསྟེན་པ་དེ་དག་འདིར་མཆོད་བརྗོད་ཀྱི་ཡུལ་དུ་བྱས་ནསརྗེ་བཙུན་བླ་མ་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་མཆོད་བརྗོད་གསུངསཔ་རེད། རྗེ་རིན་པོ་ཆེས་ལམ་གཙོ་རྣམ་གསུམ་གྱི་བསྟན་བཅོས་འདིའི་སྐབས་ན་བླ་མ་ལ་ཐོགམར་ཕྱག་འཚལ་ཡོད་པ་ནི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཡིན་པ་དང༌། སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཆེ་བ་དང༌། བླ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་དགོས་པར་ཕྱི་རབས་ཀྱི་གདུལ་བྱ་དག་གིས་ཤེས་པའི་ཆེད་དུ་གདམས་པ་ཡིནལ། སྤྱིར་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འདི་བོད་ཁ་བ་གངས་ཅན་པའི་ཆོས་བརྒྱུད་དྲུག་གི་ནང་ནས་རྗེས་མར་བྱུང་བ་ཡིན་ཀྱང༌། ཁོ་ཚོར་ཕྱོགས་གཅིག་ནས་འཆད་ཉན་ཡག་པོ་དརབ་དང༌། གཉིས་ནས་གཙོ་བོ་བླ་མ་ཚུལ་བཞིན་དུ་བསྟེན་པ་དེ་ལ་བརྟེན་ནས་རི་བོ་དགེ་ལྡནཔའི་ཆོས་བརྒྱུད་ཀྱི་བསྟན་པ་འཕེལ་རྒྱས་སུ་སོང་བ་རེད། དེས་ན་ཡོན་ཏན་ཀུན་གྱི་གཞི་རྟེན་བླ་མ་ཡིན་པར་རྗེ་རིན་པོ་ཆེས། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ཞེས་གསུངས་སོ། །ལམ་གཙོ་རྣམ་གསུམ་འདི་ཚ་ཁོ་ངག་དབང་གྲགས་པ་ལ་གསུངས་པ་ཡིན་ལ། ཚ་ཁོ་ངག་དབང་གྲགས་པས་རྗེ་རིན་པོ་ཆེའི་སྐུ་མདུན་ནསགཞུང་ལུགས་མང་པོ་ཉན། གདམས་ངག་མ་ལུས་པ་གསན་ཏེ་གསོལ་བ་བཏབ། སྨོན་ལམགནང་ནས་མདོ་སྨད་ཕྱོགས་སུ་དགོན་པ་བརྒྱ་རྩ་བརྒྱད་བཏབ་པར་ཞལ་གྱིས་བཞེས་ནས་མདོསྨད་ཕྱོགས་སུ་ཕེབས་ཏེ།ཨ་འདུས་ཡག་མགོ་དགོན་པ་ཐོག་མར་བཏབ། དེ་ནས་བཟུང་སྟེ་ད་ཚང་དགོན་པའི་བར་དུ་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པ་རེད། ཡིན་ན་ཡང༌། ད་ལྟའི་ཆརདགོན་སྡེ་དེ་དག་ནང་ན་འཕེལ་རྒྱས་ཆེན་པོ་སོང་ཡོད་པ་ཉུང་ཉུང་རེད། སྤྱིར་དགོན་སྡེ་ལ་དརརྒུད་ཡོད་ཅིང༌། དགོན་སྡེའི་ནང་ལ་རྟག་ཅིང་བརྟན་པ་ཞིག་མེད་ལ། དེས་ན་དུས་སྐབས་དུསསྐབས་ཙམ་ལ་བསྟན་པ་དར་རྒྱས་སོང་ཐུབ་ན་ཕུན་སུམ་ཚོགས་པ་རེད་མ་གཏོགས། མ་འོངསཔ་ན་འཕེལ་རྒྱས་འགྲོ་མི་འགྲོ་ཁག་པོ་འདུག སྔོན་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ན་པནྚིཏ་འབུམ་ཐེར་བྱུང་སའི་ནཱལེནྜ་ཡང་ཁ་སང་དེ་རིང་ཤུལ་ཙམ་ལས་ལུས་མེད་པ་དང༌། བོདགངས་ཅན་གྱི་ཡུལ་ལ་མཚོན་ན་སྔོན་འཆད་ཉན་ཧ་ཅང་དར་སའི་གསང་ཕུའི་ཆོས་གྲྭ་དང་རྭ་སྒྲེང་སོགས་ཐམས་ཅད་དེང་སང་ཉམས་ཆག་ལ་སོང་ཡོད་པ་རེད། དེ་ནས་སྐབས་དོན་ལ་འཇུགན། བརྩམ་པར་དམ་བཅའ་བ་ནི། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །ཞེས་བརྩམ་པར་དམ་བཅའ་གནང་བ་སྟེ། ཚིགས་བཅད་འདིའི་དང་པོའི་ཚིག་རྐང་གསུམ་ནིལམ་གཙོ་རྣམ་གསུམ་སོ་སོར་སྦྱར་ནས་བཤད་པ་སྟེ་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན་ཞེས་པས་སྟོང་ཉིད་ཀྱི་ལྟ་བ་དང༌། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ་ཞེསཔས་བྱང་ཆུབ་ཀྱི་སེམས། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ་ཞེས་པས་ངེས་འབྱུངགི་བསམ་པ་ལ་སྦྱར་ཚུལ་དང༌། ཡང་ན་ལམ་གྱི་གཙོ་བོ་རྣམ་པ་གསུམ་སྟེ་ངེས་འབྱུང་གི་བསམཔ་དང༌། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ལྟ་བ་གསུམ་ནི་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོའིདོན་དང༌། དེ་གསུམ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དག་གིས་བསྔགས་པའི་ལམ་ཡིནལ། དེ་གསུམ་ནི་སྐལ་ལྡན་ཐར་འདོད་རྣམས་འཇུག་པའི་ངོགས་སུ་གྱུར་བ་ཞེས་སྦྱར་ནས། རྗེརིན་པོ་ཆེས་ཁེངས་སྐྱུང་གི་ཚུལ་གྱིས་ལམ་གྱི་གཙོ་བོ་རྣམ་པ་གསུམ་མ་ལུས་པ་ཇི་ལྟ་བ་བཞིནདུ་རྫོགས་པར་བདག་གིས་བཤད་མི་ནུས་ཀྱང༌། རང་གི་བློས་ནུས་པའམ་དཔོག་པ་ཙམ་ཞིགབཤད་པར་བྱ་ཞེས་དང༌། ཡང་ན་ཚིག་བསྡུས་པ་འདིའི་ནང་ལ་ཇི་ལྟར་ཤོང་བ་ཙམ་ཞིག་བཤདཔར་བྱ་ཞེས་འཆད་ཚུལ་གཉིས་འདུག སྣོད་ལྡན་ཉན་པར་བསྐུལ་བ་ནི། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་ནས། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །ཞེས་འདི་ཡང་གོང་ནས་བརྩམ་པར་དམ་བཅའ་བའི་སྐབས་ཚིག་རྐང་དང་པོ་གསུམ་ལམ་གཙོརྣམ་གསུམ་སོ་སོ་ལ་སྦྱར་ཚུལ་ཡོད་པ་ལྟར་ཚིགས་བཅད་འདིའི་ཚིག་རྐང་དང་པོ་གསུམ་ཡངསོ་སོར་སྦྱར་ཚུལ་འདུག ཚིག་རྐང་དང་པོས་སྲིད་པ་འཁོར་བའི་བདེ་བ་ལ་མ་ཆགས་པར་བྱསནས་དེ་ལ་སྐྱོ་བ་སྐྱེས་པའི་ངེས་འབྱུང་གི་བསམ་པ་བསྟན་པ་དང༌། སྲིད་པ་འཁོར་བ་ལ་ཆགསཔ་དང་ཞེན་པ་ཡོད་ན་ངེས་འབྱུང་གི་བསམ་པར་མི་འགྱུར་ལ། ས་སྐྱའི་ཞེན་པ་བཞི་བྲལ་གྱི་སྐབས་ན་ཡང་སྲིད་པ་ལ་ཞེན་ན་ངེས་འབྱུང་མིན་ཞེས་གསུངས་པ་དང༌། དེས་ན་འདིར་ཡང་སྲིད་པ་ལ་མ་ཆགས་པའི་ངེས་འབྱུང་གི་བསམ་པ་དང༌། དལ་བ་བརྒྱད་འབྱོར་བ་བཅུ་ཚང་བའིདལ་འབྱོར་གྱི་མི་ལུས་འདི་དོན་ཡོད་པར་བྱ་བ་ལ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པར་བྱདགོས་པ་དང༌། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་སྐྱེས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ཐམས་ཅད་འབྱུང་ཐུབ་ལ། དེ་བྱུང་ན་དལ་འབྱོར་མི་ལུསའདི་བླངས་པ་ལ་དོན་ཡོད་པར་འགྱུར་ཞིང༌། དེ་ལ་བརྩོན་ཏེ་རྒྱལ་བ་དགྱེས་པའི་ལམ་བཟངནི་སྟོང་ཉིད་ཀྱི་ལྟ་བ་དང༌། སྤྲོས་བྲལ་རྟོགས་པའི་ལྟ་བ་དག་ཡིན་ལ། དེས་ན་རྒྱལ་བ་དགྱེསཔའི་ལམ་ལ་ཡིད་རྟོན་པའི་སྐལ་བ་དང་ལྡན་པའི་གདུལ་བྱ་དེ་དག་གིས་དང་བའི་ཡིད་ཀྱིས་ཉོན་ཞེས་སྣོད་ལྡན་ཉན་པར་བསྐུལ་བ་རེད། སྣོད་དང་ལྡན་པ་ལ་ཉན་པར་བསྐུལ་བ་ལས་སྣོདདང་མི་ལྡན་ན་སྣོད་རུང་གི་སྐལ་བ་མེད་པས། སྐལ་བ་མེད་ན་དེ་ལ་ཆོས་བསྟན་ཀྱང་ཕན་པགང་ཡང་མེད་དེ། རྒྱལ་ཚབ་བྱམས་པ་མགོན་པོས། ལྷ་ཡི་རྒྱལ་བོས་ཆར་ཕབ་ཀྱང༌། །ས་བོནམི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པའི་བཟང་མི་མྱོང༌། །ཞེས་གསུངས་སོ། །སྣོད་ལྡན་ཉན་པར་བསྐུལ་བ་ལ། སློབ་དཔོན་ཨརྱ་དེ་ཝའི་དབུམ་བཞི་བརྒྱ་པ་ལས། གཟུར་ནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་ལྟར་དེ་འདྲའི་སྣོད་དང་ལྡན་པ་རྣམས་ཀྱིས་དང་བའི་ལེགས་པར་ཉོན་ཅིག་ཅེས་གསུངས་འདུག དེས་ན་རང་རང་སོ་སོས་གདམས་ངག་ཉན་པ་ལ་བློ་གཟུ་བོར་གནས་པའི་སྒོ་ནས་གཡོ་སྒྱུ་མེད་པ་དང་དྲང་མོ་དྲང་བཞག་གིས་ཉན་དགོས། དེ་ལྟར་ཉན་ན་རང་ལཕན་ཐོགས་ཡོད་པས་ཆོས་ཉན་པའི་སྐབས་སུ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པལྔའི་ནང་ནས་ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན་ནི་བླ་མས་གདམས་ངག་ཅིག་བསྟནནས་འདི་དང་འདི་དགོས་ཞེས་བསླབ་བྱ་གནང་ན་ཡང་རང་གིས་ལོག་སྒྲུབ་བྱས་ཏེ་བླ་མ་ཁོ་རང་ནི་དེ་འདྲ་ཞིག་མིན་སྙམ་ནས་ལོག་སྒྲུབ་བྱས་ན་རང་ལ་ཕན་ཐོགས་མེད་ཅིང༌། ང་ཚོསའདི་ནས་འདོད་ཆུང་ཆོག་ཤེས་བྱ་ཉུང་དོན་ཉུང་དགོས་ཞེས་བཤད་ན་ཡང༌། འདི་དང་འདི་མེདན་འོང་གི་མི་འདུག་ཅེས་ལོག་སྒྲུབ་བྱས་ན་རང་ལ་ཕན་ཐོགས་མེད་པ་རེད། སྤྱི་ཚོགས་སྟེང་སློབ་གསོ་ཞིག་སྤེལ་ན་སློབ་གསོ་དང་ལེན་གནང་མཁན་ལ་སློབ་གསོ་བཏང་ན་བཏང་རིན་ཡོད་པ་དང༌། དང་ལེན་མི་བྱེད་མཁན་ལ་སློབ་གསོ་བཏང་རིན་དང་ཕན་ཐོགས་གང་ཡང་མིའདུག བྱ་བ་ཅི་བྱས་ཀྱང་དེ་ལ་ལོག་སྒྲུབ་བྱེད་སྟངས་ཡོད་དེ། དཔེར་ན། མི་ཞིག་གིས་སྦྱིན་྄པ་བཏང་ན་རྣམ་དག་ཡིན་མིན་གཙོ་བོ་ཀུན་སློང་ཡིན་ན་ཡང༌། བྱ་བའི་ངོས་ནས་ལོག་འགྲེལབྱས་ཏེ་འཇིག་རྟེན་ཆོས་བརྒྱད་ཀྱི་སྒོ་ནས་སྦྱིན་པ་བཏང་བ་རེད་ཟེར་ནས་ལོག་འགྲེལ་བྱེད་སྟངསཡོད་པ་རེད། མི་ཞིག་གིས་རང་ལ་ལྷག་བསམ་རྣམ་དག་གིས་མིན་པར་དམའ་འབེབས་དངཁྱད་གསོད་ཀྱི་ཆེད་དུ་སྐྱོན་བརྗོད་ན་རང་གིས་གདམས་ངག་གི་ཚུལ་དུ་བཟུང་སོང་ན་གདམསངག་ཏུ་འགྱུར་ཐུབ་པ་དང༌། ཕ་རོལ་བོས་བསམ་པ་རྣམ་དག་གི་སྒོ་ནས་བསླབ་བྱ་བསྟན་ནཡང༌། བཤད་རྒྱུ་མང་པོ་འདུག འདི་མི་ཐུབ། གན་མི་བྱེད་ཟེར་ནས་རྒོལ་བ་བརྒྱབ། དེ་ལདམའ་འབེབས་ཁྱད་གསོད་བྱས་ན་གདམས་ངག་ཏུ་འགྱུར་མི་ཐུབ། དེའི་རྒྱུ་མཚན་གྱིས་རངཕྱོགས་ལ་ཆགས་པ་གཞན་ཕྱོགས་ལ་སྡང་བའི་ཆགས་སྡང་གིས་རིས་སུ་མ་བཅད་པར་བློ་གཟུབོར་གནས་དགོས། ས་བཟང་མ་ཏི་པཎ་ཆེན་གྱིས། འདི་ནི་བདག་གི་ཕྱོགས་ཡིན་ནོ། །འདིནི་བདེན་ནོ་སྙམ་དུ་སེམས་པ་དང༌། འདི་ནི་གཞན་གྱི་ཕྱོགས་ཡིན་ནོ། །འདི་ནི་མི་བདེན་ནོ། །འདི་ནི་གཏི་མུག་གོ་སྙམ་ན་ཆགས་སྡང་གིས་རིས་སུ་བཅད་པ་ཡིན་ཞེས་གསུངས་པ་ལྟར་རོ། །ཆགས་སྡང་གི་དབང་དུ་སོང་ན་གནས་ལུགས་རྟོགས་པའི་གོ་སྐབས་དུས་ནམ་ཡང་མེད་པསབློ་གཟུ་བོར་གནས་དགོས་པར། སློབ་དཔོན་དཔའ་བོས། བདག་ནི་སངས་རྒྱས་ཕྱོགས་མིའཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོནཔ་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་བློ་གཟུ་བོར་གནས་དགོས། ལྷག་ཏུ་སློབ་གཉེརབ་ཞིག་ལ་མཚོན་ན་མི་ཚེའི་ནང་དུས་ཚོད་མང་ཆེ་བ་ཆོས་ཉན་པ་སོགས་ཀྱི་སྟེང་ལ་གཏོང་བཞིནཡོད་ལ། རང་རང་གི་མི་ཚེའི་ཉམས་ལེན་དང༌། གདམས་ངག་དེ་གདམས་ངག་ཏུ་ཁྱེར་ཤེསཔ། ཆོས་ཉན་པ་དེ་རང་ལ་དོན་ཞིག་ཡོད་དགོས་པ་དང༌། རང་ལ་ཕན་ཐོགས་པ་དང་རང་ཉིདཡར་རྒྱས་གཏང་བའི་ཆེད་དུ་བསམ་བློ་བཏང་ན་བློ་གཟུ་བོར་གནས་དགོས། བློ་གཟུ་བོར་གནསཔ་ཙམ་གྱིས་མི་འོང་བར་དོན་གཉེར་ཡོད་དགོས་ཏེ། དོན་གཉེར་མེད་ན་ཉམས་མྱོང་གི་ངོས་ནས་ཞུ་ན། འདིར་གྲྭ་བ་བཅུ་གསར་དུ་སློབ་གཉེར་ལ་ཕེབས་ན་དེའི་ནང་ལ་དོན་གཉེར་ཅནམི་ལྔ་ཡོད་ན་དེ་དག་ཡར་རྒྱས་སུ་འགྲོ་ངེས་ལ། ཕན་ཐོགས་ཀྱང་འདུག དོན་གཉེར་གཏནནས་མེད་མཁན་ཞིག་ཡིན་ཚེ་ཅི་འདྲའི་དབང་རྣོན་ཡིན་ཡང་ཡར་རྒྱས་འགྲོ་མི་ཐུབ་ལ། དེའི་རྒྱུ་མཚན་གྱིས་དོན་གཉེར་ཡོད་དགོས་པ་གལ་ཆེན་པོ་རེད། འཇིག་རྟེན་འདིར་རང་དོན་ཡོདམཁན་ཚོས་བྱ་བ་འགྲུབ་པ་དང༌། རང་དོན་གང་ཡང་མེད་མཁན་ཚོས་བྱ་བ་འགྲུབ་མི་ཐུབ་པགཏན་ཁེལ་ཡིན། སྣོད་ལྡན་ཡིན་པ་ལ་བློ་གཟུ་བོར་གནས་པ་དེའི་སྟེང་དུ་ཆོས་རབ་ཏུ་རྣམ་འབྱེདཀྱི་ཤེས་རབ་ཡོད་དགོས། སྐྱེས་ཐོབ་ཀྱི་ཤེས་རབ་ཡོད་ན་ཕུན་སུམ་ཚོགས་པ་རེད་དེ། སྐྱེསཐོབ་ཀྱི་ཤེས་རབ་མེད་ཀྱང་ནང་བ་སངས་རྒྱས་པའི་ཆོས་ལ་རིམ་གྱིས་ཐོས་བསམ་གྱིས་འཇུགན་དབང་པོ་རྟུལ་བོ་ཡིན་ཡང་དབང་པོ་རྣོན་པོར་གྱུར་བ་ཆོས་ཉིད་ཡིན་ལ། དེར་མ་ཟད། སེམསཅན་ཡིན་ན་འཚང་རྒྱ་རུང་ཡིན་པས་ཁྱབ་ཅེས་ནང་བས་དམ་བཅས་པ་རེད། ངས་སྔོན་མ་ཁྱེདརྣམ་པ་ཚོར་ཞུས་པ་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་ན་དགེ་བཤེས་ཨ་ལོང་མ་ཟེར་བ་ཞིག་ཡོདདེ། ཁོང་གིས་ཚིག་འབྲི་ཁ་ཤས་ཉིན་མ་གཅིག་ལ་སྐྱོར་དགོས་ཤིང༌། དེ་འདྲའི་དཀའ་སྤྱདགནང་ནས་རྗེས་མ་ཁོ་རང་དགེ་བཤེས་ཆེན་པོར་ཆགས་འདུག བླ་བྲང་གི་དགེ་བཤེས་ཚོའི་ངག་རྒྱུན་ན་སེམས་ཅན་ཡིན་ན་འཚང་རྒྱ་རུང་ཡིན་པས་ཁྱབ་བ་ཡོད་པ་དགེ་བཤེས་ཨ་ལོང་མར་བལྟས་ན་ཤེས་ཐུབ་འདུག་ཅེས་པའི་ལོ་རྒྱུས་ཡོད། སྔོན་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ན་གནས་བརྟན་བཅུ་དྲུག་གི་ནང་ནས་ལམ་ཕྲན་བརྟན་ནི་སྔོན་མར་ཁོ་རང་ཧ་ཅང་དབངརྟུལ་ཡིན་པའི་ཚུལ་མཛད་ལ། གང་རེད་ཟེར་ན། བྷ་ར་ཟེར་བ་བློར་བླངས་དུས་བི་ཝ་ཟེར་བདེ་བརྗེད་འགྲོ་བ། བི་ཝ་བློ་སྐྱོར་དུས་་ར་བརྗེད་འགྲོ་བའི་མི་ཞིག་ཆགས་འདུག ཡིན་ན་ཡང༌། རྗེས་མ་ཚོགས་བསགས། སྒྲིབ་པ་སྦྱངས། བདེན་པའི་གནས་ལུགས་ལ་ཐོས་བསམ་བྱས་ནསདབང་པོ་སྦྱངས་ཏེ་བདེན་པའི་དོན་མངོན་སུམ་དུ་མཐོང་ནས་དགྲ་བཅོམ་པའི་གོ་འཕང་ཐོབའདུག ཇི་འདྲའི་དབང་རྟུལ་ཡིན་ཡང༌། དབང་རྣོན་དུ་འགྱུར་རྒྱུ་ཡོད་པ་ཤེས་དགོས། དེས་ནཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱུད་ལ་བསྐྱེད་དགོས་ལ། དེ་བསྐྱེད་པ་ལ་ངེས་པར་བརྩོནཔ་ཡོད་དགོས་ཏེ། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་པ་ལྟར་རོ། །དེས་ན་ཐམས་ཅད་ཀྱིས་བློ་གཟུ་བོར་གནས་པ། དོན་གཉེར་ཡོད་པར་བྱས་ཏེ། ཐོས་བསམསྒོམ་གསུམ་གྱི་ཤེས་རབ་རང་རྒྱུད་ལ་བསྐྱེད་པར་བྱ་དགོས། ཕར་ཕྱིན་དྲུག་གི་ནང་ནས་གཙོབོ་ནི་ཤེས་རབ་ཀྱི་ཕར་ཕྱིན་ཡིན་པས་དེ་ཉིད་ཤེས་པའི་ཤེས་རབ་དང་བདག་མེད་ཤེས་པའིཤེས་རབ། སྟོང་ཉིད་ལྟ་བ་རྟོགས་པའི་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ་དགོས། རྒྱལ་སྲས་ཞིབ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ནི་ཤེས་རབ་བསྐྱེད་པའི་ཆེད་དུ་གསུངས་པ་དང་བསོད་ནམས་ཀྱིཚོགས་བསགས་པ་ཡང་ཤེས་རབ་བསྐྱེད་པའི་ཆེད་དུ་གསུངས་པ་ཡིན་ཞེས་གསུངས་པ་རེད། དེས་ན་ཤེས་རབ་ནི་གཙོ་བོ་ཡིན་ཏེ། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དདཔ་ཡིན། །ཞེས་གསུངས་པ་ལྟར་སྲིད་པ་དངོས་སུ་གཅོད་བྱེད་ནི་བདག་མེད་རྟོགས་པའི་ཤེསརབ་སོགས་ཡིན་ལ། དེས་ན་ཤེས་རབ་གལ་ཆེ། དེའི་རྒྱུ་མཚན་གྱིས་ཐམས་ཅད་ཀྱིས་སློབ་སྦྱོང་གནང་དགོས། བདག་ཅག་གི་སྟོན་པས་སྔོན་མར་འཇིག་རྟེན་གྱི་ཕལ་བའི་སྤྱོད་པ་མངཔོ་ཞིག་ལ་འཇིག་རྟེན་གྱི་སློབ་དཔོན་མང་པོ་བསྟེན་ནས་རིག་པའི་གནས་མང་པོར་སྦྱངས་པདང༌། ཕྱི་རོལ་གྱི་བསྟན་བཅོས་མང་པོ་ཞིག་ཕྱི་རོལ་བའི་སློབ་དཔོན་མང་པོ་བསྟེན་ནས་བསམགཏན་གྱི་དངོས་གཞི་སོགས་ཐོབ་པར་བྱས། དེ་ཙམ་གྱིས་ཐར་བ་ཡིད་རྟོན་ཅན་ཞིག་ཐོབ་མ་ཐུབ་པར་བདེན་པའི་གནས་ལུགས་སོགས་བསྒོམས་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཚུལ་མཛད་ཡོད་པ་རེད། དེ་འདྲའི་ཚུལ་མཛད་པ་ནི་ཕྱི་རབས་ཀྱི་གདུལ་བྱ་དགགི་ཆེད་དུ་མཛད་པ་ཡིན་ལ། དེས་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་གནས་མལ་ངན་ངོན། གོས་ངན་ངོན། ཟས་ངན་ངོན་བྱས་ནས་སྤོང་བ་དང་བསམ་གཏན་ལ་དགའ་བརབྱས་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གནས་ལ་བགྲོད་པར་ལྟར་དེའི་ཉམས་ལེན་དེ་རངགིས་དང་དུ་བླངས། དེའི་རྗེས་སུ་སློབ། དེའི་རྗེས་སུ་འབྲངས། དེ་འདྲ་གནང་ནས་ལམ་ལ་སློབ་དགོས་པ་ནི་བདག་ཅག་སྟོན་པའི་རྗེས་འཇུག་ཡིན་པའི་ངོས་ནས་དེ་འདྲ་གནང་དགོས། དེཡན་དུ་སྣོད་ལྡན་ཉན་པར་བསྐུལ་བ་སོང་ཟིན་པ་རེད། དེ་རིང་འདིར་མཚམས་འཇོག་གི་ཡིན། བཤད་བྱའི་གཞུང་དངོས་འཆད་པ་ལ་གསུམ་ལས། དང་པོ་ངེས་འབྱུང་གི་བསམ་པ་བཤད་པལ་ངེས་འབྱུང་གི་བསམ་པ་དགོས་པའི་རྒྱུ་མཚན་དང༌། ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས། དེ་སྐྱེས་པའི་ཚད་གསུམ་ལས། དང་པོ་ནི། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་རྣམ་དག་ངེས་འབྱུང་རྒྱུད་ལ་བསྐྱེད་པ་ལ་ཁམས་གསུམ་འཁོར་བ་འདི་དག་ཐམསཅད་ལ་ཞེན་པ་ལོག་དགོས་ལ། དེ་ལ་ཞེན་པ་མ་ལྡོག་པར་རྣམ་པར་དག་པའི་ངེས་འབྱུང་རྒྱུདལ་མེད་པས་སྲིད་པའམ་འཁོར་བའི་མངོན་མཐོ་ལྷ་མིའི་བདེ་བའི་འབྲས་བུ་དོན་གཉེར་ཞི་བརབྱེད་པའི་ཐབས་མེད་ལ། སྲིད་པ་འཁོར་བ་ལ་ཆགས་པའམ་བརྐམ་པ་ཡིས་ཀྱང་ལུས་ཅན་སེམསཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་འཆིང་བར་བྱེད་ཅིང་དེ་ལས་ཐར་བར་མི་བྱེད། དེའི་རྒྱུ་མཚན་གྱིས་ཐོག་མར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་བར་བྱེད་པ་ལངེས་འབྱུང་གི་བསམ་པ་དགོས་ཏེ། ངེས་འབྱུང་གི་བསམ་པ་མེད་ན་ཐར་བའི་ཐབས་མེད་པསཐོག་མར་ངེས་འབྱུང་གི་བསམ་པ་བཙལ་དགོས་ཞེས་གསུངས་པ་རེད། སྤྱིར་ནང་བའི་འཇུགསྒོ་སྐྱབས་འགྲོ། ཐར་བའི་འཇུག་སྒོ་ངེས་འབྱུང་གི་བསམ་པ། ཐེག་ཆེན་འཇུག་སྒོ་ཐེག་ཆེན་སེམས་བསྐྱེད་ཡིན་པས། ཐར་བར་འཇུག་པ་ལ་ངེས་པར་ངེས་འབྱུང་གི་བསམ་པ་བཙལ་དགོས། ངེས་འབྱུང་གི་བསམ་པ་རྒྱུད་ལ་མ་སྐྱེས་ན་སྲིད་པ་གསུམ་ལས་ཐར་བའི་ཐབས་མེད་དེ། སློབདཔོན་ཞི་བ་ལྷའི་དབུ་མ་བཞི་བརྒྱ་པ་ལས། གང་ལ་འདི་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་གལ་ཡོད། །ཅེས་གསུངས་པ་ལྟར་འཁོར་བ་ལ་སྐྱོ་བ་མེད་ན་འཁོར་བ་ལས་ཐར་བའི་ཞི་བ་ཐོབམི་ནུས་པའི་རྒྱུ་མཚན་གྱིས། ངེས་འབྱུང་གི་བསམ་པ་སྒོམ་པ་དང་རྒྱུད་ལ་བསྐྱེད་པར་བྱ་དགོས། དེ་ལ་ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས་གསུམ་གྱི་སྒོ་ནས་བཤད་པ་ནི། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག ། ཅེས་གསུངས་པ་ལྟར་དང་པོ་དལ་འབྱོར་རྙེད་དཀའ་བསྒོམས་ནས་ངེས་འབྱུང་གི་བསམཔ་སྐྱེ་བའི་ཐབས་ནི། རྒྱལ་སྲས་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུདཀའ། །སྐྱེས་བུ་དོན་འགྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས་པ་ལྟར་དལ་བ་བརྒྱད། འབྱོར་བབཅུ་ཚང་བའི་མི་ལུས་འདི་ཤིན་ཏུ་རྙེད་དཀའ་ལ། ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི་དལབ་བརྒྱད། འབྱོར་བ་བཅུ་ལྡན་དཀའ་བས་ངོ་བོའི་སྒོ་ནས་རྙེད་དཀའ་ལ། དལ་བ་བརྒྱད་ནི་མི་ཁོམ་པ་བརྒྱད་སྤངས་ཏེ་ཆོས་སྒྲུབ་པར་ཁོམ་པས་དལ་བ་ཞེས་བཤད་པ་དང༌། མི་ཁོམ་པབརྒྱད་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར། བརྒྱད་པོ་དེ་དག་ནི་ཆོས་སྒྲུབ་པ་ལ་མི་ཁོམ་པ་ཡིན། དེས་ན་ད་ལྟ་མིཁོམ་པའི་གནས་དེ་དག་ཏུ་མ་སྐྱེས་བར་སོས་དལ་དུ་གནས་པའི་སྐབས་འདིར་ཆོས་སྒྲུབ་པའིཁོམ་སྐབས་ཡོད་པས་དལ་བ་ཐོབ་སྟེ། དེའི་སྟེང་ལ་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ་འབྱོརབ་བཅུ་ཚང་དགོས། འབྱོར་བ་བཅུ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེབའོ། །ཞེས་གསུངས་པ་ལྟར། མི་ལུས་མ་ཐོབ་ན་ཆོས་དང་མཇལ་མི་ཐུབ་པས་ད་ལྟ་མི་ལུསཐོབ་ཡོད་པ་དང༌། ཆོས་མེད་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་ཆོས་སྒྲུབ་པའི་སྐལ་བ་མེད་པསད་ལྟ་རང་ཉིད་ཆོས་དར་བའི་ཡུལ་དབུས་སུ་སྐྱེས། དབང་པོ་མ་ཚང་ན་ཆོས་སྒྲུབ་པའི་གེགསསུ་གྱུར་ངེས་པས་ད་ལྟ་རང་ཉིད་ལ་དབང་བོ་ལྔ་ཡང་ཚང༌། ལས་ཀྱི་མཐའ་ལོག་ན་མི་དགེ་བབཅུ་ལ་སྤྱོད་ཅིང་ཆོས་ལ་རྒྱབ་ཀྱིས་ཕྱོགས་འགྲོ་བས་ད་ལྟ་རང་ཉིད་ལས་མཐའ་མ་ལོག དདཔའི་གནས་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པས་ད་ལྟ་རང་ཉིདསངས་རྒྱས་ཀྱི་བསྟན་པ་ལ་དད། དེ་དག་ཚང་བས་རང་འབྱོར་ལྔ་ཚང་བ་རེད། རང་འབྱོར་ལྔཚང་ན་ཡང་རང་ཉིད་སྐྱེས་པའི་དུས་སུ་གཞན་འབྱོར་ལྔ་མ་ཚང་ན་རང་ཉིད་དམ་པའི་ཆོས་སྒོརཞུགས་མི་ཐུབ་པས་གཞན་འབྱོར་ལྔ་ཡང་ཚང་དགོས། སངས་རྒྱས་བྱོན་པ། བྱོན་པ་མ་ཟད་དེསཆོས་གསུངས་པ། བསྟན་པ་ཡང་མ་ནུབ་པར་གནས། ཆོས་དེ་ལ་གསར་དུ་ཞུགས་པ་ཡང་མང༌། ཆོས་བྱེད་པ་རྣམས་ལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྙིང་བརྩེ་བའི་སྒོ་ནས་ཆོས་བསྟན། སྦྱིན་བདག་རྣམས་ཀྱིས་དད་པའི་སྒོ་ནས་ཟས་གོས་གནས་མལ་ལོངས་སྤྱོད་སོགས་སྦྱིན་པ་ཡོདཔའི་སྐབས་འདིར་སྐྱེས། དེ་འདྲའི་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ཚང་བའི་མི་ལུས་རིནཔོ་ཆེ་འདི་རྙེད་ཡོད་པའི་སྐབས་འདིར་ཆོས་ལ་འབད་དགོས། གལ་ཏེ་མཐུན་རྐྱེན་འདི་འདྲའཛོམས་པའི་སྐབས་འདིར་ཆོས་མ་བསྒྲུབས་ན་རང་གིས་རང་བསླུས་པ་དང༌། རང་གིས་རངལ་མགོ་བསྐོར་བ་རེད། ད་ལྟའི་མཐུན་རྐྱེན་འདི་འདྲ་རྗེས་ནས་རྙེད་མི་སྲིད་པ་ལྟ་བུ་ཡིན་པསམི་ཚེ་འདི་ལ་དམ་པའི་ཆོས་ངེས་པར་བསྒྲུབ་དགོས། གལ་ཏེ་མི་ཚེ་འདིར་ཆོས་མ་བསྒྲུབས་ནསྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་སྒྲུབ་མི་ནུས་པར་ཆགས་འགྲོ་ལ། དམ་པའི་ཆོས་སྒྲུབམ་ཐུབ། མི་དགེ་བ་མང་དུ་བསྒྲུབས་པ་ན་ངན་སོང་ནས་ངན་སོང་དུ་རྒྱུན་མི་ཆད་པར་འགྲོ་སྟེ། ངན་སོང་ནི་སྡོད་གནས་ལྟ་བུར་བྱས་ནས་རྒྱུན་དུ་འདུག་དགོས་པ་ཆགས་འགྲོ། དེ་འདྲ་བསམསནས་དལ་འབྱོར་རྙེད་དཀའ་བསྒོམ་དགོས། གྲངས་ཀྱི་སྒོ་ནས་དལ་འབྱོར་རྙེད་པར་དཀའ་ཚུལནི། སེམས་ཅན་སྤྱི་ཡི་གྲངས་ལ་ལེགས་བསམ་ན། །མི་ལུས་ཐོབ་པ་མེད་པ་ཙམ་དུ་སྣང༌། །ཞེསགསུངས་པ་ལྟར། ངན་སོང་གསུམ་གྱི་སེམས་ཅན་ནི་ས་ཆེན་པོའི་རྡུལ་གྲངས་དང་མཉམ་པསམངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པ་ཆེས་ཉུང་ལ། དམྱལ་བ་ནི་ས་ཆེན་པོའི་རྡུལ་ལྟ་བུ་དང༌།ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་པ་ལྟ་བུ། དུད་འགྲོ་ནི་ཆང་གི་སྦང་མ་ལྟ་བུ་ཡིན་པ་རེད། དེསན་མི་ལུས་རིན་པོ་ཆེ་ཐོབ་པ་ཤིན་ཏུ་ཉུང་བ་དང༌། དེའི་ནང་ནས་འཛམ་བུ་གླིང་གི་མི་ཉུང་བ།དེའི་ནང་ནས་ཀྱང་དགོས་སུ་ཆོས་བྱེད་མཁན་ནི་སྲིད་མཐའ་ཙམ་ཡིན་པས་ད་རེས་ཆོས་ལ་འབདདགོས་སྙམ་པའི་སྒོ་ནས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བར་བསྒོམ་དགོས། རྒྱུའི་སྒོ་ནསརྙེད་པར་དཀའ་ཚུལ་ནི། དལ་འབྱོར་མི་ལུས་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞིབཟུང༌། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར། སྦྱིན་སོགས་དགེ་བ་མང་པོས་གྲོགས་བྱེདདགོས་པ་ལ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྨོན་ལམ་དྲི་མ་མེད་པས་མཚམསསྦྱར། སྦྱིན་སོགས་དགེ་བ་མང་པོས་གྲོགས་བྱེད་མཁན་ནི་ཧ་ཅང་དཀོན་པས་དལ་འབྱོར་མིལུས་འདི་རྒྱུའི་སྒོ་ནས་རྙེད་པར་དཀའ་བས་ད་རེས་སྐྱེ་བ་སྔོན་མར་བླ་མ་དགེ་བའི་བཤེས་གཉེནདང་བྱང་ཆུབ་སེམས་དཔའི་མཛད་པ་འཕྲིན་ལས་ལ་བརྟེན་ནས་སྐྱེ་བ་སྔོན་མར་ལས་བཟང་པོ་ཞིག་བསགས་ཡོད་པའི་དྲིན་གྱིས་མི་ལུས་རིན་པོ་ཆེ་འདི་རྙེད་ཅིང༌། རྙེད་ཡོད་པའི་སྐབསའདིར་དམ་པའི་ཆོས་ཞིག་བསྒྲུབ་དགོས་སྙམ་པའི་སྒོ་ནས་ཁ་ཞེ་གཏིང་མེད་པ་ནས་ཐག་བཅདདགོས། དལ་འབྱོར་མི་ལུས་འདི་དཔེའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། དཔེར་ན་སྟོང་གསུམཔོ་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་ནས་རྒྱ་མཚོ་ཆེན་པོ་དེའི་འོག་ན་རུས་སྦལ་མིག་ལོང་བ་ལོ་བརྒྱའིམཚམས་ན་མཚོ་སྟེང་དུ་ལན་གཅིག་བསྐྱོད་པ་དང༌། མཚོ་དེའི་སྟེང་ན་གཉའ་ཤིང་བུ་ག་ཅནསྐད་ཅིག་ཀྱང་མི་སྡོད་པར་ཕྱོགས་ངེས་མེད་དུ་བསྐྱོད་པ་དེ་གཉིས་འཕྲད་པ་ནི་སྲིད་མཐའ་ཙམཡིན་པ་ལྟར་དལ་འབྱོར་གྱི་མི་ལུས་ཀྱང་དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་ལ། དེ་འདྲའི་རྙེདཔར་དཀའ་བ་རྙེད་ཡོད་པའི་སྐབས་འདིར་རང་གིས་དམ་པའི་ཆོས་ཤིག་ངེས་པར་བསྒྲུབ་དགོས། གལ་ཏེ་དམ་པའི་ཆོས་མ་བསྒྲུབ་ན་རང་གིས་རང་བསླུས་སོང་བ་དང་རང་གིས་རང་ལ་མགོ་བསྐོར་བ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་ནས་ནི། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའངགཞན་མེད་དོ། །ཞེས་གསུངས་སོ། །དེས་ན་རང་རང་སོ་སོའི་རྙེད་དཀའ་བའི་དལ་འབྱོར་མིལུས་འདི་སྙིང་པོ་ཡོད་པ་དང་དོན་ཡོད་པར་བྱ་རྒྱུ་གལ་ཆེན་པོ་ཡིན། དོན་ཡོད་པར་ཇི་ལྟར་བྱཞེ་ན། དམ་པའི་ཆོས་བསྒྲུབས་པའི་སྒོ་ནས་དོན་ཡོད་པར་བྱ་དགོས་པ་རེད་མ་གཏོགས་ཚེ་འདིར་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སྤོགས་ལ་སོགས་པའི་མི་དགེ་བའི་ལོག་འཚོ་མང་པོ་བསྒྲུབས་པ་ཙམ་གྱིས་དལ་འབྱོར་མི་ལུས་འདི་དོན་ཡོད་པར་མི་འགྱུར། འདིར་ཡོད་མཁན་ཐམས་ཅད་ལས་འབྲས་དང་ཚེ་སྔ་ཕྱི་ཁས་ལེན་མཁན་རྐྱང་རྐྱང་རེད། དེས་ན་ཕུགས་རྒྱང་རིངཔོ་ཞིག་བསམ་བློ་བཏང་ནས་དམ་པའི་ཆོས་བསྒྲུབ་དགོས། མདོར་བསྡུས་ཙམ་ཞུས་ན་འགྲིགགི་འདུག གཉིས་པ་ཚེ་མི་རྟག་པ་བསྒོམས་ཏེ་ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས་ནི། ང་ཚོསྐྱེས་པ་ནས་བཟུང་སྟེ་འཆི་བ་ལ་ཉི་མ་རེ་རེ་ནས་ཇེ་ཉེ་ཇེ་ཉེར་འགྲོ་བཞིན་ཡོད་པ་དང༌། དེ་ཡང་ནངས་སྔ་མོ་ལས་ཕྱི་དྲོ་འཆི་བ་ལ་ཇེ་ཉེར་གྱུར་ཡོད། དེས་ན་སྐྱེས་ནས་བཟུང་སྟེ་འཆི་བདགགི་དྲུང་དུ་ཁ་ཕྱོགས་འགྲོ་བཞིན་ཡོད་ལ། དེ་ཡང་འཆི་བ་མི་རྟག་པ་བསྒོམ་རྒྱུ་གལ་ཆེན་པོ་ཡིན་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པའི་འདུ་ཤེསམཆོག་ཡིན་ཞེས་གསུངས་པ་ལྟར་འཆི་བ་མི་རྟག་པ་བསྒོམ་དགོས། འདུས་བྱས་ཐམས་ཅད་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པར་མདོ་ལས།བྱུང་དང་འབྱུང་བར་གྱུར་པ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། །ཅེས་གསུངས་པ་ལྟར་གྲོགས་མཛའ་བཤེས། གཉེན་ཉེ་དུ་ཐམས་ཅད་དང༌། འདས་པའི་མི་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། མ་འོངསཔའི་མི་ཐམས་ཅད་ཀྱང་འཆི་ངེས་པ། ད་ལྟའི་འཛམ་བུ་གླིང་གི་མི་རྣམས་ཀྱང་འཆི་བ་ལས་མ་འདས་ལ། དེར་མ་ཟད། རྡོ་རྗེ་སྐུ་བརྙེས་པ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡནའདས་ཡིན་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་གདུལ་བའི་ཆེད་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་པ་རེད། དེས་ན་ཐམས་ཅད་ཀྱིས་རང་ཉིད་འཆི་བར་ཇེ་ཉེར་འགྲོ་བཞིན་ཡོདཔ་ཤེས་དགོས། འཆི་རྐྱེན་ངེས་པ་མེད་པ།ནམ་འཆི་ཆ་མེད་ཡིན་པ། འཆི་བའི་ཚེ་དམ་པའི་ཆོསམ་གཏོགས་གང་གིས་ཀྱང་ཕན་པ་མེད་པར་ཤེས་དགོས། ཡིན་ན་ཡང༌། ང་ཚོ་ཐམས་ཅད་ཀྱིསརྗེས་མར་ཆོས་བསྒྲུབ་དགོས་སྙམ་ཡང༌། ཕྱི་བཤོལ་གྱི་དབང་གིས་སང་ཉིན་ནས་སང་ཉིན་ཟེརནས་ཚེ་ཕྱི་མར་བསྐྱལ་འགྲོ། དེས་ན་ད་ལྟ་ཉིད་ནས་ཆོས་བསྒྲུབ་དགོས་པ་རེད་མ་གཏོགས་ང་ཚོ་ལ་ཁོམ་སྐབས་དང་ལོང་སྐབས་མེད་པ་རེད། གོང་ནས་གསུངས་པ་བཞིན་དལ་འབྱོརརྙེད་དཀའ་ཚེ་ལ་ལོང་མེད་པ། །ཞེས་གསུངས་པ་ལྟར་ཁོམ་ལོང་སྐད་ཅིག་ཀྱང་མེད་པར་འཆིབ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བཞིན་ཡོད་ཅིང༌། རང་རང་སོ་སོའི་མི་ཚེའི་དུས་ཚོད་ཕྱེད་ཀ་ནི་གཉིདཀྱིས་བསྐྱལ་བ་རེད། ལོ་དྲུག་ཅུ་འདུག་པའི་དབང་དུ་བྱས་ན་ད་ལྟ་ལོ་སུམ་ཅུ་ལོན་ཡོད་ན་དེའིརྗེས་ལོ་སུམ་ཅུ་ལས་ལྷག་མེད། ལོ་སུམ་ཅུའི་ནང་ནས་ཀྱང་ལོ་བཅོ་ལྔ་གཉིད་ཀྱིས་བསྐྱལ་སོངན་ལོ་བཅོ་ལྔ་ལས་ལྷག་མེད་ཅིང༌། ལོ་བཅོ་ལྔའི་དུས་ཚོད་དེའི་ནང་ནས་ལྟོ་རྒྱབ་ཀྱི་ཆེད་དུ་འགྲོའདུག་གཡེང་བ་སོགས་བྱས་ནས་དོན་མེད་གཡེང་བ་སྣ་ཚོགས་བྱས་ཏེ་ཆོས་སྒྲུབ་སྐབས་དངཁོམ་སྐབས་ཤིན་ཏུ་ཉུང་བ་ཤེས་གསལ་ལྟར་ཡིན། དེས་ན་ངེས་པར་འཆི་དགོས་པ་ལ་བསམགཞིག་གནང་དགོས། ནམ་ཞིག་འཆི་དགོས་ན་ཡང༌། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རྗེས་ནས་འཆིདགོས་པ་ལྟ་བུ་མིན་པར་ནམ་འཆི་ཆ་མེད། ད་ལྟ་རང་རང་སོ་སོའི་མདུན་ན་འཆི་བདག་སླེབསའདུག་མེད་པའི་ངེས་པ་མེད། དེ་རིང་མི་འཆི་བའི་གདེང་མེད། ང་ཚོ་མ་ཟད་ལྷ་དང་སྲིན་པོ་རིའིརྒྱལ་པོ་རི་རབ་ཡིན་ན་ཡང༌། ནམ་ཞིག་ལ་ཐམས་ཅད་འཇིག་འགྲོ། སྔོན་བྱོན་སྐྱེས་བུ་དམ་པཚོས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཞེས་གསུངས་པ་ལྟར་ནམ་འཆི་ཆ་མེད་པར་བསྒོམ་དགོས། འཆི་རྐྱེན་ངེས་པ་མེད་པར་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་དང༌། སློབ་དཔོན་ཨརྱ་དེ་ཝས། འཆི་བའི་རྐྱེན་ནི་ཤིནཏུ་མང༌། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང༌། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་གསུངས་པ་ལྟར་འཚོ་བའི་རྐྱེན་ཁ་ཟས་སོགས་སྤྱིར་འཚོ་བའི་རྐྱེན་ཡིན་ཀྱང༌། དེ་དག་མི་འཕྲོད་པའི་དབང་གིས་དུག་ཏུ་གྱུར་ནས་རང་ཉིད་འཆི་བའི་རྐྱེན་དུ་གྱུར་བ་ཡོད་པ་དང༌། དེ་ནང་བཞིན་ང་ཚོ་ནི་རླུང་ནང་གི་མར་མེ་ནང་བཞིན་ཕྱོགས་བཞི་གང་ནས་རླུང་གཡུགས་ན་མར་མེ་གཟིམསའགྲོ་བ་ལྟར་ནད་དང་གདོན་སོགས་འཆི་རྐྱེན་སྣ་ཚོགས་པའི་དབང་གིས་འཆི་བ་ལ་ངེས་པ་མེད། སྤྱིར་ལུས་སྲོག་ལ་གནོད་པའི་རྐྱེན་ངན་ནི་ཁ་བ་བུ་ཡུག་འཚུབ་པ་ལྟར་ཤིན་ཏུ་མང་སྟེ། དྲོད་མེསྟག་ཙམ་དབུགས་རླངས་པ་ཙམ་པོ་ཆད་སོང་ན་ཚེ་འདི་དང་བྲལ་སོང་བ་ཡིན་ལ། དེས་ན་ངེསཔར་འཆི་བ་མི་རྟག་པ་ལ་བསམ་གཞིག་གནང་དགོས། འཆི་བའི་ཚེ་ན་ཆོས་མ་གཏོགས་གངགིས་ཀྱང་ཕན་པ་མེད་ལ། འཆི་བའི་ཚེ་ན་ཡང་ལས་དཀར་ནག་གི་རྗེས་སུ་འབྲང་དགོས་ཏེ།རྒྱལ་སྲས་ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གསུངས་པ་ལྟར། གཤིན་རྗེའི་སྐྱེས་བོས་ཟིན་པ་དེའི་ཚེ། གཉེན་གྲོགས་མཛའ་བཤེས། དཔོན་འཁོར་མངའ་ཐང་གང་གིས་ཀྱང་ཕན་པ་མེད་ལ། ཕན་པ་མེད་པར་མ་ཟད། འཆི་བའིསྡུག་བསྔལ་ཡང་རང་ཉིད་གཅིག་པུས་མྱོང་དགོས་ཏེ། རྒྱལ་སྲས་ཞི་བ་ལྷས། བདག་ནི་མལ་ནའདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང༌། །སྲོག་འཆད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར། འཆི་བའི་ཚེ་སྐྱབས་དང་དཔུང་གཉེན་རང་ཉིད་མ་གཏོགས་མེད་ལ། རང་ཉིད་འཆི་བའི་ཚེ་རང་ཉིད་ཀྱི་སེམས་སྟེང་གིདགེ་སྡིག་གི་ལས་དཀར་ནག་གི་རྗེས་སུ་འབྲང་བ་སྟེ། ཆོས་ལྡན་རབ་འབྱོར་གྱི་ཞལ་ནས། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེསམི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་གསུངས་པ་དེས་ན་ངེས་པརའཆི་བ། མྱུར་དུ་འཆི་བ། ནམ་འཆི་ཆ་མེད་པ། འཆི་བའི་ཚེ་ཕན་པའི་དངོས་པོ་ནི་དམ་པའི་ཆོསཁོ་ན་ཡིན་ལ། དེ་ཡང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྐལ་བ་དུ་མར་རབ་དགོངས་མཛད་ན་ཡང༌། འཆི་བའི་ཚེ་ཕན་པ་ཡོད་པ་ནི་དམ་པའི་ཆོས་མ་གཏོགས་གཞན་གང་ཡང་མེདཔར་རྒྱལ་སྲས་ཞི་བ་ལྷས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམསཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་སོ། །དེས་ན་ཐམས་ཅད་ཀྱིས་འཆི་དགོསཔ་ལ་བསམ་གཞིག་གནང་དགོས། ས་སྐྱའི་ཞེན་པ་བཞི་བྲལ་ནང་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་དང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀྱང༌།མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཅི་ཙམ་འབད་ཀྱང་ཚེ་འདིའི་ཁ་འཛིན་ཅན། །རང་བློ་ཆོས་སུ་འགྲོ་བར་མི་འདུག་པས། །ཆོསབརྒྱད་འཆིང་བ་གྲོལ་བར་བྱིན་གྱིས་རློབས། །ཞེས་འཆི་བ་མི་རྟག་པ་སྒོམ་པའི་བློ་རྒྱུད་ལ་སྐྱེདགོས་པར་གསུངས་སོ། །ད་ལྟ་རང་རང་སོ་སོ་ལ་ནམ་ཞིག་འཆི་དགོས་སྙམ་པ་ཞིག་ཡོད་ཀྱངནམ་འཆི་ངེས་མེད་ཀྱི་འདུ་ཤེས་རྒྱུད་ལ་མ་སྐྱེས་པའི་རྒྱུ་མཚན་གྱིས་རྟག་འཛིན་གྱི་དབང་གིསཚེ་འདིའི་དོན་བྱ་ཁོ་ན་ལ་གཡེངས་ནས་ཚེ་འདིའི་བདེ་སྐྱིད་སྙན་གསུམ་སྒྲུབ་པའི་བྱ་རྩོལ་ལ་ཞེནཔའི་སྐབས་འདིར། ཉིན་ཞིག་གློ་བུར་དུ་འཆི་བདག་གི་བདུད་ཀྱིས་ཞགས་ནག་བཟུང༌། ཨམགཙིགས་བསྡམས། སོ་ཞོ་ངོམས་ནས་དྲུང་དུ་སླེབས་ཙ་ན། དཔའ་བའི་དཔུང༌། བཙན་པོའི་ཤེད། ཕྱུག་པོའི་རྒྱུ། མཁས་པའི་གཏམ། མཛེས་མའི་གཟུགས། མགྱོགས་པའི་བང་གང་གིས་ཀྱངབཟློག་མི་ནུས་ལ། ལྕགས་ཀྱི་སྒམ་ཆུང་སྲུབ་མེད་པ་ཞིག་ཏུ་བཅུག་ནས་དཔའ་བའི་སྐྱེས་བུ་རྣོབའི་མཚོན་ཐོགས་པ་འབུམ་ཕྲག་དུ་མས་མདའ་རྩེ་དང་མདུང་རྩེ་ཕྱི་ལ་བསྟན་ནས་བསྐོར་ཏེབསྡད་ཀྱང་བསྲུང་རྒྱུ་དང་གབ་རྒྱུ་སྤུ་རྩེ་ཙམ་ཡང་མེད་པར་འཆི་བདག་གི་གཤིན་རྗེ་དེས་ཞགསནག་སྐེ་ལ་བརྒྱབ། གདོང་སྔོ་ཧམ་མེ།མིག་མཆི་མ་སྐྱ་ཙ་རེ། མགོ་དང་རྐང་ལག་གིས་ཡོབ་ཡོབབྱེད་བཞིན་ཚེ་ཕྱི་མའི་ལམ་པོ་ཆེར་ཁྲིད་འགྲོ་བ་མ་གཏོགས། དཔའ་བོས་བཀྱེ་ས་མེད། བཙནཔོས་བསྒོ་ས་མེད། དཔལ་འབྱོར་གྱིས་བསླུས་ས་མེད། འབྲོ་ས་མེད། གབ་ས་མེད། སྐྱབས་དངསྐྱོབ་པ། མགོན་དང་དཔུང་གཉེན། ཐབས་དང་ཐུགས་རྗེ་གང་ཡང་མེད་པར་མ་ཟད། སྨན་པའིརྒྱལ་པོ་དངོས་སུ་བྱོན་ཀྱང་ཚེ་ཟད་པའི་འཆི་བ་ལ་བཤོལ་མི་ཐུབ་པ་ཡིན་པས། རང་གིས་དུསད་ལྟ་ཉིད་ནས་ཕྱི་བཤོལ་ལ་སོགས་པའི་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་འགྲོ་བར་འཆིཁར་ཕན་པའི་དམ་ཆོས་ཡང་དག་པ་ཞིག་བསྒྲུབ་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ་པར་བྱདགོས། འཆི་བ་མི་རྟག་པ་འདི་རྒྱུད་ལ་མ་སྐྱེས་ན་ཆོས་ཟེར་བ་གང་ཡང་མི་འོང་བར་ཚེ་འདིའིདཔལ་འབྱོར་ལོངས་སྤྱོད་མངའ་ཐང་རྐྱང་རྐྱང་ཙམ་གྱི་ཆེད་དུ་འབད་བརྩོན་བྱས་པར་ཆགསའགྲོ། དེས་ན་འཆི་བ་མི་རྟག་པ་སྒོམ་པ་འདི་གལ་ཆེ་བ་རེད། རྗེ་མི་ལ་རས་པས། ང་འཆི་བསའཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །འཆི་མེད་གཉུག་མའིབཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ནང་བཞིན་ཞིག་ཨེ་འཁྱོང་བལྟ་དགོས། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤིལ་གཏད། ཤི་ཕུགས་གྲོག་སྟོང་ལ་གཏད་དེ། སྔོན་བྱོན་དམ་པ་གོང་མ་ཚོའི་གཏད་པ་བཞི་པོམཐར་འཁྱོང་བ་ཞིག་བྱེད་སྙམ་དགོས། རྗེ་པོ་ཏོ་བའི་ཞལ་སྔ་ནས། ཆོས་གཅིག་ཏུ་བྱ་བ་ལ་མིརྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུགཔའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའིགྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམདུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་དད་པ་སྐྱེ་བའི་རྒྱུ་བྱེད། བརདུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པའདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེནབྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཅེས་གསུངས་པ་ལྟར་འཆི་བ་མི་རྟག་པ་འདིབསྒོམ་རྒྱུ་གལ་ཆེན་པོ་རེད། དེ་ནང་བཞིན་ཕ་དམ་པའི་ཞལ་ནས་ཀྱང༌། མི་རྟག་པ་འདི་རྒྱུདལ་སྐྱེས་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད། མཐར་འོདགསལ་ཆོས་སྐུ་ཐོབ་པར་བྱེད་ཅེས་གསུངས་པ་ལྟར་འཆི་བ་མི་རྟག་པ་བསྒོམ་པ་འདི་རྒྱུད་ལམ་སྐྱེས་ན་ཆོས་པ་རྣམ་དག་ཅིག་འོང་མི་ཐུབ་སྟེ། ང་ཚོས་གྲྭ་ཆས་གོན། མགོའི་སྐྲ་བྲེགས། ཁྱིམནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཚུགས་ཀ་ཙམ་བྱས་ནས་དམ་པའི་ཆོས་མི་སྒྲུབ་པར་སྙནགྲགས་ལོངས་སྤྱོད་མངའ་ཐང་རྐྱང་རྐྱང་གི་ཆེད་དུ་བརྩོན་ན་ཆོས་མི་འགྲུབ། ཕ་དམ་པའི་ཞལནས། བོད་ཀྱི་ཆོས་བྱེད་པ་ལ་ཤི་སྙམ་པ་གཅིག་ཀྱང་མི་སྣང་བ་ལ། མ་ཤི་བར་ལུས་པ་ནི་གཅིགཀྱང་མ་མཐོང༌། ལར་སེར་གོས་གྱོན་ནས་ནོར་བསགས་པ་ལ་དགའ་ཚད་འདི་འཆི་བདག་གཤིནརྗེ་ལ་ཟས་ནོར་འཇལ་བ་ཨེ་ཡིན་སྙམ། ནོར་བཟང་བཟང་ཐམས་ཅད་ཚགས་བྱེད་ལུགས་ལ། དམྱལ་བ་ལ་ལྐོག་འདུན་འཇལ་བ་ཨེ་ཡིན་སྙམ། བོད་ཀྱི་ཆོས་པ་འདི་ཚོ་མཐོང་ན་དགོད་རེབྲོ་ཧ་ཧ་ཧ། ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཟས་ནོར་གསོག །དབེན་པ་སུ་བསྟེནའདུ་འཛི་མང༌། །རང་ཡུལ་གང་སྤངས་ངོ་ཚ་མེད། །དེ་ཚོ་ཆོས་ལ་དྲེད་པ་ཡིན། །དེ་ཚོ་སྡིག་ལདགའ་བ་ཡིན། །ཞེས་གསུངས་པ་ལྟར། མི་རྟག་པ་འདི་རྒྱུད་ལ་མ་སྐྱེས་ན་ཆོས་སྒྲུབ་ལོ་ཐོསལོ་ཇི་ལྟར་བྱས་ཀྱང་ཆོས་ཆོས་བཞིན་དུ་མི་འགྲོ་བར། རང་ཉིད་ཆོས་སྒོར་ཞུགས་ནས་ལོ་མངཔོ་སོང་ཡོད་ཀྱང༌། རང་རྒྱུད་ཀྱི་ཉོན་མོངས་དག་མང་དུ་གྱུར་ཆེ་རུ་གྱུར་སོང་ན། ཆོས་གནད་དུམ་སོང་བ་དང༌། འཆི་བ་མི་རྟག་པ་སྒོམ་མ་ཐུབ་པས་ཡིན། དེས་ན་ཆོས་པ་བཟང་ངན་ནི་རངརྒྱུད་ཀྱི་བདག་འཛིན་ཆུང་ངུར་སོང་ཡོད་ན་ཆོས་པ་རྣམ་དག་འོང་བ་ལས། བདག་འཛིན་དངཉོན་མོངས་མང་དུ་སོང༌། ཇེ་ཆེ་རུ་གྱུར་སོང་ན་ཆོས་པ་རྣམ་དག་མིན་ལ། སྔོན་བྱོན་སྐྱེས་བུ་དམ་པ་ཚོས་ང་ཚོར་འདི་འདྲའི་བསླབ་བྱ་མང་པོ་གནང་ཡོད་ན་ཡང༌། གྲྭ་བ་ཚོར་རྒྱུན་དུ་ཆོསབཤད་ན་ཆོས་ལ་དཀོན་པའི་འདུ་ཤེས་ཀྱང་མེད། དེ་ནས་ཆོས་དྲེད་ཆགས་འགྲོ་བ་དང༌། ཆོས་དྲེད་ཆགས་ན་སྤྱིར་ཆོས་ཀྱིས་སེམས་གདུལ་ཐུབ་ཀྱང༌། ཆོས་དྲེད་ཆགས་ན་འདུལ་མི་ཐུབ། སྤྱིརགྱོང་བོ་སྣུམ་གྱིས་གདུལ་ཐུབ་ཀྱང༌། མར་སྐོག་གྱོང་བོ་སྣུམ་གྱིས་འདུལ་མི་ཐུབ་པ་ལྟར་རེད། སྔོན་བྱོན་བླ་མ་དམ་པ་ཚོས། ལམ་རིམ་གྱི་འགོར་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེནཔ་གལ་ཆེ་བ་དང༌། དལ་འབྱོར་རྙེད་དཀའ་གཉིས་ནས་བཟུང་སྟེ་བློ་ལྡོག་རྣམ་བཞི་བསྒོམ་དགོསཔར་གསུངས་འདུག ཆོས་ཡང་དག་པ་འོང་བར་བྱེད་པ་ལ་ཀུན་སློང་ཡང་དག་པར་བཅོསདགོས། ཆོས་ཀྱི་འགོར་ལག་ལེན་ཚུལ་བཞིན་དུ་འདེབས་དགོས། ལག་ལེན་ཚུལ་བཞིན་དུའདེབས་པ་ལ་ལས་འབྲས་ཡང་དག་པར་ཤེས་དགོས་པར་གལ་ཆེ། མདོར་ན་དལ་འབྱོར་རྙེདདཀའ་འཆི་བ་མི་རྟག་པ་སོགས་བློ་ལྡོག་རྣམ་བཞིའི་སྒོ་ནས་འཁོར་བ་ལ་ཞེན་པ་ལྡོག་དགོསལ། དང་པོ་དལ་འབྱོར་རྙེད་དཀའ་དང་ཚེ་ལ་ལོང་མེད་པ་གཉིས་བསྒོམ་པ་ལ་བརྟེན་ནས་ཚེའདིའི་སྣང་ཤས་ལྡོག་དགོས་པར་རྗེ་བདག་ཉིད་ཆེན་པོས་ལམ་གཙོ་རྣམ་གསུམ་འདིར་གསུངསཔ་ལྟར། ཚེ་འདིའི་སྣང་ཤས་ལྡོག་དགོས་པར་ང་དང་ང་འདྲ་བའི་ཁ་ནས་བཤད་ཤེས་པ་ཙམམིན་པར་ལག་ལེན་འདེབས་དགོས། བསམ་དགོས། བསྒོམ་དགོས་པ་རེད། དེ་རིང་འདིརམཚམས་འཇོག་གི་ཡིན། ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས་ལ་རྣམ་པ་བཞི་ཡོད་པ་ལསདལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་གཉིས་མདོར་བསྡུས་ཙམ་ཞུས་ཟིན་པ་ཡིན། དལའབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་གཉིས་བསྒོམ་པ་ལ་བརྟེན་ནས་ཚེ་འདི་ལ་ཞེན་པའིཞེན་པ་ལྡོག་ནས་ཚེ་ཕྱི་མར་དོན་གཉེར་གྱི་བློ་ཞིག་བསྐྱེད་པར་བྱ་དགོས་ཏེ། སྤྱིར་སྐྱེས་བུ་ཆུངངུ་ལ་ནང་གསེས་ཀྱི་སྐྱེས་བུ་ཆུང་ངུའི་ཆུང་ངུ༌། ཆུང་ངུའི་འབྲིང༌། ཆུང་ངུའི་ཆེ་གསུམ་ལས་སྐྱེསབུ་ཆུང་ངུའི་ཆེན་པོས་ནི་ཚེ་འདི་ལ་ཞེན་པ་མི་བྱེད་པར་ཚེ་ཕྱི་མ་དོན་དུ་གཉེར་ལ། ཆོས་ཀྱི་སྒོནས་ཚེ་ཕྱི་མ་དོན་དུ་གཉེར་བ་ནི་སྐྱེས་བུ་ཆུང་ངུ་ལ་ཡང་ཡོད། ཡིན་ན་ཡང༌། ང་ཚོ་གྲྭ་བ་ཚོ་ཐརའདོད་ཀྱི་སྐྱེས་བུ་གཞིར་བྱས་ནས་བཞག་པ་རེད་དེ། དོན་གྱིས་ཐར་བ་མ་ཟད། ཚེ་ཕྱི་མའི་མངོནམཐོ་ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་སྐྱེས་བུ་ཆུང་ངུ་ཁྱད་པར་བ་ཙམ་ཡང་འོང་གི་མེད་པརཆགས་འདུག དེང་སང་གི་གྲྭ་བ་མང་པོས་ཚེ་འདིའི་ཆེད་དུ་ཁང་བ་རྫིག་པོ་རྒྱབ། ཚེ་འདིའི་ཆེདདུ་ལྟོ་གོས་གནས་མལ་སོགས་ཧ་ཅང་རྒྱས་སྤྲོས་མང་པོ་བྱས་པ་ནི་རང་ལ་སྡུག་བསྔལ་བསྐྲུནཔ་ལས་ཕན་ཐོགས་དང་གྲུབ་འབྲས་ཅི་ཡང་མེད་དེ། ཚེ་འདི་རྨི་ལམ་ནང་བཞིན་སྐད་ཅིག་གིསརྫོགས་འགྲོ་བ་དང༌། རང་གིས་ཟས་ཟ་འཕྲོ། གོས་གོན་འཕྲོ། གཏམ་བཤད་འཕྲོ་བྱས་ཏེ་ནམཞིག་སྐྱེ་བ་ཕྱི་མར་ངེས་པར་འགྲོ་དགོས། དེ་ལྟར་ན་ཚེ་འདིར་རྒྱས་སྤྲོས་མང་པོ་དང་ལུས་སེམསཀྱི་དཀའ་ངལ་མང་པོ་ཞིག་བསགས་ནས་ཚེ་འདི་ཁོ་ནར་ཞེན་ན་ཕན་པ་དང་གྲུབ་འབྲས་གངཡང་མེད་པར་བསམ་གཞིག་གནང་དགོས་པ་རེད། ཆོས་པ་རྣམ་དག་ཅིག་འོང་བར་བྱ་བ་ལཚེ་འདི་ལ་ཞེན་པ་བཟློག་དགོས། ཚེ་འདི་ལ་ཞེན་པ་མ་བཟློག་ན་ཆོས་པ་རྣམ་དག་ཅིག་འོངམི་ཐུབ་ལ། ང་ཚོས་རྣམ་རྒྱུན་ཐར་བ་དོན་གཉེར་གྱི་ཉན་ཐོས་དང་རང་རྒྱལ་ཞེས་དམན་སརགཡུགས་པ་རེད། རེད་དེ། ང་ཚོ་ལ་ཉན་ཐོས་དང་རང་རྒྱལ་གྱི་བསམ་པ་ཙམ་ཡང་སྐྱེས་ཐུབ་མེད། རང་གིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་ཞེན་པ་བཟློག་མ་ཐུབ་ན་དེའི་སྡུག་བསྔལ་གྱིསམཚོན་ནས་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བསམ་པ་སྐྱེ་མི་སྲིད། རྒྱལ་སྲས་ཞི་བ་ལྷས་རང་གི་དོན་དུ་འདི་འདྲ་རྨི་ལམ་ཙམ་ཞིག་མ་བྱུང་ན། གཞན་གྱི་དོནདུ་སྡུག་བསྔལ་དེ་ལས་སྐྱོབ་འདོད་ཀྱི་བློ་ཞིག་སྐྱེ་བ་མི་སྲིད་ཅེས་གསུངས་པ་རེད། དེས་ན་ངེསཔར་ཐུགས་བསམ་ཡག་པོ་གནང་དགོས། ང་ཚོས་འདི་ནས་ནམ་རྒྱུན་ཡང་ནས་ཡང་དུ་བཤད། ཡང་ནས་ཡང་དུ་ཞུས་པ་ནི་ཁྱེད་རྣམ་པ་ཚོ་བློ་ཁ་ཆོས་ལ་ཕྱོགས་པའི་རྒྱུ་དང༌། སློབ་གླིང་འདིརསློབ་གཉེར་དུ་ཕེབས་ཡོད་པ་ནི་ཐམས་ཅད་ཀྱིས་ཆོས་ཤིག་བསམ་ནས་བྱོན་པ་ཡིན་ལ། དེསན་ཆོས་ཤིག་ཡང་ནས་ཡང་དུ་བཤད་པ་ན། ཡང་ནས་ཡང་དུ་སྨྲས་གྱུར་ན། །དུད་འགྲོ་ལ་ཡངགོ་བ་སྐྱེ། །ཞེས་གསུངས་པ་ལྟར། ཆོས་དེ་ཡང་ནས་ཡང་དུ་བཤད་ན་བག་ཆགས་ཙམ་འཇོགཨེ་ཐུབ་སྙམ་པ་ཡིན། དེའི་རྒྱུ་མཚན་གྱིས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནསཆོས་ཁྲིད་ཞུས་པའི་རྒྱུ་མཚན་དེ་འདྲ་ཡིན། ང་ལ་དཀའ་ངལ་མེད་པ་མ་རེད། ཉིན་རེ་ལ་དཔེ་ཁྲིདབརྒྱད་དགུ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། ཡིན་ན་ཡང༌། སངས་རྒྱས་ཀྱི་བསྟན་པ་དང༌། ཁྱེད་ཚོས་ཀྱང་རེ་ལྟོས་བྱས་ཏེ་སློབ་གླིང་འདིར་བསླབ་པ་སློབ་གཉེར་དུ་ཕེབས་འོང་ན་ངས་ངོསནས་ཀྱང་དཀའ་ངལ་རྒྱབ་པ་ཡིན། དེ་ནས་ཚེ་འདི་ལ་ཞེན་པ་ལྡོག་པར་བྱེད་པ་ལ་འཆི་བ་མིརྟག་པ་རྟོགས་པའི་བློ་རྒྱུད་ལ་བསྐྱེད་པར་བྱ་དགོས། འཆི་བ་མི་རྟག་པ་རྟོགས་པའི་བློ་རྒྱུད་ལམ་སྐྱེས་ན་བྱ་བ་ཅི་བྱས་ཀྱང་ཚེ་འདིའི་ཁ་འཛིན་ཙམ་ལས་མི་འོང་བ་སྟེ། རྗེ་ཐམས་ཅད་མཁྱེནཔ་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཅི་ཙམའབད་ཀྱང་ཚེ་འདིའི་ཁ་འཛིན་ཅན། །རང་བློ་ཆོས་སུ་འགྲོ་བར་མི་འདུག་པས། །ཆོས་བརྒྱདའཆིང་བ་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་སོ། །གསུམ་པ་ལས་འབྲས་མི་བསླུ་བར་ཤེས་པའི་སྒོ་ནས་ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས་ནི། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག ། ཅེས་རྗེ་རིན་པོ་ཆེས་གསུངས་པ་ལྟར་ལས་འབྲས་མི་བསླུ་བར་ཤེས་དགོས། ལས་དགེབ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་མི་སྲིད་ལ། ལས་དགེ་བ་བྱས་པ་ལས་འབྲསབུ་དགེ་བ་འབྱུང་བ་སྲིད་པའམ་གནས་ཡིན། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་བདེ་བའབྱུང་བ་མི་སྲིད་ལ། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ནི་མི་བསླུབ་ཡིན་པ་རེད། དཔེར་ན་ནས་ཀྱི་ས་བོན་བཏབ་པ་ལས་ནས་སྐྱེས་པ་ལས་གྲོ་སྐྱེ་མི་སྲིད་ལ།གྲོ་གཏབ་པ་ལས་འབྲས་བུ་གྲོ་སྐྱེས་པ་ལས་གཞན་མི་སྐྱེ་བ་ནི་ཆོས་ཉིད་ཡིན་ཏེ། སངས་རྒྱསབཅོམ་ལྡན་འདས་ཀྱི་མདོ་ལས། ས་བོན་མངར་བ་བཏབ་པ་ལས། །འབྲས་བུ་མངར་བ་ཉིདདུ་སྨིན་པར་འགྱུར། །ས་བོན་ཁ་བ་བཏབ་པ་ལས། །འབྲས་བུ་ཁ་བ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་རྒྱུ་ས་བོན་མངར་བ་བཏབ་པས་འབྲས་བུ་མངར་བ་སྐྱེ་ཐུབ་ལ། རྒྱུ་ཁབ་བཏབ་པས་འབྲས་བུ་ཁ་བ་སྐྱེས་པས་རྒྱུ་འབྲས་འཆོལ་བ་མི་སྲིད་པ་རེད། དེས་ན་ཐམས་ཅད་ཀྱིས་ལས་འབྲས་ལ་ཡིད་ཆེས་བྱེད་དགོས། གནས་སྐབས་ང་ཚོས་ལས་མི་དགེ་བ་ཞིགབསགས་ཀྱང༌། རྒྱུ་རྐྱེན་མ་ཚང་བའི་དབང་གིས་དེའི་འབྲས་བུ་སྡུག་བསྔལ་མི་འབྱུང་བ་སྲིདདེ། འབྲས་བུ་དེ་དག་བསྐྱེད་པ་ལ་ངེས་པར་རྒྱུ་རྐྱེན་ཚོགས་དགོས་པ་དེ་ཡང༌། རྒྱུ་ཚོགས་པལས་འབྲས་སྐྱེ་བར། །ཞེས་གསུངས་སོ། །དེས་ན་ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་དང༌། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ནི་བསླུ་བ་མེདཔ་ཡིན། བྱེ་བྲག་ཏུ་མི་དགེ་བ་བཅུ་སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པའི་ལོག་པརགཡེམ་པ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་སོགསཀྱི་དབང་གིས་འབྲས་བུ་ངན་སོང་གསུམ་གྱི་རྣམ་སྨིན་བསྐྱེད་པ་རྣམ་སྨིན་གྱི་འབྲས་བུ་དང༌།བདག་འབྲས། མྱོང་བ་རྒྱུ་མཐུན། བྱེད་པ་རྒྱུ་མཐུན་སོགས་བསྐྱེད་ལ། མདོར་ན་སྲོག་བཅདཔའི་ལས་གཅིག་བསགས་ན་ཡང༌། རྣམ་སྨིན་གྱི་འབྲས་བུ། བདག་འབྲས། མྱོང་བ་རྒྱུ་མཐུན། བྱེད་པ་རྒྱུ་མཐུན་སོགས་བསྐྱེད་པ་རེད། སྲོག་གཅོད་པའི་དབང་གིས་ངན་སོང་གསུམ་དུ་སྐྱེབ་ནི་རྣམ་སྨིན་གྱི་འབྲས་བུ་དང༌། བདག་འབྲས་ནི་ཕྱི་རོལ་གྱི་འཇིག་རྟེན་ལ་འབྱུང་སྟེ། སྲོགབཅད་པའི་དབང་གིས་འབྲུ་དང་སྨན་སོགས་ལ་མཐུ་ཆུང་བར་འགྱུར་བ་དང༌། སྲོག་གཅོད་པའིདབང་གིས་ངན་སོང་གསུམ་གྱི་སྡུག་བསྔལ་མྱངས་ཏེ་ཐར་ན་ཡང༌། སྲོག་གཅོད་པར་དགའབ་སོགས་ནི་བྱེད་པ་རྒྱུ་མཐུན་ཡིན། མྱོང་བ་རྒྱུ་མཐུན་ནི་སྲོག་གཅོད་པའི་དབང་གིས་ངན་སོངགི་སྡུག་བསྔལ་མྱངས་ནས་གལ་ཏེ་ཐར་ན་ཡང༌། ཚེ་ཐུང་བ། ནད་མང་བ་སོགས་བསྐྱེད་ངེསལ། དེས་ན་ལས་འབྲས་བསླུ་བ་མེད་པ་ཡིན་པར་ཤེས་དགོས། སངས་རྒྱས་བཅོམ་ལྡན་འདསཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་གྱིས་གཟིགས་ནས་ལས་དགེ་བ་འདི་དངའདི་བྱས་ན་འབྲས་བུ་བདེ་བ་འདི་དང་འདི་འབྱུང་བ་དང༌། ལས་མི་དགེ་བ་འདི་དང་འདི་བྱསན་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་འདི་དང་འདི་འབྱུང་ཞེས་གསུངས་ན་ཡང་ང་ཚོསཡིད་ཆེས་མ་ཐུབ། ཡིད་ཆེས་བྱེད་ཐུབ་ན་ངན་སོང་གསུམ་གྱི་སྡུག་བསྔལ་ལ་མི་སྐྲག་པ་མི་སྲིདདེ། ད་ལྟ་ང་ཚོའི་སྟེང་ལ་མེ་སྟག་ཙམ་ཞིག་ལྷུང་ཡང་མི་བཟོད་ན་ངན་སོང་གསུམ་གྱི་སྡུག་བསྔལནི་དེ་ལས་ཀྱང་མི་བཟོད་པ་ཡིན་པ་རེད། ཡིན་ན་ཡང༌། ལས་རྒྱུ་འབྲས་ཟེར་བ་གོ་ལོ་ཐོས་ལོཙམ་བྱས་ནས་ལས་འབྲས་ལ་ཡིད་མ་ཆེས་པའི་དབང་གིས་སྐྲག་གི་མེད་ལ། མོ་པ་དང་རྩིསཔ་ཞིག་གིས་ཁྱོད་ད་ལོ་ཅིག་འགྲིག་གི་མི་འདུག ཉིག་འགྲིག་གི་མི་འདུག་ཟེར་བ་ན་ཐམསཅད་ཀྱིས་སྙིང་ཤོར་བ་དང༌། ཁ་ཤས་ལ་ནད་ཚབ་ཆེན་མིན་ཀྱང་སྨན་པས་ནད་ཚབས་ཆེན་རེདཟེར་ན་སྐྲག་སྣང་སྐྱེ་བཞིན་འདུག ཡིན་ན་ཡང༌། སྨན་ལ་བསྟན་དགོས་པ་རེད་དེ། སྨན་པསབཤད་པ་དང་བརྟག་དཔྱད་བྱས་ནས་བལྟ་དགོས་པ་རེད། དེ་མིན་ཁ་ཤས་ཉམས་མྱོང་མེད་པའི་དབང་གིས་སྨན་པའི་བཤད་པ་ནི་ཐིག་བཏབ་པ་ལྟར་བདེན་པར་བཟུང་འགྲོ་གིན་འདུག ཡིན་ན་ཡང༌། སྨན་པས་བཤད་པ་ཐམས་ཅད་ཐིག་བཏབ་པ་ལྟར་བདེན་པའི་ངེས་པ་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མ་ནོར་བ་དང༌། མ་འཆུག་པ་རེད་དེ། ང་ཚོསདེ་ལ་ཡིད་ཆེས་མ་ཐུབ་པར། མོ་པ་དང་རྩིས་པ་ཞིག་གིས་ཅིག་བཤད་ན་ཐམས་ཅད་ཀྱིས་བདེནབཟུང་ནས་སྙིང་ཤོར་རླུང་ལངས་པ་ནི། ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལཡིད་ཆེས་མ་ཐུབ་པའི་རྟགས་ཡིན། དེས་ན་ལས་འབྲས་ལ་ཡིད་ཆེས་བྱེད་དགོས་ཏེ། སངསརྒྱས་བཅོམ་ལྡན་འདས་ཀྱི་རྒྱལ་བོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །རྒྱལ་པོ་གང་དང་གངདུ་འགྲོ་འགྱུར་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་ལས་འབྲས་བསླུ་བ་མེདཔར་གསུངས་པ་ལྟར། དཔེར་ན་བྱ་ནམ་མཁའ་ལ་འཕུར་བ་ན་གྲིབ་མ་མི་མཐོང་ཡང༌། ཁོ་སགང་དུ་འབབ་ན་གྲིབ་མ་ནི་ལུས་དང་མཉམ་དུ་ཐོན་པ་ལྟར་སེམས་སྟེང་ནས་ལས་དགེ་མི་དགེགང་བསགས་པ་ཐམས་ཅད་སེམས་དང་མི་བྲལ་བ་རེད། ཡང་སངས་རྒྱས་བཅོམ་ལྡན་འདསཀྱི་མདོ་མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་མདག་ཆུང་ངུ་དག་གིས་ཀྱང༌། །རྩ་ཕུང་རི་རབ་སྲེག་པར་བྱེད། །ཅེས་དང༌། དགེ་བ་ཆུང་ངུ་དག་ལ་ཡང༌། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེནརིམ་གྱིས་གང་བར་འགྱུར། །ཞེས་གསུངས་སོ། །དེས་ན་སྡིག་པ་ཆུང་ངུས་ཀྱང་འབྲས་བུ་སྡུགབསྔལ་ཆེན་པོ་བསྐྲུན་པ་ཡོད་ལ། སྲོག་གཅིག་བཅད་པས་སྲོག་ལན་ལྔ་བརྒྱ་འཇལ་ཨེ་དགོསསྙམ་ན་དེ་ངེས་པར་དགོས་ཏེ། དཔེར་ན་ནས་ཀྱི་ས་བོན་གཅིག་ལ་བརྟེན་ནས་ནས་འབྲུ་བརྒྱསྐྱེ་ཐུབ་པ་ལྟར་རེད། འདིར་འདུས་ཡོད་པའི་གྲྭ་བ་ལྔ་བརྒྱ་དྲུག་བརྒྱ་ཐམས་ཅད་པོའི་གདོང་དང༌། བྱད་དབྱིབས་བསམ་པ་འདོད་པ་དང་ཚེ་འདིའི་བདེ་སྡུག་བཏང་སྙོམས་སོགས་ཐམསཅད་མི་འདྲ་བ་ནི་ལས་ཀྱི་དབང་གིས་ཡིན་པ་ལས་དེ་མིན་ན་ང་ཚོ་ཐམས་ཅད་གཅིག་མཚུངསམིན་པའི་རྒྱུ་མཚན་གང་ཡང་མེད། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཞེས་གསུངས་པ་ལྟར་སྐྱེ་བ་སྔོན་མར་ལས་བཟང་པོ་ཞིག་བསགས་ཡོད་མེད་ད་ལྟའི་ལུས་ལ་བལྟས་ན་གོ་ཐུབལ། སྐྱེ་བ་སྔོན་མར་སློབ་སྦྱོང་གནང་ཡོད་མཁན་ཞིག་ཡིན་ན་ད་ལྟ་ཡང་མྱོང་བ་རྒྱུ་མཐུན་དངབྱེད་པ་རྒྱུ་མཐུན་གྱི་དབང་གིས་སློབ་སྦྱོང་ལ་དགའ་བ་དང། སློབ་སྦྱོང་ལ་སྤྲོ་བ་ཡོད་མཁན་ཞིགཏུ་སྐྱེ་བ་ལེན་ཐུབ། སྐྱེ་བ་སྔོན་མར་དགེ་བའི་བཤེས་གཉེན་ལ་དད་པ་ལོག སློབ་སྦྱོང་ལ་ཡངམི་དགའ་མཁན་ཞིག་ཡིན་ན་སྐྱེ་བ་འདིར་ཡང་བླ་མ་ལ་དད་པ་མེད་པ། ཆོས་ལ་མི་དགའ་བ། དོན་གཉེར་མེད་པ། འདུན་པ་མེད་པ། མི་དགེའི་ཕྱོགས་ལ་རི་གཟར་གྱི་འབབ་ཆུ་ལྟ་བུ། དགེབའི་ཕྱོགས་ལ་བོང་ཆད་གྱེན་དུ་དེད་པ་ལྟ་བུ་ཡིན་པ་ནི་རང་རང་སོ་སོའི་ཚེ་སྔ་མའི་ལས་ཀྱི་འབྲས་བུ་ཡིན་པ་རེད། ཚེ་ཕྱི་མར་གར་འགྲོ་ནི་ད་ལྟ་ལས་དགེ་བ་བྱས་ན་ཕྱི་མ་བདེ་འགྲོར་སྐྱེབ་དང༌། ད་ལྟ་ལས་མི་དགེ་བ་བྱས་ན་ཕྱི་མ་ངན་སོང་དུ་སྐྱེ་ངེས་ཡིན། དེས་ན་ལས་འབྲས་ལཡིད་ཆེས་བྱེད་དགོས། ལས་འབྲས་ལ་ཡིད་ཆེས་བྱས་ན་དགེ་བ་སྒྲུབ་པ་དང༌། སྡིག་པ་སྤངས་པའོང་ཐུབ་པ་ལས་ལས་འབྲས་ལ་ཡིད་མ་ཆེས་ན་དགེ་བ་ཡང་བསྒྲུབ་མི་ཐུབ། སྡུག་པ་ཡང་སྤངམི་ཐུབ། དེའི་ཆེད་དུ་དཀའ་ངལ་དང་སྡུག་རུས་ཡང་གནང་མི་ཐུབ། དེས་ན་དཀའ་ངལ་དངསྡུག་རུས་གནང་དགོས། འབད་བརྩོན་དང་སྡུག་རུས་གང་ཡང་མི་གནང་བར་སྐྱིད་ཉལ་ཏགཏག་བྱས་ཏེ་གང་ཡང་འོང་མི་ཐུབ། རྒྱུ་དཔེ་ཆ་དང་བསླབ་པ་སློབ་གཉེར་ལ་དཀའ་སྤྱད་སྡུགརུས་ཆེན་པོ་གནང་ན་འབྲས་བུ་ཡོན་ཏན་ཡང་ཆེན་པོ་འཐོབ་ལ། རྒྱུ་དཀའ་སྤྱད་སྡུག་རུས་ཆུངཆུང་ཙམ་ལས་གནང་མ་ཐུབ་ན་འབྲས་བུ་ཡོན་ཏན་ཡང་ཆུང་ཆུང་ཞིག་ལས་མི་ཐོབ་པ་དང༌།རྒྱུ་དཀའ་སྤྱད་སྡུག་རུས་གང་ཡང་མ་གནང་ན་འབྲས་བུ་ཡོན་ཏན་ཡང་གང་ཡང་མི་ཐོབ། དེནི་ང་ཚོས་མྱོང་བས་ཀྱང་གྲུབ་ཐུབ་སྟེ། རང་རང་སོ་སོའི་འཛིན་གྲྭའི་ནང་དཀའ་སྤྱད་སྡུག་རུསཆེན་པོ་གནང་ཐུབ་མཁན་ནི་ཡོན་ཏན་ཡང་དེའི་ཚོད་ཀྱི་ཆེ་བ་དང༌། སྐྱེས་ཐོབ་ཀྱི་ཤེས་རབ་ཙམཡོད་ཀྱང༌། བརྩོན་པ་མ་གནང་ན་ཆོས་རའི་ནང་ཡིན་ཏེ་མིན་ཏེ་ཟེར་བ་ཙམ་འོང་ཐུབ་ན་ཡང༌། གཞུང་ལུགས་ཀྱི་མཐའ་རྒྱ་ཆོད་པ་དང༌། ཆོས་ཀྱི་གནད་འགག་གོ་བ། རང་གི་ལག་ལེན་དུ་ཁྱེརབའི་ཉམས་ལེན་གང་ཡང་འོང་མི་ཐུབ་པ་རེད། དེས་ན་བརྩོན་འགྲུས་གནང་དགོས་ཏེ། དཔལལྡན་ཟླ་བས་ཀྱང༌། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་སོ། །མདོར་ན་ལས་འབྲས་ལ་ཡིད་ཆེས་དགོས་པ། ཤིན་ཏུ་ལྐོག་གྱུར་གྱི་གནས་ལས་འབྲས་ཤིནཏུ་ཕྲ་བ་དག་མངོན་སུམ་དུ་རྟོགས་མི་ཐུབ་ལ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ཞིང༌། དེདག་ལ་ཡིད་ཆེས་བྱས་ནས་འཇུག་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་ལས་གསུངས་པར་ཡིད་ཆེས་རྗེས་དཔག་གིས་རྟོགས་དགོས། དད་པའི་དབང་དུ་བྱས་ན་ཡང༌། ཡིདཆེས་པའི་དད་པ་ཟེར་བ་ཞིག་ཡོད་པ་དང༌། གང་ཟག་གི་དབང་དུ་བྱས་ན་དབང་རྟུལ་དད་པའིརྗེས་འབྲང་དང༌། ཚད་མའི་དབང་དུ་བྱས་ན་ཡིད་ཆེས་རྗེས་དཔག་ཚད་མ་ཟེར་བ་ཞིག་ཡོདཔས་ཤིན་ཏུ་ལྐོག་གྱུར་གྱི་གནས་དེ་དག་ལ་ཡིད་ཆེས་དང་དད་པའི་སྒོ་ནས་འཇུག་དགོས། སྐྱབསམགོན་རྒྱལ་བ་རིན་པོ་ཆེས་ཀྱང༌། ནང་པའི་ཤིན་ཏུ་ལྐོག་གྱུར་གྱི་གནས་དག་ལུང་ལ་བརྟེན་ནསཡིད་ཆེས་བྱ་དགོས་ཞེས་གསུངས་པ་རེད། རང་གི་བློ་ངོར་མ་ཤོང་པའི་དབང་གིས་རྒྱུ་མཚན་གངཡང་མེད་པའི་སྒོ་ནས་མེད་ཅེས་སྨྲ་ན་སྐུར་འདེབས་ཡིན་པས་དེ་འདྲ་གནང་མི་རུང༌། བཞི་བའཁོར་བའི་སྡུག་བསྔལ་བསམ་ནས་ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས་ནི། སྤྱིར་འཁོར་བའི་སྡུག་བསྔལ་ལ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གཉིས་ཡོད། དམྱལ་བ་ཚ་གྲང༌། ཡི་དྭགསབཀྲེས་སྐོམ། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་འཆི་འཕོ་ལྟུང་བའི་སྡུགབསྔལ་སོགས་རིགས་དྲུག་སོ་སོའི་སྡུག་བསྔལ་མཐའ་ཡས་པ་རེད། ཡིན་ན་ཡང༌། སྐབས་འདིརདེ་འདྲའི་སྐོར་མང་པོ་ཞུས་ན་ཆུ་ཚོད་ཀྱི་ཁོམ་སྐབས་མི་འདུག མདོར་ན། འཁོར་བའི་སྡུག་བསྔལབསམ་པ་ན་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་འགྲོ་བ་རིགས་དྲུག་གང་ན་ཡང༌། སྡུག་བསྔལགྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་སོགས་ཀྱི་སྡུག་བསྔལ་ལས་མ་འདས་པས་སྡུག་བསྔལ་གྱིརང་བཞིན། སྡུག་བསྔལ་གྱི་ཡོ་ལངས། སྡུག་བསྔལ་གྱི་འཕྲུལ་འཁོར། སྡུག་བསྔལ་གྱི་ཁུངསཚང་ཅན་དང༌། སྡུག་བསྔལ་གྱིས་ཀུན་ནས་བསྐོར་བ། སྡུག་བསྔལ་མེ་ལྟར་འབར་བ། ཆུ་ལྟརའཁྲུགས་པ། རླུང་ལྟར་གཡོ་བ། རི་ལྟར་ནོན་པ་ལས་མ་འདས་པ་ཡིན་པ། འཁོར་བ་ནི། མེའིའོབས་ལྟ་བུ། སྲིན་པོའི་གླིང་ལྟ་བུ། རྒྱ་མཚོའི་ཀློང་ལྟ་བུ། མཚོན་ཆའི་རྩེ་ལྟ་བུ། མི་གཙང་བའིའདམ་ལྟར་འཁོར་བ་འདི་ལ་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་པའི་རྒྱུ་མཚན་གྱིས། གནསགང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་གྱི་བྱ་བ་ལས་མ་འདས། ལུས་ཅི་འདྲ་བླངས་ཀྱང་སྡུག་བསྔལགྱི་ལུས་ཡིན། ལོངས་སྤྱོད་ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་ལ་ལོངས་སྤྱོད་པ་ལས་མ་འདསཔ་ཡིན། རྒྱུ་མཚན་དེའི་ཕྱིར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་དྲན་པ་ཉེར་བཞགལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཤིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེབ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། རྒྱལ་ཚབ་བྱམས་པ་མགོན་པོས། མི་གཙང་ཁང་ལ་དྲིཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་དང༌། སློབ་དཔོན་པདྨ་འབྱུང་གནས་ཀྱིས། འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུངས། །ཞེསགསུངས་སོ། །ཅུང་ཟད་རེ་བདེ་བ་ལྟར་སྣང་བ་ཡོད་ཀྱང་རང་རང་སོ་སོའི་སྣང་ཚུལ་ཙམ་ལསསྡུག་བསྔལ་ལས་མ་འདས་ལ། འཇིག་རྟེན་གྱི་ལུས་དང་ལོངས་སྤྱོད་སྙན་གྲགས་སོགས་འཁོརབའི་བདེ་འབྱོར་ཐམས་ཅད་ནི་རང་ཉིད་ཀྱིས་རྟག་པ་བརྟན་པ། སྙིང་པོ་ཡོད་སྙམ་ནས་དེ་དགལ་ཆགས་ཞེན་བྱས། དེའི་ཆེད་དུ་སེར་སྣ་སྐྱེ་བ། འདོད་ཆགས་སྐྱེ་བ་སོགས་བྱས་ཏེ་མཐར་རངལ་སྡུག་བསྔལ་མང་པོ་བསྐྱེད་པ་ཡིན་ཞིང༌། འཇིག་རྟེན་གྱི་དངོས་པོ་ལ་ཅི་ཙམ་སྤྱད་ཀྱང་ཡིདཚིམས་པ་མེད་པར་འདོད་པ་ཆེས་ཆེར་འཕེལ་བ། དཔེར་ན། སྐོམ་པས་གདུང་བའི་གང་ཟགགིས་ལན་ཚྭའི་ཆུ་འཐུང་ན་སྐོམ་པ་ཆེས་ཆེར་འགྲོ་བ་ལྟར་རེད། ཁམས་གསུམ་འཁོར་བ་འདིསྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱ་བ་ལ་སྡུག་བསྔལ་གསུམ་ཤེས་དགོས་པས་དེ་གསུམགྱི་ནང་ནས་སྡུག་བསྔལ་གྱི་སྡུག་བསྔལ་ནི་སོ་སོའི་སྐྱེ་བོ་རང་ག་བ་དག་གིས་ཤེས་ཐུབ་སྟེ། དཔེར་ན། ནད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན། འགྱུར་བའི་སྡུག་བསྔལནི་ངོ་བོའི་སྒོ་ནས་ཟག་བཅས་ཀྱི་ཚོར་བ་བདེ་བ་བདེ་བ་ལྟར་སྣང༌། སྡུག་བསྔལ་སྣ་ཚོགས་ཁྱདདུ་བསད། རྟག་པ་བརྟན་པ་ཡིན་པར་བཟུང་བཟུང་བའི་མཐར་མི་རྟག་ཅིང་འགྱུར་འགྲོ་བདང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་དང་ལྡན་པའིའདུ་བྱེད་ཀྱི་ཕུང་པོ་ལ་བཤད་ཡོད་པ་རེད། སྤྱིར་འཁོར་བའི་སྡུག་བདེན་གྱི་དངོས་པོ་ཐམསཅད་དང༌། ལྷག་པར་རང་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཁྱབ་པ་འདུ་བྱེད་ཀྱི་སྡུགབསྔལ་ཡིན་པར་བསྒོམ་དགོས། སྤྱིར་ཁམས་གསུམ་འཁོར་བ་འདི་དག་སྡུག་བསྔལ་དུ་བསྒོམདགོས་ཀྱང༌། དེའི་ནང་ནས་ཀྱང་ལྷག་པར་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་སྡུག་བསྔལཡིན་པར་བསྒོམ་དགོས་ཏེ། སྡུག་བསྔལ་འདི་ཤེས་པ་གལ་ཆེ་བའི་རྒྱུ་མཚན་གྱིས་སངས་རྒྱསབཅོམ་ལྡན་འདས་ཀྱིས་ཐོག་མར་ཆོས་འཁོར་བསྐོར་བའི་སྐབས་སུ་ཐོག་མར་གང་གསུང་པརེད་ཅེ་ན། སྡུག་བསྔལ་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། སྡུག་བསྔལ་སྡུག་བསྔལ་དུམ་ཤེས་ན་སྡུག་བསྔལ་ལ་སྐྱོ་བ་སྐྱེ་མི་ཐུབ་ལ། སྡུག་བསྔལ་ལ་སྐྱོ་བ་མ་སྐྱེས་ན་སྡུག་བསྔལསྤངས་པའི་ཐར་བ་དོན་གཉེར་གྱི་བློ་སྐྱེ་མི་ཐུབ་པས་སྡུག་བསྔལ་དེ་སྡུག་བསྔལ་དུ་ཤེས་པརབྱ་དགོས། འཁོར་བས་བསྡུས་པའི་ཟག་བཅས་ཀྱི་དངོས་པོ་འདི་དག་ཐམས་ཅད་རྒྱུ་ལས་དངཉོན་མོངས་པས་བསྐྱེད་པ་ཁོ་ན་ཡིན་ལ། ལས་ཉོན་གཉིས་ཀྱིས་རང་གི་འབྲས་བུ་ཉོན་མོངསཔ་སྐྱེ་བའི་མཐུན་རྐྱེན་དུ་གྱུར་པའི་དངོས་པོ་ཁོ་ནར་བསྐྱེད་པ་ཆོས་ཉིད་ཡིན་པས་ཉོན་མོངསཔ་སྐྱེ་བའི་མཐུན་རྐྱེན་དུ་མ་གྱུར་བའི་འཁོར་བའི་དངོས་པོ་གཅིག་ཀྱང་མེད། སྐབས་རེ་ང་ཚོའིརྒྱུད་ལ་ཉོན་མོངས་པ་མངོན་གྱུར་དུ་མེད་ཀྱང༌།གཟུགས་མཛེས་པ་དང་འཕྲད་པ་ན་དེས་འདོདཆགས་རང་དབང་མེད་པར་འདྲེན་པ་དང༌། ཡུལ་ཡིད་དུ་མི་འོང་བའི་མི་སྡུག་པའི་དངོས་པོ་དང་འཕྲད་ན་ཁོང་ཁྲོ་སྐྱེ་བ། དཔལ་འབྱོར་ལོངས་སྤྱོད་ཀྱིས་སེར་སྣ་དང་བརྣབ་སེམས་སོགསརང་དབང་མེད་པར་བསྐྱེད་པ་ལ་སོགས་པ་མདོར་ན་ཟག་བཅས་འཁོར་བའི་དངོས་པོ་གང་དང་གང་ཡིན་ཀྱང༌། ཉོན་མོངས་པ་དབང་མེད་དུ་འདྲེན་བྱེད་ཀྱི་མཐུན་རྐྱེན་མིན་པ་གཅིག་ཀྱངམེད། དེས་ན་ཉོན་མོངས་པ་མངོན་དུ་གྱུར་ན་དེའི་དབང་གིས་ལས་བསགས། ལས་ཀྱི་དབངགིས་འཁོར་བ་འཁོར།སྡུག་བསྔལ་སློང་བར་བྱེད་པ་ཡིན་པས་ཟག་བཅས་ཀྱི་དངོས་པོ་ཐམསཅད་སྡུག་བསྔལ་གྱི་གནས་སུ་མཐོང་དགོས། ང་ཚོའི་རྒྱུད་ལ་ཉོན་མོངས་པ་སྐྱེས་སྟོབས་ཀྱིསའཁོར་བའི་སྡུག་བསྔལ་མི་བཟད་པ་ཡང་ཡང་བསྐྱེད་ཅིང་འཁོར་བའི་སྡུག་བསྔལ་ལས་ནམཡང་མི་ཐར། ཐར་བའི་སྲོག་རྩ་བཅད་དེ་བདེ་བའི་གོ་སྐབས་ནམ་ཡང་མེད་པར་བྱེད། དེསན་ལས་ཉོན་གྱིས་བསྐྱེད་པའི་སྡུག་བདེན་གྱི་དངོས་པོ་འདི་ནི་ཉོན་མོངས་པ་དང་མཐུན་པའི་སྒོ་ནས་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་སྙམ་དགོས། རང་རྒྱུད་ཀྱི་ཟག་བཅས་ཉེར་ལེནགྱི་ཕུང་པོ་འདི་སྡུག་བསྔལ་དུ་ཡང་ནས་ཡང་དུ་བསྒོམ་དགོས། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ལ། སྒོས་སུ་རང་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་མི་རྟག་པར་བསྒོམདགོས། ང་ཚོས་ནམ་རྒྱུན་ཆོས་རའི་ནང་སྒྲ་ཆོས་ཅན། མི་རྟག་ཏེ། བྱས་པ་ཡིན་པའི་ཕྱིར་ཞེསརྩོད་པ་རེད་དེ། སྒྲ་ཆོས་ཅན་དུ་བླངས་པ་ནི་ཕྱི་རོལ་བའི་ལོག་རྟོག་བཟློག་པའི་ཆེད་དུ་ཡིནཔ་ལས་རྣལ་འབྱོར་བའི་ཉམས་ལེན་གྱི་དབང་དུ་བྱས་ན་རང་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན་ཟེར་ནས་རང་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་མི་རྟག་པ་བསྒོམརྒྱུ་གལ་ཆེན་པོ་རེད། ལས་ཉོན་གྱིས་བསྐྱེད་པའི་ཟག་བཅས་ཀྱི་དངོས་པོ་རྣམས་ནི་རང་རྒྱུ་ལསཉོན་གྱིས་སྐད་ཅིག་ནས་འཇིག་པའི་དངོས་པོར་ཡང་བསྐྱེད། རང་ཉིད་ཞིག་པའི་རྗེས་སུ་སྡུགབསྔལ་ཕྱི་མ་བསྐྱེད་པའི་རྒྱུ་མཚན་གྱིས་ཟག་བཅས་ཀྱི་དངོས་པོ་འདི་ཐམས་ཅད་ནི། སྡུག་བསྔལལས་མ་འདས་པ་མ་གཏོགས་སྡུག་བསྔལ་ལས་འདས་པ་གཅིག་ཀྱང་མེད། དཔེར་ན་ཟག་བཅསཉེར་ལེན་གྱི་ཕུང་པོ་འདི་དམྱལ་བའི་སྡུག་བསྔལ་སོགས་ཕྱི་མའི་སྡུག་བསྔལ་རྣམས་འབྱུང་བའིགཞི་ལྟ་བུ་ཡིན་ལ། རང་ཉིད་ཀྱིས་ལས་དང་ཉོན་མོངས་པ་མ་སྤངས་ན་དེ་འདྲར་འགྱུར་ངེས། དམྱལ་བ་ལ་སོགས་པའི་ཕྱི་མའི་སྡུག་བསྔལ་དུ་མ་རིམ་གྱིས་འབྱུང་བ་བཞིན་དུ་རང་ཉིད་ཀྱི་ངོ་བོ་ཡང་རྟག་མི་ཐུབ་པའི་དབང་གིས་འཁོར་བ་ཐོག་མེད་ནས་ཐ་མའི་བར་དུ་སྡུག་བསྔལ་འདི་མ་མྱངས་བྱ་བ་གཅིག་ཀྱང་མེད་པར་མྱོང་བ་ཡིན་ལ། དེ་བཞིན་དུ་དཔེར་ན། ལོངས་སྤྱོདདང་འདོད་ཡོན་གྱི་རྒྱུ་ལས་འདོད་ཆགས་ཀྱི་ལས་བསགས་པས་དམྱལ་བའམ་ཡི་དྭགས་སུ་སྐྱེ་བ་ལ་སོགས་པ་ཚེ་ཕྱི་མའི་སྡུག་བསྔལ་དུ་མ་དང༌། འདོད་ཡོན་དང་ལོངས་སྤྱོད་སྒྲུབ་པའི་སྡུག་བསྔལ། དེ་དང་བྲལ་བའི་སྡུག་བསྔལ། དེ་ལ་བརྟེན་ནས་དགྲས་བཅོམ་པ་དང༌། ནདཕོག་པ་ལ་སོགས་པ་ཚེ་འདིའི་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བ་ལ་སོགས་པ་འདི་ཕྱིའི་སྡུག་བསྔལ་དུ་མའི་གནས་སུ་མ་གྱུར་བའི་འཁོར་བའི་ཆོས་གཅིག་ཀྱང་མེད་པར་བསམ་བློ་གཏང་དགོས། མདོར་ན་ཐམས་ཅད་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་བའི་ཆནས་སྡུག་བསྔལ་དུ་སྒོམས། རང་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ལ་བརྟེན་ནསལས་དང་ཉོན་མོངས་པ་མང་པོ་བསགས། དེའི་དབང་གིས་འཁོར་བ་འཁོར་ནས་ཚེ་འདིའི་ནདདང་གནོད་པ་ཐམས་ཅད་འབྱུང་བ་ཡིན་པས། འཁོར་བ་ནི་སྦྲུལ་གདུག་པའི་ཚང་ལྟ་བུ་ཡིན།འཁོར་བའི་སྡུག་བསྔལ་ལ་བསམ་བློ་བཏང་མ་ཐུབ་ན་འཁོར་བ་ལ་ཞེན་པ་བཟློག་མི་ཐུབ། འཁོརབ་ལ་ཞེན་པ་བཟློག་མ་ཐུབ་ན། དེ་ལ་ཞེན་ཞིང་ཆགས། དེའི་ཆེད་དུ་ཉོན་མོངས་པ་སྣ་ཚོགསཔ་བསགས། ལས་བསགས། དེའི་དབང་གིས་འཁོར་བར་འཁོར་བ་སོགས་འོང་བ་རེད། དེསན་ནམ་རྒྱུན་སུན་སྣང་སྐྱེ་དགོས་ས་ནི་སྡུག་བསྔལ་ཡིན་ན་ཡང༌། སྡུག་བསྔལ་ལ་སུན་སྣང་མིསྐྱེ་བར་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་དམ་པའི་ཆོས་སྒྲུབ་པ་ལ་སུན་སྣང་སྐྱེ་བ་ནི་རང་ལ་བསོད་ནམས་མེད་པའི་དབང་གིས་རེད། ཡར་སྲིད་པའི་རྩེ་མོ་ནས་བཟུང་སྟེམར་ན་རག་དམྱལ་བའི་བར་གྱི་འགྲོ་བ་རིགས་དྲུག་པོ་ཐམས་ཅད་སྡུག་བསྔལ་ལས་མ་འདསཔས་ད་ལྟ་ངེས་པར་འཁོར་བ་འདི་ལས་ཐར་བའི་ཆེད་དུ་ང་ཚོས་ཆོས་སྒྲུབ་པ་ལ་བརྩོན་དགོས།སྡུག་བསྔལ་སྡུག་བསྔལ་དུ་ཤེས་པ་ཙམ་གྱིས་སྡུག་བསྔལ་སྤང་མི་ཐུབ་པར་གང་ཟག་གི་བདགམེད་བསྒོམ་དགོས་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། གང་ཟག་བདག་མེད་བསྒོམ་པཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་པ་ལྟར་རེད། མདོརན་འཁོར་བའི་ཉེས་དམིགས་ལ་ཡང་ནས་ཡང་དུ་བསམ་བློ་བཏང་ནས་དེ་ལ་སྐྱོ་བ་སྐྱེ་དགོས། ལས་འབྲས་མི་བསླུ་བ་དང་འཁོར་བའི་ཉེས་དམིགས་བསམ་པ་ལ་བརྟེན་ནས་ཚེ་ཕྱི་མའི་སྣངཤས་ལྡོག་ཅེས་རྗེ་རིན་པོ་ཆེས་གསུངས་པ་ལྟར། ཚེ་འདིའི་སྣང་ཤས་དང་ཚེ་ཕྱི་མའི་སྣང་ཤསགཉིས་ཀ་ལྡོག་ན་འཁོར་བ་ལ་ཞེན་པ་ལྡོག་ཐུབ། འཁོར་བ་ལ་ཞེན་པ་ལྡོག་ན་འཁོར་བ་ལསཐར་འདོད་ཀྱི་བློ་རྒྱུད་ལ་སྐྱེ་ཐུབ། འདི་ཡན་དུ་བློ་ལྡོག་རྣམ་པ་བཞིའི་ངེས་འབྱུང་གི་བསམ་པསྐྱེ་བའི་ཐབས་སོང་ཟིན་པ་རེད། དེ་རིང་འདིར་མཚམས་འཇོག་གི་ཡིན། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ།ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགསབཅས་ལ་ཡང་ནས་ཡང་དུ་གོམས་ཏེ་ཚེ་འདི་ཕྱིའི་སྣང་ཤས་ལྡོག་པ་ལ་བརྟེན་ནས་མཚན་སྙནགྲགས། འཁོར་མངའ་ཐང༌། དཔལ་འབྱོར་ལོངས་སྤྱོད། ལྷ་མིའི་གོ་འཕང་སོགས་འཁོར་བའིཕུན་ཚོགས་མཐའ་དག་ལ་ཡིད་སྨོན་སྐད་ཅིག་ཙམ་ཡང་མེད་པར་འཁོར་བའི་ཕུན་ཚོགས་དེ་དག་མེ་འབར་བའི་འོབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མིན་པ་ནམ་རྒྱུདལ་སྐྱེས་ན། དེའི་ཚེ་ངེས་འབྱུང་གི་བསམ་པ་སྐྱེས་པ་ཡིན་ཞེས་གསུངས་པ་དང༌། ངེས་འབྱུངགི་བསམ་པ་རྒྱུད་ལ་མ་སྐྱེས་ན། དགེ་བ་གང་ཞིག་སྒྲུབ་ཀྱང་ཐར་བའི་རྒྱུ་ཙམ་ཡང་མི་འགྲོ། ཐར་བའི་འཇུག་སྒོ་ངེས་འབྱུང་གི་བསམ་པ་ཡིན་པར་ཐམས་ཅད་ཀྱིས་སེམས་ལ་ནན་གྱིས་གཟུངདགོས་ལ། ཆོས་གང་ཞིག་སྒྲུབ་ན་སྐྱབས་འགྲོས་རྩིས་ཟིན་ན་ནང་པའི་ཆོས་སུ་གྱུར། ངེས་འབྱུངགི་བསམ་པས་རྩིས་ཟིན་ན་ཐར་བའི་རྒྱུར་འགྲོ། ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་རྩིསཟིན་ན་ཐེག་ཆེན་གྱི་ཆོས་སུ་འགྱུར་ཐུབ་པ་རེད། དེས་ན་ཐམས་ཅད་ཀུན་སློང་ལ་རག་ལས།སྤྱིར་ནང་ཆོས་ནི། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡུག་གཟུགས་བརྙན་ཆེཆུང་རྗེས་མི་འབྲང༌། །ཞེས་གསུངས་པ་ལྟར་བསམ་པའི་རྗེས་སུ་འབྲང་པ་ཞིག་ཡིན་པ་དང༌། བསམ་པ་བཟང་ན་ས་དང་ལམ་ཡང་བཟང༌། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམསཅད་བསམ་པ་དག་ལ་རག་ལས་པས། །རྟག་ཏུ་བསམ་པ་བཟང་ལ་ནན་ཏན་མཛོད། །ཅེས་རྗེ་རིན་པོ་ཆེས་གསུངས་སོ། །དེས་ན་བསམ་པ་བཟང་པོ་ལ་འབད་དགོས་པ་གལ་ཆེན་པོ་རེད། དམ་པའི་ཆོས་ཀྱི་སྙིང་དོན་ནི་འཁོར་བ་ལས་ཐར་བྱེད་ཀྱི་ཐབས་སུ་འགྲོ་དགོས། འཁོར་བལས་ཐར་བའི་ཐབས་སུ་འགྲོ་བ་ལ་ཉོན་མོངས་པ་ལས་ཐར་བའི་ཐབས་སུ་འགྱུར་དགོས། དེརའགྱུར་དགོས་པ་ལ་ཉོན་མོངས་པ་ལས་བྱུང་བའི་འཁོར་བ་ལ་ཞེན་པ་ལོག་པར་བྱས། འཁོར་བའི་རྒྱུ་སྤོང་འདོད་ཀྱི་བསམ་པ་རྒྱུད་ལ་བསྐྱེད་པ་ལ་ངེས་འབྱུང་གི་བསམ་པ་ངེས་པར་སྐྱེ་དགོས། ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས་ནི་བློ་ལྡོག་རྣམ་བཞི་ཡིན་པས་ནམ་རྒྱུན་དཔེ་ཆ་ཤེས་མཁན་དང་མི་ཤེས་མཁན་གང་ཡིན་ཀྱང་བློ་ལྡོག་རྣམ་བཞི་ལ་བློ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། དལ་བ་བརྒྱད་འབྱོར་བ་བཅུ་ཚང་བའི་མི་ལུས་འདི་ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ། རྒྱུའིསྒོ་ནས་རྙེད་པར་དཀའ་ཚུལ། དཔེའི་སྒོ་ནས་རྙེད་པར་དཀའ་ཚུལ།གྲངས་ཀྱི་སྒོ་ནས་རྙེད་པརདཀའ་ཚུལ་སོགས་ཀྱིས་རྙེད་པར་དཀའ་བ་ཡིན་པར་ཤེས་པར་བྱས་ཏེ། རྙེད་དཀའ་བ་ཞིགརྙེད་ཡོད་པའི་སྐབས་འདིར། རང་གིས་དོན་ཆེན་པོ་སྒྲུབ་ན་ཚེ་འདིའི་རྟེན་ལ་ཐར་བ་དང་ཐམསཅད་མཁྱེན་པའི་གོ་འཕང་བསྒྲུབ་ནུས། དལ་འབྱོར་གྱི་མི་ལུས་འདི་རྙེད་རུང་མི་ལུས་འདི། མིརྟག་པ།ནམ་འཆི་ངེས་པ་མེད་པ། འཆི་རྐྱེན་ངེས་པ་མེད་པ། འཆི་བའི་ཚེ་དམ་པའི་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད་པ་བསམ་གཞིག་ལེགས་པར་གནང༌། ཁམས་གསུམ་འཁོརབ་གང་དུ་གནས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ། ལྷག་ཏུ་ཟག་བཅས་ཉེརལེན་གྱི་ཕུང་པོ་འདི་སྡུག་བསྔལ་མ་ལུས་པ་འབྱུང་བའི་གནས། སྡུག་བསྔལ་མ་ལུས་པའི་ཚངལྟ་བུ་ཡིན་པར་བསྒོམ་དགོས། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་མི་གཙང་བའི་རྫས་སོ་གཉིསཀྱིས་གྲུབ་པའི་མི་གཙང་བའི་འཕྲུལ་འཁོར་ཞིག་ཡིན་ཞིང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཅི་བྱུངཡང་ཐམས་ཅད་ཟག་བཅས་ཉེར་བར་ལེན་པའི་ཕུང་པོ་འདི་ལ་བརྟེན་ནས་བྱུང་བས་ཉེར་ལེནགྱི་ཕུང་པོ་འདི་ཚེ་འདིའི་སྡུག་བསྔལ་མ་ལུས་པ་འབྱུང་བའི་གནས་དང་གཞི་ལྟ་བུ་ཡིན་པ་རེད། དེའི་རྒྱུ་མཚན་གྱིས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ལ་ཆགས་པའི་གནས་མེད། དེ་དགསྡུག་བསྔལ་ཡིན་པར་ཤེས་པར་བྱས་ནས་ཡིད་སྨོན་སྐད་ཅིག་ཙམ་མི་བྱེད་པར་དེ་ལས་ཐར་ན་སྙམ་པའི་ཐར་འདོད་ཀྱི་བློ་བཅོས་མིན་སྐྱེས་པ་དེའི་ཚེ་ན། ངེས་འབྱུང་གི་བསམ་པ་སྐྱེས་པཡིན་ཞེས་གསུངས་པ་རེད། ང་ཚོས་ཚུལ་ཁྲིམས་ཤིག་བསྲུང་ན་ཡང༌། དེ་ལ་ངེས་འབྱུང་གི་བསམཔས་རྩིས་མ་ཟིན་ན་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཡིན་པར་འགྱུར་ཏེ། ངེསཔར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་འདུལ་བ་མདོ་རྩ་ལས་གསུངས་པ་ལྟརསོ་ཐར་གྱི་ཚུལ་ཁྲིམས་སུ་འགྱུར་མི་ཐུབ་ལ། དགེ་བའི་རྩ་བ་གང་དང་གང་ཡིན་ཀྱང་ངེས་འབྱུངགི་བསམ་པས་རྩིས་མ་ཟིན་ན་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་བྱེད་ཀྱི་དགེ་བ་ཙམ་འགྱུར་ཐུབ་པ་དང༌། སྐྱེས་བུ་ཆུང་ངུའི་དགེ་བ་ཙམ་འགྱུར་ཐུབ་པ་རེད་མ་གཏོགས་ཐར་བའི་རྒྱུར་མིའགྲོ། ཐོག་མར་ཆོས་གང་ཞིག་སྒྲུབ་ཀྱང་ཐར་བའི་རྒྱུར་འགྲོ་བར་བྱ་བ་ལ་ངེས་འབྱུང་གི་བསམཔ་འདི་ཡོད་ན་དེས་ཆོགམེད་ན་ཐབས་ཆག་ཡིན། དེས་ན་ཐར་བའི་རྒྱུར་འགྲོ་མིན་ནི་ངེས་འབྱུངགི་བསམ་པ་ལ་རག་ལས། ཆོས་འཆད་ཉན། ཐོས་བསམ་སྒོམ་གསུམ་རང་གིས་དགེ་བའི་རྩབ་ཅི་བསགས་ན་ཐར་བའི་རྒྱུར་འགྲོ་མིན་ནི་རང་རྒྱུད་ན་འཁོར་བ་ལ་ཞེན་ལོག་གི་བསམ་པདང༌། དེ་ལས་ཐར་བའི་ཆེད་དུ་དགེ་བའི་རྩ་བ་དེ་དག་སྒྲུབ་ཀྱིན་ཡོད་མེད་བརྟག་དགོས། གཞནགྱིས་ཕྱི་རྫིག་པོ་བྱས་ཏེ་ཆོས་ཆེན་པོ་ཇི་ལྟར་སྒྲུབ་ན་ཡང༌། ཚེ་ཕྱི་མའི་མངོན་མཐོ་ལྷ་མིའི་གོའཕང་ཙམ་ཐོབ་པའི་ཆེད་དུ་བསམ་ན་སྐྱེས་བུའི་ཆུང་ངུའི་ཆོས་ཙམ་ལས་མི་འོང༌། དེ་དགེ་བམ་རེད་ཅེས་ཞུས་པ་མིན་ཀྱང༌། འཁོར་བར་སྐྱེ་བའི་རྒྱུ་ཟག་བཅས་ཙམ་ལས་མི་འོང༌། རང་ཉིདཁམས་གསུམ་འཁོར་བ་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགསཀྱང་སྡུག་བསྔལ་གྱི་གྲོགས། བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་གྱི་བྱ་བ་ལས་མ་འདས་པས། འཁོརབ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། འཁོར་བ་འདིརབརྟན་གནས་ཀྱི་བདེ་བ་ཞིག་མེད། གནས་སྐབས་ང་ཚོར་བདེ་བ་ལྟར་སྣང་ཡང་མཐར་མི་རྟགཅིང་འགྱུར་འགྲོ།ལས་ཉོན་གྱི་གཞན་དབང་ཅན་ཡིན་པས་ན་མི་འདོད་བཞིན་དུ་ན། འཆི་མི་འདོད་བཞིན་དུ་འཆི། རྒས་མི་འདོད་བཞིན་དུ་རྒས། སྡུག་པ་ཡིད་འོང་དང་བྲལ། མི་སྡུག་པ་ཡིདམི་འོང་དང་འཕྲད་པ་སོགས་ཐམས་ཅད་ལས་ཉོན་གྱི་གཞན་དབང་དུ་གྱུར་བ་ཡིན་པས་ང་ཚོལ་རང་དབང་སྤུ་ཙམ་མེད། དེས་ན་ངེས་འབྱུང་གི་བསམ་པ་སྐྱེ་དགོས་པ་དང་བསྒོམ་རྒྱུ་གལཆེན་པོ་ཡིན་ཞིང༌། ངས་ནམ་རྒྱུན་ཁྱེད་རྣམ་པ་ཚོར་ཞུས་ཟིན་པ་ལྟར། ནངས་དུས་སྔ་མོ་ཡརབཞེངས་དུས་ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་ལས་མ་འདས་པར་བསམསནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པ་བསྐྱེདཔར་བྱས། ཁམས་གསུམ་འཁོར་བ་འདི་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལསཐར་འདོད་ཀྱི་བློ་བསྐྱེད་པར་བྱ་དགོས། དེས་ན་འཁོར་བ་འདི་ལས་ཐར་བའི་ཆེད་དུ་དམ་པའིཆོས་བསྒྲུབ་དགོས། དམ་པའི་ཆོས་སྒྲུབ་ན་ཐོག་མར་ཀུན་སློང་ལ། སྐྱེ་བ་འདི་དང་ཚེ་རབསཐམས་ཅད་དུ་དམ་པའི་ཆོས་བསྒྲུབ་དགོས་སྙམ་པ་དང༌། ཁྱད་པར་དུ་སྐྱེ་བ་འདི་ནས་མ་འཆིབར་དུ་ཆོས་རྣམ་པར་དག་པ། ཆོས་གཤའ་མ་ཞིག་བསྒྲུབ་དགོས་སྙམ་པ་ཡོད་དགོས། དེ་ཡངདེ་རིང་ནས་ཆོས་བསྒྲུབ་དགོས་སྙམ་པ་དང་ད་ལྟ་ཉིད་ནས་ཆོས་བསྒྲུབ་དགོས་བསམ་པའི་ཀུནསློང་ཡོད་དགོས་ལ། དེ་འདྲའི་ཀུན་སློང་ནི་དེ་རིང་ཙམ་མིན་པར་སང་ཉིན་ཡང་ཡོད་པར་བྱས། གནངས་ཉིན་ཡང་ཀུན་སློང་དེ་ཡོད་པར་བྱས་ཏེ་སློབ་གཉེར་གནང་ན་མི་ཚེ་དོན་ལྡན་དུ་འགྱུརཐུབ། དེ་མིན་པར་དེ་རིང་ཡང་ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་སོང༌། གནངས་ཉིན་ཡང་དེ་འདྲབྱས་ཏེ་རྗེས་མ་ཞིག་ལ་ཆོས་བསྒྲུབ་དགོས་སྙམ་ནས་ཉི་མ་བསྐྱལ་སོང་ན་སང་ཉིན་སང་ཉིནབྱས་ཏེ་ཚེ་ཕྱི་མར་བསྐྱལ་འགྲོ་བ་རེད། དེས་ན་ངེས་འབྱུང་གི་བསམ་པས་བསྐུལ་མ་བྱས་ནསདེ་རིང་ཉིད་ནས་ཆོས་བསྒྲུབ་དགོས་པ་དང༌། ཆོས་སྒྲུབ་པའི་སྐབས་ན་ཀུན་སློང་ཀུན་སྤྱོད་ངེསཔར་འཆོས་དགོས། ཡང་ནས་ཡང་དུ་བཅོས་དགོས་པ་རེད། ང་ཚོས་གང་ལ་གོམས་ན་དེ་ལམཁས་ཞེས་བཤད་པ་དང༌། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ནམ་རྒྱུན་ཆོས་གང་བྱེད་ན་དེའི་མགོ་ལ་སྐྱབས་འགྲོ་དང་ངེས་འབྱུང་གིབསམ་པ། བྱང་ཆུབ་ཀྱི་སེམས་སོགས་དེ་རིང་སྒོམ། སང་ཉིན་སྒོམ། ཉི་མ་གཅིག་ལ་སྒོམ། དེའིརྗེས་ཟླ་བ་གཅིག་ལ་སྒོམ་ན་ནམ་ཞིག་རྩོལ་བ་ཆེན་པོ་མི་དགོས་པར་རང་ཤུགས་ཀྱིས་དྲན་ཐུབཔ་འོང་སྟེ། དཔེར་ན་ང་ཚོས་འདོན་པ་གསུང་ན་ཁ་ནས་ཐོག་མར་རང་ཤུགས་ཀྱིས་སངས་རྒྱསཆོས་ཚོགས་མ་ཞིག་འདོན་པ་ལྟར་རེད། དེས་ན་ཆོས་རྣམ་པར་དག་པ་ཞིག་ཨེ་འོང་བལྟ་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ཚེ་འདི་ལ་མཚན་སྙན་གྲགས་ཅན། རྒྱུ་དཔལ་འབྱོར་ཅན། འཁོརལོངས་སྤྱོད་ཅན་ཞིག་ཨེ་འོང་ལ་བལྟ་རྒྱུ་མིན་པར་ཆོས་རྣམ་དག་ཅིག་ཨེ་ཡོང་བལྟ་དགོས།ཆོས་དེ་ཡང་ཐར་བའི་རྒྱུར་འགྱུར་ཨེ་ཐུབ་བལྟ་དགོས། ཐར་བའི་རྒྱུར་འགྱུར་དགོས་པ་ལ་ངེསའབྱུང་གི་བསམ་པས་རྩིས་ཟིན་དགོས། ངེས་འབྱུང་གི་བསམ་པས་རྩིས་མ་ཟིན་ན་ཐར་བའིརྒྱུར་འགྲོ་བ་མེད་པར་སློབ་དཔོན་ཨརྱ་དེ་ཝས། དབུ་མ་བཞི་བརྒྱ་པ་ལས། གང་ལ་འདི་སྐྱོཡོད་མིན་ན། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་གསུངས་སོ། །འདི་ཡན་དུ་ལམ་གཙོ་རྣམ་གསུམགྱི་ནང་ནས་ངེས་འབྱུང་གི་བསམ་པ་ཞུས་ཟིན་པ་ཡིན། དོན་ཚན་གཉིས་པ། སེམས་བསྐྱེདལ་གསུམ་ལས་དང་པོ་སེམས་བསྐྱེད་དགོས་པའི་རྒྱུ་མཚན་ནི། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་ཐེག་ཆེན་ཐུན་མོང་མིན་པའི་ལམ་དུ་གྱུར་བ་ལ་འཁོར་བ་ལས་ངེས་པར་འབྱུང་འདོདཀྱི་བློ་དེ་ལ་ཡང་རྣམ་དག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པ་མེད་ན་དགེ་བ་གང་སྒྲུབ་ཀྱང༌། བླ་ན་མེད་པའམ་གོང་ན་མེད་པའི་བྱང་ཆུབ་ཀྱི་ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བ། རྒྱུ་མཚན་དེས་ན། བློ་གྲོས་དང་ལྡན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་བསྐྱེདཅིག་ཅེས་གསུངས་པ་རེད། བསྐྱེད་དགོས་པའི་རྒྱུ་མཚན་ནི་བྱང་ཆུབ་སེམས་འདི་མ་བསྐྱེདན་བླ་ན་མེད་པའམ་གོང་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་མི་ནུས། སྤྱིར་བྱང་ཆུབ་ལ་ཉན་ཐོས་ཀྱི་བྱང་ཆུབ་དང་རང་རྒྱལ་གྱི་བྱང་ཆུབ། ཐེག་ཆེན་གྱི་བྱང་ཆུབ་གསུམ་ཡོད། ཐེག་ཆེན་གྱི་བྱང་ཆུབ་ལ་ཡང་གནས་སྐབས་ཀྱི་བྱང་ཆུབ་དང་མཐར་ཐུག་གི་བྱང་ཆུབ་གཉིས་ཡོད། སངསརྒྱས་ཀྱི་རྒྱུད་ཀྱི་སྤངས་རྟོགས་སོགས་ནི་བླ་ན་མེད་པའི་བྱང་ཆུབ་མཐར་ཐུག་ཡིན་ལ། དེ་འདྲའིབླ་ན་མེད་པའི་བྱང་ཆུབ་ཐོབ་དགོས་པ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དགེ་བའི་རྩ་བ་ལབརྟེན་ནས་ཐོབ་ཐུབ་པ་མ་གཏོགས་བྱང་ཆུབ་སེམས་བསྐྱེད་ཀྱིས་རྩིས་མ་ཟིན་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་མི་ནུས། དེའི་རྒྱུ་མཚན་གྱིས་བྱང་ཆུབ་ཀྱི་སེམས་འདི་བསྐྱེད་དགོས། ཆོསརའི་ནང་ཀ་བ་བུམ་པ་རྩོད་ན་འདྲ། གང་ཟག་གི་བདག་མེད་རྩོད་ན་འདྲ། ཟབ་པ་དང་རྒྱ་ཆེབའི་རྣམ་བཞག་གང་ཞིག་རྩོད་ན་དེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་ན་བླ་ན་མེད་པའིབྱང་ཆུབ་ཀྱི་རྒྱུར་འགྲོ་ཐུབ་པ་རེད། དེ་མིན་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་རྣམ་བཞག་སྔགསབླ་མེད་ཟབ་ལམ་རྡོ་རྗེ་རྣལ་འབྱོར་སོགས་རྩོད་ཀྱང༌། བྱང་ཆུབ་ཀྱི་སེམས་འདིས་རྩིས་མ་ཟིནན་བླ་ན་མེད་པའི་བྱང་ཆུབ་ཐོབ་བྱེད་དུ་མི་འགྱུར། དེས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུརའགྲོ་མིན་ནི་སེམས་བསྐྱེད་ལ་རག་ལས་པ་ཡིན། དེ་རིང་འདིར་མཚམས་འཇོག་གི་ཡིན། གཉིས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་དང་དེ་སྐྱེ་བའི་ཚད་ནི། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད། །ཅེས་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་ན་སྡུག་བསྔལདེ་ལས་བུ་དེས་མ་སྐྱོབ་ན་གཞན་སྐྱབས་དང་དཔུང་གཉེན་རྟེན་ས་མེད་པ། སྐབས་འདིར་ཆུབོ་ཆེན་པོ་བཞིའི་དཔེ་ལ་སྦྱར་ནས་སེམས་ཅན་ཐམས་ཅད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཆེན་པོ་བཞིས་མནར་བ་ཡིན་པར་གསུངས་པ་དང༌། སྤྱིར་འཇིག་རྟེན་གྱི་དབང་དུ་བྱས་ན་ཆུ་བོ་གངྒསོགས་ཆུ་བོ་ཆེན་པོ་བཞི་ཡོད་པ་དེ་ལ་དཔེར་བྱས་ནས་ཆོས་མངོན་པ་མཛོད་སོགས་ཀྱི་སྐབསན་མ་རིག་པའི་ཆུ་བོ། སྲིད་པའི་ཆུ་བོ། ལྟ་བའི་ཆུ་བོ། འདོད་པའི་ཆུ་བོ་སོགས་ཆུ་བོ་ཆེན་པོ་བཞིགསུང་ཚུལ་ཡོད། ཡིན་ན་ཡང༌། སྐབས་འདིར་སྐྱེ་རྒ་ན་འཆིའི་ཆུ་བོའི་རྒྱུན་གྱིས་ཁྱེར་བར་སྦྱརབ་རེད། མི་ཞིག་ལག་པ་སོགས་ཐག་པས་བསྡམས་མེད་པར་ཆུས་ཁྱེར་ན་སྐྱོབས་པའི་ཐབསཡོད་ལ། ཡིན་ན་ཡང༌། མ་རྒན་སེམས་ཅན་དག་ནི་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས་ཁྱེར་བ་དང༌། ལས་ཀྱིས་ཡན་ལག་དག་འཆིང་བའམ་བསྡམས། དེར་མ་ཟད། བདག་འཛིན་དྲྭ་བའི་གཟུགསསུ་བཀོད་ནས། མ་རྒན་སེམས་ཅན་དག་བདག་འཛིན་གྱིས་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུདཡོད་པ། མ་རིག་པའི་མུན་པའི་སྨག་ཆེན་ཀུན་ནས་འཐིབས་པ། མཐའ་མེད་པའི་སྲིད་པ་འཁོརབར་སྐྱེ་ཞིང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ།ཁྱབ་པ་འདུ་བྱེད་ཀྱི་སྡུགབསྔལ། དེ་ལྟའི་སྡུག་བསྔལ་གསུམ་གྱི་རྒྱུན་ཆད་མེད་པར་མནར་བ།མ་རྒན་སེམས་ཅན་དགནི་སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་མེད་པར་མ་ཟད། སྡུག་བསྔལ་གསུམ་སོགསསྡུག་བསྔལ་སྣ་ཚོགས་ཀྱིས་མནར་བཞིན་ཡོད་ལ། མ་རྒན་སེམས་ཅན་དག་ནི་འཁོར་བའི་ཐངདཀྱིལ་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་མིག་མེད་པར་མ་རིག་པའི་མུན་པ་ཀུན་ནས་འཐིབས་འདུག་ཡོད། ཐར་བར་བགྲོད་པ་ལ་ཚུལ་ཁྲིམས་དགོས་པར་མ་ཟད། མངོན་མཐོ་ལྷ་མིའི་གོའཕང་ཐོབ་པ་ལ་ཡང༌། ཚུལ་ཁྲིམས་ཡོད་དགོས་ཀྱང་མ་རྒན་སེམས་ཅན་དག་ལ་ཚུལ་ཁྲིམསབསྲུང་པའི་རྐང་བ་ཆད་འདུག་ཡོད་ན་ཏ་རང་གི་བུ་དེས་ངེས་པར་སྐྱོབས་དགོས། སེམས་ཅནདག་ནི་རང་གི་མ་རྒན་མ་གྱུར་བ་གཅིག་ཀྱང་མེད། དེས་ན་ངེས་པར་སྐྱབས་དགོས། མ་རྒནསེམས་ཅན་དག་གི་ངང་ཚུལ་ཤེས་པར་བྱས་ཏེ། སེམས་བསྐྱེད་པར་མཛོད་ཅིག་ཅེས་རྗེ་རིནཔོ་ཆེས་གསུངས་པ་རེད། སེམས་བསྐྱེད་ནི་གཙོ་བོ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་གྱིས་སེམས་བསྐྱེད་ཚུལ་དང༌། རྒྱལ་སྲས་ཞི་བ་ལྷས་གསུངས་པའིབདག་གཞན་མཉམ་བརྗེས་སེམས་བསྐྱེད་དང་ཚུལ་གཉིས་ཡོད་ལ། རྒྱུ་འབྲས་མན་ངག་བདུནགྱི་སྒོ་ནས་སེམས་བསྐྱེད་ཚུལ་ནི། ཚེ་རབས་ཐོག་མ་མེད་པ་ཡིན་པས་སེམས་ཅན་རེ་རེ་རངགི་མར་གྱུར་བ་གྲངས་མེད་ཡིན། དེ་དག་རང་གི་མར་གྱུར་བ་ཤེས་ན་ད་ལྟའི་ཕ་མ་ནང་བཞིནརང་ལ་དྲིན་ཆེ་བར་ཤེས་དགོས། རང་ལ་དྲིན་ཆེ་བར་ཤེས་ན་དྲིན་དེ་ངེས་པར་གཟོ་དགོས། དེནས་མ་རྒན་དེ་དག་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ་བསྐྱེད་པར་བྱས། མ་རྒན་དེ་དག་གི་སྡུག་བསྔལ་དེ་དག་བདག་གིས་བསྒྲལ་བརབྱའོ་སྙམ་པའི་གཞན་དོན་ཁུར་ཁྱེར་གྱི་བསམ་པ་བསྐྱེད་པར་བྱས། དེ་ལ་བརྟེན་ནས་རྫོགསཔའི་བྱང་ཆུབ་འདོད་འཐོབ་ཀྱི་བསམ་པ་བསྐྱེད་པར་བྱས་ནས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་པར་བྱ་དགོས། སྤྱིར་བྱང་ཆུབ་སེམས་བསྐྱེད་དགོས་པའི་རྒྱུ་མཚན་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་པས་ཡིན་ཏེ། དཔལ་མགོནའཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མ་རིན་ཆེན་འཕྲེང་བར། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ནི་སྒོམ་བྱེད་ན། །དེ་ཡི་བསོད་ནམས་ཕུང་པོ་འདི། །རྒྱལ་བ་ཡིས་ཀྱང་གྲངསམི་སྤྱོད། །ཅེས་སྐྱེས་བུ་གང་ཞིག་གིས་བྱང་ཆུབ་ཀྱི་སེམས་འདི་སྐད་ཅིག་ཙམ་ལ་སྒོམ་པར་བྱེདན་དེ་ཡི་བསོད་ནམས་ཀྱི་གྲངས་ནི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཚད་བརྗོདདུ་མེད་པར་གསུངས་པ་དང༌། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོདནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དགེ་བའི་འབྲས་བུ་ནི་གཟུགས་ཤིག་ཡིན་ན་ནམ་མཁའི་ཁམས་ཀུན་ནས་གང་བའི་གཟུགས་དེ་ལས་ཀྱང་ལྷག་པར་འགྱུར་བ་ཡིན་ཞེས་གསུངས་ལ། དེའི་རྒྱུ་མཚན་གྱིས། བྱང་ཆུབ་ཀྱི་སེམས་འདི་བསྐྱེདརྒྱུ་གལ་ཆེན་པོ་ཡིན། གཞན་ལ་ཕན་སེམས་ཙམ་བཟུང་བས་ཕན་ཡོན་བསམ་གྱིས་མི་ཁྱབཔ་ཡོད་ན། སེམས་ཅན་ཐམས་ཅད་ལ་ཕན་སེམས་བཟུང་ན་དེ་ལས་ཀྱང་ཕན་ཡོན་ཆེ་ཞེས་རྒྱལསྲས་ཞི་བ་ལྷས། ཕན་པར་བསམས་པ་ཙམ་གྱིས་ཀྱང༌། །སངས་རྒྱས་མཆོད་ལས་ཁྱད་འཕགསན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་གསུངསཔ་ལྟར། བྱང་ཆུབ་ཀྱི་སེམས་འདི་བསྐྱེད་ན་དགེ་བ་རླབས་ཆེན་པོ་དང༌། བསོད་ནམས་ཚད་མེདཔ་བསགས་འགྲོ། ང་ཚོས་སེམས་ཅན་གཅིག་ལ་ཡང་ཕན་སེམས་བསྐྱེད་པར་དཀའ་ན་གཞནསེམས་ཅན་ཐམས་ཅད་ལ་ཕན་སེམས་བསྐྱེད་པ་ནི་ཤིན་ཏུ་ཐོབ་དཀའ་བ་དང༌། རྙེད་དཀའབ་ཡིན་པར་རྒྱལ་སྲས་ཞི་བ་ལྷས། སྤྱོད་འཇུག་ལས། སེམས་ཅན་དེ་དག་ཉིད་ལ་སྔོན། །རངགི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཅེསགསུངས་སོ། །བྱང་ཆུབ་ཀྱི་སེམས་འདི་བསྐྱེད་ན་རང་ཉིད་རྒྱལ་བའི་སྲས་པོར་འགྱུར་ཐུབ་པདང༌། སྡིག་པ་མ་ལུས་པ་འཇོམས་ཐུབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། དེས་ན་རྣམཔ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་རྩ་ཆེན་དང་མཐོང་ཆེན་དུ་བརྩི་དགོས། སྤྱིར་མི་ཕན་སེམས་ཅན་དང་ལྷག་བསམ་ཅན་ནི་མི་ཁྱད་འཕགས་ཞིག་ཡིན་པ་དང༌། ཇོ་བོ་རྗེས་ཀྱང༌། ཡོན་ཏན་གྱི་མཆོག་ཕན་སེམས་ཆེ་བ་ཡིན་ཞེས་གསུངས་པ་ལྟར། ཕན་སེམས་ཅན་དང་ལྷགབསམ་ཅན་ཞིག་ཡིན་ན་མཁས་བཙུན་བཟང་གསུམ་གྱི་གྲལ་གྱི་བཟང་པོའི་ཡོན་ཏན་ཡང་གངལ་གང་འཚམས་ལྡན་པས་ན་ཕན་སེམས་དང་ལྷག་བསམ་ནི་གལ་ཆེན་ཡིན། ཕན་སེམས་དངལྷག་བསམ་ཡོད་ན་མི་ཁྱད་འཕགས་དང། མི་བྱས་རྗེས་ཅན། མི་སྣ་རླབས་ཆེན་དུ་འགྱུར་ཐུབལ། ཕན་སེམས་གང་ཡང་མེད་པར་རང་འདོད་ཁོ་ན་ཅན་ཡིན་ན་ཧམ་སེམས་ཀྱི་དབང་གིསགཞན་ལ་གནོད་འཚེ་དང་འཕྲོག་བཅོམ་བྱེད་བཞིན་ཡོད་པ་དེ་དག་ཐམས་ཅད་རང་གཅེས་འཛིན་ལས་བྱུང་བ་ཡིན། འཇིག་རྟེན་གྱི་སྡུག་བསྔལ་མཐའ་དག་རང་གཅེས་འཛིན་ལས་བྱུངབ་དང༌། བདེ་བ་མཐའ་དག་ཕན་སེམས་ཀྱི་དབང་གིས་བྱུང་བ་རེད། ལྷག་བསམ་ཅན་ཞིག་ཡིནན་རང་དོན་ཞར་ལ་འགྲུབ་ཐུབ། དེ་མིན་རང་དོན་རྐྱང་རྐྱང་ལ་བརྩོན་ན་བདག་འཛིན་གྱི་དབངགིས་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་འཁོར་བ་འཁྱམས་དགོས་ལ། འདི་དག་དང་ནི་ཡོངས་འབྲེལན། །ཉེས་པ་ཐམས་ཅད་ཐམས་ཅད་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་བདག་གཅེས་འཛིནགྱི་དབང་གིས་ཉེས་པ་ཐམས་ཅད་འབྱུང་བ་ཡིན། རང་ཉིད་ཡལ་བར་དོར་ནས་གཞན་ཕནབྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་བསྐྱེད་ཐུབ་པར། སྤྱོད་འཇུག་ལས།བྱང་ཆུབ་སེམས་བསྐྱེད་གྱུར་བའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་རབ་བརྗོད་ཅིང༌། །འཇིག་རྟེན་ལྷ་མི་བཅསཔའི་ཕྱག་བྱར་འགྱུར། །ཞེས་བྱང་ཆུབ་སེམས་རིན་པོ་ཆེ་འདི་རྒྱུད་ལ་སྐྱེས་ན་སྐད་ཅིག་དེ་ཉིདལ་རྒྱལ་སྲས་བྱང་ཆུབ་སེམས་དཔར་གྱུར་བའ་དང༌། མིང་གི་སྒོ་ནས་རྒྱལ་སྲས་བྱང་ཆུབ་སེམསདཔའ་ཞེས་མིང་ཐོབ་པ་དང༌། དོན་གྱི་སྒོ་ནས་འཇིག་རྟེན་ལྷ་མི་ཀུན་གྱི་ཕྱག་བྱར་འོས་པར་འགྱུར་བར་གསུངས་པ་སོགས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་མང་པོ་རྒྱལ་སྲས་ཞིབ་ལྷས་སྤྱོད་འཇུག་ལས་རྒྱས་པར་གསུངས་པ་ལྟར་ཤེས་དགོས། བྱང་ཆུབ་ཀྱི་སེམས་འདི་མ་བསྐྱེད་ན་ཆོས་སྒྲུབ་ལོ་ཐོས་ལོ་ཅི་ཙམ་བྱས་ཀྱང་ཐེག་ཆེན་གྱི་ཆོས་སུ་འགྱུར་མི་ཐུབ་ལ། ལྷགཏུ་བྱང་ཆུབ་ཀྱི་སེམས་འདི་མེད་ན་སྔགས་བླ་མེད་ཀྱི་བསྐྱེད་རིམ་དང་རྫོགས་རིམ་བསྒོམས་ནས་ཁ་གདང༌། མིག་ཅེར། གནོད་བྱེད་ཀྱི་དགྲ་ཞིག་ཡོད་པར་བསམ། ལུས་ངག་ཡིད་གསུམགང་གིས་ཀྱང་རྫིག་རྫིག་བྱས་ཏེ་བདག་འཛིན་མངོན་དུ་གྱུར་བར་བྱས་ན་མི་རུང༌། དེས་ན་བྱང་ཆུབ་ཀྱི་སེམས་འདི་ཡོད་ན་བསྐྱེད་རིམ་རྫོགས་རིམ་གང་བསྒོམས་ཀྱང་ཐེག་ཆེན་གྱི་ཆོསསུ་འགྱུར་ཐུབ། བྱང་ཆུབ་ཀྱི་སེམས་འདི་མེད་ན་བསྐྱེད་རིམ་རྫོགས་རིམ་སྒོམ་ཁུལ་ཅི་ལྟར་བྱསཀྱང་བདག་འཛིན་ཤུགས་ཇེ་ཆེར་འགྲོ་བ་ལས་བདག་འཛིན་གཅོད་བྱེད་དུ་འགྲོ་མི་ཐུབ། དེསན་བྱང་ཆུབ་ཀྱི་སེམས་འདི་ཤིན་ཏུ་གལ་ཆེ་བ་རེད། བྱང་ཆུབ་ཀྱི་སེམས་ནི། རྒྱལ་ཚབ་བྱམསཔ་མགོན་པོས། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དགརྫོགས་པའི་བྱང་ཆུབ་འདོད། །ཅེས་སེམས་བསྐྱེད་པ་ནི་གཞན་དོན་དུ་ཡང་དག་པར་རྫོགསཔའི་བྱང་ཆུབ་འཐོབ་པར་འདོད་པའི་བློ་ཞིག་ཡིན་པར་གསུངས་སོ། །སྐབས་འདིར་རྗེ་བདགཉིད་ཆེན་པོ་ཡབ་སྲས་ཀྱི་རང་ལུགས་ལ། རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུངཞིང༌། རང་གྲོགས་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམགྱི་གཞུང་ཤིང་དུ་གྱུར་བའི་ཆ་ནས་བཞག་པའི་གཙོ་བོའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ།ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པར་གསུངས་ལ། མདོར་ན་གཞན་དོན་དུ་རྫོགསབྱང་ཐོབ་འདོད་ཀྱི་བསམ་པ་ཞིག་ཡིན། རྫོགས་པའི་བྱང་ཆུབ་ཐོབ་པར་དམ་བཅས་པ་ཡིནན་ཡང༌། རྫོགས་པའི་བྱང་ཆུབ་འཐོབ་པར་དམ་བཅའ་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱིས་དོན་སྒྲུབ་མི་ནུས་པས། དམ་བཅའ་བ་ལྟར་རྫོགས་པའི་བྱང་ཆུབ་ཐོབ་བྱེད་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ཉམས་ལེན་ལ་བརྩོན་དགོས། དེ་ལྟར་བརྩོན་པ་གནང་ན་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་ཐུབ། རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་ན་གདུལབྱ་སྐལ་བ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཐའ་ཡས་པ་དང་སྣ་ཚོགས་སྒྲུབ་ནུས་ཤིང༌། སངས་རྒྱས་རྣམས་ཀྱིས་གདུལ་བྱ་དུས་ལས་ཡོལ་བ་མི་སྲིད་པའི་རྒྱུ་མཚན་དེས་ན། བྱང་ཆུབ་ཀྱི་སེམས་འདི་བསྐྱེད་པར་བྱ་དགོས་པ་རེད། དེ་ལ་བརྟེན་ནས་གཞན་ཕན་གྱིབྱ་བ་གང་ཞིག་བསྒྲུབས་ཀྱང་རླབས་ཆེན་དུ་འགྱུར་ཐུབ། བྱ་བ་གང་ཞིག་བསྒྲུབས་ཀྱང༌། ཐམསཅད་ལྟོས་གྲུབ་ཡིན་པས་མི་མང་པོ་ལ་བརྟེན་ནས་གྲུབ་དགོས། གཞན་གྱི་ཡང་དག་པའི་བྱ་བཞིག་སྒྲུབ་ཀྱིན་ཡོད་ན་དེ་ལ་བརྩི་བཀུར་བྱས། ཞབས་ཕྱི་བྱས། བསྙེན་བཀུར་བྱས། རྒྱབ་སྐྱོརགནང་ན་ཚུར་ལ་ཡང་བརྩི་མཐོང་དང་གུས་བཀུར་ཐོབ་པ་རེད། རྒྱུ་ཚོགས་པ་ལས་འབྲས་བུསྐྱེ་བ་ལྟར་རྒྱབ་སྐྱོར་ཐོབ་ན་བྱ་བ་རླབས་ཆེན་ཞིག་འགྲུབ་ཐུབ་པ་དང༌། མི་གཅིག་ལ་ཡང་མབརྟེན་པར་བྱ་བ་རླབས་ཆེན་དུ་འགྱུར་བ་མེད། སྤྱིར་ནང་པའི་ངོས་ནས་ཆོས་ཐམས་ཅད་རྟེནཅིང་འབྲེལ་འབྱུང་ཡིན་པར་གསུངས་པས་ཆོས་ཐམས་ཅད་གཅིག་གཅིག་ལ་བརྟེན་ནས་འབྱུངདགོས་པར་འདོད་ལ། དཔེར་ན། ང་ཚོའི་སློབ་གླིང་འདི་ལྟ་བུ་གྲུབ་པ་ལ་ཡང༌། བླ་མ་དགེ་བའིབཤེས་གཉེན། སློབ་མ། འགྲིག་ལམ་ཀུན་སྤྱོད་སོགས་ཆ་ཚང་ཚོགས་པ་ལ་བརྟེན་ནས་གྲུབདགོས་པ་ལྟར། བྱ་བ་རླབས་ཆེན་གང་བསྒྲུབས་ཀྱང་གཞན་ལ་བརྟེན་ནས་བསྒྲུབ་དགོས། དེསན་གཞན་ལ་ཕན་སེམས་དང་ལྷག་བསམ་བསྐྱེད་དགོས། འདིར་ཡང་བྱང་ཆུབ་ཀྱི་སེམས་བསྐྱེདཔར་མཛོད་ཅིག་ཅེས་གསུངས་པ་རེད། འདི་ཡན་དུ་ལམ་གཙོ་རྣམ་གསུམ་གྱི་ནང་ནས་ངེསའབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་གཉིས་ཞུས་ཟིན་པ་ཡིན། གསུམ་པ་ཡང་དག་པའི་ལྟ་བ་ལ་ལྔ་ལས་ཡང་དག་པའི་ལྟ་བ་བསྐྱེད་དགོས་པའི་རྒྱུ་མཚན་ནི། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གནས་ལུགས་རྟོགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མི་ལྡན་ན། ངེསའབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་ལ་གོམས་པར་བྱས་ཀྱང༌། སྲིད་པའི་རྩ་བ་ནི་བདགའཛིན་ཡིན་པས་དེ་གཅོད་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཞེན་ཡུལ་སུན་འབྱིནཔའི་སྒོ་ནས་སྤངས་དགོས་པ་ལས་བྱམས་པ་དང་སྙིང་རྗེ། ངེས་འབྱུང་གི་བསམ་པ། བྱང་ཆུབསེམས་སོགས་ཀྱིས་སྲིད་པའི་རྩ་བ་གཅོད་མི་ནུས་ལ། དེ་ཡང་ཚད་མ་རྣམ་འགྲེལ་ལས། བྱམསསོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་དང༌། རྗེ་ཐམསཅད་མཁྱེན་པ་ཏཱ་ར་ནཱ་ཐས། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལབ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་སོ། །དེས་ན་བདག་འཛིན་གྱི་ཞེན་ཡུལ་སུན་འབྱིནཔའི་སྒོ་ནས་སྲིད་པ་འཁོར་བ་ལས་ལྡོག་དགོས། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པ་ལྟརདད་པ་དང་ཤེས་རབ་གཉིས་ཀྱི་ནང་ནས་གཙོ་བོ་འཁོར་བའི་རྩ་བ་གཅོད་བྱེད་ནི་བདག་མེདརྟོགས་པའི་ཤེས་རབ་ཡིན་པ་དང༌། དེའི་སྔོན་དུ་དད་པ་འགྲོ་དགོས་པར་གསུངས་པ་དང༌།ཡང༌། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །ཞེས་གསུངས་པ་ལྟར་བདག་ལ་སྲེདཔའི་སྲེད་པ་དེ་དག་ཤེས་རབ་ལ་བརྟེན་ནས་གཅད་དགོས། ཐེག་པ་ཆེན་པོའི་དབང་དུ་བྱས་ན། ཕར་ཕྱིན་དང་པོ་ལྔ་ནི་ཕྱི་མ་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཡན་ལག་ཡིན། ཕྱི་མ་ཤེས་རབ་ཀྱིཕར་ཕྱིན་ནི་སྲིད་པ་འཁོར་བ་འདི་ལས་དངོས་སུ་གྲོལ་བྱེད་དང་ཐར་བྱེད་ཡིན་པ་དང༌། བདགའཛིན་དངོས་སུ་སྤོང་བྱེད། སྒྲིབ་པ་ལས་དངོས་སུ་གྲོལ་བྱེད་ཡིན་པའི་རྒྱུ་མཚན་གྱིས། རྒྱལ་སྲསཞི་བ་ལྷས་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པའི་ཤེས་རབ་དོན་དུགསུངས། །ཞེས་གསུངས་སོ། །དེས་ན་བདག་མེད་རྟོགས་པའི་ཤེས་རབ་ནི་ཧ་ཅང་གལ་ཆེནཔོ་རེད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བ་ལས། ཆོས་རྣམ་རབ་ཏུ་རྣམ་འབྱེདམེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་ཉོན་མོངས་པ་དེ་དག་སྤངས་པ་ལ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་མེད་ན་ཉོན་མོངས་དེ་དགཞི་བའི་ཐབས་མེད་ཅེས་གསུངས་ལ། ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་ལ་གོམསཔར་བྱས་ཀྱང་ཐབས་ཙམ་ལས་སྲིད་པ་དངོས་སུ་གཅོད་བྱེད་ཀྱི་ཤེས་རབ་མིན། དེས་ན་སྲིདཔའི་རྩ་བ་གཅོད་པར་མི་ནུས་པས་རྟེན་འབྱུང་སྟོང་བའི་དོན་དུ་སྒོམ་པ་དང་སྟོང་བ་རྟེན་འབྱུངགི་དོན་དུ་བསྒོམ་པར་བྱ་དགོས། རྟེན་འབྲེལ་ལ་བརྟེན་ནས་མཐའ་གཉིས་མ་ལུས་ཅིག་ཆརསེལ་བར། དཔལ་ལྡན་ཟླ་བས་ཀྱང༌། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲབ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་སོ། །དེ་ཡང་རི་བོ་དགེ་ལྡན་པའི་ལུགས་གཞིརབྱས་ན། རྟེན་འབྲེལ་ནི་རིགས་པའི་རྒྱལ་བོ་ཡིན། བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་མཐའདག་ཕུགས་གཏུག་ན་རྟེན་འབྲེལ་གྱི་རིགས་པ་འདི་ལ་བརྟེན་པ་ཡིན་ལ། དཔེར་ན། གཅིགདུ་བྲལ་གྱི་རིགས་པ་ལ་མཚོན་ན། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་མེད་དེ། བདེནགྲུབ་ཀྱི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར་ཞེས་བཀོད་ན། བདེན་གྲུབ་ཀྱི་གཅིགདུ་མ་གྲུབ་པ་ནི་ཆ་བཅས་ཡིན་པའི་ཕྱིར། རང་གི་ཆ་དུ་མ་ལ་ལྟོས་ནས་གྲུབ་པ་ཡིན་པས་བཤདཔ་རེད། མཐར་ཐུག་ན་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་ཐམས་ཅད་རྟེན་འབྲེལ་གྱི་རིགསཔ་ལ་རག་ལས་པས་རྟེན་འབྲེལ་གྱི་རིགས་པ་ནི་རིགས་པའི་རྒྱལ་པོར་ཡིན་པར་བཤད་པ་དང༌། རྗེ་བདག་ཉིད་ཆེན་པོའི་རྟེན་འབྲེལ་བསྟོད་པའི་སྐབས་ན་ཡང༌། རྟེན་འབྲེལ་དེ་རྩལ་འདོན་བྱསཏེ་གསུངས་བཞིན་ཡོད་ལ། ལྷག་ཏུ་རི་བོ་དགེ་ལྡན་པས་ཁྱད་ཆོས་རྩལ་འདོན་བྱས་ནས་གསུངབཞིན་ཡོད། དེས་ན་སྣང་སྟོང་ཟུང་འཇུག་གི་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད་ཅེས་གསུངས་སོ། །མདོར་ན། སྐབས་འདིར་ཡང་དག་པའི་ལྟ་བ་བསྐྱེད་དགོས་པའི་རྒྱུ་མཚན་ནི། ཡང་དག་པའི་ལྟ་བ་རྒྱུད་ལ་མ་བསྐྱེད་ན་སྲིད་པ་འཁོར་བའི་རྩ་བ་གཅོད་མི་ཐུབ་པས་ཡང་དགཔའི་ལྟ་བ་བསྐྱེད་དགོས་པར་གསུངས་པ་རེད། དེ་རིང་འདིར་མཚམས་འཇོག་གི་ཡིན། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང༌། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །ཞེས་ཡང་དག་པའི་ལྟ་བ་ལ་ལྔ་ལས་དང་པོ་ཡང་དག་པའི་ལྟ་བ་བསྐྱེད་དགོས་པའི་རྒྱུམཚན་ནི་ཁ་སང་ཞུས་ཟིན། དེ་རིང་འདིར་གཉིས་པ་ཡང་དག་པའི་ལྟ་བ་གཏན་ལ་འབེབས་ཚུལ་འཆད་པ་ལ། ཡང་དག་པའི་ལྟ་བ་གཏན་ལ་འབེབས་བྱེད་དམ་འཁོར་འདས་ཀྱི་ཆོས་ཐམསཅད་བདེན་པ་མེད་པར་ཤེས་བྱེད་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། བདེན་པར་དམིགས་པའི་བདེན་འཛིན་གྱིས་བཟུང་བ་ལྟར་ཞིག་པའམ་མ་གྲུབ་སྟེ། རྒྱུའབྲས་ནམ་ཡང་བསླུ་བ་མེད་པ་ཡིན་པའི་ཕྱིར་ཞེས་འགོད་པའམ་ཡང་ན་རྟེན་འབྲེལ་ཡིན་པའིཕྱིར་ཞེས་འགོད་པར་མཁས་པ་ཚོས་གསུངས་འདུག རི་བོ་དགེ་ལྡན་པའི་རང་ལུགས་ལ་རྟེནའབྲེལ་ནི་བདེན་མེད་སྒྲུབ་བྱེད་རིགས་པའི་རྒྱལ་བོ་ཡིན་པ་ཁ་སང་ཞུས་ཟིན་པ་ལྟར་རེད། དཔལལྡན་ཟླ་བས་ཀྱང༌། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོདཔར་བྱེད། །ཅེས་གསུངས་པ་ལྟར་རྟེན་འབྲེལ་ནི་ཆོས་ཐམས་ཅད་བདེན་མེད་སྒྲུབ་བྱེད་ཀྱི་རིགསཔ་ཐམས་ཅད་ཀྱི་རྒྱལ་བོ་ཡིན། བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་མཐར་ཐུག་ན་རྟེནའབྲེལ་གྱི་རིགས་པ་ལས་མ་འདས་པར་འདོད་དོ། །རི་བོ་དགེ་ལྡན་པའི་རང་ལུགས་ལ། རྟེནཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་གཞི་གྲུབ་ན་རྟེན་འབྲེལ་ཡིནཔས་ཁྱབ་པར་ཞལ་གྱིས་བཞེས་པ་དང༌། དངོས་སྨྲ་བ་རྣམས་ཀྱིས་རྟེན་འབྲེལ་ནི་རྒྱུ་དང་རྐྱེནགྱིས་བྱས་པར་འདོད་པ་དང༌། རང་རྒྱུད་པས་རང་ཉིད་ཆ་ཤས་ལ་ལྟོས་ནས་གྲུབ་པ་རྟེན་འབྲེལདུ་འདོད་པ་དང༌། གཅིག་དུ་བྲལ་གྱིས་བདེན་མེད་སྒྲུབ་ན་བདེན་པའི་གཅིག་དང་དུ་མ་གངདུ་ཡང་མ་གྲུབ་པའི་ཕྱིར་ཞེས་འགོད་པ་ན། བདེན་པའི་གཅིག་དུ་མ་གྲུབ་པ་ནི་ཆ་བཅས་ཡིནཔའི་རྒྱུ་མཚན་གྱིས་སྒྲུབ་ལ། དེས་ན་མཐར་ཐུག་ན་ལྟོས་གྲུབ་དང་རྟེན་འབྲེལ་ལ་ཐུག་པར་འདོད། དཔལ་ལྡན་ཟླ་བའི་ཐུན་མིན་གྱི་རྟེན་འབྲེལ་འདོད་ཚུལ་ནི། རང་གི་གདགས་གཞི་ལལྟོས་ནས་གྲུབ་པའི་རྟེན་འབྲེལ་དང༌། ཐ་སྙད་ལ་ལྟོས་ནས་གྲུབ་པའི་རྟེན་འབྲེལ། མིང་དངབརྡས་ཕར་བཞག་ནས་གྲུབ་དགོས་པའི་རྟེན་འབྲེལ་དག་འདོད་ལ། དེ་དག་ལ་ལྟོས་ནས་གྲུབཚུལ་ནི་རྟེན་འབྲེལ་གྱི་གནད་ཕྲ་མོ་ཞིག་ཡིན་པར་རི་བོ་དགེ་ལྡན་པའི་རང་ལུགས་གཞིར་བཞགལ་དེ་ལྟར་འཇོག་པ་རེད། རི་བོ་དགེ་ལྡན་པའི་རང་ལུགས་ལ་ཆོས་གང་དང་གང་ཡིན་ཀྱང་རྣམཔར་རྟོག་པས་བཏགས་པ་ལ་མིང་ཙམ་གྱིས་ཕར་བཞག་པ་ཙམ་ཡིན་པར་འདོད། དེས་ན་འདིརཡང་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་འགོད་པའམ་ཡང་ན་སྣང་བ་རྟེན་འབྲེལ་བསླུ་བ་མེད་པཡིན་པའི་ཕྱིར་ཞེས་འགོད་འདུག སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་ནི་དགག་གྱིན་མེད། སྣངསྟོང་ཟུང་འཇུག་དགོས། གང་ལ་སྟོང་བ་ཉིད་རུང་ན། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེསདཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་གང་ལ་བདེན་གྲུབ་བམ་རང་བཞིནགྱིས་མེད་པར་གྲུབ་པས་སྟོང་བ་ཡིན་ན་དེ་ལ་ཐམས་ཅད་རུང་བ་ཡིན། དེ་མ་གཏོགས་སྟོང་ཉིད་ཡིན་ན་སྣང་བ་ཀུན་རྫོབ་བདེན་པ་དགག་དགོས་པ་དང་མེད་དགོས་པར་རྗེ་ཡབ་སྲས་ཀྱིས་འདོད་ཀྱིན་མི་འདུག རྗེ་བདག་ཉིད་ཆེན་པོའི་རྟེན་འབྲེལ་བསྟོད་པ་ལས། རང་བཞིན་གྱིསནི་སྟོང་བ་དང༌། །བྱ་བྱེད་འཐད་པའང་མི་འགལ་ཞིང༌། །ཞེས་རང་བཞིན་གྱིས་སྟོང་བ་དང་བྱབྱེད་འཐད་པ་གཉིས་མི་འགལ་ཞེས་གསུངས། དེ་ལྟར་གསུངས་པ་ཡང་དཔལ་མགོན་འཕགསཔ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས་ཀྱི་དགོངས་དོན་གཞིར་བྱས་ནས་གསུངས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་ལ་སྟོང་བ་ཉིད་རུང་ན། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེསགསུངས་པ་ལས་མི་རུང་ཞེས་མ་གསུངས། འགའ་ཞིག་གིས་སྣང་སྟོང་ཕྱོགས་རེ་བ་དང་སོ་སོབཟུང་པའི་དབང་གིས་གང་ཞིག་རང་བཞིན་གྱིས་གྲུབ་པས་སྟོང་བ་ན་ལས་རྒྱུ་འབྲས་ཡང་མིརུང་བར་མེད་པར་འཛིན་འགྲོ་བ་རེད། ཡིན་ན་ཡང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིསདེ་མི་རུང་བ་དང་མེད་པ་ཡིན་ཞེས་མ་གསུངས་པ་དང༌། དངོས་སྨྲ་བའི་ལུགས་ལ་རང་བཞིནགྱིས་མེད་ན་མེད་པར་འདོད་པ་ཡོད། ཕར་ཕྱིན་དང་དབུ་མའི་གཞུང་ལུགས་མང་པོའི་སྐབསདངོས་སྨྲ་བ་དང་རྩོད་པ་འོང་བ་ན། དངོས་སྨྲ་བ་དེ་དག་གིས། ལས་རྒྱུ་འབྲས་ཆོས་ཅན། མེདཔར་ཐལ། རང་བཞིན་གྱིས་མེད་པའི་ཕྱིར་ཞེས་འགོད་པ་ན། རང་ལུགས་ཀྱིས་རང་བཞིན་གྱིསམེད་ན་མེད་པས་མ་ཁྱབ་ཅེས་ལན་གནང་བ་དང༌། དབུ་མ་རྩ་ཤེས་ཀྱི་ཚིག་ཟིན་གཞིར་བཞགལ། སྟོང་བ་ཉིད་ཡིན་ན་འཕགས་པའི་བདེན་པ་བཞི་མེད་པར་ཐལ་ཞེས་དངོས་སྨྲ་བ་དེ་དགདབུ་མ་པ་ལ་རྩོད་པ་འགོད་པ་ན་དབུ་མ་པས་གང་ལ་སྟོང་བ་ཉིད་རུང་ན། དེ་ལ་ཐམས་ཅད་རུང་ལ། གལ་ཏེ་སྟོང་བ་མ་ཡིན་ན་འབྱུང་བ་དང་འཇིག་པ་སོགས་ཀྱང་མི་འཐད་པར་འགྱུརརོ། །དེར་མ་འཐད་ན་འཕགས་པའི་བདེན་བཞི་མེད་པར་ཐལ་ལོ་ཞེས་དཔལ་མགོན་འཕགསཔ་ཀླུ་སྒྲུབ་ཀྱིས། གལ་ཏེ་འདི་དག་ཀུན་སྟོང་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་སྐྱོན་བཏངབར་ཤེས་དགོས། གལ་ཏེ་མི་སྟོང་བ་ཡིན་ན་གཅིག་གིས་གཅིག་ལ་མ་ལྟོས་པར་འགྱུར་ལ་དེཡང་དཔལ་ལྡན་ཟླ་བའི་དབུ་མ་བཞི་བརྒྱ་བའི་འགྲེལ་བ་ལས། དེ་ལ་བདག་ཅེས་བྱ་བ་ནི་གངཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །ཞེས་གཞན་ལ་རག་མ་ལས་པའི་རང་བཞིན་གྱིས་གྲུབ་པ་ནི་བརྟག་པ་མཐར་བཟུངགི་ཆོས་བདག་ཏུ་གྲུབ་པའི་ཚད་དང༌། རང་བཞིན་དེ་འདྲ་མེད་པ་ནི་བདག་མེད་པ་ཡིན་ཞེསགསུངས་ལ། རྟེན་འབྲེལ་ནི་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་ཡིན་ན་ཡང༌། རྟེན་འབྲེལ་ཤེསཔ་ཙམ་གྱིས་བདེན་མེད་རྟོགས་མི་ཐུབ། དེ་མ་ཐུབ་ན་རྟེན་འབྲེལ་རྟོགས་པས་བདེན་པར་གྲུབཔའི་རྟག་མཐའ་དང་གཏན་ནས་མེད་པའི་ཆད་མཐའ་གཉིས་ཅིག་ཆར་སེལ་མི་ནུས་ལ། དེ་སེལ་མ་ནུས་ན་རྟེན་འབྲེལ་གྱི་རིགས་པ་འདི་རིགས་པ་གཞན་དག་དང་མཚུངས་པར་འགྱུརབ་དང༌། བརྟེན་ནས་གྲུབ་པར་རྟོགས་པ་ལ་མ་བརྟེན་པར་གྲུབ་པ་ཁེགས་དགོས་ལ། མ་ལྟོསཔར་གྲུབ་པ་ཁེགས་ན་བདེན་པར་གྲུབ་པ་ཁེགས་དགོས་མིན། གལ་སྲིད་དེ་ཁེགས་དགོས་ན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་འགོད་པ་ན་ཕྱོགས་ཆོས་གྲུབ་ན་བསྒྲུབབྱ་གྲུབ་པར་ཐལ་འགྲོ་མིན། དེ་ལྟར་དཔྱད་པ་གནང་ཡང་ཆོག ཡིན་ན་ཡང༌། སྐབས་འདིརདཔྱད་པའི་རིགས་མ་འགོད་ན་ཆོག་གི་འདུག ཚིག་དོན་མདོར་བསྡུས་ཙམ་ཞུས་ན་འགྲིག་འདུག སྟོང་ཉིད་རྟོགས་པ་ན་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས་པ་ཡིན་ཞེས་གསུངས་ལ། དེ་ཡངསྐབས་འདིར་རི་བོ་དགེ་ལྡན་པའི་ལུགས་གཞིར་བྱས་པ་ལ། ཉན་ཐོས་ཀྱི་ཐར་བ་ཐོབ་པ་ལཡང་སྟོང་ཉིད་རྟོགས་དགོས་པར་མ་ཟད། ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེདཀྱང་རྟོགས་དགོས།གང་ཟག་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་སྟོང་གཞིའི་སྒོ་ནསསོ་སོར་བཤད་པ་ལས་དགག་བྱ་ལ་ཕྲ་རགས་མེད། གང་ཟག་རང་བཞིན་གྱིས་གྲུབ་པས་སྟོངབ་ནི་གང་ཟག་གི་བདག་མེད་ཕྲ་མོ་དང༌། གང་ཟག་ལས་གཞན་པའི་ཕུང་སོགས་དག་རང་བཞིནགྱིས་གྲུབསར་སྟོང་བ་ནི་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན། ཉན་རང་གི་ཐར་བ་ཐོབ་པ་ལ་ཡངདེ་གཉིས་རྟོགས་དགོས་པར་དཔལ་ལྡན་ཟླ་བ་གྲགས་པས། འཇུག་པ་རང་འགྲེལ་དུ་རིགསཔ་གསུམ་དང་ལུང་དགུའི་སྒོ་ནས་ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པར་གསུངས་པ་རེད། དེས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཉན་ཐོས་དང་རང་རྒྱལ་ཐེག་ཆེན་ཐམས་ཅད་ཀྱིས་རྟོགས་དགོས་པར་གསུངས༌། དེས་ན་རྒྱལ་བ་དགྱེས་པའི་ལམལ་ཞུགས་ཞེས་གསུངས་པ་རེད། དེ་ཡན་དུ་ཡང་དག་པའི་ལྟ་བ་གཏན་ལ་འབེབས་ཚུལ་སོང་ཟིན། གསུམ་པ་ཡང་དག་པའི་ལྟ་བའི་གོལ་ས་ནི། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་སྣང་བ་རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་དང་སྟོང་བ་ཁས་ལེན་བྲལ་བ་ཞེསཔའི་ཁས་ལེན་བྲལ་བ་ནི་རང་བཞིན་དུ་གྲུབ་པའི་ཁས་ལེན་དང་བྲལ་བའི་གོ་བ་ལ་སྦྱར་ཏེ། དེ་ཡང་རྗེའི་རྗེས་འབྲང་གི་མཁས་པ་ཚོས་ཁས་ལེན་དང་བྲལ་ཞེས་གསུངས་པ་ནི་རང་བཞིནགྱིས་གྲུབ་པའི་ཁས་ལེན་མེད་ཅེས་སྦྱར་འདུག རྩོད་བཟློག་སོགས་ཀྱི་སྐབས་ན། གལ་ཏེ་ངསདམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་ཡོད་དེ། །ང་ལ་དམ་བཅའ་མེད་པས་ན། །ང་ནིསྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ང་ལ་རང་བཞིན་གྱིས་གྲུབ་པའི་དམ་བཅའ་མེདཔས་ང་ནི་སྐྱོན་མེད་པ་ཁོ་ན་ཡིན་པར་གསུངས་སོ། །ཇི་སྲིད་དུ་གཞི་གཅིག་གི་སྟེང་དུ་བུམ་པལྟ་བུ་བདེན་པར་མེད་པ་དང་སྣང་བ་ཀུན་རྫོབ་སྒྱུ་མ་ལྟ་བུ་སྣང་ཙམ་དུ་ཡོད་པ་གཉིས་སོ་སོརམ་གཏོགས་པར་གཞི་གཅིག་གི་སྟེང་དུ་སྣང་སྟོང་ཟུང་འཇུག་མ་རྟོགས་པར་སོ་སོར་སྣང་བ་དེསྲིད་དུ། ཐུབ་པའི་དགོངས་པ་གནས་ལུགས་མཐར་ཐུག་རྟོགས་པ་མེད་ཅེས་གསུངས་པས་འདིརཡང་དག་པའི་ལྟ་བའི་གོལ་ས་མི་མཐུན་ཕྱོགས་ངོས་བཟུང་བ་རེད། རྗེ་ཡབ་སྲས་ཀྱི་རང་ལུགསལ་བདེན་གཉིས་ངོ་བོ་གཅིག་པ་ཡིན་པར་གསུངས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིསསྟོང་པ་ནི་དོན་དམ་བདེན་པ་དང༌།ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟར་ཡོད་པ་ནི་ཀུན་རྫོབབདེན་པ་ཡིན། དེ་གཉིས་གཞི་གཅིག་ཏུ་ཆོས་ཐམས་ཅད་ལ་ངོ་བོ་གཉིས་རེ་ལྡན་པའི་ཆ་ནསབདེན་གཉིས་ངོ་བོ་གཅིག་ཡིན་པར་འདོད། འདིར་གསུངས་པ་ལྟར་ཁ་ཅིག་གིས་སྟོང་བ་ཡིནཔ་ལ་སྣང་བ་རྟེན་འབྲེལ་མི་འཐད་པར་འཛིན་པ་དང༌། ཀུན་རྫོབ་ཀྱང་མེད་པར་འདོད་དེ་སོསོར་སྣང་བ་དེ་སྲིད་དུ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་རྟོགས་པ་མེད་པརགསུངས་པ་རེད། བདེན་པར་མེད་པར་རྟོགས་ན་དེའི་ལྟ་བ་ནི་དབུ་མའི་ལྟ་བ་ཡིན་ལ། དབུམའི་ལྟ་བ་ནི། རྟག་ཆད་ཀྱི་མཐའ་གཉིས་ལས་གྲོལ་དགོས། རྟག་ཆད་གཉིས་ལས་གྲོལ་ནབདེན་པར་གྲུབ་པར་འཛིན་པའི་རྟག་མཐའ་སེལ་བར་མ་ཟད། བདེན་མེད་དངོས་སུ་རྟོགསཔའི་བློ་དེའི་མཇུག་དེ་མ་ཐག་ཏུ་སྟོབས་ཤུགས་ཀྱིས་བདེན་མེད་སྒྱུ་མ་ལྟར་རྟོགས་ནུས་ལ། དེནུས་ན་འདིར་གསུངས་པའི་སྟོང་བའམ་གནས་ལུགས་མཐར་ཐུག་རྟོགས་པ་ཡིན། དེ་མིནསྣང་བ་རྟེན་ཅིང་འབྲེལ་འབྱུང་མེད་ཅེས་སྨྲ་ན་ཆད་མཐར་ལྟུང་ངེས་པ་ཡིན་ལ། རྗེ་རིན་པོ་ཆེའིལམ་རིམ་ཆེན་མོ་དང༌། དབུ་མའི་གཞུང་ལུགས་མང་པོར་མ་དྲོས་པས་ཞུས་པའི་མདོ་དྲངས་ནས་རྟེན་འབྲེལ་གྱི་རྣམ་བཞག་གསུངས་ཏེ། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེནལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེསྟོང་བར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང༌།མདོ་སྡེ་ལང་ཀརགཤེགས་པ་ལས། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེསཔའོ་ཞེས་རྒྱས་པར་གསུངས་སོ། །ཞེས་ཁོང་གིས་ཤེར་མདོ་སོགས་ལས་མ་སྐྱེས་པ། མ་འགགསཔ། བཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་གསུངས་པ་ནིརང་བཞིན་གྱིས་མ་སྐྱེས་པར་གསུངས་པ་ལས་སྤྱིར་མ་སྐྱེས་པ་ཡིན་ཞེས་གསུངས་པ་ནི་མིན་ནོ། །དེས་ན་སྐྱེ་བ་ནི་དགག་བྱ་མ་ཡིན་པར་ཤེས་དགོས། ཡང་བོད་སྔ་མ་ཁ་ཤས་ཀྱིས་ཐ་སྙདདུ་ཀུན་རྫོབ་འཇོག་པར་མི་འཐད་ལ་ཐ་སྙད་དུ་ཡང་ཚད་མས་མ་གྲུབ་ཅེས་གསུངས་ལ། ཐ་སྙདདུ་ཚད་མས་མ་གྲུབ་པའི་རྒྱུ་མཚན་ནི། ཏིང་འཛིན་རྒྱལ་བོའི་མདོ་སོགས་དྲངས་ནས། མིག་དངརྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདིདག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་སོ་སོའི་སྐྱེ་བོའི་མིག་རྣ་སྣ་བ་ལྕེ་སོགས་ཚད་མ་མིན་པ་ཚིག་ཟིན་ལ་གསུངས་པའི་སྒོ་ནས་ཐ་སྙད་དུ་ཚད་མས་མ་གྲུབཔར་སྒྲུབ་པ་རེད། ཡིན་ན་ཡང༌། ལུང་དེའི་སྐབས་ལ་གནས་ལུགས་གཏན་ལ་འབེབས་པའིསྐབས་ཡིན་པས། དབུ་མ་འཇུག་པ་རྩ་འགྲེལ་སོགས་ལས་མདོའི་ཚིག་ཟིན་ལ་ཚད་མ་མིན་ཞེས་གསུངས་པའི་དགོངས་པ་ནི་གནས་ལུགས་ལ་ཚད་མ་མིན་ཞེས་སྦྱར་ནས་གསུངས་འདུག སོ་སོ་སྐྱེ་བོའི་མིག་རྣ་བ་སྣ་ལྕེ་སོགས་ནི་གནས་ལུགས་འཇོག་བྱེད་ཀྱི་ཚད་མ་མིན། གནས་ལུགསའཇོག་བྱེད་ཀྱི་ཚད་མ་གཙོ་བོ་འཕགས་པའི་ཚད་མ་དགོས་པར་གསུངས་ཤིང༌། གལ་སྲིད་དེམིན་ན་དེའི་མཇུག་ཏུ་འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ་ཞེས་ཐལ་བ་འཕངས་པར་དགོསཔ་མེད་པ་ཡིན་པ་རེད། དེ་མ་གཏོགས་བུམ་པ་དང་ཀ་བ་མེད་པའི་དབང་གིས་སོ་སོའི་སྐྱེ་བོའིམིག་རྣ་སོགས་ཚད་མ་མིན་ཞེས་གསུངས་པ་མ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིསབྱང་ཆུབ་སེམས་འགྲེལ་ལས། ཆོས་འདི་རྣམས་ནི་སྟོང་ཤེས་ནས། །ལས་དང་འབྲས་བུ་བསྟེནཔ་གང༌། །ངོ་མཚར་ལས་ཀྱང་ངོ་མཚར་ཞིང༌། །རྨད་བྱུང་ལས་ཀྱང་རྨད་བྱུང་ངོ༌། །ཞེས་དང༌། རྒྱལ་སྲས་ཞི་བ་ལྷས། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདི་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཉིད། །ཅེས་ཅི་ལྟར་མཐོང་བ་དང་ཐོས་པ་ཤེས་པ་སྣང་བ་དག་ནི་དགག་པར་བྱ་བ་མིན་ལ། དགག་པར་བྱ་བ་ནི་སྡུག་བསྔལགྱི་རྒྱུར་གྱུར་པ་བདེན་པར་འཛིན་པའི་བདེན་འཛིན་དག་དགག་བྱ་ཡིན་ཞེས་གསུངས་སོ། །དེས་ན་སྐབས་འདིར་རྗེ་ཡབ་སྲས་རང་ལུགས་ལ་བདེན་པར་གྲུབ་ཚུལ་ནི། སྤྱིར་ཆོས་ཐམསཅད་རྣམ་པར་རྟོག་པས་བཞག་པ་ཙམ་ཡིན་པ་དང༌། རྣམ་པར་རྟོག་པའི་སྒོ་ནས་འཇོག་ཚུལལེགས་པར་ཤེས་ན་དེའི་ལྡོག་ཕྱོགས་ནི་བདེན་པར་གྲུབ་པའི་ཚད་ཡིན་ཞེས་འཇུག་ཊིཀ་དགོངསཔ་རབ་གསལ་ལས་གསུངས་ཏེ། ཇི་སྐད་དུ། ལུགས་འདི་ལ་ཆོས་རྣམས་རྟོག་པའི་དབང་གིསབཞག་པ་ཙམ་གྱི་འཇོག་ཚུལ་ཤེས་ན། དེ་ལས་བཟློག་སྟེ་འཛིན་པའི་བདེན་འཛིན་བདེ་བླགཏུ་ཤེས་པར་འགྱུར་བས། འདི་ལ་གཉིས། ཆོས་རྣམས་རྟོག་པའི་དབང་གིས་འཇོག་ཚུལ་དང༌། དེ་ལས་བཟློག་སྟེ་འཛིན་པའི་བདེན་འཛིན་བསྟན་པའོ། །དང་པོ་ནི། ཉེ་བར་འཁོར་གྱིས་ཞུསཔ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོངབ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམས་བརྟགས་ཏེ། །ཞེས་ཆོས་རྣམས་རྟོག་པའི་དབང་གིསབཞག་པར་གསུངས་ཏེ། ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དང་རྟོག་པའི་དབང་གིསབཞག་པར་གསུངས་པ་གཞན་ཡང་མང་ངོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཡི་ཕྱིར་ན་འཇིག་རྟེནའདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཅེས་གསུངས་པའི་དོན་འགྲེལ་པར་འཇིག་རྟེནརྣམས་རང་གི་ངོ་བོས་མ་གྲུབ་པ་རྟོག་པས་བཏགས་པ་ཙམ་དུ་བཤད་ཅིང། སུམ་བརྒྱ་པ་ལསཀྱང༌།རྟོག་པ་མེད་པར་འདོད་ཆགས་ལ། །སོགས་ལ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོནདང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་ལསཀྱང༌། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི། གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པརངེས་སོ། །ཞེས་གསུངས་ཏེ་ཡང་དག་དོན་ནི་རང་གི་ངོ་བོས་གྲུབ་པའོ། །རྟག་པ་ནི་དེ་ལ་བལྟོསཏེ་སྐྱེ་བའོ། །འགྲེལ་པ་དེར་ཆགས་སོགས་རྣམས་ཐག་པ་ལ་སྦྲུལ་དུ་བཏགས་པ་ལྟར་གསུངསཔ་ནི་མཚོན་པ་ཙམ་སྟེ། ཆོས་གཞན་ཐམས་ཅད་ཀྱང་ཐག་པ་ལ་སྦྲུལ་དུ་བཏགས་པ་ལྟར་རྟོགཔས་བཞག་པར་འཆད་པའོ། །དེ་ལ་ཁྲ་བོའི་མདོག་དང་འཁྱིལ་ལུགས་སྦྲུལ་དང་འདྲ་ཞིང༌།ཡུལ་མི་གསལ་བར་སྣང་བ་ན་ཐག་པ་ལ་འདི་སྦྲུལ་ལོ་སྙམ་པ་འབྱུང་ངོ༌། །དེའི་ཚེ་ཐག་པ་ལཐག་པའི་ཚོགས་པ་དང་ཆ་ཤས་སྦྲུལ་གྱི་མཚན་གཞིར་འཇོག་རྒྱུ་ཅུང་ཟད་ཀྱང་མེད་པས། དེའིསྦྲུལ་ནི་རྟོག་པས་བཏགས་པ་ཙམ་མོ། །དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པ་འབྱུངབ་ན། ཕུང་པོའི་སྟེང་ནས་སྔ་ཕྱིའི་རྒྱུན་གྱི་ཚོགས་པ་དང། དུས་གཅིག་པའི་ཚོགས་པ་དང་དེའིཆ་ཤས་དེའི་མཚན་གཞིར་འཇོག་རྒྱུ་ཅུང་ཟད་ཀྱང་མེད་དེ་རྒྱས་པར་འོག་ནས་འཆད་དོ། །དེའིཕྱིར་དང་ཕུང་པོའི་ཆ་དང་ཆ་ཅན་ལས་ངོ་བོ་ཐ་དད་པའི་དེའི་གཞིར་འཛིན་རྒྱུ་ཡང་ཅུང་ཟད་ཀྱང་མེད་པས། ང་དེ་ནི་རྟོག་པས་ཕུང་པོ་ལ་བརྟེན་ནས་བཞག་པ་ཙམ་ཡིན་གྱི། རང་གི་ངོ་བོསགྲུབ་པ་མེད་དོ། །འདི་ནི་རིན་ཆེན་འཕྲེང་བ་ལས་ཀྱང་གསུངས་ཏེ། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེསབུ་གང། །ཞེས་སོ། །དེ་ལ་སྐྱེས་བུ་ནི་གང་ཟག་དང་སེམས་ཅན་དང་ང་དང་བདག་གོ། །ས་མིན་ནས་རྣམ་ཤེས་མ་ཡིན་པའི་བར་གྱིས་སེམས་ཅན་གྱི་ཁམས་དྲུག་གི་ཆ་ཤས་དང། ཀུན་མིན་གྱིས་ཁམས་ཀྱི་ཚོགས་པ་གང་ཡང་གང་ཟག་ཏུ་འཇོག་པ་བཀག་གོ། ཞེས་གསུངས་པ་ལྟརགལ་སྲིད་རྣམ་པར་རྟོག་པས་བཞག་པ་མ་ཡིན་པའི་ཆོས་ཤིག་གྲུབ་ན་བདེན་གྲུབ་ཀྱི་ཚད་ནི་དེ་ཡིན། དེས་ན་རྗེ་བདག་ཉིད་ཆེན་པོའི་རང་ལུགས་ལ་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པསབཞག་ཙམ་ཡིན། རྣམ་པར་རྟོག་པའི་དབང་གིས་འཇོག་ཚུལ་ལེགས་པར་ཤེས་ན་མིང་དང་བརྡསཕར་བཞག་ཙམ་གྱི་ལྡོག་ཟླ་ནི་བདེན་པར་གྲུབ་པའི་ཚད་ཡིན། རྗེ་ཡབ་སྲས་རང་ལུགས་ལགཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མིང་དང་བརྡས་བཞག་པ་ཙམ་ལས་གདགསགཞིའི་ངོས་ནས་ཚུར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད། གདགས་གཞིའི་ངོས་ནས་གདགསཆོས་གྲུབ་པ་མེད༌། དཔལ་ལྡན་ཟླ་བའི་འཇུག་པ་རང་འགྲེལ་ལས། གང་ཞིག་ལ་བརྟེན་ནསགང་བཏགས་པ་དེ་ནི། བཏགས་པར་ཉེ་བར་ལེན་པའི་ཡན་ལག་ཚོགས་པ་ཙམ་མ་ཡིན་ཏེ། དེལ་བརྟེན་ནས་བཏགས་པའི་ཕྱིར་འབྱུང་བ་ལས་གྱུར་བ་བཞིན་ནོ། །ཞེས་གསུངས་པ་ལྟར་གདགས་གཞི་ནི་སྣང་ཙམ་གཏགས་ཙམ་གྱིས་འཇོག་ལ། དཔེར་ན། ཐག་པ་ཁྲ་བོ་སྦྲུལ་དུ་སྣངབ་ན། ཐག་པའི་སྟེང་དུ་ཁྲ་བོ་ཡིན་པ་ཙམ་གྱིས་ཐག་པ་སྦྲུལ་ལོ་སྙམ་དུ་སྣང་བ་ལས་ཐག་པའིངོས་ནས་ཆ་གང་ཡང་སྦྲུལ་དུ་ཅུང་ཟད་ཀྱང་གྲུབ་པ་མེད། ཐག་པ་དེ་སྦྲུལ་ལོ་སྙམ་དུ་འཛིན་པ་ཙམ་ཡིན། དེས་ན་ཆོས་གང་དང་གང་ཡིན་ཀྱང༌། སྣང་ཙམ་བཏགས་ཙམ་གྱིས་བཞག་པ་ཙམལས་རང་གི་གདགས་གཞིའི་ངོས་ནས་ཚུར་ཅུང་ཟད་ཀྱང་གྲུབ་པ་མེད། སྒྱུ་མ་མཁན་ཞིག་གིསསྒྱུ་མ་སྤྲུལ་ན། སྒྱུ་མའི་རྟ་གླང་དེ་སྒྱུ་མའི་རྟ་གླང་ཡིན་པར་མ་ཤེས་ན་སྣང་ཞེན་གཉིས་ཀ་ཡོདཔ་ལྟར། སོ་སོའི་སྐྱེ་བོ་བདེན་མེད་མ་རྟོགས་པའི་གང་ཟག་ལ་ཆོས་གང་སྣང་ཡང༌། སྣང་བྱའིངོས་ནས་ཚུགས་ཐུབ་རང་སྐྱ་ཐུབ་པ་ལྟ་བུར་སྣང་བ་དང་འཛིན་པ་གཉིས་ཀ་ཡོད། སྒྱུ་མ་མཁནཔོས་ནི་སྒྱུ་མའི་རྟ་གླང་དེ་རྟ་གླང་མིན་པར་ཤེས་པས། དེ་ལ་སྣང་བ་ཡོད་ཀྱང༌། རྟ་དང་བ་གླངཞེས་ཞེན་པ་མེད་པ་ལྟར། སོ་སོའི་སྐྱེ་བོ་སྟོང་ཉིད་རྟོགས་པའི་གང་ཟག་ཡང་དེ་འདྲ་ཡིན། མིགལ་བསླད་པ་མ་ཞུགས་པ་ལ་ནི་སྒྱུ་མའི་རྟ་གླང་སྣང་བ་ཡང་མེད། ཞེན་པ་ཡང་མེད་མཁན་ནིའཕགས་པའི་མཉམ་བཞག་ལྟ་བུ་སྣང་ཞེན་གཉིས་ཀ་མེད་པ་རེད། དཔལ་ལྡན་ཟླ་བ་གྲགསཔས། བུམ་པ་མེད་ན་བུམ་པའི་མཆུ་དང་ལྟོ་བ་ཚོགས་པ་སོགས་གང་ཡང་མེད་པར་འདོད་དེ། གདགས་གཞིའི་ངོས་ནས་གདགས་ཆོས་གྲུབ་པ་ཅུང་ཟད་ཀྱང་མེད་པ་གོང་ནས་ཞུས་ཟིན་པལྟར་རེད། གང་ལ་བརྟེན་ན་རྟེན་ས་དེ་ནི་གཏགས་ཆོས་མིན་པར། དཔལ་ལྡན་ཟླ་བའི་ལུགསལ། བུམ་པའི་མཆུ་དང་ལྟོ་སོགས་ཚོགས་པ་དེ་ཡང་བུམ་པ་མིན་ལ། སོ་སོ་ནས་ཡང་མིན། བུམཔ་ནི་རང་ངོས་ནས་ཅུང་ཟད་ཀྱང་གྲུབ་པ་མེད། བུམ་པའི་མཆུ་ལྟོ་སོགས་གདགས་གཞི་དེ་ལབརྟེན་ནས་གདགས་ཆོས་སྣང་བའི་སྣང་བ་ཙམ་ནི་བུམ་པར་འདོད། དེ་ལས་ལྷག་པའི་བུམ་པནི་རྙེད་རྒྱུ་མེད། དེས་ན་དཔལ་ལྡན་ཟླ་བའི་ལུགས་ལ་ཆོས་ཐམས་ཅད་སྣང་ཙམ་བཏགས་ཙམ་ཡིན། བདེན་གྲུབ་བདེན་འཛིན་གྱི་འཛིན་སྟངས་ཀྱི་ཡུལ་འཇོག་ཐུབ་ཀྱང༌། བདེན་སྣང་མིའཇོག དཔལ་ལྡན་ཟླ་བའམ་རི་བོ་དགེ་ལྡན་པའི་ལུགས་ལ་གཉིས་སྣང་ཅན་གྱི་ཤེས་པ་ཡིནན་རང་གི་སྣང་བ་ལ་ཚད་མ་ཡིན་པས་ཁྱབ་ཅེས་ཁས་ལེན། ཆོས་གང་ཡིན་ཀྱང་མིང་བརྡས་བཞགཙམ་ལས་ཁོའི་ངོས་ནས་ཅུང་ཟད་ཀྱང་གྲུབ་པ་མེད་དེ། དཔེར་ན་མི་ཞིག་ལ་མཁན་པོའི་ཡོནཏན་ཚང་ཡང་རུང་མ་ཚང་ཡང་མཁན་པོའི་མིང་བཏགས་པ་ལ་བརྟེན་ནས་ང་ཚོས་མཁན་པོ་ཡིན་པར་སྣང་འགྲོ། མིང་མ་བཏགས་པའི་སྔ་རོལ་དུ་མཁན་པོའི་ཡོན་ཏན་ཚང་ཡང་མཁནཔོར་མི་འཛིན་པ་དང་མཁན་པོ་ཡིན་པར་མི་སྣང་ལ། སྤྲུལ་མིང་ཡང་དེ་འདྲ་རེད། ཆོས་ཐམསཅད་མིང་བརྡས་བཞག་ཙམ་ཡིན་པར་མ་ཟད། ལྷག་ཏུ་སྤྲུལ་མིང་ནི་དེ་ལས་ཀྱང་མིང་བརྡསབཞག་ཙམ་ཡིན་འདུག མི་ཞིག་དོན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་སྤྲུལཡིན་ཀྱང༌། སྤྲུལ་མིང་མ་བཏགས་ན་འཇིག་རྟེན་གྲགས་པའི་ངོར་སྤྲུལ་སྐུ་ཡིན་པར་མི་འཛིནལ། ཡོན་ཏན་དང་ཚད་གཞི་གང་ཡང་མེད་ན་ཡང༌། སྤྲུལ་མིང་བཏགས་པ་ལ་བརྟེན་ནས་མིངདེས་ངོས་ནས་སྤྲུལ་སྐུ་ཡིན་པར་འཛིན་འགྲོ། དཔལ་ལྡན་ཐལ་འགྱུར་བའམ་རི་བོ་དགེ་ལྡནཔའི་ལྟ་བ་ནི་ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་གྱི་སྟེང་ནས་འཆད་དེ།མིང་བརྡས་བཞགཙམ་གྱིས་ལྡོག་ཟླ་ནི་བདེན་པར་གྲུབ་པའི་ཚད་ཡིན། རྟག་པ་མཐའ་བཟུང་གི་དབང་དུ་བྱསན་མིང་བརྡས་བཞག་ཙམ་མིན་པ་ཞིག་ཡོད་ན་དེ་ནི་བདེན་གྲུབ་ཀྱི་ཚད་ཡིན་པར་འདོད། ཡིནན་ཡང༌། རང་རྒྱུད་པས་མིང་བརྡས་བཞག་ཙམ་ཁས་མི་ལེན། རང་རྒྱུད་པས་མིང་བརྡས་བཞགཙམ་མེད་ཅེས་འདོད་དེ། མིང་བརྡས་བཞག་ཙམ་ཡོད་ན་རང་ངོས་ནས་མ་གྲུབ་པ་ཡོད་པརའགྱུར་ལ། ཆོས་ཐམས་ཅད་བཏགས་དོན་བཙལ་ནས་རྙེད་པ་མེད་ན། ཐོ་ཡོར་མིར་སྣང་བཡོད་ཅིང༌། མིར་སྣང་བ་ཙམ་གྱིས་མི་ཡིན་པར་བཞག་ན་དེ་ཡང་མི་ཡིན་པར་བཞག་ན་ཆོགཔར་འགྱུར་རོ། །དེས་ན་འཕྲལ་རྐྱེན་འཁྲུལ་རྒྱུས་བསླད་པ་མ་ཞུགས་པའི་བློས་བཞག་པར་ཡོད་ན་རང་ངོས་ནས་གྲུབ་དགོས་ཞེས་རང་རྒྱུད་པ་མན་ཆད་ཀྱིས་འདོད། ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་སྣང་ཙམ་དང་བཏགས་ཙམ་གྱིས་བཞག་པ་དང༌། རང་ངོས་ནསམ་གྲུབ་པ་ཡིན་ན་ཡང༌། དེ་ལ་བྱ་བྱེད་ཐམས་ཅད་འཐད་པ་ཡིན། ཆོས་ཐམས་ཅད་རང་ངོས་ནསགྲུབ་པ་མེད་པར་ངེས་པའི་རྗེས་སུ། རང་ངོས་ནས་གྲུབ་མ་གྲུབ་མི་འཚོལ་བར་བློ་མ་བརྟགསཉམས་དགའི་ངོར་སྣང་ཙམ་བཏགས་ཙམ་གྱིས་འཇོག་པ་ན། བྱ་བྱེད་དང་ལས་རྒྱུ་འབྲས། ཚེསྔ་ཕྱི་དེ་དག་ཐམས་ཅད་འཇོག་ན་འཐད་པར་གསུངས། དེས་ན་ཐ་སྙད་ཚད་གྲུབ་ནི་བློ་མ་བརྟགསཉམས་དགའི་ངོར་ལྟོས་ནས་འཇོག་ཐུབ་པའོ། །དེ་རིང་འདིར་མཚམས་འཇོག་གི་ཡིན། བཞི་པ་ལྟ་བའི་དཔྱད་པ་རྫོགས་པའི་ཚད་ནི། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་སྟོང་ཉིད་ཀྱི་ལྟ་བ་ནི་རྟོགས་སླ་བ་ཞིག་མིན་པས་ཚོགས་བསགས་སྒྲིབ་པ་སྦྱངས། རངརང་སོ་སོས་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་གསུམ་བྱས། ལྷག་པའི་ལྷ་ལ་གསོལ་བབཏབ་ན་ནམ་ཞིག་ལ་སྟོང་ཉིད་ཀྱི་ལྟ་བ་རྟོགས་ཐུབ། རྗེ་བདག་ཉིད་ཆེན་པོའི་རང་ཉིད་ཀྱི་སྐུཚེའི་ནང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་པ་དེའི་ཚེ། རྗེ་བཙུན་འཇམ་པའིདབྱངས་ལ་དྲིས་པར་ཁོང་གིས་རྟོགས་པའི་ལྟ་བ་ཐལ་རང་གང་གི་ལྟ་བ་ཡིན་ཞེས་དྲིས་ཚེ། རྗེབཙུན་འཇམ་པའི་དབྱངས་ཀྱིས་དེ་ནི་ཐལ་རང་གང་གི་ལྟ་བ་མིན་པར་ད་རུང་ཚོགས་གསོགསསྒྲིབ་པ་སྦྱོངས། ལྷག་པའི་ལྷ་ལ་གསོལ་བ་ཐོབས། གཞུང་ཆེན་པོ་ལ་ལྟ་རྟོག་མང་དུ་གྱིས་དངནམ་ཞིག་ལ་ལྟ་བ་རྙེད་པར་འགྱུར་ཞེས་གསུངས་པ་ལྟར་སྟོང་ཉིད་ཀྱི་དོན་ལ་ཐོས་བསམ་བྱས། ཡང་ན་ཆོས་རྣམས་ཀྱི་ངོ་བོ་ལ་དཔྱད་པ་རྟེན་འབྲེལ་གྱི་རིགས་པ། གཅིག་དུ་བྲལ་གྱི་རིགས་པ། རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱད་པ་ཡོད་མེད་སྐྱེ་འགོག་གི་རིགས་པ་སོགསབདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་དུ་མའི་སྒོ་ནས་བརྟག་ཅིང་དཔྱད་པ་གནང་ན་ནམ་ཞིག་ལརེས་འཇོག་མེད་པ་སྟེ། རེས་འཇོག་མེད་ཚུལ་ནི། མཚམས་རེར་སྟོང་བའི་ཕྱོགས་སུ་བཟུང་ནསསྣང་བའི་ཕྱོགས་མི་འཐད་པར་བཟུང་བ་དང༌། སྣང་བའི་ཕྱོགས་ལ་ངེས་པ་འདྲེན་ཐུབ་ཀྱང་སྟོངབའི་ཕྱོགས་ལ་ངེས་པ་འདྲེན་མ་ཐུབ་ན། རེས་འཇོག་ཡོད་སོང་བ་རེད། དེ་འདྲའི་ཕྱོགས་སུམ་ལྷུང་བར་རེས་འཇོག་མེད་པར་རིམ་གྱིས་མིན་པར་ཅིག་ཅར་དུ་རྟེན་འབྲེལ་མི་བསླུ་བར་མཐོངབ་ཙམ་གྱིས་ཞེས་གསུངས་པ་ནི། སྤྱིར་རྗེ་རིན་པོ་ཆེའི་རང་ལུགས་ལ། རྟེན་འབྲེལ་རྟོགས་ནསྟོང་ཉིད་རྟོགས་དགོས་སམ་ཞེ་ན་མི་དགོས་ཞེས་འདོད་དེ། རྗེ་བདག་ཉིད་ཆེན་པོའི་རྩ་ཤེསཊིཀ་ཆེན་གྱི་ཚིག་ཟིན་ལ། རྟེན་ཅིང་འབྲེལ་བའི་འབྱུང་བའི་མི་བསླུ་བ་སྟོང་ཉིད་ཀྱི་དོན་དུགསུངས་ན། རྟེན་འབྲེལ་རྟོགས་ན་སྟོང་ཉིད་རྟོགས་དགོས་སམ་ཞེས་དྲི་བ་ན། རྗེ་རིན་པོ་ཆེསརྩལ་འདོན་བྱས་ནས་རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་ནི་དངོས་སྨྲ་བས་ཀྱང་རྟོགས་ཡོད།རྟེན་འབྲེལ་སྟོང་བའི་དོན་དུ་བཤད་པ་དང་སྟོང་བ་རྟེན་འབྲེལ་གྱི་དོན་དུ་བཤད་པ་ནི་ལྟོ་ལྡིརཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་དུ་བཞག་པ་ལྟ་བུ་མིན་པར། དབུམའི་ལྟ་བ་རྟོགས་ཟིན་པའི་གང་ཟག་རྣམས་ཀྱིས་རང་བཞིན་གྱིས་མེད་པར་རྟོགས་པ་ན་རངབཞིན་དུ་མེད་ཀྱང་ཐ་སྙད་ཀུན་རྫོབ་ཏུ་ཡོད་པར་ངེས་པ་འདྲེན་ཐུབ། ཐ་སྙད་ཀུན་རྫོབ་ཏུ་རྟེནའབྲེལ་སྒྱུ་མ་ལྟར་ཡོད་པ་ལ་རང་བཞིན་གྱིས་མ་གྲུབ་པ་ངེས་པ་འདྲེན་ཐུབ་པའི་རྒྱུ་མཚན་གྱིསདབུ་མའི་ལྟ་བ་རྟོགས་པའི་གང་ཟག་དག་ལ་སྟོང་བ་རྟེན་འབྱུང་གི་དོན་དུ་གསུངས་པ་དང༌། རྟེན་འབྱུང་སྟོང་བའི་དོན་དུ་གསུངས་པ་ཡིན་པར་བཀྲལ་ཞིང༌། རྟེན་འབྲེལ་མི་བསླུ་བར་མཐོངབ་ཙམ་གྱིས་ཞེས་རྟགས་དང་རྒྱུ་མཚན་གཞན་ལ་བརྟེན་མི་དགོས་པར་བདེན་པར་འཛིན་པའིབདེན་འཛིན་གྱི་འཛིན་སྟངས་ཀྱི་ཡུལ་དེ་ཞིག་ནུས་ན་དེའི་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིནཞེས་གསུངས་པ་རེད། འདིའི་དོན་འགྲེལ་ཚུལ་ལ། རྟེན་འབྲེལ་མི་བསླུ་བར་མཐོང་བའི་ངེསཤེས་ལ་སྦྱར་ནས་ངེས་ཤེས་དེས་བདེན་པར་འཛིན་པའི་བདེན་འཛིན་གྱི་འཛིན་སྟངས་ཀྱི་ཡུལཞིག་ནུས་ན་ཞེས་ཡུལ་ངེས་པའི་ངེས་ཤེས་མཚན་ཉིད་པར་སྦྱར་བ་དང༌། གུང་ཐང་བློ་གྲོས་སོགསཀྱིས། རྟེན་འབྲེལ་མི་བསླུ་བར་ངེས་པ་ཙམ་གྱིས་བདེན་པར་འཛིན་པའི་བདེན་འཛིན་གྱིས་ནནཞེན་ངེས་ཞེན་གྱིས་བདེན་པར་འཛིན་པའི་ངེས་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་ཞིག་པར་ནུསཔ་ཞེས་སྦྱར་འདུག སྤྱིར་བདེན་མེད་རྟོགས་ན་བདེན་པར་འཛིན་པའི་ཞེན་ཡུལ་ལྡོག་ཐུབ་པཡིན་ཏེ། ཚད་མ་རྣམ་འགྲེལ་ལས། གནད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེནཔ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་གསུངས་པ་དང༌། བདེན་འཛིན་སྤངས་པལ་བདེན་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པའི་སྒོ་ནས་སྤང་དགོས་པར་ཡང་ཚད་མ་རྣམའགྲེལ་ལས། འདི་ཡུལ་སུན་བྱུང་མེད་པ་ཡི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་སོ། །དེས་ན་བདེན་འཛིན་གྱི་ངེས་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་ཞིག་པར་ནུས་ན། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིན། སྤྱིར་སྟོང་ཉིད་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པས་ཁྱབ་བར་བཞེདམཁན་དང༌། སྟོང་ཉིད་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པས་མ་ཁྱབ་པར་བཞེད་མཁན་གཉིསཡོད་དེ། ཀུན་མཁྱེན་འཇིགས་མེད་དབང་པོས་སྟོང་ཉིད་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པསམ་ཁྱབ་པར་གསུངས། ཡིན་ན་ཡང༌། སྐབས་འདིར་གསུངས་པ་ལྟར་ན་སྟོང་ཉིད་རྟོགས་པའིགང་ཟག་ཞིག་གིས་རྟེན་འབྲེལ་མི་བསླུ་བར་ཙམ་ཤེས་ན་རང་ངོས་ནས་གྲུབ་བར་འཛིན་པའིའཛིན་པ་ཁེགས་ནུས་ལ། དེ་ཁེགས་ནུས་ན་ལྟ་བའི་དཔྱད་པ་རྫོགས་པ་ཡིན་ཞེས་གསུངས་འདུག ང་རང་གིས་ཁ་ཚོད་གཅོད་ནས་ཞུས་ན། སྟོང་ཉིད་རྟོགས་པའི་གང་ཟག་དེས་རྟེན་འབྲེལ་ལྟོསགྲུབ་ཏུ་རང་བཞིན་མེད་པར་རྟོགས་པ་ལ་ངེས་པ་རང་ཤུགས་ཀྱིས་འདྲེན་ཐུབ་པ་དང༌། རྟེནའབྲེལ་གྱི་རྟགས་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་དེའི་ཚེ། སྟོང་ཉིད་རྟོགས་པའིགང་ཟག་གཞིར་བཞག་ལ་གང་ཟག་རང་གིས་རྟེན་འབྲེལ་སྒྱུ་མ་ལྟར་ཡོད་པར་རྟོགས་ཐུབ་པསཁྱབ་པས་ན་དབུ་མའི་ལྟ་བ་རྟོགས་ན་སྐབས་འདིར་བསྟན་པའི་ལྟ་བའི་དཔྱད་པ་རྫོགས་པསཁྱབ་ཅེས་བཤད་ཀྱང་ཆོག་པར་སྙམ། ལྟ་བའི་དཔྱད་པ་རྫོགས་པའི་ཚད་ནི།མཁས་པ་ཁ་ཤསཀྱིས། གང་ཟག་ལ་མི་ལྟོས་པར་བདེན་པར་ངེས་པའི་ངེས་ཤེས་རང་གིས་ངོ་བོ་གཞན་དང་རྒྱུམཚན་གཞན། ཚད་མ་གཞན་ལ་ལྟོས་མེད་དུ་དེའི་མཇུག་ཐོགས་དེ་མ་ཐག་ཏུ་རྟེན་འབྲེལ་ལངེས་པ་འདྲེན་ཐུབ་ན། ལྟ་བའི་དཔྱད་པ་རྫོགས་པ་ཡིན་ཞེས་གསུངས་པ་དང༌། ཡང་ན་རྟེནའབྲེལ་རྟོགས་པའི་མཇུག་ཐོགས་དེ་མ་ཐག་ཏུ་རྒྱུ་མཚན་གཞན་དང༌། ཚད་མ་གཞན་ལ་མ་ལྟོསཔར་བདེན་སྟོང་ལ་ངེས་པ་འདྲེན་ཐུབ་ན་ལྟ་བའི་དཔྱད་པ་རྫོགས་པ་ཡིན་ཞེས་གསུངས་པ་འདུག ལྟ་བ་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པས་མ་ཁྱབ་པར་འདོད་མཁན་དག་གི་ལུགས་ལ་རངབཞིན་གྱིས་མེད་པར་རྟོགས་ཀྱང༌། རང་བཞིན་གྱིས་སྟོང་བ་དང་ཐ་སྙད་ཀུན་རྫོབ་སྒྱུ་མ་ལྟ་བུགཉིས་བློ་ལ་ལྷན་ཅིག་ཏུ་འཆར་མི་བདེ་ན་ལྟ་བའི་དཔྱད་པ་རྫོགས་མེད། དོན་དམ་པར་མེདཔ་དང་ཐ་སྙད་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡོད་པ་གཉིས་བློ་ལ་ལྷན་ཅིག་ཏུ་འཆར་མི་བདེ་བ་ཅུང་ཟདཀྱང་མེད་པར་བློ་ལ་འཆར་ན་ལྟ་བའི་དཔྱད་པ་རྫོགས་པ་ཡིན་ཞེས་གསུངས་མཁན་ཡང་འདུག སྐབས་འདིའི་ལྟ་བའི་དཔྱད་པ་རྫོགས་ཚུལ་དང་སྤྱིར་བཏང་ལྟ་བའི་དཔྱད་པ་རྫོགས་ཚུལ་ལཁྱད་པར་ཡོད་དེ། སྤྱིར་ལྟ་བའི་དཔྱད་པ་རྫོགས་ཞེས་པ་ནི་དེ་ཕན་ཆད་དུ་དཔྱད་པ་མི་དགོསཔའི་སྐད་ཆ་རེད། ལམ་རྫོགས་ཞེས་པ་ནི་ལམ་མཐར་མ་ཕྱིན་བར་དུ་ལམ་རྫོགས་པ་མིན་ལདེ་ནང་བཞིན་དཔྱད་པ་མཐར་མ་ཕྱིན་ན་དཔྱད་པ་རྫོགས་པ་མིན། སྟོང་ཉིད་ལ་ཞི་གནས་ཙམཐོབ་ཀྱང༌།ལྷག་མཐོང་མ་ཐོབ་པའི་སྐབས་དེར་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་སོགསརྟགས་དང་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་དཔྱད་སྟོབས་ཀྱིས་དྲངས་པའི་ཆོས་རབ་ཏུ་རྣམའབྱེད་ཀྱི་སྒོམ་བྱུང་གི་ཤེས་རབ་ཐོབ་དགོས། ལྷག་མཐོང་མ་ཐོབ་བར་དུ་དཔྱད་པ་གཏང་དགོསལ། དཔྱད་པ་གཏང་དགོས་ན་དཔྱད་པ་མ་རྫོགས་པ་ཡིན་པ་ལས་དཔྱད་པ་རྫོགས་ན་དཔྱདཔ་གཏང་མི་དགོས་པར་བསམ་བློ་གཏོང་ཚུལ་ཞིག་འདུག ཆོས་གང་དང་གང་ཡིན་ཀྱང་དཔྱདཔ་རྫོགས་པའི་ཚད་ནི། ཆོས་དེའི་གནས་ལུགས་རྟོགས་ནས་ཆོས་དེ་བློ་ངོར་འཆར་བ་ལ་མི་བདེབ་མེད་པར་གྱུར་སོང་ན་ཆོས་དེ་ལ་དཔྱད་པ་རྫོགས་པ་ཡིན་པར་འདོད་ཚུལ་ཡོད། ཡིན་ན་ཡང༌། དཔྱད་པ་རྫོགས་ཞེས་པ་ནི་དེ་ཕན་ཆད་དུ་དཔྱད་པ་མི་དགོས་པར་འདོད་ཚུལ་ཡོད་པར་མ་མཐོངཡང་དཔྱད་པ་རྫོགས་ཞེས་པ་ནི་སྐབས་ཐོབ་ཀྱིས་གོ་བ་ལེན་སྟངས་མང་པོ་འདུག དེས་ན་གཞན་ལ་མ་ལྟོས་པ་མེད་པར་རྟོགས་ནས་གཞན་ལ་ལྟོས་ནས་གྲུབ་པར་རྟོགས་དགོས། རིབོ་དགེ་ལྡན་པའི་རང་ལུགས་ལ། ཆོས་ཐམས་ཅད་ཀྱི་སྟེང་དུ་དོན་དམ་བདེན་པ་དང་ཀུན་རྫོབབདེན་པ་གཉིས་ཀྱི་རྣམ་བཞག་འདོད་ཀྱིན་ཡོད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པདང༌། ཐ་སྙད་སྒྱུ་མ་ལྟ་བུར་ཡོད་པ་གཉིས་འཇོག་པའི་གནད་ནི་དབུ་མའི་ལྟ་བའི་དཀའ་གནསཡིན་པ་དང་མཐར་ཐུག་པའི་དཀའ་ས་ཡང་འདི་ཉིད་དོ། །ཁ་ཤས་ཀྱིས་རང་བཞིན་གྱིས་མ་གྲུབཔ་ཡིན་པས་མེད་པ་ཡིན་པར་འདོད་པ་ནི་ཆད་མཐར་ལྟུང་བ་ཡིན་ལ། ཁ་ཤས་ཀྱིས་ཡོད་ནརང་བཞིན་གྱིས་གྲུབ་པར་ཡོད་དགོས་པར་འདོད་པ་ནི་རྟག་མཐར་ལྟུང་བ་ཡིན། དབུ་མའི་ལྟ་གྲུབ་ལེགས་པར་ཤེས་པ་ལ་རང་བཞིན་གྱིས་མེད་པ་དང་མེད་པའི་ཁྱད་པར་ཤེས་དགོས། ཡོད་པ་དང་རང་བཞིན་གྱིས་ཡོད་པའི་ཁྱད་པར་ཤེས་དགོས། ཕར་ཕྱིན་གྱི་བསལ་བྱ་ལོག་སྒྲུབསྐབས་ན་བདེན་གཉིས་འགལ་བར་བསམ་ནས་རྩོད་པའི་རྩོད་པ་ནི། གསལ་བྱ་ལོག་སྒྲུབ་ཀྱིམཚན་ཉིད་ཡིན་པར་བཤད་ཅིང༌། བདེན་གཉིས་འགལ་བར་བསམ་ཞེས་པ་ནི་རང་བཞིན་གྱིསམེད་པ་དང་ཐ་སྙད་དུ་ཡོད་པ་གཉིས་འགལ་བར་བསམ་ནས་རྩོད་པའི་རྩོད་པ་ལ་སྦྱར་ཞིང༌།དེ་གཉིས་གཞི་གཅིག་གི་སྟེང་དུ་འཇོག་མ་ཐུབ་པར་ཐ་སྙད་དུ་ཡོད་པས་ཡོད་གོ་མ་ཆོད་པས་དབང་གིས་རྩོད་པ་དེ་བྱུང་བ་རེད། ལྔ་བ་ཡང་དག་པའི་ལྟ་བ་རྟོགས་པའི་ཁྱད་ཆོས་ནི་མཐའགཉིས་སེལ་ཚུལ་གྱི་སྒོ་ནས་གསུངས་ཏེ། མཐའ་གཉིས་སེལ་ཚུལ་ནི་རང་རྒྱུད་པ་སོགས་དངམི་འདྲ་བར་རང་རྒྱུད་པ་སོགས་ཀྱིས་སྣང་བས་མེད་མཐའ་སེལ་བ། སྟོང་བས་ཡོད་མཐའ་སེལབར་གསུངས་ཀྱང་འདིར་རྗེ་བདག་ཉིད་ཆེན་པོས་སྣང་བའི་ཡོད་མཐའ་སེལ་ཚུལ་དང༌། སྟོང་བས་མེད་མཐའ་སེལ་ཚུལ་གྱི་བཤད་པ་ཐུན་མོང་མ་ཡིན་པ་ཞིག་གསུངས་པ་རེད། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་སྤྱིར་ན་ཐ་སྙད་ཀུན་རྫོབ་དུ་ཡོད་པས་གཏན་མེད་དུ་མེད་པའི་མེད་མཐའ་སེལ་དགོསཔར་སྦྱར་བ་ཡིན་ན་ཡང༌། སྐབས་འདིར་སྣང་བས་ཡོད་མཐའ་སེལ་ཞེས་པ་ནི། དོན་དམ་པརམེད་ཅིང་ཐ་སྙད་སྒྱུ་མ་ལྟ་བུར་ཡོད་པས་སྒྱུ་མ་ལྟ་བུར་ཡོད་པ་ལས་དེ་ལས་རང་བཞིན་གྱིས་གྲུབ་པ་ཁེགས་འགྲོ། དེས་ན་སྣང་བས་ཡོད་མཐའ་སེལ་བར་གསུངས་པ་དང༌། གུང་ཐང་བློགྲོས་སོགས་ཀྱིས། གང་ཟག་ཞིག་གིས་རྒྱལ་པོར་གཡོག་བྱས་ན། མི་གཞན་གྱིས་གཡོག་པོ་དེརབྱ་བ་དེ་བྱེད་དགོས་ཟེར་ན། གཡོག་པོ་དེས་ངས་ཐག་མི་ཆོད་པས་རྒྱལ་པོར་འདྲི་དགོས་ཞེསབཤད་ན། ཤུགས་ལ་གཡོག་པོ་དེ་ལ་རང་དབང་ཡོད་པ་ཁེགས་འགྲོ་བ་ལྟར་སྣང་ཙམ་དུ་ཡོད་ཅེསཔས་རང་བཞིན་གྱིས་གྲུབ་པ་དང་གཞན་ལ་མ་ལྟོས་པར་གྲུབ་པ་ཁེགས་འགྲོ་བས་སྣང་བས་ཡོད་མཐའ་སེལ་བར་གསུངས། སྟོང་བས་མེད་མཐའ་སེལ་ཚུལ་ནི། རང་བཞིན་གྱིས་མ་གྲུབཔ་རྟོགས་ཚེ་མ་ལྟོས་པར་གྲུབ་པ་ཁེགས་པས་ལྟོས་གྲུབ་ཙམ་དུ་ཡོད་པར་གྲུབ་པས་སྟོང་བསམེད་མཐའ་སེལ་བར་གསུངས།རྟེན་འབྲེལ་སྒྱུ་མ་ལྟ་བུར་སྣང་བ་ཡིན་པས་གཞན་ལ་མ་ལྟོསཔར་གྲུབ་པས་ཡོད་མཐའ་སེལ་བ་དང༌། རང་བཞིན་གྱིས་མེད་པ་ཡིན་པས་རང་བཞིན་གྱིསམེད་ཀྱང་གཞན་ལ་ལྟོས་ནས་ཡོད་པར་གྱུར་བས་གཏན་ནས་མེད་པས་མེད་མཐའ་སེལ་བ་དང༌། སྣང་བས་ཡོད་མཐའ་སེལ་བ་དང་སྟོང་བས་མེད་མཐའ་སེལ་བའི་སྟོང་བ་དེ་གཉིས་རྒྱུདང་འབྲས་བུར་འཆར་ཚུལ་ལེགས་པར་ཤེས་ན་མཐར་འཛིན་གྱི་ལྟ་བས་འཕྲོག་པར་མི་འགྱུརབར་གསུངས་ཏེ། རྒྱུ་དང་འབྲས་བུའི་འཆར་ཚུལ་ནི། རྒྱུ་དང་འབྲས་བུ་ནང་བཞིན་རྒྱུ་མེད་ནའབྲས་བུ་མི་འབྱུང་བ། རྒྱུ་མེད་ན་འབྲས་བུ་མེད་པ་ལྟར་སྣང་བ་ཙམ་ཡོད་ན་རང་བཞིན་གྱིསགྲུབ་པའི་ཡོད་མཐའ་སེལ་བ་དང༌། རང་བཞིན་གྱིས་གྲུབ་པ་མེད་ན། གང་ལ་སྟོང་བ་ཉིད་རུངན། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་ལྟར་སྟོང་བ་ཉིད་ཡིན་ན་གཏན་མེདམིན་པར་ཀུན་རྫོབ་ཏུ་ཡོད་པ་འཐད་པས་མེད་མཐའ་སེལ་བ་དེའི་ཚུལ་ལེགས་པར་ཤེས་ན་མཐརའཛིན་ལྟ་བས་འཕྲོག་པར་མི་འགྱུར་ཞེས་ཡང་དག་པའི་ལྟ་བའི་ཁྱད་ཆོས་གསུངས་པ་རེད། གསུམ་པ། མཇུག་གི་དོན། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་གོང་ནས་ཞུས་ཟིན་པ་ལྟར་ལམ་གྱི་གཙོ་བོ་སྟེ་ངེས་འབྱུང་གི་བསམ་པ། བྱང་ཆུབཀྱི་སེམས་བསྐྱེད། ཡང་དག་པའི་ལྟ་བ་རྣམ་གསུམ་གྱི་གནད་རྣམས་རང་གིས་མ་རྟོགས་བརདུ་ཐོས་བསམ་བྱས་ཏེ་རྟོགས་པར་བྱ་དགོས། མ་རྟོགས་ན་སྒོམ་པའི་ཐབས་མེད། འདི་དང་འདིམིན་ཞེས་རྟོག་མེད་དུ་གནས་ཞེས་བཤད་ཀྱང༌། རྟོག་མེད་དུ་གནས་པ་ལ་ལེགས་པ་དང་མིལེགས་པ་གཉིས་ཡོད་པར་སྔ་འགྱུར་རྙིང་མའི་བླ་མ་མི་ཕམ་མཆོག་གིས་གསུངས་འདུག སྤྲོསབྲལ་རྟོགས་ནས་སྤྲོས་བྲལ་དུ་རྟོག་མེད་ལ་གནས་ན་སྟོང་ཉིད་རྟོགས་པའི་ལྟ་བ་འོང་བ་ལསཅི་ཡང་མ་རྟོགས་པར་ཅི་བསམ་འདི་བསམ་གང་ཡང་མེད་ན་ལྟ་བ་ཡང་དག་མིན། དེས་ན་འདིར་ཡང་ལམ་གཙོ་རྣམ་གསུམ་གྱི་གནད་རྣམས་རང་གིས་རྟོགས་པའི་ཚེ། དབེན་པར་བསྟེནནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དགོས། འདུ་འཛི་ལ་སོགས་པས་དབེན་པ། ལུས་བྱ་བྱེདཀྱིས་དབེན་པ། ངག་སྨྲ་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གིས་དབེན་པ་དག་བསྟེན་དགོས། དབེན་པ་ནི་དགོན་པའི་དོན་ཡིན་ཞིང༌། དགོན་པ་ནི། ཆོས་འདུལ་བ་སོགས་ཀྱི་སྐབས་ན་གྲོངནས་རྒྱང་གྲགས་ཀྱི་ཚུལ་དུ་བརྒལ་དགོས་པར་གསུངས་པ་སོགས་མདོར་ན། འདུ་འཛི་སོགསཀྱིས་དབེན་པ། ཆོས་སྤྱོད་སོགས་འཕེལ་བའི་གནས་དག་ལ་བརྟེན་དགོས། དེས་ན་དབེན་པབསྟེན་རྒྱུ་གལ་ཆེན་པོ་རེད། དབེན་པ་མ་བསྟེན་ན་འདུ་འཛི་ཧ་ཅང་ཆེ་སར་ཐོན་ན་མི་སོ་སོའིརང་ཚུགས་མི་ཐུབ། ལྒང་ལི་རྩེད་སར་རྒྱུག་ནས་ལྒང་ལི་རྩེ། ངས་ནང་བ་སངས་རྒྱས་པའི་བསྟནཔ་ལ་ཞབས་འདྲེན་ཞུས་སོང་སྙམ་པའི་སེམས་ཚོར་ཡང་མེད་ན། ནང་བསྟན་དང་གྲྭ་བའི་སྡེཁག་གང་ལ་ཡང་བསམ་བློ་མ་གཏང་བ་རེད། ངེས་པར་བསམ་བློ་གཏང་དགོས་པ་རེད་མགཏོགས།ནང་བའི་བསྟན་པ་འཇིག་ལ་ཉེ་བཞིན་ཡོད་ཅིང༌། ནང་བའི་བསྟན་པ་སུས་བཤིགཔ་རེད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ན་ང་མིན་ང་འདྲ་ཞིག་གིསབཤིག་ཅེས་གསུངས་པ་བདེན་པ་བདེན་རྐྱང་རེད། ཁྱིམ་པ་ཕོ་མོ་ཚོས་ནང་བའི་བསྟན་པ་བཤིགམི་ཐུབ། ལྷ་ཁང་གསེར་ཁང་ཙམ་བཤིག་ནུས་ཀྱང་དེ་ནང་བའི་བསྟན་པ་མ་རེད། གྲྭ་བ་ཚོསརང་རྒྱུད་ཀྱི་བསླབ་ཁྲིམས་བཤིག་ན་ནང་བའི་བསྟན་པ་བཤིག་པ་དང༌། ཁྱིམ་པའི་རྒྱུད་ཀྱིདད་པ་ཉམས་པར་བྱས་ན་ཡང་ནང་བའི་བསྟན་པ་བཤིག་པ་རེད། ཁ་སང་དེ་རིང་གྲྭ་བ་ཁ་ཤསཀྱིས། གར་འཁྲབས། གླུ་བླངས། བག་མེད་ཀྱི་སྤྱོད་པ་སྣ་ཚོགས་གནང་ན་ནང་བའི་བསྟན་པའཇིག་བཞིན་ཡོད་པས་ང་ཚོས་འདི་ནས་ཁྱེད་རྣམ་པར་ཞུས་འདུག་པ་ནི་ནང་བའི་བསྟན་པ་ལ་ལྷག་བསམ་འཆང་བ་ཡིན་མ་གཏོགས་ང་ཚོས་མ་བཤད་ན་ནང་བའི་བསྟན་པ་མྱུར་དུ་འཇིག་རྒྱུ་ཡིན་པ་བརྒྱ་ཆའི་བརྒྱ་རེད། ཡིན་ན་ཡང༌། བླ་མ་དགེ་བའི་བཤེས་གཉེན་དག་གིས་སློབ་གསོ་གནང༌། གྲྭ་བ་ཚོས་ཀུན་སྤྱོད་ཡག་པོ་གནང་ན་ནང་པའི་བསྟན་པ་འདི་རྒྱུན་མཐུད་ནསགནས་ཐུབ། དེ་མིན་ཁྱིམ་པ་ཚོའི་རྒྱུད་ཀྱི་དད་པ་ཉམས་པར་བྱས་ན་ཁྱིམ་པས་གྲྭ་བ་ཚོར་ཞབསཕྱི་བསྙེན་བཀུར་ཡང་མེད་པར་ཆགས། གྲྭ་རྒྱུན་ཡང་མེད་པར་ཆགས་འགྲོ། སྔོན་རྒྱ་གར་འཕགསཔའི་ཡུལ་གྱི་དབང་དུ་བྱས་ན། གྲྭ་བ་ཚོའི་ཀུན་སྤྱོད་ཞན་སོང་བ་དང༌། སྤྱོད་པ་ཡང་འཆོལ་ཉོགཏུ་སོང་བའི་དབང་གིས་སངས་རྒྱས་ཀྱི་བསྟན་པ་ཉམས་སོང་བ་ཡིན་ལ། དེ་འདྲའི་ཉམས་པའིརྟགས་རྣམས་བོད་ལ་ཡང་ཚང་བཞིན་འདུག གྲྭ་བ་ཚོའི་ཀུན་སྤྱོད་ཆེས་ངན་པར་ཆགས། འདོདཔའི་འདོད་ཡོན་རྐྱང་རྐྱང་ལ་ཆགས་འདུག་ཡོད་པས། རྒྱ་གར་འཕགས་པའི་ཡུལ་ན་བསྟན་པཉམས་པའི་རྒྱུ་རྐྱེན་གསུམ་ཡང་བོད་ལ་ཚང་བཞིན་ཡོད་པ་རེད། དེས་ན་རྣམ་པ་ཐམས་ཅད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཁྱིམ་པ་ཞིག་དང་མི་འདྲ་བར་བྱ་དགོས། དཔེར་ན། གྲྭ་བ་ཁ་ཤས་ཚོང་ཁང་ནང་སོང་ན། ལུས་ཀྱི་སྒོ་ནས་འཆོང་རྒྱུག་བྱས། ལག་པས་ཚོང་རྫས་ཐམསཅད་ལ་རེག ད་རུང་ཉོ་མ་དགོས་ཡང་གོང་གཏམ་ནས་ཚོང་བ་ཚོ་སུན་སྣང་བཟོ། ལུས་ངག་ཡིདགསུམ་གང་གིས་ཀྱང་སྤྱོད་པ་ངན་པ་གནང་ན་ཁྱིམ་པ་ཚོ་གྲྭ་བའི་སྡེ་ལ་མ་དད་པར་བཟོ་འགྲོ། ཁྱིམ་པ་ཁ་ཤས་ལ་གྲྭ་བ་རིག་འོང་ན་མི་དགའ་བ་བཟོས་འདུག དེ་སུས་བཟོས་པ་རེད་ཟེར་ན། གྲྭ་བས་ཀུན་སྤྱོད་ངན་པ་གནང་བས་རེད། དཔེར་ན་རྒྱ་ནག་ཁྲིན་ཏུའུ་ནས་གྲྭ་བ་ཚོས་རླངསའཁོར་གླ་དགོས་ན། གླ་འཁོར་དག་འདུག་གི་མེད་པ་རེད། དེའི་རྒྱུ་རྐྱེན་ནི། གྲྭ་བའི་གོས་གྱོནཡོད་མཁན་ཁ་ཤས་ཀྱིས། འཕྲོག་བཅོམ་བྱས། གླ་ཆ་མ་སྤྲད་པའི་དབང་གིས་རེད། མ་འོངསཔར་གྲྭ་བའི་རྒྱུན་གཅོད་མཁན་ནི་གྲྭ་གོས་གྱོན་ནས་ཐ་ཤལ་གྱི་སྤྱོད་པ་གནང་མཁན་དག་ཡིན། གྲྭ་བ་གནང་མ་ཐུབ་ན་གྲྭ་གོས་ཕུད་བཞག་ན་ནང་བའི་བསྟན་པ་ལ་མི་གནོད། དེས་ན་དབེནཔ་བསྟེན་རྒྱུ་གལ་ཆེན་རེད། དབྱར་གནང་དགུན་གནང་སྐབས་ཡིན་ན་ཡང༌། གྲོང་ལ་འཁྱམསཉུལ་རྐྱང་རྐྱང་མི་བྱེད་པར་མཚམས་རེ་འདུག་ཨེ་ཐུབ་བལྟ་དགོས། དེ་མིན་འཁྱམ་ས་ཞིག་ཨེཆུད་བལྟས། དེ་རྩ་ཆེན་ཡིན་མདོག་བསྟན་ནས་དྲྭ་ལམ་ཁག་སྤེལ་ནས་ཆེ་ཚུགས་བསྟན་ནསངན་པས་ངོ་ཚ་ངོ་མཚར་བརྩི་ཟེར་བ་ལྟར་གནང་ན་ཡག་པོ་མི་འདུག ཡ་རབས་མ་རབས་སྤྱོདཔས་ཤེས་ཞེས་ཟེར་བ་ལྟར་མི་ཡ་རབས་དང་བཟང་པོ་ཡིན་པ་སྤྱོད་པས་ཤེས་དགོས། ལྷགབསམ་ཡོད་མེད་སྤྱོད་པས་ཤེས་ཐུབ་པ་དང༌། དྲང་བདེན་དང་གཡོ་སྒྱུ་མེད་པ་ཡང་སྤྱོད་པསཤེས་ཐུབ། མི་ཁ་ཤས་ཀྱིས་ཉིན་མ་གཅིག་གཉིས་རེ་ལ་ཚུལ་འཆོས་ཀྱིས་ཡག་མདོག་བསྟནན་ཡང༌། ཡུན་རིང་གནང་མི་ཐུབ་པ་སོགས་ཡ་རབས་དང་མ་རབས་ཡིན་པ་སྤྱོད་པས་ཤེས་ཐུབ། དེས་ན་གྲྭ་བ་ཚོས་སྤྱོད་པ་ཡག་པོ་གནང་དགོས་པ་རེད་མ་གཏོགས་ཁ་སང་དེ་རིང་ལྟ་ལོག་གིཚོགས་པ་མང་པོ་བཙུགས་ནས་གྲྭ་བ་ཚོས་སྤྱོད་པ་ཅུང་ཙམ་ངན་པ་བྱས་ན་དེ་ཁྱབ་བསྒྲགས་བྱས། ཉིན་མ་གཅིག་ཙམ་གྱིས་མི་ཆོག་པར་ཉིན་ནས་ཉིན། ཟླ་ནས་ཟླ་བྱས་ཏེ་ཁྱབ་བསྒྲགསབྱེད་ཀྱིན་ཡོད་ཅིང༌། དེས་ན་གྲྭ་བ་ཚོས་སྤྱོད་པ་དང་བསམ་བློ་གང་གི་ཆ་ནས་ཀྱང་གཞན་དངམ་འདྲ་བ་ཞིག་གནང་དགོས། སྤྱིར་ཤེས་ཡོན་ཡོད་ན་ལྷག་བསམ་དང་སྤྱོད་པ་ཡག་པོ་ཡོད་མེད་ཅི་རིགས་ཡིན་ཀྱང༌། སྤྱིའི་ཆ་ནས་གང་ལ་གང་འཚམས་ཀྱིས་ཤེས་ཡོན་གྱིས་ཀུན་སྤྱོད་ཁ་གསབ་ཐུབ་ངེས་ཡིན། ཁ་སང་དེ་རིང་སློབ་གསོ་བ་ཚོས། ཀུན་སྤྱོད་ཀྱིས་ཤེས་ཡོན་ཁ་གསབཐུབ་ཀྱང༌། ཤེས་ཡོན་གྱིས་ཀུན་སྤྱོད་ཁ་གསབ་མི་ཐུབ་ཅེས་བཤད་ཀྱང༌། ཤེས་ཡོན་ཡོད་ནགང་ལ་གང་འཚམས་ཀྱིས་ཀུན་སྤྱོད་ཁ་གསབ་ཐུབ། དེ་ནས་སྐབས་དོན་ལ་འཇུག་ན་བརྩོནའགྲུས་ཀྱི་སྟོབས་བསྐྱེད་དགོས་པར་གདམས་པ་ལྟར་བརྩོན་འགྲུས་གནང་དགོས། ཡོན་ཏནགང་ཞིག་ཐོབ་དགོས་ན་དེའི་དོན་དུ་བརྩོན་འགྲུས་གནང་དགོས་ཏེ། ཡོན་ཏན་གང་ཞིག་ཡིནཀྱང་བརྩོན་འགྲུས་ལ་བརྟེན་དགོས། དཔལ་ལྡན་ཟླ་བས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་པ་ལྟར་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ནས་གཏན་གྱི་འདུནམ་མྱུར་བར་བསྒྲུབ་དགོས་ཞེས་གསུངས་པ་རེད། ཚེ་རབས་གཏན་གྱི་འདུན་མ་ནི་ཐར་བ་དངཐམས་ཅད་མཁྱེན་པའི་གནས་ཡིན། དེ་སྒྲུབ་པའི་ཐབས་དམ་པའི་ཆོས་བསྒྲུབ་དགོས། ལུསངག་ཡིད་གསུམ་དམ་པའི་ཆོས་དང་མ་བྲལ་བ་ཞིག་གནང་དགོས། དེ་ཡང་ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་མི་འགྲོ་བར་བྱས་ནས་ཉི་མ་དེ་རིང་ནས་བཟུང་སྟེ་དམ་པའི་ཆོས་ལ་བརྩོན་དགོས། དེ་རིང་དམ་པའི་ཆོས་ལེགས་པོ་ཞིག་སྒྲུབ་ཐུབ་ན་སང་ཉིན་ཡང་དེ་འདྲ་གནང་དགོས། དེ་ལྟརགནང་ན་མི་ཚེ་དོན་ལྡན་དུ་འགྱུར་ཐུབ། དེ་མིན་དེ་རིང་ཡང་ཆོས་མ་བསྒྲུབས། སང་ཉིན་ཡངཆོས་མ་བསྒྲུབས། རྗེས་མ་ཞིག་ལ་བསྒྲུབ་དགོས་སྙམ་ན་ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་སོངབ་ཡིན་པས་དེ་འདྲ་གནང་མི་རུང༌། དེས་ན་ཚེ་རབས་གཏན་གྱི་འདུན་མ་ད་ལྟ་ཉིད་ནས་བསྒྲུབདགོས། དེ་མ་གཏོགས་གྲྭ་བ་ཚོས་ཚོང་ཁེ་ཕོག་བྱས། ཁྱིམ་ཚང་གི་འགོ་འཛིན་གནང༌། བྲོ་འཁྲབ། ལྒང་ལི་རྒྱབ། དེ་འདྲའི་ཀུན་སྤྱོད་ངན་པ་ལ་བལྟས་ན་བསྟན་པ་འཇིག་ཉེ་བ་ལྟ་བུ་ཞིག་རེད།དེས་ན་བསྟན་པ་དང་དགོན་པར་བསམ་བློ་བཏང་ནས་ཀུན་སྤྱོད་ཡག་པོ་གནང་དགོས། གཞནཔ་ཞིག་ལ་སྒོར་མོ་མང་པོ་འདུག་ངས་ཀྱང་སྒོར་མོ་འཚོལ་དགོས་བསམ་པ་དང༌། གཞན་ལཁང་བ་རྫིག་པོ་འདུག་ང་ཡང་ཁང་བ་རྫིག་པོ་དགོས་བསམ་པ་དང༌། གཞན་ལ་རླངས་འཁོརའདུག་ང་ལ་ཡང་རླངས་འཁོར་དགོས་བསམ་ན་ཕན་ཐོགས་མི་འདུག་ཨ། གྲྭ་བ་ཁ་ཤས་རེགྲོང་ཆོག་ལ་རྒྱུག་རྒྱུག་ནས་སྒོར་མོ་ཉུང་ཙམ་བསགས་པ་ན་རླངས་འཁོར་ཉོ་བཞག་འདུག རླངསའཁོར་ཉོས་རྗེས་གྲོང་ཆོག་ལ་རྒྱུན་མར་མ་རྒྱུག་ན་སྣུམ་བླུག་རྒྱུའི་སྒོར་མོ་མི་རྙེད་པས་མི་ཚེ་གང་བོར་གྲོང་ཆོག་ལ་བརྒྱུགས་ནས་རླངས་འཁོར་གྱི་གཡོག་པོ་ལྟ་བུར་ཆགས་འདུག མི་ཚེཁང་བའི་གཡོག་པོ་དང་རླངས་འཁོར་གྱི་གཡོག་པོར་ཆགས་སོང་ན་མི་ཚེ་དོན་ལྡན་དུ་གྱུར་བཨེ་རེད། ཞིབ་ཏུ་བསམ་བློ་ཐོང་དང༌། ནམ་ཞིག་འཆི་བའི་ཉིན་ལ་ངའི་མི་ཚེའི་ནང་རླངས་འཁོརརྫིག་པོ་དང་ཁང་བ་རྫིག་པོ་འགྲུབ་སོང་སྙམ་ནས་མི་ཚེ་དོན་ལྡན་འོང་སོང་སྙམ་པ་མེད་ལ། དརུང་ཞེན་ཆགས་ཆེན་པོ་བྱས་ན་ནམ་ཞིག་འཆི་དགོས་ལ། འཆི་བའི་ཉིན་ལ་ལོངས་སྤྱོད་མངའཐང་མང་པོ་ཞིག་ཡོད་ན་དེ་དག་བསྐྱུར་ནས་འགྲོ་དགོས་ན་སྡུག་བསྔལ་བཟོད་བླགས་མེད་པཡོད་པ་གཏན་ཁེལ་ཡིན། ངས་འདི་ནས་ནམ་རྒྱུན་ཅིག་ཞུས་པ་ནི། ཁྱེད་རྣམ་པར་སློབ་གསོདང་རེ་བ་ཡིན་མ་གཏོགས་རང་ཉིད་བཟང་པོ་དང་ཆེན་པོ་ཞིག་ཡིན་པས་ཆ་ནས་ཞུ་གི་མེད། རེ་བ་ནི་རེ་བ་རེད། རང་རྒྱུད་ལ་ཉོན་མོངས་ཡོད་ན་ཡང༌། ཁྱེད་རྣམ་པ་ཚོར་ཉོན་མོངས་སྤང་རོགསགྱིས་ཟེར་ན་མི་འགྲིག་པ་མེད་ཅིང༌། སྤྱིར་ན་ང་དང་ང་ལྟ་བུའི་ཆོས་ཞུས་པ་ནི་རང་བློ་རང་ལལྐོག་ཏུ་མ་གྱུར་བས་འདོད་ཆགས་སོགས་ཉོན་མོངས་པ་དུག་གསུམ་གྱིས་བསྒྱུར་དཀའ་བཞིག་གིས་ཁྱེད་སྐྱབས་གནས་དགེ་འདུན་པ་འདི་འདྲའི་མང་པོར་སློབ་གསོ་གཏང་དགོས་ན་སེམས་སྐྱོ་བའི་གནས་ལྟ་བུ་ཡིན་ན་ཡང༌། ཕྱོགས་གཞན་པའི་ངོས་ནས་བསམ་བློ་བཏང་ནནང་ཆོས་ཀྱི་རྒྱུན་ཤེས་ཙམ་ཡོད་པས་ཆ་ནས་སྔོན་བྱོན་སྐྱེས་བུ་དམ་པའི་གསུང་དག་རྗེས་ཟློསབྱས་ཏེ་ཁྱེད་རྣམ་པར་དེར་འཇུག་ཏུ་བཅུག་ན་མི་མང་པོར་གང་ལ་གང་འཚམས་ཀྱིས་ཕན་ཐོགསའདུག་བསམ་ནས་རྒྱུན་ལྡན་གྱིས་ཅིག་ཞུས་པ་ཡིན། ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །ལམ་གཙོ་རྣམ་གསུམ་འདི་རྒྱལ་བ་བློ་བཟང་གྲགས་པས་ཚ་ཁོ་ངག་དབང་གྲགས་པར་གདམསཔ་ཡིན་ཞིང༌། རྒྱལ་བ་བློ་བཟང་གྲགས་པ་ནི་འཇམ་དཔལ་རྩ་རྒྱུད་སོགས་ལས་ལུང་བསྟན་པལྟར། ཁོང་གི་སྐུ་ཚེའི་ནང་ཐོས་བསམ་སྒོམ་གསུམ་རྐྱང་རྐྱང་གནང་ནས་གཞན་དོན་སྒྲུབ་པ་ལསཆེ་ཆེ་རྫིག་རྫིག་གང་ཡང་གནང་མེད། རྗེ་རིན་པོ་ཆེ་ཁོང་གིས་རྐང་ཐང་ལ་སློང་མོར་བྱེད་ཞོརདཀའ་ངལ་མང་པོ་བརྒྱབ་ནས་དབུས་གཙང་ཆོས་ཀྱི་ཞིང་དུ་ཕེབས་ནས་བླ་མ་དགེ་བའི་བཤེསགཉེན་དུ་མ་བསྟེན་ཏེ་དངོས་སུ་ཞལ་མཇལ་གསུང་ཐོས་པ་ལ་བརྟེན་ནས་སློབ་སྦྱོང་རྡོ་རུས་ཐུག་པ་གནང༌།གྲྭ་བ་གྲྭ་རྐྱང་བྱས་ཏེ་སློབ་གཉེར་ཚུལ་བཞིན་དུ་གནང་བའི་དགེ་སློང་ཞིག་ཡིན་པ་ལས་མིང་ཆེན་པོ་ལ་བརྟེན་ནས་མཁས་པའི་གདན་ཐོབ་རག་སོང་བ་ཞིག་མ་རེད། གྲགས་པདང་མིང་ཙམ་མ་གཏོགས་དེ་ཕན་ཆད་དུ་ཡོན་ཏན་གང་ཡང་མེད་མཁན་ཞིག་ཀྱང་མ་རེད། དངོསགནས་དྲང་གནས་མཁས་པ་བསམ་གྱིས་མི་ཁྱབ་པ། བོད་ཁ་བ་གངས་ཅན་གྱི་ལྗོངས་འདིརལུང་གི་བསྟན་པའི་འཆད་ཉན་ཡག་པོ་ཡོད་པའི་སྐུ་དྲིན་ནི་ཁོང་གི་སྐུ་དྲིན་ཉག་གཅིག་རེད་ཅེས་བཤད་ན་ཡང་ཧ་ཅང་ཐལ་མི་ཆེ་བའི་སྐད་ཆ་རེད། ལམ་གཙོ་རྣམ་གསུམ་གྱི་བསྟན་བཅོས་བླམེད་འདི་རྒྱལ་བ་བློ་བཟང་གྲགས་པའི་རང་ལུགས་འཛིན་པའི་དགོན་པ་བརྒྱ་རྩ་བརྒྱད་བཏབཔའི་དགེ་སློང་ཚ་ཁོ་ངག་དབང་གྲགས་པ་ལ་ཡིག་བསྐུར་བྱས་ནས་གསུངས་པ་རེད། ད་ལོ་ངས་འདི་ནས་ལམ་གཙོ་རྣམ་གསུམ་གྱི་ཚིག་དོན་རགས་ཙམ་ཞུས་པ་ཡིན། སྤྱིར་ང་ཚོའི་སློབགླིང་འདི་ནས་དབུ་མ་ལུང་རིགས་སྒྲོན་མེ་དང་དབུ་མ་འཇུག་འགྲེལ་སོགས་ཀྱང་རི་བོ་དགེ་ལྡན་པའི་རང་ལུགས་ལྟར་འཆད་ཁྲིད་གནང་བཞིན་ཡོད་ལ།ང་ཚོའི་སློབ་གླིང་འདིར་བོད་ཀྱིཆོས་བརྒྱུད་ཆེན་པོ་དྲུག་གི་ནང་ནས་གཡུང་དྲུང་བོན་གྱི་སློབ་གཉེར་བ་མེད་པ་རེད། དེ་མིནཆོས་བརྒྱུད་ཆེན་པོ་ལྔ་ཆ་ཚང་གི་གྲྭ་རྒྱུན་ཡོད་ཅིང༌། རིས་མེད་ཀྱི་སློབ་གླིང་ཡིན་པའི་ངོས་ནསགྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཁག་འཆད་ཁྲིད་བྱས་པ་ཡིན། ནང་བ་སངས་རྒྱས་པའིབསྟན་པ་ནི་ཆགས་སྡང་གི་གཉེན་པོ་འགྲོ་དགོས་པ་དང༌། ཕྱོགས་རིས་དང་འཐེན་ཁྱེར་མེདཔར་བྱ་དགོས། སྤྱིར་གྲུབ་མཐའ་སྨད་པ་ནི་གསང་བ་སྔགས་ཀྱི་སྐབས་ན་རྩ་ལྟུང་བཅུ་བཞིའིནང་ནས་གཅིག་ལ་བགྲང་བ་དང༌། མདོ་ཕར་ཕྱིན་ཐེག་པའི་ལུགས་ལ་ཡང༌། ཆོས་སྤོང་གི་ལསནི་ཚབས་ཆེན་ཡིན་པར་གསུངས་པས་གཞན་གྱི་གྲུབ་མཐའ་ལ་སྨད་པ་མི་བྱེད་རྒྱུ་གལ་ཆེན་པོ་རེད། ཐམས་ཅད་ཀྱིས་ཕྱོགས་མེད་རིས་མེད་ཀྱི་སྟེང་ནས་རང་རང་སོ་སོའི་གཞུང་ལུགསལ་ཐོས་བསམ་གནང༌། ཉམས་ལེན་བྱས་ནས་རང་གིས་རང་མི་ཁྲེལ་བ་ཞིག་བྱས་ཏེ་ཆོས་པརྣམ་དག་ཅིག་བྱེད་དགོས་པ་བདག་གིས་སྙིང་ནས་རེ་ཞུ་ཡིན་ལགས་སོ། །དེ་རིང་འདིརམཚམས་འཇོག་གི་ཡིན། སྨྲས་པ། འདིར་འབད་ཉེས་ཚོགས་ཅི་མཆིས་བདག་གི་ཉེས། །མ་འཁྲུལ་ཕན་པའི་ཆ་ཀུན་བླ་མའི་དྲིན། །དགེ་བ་འདིས་ཀྱང་སྐྱེ་དགུ་མ་ལུས་པ། །དོན་གཉིས་ལྷུན་འགྲུབ་ས་ལ་རེག་པར་ཤོག ། ཕྱི་ལོ༢༠༡༩ལོར་བཤེས་གཉེན་གང་གིས་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་གནང་བ་རངཡུལ་ནས་ངག་དབང་རྒྱ་མཚོས་ཕྱི་ལོ་༢༠༢༠ལོའི་ཟླ༧ཚེས་༣ཉིན་དབུ་བཟུང་སྟེ་ཟླ་༧ཚེས་༢


no previousའཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད། no next