Nitartha Digital Library
Tibetan
 
no previousno next

(༡)བསྟན་པ་སྤྱིའི་རྒྱས་བྱེད་ལས་མདོ་སྡེ་སྤྱིའི་རྣམ་བཞག་བཀའ་བསྡུ་བ་བཞི་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །

(༢)དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དམ་པའི་ཆོས་རྣམས་དང་། འཕགས་པའི་དགེ་འདུན་རྣམས་དང་། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །གང་གི་ཞབས་པད་སྤྱི་བོར་བརྟེན་པ་དང་། མཚན་ཙམ་འཛིན་པས་ཕུན་ཚོགས་ཀུན་སྩོལ་ཞིང་། སྲིད་དང་ཞི་བའི་རྒུད་པ་ཀུན་སེལ་བ། དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་མཁའ་ལ་མེ་ཏོག་སྤྲིན་ཆགས་ཤིང་། དབང་གིས་ཆར་གྱིས་ཡང་ཡང་ཚིམ་བྱས་པས། གྲུབ་པའི་འབྲས་བུ་དཔག་ཡས་སྟེར་མཛད་པ། ཡི་དམ་ལྷ་དབང་རྣམས་ལ་གུས་པས་འདུད། སྒྲིབ་པའི་མུན་སངས་མཁྱེན་པའི་དཀྱིལ་འཁོར་རྒྱས། འཕྲིན་ལས་འོད་འབར་དགེ་ལེགས་པད་མའི་གཉེན། གདུལ་བྱའི་ལོ་ཐོག་མ་ལུས་སྨིན་མཛད་པ། འདྲེན་པ་ཉིན་བྱེད་མཆོག་ལ་ཕྱག་འཚལ་ལོ། །གསུང་རབ་རྒྱ་མཚོའི་དོན་ལ་ཇི་བཞིན་དུ། ལེགས་བསམས་ཚུལ་བཞིན་ཡིད་ལ་བྱས་པ་ཡིས། ཟག་མེད་ལམ་གྱི་འབྲས་བུ་གཉིས་ལྡན་པ། ཞི་གྱུར་དམ་པའི་ཆོས་ལ་

(༣)ཕྱག་འཚལ་ལོ། །སྟོན་པའི་འཁོར་མཆོག་བསྟན་པའི་དཔལ་འཛིན་པ། རིག་གྲོལ་གཉིས་ལྡན་འཕགས་དང་མཁས་པའི་ཚོགས། བསླབ་གསུམ་རྒྱན་གྱིས་རྣམ་པར་མཛེས་པ་ཅན། ཐར་ལམ་གྲོགས་གྱུར་རྣམས་ལ་བདག་ཉིད་གུས། ཆོས་དབྱིངས་མཁའ་ལ་ཟག་མེད་རླུང་གིས་འགྲོ། ལུང་བསྟན་སྒྲ་སྒྲོག་བྱིན་བརླབས་གློག་འགྱུ་ཞིང་། དངོས་གྲུབ་ཆར་གྱིས་སྐལ་ལྡན་ཚིམ་མཛད་པ། མཁའ་འགྲོའི་སྤྲིན་ཚོགས་རྣམས་ལ་བདག་ཉིད་མོས། འཇིགས་པའི་སྐུ་ལ་རྔམ་པའི་ཆ་ལུགས་ཅན། རིག་སྔགས་འབྲུག་སྒྲས་ནམ་མཁའི་ཁམས་ཁྱབ་པ། བརྩེ་བའི་མཐུ་ཡིས་མ་རུངས་བདུད་ཚོགས་འཇོམས། བཀའ་སྡོད་བསྲུངས་མའི་ཚོགས་རྣམས་རྒྱལ་གྱུར་ཅིག །མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྲིད་པ་དང་ཞི་བའི་རྒུད་པ་མ་ལུས་པ་ལས་སྐྱབས་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་འགོད་པའི་ཕྱིར་དང་། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་བསྲུངས་མར་བཅས་པ་ཐམས་ཅད་ཀྱི།  དགོངས next hit་རྫོགས་པར་བྱ་བའི་ཕྱིར་དང་། ཐུབ་པ་ཆེན་པོ་སྲས་དང་སློབ་མར་བཅས་པ་དང་། ལོ་པ་སྐྱེས་མཆོག་དམ་པ་རྣམས་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རིང་ལུགས་བཟུང་པར་བྱ་བའི་ཕྱིར་དང་། སྐལ་པ་མཉམ་པའི་སློབ་མ་སོགས་ལ་ལེགས་བཤད་ཀྱི་དགའ་སྟོན་དགྱེ་བའི་ཕྱིར་དང་། མདོ་རྒྱུད་ཀྱི་previous hit དགོངས next hit་ཕྱིན་ཅི་ལོག་ཏུ་འགྲེལ་ཞིང་ལོག་པར་སྨྲ་བ་རྣམས་ཀྱི་སྤོབས་པ་གཞོམ་པར་བྱ་སྟེ་ཡང་དག་པའི་ལྟ་བ་ལ་གཟུད་པར་བྱ་བའི་ཕྱིར་དུ་

(༤)ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་སྡེ་དང་མདོ་སྡེ་མ་ལུས་པའི་ངེས་པ་དང་དྲང་བའི་དོན་མཐའ་དག་གི་previous hit དགོངས་པའི་དོན་ཐམས་ཅད་མཁྱེན་ next hit་དང་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་བསྒོམ་བྱའི་དོན་དམིགས་རྣམ་དུ་དྲིལ་ནས་སྟོན་པར་བྱེད་པ་འདྲེས་པ་ཚད་མེད་པ་ལ་དམིགས་པའི་མན་ངག །ནོར་བུའི་ཕྲེང་བ་མཁས་པའི་མགུལ་རྒྱན་ལེགས་བཤད་ཀྱི་འོད་ཟེར་བྱེ་བ་འཕྲོ་བར་བྱེད་པ་སྤྲོ་བར་བྱ་སྟེ། འདིར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་པ་རྣམས་ཀྱིས་བསྟན་པ་དམ་པའི་ཆོས་མ་ལུས་པ་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་འདུས་ཏེ། འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། གཏི་མུག་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། དུག་གསུམ་ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། སྡེ་སྣོད་གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་གསུངས་པ་རྣམས་སོ། །སྡེ་སྣོད་གསུམ་ཆ་མཉམ་པའི་སྡེ་སྣོད་ནི། སྔགས་ཀྱི་སྡེ་སྣོད་ཡིན་ཏེ། སྔགས་ཀྱི་སྡེ་སྣོད་ལས་ལམ་སླབ་པ་གསུམ་ཆ་མཉམ་དུ་སྟོན་པས་སོ། །བསླབ་པ་གསུམ་ཆ་མཉམ་ཚུལ་ནི། སྡོམ་བཟུང་རྣམས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷའི་རྣམ་འབྱོར་གྱི་ཏིང་ངེ་འཛིན་གྱི་བསླབ་པ་དང་། མཚན་མ་མེད་པའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་བསླབ་པ་རྣམས་སྟོན་ཅིང་དེ་གསུམ་ཆ་མཉམ་པའོ། །ཨཱརྱ་དེ་བས་སྡེ་སྣོད་

(༥)བཞི་པ་སྔགས་ཀྱི་སྡེ་སྣོད་དོ་ཞེས་གསུངས་པ་དང་། རྒྱུད་ལས་ཀྱང་། འདོད་ཆགས་འདུལ་བའི་གཉེན་པར་གསུངས་པ་ནི། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས་ཞེས་གསུངས་པའི་ཕྱིར་རོ་ཞེས་ཁ་གཅིག་གིའོ། །ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཅིག་ལས་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་བསྡུས་པ་ནི། ཉན་ཐོས་དང་ཐུན་མོང་གི་དབང་དུ་བྱས་པ་ཡིན་ལ། ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་འདིར་མ་འདུས་ལ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་མང་བ་ཡོད་པར་གསུངས་སོ། །དེ་རྣམས་མདོར་བསྡུ་ན། འབྲས་བུ་སྔགས་ཀྱི་ཐེག་པ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་གཉིས་སུ་འདུས་ལ་དེ་དག་ཉམས་སུ་ལེན་པ་ན་སྐལ་དམན་རྣམས་དམའ་རིམས་ནས་ཉམས་སུ་བླང་བར་བྱ་བ་ཡིན་ནའང་། འདིར་སྐལ་་ལྡན་དབང་པོ་རྣོན་པོ་འཇུག་པའི་རིམ་པ་དང་བཏུན་ནས་སྟོན་པ་ནི། དང་པོར་སྔགས་ཀྱི་ཐེག་པ་མཐའ་དག་ཉམས་སུ་ལེན་པའི་ཚུལ་མདོར་བསྡུ་ན། མཚན་ཉིད་དང་ལྡན་པའི་བླ་མ་ལ། ཆུ་ལ་སོགས་པའི་དབང་བཅུ་གཅིག་ཅི་རིགས་པ་ཐོབ་ནས་དབང་དེ་དང་དེའི་དམ་ཚིག་མ་ཉམས་པར་བསྲུང་བ་ལ་གཞི་བྱས་ནས། དེ་དང་དེའི་ལྷའི་རྣལ་འབྱོར་ཀུན་རྫོབ་དང་དོན་དམ་པས་བསྡུས་པ་རིགས་བསྡུས་པ་དང་རིགས་བྱེ་བྲག་པ་ཅི་རིགས་པ་ལ་དབང་བྱེད་པ་དང་བརྟན་པ་ཐོབ་པར་བྱས་ཏེ། དེ་ནས་ཐབས་མཁས་པ་དུ་མས་གེགས་དང་བར་ཆད་

(༦)བསལ་བ་དང་། རྣལ་འབྱོར་གྱི་སྤྱོད་པ་སྤྱད་པ་ལ་སོགས་ཀྱི་བོགས་ལེགས་པར་ཐོན་པར་བྱ་ཞིང་། ལས་དང་ཐུན་མོང་གི་དངོས་གྲུབ་རྣམས་ལ་མངའ་བརྙེས་པར་བྱས་ལ། ས་དང་ལམ་གྱི་རིམ་པ་རྣམས་བདེ་བླག་ཏུ་མངོན་དུ་བྱས་ཏེ་བདེ་སྟོང་གི་རྣལ་འབྱོར་གྱི་སྟོབས་ཀྱིས་ཕུང་པོའི་བདུད་ཤ་ཁྲག་རྣམ་པར་སྨིན་པའི་ལུས་སྦྱངས་ནས་འོད་གསལ་འཇའ་ལུས་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་ཅིང་། དེ་ལ་རྟེན་ནས་ཆོས་ཀྱི་འཁོར་ལོ་སྐོར་ཏེ། གདུལ་བྱ་རྣམས་མ་ལུས་པ་སྨིན་གྲོལ་ལ་འགོད་པར་བྱེད་པའི་ཚུལ་རྒྱ་ཆེར་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྣམ་བཤད་ཐུབ་པའི་བསྟན་པ་རྒྱས་པར་བྱེད་པ་ཁོ་བོས་བྱས་པ་དང་གཞན་ཡང་མཁས་པའི་ལེགས་བཤད་དུ་མ་ལས་རྟོགས་པར་བྱའོ། །དེ་ལྟར་སྔགས་ཀྱི་ལམ་རྫོགས་པར་ཉམས་སུ་ལེན་པ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡར་ལྡན་དུ་ཉམས་སུ་ལེན་དགོས་ལ། དེ་ཡང་རིག་པའི་གནས་ལྔར་ངེས་པ་ལས་ནང་རིག་པའི་སྡེ་སྣོད་གསུམ་ནི། བཀའ་འཁོར་ལོ་རིམ་པ་གསུམ་དུ་རིམ་པ་བཞིན་དུ་འདུ་ཞིང་། ཆོས་མངོན་པའི་སྡེ་སྣོད་ནི། བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་དུ་འདུས་པ་མང་པས། བཀའ་ཐ་མ་ཉམས་སུ་བླང་པའི་རིམ་པ་བསྟན་པས་ཞར་ལ་རྟོགས་པའི་ཕྱིར། བཀའ་ཐ་མ་ལས་ལོགས་སུ་མ་སྨོས་ལ། བཀའ་ཐ་མ་ཉམས་སུ་ལེན་པའི་ཚུལ་དང་པོར་སྟོན་པ་ནི། previous hit དགོངས next hit་ངེས་འགྲེལ་ལས། བཀའ་ཐ་མ་འཁོར་ལོ་གསུམ་གྱི་མཆོག་ཏུ་བསྟན་པས་སོ། །བཀའ་ཐ་མ་ཉམས་སུ་བླང་པ་ལ། འདུས་པ་ཆེན་མོར་གཏོགས་པ་དང་། སངས་རྒྱས་ཕལ་པོ་ཆེར་རྟོགས་པ་དང་། དཀོན་མཆོག་རྩེགས་པར་རྟོགས་པ་དང་། མདོ་སྣ་ཚོགས་སུ་གཏོགས་པ་དང་བཞི་ལས། དང་པོ་འདུས་པ་ཆེན་མོར་རྟོགས་པ་ལ་ལེའུ་འམ། མདོ་ཚན་འབུམ་ཡོད་པར་གྲགས་པ་ནི་བརྗོད་བྱ་དབང་བསྐུར་བའི་ཆོ་ག་མི་སྟོན་པས་སྔགས་ཀྱི་སྡེ་སྣོད་མ་ཡིན་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་འཇིག་རྟེན་གྱི་གཙོ་བོའི་ཚུལ་འཛིན་པའི་བསྲུངས་མ་རྣམས་ཅི་རིགས་པའི་

(༧)སྒྲུབ་ཐབས་ལྷ་རྗེ་འབངས་ཀྱི་ཚུལ་དུ་སྒྲུབ་པའི་མདོའི་ཆོ་ག་དང་དེ་དག་གི་གཟུངས་དང་། ལས་ཚོགས་ཅི་རིགས་པ་སྟོན་པས། མདོ་གཞན་ལས་ཁྱད་པར་དུ་འཕགས་པ་ཅིག་ཡོད་པར་སྣང་ནའང་། སྔོན་ཆད་ཕྱོགས་གཅིག་ཏུ་མ་འགྱུར། དེའི་ནང་ནས་དུམ་བུ་ཅི་རིགས་པ་འགྱུར་བ་ཡོད་ནའང་། མཁས་པ་སྔ་མ་རྣམས་ཀྱིས་ཕྱོགས་གཅིག་ཏུ་མ་སྡེབས་པར་ཁ་འཐོར་དུ་བཞུགས་པ་རྣམས། སྐབས་འདིར་བསྒྲིགས་ནས་བཞུགས་རྒྱུར་སྣང་ན་ཡང་། ཕྱི་མོའི་སྟོབས་ཀྱིས་འགའ་ཞིག་བྱ་རྒྱུད་ཀྱི་གསེབ་དང་མདོ་སིལ་བུའི་གསེབ་དུ་སོ་སོར་བཞུགས་པ་རྣམས་ཀྱིས་མཚན་བཞི་ཟུར་ཙམ་སྨོས་ན། འདུས་པ་ཆེན་མོ་སའི་སྙིང་པོ་འཁོར་ལོ་བཅུ་པ་དང་། འདུས་པ་ཆེན་པོ་ཉི་མའི་སྙིང་པོ་དང་། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་དང་། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་དང་། དཔལ་ཆོ་ག་ཤེས་དང་། སངས་རྒྱས་བདུན་པ་སོགས་མང་པོ་སྣང་བ་རྣམས་སྐབས་འདིར་བཞུགས་པ་རིགས་བར་སྣང་བ་དང་། གཞན་ཡང་མདོ་ཆོག་གཙོ་ཆེ་བ་སྤང་ཀོང་ཕྱག་རྒྱ་པ་དང་། སྨན་བླའི་མདོ་དང་། ཐར་པ་ཆེན་པོ་ཕྱོགས་རྒྱས་པ་དང་། རྟོགས་པ། ཆེན་པོ་ཕྱོགས་རྒྱས་སོར་འདིར་བཞུགས་པར་རིགས་སོ། །གཉིས་པ་སངས་རྒྱས་ཕལ་པོ་ཆེ་ཉམས་སུ་བླང་པའི་ཚུལ་ལ་རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། དགོས་པ་བསྡུས་པའི་དོན་བཅས་དང་། ཚིག་དོན་བཅས་དང་མཚམས་སྦྱར་བཅས། རྒལ་ལན་བཅས་ཏེ་སྙད་པར་བྱ་ཞེས་གསུངས་པ་ནི་བཅོམ་ལྡན་འདས་བྱམས་པ་ནས་བརྒྱུད་པའི་མདོ་འཆད་པའི་མན་ངག་གི་གནད་ཁྱད་པར་ཅན་ཡིན་པས་དེའི་རྗེས་སུ་འབྲང་བར་བྱ་སྟེ། སྤྱིར་བཀའ་ཐ་མའི་དགོས་པ་ནི། བཀའ་དང་པོ་ནས་སྣང་ཕྱོགས་ཤས་ཆེ་བར་བསྟན་པ་ཤས་ཆེ་བས་གདུལ་བྱ་འགའ་ཞིག་ལ་དངོས་པོར་སྨྲ་བའི་ལྟ་བ་འབྱུང་ཉེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་རྣམས་སྟེང་ཕྱོགས་ནས་ཤས་ཆེར་བསྟན་པ་ན། ཆོས་ཀྱི་མེ་ལོང་ཆེན་པོ་བསྟན་པའི་མདོ་སྡེ་ལས། ཤིན་ཏུ་རྒྱས་པའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་པར་གསུངས་པ་ལྟར། དབང་པོ་བརྟུལ་པོ་

(༨)འགའ་ཞིག་གིས་སྒྲ་ཇི་བཞིན་པར་ཞེན་ནས་ཆད་པར་ལྟ་བ་འབྱུང་ཉེ་བས། དེའི་ཕྱིར་བཀའ་ཐ་མས་སྣང་སྟོང་འགལ་བ་སྤངས་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་གནས་སྐབས་ཐེག་པ་གསུམ་དང།མཐར་ཐུག་ཐེག་པ་གཅིག་གིས་ཐམས་ཅད་བྱང་ཆུབ་ལ་འགོད་པའོ། །ཁྱད་པར་དུས་སངས་རྒྱས་ཕལ་པོ་ཆེའི་མདོའི་དགོས་པ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདུལ་བྱ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རྗེས་སུ་གཟུང་བའི་ཕྱིར་དང་། ས་བཅུའི་ཡོན་ཏན་རྒྱ་ཆེན་པོ་རྣམས་རྫོགས་པར་བྱ་བའི་ཕྱིར་དུ་ཆོས་ཀྱི་སྒོ་རྣམས་ཕལ་ཆེར་བཅུ་ཚན་གྱི་སྒོ་ནས་བསྟན་པ་ཡིན་ནོ། །མདོ་འདིའི་བསྡུས་པའི་དོན་ནི། སྐབས་སམ་གླེང་བཞིས་བཅད་པའི་ལེའུ་ཆེན་པོ་བརྒྱད་དེ། སངས་རྒྱས་ཕལ་པོ་ཆེའི་ཞིང་གི་བཀོད་པ་སྟོན་པ་དེ་བཞིན་གཤེགས་པ་རྨད་ག་ཆད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། རྡོ་རྗེ་རྒྱལ་མཚན་གྱི་སྔོ་བ་དང་། ས་བཅུ་པའི་མདོ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་སྐྱེ་བ་འབྱུང་བ་དང་། འཇིག་རྟེན་ལས་འདས་པར་གཏོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་བསྟེན་པའི་རྣམ་ཐར་གྱིས་མཚོན་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ཚུལ་བསྟན་པ་སྡོང་པོ་བཀོད་པའོ། །ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །འབྲེལ་པ་ནི། ཕྱོགས་བཅུའི་ཞིང་ཁམས་དང་སངས་རྒྱས་ལ་རྟེན་ནས། ཐེག་པ་ཆེན་པོའི་སྡེ་སྣོད་ཚོལ་ཞིང་། སྡེ་སྣོད་ཀྱི་དོན་ཁོང་དུ་ཆུད་པ་ན་བསྔོ་བ་སྨོན་ལམ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དེ། ཚུལ་བཞིན་དུ་སྡེ་སྣོད་ཀྱི་དོན་ཡིད་ལ་བྱེད་པས། ཐེག་པ་ཆེན་པོའི་ཚོགས་ལམ་དང་། སྦྱོར་ལམ་ཤུགས་ལ་བསྟན་ཅིང་། དེའི་འོག་ཏུ་ས་བཅུ་པས་ས་བཅུའི་ཡོངས་སྦྱོང་སྦྱངས་པས་ས་བཅུ་ནོན་པར་འགྱུར་ལ། ས་བཅུ་པ་ཐོབ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་འཇུག་ནུས་ཤིང་། དེ་ནས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་

(༩)པའི་རིགས་སུ་སྐྱེས་པས། གནས་སྐབས་ཀྱི་འབྲས་བུ་མངོན་དུ་བྱས་ཏེ། དེ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ལྷག་མེད་དུ་རྫོགས་པས་མཐར་ཐུག་གི་འབྲས་བུ་བསྟན་ཏོ། །དེ་དག་ནི་ཐེག་པ་ཆེན་པོ་ཉམས་སུ་ལེན་པའི་དོན་གྱི་གོ་རིམས་སུ་བསྟན་ལ། དེའི་འོག་ཏུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བཤེས་གཉེན་བསྟེན་ཚུལ་བསྟན་པ་ནི་གོང་གི་ཐེག་པ་ཆེན་པོ་ལ་འཇུག་པའི་ཐབས་སུ་བསྟན་པ་ཡིན་པས་ན། འཇུག་བྱ་ཐེག་ཆེན་གྱི་རང་བཞིན་ངོས་བཟུང་པ་དང་། དེ་ལ་འཇུག་པའི་ཐབས་བསྟན་པ་ནི་བཤད་པའི་གོ་རིམས་ཡིན་ཅིང་ཐེག་ཆེན་ལ་འཇུག་བྱ་དང་། འཇུག་ཚུལ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །རྒལ་ལན་ནི་མཁས་པ་འགའ་ཞིག་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་སེམས་ཙམ་གྱི་མདོར་བཞེད་པ་མང་དུ་བྱུང་ནའང་མདོ་འདི་ཀ་ཐ་མའི་མདོའི་གཙོ་བོ་ཡིན་པར་མཁས་པ་སྔ་མ་ཀུན་གྱིས་བཀྲལ་ཅིང་མདོ་འདིའི་སྐབས་བཞི་པ་ས་བཅུ་པའི་མདོ་སློབ་དཔོན་ཟླ་བ་གྲགས་པས་འཕགས་པ་ཀླུ་སྒྲུབ་ཀྱི་previous hit དགོངས next hit་དང་སྦྱར་ཏེ། དབུ་མ་འཇུག་པ་རྩ་འགྲེལ་དུ་དབུ་མར་རྒྱས་པར་གཏན་ལ་ཕབ་པས་གསལ་བ་ཡིན་ནོ། །སྡོམ་ནི། ཕྱོགས་བཅུའི་ཞིང་དང་སངས་རྒྱས་འཁོར་བཅས་ལ། རྟེན་ནས་ཐེག་ཆེན་སྡེ་སྣོད་མ་ལུས་པ། ལེགས་པར་ཐོས་ནས་ཐེག་ཆེན་བསྔོ་བ་དང་། མཚུངས་པར་ལྡན་པའི་བྱང་ཆུབ་སེམས་བསྐྱེད་དེ། ས་བཅུའི་སྤྱོད་པ་ལེགས་པར་སྦྱངས་པ་ན། ཀུན་ཏུ་བཟང་པོའི་སྤྱོད་པ་དང་ལྡན་པའི། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ན། འཇིག་རྟེན་འདས་པའི་ཡོན་ཏན་ཀུན་རྫོགས་འགྱུར། དེ་ལྟའི་ཐེག་ཆེན་ཉམས་སུ་ལེན་པ་ན། ནོར་བཟངས་བཞིན་དུ་ཐེག་ཆེན་བཤེས་གཉེན་བསྟེན། འདི་དོན་ཤེས་ནས་ཐེག་ཆེན་ཚུལ་རྣམས་ཀུན། མ་ལུས་པ་ནི་མངོན་དུ་བྱེད་པར་འགྱུར། མདོ་ཚན་བརྒྱད་པོ་འདི་དག་སོ་སོའི་ཕུན་སུམ་ཚོགས་པ་ལྔ་

(༡༠)དང་། དགོས་སོགས་ཆོས་ལྔ་ཚིག་ཟིན་དང་སྦྱར་ནས་སྟོན་པ་ནི།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་དུ་རྒྱས་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་སྐབས་བརྒྱད་ཀྱི་དང་པོ་དེ་བཞིན་གཤེགས་པ་རྨད་ག་ཆད་དུ་གཏོར་པ་ནི་གསུངས་པའི་གནས་དང་གཞལ་ཡས་ཁང་དང་། ཁྲིའི་བཀོད་པ་ཐོག་མར་བསྟན་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཐོག་མ་མངོན་པར་སངས་རྒྱས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་མངོན་པར་སངས་རྒྱས་པའི་ཐུགས་མངའ་བ། དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་སྐུ་མངའ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐུས་ཤིན་དུ་ཁྱབ་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དབྱངས་ཀྱི་ཡན་ལག་དང་། གསུང་གི་ང་རོ་ཤིན་དུ་བསྒྲགས་པ། མཁའ་དང་། ནམ་མཁའ་ལྟ་བུའི་མཚན་ཉིད་མཉམ་པ་ཉིད་རབ་ཏུ་སྣང་བའི་སྤྱོད་ཡུལ་ཅན་ནམ་མཁའ་ལྟར་འགྲོ་བ་ཐམས་ཅད་ཀུན་ཏུ་ཁྱབ་པ། སྙིང་པོ་བྱང་ཆུབ་ཐམས་ཅད་ལ་བཞུགས་པའི་སྐུ་ཞེས་པ་ནས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། བྱིན་གྱིས་བརླབས་ཀྱིས་ཟད་མི་ཤེས་པའི་དབྱངས་འབྱུང་བའི་དྲུང་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཞལ་ཡས་ཁང་ནི། དེ་བཞིན་གཤེགས་པའི་གཞལ་མེད་ཁང་ཕྱོགས་ཐམས་ཅད་དུ་མངོན་པར་སྣང་བ་རབ་ཏུ་འཕེལ་བ་རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཡོན་ཏན་མཐའ་ཡས་པའི་ཀ་བ་བཀྱེ་བ་ལྷུན་རིན་པོ་ཆེའི་མེ་ཏོག་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱིས་བརྒྱན་གྱིས་བརྒྱན་པ་ཞེས་པ་ནས། སེམས་ཅན་ཐམས་ཅད་ཀྱི་ཁྱིམ་གྱི་གཟུགས་བརྙན་རབ་ཏུ་སྟོན་པ་སེམས་སྐད་ཅིག་གིས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཐམས་ཅད་ཆོས་ཀྱི་དབྱིངས་འབྱམ་ཀླས་པར་ཁྱབ་པར་འགྲོ་བའི་སྙིང་པོ་ཅན་ན་ཞེས་པའི་བར་གྱིས་བསྟན་ཏོ། །ཁྲིའི་བཀོད་པ་ནི། སེང་གེའི་ཁྲི་ཆེན་པོ་སངས་རྒྱས་ཀྱི་གདན་དུ་གྱུར་པ། རིན་པོ་ཆེ་ཐམས་ཅད་དང་། ཡིད་དུ་འོང་པའི་སྤོས་སྣ་ཚོགས་ཀྱི་སྙིང་

(༡༡)པོ་ཅན། པད་མའི་དྲ་བ་འོད་ཟེར་མཐའ་ཡས་པ་འབྱུང་བས་བརྟན་པ། རིན་པོ་ཆེ་དྲི་མ་མེད་པའི་འཁོར་ལོའི་འོད་ཀུན་ཏུ་བདལ་བ་ཞེས་པ་ནས། ཕྱོགས་བཅུའི་མཚམས་ཐམས་ཅད་དུ་སངས་རྒྱས་ཀྱི་སྤྲུལ་པའི་འོད་ཀྱི་སྙིང་པོ་ནོར་བུའི་རྒྱལ་པོས་ཤིན་དུ་རྒྱན་པ། སངས་རྒྱས་ཀྱི་ཡུལ་གྱི་སྒྲ་དབྱངས་རྒྱ་ཆེན་པོས་ཆོས་ཀྱི་དབྱིངས་སུ་ཁྱབ་པའི་བྱིན་གྱིས་བརླབས་དང་ལྡན་པ་ལ་བཞུགས་ཤིང་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་ལ་བྱང་ཆུབ་སེམས་དཔའ་ཆེན་པོ། །བྱང་སེམས་ཀྱི་སོ་སོ་ཐར་པ་ལ་སློབ་པ་དང་། ལག་ན་རྡོ་རྗེའི་རིགས་དང་། འཇིག་རྟེན་པའི་ཚུལ་འཛིན་པ་གསུམ་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐབས་ཅིག་ཏུ་སྤྱོད་སྤྱོད་པའི་དགེ་བའི་རྩ་བ་ཅན། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་དང་ཐབས་ཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་ཅིང་སྙིང་པོ་བྱང་ཆུབ་ཏུ་ཉེ་བར་དོང་པ། ཡང་དག་པར་སྟོན་པ། ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་མཚོས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ཤེས་པ་ཡོངས་སུ་རྒྱས་པར་འགེངས་པའི་ལུས་ཅན་རྣམས་དང་ཐབས་གཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལག་ན་རྡོ་རྗེའི་རིགས་སུ་གཏོགས་པའི་འཁོར་ནི། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀྱི་ལག་ན་རྡོ་རྗེ་དག་དང་ཐབས་ཅིག་སྟེ་ཞེས་པ་ནས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྱོད་པ་དང་གནས་བསྲུངས་ལ་ཤིན་དུ་བརྩོན་པ་རྣམས་དང་ཐབས་གཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། ལུས་ཀྱི་རིགས་སུ་གཏོགས་པའི་ལྷ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་དུ་ཕྲ་བ་སྙེད་དང་ཡང་ཐབས་གཅིག་སྟེ་ཞེས་པ་ནས་དེ་དག་ལ་སོགས་པ་དབང་ཕྱུག་ཆེན་པོའི་རིགས་སུ་གཏོགས་པའི་ལྷའི་བུ་གྲངས་མེད་པ་ཀུན་ཀྱང་སྤྱོད་ཡུལ་མཚན་མ་མེད་པའི་མཉམ་པ་ཉིད་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་སྟེ་ཞེས་པའི་བར་གྱིས་དེ་དག་གི་རྣམ་ཐར་ཐུན་མོང་པ་དང་ཐུན་མོང་

(༡༢)མ་ཡིན་པ་གཉིས་ལས། ཐུན་མོང་གི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་འཁོར་གྱི་རྒྱ་མཚོ་ཆེན་པོ་དེ་ནི་སེམས་ཅན་གྱི་རིགས་ཐམས་ཅད་ཡང་དག་པར་གཞོལ་བའོ། །སེམས་ཅན་ཡོན་ཏན་མཐའ་ཡས་པ་འདུས་པ་ལས་ཡོངས་སུ་བྱུང་པའོ། །ཆོས་ཀྱི་དབྱིངས་ཀུན་ན་ཤིན་དུ་གནས་པའོ། །འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་དབྱིབས་སུ་རྣམ་པར་གནས་པའོ། །ཕན་ཚུན་འདྲེས་པ་མེད་ཅིང་ཇི་ལྟར་འོངས་པའི་ཕྱོགས་ལ་རབ་ཏུ་གནས་པའོ། །དེ་བཞིན་གཤེགས་པ་ལ་ལྟ་བ་ལ་མངོན་པར་ཕྱོགས་པའོ་ཞེས་པ་ནས་དེ་དག་ནི་མོས་པའི་སྟོབས་གཞན་དང་གཞན་གྱིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་གོ །སངས་རྒྱས་ལ་བལྟ་བའི་རྣམ་པར་ཐར་པའི་སྒོ་གཞན་དང་གཞན་གྱིས་རྣམ་པར་འཕྲུལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་སོ་སོའི་རྣམ་པར་ཐར་པ་ནི། དེ་ནི་འདི་ལྟ་སྟེ། ལྷའི་བུ་དབང་ཕྱུག་ཆེན་པོའི་རིས་སུ་གཏོགས་པ་ཤིན་དུ་འོད་འཕྲོ་བ་རྒྱ་མཚོའི་རྣམ་པར་ཐར་པ་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའ་ལྟར་ཞི་བའི་ཚུལ་གྱིས་ཞེས་པ་ནས། འོད་ཟེར་སྣ་ཚོགས་དཀྱིལ་འཁོར་གྱི། འོད་འཕྲོ་སྤྲིན་ནི་ཀུན་ཏུ་སྣང་། ཆོས་ཀྱི་དབྱིངས་ཀུན་ཁྱབ་བྱས་ཤིང་། སངས་རྒྱས་སྤྱོད་ཡུལ་རབ་ཏུ་སྟོན། བམ་པོ་ལྔ་པ་ཞེས་པའི་བར་གྱིས་འཇིག་རྟེན་པའི་ཚུལ་འཛིན་པ་རྣམས་ཀྱིས་རྣམ་པར་ཐར་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སོ་སོའི་རྣམ་པར་ཐར་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི། རྣམ་པར་ཐར་པའི་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས། དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་སྟེ་ཞེས་པ་ནས། སྒོ་རྣམས་ཀུན་ནས་རྒྱལ་བ་ཚད་མེད་དེ། མཐའ་དང་དཔུང་མེད་ཆོས་ཀྱི་དབྱིངས་བཀང་ཞིང་། སངས་རྒྱས་བྱིན་བརླབས་རབ་ཏུ་བརྗོད་པ་ཀུན། རྣམ་འཕྲུལ་སངས་རྒྱས་ཡུལ་ནི་ལ་ལས་མཐོང་། ཞེས་པའི་བར་གྱིས་སྟན་པ་དང་དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་གཞི་དང་སྙིང་པོ་རྒྱ་མཚོ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ་ཞེས་པ་ནས་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཚུལ་རབ་ཏུ་

(༡༣)བྱུང་པ་ཞེས་བྱ་བ་སྟེ། ལེའུ་དང་པོའོ་ཞེས་པའི་བར་གྱིས་འཁོར་བསྡུས་པའི་ཚུལ་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། འཇིག་རྟེན་གྱི་དབང་པོ་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་པར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ས་ནི་ཇི་ལྟ་བུ་ཞིག་མངའ་ཞེས་པ་ནས། ཕ་རོལ་ཕྱིན་པ་རྒྱ་མཚོ་བསམ་ཡས་དང་། རྣམ་པར་ཐར་ལ་འཇུག་ཚུལ་རྒྱ་མཚོ་དང་། ཆོས་རྣམས་ཀུན་གྱི་ཚུལ་རྣམས་རྒྱ་མཚོ་དག །བྱང་ཆུབ་སྙིང་པོར་ཐམས་ཅད་བསྟན་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པའི་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ ཀྱི་ཡོངས་སུ་རྣམ་པར་རྟོག་པ་ཐུགས་སུ་ཆུད་ནས་ཞེས་པས་བསྟན་ཏོ། །སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཁོར་གསར་དུ་བསྡུས་པའི་ཚུལ་ནི་ཞལ་གྱི་སྒོ་ཚེམས་ཀྱི་མཚམས་ཀྱི་གསེབ་ནས་འོད་ཟེར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་རབ་ཏུ་བཀྱེ་བ་འདི་ལྟ་སྟེ། རིན་པོ་ཆེའི་ཟེ་བ་རྣམ་པར་སྣང་པ་ཞེས་བྱ་བའི་འོད་ཟེར་དང་ཞེས་པ་ནས་ཇི་ལྟར་གླིང་བཞི་པ་འདིར་དེ་བཞིན་གཤེགས་པས་རྣམ་པར་འཕྲུལ་པའི་སྙིང་པོ་བྱང་ཆུབ་ཏུ། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་རྣམས་འདུས་པར་གྱུར་པ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གླིང་བཞི་པ་ཐམས་ཅད་ཀྱི་གླིང་བཞི་པ་རེ་རེ་ཡང་དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པའི་སྙིང་པོ་བྱང་ཆུབ་དག་ཏུ། བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་རྒྱ་མཚོ་བྱེ་བའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀུན་ནས་འདུས་པར་གྱུར་ཏོ། །འདི་ན་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པ་དག་ཏུ་ཀུན་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཆོས་ཉིད་འདི་ཁོ་ན་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་པའི་ལེའུ་སྟེ་གཉིས་པ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ལ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། ཞུ་བ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་སྟོན་པར་གསོལ་བ་

(༡༤)བཏབ་པའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སེང་གེའི་ཁྲི་ཁར་མོའི་སྙིང་པོ་ཅན་དེ་ཉིད་ལ་འདུག་སྟེ་ཞེས་པ་ནས། འཁོར་རྣམས་ཡངས་པ་འདི་དག་ཐམས་ཅད་ཀྱང་། ཀུན་ཏུ་བཟང་པོ་ཁྱོད་ལ་མངོན་སུམ་གནས། སངས་རྒྱས་ཀུན་གྱིས་སྣང་པར་གྱུར་པ་ཡིས། ཆོས་ཀྱི་འཁོར་ལོ་དེ་རིང་ཁྱོད་ཀྱིས་བསྐོར། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་རྣམ་པར་འཕྲུལ་པ་རབ་ཏུ་བྱུང་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ། །ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོས་ཆོས་བསྟན་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྣམ་པར་བལྟས། སེམས་ཅན་གྱི་ཁམས་རྒྱ་མཚོ་ལ་རྣམ་པར་བལྟས། ཆོས་ཀྱི་དབྱིངས་རྒྱ་མཚོ་ལ་རྣམ་པར་བལྟས། སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་ལ་རྣམ་པར་བལྟས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་རྣམ་པར་བལྟས། དུས་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བྱུང་པའི་སྨོན་ལམ་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལ་རྣམ་པར་བལྟས་ནས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་འདུལ་ཞིང་འཇིག་པ་ཡོངས་སུ་དག་པ་འབྱུང་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ་ཞེས་པ་ནས་ཤིན་དུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། དེ་བཞིན་གཤེགས་པ་རྨད་ག་ཆད་ཀྱི་ལེའུ་ཞེས་བྱ་སྟེ། བཅུ་གཅིག་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱ་དང་ཞིང་གི་བཀོད་པ་རྣམས་རྒྱ་ཆེར་རྟོགས་པའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཅིག་ལས། འཇིག་རྟོན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཚུལ་རབ་ཏུ་འབྱུང་པ་ཞེས་བྱ་སྟེ། ལེའུ་དང་པོ་དང་། དེ་བཞིན་གཤེགས་པའི་ལེའུ་སྟེ་གཉིས་པ་དང་། ཀུན་ཏུ་བཟང་

(༡༥)པོའི་ཏིང་ངེ་འཛིན་དང་། རྣམ་པར་འཕྲུལ་པ་རབ་ཏུ་འབྱུང་པ་ཞེས་བྱ་སྟེ་ལེའུ་གསུམ་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་དུ་བསྟན་པའི་ཕྱོགས་གསལ་བར་བྱ་བ་ཡང་དག་པར་བསྒྲུབ་པ་ཞེས་བྱ་སྟེ་ལེའུ་བཞི་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡོངས་སུ་དག་པས་སྣང་བ་ཞེས་བྱ་སྟེ་ལེའུ་ལྔ་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་འཁོར་ཡུག་གི་རྒྱན་རྒྱ་མཚོ་ཤིན་དུ་བསྟན་པ་ཞེས་བྱ་སྟེ་ལེའུ་དྲུག་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ས་གཞིའི་བརྒྱན་དུ་བསྟན་པ་ཞེས་བྱ་སྟེ་ལེའུ་བདུན་པ་དང་། ཞིང་གི་རྒྱུད་ཀྱི་གནས་ཤིན་དུ་སྟོན་པ་ཞེས་བྱ་སྟེ་ལེའུ་བརྒྱད་པ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་དགོད་པ་ཤིན་དུ་བསྟན་པ་ཞེས་བྱ་སྟེ་ལེའུ་དགུ་པ་དང་། རྣམ་པར་སྣང་མཛད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། དེ་བཞིན་གཤེགས་པ་རྨད་ག་ཆད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་མཐར་ཐུག་གཅིག་གོ །བརྒལ་ལན་ནི། མདོ་གཞན་ནས་འབྱུང་བའི་འཇིག་རྟེན་གྱི་བཀོད་པ་དང་། མདོ་འདི་ནས་བསྟན་པའི་འཇིག་རྟེན་གྱི་བཀོད་པ་མི་མཐུན་པ་ཅི་ཞེ་ན། མདོ་གཞན་རྣམས་ནས་འཇིག་རྟེན་གྱི་ཁམས་ཕྱོགས་རེ་ཙམ་གྱི་བཀོད་པ་སྟོན་པ་ཡིན་ལ། འདིར་ནི་ཕྱོགས་བཅུ་དུས་གསུམ་གྱི་ཞིང་རབ་འབྱམ་གྱི་བཀོད་པ་བསྟན་པའི་ཕྱིར་ཚུལ་མི་མཚུངས་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཕྱོགས་བཅུ་དུས་གསུམ་ཞིང་ཁམས་ཀུན། རྡུལ་སྦུབས་གཅིག་ཏུའང་སྟོན་ནུས་པའི། ཞིང་བཀོད་གྲུབ་ནས་སངས་རྒྱས་ཤོག། ༈ །།སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སྐབས་

(༡༦)གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འདི་གསུངས་པའི་གནས་དང་གཞལ་ཡས་ཁང་དང་ཁྲི་རྣམས་ནི་བཅོམ་ལྡན་འདས། ཐོག་མ་མངོན་པར་སངས་རྒྱས་པ། མ་ག་དའི་ཆོས་ཀྱི་དགོན་པའི་སྙིང་པོ་བྱང་ཆུབ་ལ་བཞུགས་ཏེ། བློ་ཤིན་དུ་རྣམ་པར་དག་པ་མི་གཉིས་པས་ཡང་དག་པར་སྤྱོད་པའི་མཚན་ཉིད་མེད་པ་ལ་ཤིན་དུ་གཞོལ་བ། སངས་རྒྱས་རྣམ་པར་དཔྱོད་པས་སངས་རྒྱས་ཐམས་ཅད་དང་། མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མེད་པས་རྙོགས་པར་ཐུགས་སུ་ཆུད་པ་ཕྱིར་མི་ལྡོག་པའི་ཆོན། སྤྱོད་ཡུལ་མི་འཕྲོགས་པ་རྣམ་པར་དགོད་པ་བསམ་གྱིས་མི་ཁྱབ་པ་དུས་གསུམ་མཉམ་པ་ཉིད་ལ་ཤིན་དུ་འབྱུང་པ། ཕོ་བྲང་ཀུན་ཏུ་འོད་ན་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་ལ་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀུན་ཀྱང་སྐྱེ་བ་ཅིག་གིས་ཐོགས་པས་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས་འདུས་པ་སེམས་ཅན་གྱི་ཁམས་ལ་དཔྱོད་པ། ཆོས་ཀྱི་དབྱིངས་ལ་དཔྱོད་པ། འཇིག་རྟེན་གྱི་ཁམས་ལ་དཔྱོད་པ། མྱ་ངན་ལས་འདས་པའི་དབྱིངས་ལ་དཔྱོད་པ། བསམ་པའི་རྒྱུ་ལ་དཔྱོད་པ། དོན་དང་ཡི་གེ་ལ་དཔྱོད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་དཔྱོད་པ། འདུས་བྱས་དང་འདུས་མ་བྱས་ལ་དཔྱོད་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་དཔྱོད་པ་ཤ་སྟག་གོ །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་ཐུགས་བརྩེ་བར་previous hit དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་ next hit་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་སྤྱོད་པ་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་བསྟན་ཀྱང་རུང་ཞེས་པ་ནས། གོང་དུ་དེ་བཞིན་གཤེགས་པའི་སྐུ་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་ཐུགས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་སྤོབས་པ་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་ཀྱང་རུང་།

(༡༧)གོང་དུ་དེ་བཞིན་གཤེགས་པའི་ཁྱུ་མཆོག་གི་མཐུ་བསྟན་ཀྱང་རུང་སྙམ་པ་དང་ཞེས་པའི་བར་གྱིས་སྟན་ཏོ། །བཞིན་གཤེགས་པའི་སྐུ་བསྟན་ཀྱང་རུང་། སྟོན་པས་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་བསམ་པ་མཁྱེན་ཅིང་། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཁོར་བསྡུས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྣམ་པར་རྟོག་པ་ཐུགས་ཀྱི་ཐུགས་སུ་ཆུད་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །ཞེས་པ་ནས་སྟེང་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་དྲ་བའི་མདོག་ཅེས་བྱ་བའི་དེ་བཞིན་གཤེགས་པ་རིགས་བྱེད་སྣ་ཚོགས་ཀྱི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ག་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། སྟེང་གི་ཕྱོགས་སུ་བསྟན་ནས་སེང་གེའི་ཁྲི་པད་མའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ། སྐྱིལ་མོ་དཀྲུང་བཅས་ཏེ་འཁོད་དེ། །ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཆོས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བཟང་པོ་དཔལ་གྱིས་ཆོས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཆོས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས་ཆོས་བསྟན་པ་རྣམས་ནི་དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་ལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ་སྟེ་ཉི་ཤུ་བདུན་པ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གང་ལ་བསླབ་པར་བྱ་བའི་བྱང་ཆུབ་སེམས་དཔའི་སྤྱོད་

(༡༨)པ་རླབས་པོ་ཆེ་རྣམ་པ་ཐམས་ཅད་པ་བདེ་བླག་ཏུ་རྙོགས་ཏེ་ཉམས་སུ་བླངས་པས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའོ། །བསྡུས་པའི་དོན་ནི། ལེའུ་བཅུ་དྲུག་ལས། འཇམ་དཔལ་གྱིས་བསྟན་པ་ལ། སངས་ཀྱི་མཚན་གྱིས་རྣམ་གྲངས་ཤིན་དུ་བསྟན་པ་ཞེས་བྱ་སྟེ་ལེའུ་བཅུ་གཉིས་པ་དང་། འཕགས་པའི་བདེན་པའི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པ་དང་། དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པ་དང་། བྱང་ཆུབ་སེམས་དཔའ་དྲིས་པ་སྣང་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པ་དང་། སྤྱོད་ཡུལ་ཡོངས་སུ་དག་པའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པ་རྣམས་དང་། བྱང་ཆུབ་སེམས་དཔའ་བཟང་པོ་དཔལ་གྱིས་བསྟན་པ་ལ། བཟང་པོ་དཔལ་གྱི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཆོས་སྟོན་པའི་གླེང་གཞི་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རི་རབ་ཀྱི་རྩེ་མོར་གཤེགས་པའི་ལེའུ་ཞེས་བྱ་སྟེ་བཅོ་བརྒྱད་པ་དང་། རི་རབ་ཀྱི་རྩེར་བྱང་ཆུབ་སེམས་དཔའ་འདུས་པས་ཚིགས་སུ་བཅད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འགོད་པ་བཅུ་བསྟན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པ་དང་། ཚངས་པར་སྤྱོད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་དཔེ་ཡང་དག་པར་བརྩེགས་པ་ཚིགས་སུ་བཅད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པ་དང་། ཆོས་སྣང་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གསུམ་པ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་ལྡན་པས་ཆོས་སྟོན་པའི་གླེང་བཞི་ནི་རབ་འཚེ་མའི་གནས་ན་བཞུགས་པ་རྣམ་པར་འཕྲུལ་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བཞི་པ་དང་། རབ་འཚེ་མའི་གནས་སུ་བྱང་ཆུབ་སེམས་དཔའ་འདུས་པས་ཚིགས་སུ་བཅད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་ལྔ་པ་དང་། ཡོན་ཏན་གྱི་མེ་ཏོག་ཤིན་དུ་བརྩེགས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པ་དང་། གཏེར་མི་ཟད་པ་

(༡༩)བཅུ་བསྟན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པས་འགྲོ་བ་ཀུན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས། །ཚུལ་བཞིན་ཁོང་དུ་ཆུད་གྱུར་ནས། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སྐབས་གསུམ་པ་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བར་གཏོགས་པ་འདིའི་གླེང་གཞི་ནི་ལེའུ་གསུམ་གྱི་དང་པོ་གཉིས་ཀྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྒྲུབས་པའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ཆེན་པོ་བཅུའི་སྒོ་ནས་བྱང་ཆུབ་དང་གཞན་དོན་མཐར་ཐུག་ཏུ་བསྒྱུར་བའོ། །བསྡུས་པའི་དོན་ནི། ལེའུ་གསུམ་ལས། གླེང་གཞི་སྟོན་པར་བྱེད་པ་དེ་བཞིན་གཤེགས་པ་དགའ་ལྡན་དུ་བཞུད་པ་དང་། གཤེགས་པ་དང་། བཞུགས་པའི་རྒྱན་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བརྒྱད་པ་དང་། དགའ་ལྡན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་འདུས་པའི་ཚིགས་སུ་བཅད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པ་དང་། རྡོ་རྗེ་རྒྱལ་མཚན་གྱིས་ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པ་རྣམས་ཀྱིས་བསྟན་པའོ། །བསྔོ་བའི་ལེའུ་འདིའི་བསྡུས་པའི་དོན་ནི། མདོ་འདི་ཉིད་ལས། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ལ་སྟོན་པའི་འོད་ཟེར་གྱིས་རེག་མ་ཐག་ཏུ་ཏིང་ངེ་འཛིན་དེ་ལས་རྣམ་པར་ལངས་ཏེ། ལངས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ལྟ་སྟེ་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཀྱེ་རྒྱལ་བའི་སྲས་དག་

(༢༠)དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བ་ལ་སློབ་པོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བ་ལ་སློབ་པར་འགྱུར་རོ། །ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བ་གང་ལ་བསམས་ཏེ། དེ་སྐད་དུ་སྨྲས་པ་དེ་དག་ནི་གང་། ཀྱེ་རྒྱལ་བའི་སྲས་དག་ཡོངས་སུ་བསྔོ་བའི་གྲངས་སུ་ནི་དུ་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བསྔོ་བ་བཅུ་པོ་འདི་དག་ནི། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དང་པོ་དང་། མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྔོ་བ་གཉིས་པ་དང་། སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གསུམ་པ་དང་། ཐམས་ཅད་རྗེས་སུ་སོང་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཞི་པ་དང་། བསོད་ནམས་ཀྱི་མཛོད་མི་ཟད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་ལྔ་པ་དང་། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ་དང་། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔོ་བ་བདུན་པ་དང་། དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བརྒྱད་པ་དང་། ཆགས་པ་མེད་ཅིང་བཅིངས་པ་དང་བཀྲོལ་བ་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་པ་རྣམས་ཀྱི་ཡོངས་སུ་བསྔོ་བ་དགུ་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་རྗེས་སུ་སོང་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཅུ་པོ་དེ་

(༢༡)དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས། སུ་བསྔོ་བ་དང་པོ་སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་སྦྱོར་བའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྦྱོར་བའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོམ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་དཔྱོད་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའམ། བྱམས་པ་སྒོམ་པ་ཡང་དག་པར་བསྐྱེད་པའམ། སྙིང་རྗེས་སྙིང་བརྩེ་བར་བྱེད་པའམ། དགའ་བ་ལ་རབ་ཏུ་དགའ་བར་བྱེད་པའམ། བཏང་སྙོམས་ལ་ཤིན་དུ་གནས་པར་བྱེད་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་ལ་ཤིན་དུ་བསམས་ནས་དགེ་བའི་རྩ་བ་དེ་དང་དེ་དག་ལ་རབ་ཏུ་སྦྱོར་ཞིང་། དགེ་བའི་རྩ་བ་ཚད་མེད་པ་རྣམ་པར་ཕྱེ་ནས་ཞེས་པ་ནས་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་མཐར་ཐུག་གཅིག་སྟོན་པ་ཡིན་ནོ། །དེ་ལྟར་བསྟན་པས་འགྲོ་བ་ཀུན། དུས་གསུམ་བསགས་པའི་དགེ་བ་རྣམས། རྡོ་རྗེ་རྒྱལ་མཚན་བསྔོས་པ་ལྟར། དོན་གཉིས་མཐར་ཕྱིན་འགྲུབ་པར་ཤོག། ༈ །།སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོའི་སྐབས་བཞི་པ། མདོ་སྡེ་ས་བཅུ་པར་གཏོགས་པ་འདི་གསུངས་པའི་གནས་ནི། དེ་ནས་བཅོམ་ལྡན་འདས་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་

(༢༢)ཀྱི་ནོར་བུ་རིན་པོ་ཆེ་དམ་པའི་ཁང་པ་ན་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས་འདུས་པ་ཤ་སྟག་ཀུན་ཀྱང་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ནི་དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་སངས་རྒྱས་ཀྱི་མཐུས་ཐེག་པ་ཆེན་པོ་རབ་ཏུ་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནས་དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། དེ་དག་ན་བཞུགས་བཞིན་དུ་རྫུ་འཕྲུལ་གྱི་མཐུས་སོ་སོ་ནས་ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་མགོ་ལ་བྱུག་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་རེག་མ་ཐག་ཏུ་དེ་ཉིད་ཀྱི་ཚེ། ཏིང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ནི། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ནི་ཤིན་དུ་རྣམ་པར་གདོན་མི་ཟ་བ་སྟེ། ཐ་མི་དད་པ་ལྟར་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཀླས་པར་ཡངས་པ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མུར་ཐུག་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་ཁྱབ་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་ས་ལ་ཡང་རབ་ཏུ་འཇུག་པར་འགྱུར་རོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་ཡང་དག་པར་འཇུག་པར་འགྱུར་རོ། །ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་ཡང་དག་པར་འཇུག་པར་འགྱུར་རོ་ཞེས་པ་

(༢༣)ནས། ས་བཅུའི་ལེའུ་སྟེ་སུམ་བཅུ་རྩ་གཅིག་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ས་བཅུ་བདེ་བླག་ཏུ་བགྲོད་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱའོ། །བསྡུས་པའི་དོན་ནི། མདོ་འདི་ཉིད་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ས་རྣམས་ཏེ། གང་ལ་བསམས་ཏེ་བདག་གིས་དེ་སྐད་དུ་སྨྲས་པ། དེ་དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། རབ་ཏུ་དགའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་དང་པོ་དང་། དྲི་མ་དང་བྲལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་གཉིས་པ་དང་། འོད་བྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་གསུམ་པ་དང་། འོད་འཕྲོ་བ་ཅན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བཞི་པ་དང་། རྒྱལ་བར་དཀའ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་ལྔ་པ་དང་། མངོན་དུ་གྱུར་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་དྲུག་པ་དང་། རིང་དུ་སོང་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བདུན་པ་དང་། མི་གཡོ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་དང་། ལེགས་པའི་བློ་གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་དགུ་པ་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་པ་སྟེ། དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་བདག་གིས་ནི་སངས་རྒྱས་ཀྱི་ཞིང་གང་ནའང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་མི་གསུང་པ་དེ་ལྟ་བུ་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་པ་ཆོས་སྣང་པའི་སྒོ་འདི་ནི། ཡང་དག་ཕུལ་

(༢༤)ཞེས་བྱ་བ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་ས་རྣམས་དགོད་པ་ཤིན་དུ་བསྟན་པའོ། །ཀྱེ་རྒྱལ་བའི་སྲས་དག་གནས་འདི་ནི་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པའོ། །དེ་ནས་དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་མིང་ཙམ་ཞིག་བརྗོད་དེ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། ས་རབ་ཏུ་ཕྱེ་སྟེ་མ་བརྗོད་པས་སྐོམས་པར་གྱུར་ནས། དེ་དག་འདི་སྙམ་དུ་སེམས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས། བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་གི་མིང་ཙམ་ཞིག་བརྗོད་དེ་ཅང་མི་ཟེར་བར་ལུག་ནས། དེ་ལས་རབ་ཏུ་ཕྱེ་ཞིང་མི་སྟོན་པ་དེ་ལ་རྒྱུ་ནི་གང་རྐྱེན་ནི་ཅི་ཞིག་ཡོད་སྙམ་པ་དང་། དེའི་ཚེ་བྱང་ཆུབ་སེམས་དཔའི་འཁོར་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བའི་ཟླ་བ་ཞེས་བྱ་བ་འདུས་ཤིང་འདུག་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱི་ཡོངས་སུ་ཤེས་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་གླུའི་དབྱངས་ཀྱིས་ཚིགས་སུ་བཅད་དེ་དོན་དེ་དྲིས་སོ་ཞེས་པ་ནས་ལེའུའི་མཐར་ཐུག་པའི་བར་གྱིས་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་དཔྱོད་པའི་དབུ་མ་དང་། རིགས་ཤེས་སོགས་གོང་བཞིན་ནོ། །ཐེག་པ་ནི་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པས་འགྲོ་བ་རྣམས། རྡོ་རྗེ་སྙིང་པོས་བསྟན་པ་བཞིན། ས་བཅུའི་ཡོན་ཏན་མཐར་ཕྱིན་ཏེ། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་དུ་རྒྱས་པ་ཆེན་པོའི་མདོའི་སྐབས་ལྔ་པ་ཀུན་ཏུ་བཟང་པོའི་སྤྱོད་པར་གཏོགས་པ་འདི་གསུངས་པའི་གནས་ནི་མདོ་ས་བཅུ་པ་དང་གཅིག་ལ། སྟོན་པ་དང་འཁོར་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་

(༢༥)ལ་སོགས་པ་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་བློ་བུར་དུ་ལྷགས་པ་ནི། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་ཕྱོགས་བཅུ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱིས་སྙིང་པོ་ཅན་ལ་འཁོད་པ་བཅུ་འཐོན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཞིང་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འཁོད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་པ་ཤ་སྟག་གོ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཕྱི་མའི་མཐའི་མུར་ཐུག་པའི་དུས་དག་ཏུ་འཇིག་རྟེན་གྱི་ཁམས་གང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་གྱུར་པ་དེ་དག་ཀྱང་ཡོངས་སུ་སྣང་པར་གྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་ཞབས་ཀྱི་དྲུང་ན་འཁོད་ཅིང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་པ་བྱེད་པ་དེ་དག་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་འདི་དག་འཇིག་རྟེན་གྱི་ཁམས་འཇམ་ཀླས་པ་ནི་གང་དང་གང་ནས་ལྷགས། དེ་བཞིན་གཤེགས་པ་ནི་གང་དང་གང་གི་ཞབས་དྲུང་ནས་ཕྱིན་སྙམ་སྟེ། བྱང་ཆུབ་སེམས་དཔའི་འཁོར་གྱིས་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་འདི་དག་ལྷགས་ནི་གང་ནས་ལྷགས། འཇིག་རྟེན་གྱི་ཁམས་འཇམ་ཀླས་པ་ནི་གང་ཤེད་ནས། དེ་བཞིན་གཤེགས་པ་ནི་གང་ཞིག་གི་ཞབས་དྲུང་ནས་འདིར་ཕྱིན་ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི།

(༢༦)དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའི་འཁོར་གྱིས་དཀྱིལ་འཁོར་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བས་ན་ཁྱེད་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འདི་དག་འཇིག་རྟེན་གྱི་ཁམས་ནི་གང་ནས་ལྷགས། དེ་བཞིན་གཤེགས་པ་ནི་གང་གི་ཞབས་དྲུང་ནས་ཕྱིན་པ་ཡོངས་སུ་བརྟག་པ་དང་། ཡོངས་སུ་དཔྱད་པ་གྱིས་ཤིག །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་དག་ལ་བསླབས་ཏེ། སྐྱེ་བ་གཉིས་པ་དེ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་པའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཅིག་ལས། ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་སྟེ་སུམ་བཅུ་རྩ་གཉིས་པ་དང་། ཏིང་ངེ་འཛིན་བཅུའི་ལེའུ་སྟེ་སུམ་བཅུ་རྩ་གསུམ་པ་དང་། མངོན་པར་ཤེས་པའི་ལེའུ་སྟེ་སུམ་བཅུ་རྩ་བཞི་པ་དང་། བཟོད་པའི་ལེའུ་སྟེ་སུམ་བཅུ་རྩ་ལྔ་པ་དང་། སེམས་ཀྱི་རྒྱལ་པོས་དྲིས་ནས་གྲངས་ལ་འཇུག་པ་བསྟན་པའི་ལེའུ་སྟེ་སུམ་བཅུ་རྩ་དྲུག་པ་དང་། ཚེའི་ཚད་ཀྱི་ལེའུ་སྟེ་སུམ་བཅུ་རྩ་བདུན་པ་དང་། བྱང་ཆུབ་སེམས་དཔའི་གནས་ཀྱི་ལེའུ་སྟེ་སུམ་བཅུ་རྩ་བརྒྱད་པ་དང་། སངས་རྒྱས་ཀྱི་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་རྩ་དགུ་པ་དང་། དེ་བཞིན་གཤེགས་པའི་སྐུའི་མཚན་རྒྱ་མཚོ་བསྟན་པའི་ལེའུ་སྟེ་བཞི་བཅུ་པ་དང་། དཔེ་བྱད་བཟང་པོའི་འོད་ཟེར་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི། རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་མཐར་ཐུག་གཅིག་ཏུ་སྟོན་པ་ཡིན་ནོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །ཀུན་བཟང་སྤྱོད་པ་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།

(༢༧)སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོའི་སྐབས་དྲུག་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་པར་གཏོགས་པ་འདི་ཕུན་སུམ་ཚོགས་པ་ལྔ་ལས། བྱིན་གྱིས་རློབ་པའི་སྟོན་པ་པོ་ནི། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས། རྣམ་པར་སངས་རྒྱས་པའི་previous hit དགོངས next hit་མངའ་བ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་ཐམས་ཅད་དང་སྐུ་གཅིག་པས་མཉམ་པ་ཉིད་བརྙེས་པ། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་མཉམ་པ་ཉིད་དང་ལྡན་པ། ཆགས་པ་མེད་པའི་སྤྱོད་ཡུལ་མངོན་པར་མཁྱེན་པ། ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་སྐུ་མངའ་བ། མཚན་ཉིད་ཡོད་ནས་མེད་པའི་ཆོས་ལ་བརྟེན་པ། ཆོས་ཀྱི་དབྱིངས་མི་གཉིས་པའི་སྤྱོད་ཡུལ་གྱིས། ཡང་དག་པར་སྤྱོད་པ་མཐའ་དང་དབུང་མེད་ཅིང་མཚུངས་པའི་མངོན་པར་འཚང་རྒྱ་བ་བརྙེས་པ། རྣམ་པར་ཐར་པ་སྒྲིབ་པ་མེད་པའི་སྤྱོད་ཡུལ་ལ་ཤིན་ཏུ་དགྱེས་པ་ཆོས་ཀྱི་མཐའ་ཀླས་པ་མངའ་བ་ཞེས་པས་བསྟན་ཏོ། །གནས་ནི། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་ཕོ་བྲང་ཁང་པ་བརྩེགས་པའི་གཞལ་མེད་ཁང་དེ་བཞིན་གཤེགས་པ་བཞུགས་པ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཅན་འོད་ཀུན་ནས་འབྱུང་པ། རྒྱན་ཆེན་པོ་དང་ལྡན་པ་འོད་དང་ཞིང་གསལ་བ། རྣམ་པར་སྣང་བའི་སྙིང་པོ་ཅན། སངས་རྒྱས་སྐྱེ་བ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་གནས། བྱང་ཆུབ་སེམས་དཔའི་ལུས་ལས་བྱུང་པ། གཞི་འོད་ཟེར་གྱི་རྣམ་པར་རྒྱན་པ་བྱང་ཆུབ་སེམས་དཔའི་ལུས་རང་བཞིན་དུ་གནས་པས་རབ་ཏུ་བསྒྲུབས་པའི་ཆོས་ཆེན་པོའི་གཞིར་གྱུར་པ། ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པ། དེ་བཞིན་གཤེགས་པའི་འོད་དང་ལྡན་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ། ཡེ་ཤེས་ཀྱི་ཡུལ་ཡང་དག་པའི་མཐའ་སྤྱོད་ཡུལ་ཆགས་པ་མེད་པ་རྣམ་པར་རྩལ་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་བཟང་པོའི་པད་མ་ཆེན་པོ་རང་རང་གི་སྨོན་

(༢༨)ལམ་གྱིས་བྱུང་པའི་དབུས་ཀྱི་སྙིང་པོ་ལ་འཁོད་པ། ཀུན་ཀྱང་ཚེ་གཅིག་གིས་ཐོགས་པ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་བཅུ་མི་འཇིགས་པའི་སེང་གེའི་ང་རོ་ཆེན་པོས་རྣམ་པར་བརྩེ་བས་མངོན་པར་ཤེས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པས་ཞུ་བར་བསྐུལ་ཏེ་ཞུས་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས། དེ་བཞིན་གཤེགས་པ་འབྱུང་པ་ཞེས་བྱ་བའི་འོད་ཟེར། འོད་ཟེར་གྱི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོའི་འོད་ཟེར་དང་ལྡན་པ་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་མ་ལུས་པ་སྣང་པར་བྱས། འཇིག་རྟེན་གཡས་ཕྱོགས་སུ་ལན་གསུམ་བསྐོར་ཏེ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་བསྟན་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྐུལ་བ་བྱས་ཏེ་ཞེས་པ་ནས། དྲང་སྲོང་ཆེན་པོའི་སྤྱོད་ཡུལ་འདི་དག་བསྟན་ཅིང་། ཡང་དག་མ་ནོར་བརྗོད་པར་ནུས་པ་གང་ལགས། སྐྱེས་བུ་ཁྱུ་མཆོག་རྣམས་ཀྱི་སྲས་ནི་གང་ལགས། འཇིག་རྟེན་མགོན་གྱི་གཙོ་བོ་ཁྱོད་ཀྱིས་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་ཀྱིས་བསྐུལ་བའི་སྟོན་པ་ནི། ཚིགས་སུ་བཅད་པ་དེ་དག་གསོལ་མ་ཐག་ཏུ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་མི་བསྙེངས་པའི་མཐར་ཕྱིན་པ་ཞེས་བྱ་བའི་འོད་ཟེར་འཁོར་གྱི་འོད་ཟེར་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དང་ལྡན་པ་བྱུང་སྟེ་ཞེས་པ་ནས། དེ་བཞིན་གཤེགས་པའི་འོད་ཟེར་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་རེག་པར་གྱུར་མ་ཐག་ཏུ་དེ་ནས་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་ལུས་ཀྱི་སེང་གེའི་

(༢༩)ཁྲི་སྔོན་ཅི་འདྲ་བ་དེ་ལས་བྱང་ཆུབ་སེམས་དཔའི་ལས་སེང་གེའི་ཁྲི་བརྒྱ་ཕྲག་སྟོང་གྱུར་དུ་བཟང་ཞིང་ཁྱད་པར་དུ་འཕགས་པ་འདུག་སྟེ། དེ་བཞིན་གཤེགས་པའི་སེང་གེའི་གདན་མ་གཏོགས་བྱང་ཆུབ་སེམས་དཔའ་གཞན་གྱི་ལུས་ཀྱི་སེང་གེའི་ཁྲི་ལས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱི་སེང་གེའི་ཁྲི་བརྒྱ་ཕྲག་སྟོང་གྱུར་དུ་བཟང་ཞིང་ཁྱད་པར་དུ་འཕགས་པར་སྣང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་པའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། དེ་བས་རྒྱལ་སྲས་རང་བཞིན་དག་པ་ཁྱོད་ཀྱིས་བཤད་མཛོད། དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཡང་ཡོངས་སུ་སྟོན་ཅིག །བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཐལ་མོ་སྦྱར་ཏེ། ཡངས་པའི་ཆོས་ཀྱིས་སྐོམ་ཞིང་ཆོས་ལ་དོན་གཉེར་གནས་སོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པས་ཆོས་བསྟན་པ་དངོས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པའི་རིགས་སུ་བྱུང་པ་ལ་དམིགས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བ་འབྱུང་བ་བསྟན་པ། ཚད་མེད་པའི་ཆོས་ཀྱིས་བྱུང་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་གནས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ནི། རྒྱུ་གཅིག་མ་ཡིན་པ་དང་། རྐྱེན་ཅིག་མ་ཡིན་པས་ཡང་དག་པར་འགྲུབ་པོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་ཆོས་རྣམས་ཐ་དད་པ་བརྒྱ་སྟོང་ཚད་མེད་གྲངས་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཚུལ་ཡང་དག་པར་བསྒྲུབ་པའི་རྒྱུས་

(༣༠)དེ་བཞིན་གཤེགས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་དེ་ཉིད་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་རིགས་སུ་སྐྱེས་པས་ཇི་ལྟར་བསླབ་པར་བྱ་བའི་ཆོས་རྒྱ་ཆེར་བསྟན་པ་རྣམས། ཉམས་སུ་བླངས་ཏེ་ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱ་བའོ། །བསྡུས་པའི་དོན་ནི། དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་པར་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པ་བསྟན་ཅིང་དེའི་དོན་ནི། དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བའི་ཆོས་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ལྟར་ཡོད་པའི་སྒོ་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་བརྗོད་པ་མཉན་དུ་ཡོད་པའི་སྒོ་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱ་བའི་སྒོ་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡོངས་སུ་ཤེས་པར་བྱ་བ་སྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར།། ༈ །།བྱང་ཆུབ་པ་ཁོང་དུ་ཆུད་པར་བྱ་བ་སྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་ཇི་ལྟ་བུར་ཁོང་དུ་ཆུད་པར་བྱ་བ་བསྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་བར་བསྟན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་པ་དང་། ཐོས་པ་དང་། དེ་དག་དང་འགྲོགས་པས་དགེ་བའི་རྩ་བ་སྐྱེ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བུར་ཁོང་དུ་ཆུད་པར་བྱ་བ་བསྟན་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བུ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པས་འགྲོ་བ་རྣམས། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཏེ། རྒྱལ་བ་ཉིད་དུ་སྐྱེས་ནས་ནི། འགྲོ་ཀུན་སྐྱབས་གནས་བྱེད་གྱུར་ཅིག།

(༣༡)སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་དུ་རྒྱས་པ་ཆེན་པོའི་མདོའི་སྐབས་བདུན་པ་འཇིག་རྟེན་ལས་འདས་པར་གཏོགས་པ་འདི་བྱིན་གྱིས་རློབ་པའི་སྟོན་པ་ནི། བཅོམ་ལྡན་འདས་ཤིན་དུ་རྣམ་པར་སངས་རྒྱས་པའི་previous hit དགོངས next hit་མངའ་བ་མི་གཉིས་པ་ལ་ཡང་དག་པར་སྤྱོད་པ་མཚན་ཉིད་མེད་པའི་ཆོས་ལ་རབ་ཏུ་བསྟེན་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པའི་སྒྲིབ་པ་མེད་པར་ཐུགས་སུ་ཆུད་པར་གཏོགས་པའི་ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་སྤྱོད་ཡུལ་ལ་འཕྲོགས་པ་མེད་པ་དུས་གསུམ་རྣམ་པར་དགོད་པ་བསམ་གྱིས་མི་ཁྱབ་པ་ལ་མཉམ་པ་ཉིད་དུ་བྱུང་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤིན་དུ་ཁྱབ་པའི་སྐུ་མངའ་བ། ཆོས་ཐམས་ཅད་ལ་ཐེ་ཚོམ་མི་མངའ་བའི་ཡེ་ཤེས་ཅན་སྤྱོད་པ་ཐམས་ཅད་དང་ལྡན་པའི་previous hit དགོངས next hit་མངའ་བ། ཆོས་ཀྱི་ཡེ་ཤེས་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་དང་ལན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་ནོད་པའི་ཡེ་ཤེས་ཅན་སངས་རྒྱས་ཀྱི་སྤྱོད་པ་མི་གཉིས་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་བརྙེས་པ། དེ་བཞིན་གཤེགས་པ་རྣམ་པར་ཐར་པ་ཐ་མི་དད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་སངས་རྒྱས་ཀྱི་ས་མཐའ་དང་དབུས་མེད་པའི་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱི་ཀླས་པ་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ། སངས་རྒྱས་ཀྱི་སྤྱོད་པས་རྣམ་པར་དཔྱོད་ཅིང་ཞེས་པས་བསྟན་ཏོ། །གནས་ནི། ཡུལ་མ་ག་དའི་ཆོས་ཀྱི་དགོན་པའི་སྙིང་པོ་བྱང་ཆུབ་ལ་ཕོ་བྲང་འོད་ཀུན་ནས་འབྱུང་བ་ན། གདན་སེང་གེའི་ཁྲི་པད་མོའི་སྙིང་པོ་ལ་བཞུགས་ཤིང་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཚེ་གཅིག་གིས་ཐོགས་པ། འཇིག་རྟེན་གྱི་ཁམས་གཞན་དང་། གཞན་ནས་ལུས་པ་

(༣༢)ཀུན་ཀྱང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚུལ་ཐམས་ཅད་རབ་ཏུ་ཐོབ་པ་ཤ་སྟག་སྟེ་ཞེས་པ་ནས། བྱང་ཆུབ་སེམས་དཔའི་ལས་ཀྱི་སྒྲིབ་པ་ཐམས་ཅད་རབ་ཏུ་སེལ་པ་ཆོས་ཀྱི་དབྱིངས་བསྒྲིབ་པ་མེད་པ་ལ་ཤིན་དུ་ཞུགས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དེའི་ཚེ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པ་ནས། དེ་ལྟར་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་མ་ལུས་པ་ཐམས་ཅད་དུ་བསྐྱོད་དེ། དབྱངས་ཀྱིས་མངོན་པར་གོ་བར་བྱས་ནས་ཏིང་ངེ་འཛིན་དེ་ལས་ལངས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་གྱིས་བསྡུས་དོན་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ཤེས་རབ་ཀྱིས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་འདུས་པར་ཤེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ལེགས་པར་བསྟན་པ་མཛོད་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྒྱུ་མཐུན་པ་ནི་གང་། ངོ་མཚར་གྱི་འདུ་ཤེས་ནི་གང་། སྤྱོད་པ་ནི་གང་། དགེ་བའི་བཤེས་གཉེན་ནི་གང་ཞེས་པ་ནས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་བསྟན་པ་ནི་གང་། དེ་སྐད་ཅེས་སྨྲས་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་དང་། ཚིག་དོན་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ཤེས་རབ་ལ་དམིགས་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་

(༣༣)ཆེན་པོ་རྣམས་ཀྱི་རྒྱུ་འཐུན་པ་ནི། བཅུ་གང་ཞེ་ན། འདི་ལྟར་ཆུད་མི་ཟ་བའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་འཐུན་པ་དང་། རྒྱུད་ཀྱི་ཚུལ་ཅིག་ཏུ་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་གྱི་རྒྱུ་མཐུན་པ་དང་། ཤིན་ཏུ་བསྩགས་པའི་ཕྱིར་དགེ་བའི་རྩ་བ་རྒྱུ་འཐུན་པ་དང་། ནན་ཏན་དུ་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་པ་དང་། འབྱུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རྒྱུ་འཐུན་པ་དང་། བྱང་ཆུབ་རྟན་པའི་ཕྱིར་སྨོན་ལམ་གྱི་རྒྱུ་མཐུན་པ་དང་། རྒྱ་ཆེན་པོ་ཡང་དག་པར་སྩགས་པའི་ཕྱིར་སྤྱོད་པའི་རྒྱུ་འཐུན་པ་དང་། ཚུལ་གཅིག་ཏུ་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྒྱུ་འཐུན་པ་དང་། སེམས་རབ་ཏུ་དང་བའི་ཕྱིར་སངས་རྒྱས་མཆོད་པ་རྒྱུ་འཐུན་པ་དང་། ཕ་ལྟ་བུར་བརྗོད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དང་རྒྱུ་འཐུན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་འཐུན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་ཤེས་རབ་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་དྲིས་པའི་དོན་རྣམས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དོན་རེ་རེའང་དོན་བཅུ་བཅུའི་སྒོ་ནས་ཇི་ལྟར་བསྟན་པ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས། གནས་སྐབས་སུ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་རྫོགས་པ་དང་། མཐར་ཐུག་ཏུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོབ་པའོ། །ལེའུ་བཞི་བཅུ་རྩ་གཉིས་པའོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་མཐར་ཐུག་གཅིག་ཏུ་སྟོན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། །ཀུན་ཏུ་བཟང་པོས་བསྟན་པ་ལྟར། །བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། །འགྲོ་ཀུན་སངས་རྒྱས་འཐོབ་པར་ཤོག། །།

(༣༤)སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་དུ་རྒྱས་པ་ཆེན་པོའི་མདོའི་སྐབས་བརྒྱད་པ་སྡོང་པོ་བཀོད་པར་རྟོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་མཛེ་ཏའི་ཚལ་སྐྱབས་མེད་པ་ལ་ཟས་སྦྱིན་པའི་ཀུན་དགའ་ར་བའི་ནང་ན་ཕོ་བྲང་བརྩེགས་པ་རྒྱ་མཚོ་ཅན་ན་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་ལ་སོགས་འདི་ལྟ་སྟེ་ཞེས་པ་ནས། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་ཙམ་སྟེ་ཞེས་པའི་བར་དང་། ཡང་ཆོས་དབྱིངས་ཐམས་ཅད་དུ་འོད་ཟེར་གྱི་དྲ་བས་རྒྱས་པར་འགེངས་པས་ནམ་མཁའ་དང་མཉམ་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་ཏོ། །ཉན་ཐོས་ཀྱི་དགེ་འདུན་ནི། ཉན་ཐོས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ལྔ་བརྒྱ་སྟེ་ཞེས་པ་ནས། སངས་རྒྱས་ཀྱི་ཡེ་ཤེས་རྒྱ་མཚོ་ལ་མོས་པའི་ལམ་དུ་ཞུགས་པ་ཤ་སྟག་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། འཇིག་རྟེན་དབང་པོ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། འགྲོ་བ་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་དུ་ཞུགས་པ་ཞེས་པ་ནས། ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་མོས་པ་དང་ཤ་སྟག་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་དེ་དག་དང་། ཉན་ཐོས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་དེ་དག་དང་། འཇིག་རྟེན་གྱི་དབང་པོ་འཁོར་དང་བཅས་པ་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པའི་ཡུལ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་། དེ་བཞིན་གཤེགས་པའི་སྟོབས་དང་། དེ་བཞིན་གཤེགས་པའི་མི་བསྙེངས་པ་དང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པའི་རྣམ་པར་

(༣༥)སྤྱོད་པ་དང་། དེ་བཞིན་གཤེགས་པའི་མངའ་ཐང་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས་པའི་མཐུ་དང་། དེ་བཞིན་གཤེགས་པའི་སྨོན་ལམ་དང་། སྔོན་ལེགས་པར་སྤྱད་པའི་དགེ་བའི་རྩ་བ་དང་། དགེ་བའི་བཤེས་གཉེན་གྱི་སྐྱབས་དང་། དད་པའི་མིག་ཡོངས་སུ་དག་པ་དང་། རྒྱ་ཆེན་པོ་ལ་མོས་པའི་སྣང་བ་རབ་ཏུ་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། བསམ་པ་ཐག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ཅིང་ཡང་དག་པར་ཞུགས་པ་མ་གཏོགས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འཇུག་པའམ། ཡིད་ཆེས་པའམ། ཡོངས་སུ་ཤེས་པའམ། རྣམ་པར་རྟོགས་པའམ། གཟུང་པའམ། རྣམ་པར་དཔྱད་པའམ། རྣམ་པར་སྒོམ་པའམ། རྣམ་པར་དབྱེ་བའམ། རྣམ་པར་འགྲེལ་པའམ། རབ་ཏུ་བརྗོད་པའམ། སེམས་ཅན་ཕ་རོལ་གྱི་རྒྱུད་དུ་ཕྱིན་པར་བྱ་བ་ནི་མི་ནུས་ན། བཅོམ་ལྡན་འདས་ཉིད་ཀྱིས་བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་པའི་ཚུལ་ཇི་ལྟ་བ་དང་། སེམས་ཅན་བསམ་པ་རྣམས་པ་ཐ་དད་པ་དང་། མོས་པ་སྣ་ཚོགས་དང་། ཤེས་པ་སྣ་ཚོགས་ཀྱིས་ཚིག་དང་བརྡ་སྣ་ཚོགས་སུ་གྱུར་པ། དབང་བསྒྱུར་བའི་ས་གཞན་དང་གཞན་ལ་གནས་པ། དབང་པོ་སྣ་ཚོགས་སུ་རྣམ་པར་དག་པ་བསམ་པ་དང་སྦྱོར་བ་རྣམ་པ་གཞན་དང་གཞན་ཅན། སེམས་དང་བསམ་པའི་ཡུལ་གཞན་དང་གཞན་ཅན། དེ་བཞིན་གཤེགས་པའི་ཡོན་ཏན་གཞན་དང་གཞན་ལ་གནས་པ། ཆོས་བསྟན་པ་གཞན་དང་གཞན་ལ་མོས་པ་དག་ལ་སྔོན་ཐམས་ཅད་མཁྱེན་པ་ཉིད་དུ་ཞུགས་པའང་ཡང་དག་པར་བསྟན་གྲང་ཞེས་པ་ནས། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པ་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་སྙམ་པ་དང་། ཞེས་པའི་བར་གྱིས་

(༣༦)བསྟན་ཏོ། །སྟོན་པས་ཆོ་འཕྲུལ་གསུམ་གྱིས་སྒོ་ནས་འཁོར་གསར་དུ་བསྡུས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། སེང་གེ་རྣམ་པར་བགྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནམ་མཁའ་དང་མཉམ་པས་དཔེ་མེད་པ། འགྲོ་བ་ཐམས་ཅད་དུ་རྣམ་པར་སྣང་པའི་རྒྱན་དང་ལན་པ་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན། ཐུགས་རྗེ་ཆེན་པོའི་སྒོ་དང་ལྡན་པ། ཐུགས་རྗེ་ཆེན་པོའི་སྔོན་དུ་འགྲོ་བ། ཐུགས་རྗེ་ཆེན་པོའི་ཆོས་ཅན་ལ་མཉམ་པར་གཞག་གོ་ཞེས་པ་ནས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གིས་མཛེ་ཏའི་ཚལ་ཐམས་ཅད་ཡོངས་སུ་རྒྱས་པར་གྱུར་ཀྱང་། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་། མཽ་འགལ་གྱི་བུ་དང་། འོད་སྲུངས་ཆེན་པོ་དང་། ནམ་གྲུ་དང་། རབ་འབྱོར་དང་། འགག་མེད་དང་། མོས་པ་དང་། ཀ་ཏའི་བུ་དང་། བྱམས་གང་གི་བུ་ལ་སོགས་པ་འཛེ་ཏའི་ཚལ་ན་འཁོད་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དེ་དག་མ་མཐོང་ངོ་། །སངས་རྒྱས་ཀྱི་རྒྱན་དེ་དག་དང་། སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་དང་། སངས་རྒྱས་ཀྱི་མངའ་ཆེན་པོ་དང་། སངས་རྒྱས་ཀྱི་སྤྱོད་པའི་རྣམ་པར་འཕྲུལ་པ་དང་། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། སངས་རྒྱས་ཞིང་ཡོངས་སུ་དག་པ་ཡང་མ་མཐོང་ངོ་ཞེས་པའི་བར་དང་། ཡང་དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་རྣམ་པར་འཕྲུལ་པ་ཡང་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དགེ་བའི་རྩ་བ་མི་མཚུངས་པའི་ཕྱིར་ཏེ། དེ་དག་གིས་ནི་སྔོན་གྱི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་རྒྱུར་འགྱུར་བའི་དགེ་བའི་རྩ་བ་མ་བསགས་སོ་ཞེས་པ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རབ་ཏུ་སྣང་བ་ལ་བྱེད་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བའི་དོན་དུ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཁམས་དང་། རྒྱལ་པོའི་གནས་

(༣༧)དག་ཏུ་ཕྱིན་པར་སྣང་ངོ་ཞེས་པའི་བར་གྱིས་རྒྱ་ཆེར་བསྟན་ཏོ། །གླེང་གཞི་གཉིས་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། གནས་མེད་པའི་ཁང་པ་བརྩེགས་པ་ན་འདུག་འདུག་པ་ལས། སྐལ་པ་འཐུན་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། རྟག་ཏུ་ཕྱི་བཞིན་འབྲང་པའི་ལག་ན་རྡོ་རྗེ་དག་དང་། འཇིག་རྟེན་ཐམས་ཅད་ཀྱི་ཁམས་བལྟ་བ་ལ་བརྩོན་ཞིང་། སངས་རྒྱས་ཐམས་ཅད་བསྙེན་བཀུར་བའི་སྨོན་པའི་སེམས་དང་ལྡན་པའི་ལུས་ཀྱི་རིས་སུ་གཏོགས་པའི་ལྷ་དག་དང་། སྔོན་གྱི་སྨོན་ལམ་གྱི་རྗེས་སུ་འབྲངས་པའི་རྐང་གིས་འགྲོ་བའི་རིས་སུ་གཏོགས་པའི་ལྷ་དང་། ཆོས་མཉན་པ་ལ་མངོན་པར་མོས་པའི་ལྷ་དང་། སྙིང་རྗེ་ཆེན་པོ་ལ་བརྩོན་པའི་ལུ་མ་དང་། མཚོ་དང་། འཚེའུ་དང་། རྫིང་དང་། ཁྲོན་པ་དང་། ཆུ་ཀླུང་གི་ལྷ་དག་དང་ཤེས་རབ་ཀྱི་འོད་སྣང་བས་རབ་ཏུ་གསལ་བའི་མེ་ལྷ་དག་དང་ཞེས་སོགས་ནས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། སྐྱིད་པའི་འབྱུང་གནས་ཀྱི་གྲོང་བརྡལ་ནས། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་འདུས་ཏེ་འཁོད་པར་ཤེས་ནས། བསམ་པ་ཇི་ལྟ་བ་བཞིན་དུ་བསྟན་པའི་བྱིན་གྱིས་ཟིལ་གྱིས་བསྣན་ཏེ། བྱམས་པ་ཆེན་པོའི་བྱིན་གྱིས་སིམ་པར་བྱས་ནས། སྙིང་རྗེ་ཆེན་པོའི་བྱིན་གྱིས་ཆོས་བསྟན་པ་མངོན་པར་བསྒྲུབས་དེ། ཡེ་ཤེས་ཀྱིས་བྱིན་གྱིས་སེམས་དང་བསམ་པ་རྣམ་པར་ཕྱེ་ནས་ཐ་དད་པ་ཡང་དག་པར་ཤེས་པ་ཆེན་པོས་ཆོས་བསྟན་པས་དགའ་སྟེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་བལྟས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཚོང་དཔོན་གྱི་བུ་ནོར་བཟངས་སྐྱེས་པའི་ཚུལ་བསྟན་པ་ནི། ཚོང་དཔོན་གྱི་བུ་ནོར་བཟངས་ཤེས་བྱ་བ། ཅིའི་ཕྱིར་ནོར་བཟངས་ཞེས་བྱ་ཞེ་ན། ཚོང་དཔོན་གྱི་བུ་ནོར་བཟངས་ཞེས་བྱ་བ་ཐོག་མ་མའི་མངལ་དུ་ཞུགས་མ་ཐག་ཏུ་ཁྱིམ་དེའི་འཁོར་ཀུན་ནས་རྣམ་པར་ཕྱེ་བར་རིན་པོ་ཆེ་བར་རིན་པོ་ཆེ་སྣ་བདུན་གྱི་སྡོང་པོ་འཐོང་པར་གྱུར་ཏོ། །རིན་པོ་ཆེའི་སྡོང་པོ་དེ་དག་གི་འོག་ན་རིན་པོ་ཆེའི་གཏེར་བདུན་ཞིག་ཡོད་དོ།།གསེར་དང་

(༣༨)དངུལ་དང་། བཻཌཱུརྱ་དང་ཤེལ་དང་། མུ་ཏིག་དམར་པོ་དང་། ཨསྨ་གར་བ་དང་། མུ་ས་ལ་གརྦ་དང་། རིན་པོ་ཆེ་བདུན་གྱིས་རིན་པོ་ཆེའི་སྡོང་པོ་དག་ཀྱང་གཏེར་དེ་ནས་སྐྱེས་ཏེ། ས་གཞི་རྟོལ་ནས་མངོན་པར་འཐོན་པར་གྱུར་ཏོ། །དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་ཏེ། ཟླ་བ་བཅུ་ལོན་ནས་བཙས་པ་དང་། དེའི་ཚེ་གཏེར་ཆེན་པོ་དེ་དག་ཀྱང་མཆུ་ཞེང་དང་རྔམས་སུ་ཁྲུ་བདུན་ཙམ་དུ་སའི་སྟེང་ནས་མངོན་པར་འཕགས་ཏེ། སྣང་བར་བྱུང་ནས་རྣམ་པར་སྣང་ཞིང་མཛེས་པར་གྱུར་ཏོ། །ཁྱིམ་དེར་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་ལྔ་བརྒྱ་ཡང་བྱུང་བར་གྱུར་ཏེ། འདི་ལྟར་མར་གྱི་སྣོད་དང་། ཏིལ་མར་གྱི་སྣོད་དང་། སྦྲང་རྩིའི་སྣོད་དང་། མར་སར་གྱི་སྣོད་དང་། གཞན་དག་ཀྱང་སོ་སོ་ནས། ཡོ་བྱད་སྣ་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་གང་བ་དག་སྟེ། འདི་ལྟ་སྟེ། རྡོ་རྗེའི་སྣོད་སྤོས་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། སྤོས་ཀྱི་སྣོད་གོས་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། མན་ཤེལ་གྱི་སྣོད་ཁ་ཟས་དང་། སྤྱན་གཟིགས་སྣ་ཚོགས་རོ་མཆོག་ཏུ་ཞིམ་པས་ཡོངས་སུ་གང་བ་དང་། ནོར་བུའི་སྣོད་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། གསེར་གྱི་སྣོད་དངུལ་སིལ་མས་ཡོངས་སུ་གང་བ་དང་། དངུལ་གྱི་སྣོད་གསེར་གྱི་ཕྱེ་མས་ཡོངས་སུ་གང་བ་དང་། འཕྲ་མེན་གྱི་སྣོད་ནོར་བུ་རིན་པོ་ཆེ་བཻཌཱུརྱས་ཡོངས་སུ་གང་བ་དང་། ཤེལ་གྱི་སྣོད་མུ་ས་ལ་གརྦས་ཡོངས་སུ་གང་བ་དང་། མུ་ས་ལ་གརྦའི་སྣོད་རིན་པོ་ཆེ་ཤེལ་གྱིས་ཡོངས་སུ་གང་བ་དང་། ཨསྨ་གརྦའི་སྣོད་མུ་ཏིག་དམར་པོས་ཡོངས་སུ་གང་བ་དང་། མུ་ཏིག་དམར་པོའི་སྣོད་ཨསྨ་གརྦས་ཡོངས་སུ་གང་བ་དང་། ནོར་བུ་རིན་པོ་ཆེ་སྐར་མའི་རྒྱ་མཚན་གྱི་སྣོད་ནོར་བུ་རིན་པོ་ཆེ་ཆུ་དངས་ཀྱིས་ཡོངས་སུ་གང་བ་དང་། ནོར་བུ་རིན་པོ་ཆེ་ཆུ་དངས་ཀྱི་སྣོད་ནོར་བུ་རིན་པོ་ཆེ་སྐར་མའི་རྒྱལ་མཚན་གྱིས་ཡོངས་སུ་གང་བ་དང་། དེ་དག་ལ་སོགས་པ་རིན་པོ་ཆེའི་སྣོད་ལྔ་བརྒྱ་འཐོན་པར་གྱུར་ཏོ། །ཚོང་དཔོན་གྱི་བུ་ནོར་བཟངས་དེ་བཙས་མ་

(༣༩)ཐག་ཏུ་ཁྱིམ་དང་བང་པ་དང་། མཛོད་ཐམས་ཅད་དུ་ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་མངོན་པར་བབ་པར་གྱུར་ཏོ། །དེ་ལ་བྲམ་ཟེས་ལྟས་པ་དང་།།ཕ་དང་མ་དང་། གཉེན་གྱི་ཚོགས་ཀྱིས་འདི་བཙས་མ་ཐག་ཏུ་ནོར་མང་པོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་པས་ན། ནོར་བཟངས་ནོར་བཟངས་ཞེས་བྱ་བ་ལྟར་མིང་དུ་བཏགས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་དེ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་སོ། །དགེ་བའི་རྩ་བ་བསྐྱེད་དོ། །མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བའི་བསམ་པ་ཅན་ནོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པའོ། །བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱང་བ་ལ་རབ་ཏུ་བརྩོན་པའོ། །ཐམས་ཅད་མཁྱེན་པ་ལ་མངོན་པར་མོས་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་གྱུར་པའོ། །བསམ་པ་ནམ་མཁའ་ཡོངས་སུ་དག་པའོ། །བྱང་ཆུབ་ཀྱི་སེམས་ཆགས་པ་མེད་པར་ཡོངས་སུ་རྫོགས་པའོ་ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པས་ཆོས་བསྟན་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་བལྟས་ཏེ། དགའ་བའི་གཏམ་བྱས་ནས། དེ་ལ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་རྒྱན་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་གཟུགས་ཀྱི་སྐུའི་མཚན་དང་། དཔེ་བྱད་བཟང་པོ་རྣམ་པར་དག་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱིས་ཡོངས་སུ་གྲུབ་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་གསུང་པ་ཉིད་རྣམ་པར་ཕྱེ་བ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་རྒྱན་རྣམ་པར་དག་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ལས་ཀྱང་བརྩམས་ཏེ། ཆོས་བསྟན་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཚོང་

(༤༠)དཔོན་གྱི་བུ་ནོར་བཟངས་དང་། སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་དང་འཐུན་པའི་གཏམ་གྱིས་བསྟན་ཏེ། ཡང་དག་པར་བཀུལ་ནས་སྤྲོ་བ་བསྐྱེད་དེ། ཡང་དག་པར་དགའ་བར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཙུད་དེ། སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་དྲན་པར་བྱས་ནས། སྐྱིད་པའི་འབྱུང་གནས་ཀྱི་གྲོང་བརྡལ་དེའི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས་བྱིན་གྱིས་བརླབས་ཏེ། བདེ་བར་བྱས་ནས་དེར་སོང་ངོ་ཞེས་སོགས་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་མཉེས་པར་བྱས་ནས་ཐེག་པ་ཆེན་པོ་ལ་བསླབས་པའི་རྗེས་སུ་འབྲངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། འཇམ་དཔལ་གྱི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བརྩམས་ཏེ། ཀུན་ཏུ་བཟང་པོའི་རྣམ་ཐར་གྱི་རྗེས་སུ་བསླབས་པའི་བར་གྱིས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཐའ་དག་གི་རྗེས་སུ་བསླབས་པའི་ཚུལ་བསྟན་པ་སྟེ། བཟང་པོ་སྤྱོད་པ་ལས། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་གསུངས་པ་ལྟར། འཇམ་དཔལ་ནས་ཀུན་ཏུ་བཟང་པོའི་བར་གྱི་བླ་མ་རྣམས་ནི། འཕགས་པ་འཇམ་དཔལ་དང་། དེས་ལུང་བསྟན་པའི་དགེ་སློང་སྤྲིན་གྱི་དཔལ་དང་། དགེ་སློང་རྒྱ་མཚོའི་སྤྲིན་དང་། དགེ་སློང་ཤིན་དུ་བརྙན་པ་དང་། དྲ་བྱི་ལ་སྤྲིན་ཞེས་བྱ་བ་དང་། ཚོང་དཔོན་བཏང་བརྗོད་ཅེས་བྱ་བ་དང་། དགེ་སློང་རྒྱ་མཚོའི་རྒྱལ་མཚན་དང་། དགེ་

(༤༡)བསྙེན་མ་ཡིད་བཞིན་དང་། དྲང་སྲོང་འཇིགས་མཆོག་དབྱངས་དང་། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་དང་། རྒྱལ་པོ་སེང་གེ་དཔལ་གྱི་བུ་མོ་བྱམས་མ་དང་། དགེ་སློང་བལྟ་ན་སྡུག་པ་དང་། དགེ་བསྙེན་མ་ཕུལ་དུ་བྱུང་པ་དང་། ཁྱིམ་བདག་མཁས་པ་དང་། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་དང་། སྤོས་འཚོང་ཀུན་ཏུ་བལྟ་བ་དང་། རྒྱལ་པོ་མེ་ཞེས་བྱ་བ་དང་། རྒྱལ་པོ་འོད་ཆེན་པོ་དང་། རྒྱལ་པོ་གནས་བརྟན་དང་། དགེ་བསྙེན་མ་མི་གཡོ་བ་དང་། ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་དང་། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལ་དང་། མཉན་པ་དཔའ་བོ་དང་། ཚོང་དཔོན་རྒྱལ་བའི་དམ་པ་དང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་མ་དང་། བཅོམ་པ་མོ་ལྷའི་བཤེས་གཉེན་དང་། ཁྱིམ་བདག་ནན་ཞུགས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་དང་། ལྷ་ཆེན་པོ་དང་། སའི་ལྷ་མོ་བརྟན་མ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་དང་། རྒྱལ་པོ་ཆོས་རབ་མུ་སྟེར་ཤེས་བྱ་བ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་དང་། རྒྱལ་པོ་ཆོས་རབ་མུ་སྟེགས་ཞེས་བྱ་བ་དང་། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་དང་། མཚན་མོའི་ལྷ་མོ་འགྲོ་བ་རབ་ཏུ་དགའ་བའི་མིག་འགྲོ་བ་རྣམ་པར་སྣང་བ་དང་། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྦྱོང་བའི་དཔལ་དང་། མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དང་། མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པ་དང་། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་འོད་དང་། ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོ་དགའ་བའི་དཔལ་དང་། ཤཱཀྱའི་བུ་མོ་གོ་ས་དང་། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་དང་། ལྷའི་བུ་དྲན་པ་ལྡན་པའི་བུ་མོ་ལྷ་དབང་འོད་དང་། བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་བྱ་བ་དང་། དགེ་བསྙེན་མ་བཟང་མོའི་མཆོག་དང་། ཚོང་དཔོན་གྱི་བུ་མོ་བཟོ་ཤེས་ཤེས་པ་དང་། གསེར་འཚོང་

(༤༢)ཅེས་པ་གཏོང་པ་ཞེས་བྱ་བ་དང་། ཁྱིམ་བདག་ཟླ་བ་བཟང་པོ་དང་། ཁྱིམ་བདག་མི་ཕམ་སྡེ་ཞེས་བྱ་བ་དང་། བྲམ་ཟེ་ཞི་འཛིན་མཆོག་བྱ་བ་དང་། ཁྱེའུ་དཔལ་གྱི་འབྱུང་གནས་ཞེས་བྱ་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་ཀྱིས་རྣམ་ཐར་གྱི་སྒོ་ནས་ཆོས་བསྟན་པ་རྣམས་སོ། །ཚིག་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་མཐར་ཐུག་གཅིག་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པས་འགྲོ་ཀུན་གྱིས། ཚོང་དཔོན་ནོར་བཟངས་ཇི་བཞིན་དུ། བླ་མ་མཐའ་དག་མཉེས་བྱས་ནས། རྒྱ་ཆེན་སྤྱོད་པ་མཐར་ཕྱིན་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་རྩོགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཐོག་མའི་འདུས་པ་བཞི་བཅུ་ཞེ་དགུ་སློབ་དཔོན་བློ་བརྟན་གྱི་ཐུགས་ལ་བཞུགས་པ་ཞུས་པ་ལས། བཀའ་འཁོར་ལོ་གསུམ་ཅི་རིགས་པར་གཏོགས་པ་སྣ་ཚོགས་པ་ཡོད་ནའང་། སྔ་རབས་པས་ཕྱོགས་ཅིག་ཏུ་བཀའ་ཐ་མར་བྱས་པ་འདི་ལ་མདོ་བཞི་བཅུ་ཞེ་དགུ་ལས་ཐོག་མ་སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ། ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོའི་མདོ་འདི་གསུངས་པའི་གནས་དང་གདན་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་པས་མདོར་བསྟན་ཏེ། རི་དེའི་བཀོད་པ་ནི། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ནི་མཐོ་བ། ཟླུམ་པ་གནམ་འཕངས་དང་རྒྱར་ཡངས་པ་ཞེས་པ་ནས། དེ་དག་ལས་པད་མ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་དང་། མེའི་ཁ་དོག་ལྟ་བུ་དང་། གསེར་གྱི་ཁ་དོག་ལྟ་བུ་ཆེ་ཁྱད་ཤིང་རྟའི་འཕང་

(༤༣)ལོ་ཙམ་དག་སྐྱེ་སྟེ། དེ་དག་བཅད་ན་དྲི་ངད་ཕྱོགས་བཞི་ཀུན་ཏུ་དཔག་ཚད་ཙམ་དུ་ལྡང་ངོ་ཞེས་པའི་བར་གྱིས་བསྟན་ཅིང་། གདན་གྱི་བཀོད་པ་ནི། རིའི་རྒྱལ་པོ་དེའི་རྩེ་མོ་ལ་པད་མའི་གདན་ཆེན་པོ་ཨན་རྡ་རྙིལ་གཞན་གྱིས་མི་ཚུགས་པ་རྡོ་རྗེ་ལྟ་བུའི་མཆུ་ཅན་དང་ཞེས་པ་ནས། དེའི་རྣམ་པ་དང་། ཡོན་ཏན་དང་། དབྱིབས་དང་། ཁ་དོག་དང་། བཀོད་པའི་མཐའ་ནི་བསྐལ་པ་གྲངས་མེད་པར་ཡང་གཏོགས་པར་མི་ནུས་པའི་པད་མ་ཆེན་པོ་དེ་ལ་བཅོམ་ལྡན་འདས་སྐྱིལ་མོ་དཀྲུང་བཅས་ནས་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལ་བཞི་ལས། ཐེག་པ་ཐུན་མོང་པའི་སོ་སོ་ཐར་པ་ལ་སློབ་པའི་དགེ་སློང་གི་དགེ་འདུན་ནི། འདི་ལྟར་དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་པ་ལ་འདི་ལྟ་སྟེ། ཚེ་དང་ལྡེན་པ་ཀུན་ཤེས་ཀཽ་དི་ནྱ་དང་། ཞེས་པ་དང་། སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་འཛིན་པར་སྨོན་ལམ་བཏབ་པ། དེ་བཞིན་གཤེགས་པའི་གཏུང་རིགས་འབྱུང་བར་མངོན་དུ་ཕྱོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པ་ཤ་སྟག་གོ་ཞེས་པའི་བར་གྱི་བསྟན་ཏོ། །ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་སློབ་པའི་དགེ་སློང་གི་དགེ་འདུན་ནམ། བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ནི། ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་གཅིག་པ་ལ་འདི་ལྟ་སྟེ་ཞེས་པ་ནས། ཆོས་ཀྱི་དབྱིངས་གནས་པའི་མཐར་ཐུག་པའི་མིག་ཅན། ཆོས་ཐམས་ཅད་མི་དམིགས་པར་གནས་པ་ཐོབ་པ། ཤེས་རབ་རྒྱ་མཚོ་མཐའ་ཡས་རྣམ་པར་རྒྱུ་བ། ཡེ་ཤེས་དམ་པའི་ཕ་རོལ་ཏུ་སོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པས་འགྲོ་བ་མཆོག་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ། ཏིང་ངེ་འཛིན་མཆོག་ལ་དབང་ཐོབ་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །དགེ་སློང་མ་དང་། དགེ་བསྙེན་ཕ་མའི་དགེ་འདུན་ནི། དགེ་སློང་མ་ལྔ་བརྒྱ་དང་ཐབས་གཅིག་པ་ལ་འདི་ལྟ་སྟེ་ཞེས་པ་ནས། མིག་བཟངས་ལ་སོགས། དགེ་བསྙེན་མ་ལྔ་བརྒྱ་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། དེ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཡོངས་སུ་

(༤༤)བསྐོར་ཅིང་མདུན་གྱི་བལྟས་ནས་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཆོས་སྟོན་ཏེ། འདི་ལྟ་སྟེ། སྡོམ་པ་གསུམ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོའི་ལེའུ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ། བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་བརྗོད་པ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྣང་པ། ཆོས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་འདུ་བར་སྣང་བ། ཞིང་གི་དཀྱིལ་འཁོར་ཐམས་ཅད་རྣམ་པར་སྦྱོང་པའི་རྒྱན། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཐོར་བ། བདུད་ཀྱི་རྩོད་པའི་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་འཇོམས་པ། སེམས་ཅན་གྱི་ཁམས་ཐམས་ཅད་ཚིམ་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཐིབས་པོ་།།།སྣང་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་གོ་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་བཞིན་དུ་འཁོར་ལོ་བསྐོར་བར་སྣང་བ་རབ་ཏུ་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་།།།བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཆོས་འཚོལ་བ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་འཚོལ་བ་དེ་དག་གི་ཆོས་ཇི་ལྟ་བུ་དག་ཅིག་ཡང་དག་པར་བླངས་ཏེ་གནས་པར་བགྱི། དེ་དག་ཡོངས་སུ་སྨིན་པར་འགྱུར་བའི་ཆོས་རྣམས་ཇི་ལྟ་བུ་ཞིག་ལགས། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་ཅིང་ཐོབ་པར་འགྱུར་བའི་ཆོས་རྣམས་ནི་ཇི་ལྟ་བུ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་གསུང་བར་ཞལ་གྱིས་བཞེས་ཤིང། ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །འོད་སྲུངས་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་།

(༤༥)འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། འདི་ལྟ་བུའི་གནས་དག་འདྲི་བར་སེམས་པ་ནི་འོད་བསྲུངས་ཁྱོད་ལེགས་སོ་ལེགས་སོ། །འོད་བསྲུངས་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་བསྲུངས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་ཚོལ་བའི་སེམས་ཅན་དེ་ལྟ་བུ་དེ་དག་གིས་དེ་དག་གང་ལ་བརྟེན་ནས་། དགེ་བའི་རྩ་བ་རྣམས་སྐྱེ་བར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔས་སྡོམ་པ་གསུམ་ལ་བསྲུང་སྡོམ་ཚུལ་བཞིན་བྱས་ཏེ་རྫོགས་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་བསྟན་པ་སྟེ། ཟག་མེད་ཀྱི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། སོ་སོ་ཐར་པའི་སྡོམ་པ་ལ་ཡང་། དགེ་སློང་གི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་གསུམ་ཚུལ་བཞིན་དུ་བསྲུང་དགོས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིག་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་གནས་སྐབས་གསུམ་མཐར་ཐུག་གཅིག་གོ །རྒལ་ལན་ནི། འདིར་ཟག་པ་མེད་པའི་སྡོམ་པ་ཇི་ལྟར་བསྟན་ཞེ་ན། ཟབ་མོ་སྟོང་པ་ཉིད་སྒོམ་པ་རྒྱས་པར་བསྟན་པའི་ཕྱིར་རོ། །བསམ་གཏན་གྱི་སྡོམ་པ་ཇི་ལྟར་བསྟན་ཞེ་ན། ཟབ་མོ་སྟོང་པ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་བསྒོམ་པར་བསྟན་པའི་ཕྱིར་རོ། །

(༤༦)སོ་སོ་ཐར་པའི་སྡོམ་པ་ཇི་ལྟར་བསྟན་ཞེ་ན། དགེ་སློང་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་དང་། ཚུལ་ཁྲིམས་ལ་གནས་དགོས་པ་རྒྱས་པར་བསྟན་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སྡོམ་གསུམ་རྣམ་པར་དག་གྱུར་པའི། བྱང་ཆུབ་སྤྱོད་ལ་གནས་བྱས་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་བརྩེགས་པ་ལེའུ་གཉིས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པ་ཞེས་བྱ་བའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་སོ། །སྟོན་པ་ནི། ཡང་དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུ་བར་སྐབས་དབྱེ་བར་ཞུས་ཤིང་། སྟོན་པས་སྐབས་དབྱེ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ཏེ་ཞེས་པ་ནས། བཀོད་པ་མཐའ་ཡས་ཁྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་རྩལ་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་

(༤༧)སེམས་དཔའ་ཆེན་པོ་ཡེ་ཤེས་ཚད་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་ལ་ཡང་དག་པར་རབ་ཏུ་བཞུགས་པ་རྣམས་དང་། གོ་ཅ་ཆེན་པོ་བགོས་པ་རྣམས་ཀྱི་སླད་དུ་དེ་བཞིན་གཤེགས་པ་བདག་ལ་བདག་ཕྱོགས་འགའ་ཞིག་ཡོངས་སུ་ཞུའོ། །ཞེས་པ་ནས། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་བསྟན་པ་འདི་ཐོས་ནས་ཆོས་ཀྱི་སྣང་བ་ཆེན་པོ་སོ་སོར་ཐོབ་པར་འགྱུར་བ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྨིན་པར་འགྱུར་བ་དང་། སྨོན་ལམ་གྱི་ཁྱད་པར་ལ་མཁས་པ་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་བུའི་ཆོས་དག་དེ་བཞིན་གཤེགས་པས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་གསུང་བར་ཞལ་གྱིས་བཞེས་ཤིང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཀོད་པ་མཐའ་ཡས་གང་ཁྱོད་དེ་ལྟར་ཤིན་དུ་དུལ་བའི་བློས་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བ་ནི་ལེགས་སོ་ལེགས་སོ་ཞེས་པ་ནས། བཀོད་པ་མཐའ་ཡས་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་དེ་དག་དང་གཞན་ཡང་ཡོན་ཏན་ཚད་མེད་པ་དག་གིས་མངོན་པར་འཕགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་དག་བཤད་པར་བྱའོ། །བཅོམ་ལྡན་འདས་ལེགས་སོ་ཞེས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་ལ་མཁས་པ་མཐའ་ཡས་པ་མངོན་པར་འདོད་པ་རྣམས་ཀྱིས་དེ་བཞིན་གཤེགས་previous hit ་རྣམས་ཀྱི་དགོངས next hit་པའི་གསང་བའི་ཚིག་ལ་འཇུག་པར་བྱ། ཀུན་ཏུ་གཟུང་པར་བྱ། ངེས་པ་བརྟག་པར་བྱ། ཚུལ་བཞིན་དུ་ཡིད་

(༤༨)ལ་ཉེ་བར་བརྟག་པར་བྱའོ། །ཇི་ལྟར་ཚུལ་བཞིན་དུ་ཉེ་བར་བརྟག་པར་བྱ་ཞེ་ན། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནི་ཇི་ཙམ་དུ་ཡང་དག་པར་བསྡུ་བ་ལ་མཁས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལས་བྱུང་པས་ཡོངས་སུ་མ་དག་པ་ལས་འབྱུང་བ་མེད་དོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་དོན་ནི། བཅོམ་ལྡན་འདས་ཆོས་ཀྱི་སྒོ་འདི་དང་ལྡན་པ་ནི། ཆོས་ཀྱི་སྒོ་ཚད་མེད་པ་མངོན་དུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ་དེ་བཞིན་གཤེགས་པའི་མཐུས་ཆོས་ཀྱི་སྒོ་འདི་ལ་དད་པ་དང་། འདི་ཀུན་འཛིན་པ་དང་། བསྙེན་བཀུར་བྱེད་པ་རྣམས་ལ། ཆོས་ཀྱི་སྒོ་མང་པོ་མངོན་དུ་འགྱུར་རོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱི་ཆོས་ཀྱི་སྒོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་མང་པོའི་མཛོད་འདི་ཀུན་ཟུང་ཤིག །ཀུན་དགའ་བོ་ཆོས་ཀྱི་སྒོ་འདི་བསྟན་པས། འཁོར་འདིའི་ནང་ནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཆོས་ཀྱི་སྣང་བ་ཆེན་པོ་ལ་གནས་པར་འགྱུར་ཏེ། ཆོས་ཀྱི་སྣང་བ་དེས་སངས་རྒྱས་སྟོང་ཕྲག་མང་པོ་རྣམས་ཀྱི་ཆོས་བསྟན་པ་ཡང་མངོན་དུ་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཡང་ཉེ་བར་འགྱུར། སྨོན་ལམ་གྱི་རྒྱུན་ཇི་ལྟ་བུ་འདོད་པ་ཡང་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་རང་བཞིན་ཟབ་མོ་མཚན་མ་མེད་པ་དག །མིང་དང་མཚན་མར་བརྗོད་པས་སྟོན་པར་མཛད་པ་ལ་ལྟོས། ཆོས་ཀྱི་རང་བཞིན་བརྗོད་ཅིང་ལྟ་བ་རྣམ་པར་དག་པར་སྦྱོང་བར་མཛད་ཀྱང་འདི་ལ་ཅུང་ཟད་ཀྱང་སྟོན་པ་མེད་དེ་སྟོན་པར་བྱེད་པ་ཡང་འགའ་ཡང་མེད་དོ། །ཀུན་དགའ་བོ་ཆོས་ཀྱི་སྒོ་འདི་ནི་ཡེ་ཤེས་ཚད་མེད་པ་ཡང་དག་པར་རྩོམ་པ་ཡིན་ཏེ། ཆོས་ཀྱི་སྒོ་འདི་བསྟན་པས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཀྱང་མི་སྐྱེ་བའི་ཆོས་ལ་རབ་ཏུ་རྟོགས་པའི་བཟོད་པ་སྐྱེས་ལ། སེམས་ཅན་དཔག་ཏུ་མེད་

(༤༩)པ་དག་ཀྱང་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། །ཀུན་དགའ་བོ་གང་དག་འདི་ལ་སེམས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཐམས་ཅད་ནི་བསྐལ་པ་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་སྤོབས་པ་མཐའ་ཡས་པ་ཉིད་ལ་ཡང་ངེས་པར་འབྱུང་བར་འགྱུར་རོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ཀྱིས། བཅོམ་ལྡན་འདས་ལ་དྲི་བ་བརྒྱ་རྩ་བརྒྱད་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ལ་ལན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བཀའ་སྩལ་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་པའི་དོན་ཀྱང་། དྲང་དོན་སེམས་ཙམ་དང་འཐུན་ཅིང་། ངེས་དོན་དབུ་མར་གནས་པའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་འདི་ཉིད་རྣལ་འབྱོར་སྤྱོད་པའི་དབུ་མ་ཡིན་པར་གཞུང་གང་གིས་བསྟན་ཞེ་ན། མདོ་འདི་ཉིད་ལས་སེམས་དེ་ནི་རང་བཞིན་གྱིས་འོད་གསལ་བ་རྟག་ཏུ་ཉོན་མོངས་པ་ཅན་མ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་གསུམ་ནི། བློ་བུར་བ་ཡང་དག་པ་མ་ཡིན་པ་གསོབ་གསོག་ཡིན་ཏེ། ཡོད་པ་མ་ཡིན་ནོ། །སེམས་དེ་ནི་ཀུན་ནས་ཉོན་མོངས་པ་དང་འདྲེ་བ་ཡང་མ་ཡིན། རྣམ་པར་བྱང་བ་དང་འདྲེ་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེའི་རང་བཞིན་གང་ཡིན་པ་དེ་ནི་རྣམ་པར་དག་པའོ། །གང་གིས་དེ་ལྟར་ཤེས་པ་དེ་ནི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །སེམས་དེ་ནི་ནང་དང་ཕྱི་རོལ་དང་གཉིས་གའི་བར་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ་དམིགས་སུ་མེད་དེ། དམིགས་པ་དང་རྒྱུ་

(༥༠)དང་རྐྱེན་ཚོགས་ནས་སེམས་སྐྱེ་བ་ནི་མ་རྟོགས་སོ། །འདི་ལ་སྐྱེ་བ་ཡང་ཡང་དག་པར་མི་སྣང་སྟེ། ཕྱོགས་བཅུར་ཡང་སེམས་ཀྱི་སེམས་མི་ཤེས་སོ། །སེམས་ཀྱིས་སེམས་མི་མཐོང་ངོ་། །སེམས་དང་དམིགས་པ་འདྲེ་བར་ཡང་མ་ཡིན་ལ། དམིགས་པ་ཡང་སེམས་དང་འདྲེ་བ་མ་ཡིན་ནོ། །སེམས་ནི་རྒྱུ་དང་རྐྱེན་རྣམས་དང་ཀུན་ཏུ་སྦྱོར་བ་ཡང་མ་ཡིན་ལ་རྒྱུ་དང་རྐྱེན་རྣམས་ཀྱང་སེམས་དང་ཀུན་ཏུ་སྦྱོར་བ་མ་ཡིན་ནོ། །ཆོས་ཐམས་ཅད་ནི་སེམས་ཙམ་སྟེ། སེམས་དང་མཚུངས་པར་ལྡན་པ་ཡིན་ནོ། །ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་དེ་དག་ཀྱང་ཕན་ཚུན་མི་ཤེས་མི་མཐོང་ན་གང་དག་སེམས་དང་མཚུངས་པར་མི་ལྡན་པ་དེ་དག་སྨོས་ཀྱང་ཅི་དགོས། དོན་དམ་པར་ནི་སེམས་དེ་གང་དང་ཡང་མཚུངས་པར་ལྡན་པ་ཡང་མེད། མཚུངས་པར་མི་ལྡན་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འགའ་ཡང་ཆོས་གང་དང་ཡང་་ལྡན་པའམ། མི་ལྡན་པ་མེད་དེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་ཞི་བ་ཡིན་ནོ། །ངོ་བོ་ཉིད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རང་བཞིན་ཡིན་ནོ། །རང་བཞིན་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པའོ། །འོན་ཀྱང་བཤད་པ་བསྟན་པས་འདི་སྐད་དུ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་རང་བཞིན་དུ་གྱུར་པའོ། །ཞེས་ཐ་སྙད་འདོགས་ཏེ། ཆོས་རྣམས་ལ་ནི་ངོ་བོ་ཉིད་དང་རང་བཞིན་མེད་དེ། །ཆོས་རྣམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་མེད་ཅིང་སྟོང་པ་ཡིན་ནོ། །ཞེས་སོགས་ཀྱིས་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་ཀྱི་སྒོ་མོ་མཐའ་ཡས་ལ། ཚུལ་བཞིན་སྒོམ་པའི་རྣལ་འབྱོར་གྱིས། །འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་བརྩེགས་པ་ལེའུ་གསུམ་པ་འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་

(༥༡)པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ནི་གསུམ་ལས། ཉན་ཐོས་འཕགས་པའི་དགེ་སློང་གི་དགེ་འདུན་ནོ། །དགེ་སློང་བཞི་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པས་བསྟན་ཏོ། །བྱང་སེམས་འཕགས་པའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ་ཕལ་ཆེར་སངས་རྒྱས་ཀྱི་ཞིང་གཞན་ནས་འདུས་པའི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་བཟོད་པ་ཐོབ་པ་ཞེས་པ་ནས། བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བརྒྱ་བྱིན་དང་ཞེས་པ་ནས། ས་བླ་ན་སྤྱོད་པའི་ལྷའི་བུ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་དང་། གཟུགས་ན་སྤྱོད་པ་དང་། གནས་རྩང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་ཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་ཆོས་མདོར་བསྡུས་པ་ཙམ་ཅིག་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་ཡོངས་སུ་བསྐང་བའི་ཕྱིར་ཆོས་བསྟན་ཏོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཚོགས་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་རྣམས་ཀྱི་བཟོད་པའི་ཚོགས་ནི། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་ནི། ཅང་ཤེས་ཀྱི་སེམས་སུ་འགྱུར་རོ། །

(༥༢)བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཚོགས་ནི། ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བསྟན་པའི་ཚོགས་ནི། སྤོབས་པ་ཐོགས་པ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནི། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི། ཐོགས་པ་མེད་པའི་ཡེ་ཤེས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ཚོགས་ནི། སེམས་ལས་སུ་རུང་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གི་ཚོགས་ནི་ཐེ་ཚོམ་དང་བྲལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པའི་ཚོགས་ནི། ཞེ་འདྲས་པ་མེད་པའི་སེམས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ཚོགས་ནི། ཡོངས་སུ་མི་སྐྱོ་བའི་སེམས་སུ་འགྱུར་རོ། །དགའ་བའི་ཚོགས་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་འགྱུར་རོ། །བཏང་སྙོམས་ཀྱི་ཚོགས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉན་པའི་ཚོགས་ནི་སྒྲིབ་པ་སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་པའི་ཚོགས་ནི་ཡོངས་སུ་འཛིན་པ་ཐམས་ཅད་འདོར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོན་པ་ལ་གནས་པའི་ཚོགས་ནི་བྱས་པའི་ལས་ཆུད་མི་ཟ་བར་འགྱུར་རོ། །དྲན་པའི་ཚོགས་ནི་གཟུངས་ཐོབ་པར་འགྱུར་རོ། །བློ་གྲོས་ཀྱི་ཚོགས་ནི་བློ་རབ་ཏུ་འབྱེད་པར་འགྱུར་རོ། །རྟོགས་པའི་ཚོགས་ནི་དོན་རྟོགས་པའི་རྗེས་སུ་འགྲོ་བར་འགྱུར་རོ། །དྲན་པ་ཉེ་བར་བཞག་པའི་ཚོགས་ནི། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་སོ་སོར་རྟོགས་པར་འགྱུར་རོ། །ཡང་དག་པར་སྤོང་པའི་ཚོགས་ནི་མི་དགེ་བའི་ཚོགས་ཐམས་ཅད་སྤོང་བ་དང་། དགེ་བའི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པའི་ཚོགས་ནི། ལུས་དང་སེམས་ཡང་བར་འགྱུར་རོ། །དབང་པོ་ལྔའི་ཚོགས་ནི། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པར་འགྱུར་རོ། །སྟོབས་ལྔའི་ཚོགས་ནི། ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫི་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་འགྱུར་རོ། །ལམ་གྱི་ཚོགས་ནི། ལམ་ངན་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །བདེན་པའི་ཚོགས་ནི་མི་

(༥༣)འཁྲུག་པའི་ཆོས་ཉིད་དུ་འགྱུར་རོ། །སོ་སོ་ཡང་དག་པར་རིག་པའི་ཚོགས་ནི། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པར་འགྱུར་རོ། །སྟོན་པའི་ཚོགས་ནི་གཞན་ལ་རག་མ་ལས་པའི་ཡེ་ཤེས་སུ་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚོགས་ནི་ཡོན་ཏན་ཐམས་ཅད་སྐྱེ་བའི་སྒོར་འགྱུར་རོ། །བསམ་པའི་ཚོགས་ནི། འཇིག་རྟེན་ཐམས་ཅད་ལ་མི་བསླུ་བར་འགྱུར་རོ། །ལྷག་པའི་བསམ་པའི་ཚོགས་ནི་ཁྱད་པར་དུ་འགྲོ་བར་འགྱུར་རོ། །སྦྱོར་བའི་ཚོགས་ནི་རྩོམ་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་འགྱུར་རོ། །ནང་དུ་ཡང་དག་འཇོག་གི་ཚོགས་ནི་ཇི་སྐད་ཐོས་པའི་ཆོས་ཆུད་མི་གཟོན་པར་འགྱུར་རོ། །བསྡུ་བའི་དངོས་པོའི་ཚོགས་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚོགས་ནི། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པར་འགྱུར་རོ། །བསྔོ་བ་ལ་མཁས་པའི་ཚོགས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཚོགས་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱས་པར་བཤད་དོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་དང་པོས་ཞུས་པའི་ཚུལ་ནི། ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་བསྟན་པ་འདི་བཤད་པའི་ཚེ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་གསང་བའི་བདག་པོ་ལག་ན་རྡོ་རྗེས་རྡོ་རྗེ་ཐོགས་ནས་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་བསོད་ནམས་ཀྱི་ཚོགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་དོ་།།།ཡེ་ཤེས་ཀྱི་ཚོགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་དོ། །ཡེ་ཤེས་ཀྱི་ཚོགས་ཀྱི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་དེ། །བྱང་ཆུབ་སེམས་དཔའི་ལམ་འདི་གཉིས་ནི་ལམ་ཐམས་ཅད་བསྡུད་པར་འགྱུར་བ་ལགས་སོ། །བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ནི་བདུད་སྡིག་ཅན་གྱིས་ཐུབ་པར་དཀའོ། །བདུད་ཀྱི་ལམ་ལས་ཡང་དག་པར་འདས་པས་བྱང་ཆུབ་སེམས་དཔའ་ནི།

(༥༤)བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་སྟོན་ཏེ། མི་འཆབ་པོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་གཉིས་པས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བ་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ལ་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་ཁྱོད་ནི་དེ་བཞིན་གཤེགས་པའི་ཞབས་རིང་པ་ཉེ་བ་ན་འདུག་པ་ཡིན་ན་གསང་བ་པའི་བདག་པོ་དེ་བཞིན་གཤེགས་པའི་གསང་བའི་གནས་གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་ཡང་མ་ཡིན་ན་དེ་མ་ཡིན་པའི་སེམས་ཅན་ཐ་མལ་ལྟ་སྨོས་ཀྱང་ཅི་དགོས་པ་ལས་བརྩམས་ཏེ། ཁྱོད་སྤོབས་པར་གྱིས་ཤིག །དེ་སྐད་ཅེས་སྨྲས་པ་དང་ཞེས་པས་བསྟན་ཏོ། །སྟོན་པ་གཉིས་པ་བྱིན་གྱིས་བརླབས་པའི་སྟོན་པ་ནི། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཅང་མི་སྨྲ་བས་ཁས་བླངས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཆོས་སྟོན་པར་བསྐོ་བར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཅང་མི་སྨྲ་བས་ཁས་བླངས་པར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་ཐོས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབ་པ་དང་། དེ་བཞིན་གཤེགས་པའི་གསང་བ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བརྩོན་པར་བགྱི་བའི་དེ་བཞིན་གཤེགས་པའི་གསང་བ་འཁོར་འདི་ལ་འཆད་པར་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྤྲོ་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ཕྱག་ན་རྡོ་རྗེ་ཆོས་སྟོན་པར་བསྐུལ་བ་ནི། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའི་གསང་བ་དང་། དེ་བཞིན་གཤེགས་པའི་གསང་བ་འཁོར་འདི་ཉན་པར་འདོད་

(༥༥)དེ་ཁྱོད་ལ་ངས་བསྐུལ་གྱིས་དེ་བཞིན་གཤེགས་པའི་གསང་བ་ལས་བརྩམས་ཏེ། འཁོར་འདི་སྤོབས་པར་བགྱིས་ཤིག་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པས་བསྟན་ཏོ། །ཕྱག་ན་རྡོ་རྗེས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་དབང་གིས་སྟོན་པར་ཁས་བླངས་པ་ནི། གསང་བའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱང་ཆུབ་སེམས་དཔའི་གསང་པ་རྣམས་དང་། དེ་བཞིན་གཤེགས་པའི་གསང་བ་རྣམས་ལ་གང་ཅུང་ཟད་འཇུག་པར་བགྱི་བ་ཙམ་ཞིག་བསྟན་པ་བདག་གིས་བསྟན་པར་བགྱིའོ་ཞེས་པ་ནས་སངས་རྒྱས་ཀྱི་བྱིན་བརླབས་ཀྱིས་བྱང་ཆུབ་སེམས་དཔའི་གསང་བ་རྣམས་དང་དེ་བཞིན་གཤེགས་པའི་གསང་བ་རྣམས་གང་ཅུང་ཟད་འཇུག་པར་བགྱི་བ་ཙམ་བསྟན་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་བསྟན་པ་དངོས་ནི། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པའི་སྐྱེས་བུ་གང་ཟག་གང་ཞིག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སའི་སྟེང་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་དུ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་ནས་སྦྱིན་པ་བྱིན་ཏེ་དེའི་རྣམ་པར་སྨིན་པ་ལ་རེ་བ་བས་གང་གི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་སྟོན་ཏེ། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་ན། འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དོ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་དང་། བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱའོ་ཞེས་པས་བསྟན་ལ། མཐར་ཐུག་གི་དགོས་པ་ནི། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྟོགས་ནས་

(༥༦)རྗེས་སུ་བསླབས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ལེའུ་ཉི་ཤུ་རྩ་ལྔ་ལས། བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་བསྟན་པ་དཔེའི་ལེའུ་སྟེ་དང་པོ་དང་། བྱང་ཆུབ་སེམས་དཔའི་ངག་གི་གསང་བའི་ལེའུ་སྟེ་གཉིས་པ་དང་། བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བའི་ལེའུ་སྟེ་གསུམ་པ་དང་། སྒྲ་དབྱངས་བསྒྲགས་པ་འོངས་པའི་ལེའུ་ཞེས་བྱ་བ་སྟེ་བཞི་པ་དང་། ཡུལ་འཁོར་བསྲུང་།།།གི་སྔོན་གྱི་ཚུལ་གྱི་ལེའུ་སྟེ་ལྔ་པ་དང་། བྱང་ཆུབ་ཀྱི་ལམ་གྱི་ལེའུ་སྟེ་དྲུག་པ་དང་། དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ་སྟེ་བདུན་པ་དང་། དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་བརྒྱད་པ་དང་། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བའི་ལེའུ་ཞེས་བྱ་སྟེ་དགུ་པ་དང་། གསང་བའི་བདག་པོ་ལག་ན་རྡོ་རྗེའི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། ཟས་ལེན་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དཀའ་བ་སྤྱོད་པ་ཡང་དག་འཕགས་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པ་དང་། བྱང་ཆུབ་ཀྱི་སྙིང་པོར་བཞུད་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གཉིས་པ་དང་། བདུད་བཏུལ་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་པ་དང་། དམིགས་པའི་ལེའུ་ཞེས་བྱ་བ་སྟེ་བཅོ་ལྔ་པ་དང་། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལུང་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཅུ་དྲུག་པ་དང་། གཉིས་སུ་མེད་པ་བརྗོད་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པ་དང་། ལྕང་ལོ་ཅན་དུ་གཤེགས་ནས་བཤེས་གསོལ་བའི་ལེའུ་ཞེས་བྱ་བ་སྟེ་།།།བཅོ་བརྒྱད་པ་དང་། འཇིག་རྟེན་སྐྱོང་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དགུ་པ་དང་། བཞུད་པ་དང་བྱོན་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པ་དང་། དཔའ་སྟོབས་ཀྱི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཅིག་པ་དང་། མ་སྐྱེས་སྒྲས་ཞུས་པ་ལུང་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པ་དང་། རྒྱལ་པོ་བཟང་གི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་པ་དང་། གཟུགས་ཀྱི་ཡོན་ཏན་གྱི་བསྔགས་པའི་དཔེ་བཀོད་པ་མི་ཟད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བཞི་པ་དང་། དམ་པའི་ཆོས་ཡོངས་སུ་གཏད་པའི་

(༥༧)ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་ལྔ་པ་རྣམས་སོ། །ཚིག་གི་དོན་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཡིན་པར་གཉིས་སུ་མེད་པར་བརྗོད་པའི་ལེའུ་ལས་བསྟན་ཏོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཏུ་གཅིག་གོ །རྒལ་ལན་ནི། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། སྐུ་ཐམས་ཅད་པའི་ཁྱད་པར་ཅི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། གསུང་ཐམས་ཅད་པའི་ཁྱད་པར་ཅི། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་ཐམས་ཅད་པའི་ཁྱད་པར་ཅི་ཞེ་ན། སེམས་ཅན་གང་ལ་གང་མོས་ཀྱི་གཟུགས་དང་། དབྱིབས་དང་ཁ་དོག་ཅན་ལྟ་བུར་སྟོན་པ་ནི། སྐུ་ཐམས་ཅད་པ་ཡིན་ལ། གཙུག་ཏོར་གྱི་སྟེང་སངས་རྒྱས་ནང་ཕན་ཚུན་མ་གཏོགས་འགྲོ་བ་གང་གིས་ཀྱང་བལྟ་བར་མི་ནུས་པ་ལྟ་བུ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་པ་དང་། གསུང་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་སྐད་དུ་ཆོས་སྟོན་པ་གསུང་ཐམས་ཅད་པ་དང་། ཐག་ཉེ་བ་ན་སྒྲ་མི་ཆེ་ཞིང་། རིང་པ་ན་མི་ཆུང་ས་གསུང་གི་མཐའ་སངས་རྒྱས་ནང་ཕན་ཚུན་མ་གཏོགས་སུས་ཀྱང་མི་རྟོགས་པ་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན་པའི་ཐུགས་བསྐྱེད་ན། སྲོག་ཆགས་གྲོག་སྦུར་གྱིས་ཀྱང་ཐུགས་ཀྱི་previous hit དགོངས next hit་ཤེས་པ་དང་ཇི་སྙེད་པ་མཁྱེན་པ་ལྟ་བུ་ནི་ཐུགས་ཐམས་ཅད་པ་དང་། ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་previous hit དགོངས next hit་ལ་མཉམ་པར་བཞག་པའི་ཚེ་ན། ས་བཅུ་པའི་བྱང་ཆུབ་སེམས་དཔས་ཀྱང་། སངས་རྒྱས་ཀྱི་previous hit དགོངས next hit་མི་ཤེས་པ་དང་། ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ལྟ་བུ་ནི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་རྣམས་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སྐུ་གསུང་ཐུགས་ནི་ཐམས་ཅད་དང་། གསང་བ་བསམ་གྱིས་མི་ཁྱབ་པ། འགྲོ་བས་མྱུར་དུ་ཐོབ་པར་ཤོག། ༈ །།སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་བརྩེགས་པ་ལེའུ་

(༥༨)བཞི་པ་འཕགས་པ་རྨི་ལམ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །གཉུག་མར་གནས་པའི་འཁོར་ནི། དགེ་སློང་དྲུག་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་ཕལ་ཆེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། ཉན་ཐོས་ཆེན་པོ་མངོན་པར་ཤེས་པས་མངོན་པར་ཤེས་པ་ཤ་སྟག་དང་ཡང་ཐབས་གཅིག་གོ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་གསར་དུ་བསྡུས་པ་ནི། དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས། འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེའི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་གང་དག་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་ཞེས་པ་ནས། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དགའ་བ་དང་། རབ་དགའ་དང་། རྟོགས་དགའ་དང་། བཟང་དགའ་དང་། དཔལ་བཟངས་དང་། ཡོངས་སུ་དགའ་ལྡན་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ཞེས་བྱ་བ་རྣམས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷག་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་ཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། ཞུ་བ་པོས་ཞུས་པ་ལ་གཉིས་ཏེ། འཁོར་ཕལ་མོ་ཆེས་ཞུས་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ཀྱིས་ཞུས་པ་གཉིས་ལས། དང་པོ་ནི་ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་བཅོམ་ལྡན་འདས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། བཙུན་པ་བཅོམ་ལྡན་འདས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའི་མཚན་མ་བསྟན་པ་ཞེས་

(༥༩""བའི་ཆོས་ཀྱི་རྣམ་གྲངས་འདི་ནི་སྔོན་ཡང་བཤད། སླད་ཀྱིས་ཀྱང་འཆད་པར་འགྱུར་བས། བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་དེ་ཡང་དག་པར་བཤད་དུ་གསོལ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ལ་ཅང་མི་གསུང་པས་སྣང་བར་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ཀྱིས་ལྷའི་བུ་དེ་དག་གིས་གསོལ་བ་བཏབ་པར་རིག་ཅིང་། འཁོར་མཐའ་ཡས་པ་དག་ལྷགས་པར་ཡང་རིག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ་ཞེས་པ་ནས། བྱང་ཆུབ་ཚུལ་གྱི་སྤྱོད་པ་ཅི་འདྲ་བ། ཐོས་ནས་ལྷ་མི་ཚོགས་ཀྱང་སྤྱོད་གྱུར་པས། འདི་ནི་སྐྱེས་མཆོག་ལེགས་ཞེས་བདག་ཅག་གིས། ཇི་ལྟར་འཚལ་འགྱུར་མཚན་མ་བདག་ལ་གསུངས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་ཤིང་། ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་རབ་འཇོམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་རབ་འཇོམས་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་ཤེས་པར་བྱ་བ་ངས་ཁྱོད་ལ་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ཀྱིས་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱི་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་རབ་འཇོམས་མཚན་མ་བརྒྱ་རྩ་བརྒྱད་ཀྱིས་ནི་གང་ཟག་

(༦༠)བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་རིག་པར་བྱ་སྟེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་པའོ། །ཆོས་འདིའི་དགོས་པའི་དོན་ནི། མཚན་མ་བརྒྱ་རྩ་བརྒྱད་ལ་བརྟེན་ནས་རང་ཉིད་བྱང་ཆུབ་སེམས་དཔར་ངེས་པར་བྱེད་པ་དང་། འདུད་ལས་ཤས་ཆེ་བར་ངེས་ནས་ཕྱིར་བཟློག་བྱེད་པ་དང་། ལས་ཀྱི་སྒྲིབ་པ་ཤས་ཆེ་བར་ཤེས་ནས་བཤགས་སྡོམ་བྱེད་པ་དང་། ས་རྣམས་ལ་དོན་གཉེར་དྲག་པོས་སའི་ཡོངས་སྦྱོང་རྣམས་ལ་བསླབས་ཏེ། ས་རྣམས་བདེ་བླག་ཏུ་བསྒྲོད་ཅིང་རྫོགས་པའི་བྱང་ཆུབ་འཐོན་པའོ། །བསྡུས་པའི་དོན་ནི། མདོ་འདི་ཉིད་ལས་མཚན་མ་བརྒྱ་རྩ་བརྒྱད་གང་ཞེ་ན། གཉིད་ལོག་པའི་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་མཛེས་པས་བཀའ་རྩོལ་བའི་གཟུགས་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཅང་མི་གསུང་བ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་དབུ་དང་། ཞབས་སུ་བཅས་པར་གཡོགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཞལ་ཕྱིར་ཕྱོགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་འཇིམ་པ་ལས་བྱས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་པ་མཐོང་བ་དང་། གཞན་ཡང་འགྲོ་བ་ན་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་གཞན་དག་ལ་ཆོས་སྟོན་པར་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཞུགས་ལ་ཞེན་པ་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་གདུང་དག་རྙེད་པ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་དབུ་སྐྲ་རྙེད་པ་དང་། གཞན་ཡང་རྨི་ལམ་ན་སྔོན་མ་མཐོང་པའི་མཆོད་རྟེན་དག་མཐོང་པ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་རིན་པོ་ཆེས་བརྒྱན་པ་དག་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ཆོ་འཕྲུལ་མཛད་པ་དག་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་

(༦༡)པའི་འོད་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་སྒྲ་ཐོས་ལ་མ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ཡིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གམ། མེ་ཏོག་འཕྲེང་ངམ་། སྤོས་སམ། བྱུག་པ་དབུལ་ཞིང་སྐུད་པར་ཀུན་དུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་ན་བཟའ་དྲི་མ་ཅན་གསོལ་བ་མཐོང་བ་དང་། གཞན་ཡང་རྨི་ལམ་ན་སྔོན་མ་ཐོས་པའི་ཆོས་དག་ཐོས་པ་དང་། གཞན་ཡང་རྨི་ལམ་ན་མ་བསྟན་པའི་ཆོས་དག་ཤེས་པ་སད་ནས་ཆོས་འཆད་པ་སུ་ཡང་མེད་ཅིང་ཅི་ཡང་མི་དྲན་པ་དང་། སྔོན་མ་མཐོང་པའི་དགེ་སློང་ཆོས་སྨྲ་བ་དག་མཐོང་པ་དང་། གཞན་ཡང་རྨི་ལམ་ན་བདག་ཆོས་ཀྱི་ཁྲི་སྟན་ལ་འདུག་སྟེ་ཆོས་སྟོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་འཇིགས་པ་མེད་པར་ཀུན་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བྱང་ཆུབ་ཀྱི་སྙིང་པོ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་འཆག་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་མཆོད་རྟེན་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ཆོས་གོས་རྙེད་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ལྷུང་བཟེད་རྙེད་པ་དང་། དེ་བཞིན་གཤེགས་པ་ཉག་ཅིག་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་སྐྱེ་བོ་མང་པོས་ཡོངས་སུ་སྐོར་བ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་གདུགས་མཐོང་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་འཆག་པ་དག་མཐོང་བ་དང་། གཞན་ཡང་དེ་གཤེགས་པའི་གདན་མཐོང་པ་དང་། གཞན་ཡང་དེ་བཞིན་གཤེགས་པ་ལ་ཞལ་ཟས་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པ་ལ་ན་བཟའ་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་

(༦༢)དེ་བཞིན་གཤེགས་པ་ལ་མེ་ཏོག་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་ལ་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གཅེར་བུར་འདུག་པ་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཕྱོགས་མཚམས་ན་འདུག་པར་ཀུན་དུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་སྔོན་མ་མཐོང་པའི་ཡུལ་དུ་ཕྱིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཆུ་བོའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་སྤྲིན་ལས་ཆར་འབབ་པར་མཐོང་བ་དང་། གཞན་ཡང་རྨི་ལམ་ན་ས་གཡོས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་གཡུལ་འགྱེད་པའི་ནང་དུ་སོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ན་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བཏག་གཡང་ས་ནས་གཡང་དུ་ལྷུང་ཞིང་སྟོན་པ་མེད་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་དགྲའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ནམ་མཁའ་ལ་འགྲོ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གི་ལག་པ་ན་སྒྲོན་མ་ཐོགས་པ་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བྱང་ཆུབ་སེམས་དཔའ་ཕྱིར་འབྱུང་བ་མཐོང་བ་དང་། གཞན་ཡང་རྨི་ལམ་ན་གླེགས་བམ་རྙེད་པ་དང་། གཞན་ཡང་རྨི་ལམ་ན་གཟུངས་ཀྱི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཏིང་ངེ་འཛིན་གྱི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཤིན་ཏུ་རྒྱས་པའི་སྡེའི་མདོ་སྡེའི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཆོས་སྨྲ་བའི་དགེ་སློང་ཆེ་གེ་མོ་ཞེས་བྱ་བ་རྣམས་ཀྱི་མིང་ཐོས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཚིགས་སུ་བཅད་པ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་མདོ་སྡེ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་འཇིག་རྟེན་གྱི་ཁམས་གཞན་གྱི་དེ་བཞིན་གཤེགས་པའི་མཚན་

(༦༣)ཐོས་པ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་གཞན་གྱིས་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞེས་བྱ་བའི་མིང་ཐོས་པ་དང་། གཞན་ཡང་བདག་རྒྱ་མཚོའི་དབུས་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རིན་པོ་ཆེ་དག་ཐུ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་རབ་ཀྱི་རྩེ་མོར་སོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་ལ་འཇེག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རིའི་རྩེ་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་ཤིང་ལྗོན་པ་ལ་འཛེག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གླང་པོ་ཆེའི་གཙོ་བོ་མཐོང་བ་དང་། གཞན་ཡང་བདག་གླང་པོ་ཆེའི་གཙོ་བོ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྟ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བདེན་པའི་བྱིན་བརླབས་བྱེད་པ་ཀུན་ཏུ་ཤེས་པ་དང་། གཞན་ཡང་འབྲས་བུའི་ཤིང་ལྗོན་པ་དག་མཐོང་བ་དང་། གཞན་ཡང་མེ་ཏོག་གི་ཤིང་ལྗོན་པ་དག་མཐོང་བ་དང་། གཞན་ཡང་སྔོན་མ་མཐོང་པའི་གྲོང་ཁྱེར་མཐོང་བ་དང་། གཞན་ཡང་མཚོ་མ་དྲོས་པ་མཐོང་བ་དང་། གཞན་ཡང་ལྷའི་བུ་མཐོང་བ་དང་། གཞན་ཡང་ཀླུའི་བུ་མཐོང་བ་དང་། གཞན་ཡང་འཛམ་བུའི་གླིང་གཞན་དུ་སོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གོས་དཀར་པོ་གྱོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གི་མགོ་ལ་རིན་པོ་ཆེའི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གི་མགོ་ལ་མེ་ཏོག་གི་ཕྲེང་བས་རྒྱན་དང་བཅས་པ་ཐོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་མེ་ཏོག་སིལ་མ་དག་བསྲེལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྔ་བོ་ཆེ་བརྡུང་བའམ་རོལ་མོའི་སྒྲ་གཞན་དག་འབྱིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་ཉི་མ་སྤྱང་ཀིས་ཟིན་པའམ། ཟླ་བ་སྤྱང་ཀིས་ཟིན་པར་མཐོང་བ་དང་། གཞན་ཡང་བདག་མི་གཙང་པས་འཕགས་

(༦༤)པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྒྱལ་པོར་གྱུར་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྒྱལ་པོའི་སྤྱན་སྔའམ། རྒྱལ་པོའི་བློན་པོ་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེའི་ནང་དུ་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་སྐྱེད་མོས་ཚལ་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་སྔོན་མ་མཐོང་པའི་གཙུག་ལག་ཁང་ངམ་གྲོང་ཡུལ་ལམ། ལྗོངས་མཐོང་པ་དང་། གཞན་ཡང་རྨི་ལམ་ན་གདུགས་རྙེད་པ་དང་། གཞན་ཡང་རྨི་ལམ་ངན་བདག་སྐྱེ་བོ་ཕལ་པོ་ཆེ་ལ་ཆོས་སྟོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གྲོང་གཞན་དུ་ཞུགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་ཟམ་པ་འདོགས་པ་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གྲུ་སྦྱོང་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་སྤྲིན་ལས་འབྲུག་གྲག་པའམ་གློག་འབྱུང་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་མཚོན་ཆའམ་གོ་ཆ་རྙེད་པ་དང་། གཞན་ཡང་རྨི་ལམ་ན་སྣོད་དག་རྙེད་པ་དང་། གཞན་ཡང་རྨི་ལམ་ན་བདག་སེམས་ཅན་རྣམས་ལ་ལམ་སྟོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་སྐྱེད་མོས་ཚལ་དུ་འཇུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་ལོ་ཏོག་ཕུན་སུམ་ཚོགས་པ་མཐོང་བ་དང་། གཞན་ཡང་བདག་སེམས་ཅན་ནད་པ་རྣམས་གསོ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བྱང་ཆུབ་ཏུ་ལུང་བསྟན་པའི་སྒྲ་ཐོས་པ་དང་། གཞན་ཡང་བདག་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བུམ་པ་གང་པ་རྙེད་པ་སྟེ། རྡོ་རྗེ་རབ་འཇོམས་རྨི་ལམ་གྱི་མཚན་མ་བརྒྱ་རྩ་བརྒྱད་པོ་འདི་དག་ཀུན་ཏུ་སྣང་ན་གང་ཟག་དང་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་རིག་པར་བྱའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་མདོ་

(༦༥)གཞན་དང་སྦྲེལ་ལོ། །རྒལ་ལན་ནི། འདི་དག་པའི་མཚན་མར་ཇི་ལྟར་འགྱུར་ཞེ་ན། རྨི་ལམ་གྱི་མཚན་མ་འདི་རྣམས་ལམ་དུ་མ་ཞུགས་པ་ལ་རྨིས་པ་ནི། ཡོན་ཏན་གྱི་མཚན་མར་མི་འགྱུར་ལ། ཚོགས་སྦྱོར་གྱི་ལམ་ལ་གནས་པ་རྣམས་ལ་ནི། མ་འོངས་པ་ན། སའི་ཡོན་ཏན་ཐོབ་འགྱུར་གྱི་ལྟས་སུ་འགྱུར་ཞིང་། ས་ཐོབ་རྣམས་ལ་གཞུང་ནས་ཇི་ལྟར་བཤད་པ་ལྟར་ས་དེ་དང་དེའི་མཚན་མར་ཤེས་པར་ཤས་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་ཀུན་བྱང་ཆུབ་ལ་ཞུགས་ནས། ས་བཅུའི་ཡོན་ཏན་ཀུན་རྫོགས་ཏེ། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་བརྩེགས་པ་ལེའུ་ལྔ་པ་འཕགས་པ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ནི་གཉིས་ལས་དགྲ་བཅོམ་པའི་དགེ་འདུན་ནི། དགེ་སློང་སུམ་ཁྲི་དྲུག་སྟོང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས། དེ་དག་དང་གཞན་ཡང་མངོན་པར་ཤེས་པ་མངོན་པར་ཤེས་པ་གནས་གཏན་ཉན་ཐོས་ཆེན་པོ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། སློབ་པའི་ལམ་ལ་གོང་དུ་བྱ་བ་ཡོད་པ་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དང་ཡང་ཐབས་གཅིག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་སྟོན་པ་ཆོས་གསུང་པའི་སྔ་ལྟས་མཐོང་ནས་

(༦༦)ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ་ཞེས་པ་ནས། དེ་བཞིན་གཤེགས་པ་དེ་རིང་སངས་རྒྱས་ཀྱི་གནས་པས་བཞུགས་ཏེ། རྒྱལ་བའི་གནས་པ་དང་། ཐམས་ཅད་མཁྱེན་པའི་གནས་པ་དང་། གླང་པོ་ཆེའི་གནས་པས་བཞུགས་པ་སྙམ་བགྱིད་དོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཀུན་དགའ་བོ་ལ་དྲིས་ཤིང་ཀུན་དགའ་བོས་ལན་གསོལ་པ་གཞན་གྱིས་བསྙད་པ་མ་ཡིན་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། ཞེས་པ་ནས། བཅོམ་ལྡན་འདས་བདག་རང་གི་སྤྱོད་པའི་འཚལ་བས་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་དེ་རིང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རྗེས་སུ་previous hit དགོངས་ཤིང་དེ་བཞིན་གཤེགས་ next hit་དེ་རིང་སངས་རྒྱས་ཀྱི་གནས་པས་བཞུགས་ཏེ། རྒྱལ་བའི་གནས་པ་དང་། ཐམས་ཅད་མཁྱེན་པའི་གནས་པ་དང་། གླང་པོ་ཆེའི་གནས་པས་བཞུགས་པ་སྙམ་བགྱིད་དོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་ཤིང་ཀུན་དགའ་བོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱི་རྟོག་པ་རྒྱ་ཆེ་སྟེ། སྤྱོད་པ་བཟང་ཞིང་སྤོབས་པ་དགེ་བ། ཁྱོད་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་པ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཁྱོད་ནི་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་

(༦༧)ལེགས་སོ། །ཀུན་དགའ་བོ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་པ་གྲངས་མེད་པ་དག་གིས་ཡེ་ཤེས་མཐོང་བ་སྡུད་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ལ་གནོད་པ་མེད་དོ། །ཞེས་པ་ནས། ཀུན་དགའ་བོ་གང་ཁྱོད་འཇིག་རྟེན་ཐམས་ཅད་ཀྱི་སློབ་དཔོན་ཁོང་དཔའ་བ་དག་འཇིག་རྟེན་དུ་འབྱུང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་གྱི་ཕྱིར། དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཀུན་དགའ་བོས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྔོན་བྱུང་པ་འདས་པའི་དུས་ན་འདི་ནས་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པ་ཤིན་དུ་རྒྱས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཉིན་ཞག་ཅིག་ཙམ་ཡང་གཟུང་ཞིང་བཅངས་ཏེ། ཀླགས་ཤིང་ཀུན་ཆུབ་པར་བྱས་ལ་བསམ་པ་ཐག་པ་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །ཐ་ན་གླེགས་བམ་ལ་ལེགས་པར་བྲིས་ཏེ་བཅང་པར་བྱ་ཞིང་དེ་ལ་སྟོན་པའི་འདུ་ཤེས་ཀྱང་བསྐྱེད་པར་བྱའོ། །གང་ཞིག་སེམས་ཅན་དཔག་ཏུ་མེད་པ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་དགོད་པ་དང་།

(༦༨)བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་བལྟ་བ་དང་། བདག་ཉིད་ཀྱིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ཡོངས་སུ་བཟུང་བར་འདོད་པ་དེས་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་པ་ལས་རྒལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྷུང་པའི་བདུད་ཀྱི་བསམ་པ་ཐག་པ་ནས་རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་གཟུང་པ་དང་ཀུན་ཆུབ་པར་བྱ་བ་དང་། བཅང་པར་བྱ་བ་དང་། ཡི་གེར་འབྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐ་ན་བ་གཅིག་འཇོས་པའི་སྲིད་དུ་ཡང་གཞན་དག་ལ་བརྗོད་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་དེ་རྒལ་ནས་ཀྱང་འགྱོད་པ་དང་ལྡན་པའི་སེམས་གཅིག་ཀྱང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་མི་ཕམ་པ་འདི་ལྟར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་དག་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་ཉན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །མ་འོངས་པའི་དུས་ན་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་བར་དུ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྔགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱི་སྣང་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་མྱུར་དུ་སྒྲུབ་པ་འདི་གང་དག་གི་རྣ་ལམ་དུ་གྲགས་པའི་སེམས་ཅན་དེ་དག་ནི་རྙེད་པ་ཤིན་དུ་ལེགས་པར་རྙེད་ཅིང་དགེ་བའི་རྩ་བ་རྣམས་བསྐྱེད་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཐོས་ནས་ཀྱང་དགའ་བ་རྒྱ་ཆེན་པོ་ཐོབ་པ་དང་

(༦༩)འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། སྒོམ་པ་ལ་དགའ་བར་གྱུར་བ་དང་། ཐ་ན་ཡི་གེར་བྲིས་ཏེ་མཆོད་པར་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་བསྐྱེད་པར་འགྱུར་ཏེ། དེ་བགྲང་བར་སླ་བ་མ་ཡིན་ནོ། །མི་ཕམ་པ་དེ་ལྟར་ན་ངས་དེ་བཞིན་གཤེགས་པའི་མཛད་པ་དེས་བྱས་པ་ཡིན་ཏེ། ཁྱོད་ཀྱང་ད་ཐེ་ཚོམ་མེད་པར་བརྩོན་པར་གྱིས་ཤིག །སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་སོམ་ཉི་མ་ཟ་ཤིག །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རིན་པོ་ཆེའི་བརྩོན་རར་ཆུད་ཏ་རེ། མི་ཕམ་པ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །ཆོས་བསྟན་པ་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའོ། །མི་ཕམ་པ་ངས་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙད་ཀྱིས་ད་ཁྱོད་ཀྱིས་མངོན་པར་སྦྱོར་བར་བསྒྲུབས་ཤིག །མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཆུད་མི་ཟ་བར་བྱ་བའི་ཕྱིར་ཡོངས་སུ་གཏད་པ་ཆེན་པོ་བྱའོ། །སངས་རྒྱས་ཀྱི་ཆོས་མི་ནུབ་པར་བྱ་བའི་ཕྱིར་བརྩོན་པར་གྱིས་ཤིག །དེ་བཞིན་གཤེགས་པའི་བཀའ་མ་འཁྲུགས་པར་བགྱིས་ཤིག །ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། མི་བདེ་བ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་ཏ་རེ། ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སྔོན་དམ་བཅས་ཤིང་། སྨོན་ལམ་བཏབ་པའི་དོན་བསྒྲུབས་པ་ལ་རྟེན་ནས། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཞིང་ཁམས་འབྱོར་པ་དང་བཅས་པ་གྲུབ་ཅིང་དེ་ཉིད་དུ་བཅོམ་ལྡན་འདས་འོད་དཔག་མེད་ཏུ་སངས་རྒྱས་ཏེ། སངས་རྒྱས་ཀྱི་མཛད་པ་རྒྱ་ཆེར་མཛད་པའི་ཚུལ་བསྟན་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་གཞན་དག་གིསཀྱང་སློབས་

(༧༠)ཤིག་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་ཐ་མའི་མདོ་གཞན་རྣམས་དང་འཐུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཞིང་མཆོག་འདི་བཞིན་འགྲུབ་གྱུར་ཅིང་། འོད་དཔག་མེད་དང་མཚུངས་པར་ཤོག། ༈ །།དཀོན་མཆོག་བརྩེགས་པ་ལེའུ་དྲུག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་རིགས་གསུམ་ལས་དགྲ་བཅོམ་པའི་རིགས་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས་གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ་སློབ་པ་རྒྱུན་དུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་སེམས་ཆེན་པོའི་འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཞེས་པས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། རྒྱལ་ཆེན་བཞི་དང་ཞེས་པ་ནས། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། དེ་དག་དེ་ལྟར་བསླབས་ཤིང་དེ་ལྟར་བསྒྲུབས་པས་བླ་ན་

(༧༡)མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་ནས་ཀྱང་སླར་ཞིང་གོང་ནས་གོང་དུ་ཡོན་ཏན་ཤིན་དུ་ཁྱད་པར་ཅན་དག་ཀྱང་ཐོབ་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་ཆོས་གསུང་བར་ཞལ་གྱིས་བཞེས་ཤིང་། ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ་ཤཱ་ར་དྭ་ཏིའི་བུ་ཁྱོད་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཞུགས་ཏེ། འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འཇུག་པ་དང་། སྤྱོད་པ་དང་། སྤྲོ་བ་དང་། སེམས་བསྐྱེད་པ་དང་། གོ་ཆ་དང་། ཡོན་ཏན་ཡོངས་སུ་བརྗོད་པ་དག་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །ཤཱ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་ཡིད་ལ་ཟུང་ཤིག་དང་། འདི་ལྟ་སྟེ། འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་བརྩམས་ཏེ་བཤད་པར་བྱའོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་ལ་བཞེས་ཏེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ། ཆོས་སྟོན་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་དང་མཐར་ཐུག་གི་དགོས་པའོ། །གནས་སྐབས་ཀྱི་དགོས་པ་ནི།

(༧༢)མདོ་འདི་ཉིད་ལས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། གང་དག་གི་རྣ་ལམ་དུ་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གྲག་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ཡིན་ན། གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་སྲོག་ཆགས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་སྲོག་ཆགས་གང་དག་གིས་ཇི་ལྟར་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སེམས་བསྐྱེད་ན་དེ་དག་ནི་དེ་ལྟར་སེམས་བསྐྱེད་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཇི་ལྟ་བ་དེ་ལྟར་གཟུང་པར་བྱའོ་ཞེས་པས་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་མི་འཁྲུག་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་ཏེ་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལྟར་སངས་རྒྱ་བའོ། །བསྡུས་པའི་དོན་ནི། དེ་བཞིན་གཤེགས་པ་སྤྱན་ཆེན་པོའི་སྤྱན་སྔར། དགེ་སློང་མི་འཁྲུགས་པ་ཞེས་བྱ་བ་དང་པོར་སེམས་བསྐྱེད་ཅིང་། སྨོན་ལམ་བརླབས་པོ་ཆེ་བཏབ་སྟེ་དམ་བཅའ་ཆེན་པོ་བཅས་ནས། བྱང་ཆུབ་སེམས་དཔའ་མི་འཁྲུགས་པ་ཞེས་བྱ་བར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་པ་མཛད་པ་ལ་རྟེན་ནས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་བརྒྱན་དང་བཅས་པ་སྒྲུབས་ཏེ་དེ་ཉིད་དུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི་དགེ་འདུན་སོགས་འཁོར་ཚོགས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ། བཞུགས་པའི་ཚུལ་ཡིད་ལ་བྱས་ཤིང་སྨོན་ལམ་བཏབ་ན། ཞིང་དེར་སྐྱེ་ཞིང་ཕྱིར་མི་ལྡོག་པའི་ས་ལ་གནས་པ་སོགས་སུ་འགྱུར་

(༧༣)བར་བསྟན་པའོ། །ཚིག་གི་དོན་ནི་བ་ཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི། བཀའ་ཐ་མའི་མདོ་གཞན་མ་རྣམས་དང་མཚུངས་སོ། །རྒལ་ལན་ནི། ཡོངས་སུ་དག་པའི་ཞིང་ཁམས་འདི་དག །མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་ཞེས་པ་དང་། མངོན་པ་ཀུན་ལས་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་རིག་པར་བྱའོ། །ཞེས་གསུངས་པ་ལྟར། ཟག་བཅས་ཀྱི་ལས་ལས་གྲུབ་པའི་སྡུག་བསྔལ་གྱི་བདེན་པ་ཡིན་ནམ་སྙམ་དུ་སེམས་པར་གྱུར་ན། དེ་ནི་མ་ཡིན་ཏེ། མངོན་པར་ཀུན་ལས་བཏུས་ལས། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི། སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ལས་དང་ཉོན་མོངས་པས་སྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་པའི་ཕྱིར་ཏེ། དེ་དག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས་བྱུང་བ་དག་གོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མི་འཁྲུགས་པ་ཡི་བྱམས་སེམས་ལྟར། དམ་བཅའ་སྨོན་ལམ་མཐར་ཕྱིན་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། །།དཀོན་མཆོག་བརྩེགས་པ་ལེའུ་བདུན་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་གོ་ཆའི་བཀོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཀ་ཐ་མར་རྟོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་ཀ་ལན་ད་ཀའི་གནས་འོད་མའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཤ་སྟག་དང་ཐབས་

(༧༤)གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་མང་པོ་བརྒྱ་སྟོང་ཚད་མེད་པས་ཡོངས་སུ་བསྐོར་ཅིང་གུས་པས་རིམ་གྲོ་དང་བཀུར་སྟི་བྱས་པར་གྱུར་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པ་ནི། དེའི་ཚེ་འདུས་པ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཤེས་བྱ་བ་འདུས་པར་གྱུར་ཏེ་འདུག་པ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སྤྱི་བོར་བཏུད་དེ་ཕྱག་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་ལ་ཐེ་ཚོམ་ཅུང་ཟད་གཅིག་མཆིས་ཏེ། དེ་བཞིན་གཤེགས་པ་ལ་ཞུ་བར་འཚལ་ན་ཐུགས་རྗེས་སྣང་བར་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱིས་ཚིགས་སུ་བཅད་དེ་གསོལ་པ། དཔའ་ཆེན་སྐྱེས་བུ་ཆེན་པོ་སྟེ། འཇིག་རྟེན་དག་ན་མཚུངས་མ་མཆིས། བདག་ནི་སེམས་ཅན་དག་གི་སླད། ཐེ་ཚོམ་ཅུང་ཟད་ཞུ་བ་ལགས། ཞེས་པ་ནས། ཐམས་ཅད་མཁྱེན་པ་ཤཱ་ཀྱའ།།།ི་གཙོ། གྲགས་ཆེན་ལ་ནི་ཞུ་བ་ལགས། གལ་ཏེ་ཐུགས་རྗེས་གནང་གྱུར་ན། ཐེ་ཚོམ་དྲ་བ་བཅད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་དྲི་བའི་སྐབས་ཕྱེ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་བཀའ་སྩལ་པ། བློ་གྲོས་མཐའ་ཡས་དེང་ཁྱོད་ཀྱིས་ངའི་ཞལ་དུ་བལྟས་ནས་སེམས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་འདིས་དེ་བཞིན་གཤེགས་པ་ལ་ཞུ་བ་དུ་ཞིག་ཞུ་བར་སེམས། གལ་ཏེ་ཞུ་བ་ཡོད་ན། ངས་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བློ་གྲོས་མཐའ་ཡས་ཁྱོད་ཀྱིས་ནི། ང་ལ་ཅི་ཞིག་འདྲི་བར་སེམས། དེ་བཞིན་དུ་ནི་ཞུས་ཤིག་དང་། ངས་ནི་རབ་ཏུ་བཤད་པར་བྱ། ཞེས་

(༧༥)པ་ནས། གལ་ཏེ་ཐེ་ཚོམ་ཡོད་གྱུར་ན། ཇི་ལྟར་འདོད་བཞིན་ཞུ་བ་བགྱིས། ང་ནི་ཆོས་ལ་རབ་གནས་པས། གཡོ་བ་མེད་པར་བརྙེས་པ་ཡིན། ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། སངས་རྒྱས་ཆོས་ལ་རབ་མོས་ཤིང་། བྱང་ཆུབ་ཆེ་ལ་གང་ལྟ་བ། ཆོས་ཀྱི་སྒྲ་འདི་ཐོས་གྱུར་ནས། ལུས་ཀུན་ཁྱབ་པར་དགའ་བར་འགྱུར། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་ཤིང་། ཞུ་བ་པོས་ཉན་པར་གསོལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་བཀའ་སྩལ་པ་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོའི་གོ་ཆ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ་དགོས་ཏེ། ཐེག་པ་ཆེན་པོ་མཐའ་དག་ལ་ཞུགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ཏེ་སྲིད་ཞི་གཉིས་ཀ་ལས་ངེས་པར་བྱུང་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའོ། །བསྡུས་པའི་དོན་ནི། མདོ་འདི་ཉིད་ལས། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་དེས་སེམས་ཅན་རྣམས་ཡོངས་སུ་བསྡུད་པའི་ཕྱིར་གོ་ཆ་ཆེན་པོ་བགོས་པར་བྱའོ། །སེམས་ཅན་རྣམས་སྦྱིན་པ་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་

(༧༦)བྱའོ། །སེམས་ཅན་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་བཟོད་པ་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་བརྩོན་འགྲུས་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་བསམ་གཏན་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་ཤེས་རབ་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་བདེ་བ་ཐོབ་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་ལ་ཕན་གདགས་པའི་དངོས་པོ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་ཀྱིས་གཉེན་པོར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །ཡོན་ཏན་ཆེན་པོ་མངོན་པར་བསྒྲུབ་པ་ལ་མཁས་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །བླ་ན་མེད་པའི་ཡེ་ཤེས་ལེགས་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སེམས་ཅན་རྣམས་འཁོར་བའི་འཇིགས་པ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །མཚུངས་པ་མེད་པའི་ཡེ་ཤེས་ལེགས་པར་ཡོངས་སུ་རྫོགས་པར་རབ་ཏུ་བསྟན་པར་འདོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་དང་། བདུད་ཀྱི་འཁོར་དང་། བདུད་ཀྱི་ཕོ་ཉ་དང་། བདུད་ཀྱི་ལས་ལ་གནས་པ་དང་། ལྟ་བ་རྣམས་ཀྱིས་ཐིབས་པོ་དང་། ལམ་ཡང་དག་པར་ཞུགས་པའི་མུ་སྟེགས་ཅན་གྱི་བསྟན་པ་ལས་རབ་ཏུ་བྱུང་པ་ཐམས་ཅད་དང་། འཇིག་རྟེན་རྒྱང་ཕན་པ་དང་། མུ་སྟེགས་ཅན་དང་འཐུན་པ་ཇི་སྙེད་པ་དག་དང་། འཐབ་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་གོ་ཆ་ཆེན་པོ་བགོ་ཞིང་གོ་ཆ་མི་སྤང་བར་བརྩོན་འགྲུས་ཆེན་པོ་བཀྱེ་ནས། སེམས་ཅན་རྣམས་ཀྱི་ཁམས་ཐམས་ཅད་དུ་ཞུགས་ཏེ།

(༧༧)བཟོད་པ་ལ་གནས་ནས་འཇིགས་པ་རྣམས་སྤངས་ཏེ། མི་སྐྲག་མི་དངང་མི་གཡོ་མི་འཁྲུག་པར་བྱས་ནས་གོ་ཆ་དཔག་ཏུ་མེད་པ་དག་བགོ་བར་བྱའོ། །དེ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་གོ་ཆ་དང་། ལྟ་བའི་ཐིབས་སོ་ཐམས་ཅད་གཅོད་པའི་གོ་ཆ་དང་། བདུད་ཀྱི་དཔུང་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་གོ་ཆ་དང་། ཤེས་རབ་ཡང་དག་པར་ལེན་པའི་གོ་ཆ་དང་། ཚོགས་དཔག་ཏུ་མེད་པ་སོག་པའི་གོ་ཆ་དང་། ཁུར་ལྕི་བ་རྣམས་སྒྲོལ་བའི་གོ་ཆ་དང་། མངོན་པར་ཡིད་ཆེས་པ་འཕེལ་བར་བྱེད་པའི་གོ་ཆ་དང་། ཚུལ་ཁྲིམས་ལ་གནས་པའི་གོ་ཆ་དང་། ལས་ཀྱི་ཀུན་གཞི་ཡོངས་སུ་སྦྱོང་བའི་གོ་ཆ་དང་། ཐམས་ཅད་རྣམ་པར་དག་པར་བྱེད་པའི་སྟོབས་ཀྱི་གཏེར་གྱི་གོ་ཆ་དང་། ཐབས་མཁས་པའི་གཏེར་གྱི་གོ་ཆ་དང་། མངོན་པར་ཞེན་པ་ཐམས་ཅད་ཡོངས་སུ་སྤོང་བའི་གོ་ཆ་དང་། ལྡོག་པ་དང་། འགྱེད་པ་མེད་པའི་ཤེས་རབ་ཀྱི་གོ་ཆ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གོ་ཆ་ཆེན་པོ་དེ་ལྟ་བུ་བགོས་ནས་འཁོར་བའི་མཐའ་ཇི་སྲིད་པ་དེའི་བར་དུ་ཤིན་དུ་བརྟན་པའི་བརྩོན་འགྲུས་ཀྱི་སྟོབས་གཡོ་བ་མི་སྤོང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་བྱའོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་འདི་ནས་བཤད་པའི་བྱང་ཆུབ་སེམས་དཔས་གོ་ཆ་ཆེན་པོ་བགོ་བའི་ཚུལ་ནི། རྟོག་པའི་བསྒོམ་པ་འབའ་ཞིག་པས་གོ་ཆ་བགོ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མདོ་འདི་ཉིད་ལས། རྣམ་རྟོག་མེད་ལ་ཡིད་ཆེས་པས། དོན་དེ་རྗེས་སུ་འབྲང་བར་བྱ། དོན་དེ་གསལ་བར་རབ་རྟོགས་ནས། གསངས་ཏེ་གསུངས་པ་དེ་དག་ལ། འཛིན་མེད་ཞེན་པ་མེད་པ་དང་། འབྲང་དང་རྗེས་སུ་འཇུག་མི་འགྱུར། གལ་ཏེ་རྗེས་སུ་འབྲང་བྱེད་ན། མངོན་ཤེས་རྗེས་

(༧༨)སུ་འབྲང་བར་བྱེད། གལ་ཏེ་རྗེས་སུ་མི་འབྲང་ན། ཐམས་ཅད་རྗེས་སུ་འཇུག་མི་འགྱུར། ཡང་དག་དྲན་པ་དེ་དབང་གིས། རྗེས་སུ་འཇུག་པ་སྤོང་བར་བྱེད། བྱང་ཆུབ་དང་ནི་འཁོར་བ་དང་། གཉིས་ཀ་ཡང་ནི་མཚུངས་མི་ལྡན། དེ་ལ་བསམ་པར་མི་བྱེད་པས། བསམ་མེད་ཡང་དག་དྲན་པ་ཡིན། བསམ་པ་ཡོངས་སུ་དག་པའི་ཕྱིར། རྣམ་པར་དག་པ་ཞེས་བྱའོ། །འདི་དང་ཐ་དད་བསྒྲུབ་བྱེད་ན། བླ་མེད་ཆོས་ནི་སྤོང་བར་འགྱུར། ཁྱོད་ཀྱི་དོན་དེ་དག་ལ་ནི། ཇི་སྐད་བསྟན་བཞིན་བསྒྲུབ་པར་བྱ། ཞེས་གསུངས་པ་ལྟར་རོ། །ལོན་ཆོས་ཟབ་མོ་ལ་སློབ་ཚུལ་དེ་ལྟར་ཡིན་དུ་ཆུག་ནའང་། རྒྱ་ཆེ་བ་ལ་སློབ་ཚུལ་ཇི་ལྟར་ཡིན་ཞེ་ན། སྐལ་པ་དམན་པའི་གང་ཟག་ཡིན་ན། རིག་པའི་གནས་ལྔ་ལྟ་བུ་ལ་སློབ་པའི་ཚེ། མས་རིམ་དུ་འཇུག་ཅིང་། གཅིག་གིས་ནན་ཏན་ལེགས་པར་གྲུབ་པ་ན། གཞན་གཅིག་ལ་འཇུག་པར་བྱེད་པ་ཡིན་ཏེ། སྤྱོད་འཇུག་ལས། ལེགས་པར་ཟིན་ནས་ཕྱི་མ་དང་། ཕྱི་མ་འདོད་པས་དེ་ཡང་བྱ། དེ་ལྟར་བྱས་ན་ཀུན་ལེགས་བྱས། གཞན་དུ་གཉིས་ཁར་མི་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །འདི་ནི་རིམས་ཀྱིས་པའམ་མཐར་གྱིས་པའི་སྦྱོར་བ་ཉམས་སུ་བླང་བའི་ཚུལ་ལོ། །སྐལ་པ་མཆོག་དང་བློ་སྟོབས་ཅན་ཡིན་ན། རིག་པའི་གནས་ལྔ་ལྟ་བུ་ལ་སློབ་པ་ན། རིག་པའི་གནས་ལྔ་ཆར་ལ་མཉམ་དུ་འཇུག་ཅིང་། རིག་པའི་གནས་རེ་རེའི་ནང་དུ་ཡང་རིག་པའི་གནས་གཞན་ཐམས་ཅད། འདུས་པའི་ཚུལ་དུ་སློབ་ཅིང་། བློ་ངོ་ནས་ཤེས་བྱ་ལ་ལྷག་མེད་དུ་འཇུག་ཅིང་རིགས་མཐུན་རྣམས་མཉམ་ཆོད་དུ་སློབ་པ་ཡིན་ནོ། །འདི་ནི་གཅིག་ཅར་བའམ་སྐད་ཅིག་མའི་སྦྱོར་བ་ཉམས་སུ་ལེན་པའི་ཚུལ་ཡིན་ནོ། །ཤེས་བྱའམ་རིག་པའི་གནས་སྣ་རེ་ཙམ་ལ་ཆིག་དྲིལ་དུ་སློབ་པ་ནི། ཅུང་ཟད་ཆོག་འཛིན་གྱི་ལེ་ལོ་ཡིན་པས་སྤང་

(༧༩)པར་བྱ་བ་ཡིན་ནོ། །དེས་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་ཡུལ་མ་ལུས་པ་བློ་འོག་ཏུ་དུས་གཅིག་ལ་ཆུག་པར་བྱས་ཏེ། རིམས་དང་། ཅིག་ཆར་ཅི་རིགས་པའི་སྒོ་ནས་གསལ་འདེབས་ཤིང་། སྒོ་དུ་མ་དང་རྣམ་གྲངས་དུ་མ་ནས་རྩལ་སྦྱོང་བ་ནི། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་འཇུག་ཚུལ་ཡང་དག་པ་ཡིན་ནོ། །མདོ་འདི་ཉིད་ལས་ཀྱང་། ཆོས་རྣམས་ཐམས་ཅད་ཀུན་ལ་ནི། བརྩོན་འགྲུས་བསྐྱེད་ནས་གང་སེམས་པ། ཆོས་རྣམས་ཐམས་ཅད་རྟོགས་པས་ན། ཏིང་འཛིན་འདི་ནི་ཐོབ་པར་འགྱུར། ཞེས་པ་དང་། སེམས་ཅན་བསོད་ནམས་ཆུང་ཞིང་དམན་པ་ལ་མོས་པ་ནི་མ་གཏོགས། སེམས་ཅན་གང་ཤེས་རབ་ཆེན་པོ་དང་ལྡན་པ་དག་གིས་ནི། ཆོས་རྒྱ་ཆེན་པོ་འདི་མངོན་པར་བསྒྲུབ་པར་བྱེད་ལ། ཆོས་རྒྱ་ཆེན་པོ་མངོན་པར་སྒྲུབ་པ་གང་ཡིན་པ་དེ་དག་ནི་ཡོན་ཏན་ཕུན་སུམ་ཚོགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཡོངས་སུ་གཟུང་པར་འགྱུར་ཏེ། ངས་ཇི་སྐད་དུ་གང་གིས་ཆོས་ཀྱི་ནོར་རྒྱ་ཆེན་པོ་འདི་ཡོངས་སུ་འཛིན་པར་བྱེད་པ་དེ་དག་ནི་ལྷ་དང་མི་རྣམས་ཀྱིས་ཡོངས་སུ་བསྲུང་ཞིང་རིམ་གྲོ་བྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྗེས་སུ་previous hit དགོངས་པར་འགྱུར་རོ་ཞེས་བསྟན་ next hit་ལྟ་བུའོ་ཞེས་གསུངས་པ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཐུབ་པའི་དབང་པོ་ཇི་བཞིན་དུ། གོ་ཆ་ཆེན་པོ་རབ་བགོས་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ལེའུ་བརྒྱད་པ། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་

(༨༠)ལྡན་འདས་མཉན་ཡོད་ན་རྒྱལ་དབུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཐ་དད་པ་ནས་འདུས་པ་ཁྲི་ཉིས་སྟོང་དང་། ལྷའི་བུ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་སུམ་ཁྲི་ཉིས་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་བསམ་པ་ནི། དེའི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷའི་བུ་རིན་ཆེན་མཆོག་ཅེས་བྱ་བ་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏེ། དེ་ནས་ལྷའི་བུ་རིན་ཆེན་མཆོག་འདི་སྙམ་དུ་སེམས་ཏེ་ཞེས་པ་ནས། ཆོས་བསྟན་པ་དེ་གང་དག་གིས་ཐོས་པར་གྱུར་པ་དེ་དག་ཐེག་པ་གང་ལ་མོས་པར་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ན་ཅི་མ་རུང་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོའི་བསམ་པ་མཁྱེན་ནས་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་རིན་ཆེན་མཆོག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་འཁོར་འདི་ཁྱོད་ལས་ཆོས་མཉན་པ་ཐོས་པར་འདོད་ཀྱིས་འཁོར་འདི་དག་ལ་གཏམ་གྱི་རྒྱུད་འགའ་ཞིག་ལ་ཁྱོད་སྤོབས་པར་གྱིས་ཤིག་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་ཅི་ལས་བརྩམས་ཏེ་སྤོབས་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་རྩོམས་ལ་ཁྱོད་སྤོབས་པར་བགྱིས་ཤིག་ཅེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པས་ཆོས་བསྟན་པ་དངོས་ནི། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལགས་པས། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་

(༨༡)ནི་བརྗོད་པའམ་མཉན་པར་ཅུང་ཟད་ཀྱང་རྔོ་མི་ཐོགས་ན། བཅོམ་ལྡམ་འདས་ཇི་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་བརྩམས་ཏེ་བསྟན་པར་བགྱི་ལགས་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ལས་གནས་སྐབས་ཀྱི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག་དང་། དེ་ལྟ་ན་ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་མཆོད་པར་བྱས་པར་འགྱུར་རོ་ཞེས་པས་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། ཆོས་ཀྱི་དབྱིངས་རང་བཞིན་དབྱེར་མེད་པ་རྟོགས་ནས། བསྒོམས་པས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ལྷའི་བུ་རིན་ཆེན་མཆོག་ལ་འཕགས་པ་འཇམ་དཔལ་གྱིས་ཆོས་ཀྱི་དབྱིངས་རང་བཞིན་དབྱེར་མེད་པར་བསྟན་པ་བཤད་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་རིན་ཆེན་མཆོག་དེ་བཞིན་གཤེགས་པ་རིན་ཆེན་བཀོད་པ་ཞེས་བྱ་བར་ལུང་བསྟན་པའི་ཚེ་དེ་ལྟ་བུ་བདུད་ཀྱིས་མ་བཟོད་ནས་བར་ཆད་རྩོམ་དུ་འོངས་པ་ན། འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ནས་ཐེག་པ་ཆེན་པོའི་ཆོས་སྟོན་དུ་བཅུག་པས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་པའི་ཚུལ་བསྟན་པ་དང་། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱི་བྱིན་གྱིས་བརླབས་ཀྱིས་བདུད་སྡིག་ཅན་དེ་བཞིན་གཤེགས་པའི་ཁ་དོག་དང་། གཟུགས་ཀྱི་མཚན་དང་ལྡན་ཞིང་སེང་གེའི་ཁྲི་ལ་འདུག་ནས་ཟབ་མོའི་གནས་འདི་ལྟ་བུ་འདི་དག་སྟོན་པ་ནི་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཁོ་བོས་ནི་སེམས་མེད་པའི་

(༨༢)དངོས་པོ་ཤིང་དང་། རྩྭ་དང་ནགས་ཚལ་འདི་དག་ལ་དེ་ལྟ་དེ་ལྟར་བྱིན་གྱིས་བརླབས་ན་ཡང་འདི་དག་ཀྱང་དེ་ལྟ་བུའི་མཚན་མ་དང་ལྡན་ཞིང་སངས་རྒྱས་ཀྱི་སྤོབས་པས་ཆོས་སྟོན་པར་འགྱུར་རོ། །ཁོ་བོས་གནས་བརྟན་ཤཱ་ར་དྭ་ཏིའི་བུ་འདི་ལ་དེ་ལྟ་དེ་ལྟར་བྱིན་གྱིས་བརླབས་ན་ཡང་གནས་བརྟན་ཤཱ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་གཟུགས་དང་། སྐུའི་མཚན་དང་ལྡན་ཞིང་སངས་རྒྱས་ཀྱི་སྤོབས་པས་ཆོས་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་སངས་རྒྱས་ཀྱི་གཟུགས་དང་། སྐུའི་མཚན་དང་ལྡན་པར་བྱིན་གྱིས་བརླབས་ན། ཉན་ཐོས་སྟོན་པའི་གཟུགས་སུ་གནས་པ་ནི་མི་འཐུན་པ་ཡིན་པས་བདག་འཁོར་འདི་ནས་མི་སྣང་བར་བྱའོ་སྙམ་དུ་བསམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱིས་བརླབས་ཀྱིས་དེས་མི་སྣང་བར་བྱེད་མ་ནུས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱི་ཤེས་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཇི་ལྟར་དེ་བཞིན་གཤེགས་པའི་།།།སངས་རྒྱས་ཀྱི་གཟུགས་དང་། སྐུའི་མཚན་དང་ལྡན་ཞིང་སེང་གེའི་ཁྲི་ལ་འདུག་པར་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་མཐོང་པར་བྱིན་གྱིས་བརླབས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཇི་ལྟར་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་དེ་བཞིན་དུ་བདུད་སྡིག་ཅན་དང་ལྷན་ཅིག་ཏུ་སྟོན་ཅིག་ །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་གཟུགས་དང་། སྐུའི་མཚན་དང་ལྡན་པས་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་དང་། སྐུའི་མཚན་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཅི་ཞིག་གིས་རབ་ཏུ་ཕྱེ་བ་ཡིན། སྨྲས་པ། བཙུན་པ་ཤཱ་ར་དྭ་

(༨༣)ཏིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་སོགས་བསྟན་ཅིང་། ཤཱ་ར་དྭ་ཏིའི་བུ་དང་། བདུད་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ནས་ཆོས་སྟོན་དུ་བཅུག་པའི་དགོས་པ་ནི། ཤཱ་ར་དྭ་ཏིའི་བུ་ལ་དད་པའི་ལྷའི་བུ་རྣམས་དང་། བདུད་ཀྱི་རིས་ལ་དད་པའི་ལྷའི་བུ་རྣམས་ལས་སྲོག་ཆགས་སུམ་ཁྲི་ཉིས་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷའི་བུ་དེ་དག་གདུལ་བའི་དབང་གིས་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཅན་དང་། གནས་བརྟན་ཤཱ་ར་དྭ་ཏིའི་བུ་གཉིས་སངས་རྒྱས་ཀྱི་གཟུགས་དང་། སྐུའི་མཚན་གྱིས་བརྒྱན་པར་བྱིན་གྱིས་བརླབས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱིས་བརླབས་ཏེ་ཕྱིར་བསྡུས་སོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ་དམ་ཆོས་པད་མ་དཀར་པོ་སོགས་ནས། ཉན་ཐོས་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ལ། མདོ་འདི་ཉིད་ནས། སྡིག་ཅན་བྱང་ཆུབ་སེམས་དཔར་ལུང་བསྟན་ན་ནི། སེམས་ཅན་མང་པོ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ཀྱི། ཉན་ཐོས་རྣམས་ལུང་བསྟན་པས་ནི་དེ་ལྟ་མ་ཡིན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱང་ཕྱིར་མི་ལྡོག་པར་འགྱུར་བས་ན་དེའི་ཕྱིར་བྱང་ཅུབ་སེམས་དཔར་ལུང་སྟོན་པར་མཛད་ཀྱི། ཉན་ཐོས་ལུང་བསྟན་པ་མི་མཛད་དོ། །ཞེས་གསུངས་པ་ནི་previous hit དགོངས next hit་འགལ་བས་ཇི་ལྟར་སྤང་ཞེ་ན། ཉན་ཐོས་བྱང་ཆུབ་ཏུ་ལུང་བསྟན་previous hit ་ནི། དགོངས next hit་གཞི་མཐར་ཐུག་དང་སངས་རྒྱས་ཀྱི་རིགས་ཡོད་previous hit ་ལ་དགོངས next hit་ལ། དགོས་ཆེད་ཉན་ཐོས་རྫོགས་པའི་བྱང་ཆུབ་ལ་དྲང་བ་དང་། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོར་རིགས་མ་ངེས་པ་

(༨༤)འགའ་ཞིག་རྗེས་སུ་བཟུང་བའི་ཕྱིར་དུ་ཐེག་པ་གཅིག་ཏུ་བསྟན་པ་ཡིན་ལ། ཉན་ཐོས་བྱང་ཆུབ་ཏུ་ལུང་མི་སྟོན་ཞེས་previous hit ་ནི་དགོངས next hit་གཞི་གནས་སྐབས་ཐེག་པ་གསུམ་དུ་ངེས་པ་དང་། དགོས་བྱེད་ཉན་ཐོས་ཞི་བགྲོད་ཕྱོགས་གཅིག་པའི་རིགས་ཅན་རང་གི་བྱང་ཆུབ་ཏུ་དཀྲི་བ་དང་། བྱང་ཆུབ་སེམས་དཔའི་རིགས་ཅན་བློ་དམའ་བ་རྣམས་ཉན་ཐོས་སུ་སེམས་མི་བསྐྱེད་པ་དང་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་དུ་གནས་སྐབས་ཐེག་པ་གསུམ་དུ་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་དབྱིངས་དབྱེར་མེད་རྟོགས་གྱུར་ནས། ཐེག་པ་གཅིག་ལ་ཞུགས་གྱུར་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།འཕགས་པ་དཀོན་མཆོག་བརྩེགས་པ་ལས་ལེའུ་དགུ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་ཕྱེ་བར་གསོལ་ཞིང་སྟོན་པས་སྐབས་ཕྱེ་བར་གནང་བ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པ་ནས། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཁྱོད་ལ་རྟག་ཏུ་སྐབས་ཕྱེ་ཡི་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེ་ཉིད་ཀྱིས་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

(༨༥)ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས། དེ་བཞིན་གཤེགས་པས་ཇི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལེགས་པར་འདོགས་པར་མཛད། དོན་གང་གིས་ན་ཐེག་པ་ཆེན་པོ་ཞེས་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་བཤད་པར་ཞལ་གྱི་བཞེས་ཤིང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་གསུངས་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཏེ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱི་བ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་

(༨༦)ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བཀོད་པ་དེ་བས་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དེ་བསོད་ནམས་ཆེས་གྲངས་མེད་པ་དང་། ཆེས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དེ་ལ་སྡང་པའི་སེམས་བསྐྱེད་པར་བགྱིད་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་བསོད་ནམས་མ་ལགས་པ་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་ཀྱིས་མིག་ཕྱུང་པར་གྱུར་པ་དེ་བས་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དེ་ལ་སྡང་བའི་སེམས་བསྐྱེད་པར་བྱེད་པ་དེ་བསོད་ནམས་མ་ལགས་པ་ཆེས་གྲངས་མེད་པ་དང་། ཆེས་མང་དུ་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཀུན་དགའ་བོ་འདི་ལྟར། ཆོས་རྣམས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྣང་བར་གྱུར་པ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་མ་དད་པ་རྣམས་ཀྱིས་མདུན་དུ་བརྗོད་པར་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་འཕོངས་པར་འགྱུར་བའི་སུག་ལས་བགྱིད་ནས་ལུས་ཞིག་སྟེ། གུམ་པའི་འོག་ཏུ་སེམས་ཅན་དམྱལ་

(༨༧)བ་རྣམས་སུ་སྐྱེ་བར་མི་འགྱུར་བར་རྗེས་སུ་བསྲུང་བར་བགྱི་འཚལ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་དག་གི་མདུན་དུ་བརྗོད་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ནི་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཡིན་པའི་ཕྱིར་རོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། བཅུ་གང་ཞེ་ན། འདི་ལྟ་སྟེ། དད་པ་དང་ལྡན་པ་ཡིན། ནན་ཏན་སྙིང་པོ་བྱེད་པ་ཡིན། རིགས་ཕུན་སུམ་ཚོགས་པ་ཡིན། བྱང་ཆུབ་ཀྱི་སེམས་འདོད་པ་ཡིན། ཆོས་འདོད་པ་ཡིན། ཆོས་ལ་ཉེ་བར་རྟོག་པར་བྱེད་པ་ཡིན། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ་ཡིན། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་བྲལ་བ་ཡིན། previous hit དགོངས་ཏེ་གསུངས་ next hit་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འདོད་པ་ཡིན་ནོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། ཉན་ཐོས་ཉོན་མོངས་པ་སྤངས་ཚར་བ་རྣམས་སང་མི་རྒྱ་བ་ཡིན་ཏེ། ཉན་ཐོས་དགྲ་བཅོམ་པ་ཐོབ་པའི་ཚོགས་ཙམ་གྱིས་ནི་སངས་རྒྱས་མི་འཐོབ་ཅིང་ཐེག་པ་ཆེན་པོའི་ཚོགས་སོག་པ་ལ་ནི་སྐྱེ་བ་ཚད་མེད་པ་ལེན་དགོས་ལ། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་སྐྱེ་བ་ལེན་པའི་རྒྱུ་ཟད་པའི་ཕྱིར་དང་། ཉན་ཐོས་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཞེས་མདོ་འདི་ཉིད་ལས་འབྱུང་བའི་ཕྱིར་རོ་ཞེ་ན། དེ་ངེས་པའི་དོན་གྱིས་མདོའི་previous hit དགོངས next hit་མ་ཡིན་ཏེ། ངེས་པའི་དོན་གྱིས་མདོའི་previous hit དགོངས next hit་ནི་མདོ་འདི་ཉིད་ལས། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་

(༨༨)བྱང་ཆུབ་སེམས་དཔས་previous hit དགོངས་ཏེ་གསུངས་ next hit་རྟོགས་པར་བྱ་བ་ལ་མཁས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་previous hit དགོངས་ཏེ་གསུངས་པའི་མདོ་སྡེ་ཟབ་མོ་གང་དག་ཡིན་ next hit་དེ་དག་ལ་སྒྲ་ཇི་བཞིན་པ་ཁོ་ནར་མངོན་པར་ཞེན་པར་མི་བྱེད་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པས་previous hit དགོངས་ཏེ་གསུངས་ next hit་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ་ཞེས་གསུངས་པ་ནི། དེ་ལྟར་མི་ལྟའོ། །ཀུན་དགའ་བོ་ང་ནི་རོ་རྒྱབ་ནའོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །ང་ནི་རྒས་འཁོགས་ཏེ་གཏུགས་པ་ཡིན་གྱིས་ངའི་བསྙེན་བཀུར་ཚོལ་ཅིག་ཅེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། །མཽ་འགལ་གྱི་བུ་ཁྱོད་སོང་ལ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་གནས་ནས་སྨན་ལོང་ཤིག་དང་བཟའ་བར་བྱའོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པ་ནི་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་དག་དང་ལྷན་ཅིག་ཏུ་ཚིག་གིས་རྩོད་པར་བྱེད་དོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་གོ་ཞེས་གསུངས་པ་ཡང་ད་ལྟར་མི་ལྟའོ། །སྐྱེས་བུ་དམ་པ་མ་ཡིན་པ་ལྷ་བྱིན་ནི་ཡུན་རིང་པོ་ནས་དེ་བཞིན་གཤེགས་པའི་གཤེད་མ་དང་། གཅུགས་ཅན་དང་། ཕྱིར་རྒོད་དང་དགྲ་བོར་གྱུར་པ་ཡིན་ནོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པ་ནི་བསོད་སྙོམས་ཀྱི་ཕྱིར་བྲམ་ཟེའི་གྲོང་པ་ལ་ཅན་དུ་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་ཕྱིར་བྱུང་ངོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །བྲམ་ཟེའི་བུ་མོ་དྲེགས་མས་ཤིང་གི་གཞོང་བུ་ལྟོ་བར་བཅིངས་ཏེ་དེ་བཞིན་གཤེགས་པ་ལ་བཀུར་པ་བཏབ་པོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པ་ཉོན་མོངས་མེད་ཀྱིས་

(༨༩)ལྗོངས་སུ་དབྱར་གནས་པར་ཞལ་གྱིས་བཞེས་པ་ན་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་དག་གསོལ་ཏོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ཇི་ལྟར་ལྟ་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་གང་ཡིན་པ་དེ་ནི་རིགས་ལ་བརྟགས་ཏེ་ལུང་བསྟན་ཏོ། །གསོལ་པ་བཅོམ་ལྡན་འདས་ཉན་ཐོས་ཟག་པ་ཟད་པ་སྲིད་པ་ཀུན་ཏུ་སྦྱོར་བ་ཡང་དག་པར་རྒྱུན་ཆད་པ་དག་ལ་རིགས་མཆིས་སུ་ལགས་ཀྱང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། རིགས་ཀྱི་བུ་དེའི་ཕྱིར་དཔེ་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞིག་ལ་བུ་ཞིག་བདོག་པར་གྱུར་ལ་དེ་ཡང་བཟོའི་གནས་ཐམས་ཅད་སློབ་པར་བྱེད་ཅིང་དེ་དབང་པོ་བརྟུལ་ལ་དབང་པོ་མི་རྣོ་བ་ཞིག་ཡིན་པས་དེ་ཕྱིས་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་སྔར་སློབ་པར་བྱེད་ལ། སྔར་བསླབ་པར་བྱ་བ་གང་ཡིན་དེ་ནི་ཕྱིས་སློབ་པར་བྱེད་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེ་གཞི་དེས་རྒྱལ་པོའི་བུ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་ཏེ། དེ་ནི་རྒྱལ་པོའི་བུ་ཞེས་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དབང་པོ་བརྟུལ་པོ་ཡང་བསྒོམ་

(༩༠)པའི་ལམ་གྱིས་སྔར་ཉོན་མོངས་པ་ཟད་པར་བྱེད་ཅིང་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེས་གཞི་དེས་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་བདག་གིས་གང་འདོད་ཆེན་པོ་མ་གཏོགས་པར་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་དེ་སྐད་མཆི་བའི་སེམས་ཅན་དེ་དག་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་ཉོན་ཅིག །རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ཉོན་མོངས་པའི་སྒྲིབ་པ་ཟད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་གམ། འོན་ཏེ་མ་ཟད་པས་འཇུག་སྙམ་འམ། གསོལ་པ། བཅོམ་ལྡན་འདས་བས་ནས་མཆིས་ལགས་སོ། །བདེ་བར་གཤེགས་པ་བས་ནས་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེ་གཞི་དེས་མངོན་པར་རྫོགས་པར་འཚང་རྒྱ་སྙམ་འམ། གསོལ་པ། བཅོམ་ལྡན་འདས་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ། །བདེ་བར་གཤེགས་པ་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ་ཞེས་གསུངས་པ་ལྟར་རོ། །འདིའི་མདོར་བསྟན་དུ། ཉན་ཐོས་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཞེས་པ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ལྟར་མི་ལྟ་སྟེ། ཉན་ཐོས་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ནི་སངས་རྒྱས་ཀྱི་རིགས་ཡོད་པས་ལ་རྟགས་ནས་བསྟན་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་པའི་དོན་ཡིན་གྱི་རྣམ་པ་ཀུན་ཏུ་ལུང་མ་བསྟན་པ་ཞེ་ན་རྒྱས་བཤད་དང་འགལ་བས་མི་རིགས་

(༩༡)པའོ། །རྒྱས་བཤད་དུ་ཞུ་བ་པོས་འདོད་ཆེན་པ་མ་གཏོགས་པ་སེམས་ཅན་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་འཐོབ་ཅེས་ཟེར་བ་ཡང་། དེ་ལྟར་མི་ལྟ་བ་དང་རིགས་འཐུན་པ་ཡིན་ཏེ་རིགས་ཡོད་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བས་ཆོས་བཅུ་རྟོགས་གྱུར་ནས། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཏེ། རྫོགས་པའི་སངས་རྒྱས་འཐོབ་པར་ཤོག། ༈ །།དཀོན་མཆོག་བརྩེགས་པ་ལས་ལེའུ་བཅུ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཀུན་ནས་སྒོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་། གཉུག་མར་གནས་པའི་འཁོར་དང་། གསར་དུ་བསྡུས་པའི་འཁོར། ཞུ་བ་པོས་ཞུས་ཚུལ་བཅོམ་ལྡན་འདས་ཀྱིས་གསུང་བར་ཞལ་གྱིས་བཞེས་པ་རྣམས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་འཇམ་དཔལ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཆོས་ཀྱི་རྣམ་གྲངས་འདིའི་ཡོན་ཏན་བརྗོད་པའི་ཁྱད་པར་ལ་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་

(༩༢)སྤོབས་པར་བྱོས་ཤིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ནེམ་ནུར་མ་མཆིས་པ་དང་། ཐེ་ཚོམ་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱི་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བགྱིད་པ་དེ་ཚེ་འདི་ཉིད་ལ་གདོན་མི་འཚལ་བར་སྤོབས་པ་འཐོབ་པར་རེ་བར་བགྱི་སྟེ། སྤོབས་པ་མྱུར་བ་དང་། སྤོབས་པ་རྒྱ་ཆེ་བ་དང་ཟབ་མོ་ལ་སྤོབས་པ་དང་། མི་བརྗེད་པའི་སྤོབས་པ་དང་། སྤོབས་པ་སྣ་ཚོགས་འཐོབ་པར་རེ་བར་བགྱིའོ། །དེ་ནི་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མ་མཆིས་པའི་སེམས་སུ་གྱུར་པར་རེ་བར་བགྱིའོ། །དེ་ཅིའི་སློབ་སླད་དུ་ཞེ་ན། གང་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་སྒྲུབ་པ་དེ་ནི་སྤྱོད་པ་འདི་ཉིད་དང་རྗེས་སུ་འབྲེལ་བ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྦྱིན་པ་ནི་ལོངས་སྤྱོད་ཆེན་པོ་འཐོབ་པར་བསླུ་བ་མེད་དོ། །ཚུལ་ཁྲིམས་ནི་མཐོ་རིས་སུ་སྐྱེ་བར་བསླུ་བ་མེད་དོ། །ཐོས་པ་ནི་ཤེས་རབ་ཆེན་པོར་འགྱུར་བར་བསླུ་བ་མེད་དོ། །སྒོམ་པས་ནི་འབྲལ་བར་འགྱུར་བར་བསླུ་བ་མེད་དོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་ཚེ་འདི་ཉིད་ལ་སྤོབས་པ་བསྐྱེད་པར་བསླུ་བ་མེད་དོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མ་ཤར་བས་ནི་མུན་པ་མུན་ནག་ཐམས་ཅད་སེལ་བར་བྱེད་དོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་བསྟན་མ་ཐག་ཏུ་སྤོབས་པ་སྐྱེ་བར་རེ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འཇམ་དཔལ་དེ་བཞིན་

(༩༣)དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་འདོན་པ་དེ་ཡང་ཐེ་ཚོམ་མེད་པར་ངེས་པར་ཚེ་འདི་ཉིད་ལ་སྤོབས་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་འདི་ཉིད་ལ་སྤོབས་པ་ཐོབ་པར་འདོད་པས་ནེམ་ནུར་མེད་པ་དང་། ཐེ་ཚོམ་མེད་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་པར་བྱ། བཅང་བར་བྱ། ཁ་ཏོན་དུ་བྱ། ཀློག་པར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྒྲ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རེག་བྱ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཡིད་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །བུད་མེད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྐྱེས་པ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཁྱེའུ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །བུ་མོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཀླུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གནོད་སྦྱིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཟའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷ་མ་ཡིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ནམ་མཁའ་ལྡིང་གི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །མིའམ་ཅིའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྟོ་འཕྱེ་ཆེན་པོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སེམས་ཅན་དམྱལ་བའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འདོད་ཆགས་

(༩༤)ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེ་སྡང་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གཏི་མུག་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་དག་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །མི་དགེ་བ་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འདུས་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འདུས་མ་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱ་སྟེ། འཇམ་དཔལ་དེ་ལྟ་བུའི་ཏིང་ངེ་འཛིན་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་དུ་འགྲོ་བའི་བློ་དང་ལྡན་པ་ཡིན་ལ་ཀུན་ནས་སྒོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་ཡང་བསླབས་པ་ཡིན་ནོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། ཏིང་ངེ་འཛིན་སྒོམ་པ་ནི་སེམས་ཀྱི་ངོ་བོ་ཁོ་ན་སྒོམ་ཞེས་པ་དང་། སྣང་མེད་ཁོ་ན་བསྒོམ་ཞེས་ཟེར་བ་རྣམས་ནི་ཏིང་ངེ་འཛིན་བསྒོམ་པའི་གནད་མ་གོ་བ་ཡིན་ཏེ། མདོ་འདི་ཉིད་ལས། སྣང་སྲིད་ཐམས་ཅད་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། ཏིང་འཛིན་སྤྱོད་ཡུལ་ཀུན་རྟོགས་ནས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །།དཀོན་མཆོག་བརྩེགས་པ་ལས་ལེའུ་བཅུ་གཅིག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་། འཁོར་དང་། ཞུ་བ་པོས་ཇི་ལྟར་ཞུས་པ་རྣམས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པ་ནས། འདི་ལྟ་བུ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་འོད་ཟེར་རེ་རེ་ཀུན་ཀྱང་

(༩༥)ཁ་དོག་རྣམ་པ་ལྔའི་འོད་ཟེར་འདྲེས་པར་གྱུར་པ་སྟོན་པར་མཛད་པ་ནས། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་དངོས་པོ་རེ་རེ་ཀུན་ཀྱང་འདོ་ཟེར་ཁ་དོག་རྣམ་པ་སྣ་ཚོགས་ཚད་མ་མཆིས་པ་དཔག་ཏུ་མ་མཆིས་པ་དག་དང་འདྲེས་པར་གྱུར་པར་རབ་ཏུ་སྟོན་པར་མཛད་པའི་བར་དུ་བརྙེས་པར་འགྱུར་ལགས་ཞེས་པའི་བར་གྱིས་རིམས་བཞིན་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ནི་བསམ་གྱིས་མི་ཁྱབ་པའི། དགེ་བའི་ལས་ཀྱི་རྒྱུ་རྐྱེན་གྱིས། རྨོངས་པ་རྣམས་ནི་རབ་སྤངས་པས། འོད་ཟེར་སྣ་ཚོགས་གྲུབ་པ་ཡིན། ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གང་གིས་སྐད་ཅིག་ཅིག་ལ་ནི། མཆོད་རྟེན་སྟོང་ནི་བྱས་པ་བས། གང་གིས་མདོ་སྡེ་འདི་ཐོས་ནས། ཚིག་བཞི་ཚིགས་བཅད་འཛིན་འཕགས། མེ་ཏོག་ཕྲེང་པ་བརྒྱ་སྟོང་དག །སངས་རྒྱས་མཆོད་རྟེན་མཆོད་པ་བས། གང་གི་མདོ་སྡེ་འདི་ཐོས་ནས། ཚིག་བཞི་ཚིགས་བཅད་སེམས་པ་འཕགས། གང་གིས་རིན་ཆེན་མཆོད་རྟེན་དག །གང་གི་བྱེ་སྙེད་བྱས་པ་བས། གང་གིས་ཐ་ན་སྐད་ཅིག་ཙམ། མདོ་སྡེ་འདི་སེམས་ཁྱད་པར་འཕགས། སངས་རྒྱས་ཞིང་ནི་འབུམ་ཕྲག་བརྒྱ། མེ་ཏོག་གཏོར་ནས་མཆོད་པ་བས། གང་གིས་ཐ་ན་སྐད་ཅིག་ཙམ། མདོ་སྡེ་འདི་སེམས་ཁྱད་པར་འཕགས། ཆོས་གོས་འབུམ་ཕྲག་བརྒྱ་མང་པོ། སངས་རྒྱས་རྣམས་ལ་ཕུལ་བ་བས། གང་གིས་ཐ་ན་སྐད་ཅིག་ཙམ། མདོ་སྡེ་འདི་སེམས་ཁྱད་པར་འཕགས། །སངས་རྒྱས་སྤྱན་ནི་རྣམ་དག་འཕགས། མི་མཁྱེན་མི་གཟིགས་གང་ཡང་མེད། གང་གིས་མདོ་སྡེ་འདི་མོས་ན། སངས་རྒྱས་སྤྱན་ནི་ཐོབ་པར་འགྱུར། ཞེས་སོགས་རྒྱ་ཆེར་བསྟན་ཏོ། །བསྡུས་པའི་

(༩༦)དོན་ནི། ཟླ་འོད་གཞོན་ནུར་གྱུར་པ་ལ། བཅོམ་ལྡན་འདས་ལ་འོད་ཟེར་དཔག་ཏུ་མེད་པ་མངའ་བའི་ཚུལ། འོད་ཟེར་དེ་དག །ཀུན་ཏུ་སྐྱེ་བའི་མདོ་ལ་བསླབས་པ་ལ་བརྟེན་ནས་བྱུང་པའི་ཚུལ་དང་། ཟླ་འོད་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་སྤྱན་དྲངས་ཏེ། འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པའི་ཚུལ་རྣམས་རྒྱ་ཆེར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། མདོ་སྡེ་ཟབ་མོ་འདི་རྟོགས་ནས། རྒྱལ་བའི་འོད་ཟེར་ཀུན་འགྲུབ་ཤོག། ༈ །།དཀོན་མཆོག་བརྩེགས་པ་ལས་ལེའུ་བཅུ་གཉིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་དང་། སྟོན་པ་དང་། ཞུ་བ་པོ་ཁྱིབ་བདག་ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་རྣམས་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། དབྱར་གནས་སུ་གནས་ནས་ཟླ་བ་གསུམ་འདས་ཏེ། དགག་དབྱེ་མཛད་ན་ཞེས་པ་ནས། བདག་གི་ཁྱོད་ཀྱི་ཆོ་འཕྲུལ་མཆོག་མཐོང་ནས། ཡོན་ཏན་ལྷག་པ་གང་དག་གཟིགས་གྱུར་ན། དེ་བཞེད་པས་ན་མི་དབང་རབ་བྱུང་སྙམ། བདག་ནི་དེ་ལ་ཐེ་ཚོམ་འཚལ་བར་འགྱུར། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་ཧོ་ཁྱིམ་བདག་འཇིག་རྟེན་གནས་པ་འདི་

(༩༧)བརྩེ་བ་བཅུས་བཅེས་པར་མཐོང་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སྐྱེ་བས་བརྩེ་བ་དང་། རྒ་བས་བརྩེ་བ་དང་། ན་བས་བརྩེ་བ་དང་། འཆི་བས་རྩེ་བ་དང་། མྱ་ངན་གྱི་རྩེ་བ་དང་། སྨྲེ་སྔགས་འདོན་པས་རྩེ་བ་དང་། སྡུག་བསྔལ་གྱི་རྩེ་བ་དང་། ཡིད་མི་བདེ་བས་རྩེ་བ་དང་། འཁྲུག་པས་རྩེ་བ་དང་། འཁོར་བས་རྩེ་བ་དང་བཅུ་སྟེ། ཁྱིམ་བདག་འཇིག་རྟེན་གནས་པ་བརྩེ་བ་འདི་བཅུས་རྩེས་པར་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱའོ་ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་འདུན་པ་དྲག་ཏུ་བསྐྱེད་དེ་ཤིན་དུ་མཉན་པར་བྱ། བླང་པར་བྱ། གཟུང་པར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་བརྗོད་པར་བྱ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་མཉན་ཏམ། བླངས་སམ། གཟུང་ངམ་། ཀུན་ཆུབ་པར་བྱས་སམ། གཞན་དག་ལ་བརྗོད་དམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཚད་མེད་པ་བཞི་དང་མི་འབྲལ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱ་བ་ཡིན་ནོ། །བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུད་པར་བརྩོན་པ་ཡིན་ནོ། །ཤཱ་རིའི་བུ་གང་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ནི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །

(༩༨)དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་དང་འབྲེལ་ལོ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནོར་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་ནང་དུ་བཅུག་གོ །ཤཱ་རིའི་བུ་ངས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་བསླབས་ནས་ཡང་དག་པར་རྗེས་སུ་ཐོབ་པོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྗེས་སུ་ཐོབ་པོ། །ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་སོན་པའོ། །དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ངེས་པར་བྱས་པ། དེ་བཞིན་གཤེགས་པ་མཛད་པ་རྒྱུན་མ་བཅད་པ། རྣམ་པ་ཐམས་ཅད་ཀྱིས་ཚད་མེད་པ་རྗེས་སུ་ཐོབ་པའོ། །དེ་བཞིན་གཤེགས་པས་དཔག་ཏུ་མེད་པ་རྗེས་སུ་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྗེས་སུ་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཤིན་དུ་གནས་པའོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཅིག་ལས། ཁྱིམ་བདག་གི་ལེའུ་སྟེ་དང་པོ་དང་། གནོད་སྦྱིན་གྱི་ལེའུ་སྟེ་གཉིས་པ་དང་། བྱང་ཆུབ་སེམས་དཔའ་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པ་དང་། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་བ་སྟེ་བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ལེའུ་སྟེ་ལྔ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དྲུག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བདུན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བརྒྱད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་གཅིག་པ་རྣམས་ཀྱིས་བསྟན་པའོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་

(༩༩)ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་སེམས་སྡེ་སྣོད་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།འཕགས་པ་དཀོན་མཆོག་བརྩེགས་པ་ལེའུ་བཅུ་གསུམ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་སྔ་རབས་པས་བྱས་པ་འདི་གསུངས་པའི་གནས་དང་འཁོར་དང་། ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་རྣམས་ནི། བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱ་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་ཞེས་པ་ནས། བཅོམ་ལྡན་འདས་སླར་གཙུག་ལག་ཁང་དུ་གཤེགས་ནས་ཕྱག་བཅབས། ཞབས་བསིལ་ཏེ་གདན་ལ་བཞུགས་པ་དང་། དགའ་བོས་ལྷུང་བཟེད་ཐོགས་པ་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། །ཞེས་པའི་བར་གྱིས་རིམས་བཞིན་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཟས་ཀྱི་བྱ་བ་མཛད་ནས། དགའ་བོ་ལ་བཀའ་སྩལ་པ། ཁྱོད་ངའི་ལྷུང་བཟེད་ཀྱི་ལྷག་མ་ཟའམ། བདག་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་བྱིན་ནོ། །དགའ་བོས་ཟོས་ཟིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱོད་རབ་ཏུ་འབྱུང་ངམ་། དེས་ཀྱང་རབ་ཏུ་འབྱུང་ཞེས་གསོལ་ཏེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཡབ་ཡུམ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མའི་གནས་གཞན་རྣམས་ཀྱི་རྗེས་སུ་བསྟན་པ་དག་དང་། ནམ་ཡང་འགལ་བར་མ་མཛད་པའི་ཕྱིར་ད་ལྟར་གང་ཡང་བཀའ་ལས་འགལ་བར་མི་བྱེད་པ་བརྙེས་པར་འགྱུར་བ་ཡིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་མངལ་དུ་

(༡༠༠)གནས་པའི་སྡུག་བསྔལ་དང་། མངལ་ནས་འབྱུང་བའི་སྡུག་བསྔལ་རྣམས་རྟོགས་པ་ལ་བརྟེན་ནས་ཏེ། མངལ་ལ་ཆགས་པ་དང་མངལ་དུ་སྐྱེ་བ་ལ་ཆགས་པ་དང་བྲལ་ནས། སྲིད་པར་སྐྱེ་བ་ལས་གྲོལ་བའི་དགྲ་བཅོམ་པ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། མངལ་དུ་འཆགས་པ་དང་གནས་པ་དང་སྐྱེ་བ་དང་ན་བ་དང་རྒས་པ་དང་འཆི་བའི་སྡུག་བསྔལ་སོགས་དང་། དགའ་བོ་སྔོན་གྱི་ལས་ལུང་བསྟན་པ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །མདོ་འདི་ཉིད་བཀའ་དང་པོར་རྟོགས་པར་སྣང་ནའང་། ཟླ་སྟོབས་ཀྱིས་བཀའ་ཐ་མའི་གྲལ་ལ་བཞུགས་པ་ལགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། སྐྱེ་འཆིའི་སྡུག་བསྔལ་ཀུན་སྤངས་ནས། བྱང་ཆུབ་ཆེན་པོ་མྱུར་ཐོབ་ཤིག། ༈ །།དཀོན་མཆོག་བརྩེགས་པ་ལེའུ་བཅུ་བཞི་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཚེ་དང་ལྡན་པ་དགའ་བོ་མངལ་དུ་འཇུག་པ་བསྟན་པ་ཞེས་བྱ་བ་ལོ་ཙྪ་བས་ཐེག་པ་ཆེན་པོར་བྱད་པའི་མདོ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་དང་ཞུ་བ་པོ་དང་འཁོར་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་ཕྱི་དྲོའི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཐལ་མོ་སྦྱར་ནས་གུས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཕྱོགས་ཅིག་ཏུ་ཁོད་དོ་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་

(༡༠༡)ལྡན་པ་དགའ་བོ་དང་། དགེ་སློང་རྣམས་ལ་བཀའ་རྩལ་པ། ང་ལ་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། གཅིག་ཏུ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ། ཚངས་པར་སྤྱོད་པའི་ཆོས་འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེ་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱེད་རྣམས་ལ་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་མངལ་དུ་འཇུག་པའི་སྡུག་བསྔལ་དང་། མངལ་དུ་གནས་པའི་སྡུག་བསྔལ་དང་། སྐྱེ་བའི་སྡུག་བསྔལ་དང་། རྒས་པའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། མི་སྡུག་པ་ཕྲད་པའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་སྡུག་བསྔལ་བ་དང་མི་རྟག་པ་སོགས་གཏན་ལ་ཕབ་སྟེ་བསྒོམས་པས་མངལ་དུ་སྐྱེ་བ་སོགས་འཁོར་བ་ལ་ཆགས་པ་དང་བྲལ་ཏེ་མྱ་ངན་ལས་འདས་པ་གསུམ་གང་ཡང་རུང་བ་འཐོབ་པའོ། །བསྡུས་པའི་དོན་ནི། དགའ་བོ་ལ་མངལ་དུ་འཇུག་པ་ནས་བརྩམས་ཏེ། འཆི་བའི་བར་གྱིས་སྡུག་བསྔལ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ། ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྐྱེ་སོགས་སྡུག་བསྔལ་ཀུན་རྟོགས་ནས། བྱང་ཆུབ་མཆོག་ནི་ཐོབ་པར་ཤོག། ༈ །།དཀོན་མཆོག་བརྩེགས་པ་ལེའུ་བཅོ་ལྔ་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་

(༡༠༢)འཚལ་ལོ། །འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། ངན་སོང་སེལ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་ལ་འདི་ལྟ་སྟེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པ་ནས། ཡང་དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཉེ་བར་གནས་ཤིང་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་དང་། འཁོར་བཞི་པོ་རྣམས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོར་བྱས་ནས་མཆོད་ཅིང་གསོལ་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོ་འཕྲུལ་ཆེན་པོ་མཛད་དེ་རྒྱལ་པོའི་ཁབ་ཏུ་གཤེགས་པའི་ལམ་ཁར་བྱང་ཆུབ་སེམས་དཔའ་སྡིག་བཅོམ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའམ། བཅོམ་ལྡན་འདས་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གྱི་གསོལ་སྨན་དང་། ཡོ་བྱད་བཟང་པོ་མང་པོ་བརྙེས་སོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་བཅོམ་འདི་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་གཉིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རིམས་ནད་མེད་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་བཞིན་

(༡༠༣)གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་ཞིང་དུལ་བའི་དབང་ཕྱུག་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་སྟེ། ཀུན་དགའ་བོ་དཔེར་ན་ད་ལྟར་དེ་བཞིན་གཤེགས་པ་མི་འཁྲུག་པའི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ན། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་དེ་འདྲ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་ཞིང་དུལ་བའི་དབང་ཕྱུག་དེའི་སངས་རྒྱས་ཀྱི་ཞིང་ན་ཡང་དེ་ལས་མི་ལྷག་མི་ཐུ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་རྩལ་ནས་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་དུ་བསོད་སྙོམས་ལ་གཤེགས་ཏེ་ཆོས་སྟོན་པ་ནི། བཅོམ་ལྡན་འདས་ཕྱོགས་དེ་ནས་གཤེགས་ཏེ། མཐར་གྱིས་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་གཤེགས་ནས་བྱོན་པ། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །དགེ་སློང་གི་དགེ་འདུན་རྣམས་ཀྱང་སྟན་ཅི་རིགས་པ་དག་ལ་འཁོད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས་བདག་ཉིད་ལག་བདར་ཏེ། བཟའ་བ་དང་། བཅའ་བ་དང་། མྱང་བ་བཟང་པོས་དེ་བཞིན་གཤེགས་པ་དང་། དགེ་སློང་གི་དགེ་འདུན་ལ་བསྟབས་ཏེ་ཚིམ་པར་བྱས་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ནས། ཕྱི་དྲོའི་དུས་ཀྱི་ཚེ་ཡང་ཆོས་ཀྱི་སྦྱིན་པ་ལ་འདུ་བར་འགྱུར་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཟས་ཕྱིས་ལེན་པ་སྤངས་ཏེ། ལྷུང་བཟེད་དང་། ཆོས་གོས་བཞག་ནས་ཞབས་བཀྲུས་ཏེ། ནང་དུ་ཡང་

(༡༠༤)དག་འཇོག་པའི་ཕྱིར། གནས་ཁང་དུ་གཤེགས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །གླེང་གཞི་གཉིས་པ། འཁོར་བསྡུས་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱི་དྲོའི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་འདི་ལྟ་སྟེ། ཆོས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ་ཞེས་པ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་ཇི་སྙེད་པ་དེ་དག་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་འདུས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་མི་མཛེད་འདི། རང་རང་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་ཅི་འདྲ་བ་དེ་འདྲ་བར་ལྷག་ཆད་མེད་ཅིང་ཁྱད་མ་ཞུགས་པར་མཐོང་བ་དང་། སངས་རྒྱས་ཀྱི་ཞིང་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་དང་། ཆུ་ཞེང་ཅི་འདྲ་བར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུའི་ཡོངས་སུ་གྲུབ་པ་དེ་འདྲ་བར་བྱང་ཆུབ་སེམས་དཔའ་དེ་དག་གིས་སོ་སོ་ནས་མཐོང་བ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དང་། ཉན་ཐོས་ཆེན་པོ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དང་། ལོངས་སྤྱོད་དང་ཀུན་སྤྱོད་པ་ཅི་འདྲ་བར་འདིར་ཡང་བྱང་ཆུབ་སེམས་དཔའ་དག་གིས་སོ་སོ་ནས་ཤེས་པ་དང་། བདག་ཉིད་ཀྱང་རང་རང་གི་སངས་རྒྱས་ཀྱི་ཞིང་ན་འདུག་པ་སྙམ་དུ་སེམས་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་དང་། ཞུ་བ་པོ་ལ་གདན་བཤོམ་པར་བསྐུལ་བ་དང་། ཞུ་བ་པོས་གདན་བཤམས་པ་ལ་བཅོམ་ལྡན་འདས་བཞུགས་པ་རྣམས་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བྱང་ཆུབ་སེམས་དཔའི་འཁོར་རྒྱ་ཆེན་པོ་དེ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་

(༡༠༥)ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ཁྲི་སྔ་མ་ལས་བཞེངས་ཏེ་སེང་གེའི་ཁྲི་དེ་ལ་བཞུགས་སོ། །བཅོམ་ལྡན་འདས་སེང་གེའི་ཁྲི་དེ་ལ་བཞུགས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་བསྟན་པ་དངོས་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་བསམ་པ་ཡང་དག་པར་ཞུགས་པ་དང་། སེམས་ཅན་ལ་སྙིང་རྗེ་བ་དང་། བརྩོན་འགྲུས་བརྩོམ་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་སྟེ། ཤཱ་རིའི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་དང་ཁྱད་པར་དུ་འཕགས་པ་འཇམ་དཔལ་གྱི་སྨོན་ལམ་ཇི་ལྟར་བཏབ་པའི་ཚུལ་རྟོགས་ནས་རྗེས་སུ་བསླབས་ཏེ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ལྟ་བུར་མངོན་པར་རྫོགས་པར་སངས་རྒྱས་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་སློབ་ཚུལ་མཐའ་དག་དང་འཇམ་དཔལ་གྱི་སྨོན་ལམ་ཇི་ལྟར་བཏབ་པ་བསྟན་པས་ནི། རྒྱུའི་ཐེག་ཆེན་བསྟན་ལ། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ལ་སོགས་པ། སངས་རྒྱས་རྣམས་ཀྱི་ཆེ་བའི་ཡོན་ཏན་བསྟན་པས། འབྲས་བུའི་ཐེག་ཆེན་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་

(༡༠༦) ཐུག་གཅིག་གོ །རྒལ་ལན་ནི། ཉན་ཐོས་སྡེ་པ་འགའ་ཞིག་དང་། དེ་དང་ཆ་འཐུན་པའི་བོད་འགའ་ཞིག །འགོག་པའི་སྙོམས་འཇུག་ལ་མཉམ་པར་བཞག་པའི་ཚེ་ན། སེམས་དང་བདེ་བའི་ཚོར་བ་མེད་ཅེས་འདོད་པའི་དོན་མི་རིགས་ཏེ། མདོ་འདིའི་གླེང་བཞི་ལས། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་རབ་ཏུ་བདེ་བ་དང་ལྡན་ནོ། །འདི་ལྟ་སྟེ་དཔེར་ན། འགོག་པ་ལ་སྙོམས་པར་ཞུགས་པའི་དགེ་སློང་བདེ་བ་བཞིན་ཏེ། སེམས་ཅན་རྣམས་ཀྱང་བདེ་བ་དེ་ལྟ་བུ་དང་ལྡན་ནོ་ཞེས་གསུངས་པའི་ཕྱིར་དང་། ཐེག་ཆེན་གྱི་མདོ་བསྟན་བཅོས་དུ་མ་ལས་འགོག་པ་ལ་མཉམ་པར་བཞག་པའི་འཕགས་པ་སློབ་པ་འགོག་པ་ལ་མཉམ་པར་བཞག་པའི་རྒྱུད་ལ་ཀུན་གཞི་རྣམ་ཤེས་ཡོད་པར་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། འཕགས་པ་འཇམ་དཔལ་ཇི་བཞིན་དུ། རླབས་ཆེན་སྤྱོད་པ་མཐར་ཕྱིན་ནས། ཀུན་ཏུ་གཟིགས་ལྟར་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་དྲུག་པ་སྟེ་དེ་ཁོ་ན་ངེས་པར་བསྟན་པ་ཡབ་སྲས་མཇལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གྲོལ་བ་གྲོལ་བའི་འཁོར་དང་ལྡན་པ། དུལ་བ་དུལ་བའི་འཁོར་དང་ལྡན་པ་ཞེས་པ་ནས་འོད་བསྲུངས་ཆེན་པོ་དང་། ཤཱ་རིའི་བུ་དང་། མཽ་གལ་གྱི་བུ་ལ་སོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་དུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ་བྱེད་པ་བྱས་པ། ཁུར་བོར་བ་

(༡༠༧)བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་དང་ཐབས་གཅིག་སྟེ་ཞེས་པས་བསྟན་ཏོ། །སྟོན་པ་ནི་དེའི་ཚེ་ནམ་གྱི་ཐོ་རངས་ཀྱི་རྗེས་ལ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ། བླ་གབ་མེད་པ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །རྒྱལ་པོ་དད་པར་བྱེད་པ་ཇི་ལྟར་བྱུང་བའི་ཚུལ་ནི། དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་བར་ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ཅང་མི་སྨྲ་བ་ལ་གཟུགས་སོ། །ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ལ་གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་གང་གིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་འགྱུར་བ་དེ་ལྟ་བུ་འགའ་ཞིག་ཚོལ་ཅིག་ཞེས་པ་ནས། དེ་ལྟ་བས་ན་འཆར་ཀ་ཁྱོད་ཀྱིས་འདིར། རྒྱལ་པོ་ཟས་གཙང་དད་པ་མངོན་བསྐྱེད་ཅིག །ས་སྐྱོང་བྱེད་པ་འདི་ནི་དད་གྱུར་ན། སྐྱིད་པ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར། དེ་ནས་ཚེ་དང་ལྡན་པ་འཆར་ཀས་བཅོམ་ལྡན་འདས་ལ་མི་སྨྲ་བར་ཁས་བླངས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱལ་པོ་དད་པར་བྱེད་པ་པོས་རྒྱལ་པོ་ཇི་ལྟར་དད་པར་བྱེད་པའི་ཚུལ་ནི་ལ་སོགས་པ་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཞག་དེ་འདས་ནས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་བགོས། ལྷུང་བཟེད་ཐོགས་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་སོང་ངོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བསྐལ་པ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་སྤྱད་པ་བས། ཤཱ་རིའི་བུ་གང་གིས་

(༡༠༨)བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཐ་ན་ཐོས་པར་གྱུར་ཀྱང་དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་གང་གིས་བསྐལ་པ་བཅུའི་བར་དུ་མཉན་པས་གང་གིས་སེམས་ཅན་གཅིག་ལ་འདི་བསྟན་ན་དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །གང་གིས་བསྐལ་པ་བཅུའི་བར་དུ་མཉན་ཏེ་གཞན་ལ་བསྙད་པ་བས་གང་གིས་སེ་གོལ་གཏོགས་པ་ཙམ་དུ་འདི་བསྒོམས་ན་དེ་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་བས་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་རྣམས་ནན་ཏན་ཐམས་ཅད་ཀྱིས་གདམས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་བསྒོམས་པས་ནི་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའི་ཚོགས་འདི་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ལ་རབ་ཏུ་གནས་པ་ཤ་སྟག་གོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི་ལེའུ་ཉི་ཤུ་རྩ་དྲུག་ལས། རྒྱལ་པོ་དད་པར་བྱས་པའི་ལེའུ་དང་པོ་དང་། རྒྱལ་པོ་གཤེགས་པའི་ལེའུ་སྟེ་གཉིས་པ་དང་། རྒྱལ་པོ་མདུན་པར་བྱས་པའི་ལེའུ་སྟེ་གསུམ་པ་དང་། ལྷ་མ་ཡིན་ལུང་བསྟན་པའི་ལེའུ་སྟེ་བཞི་པ་དང་། སྔོན་བྱུང་པ་འོད་བསྲུངས་ཆེན་པོས་ཞུས་པའི་ལེའུ་སྟེ་ལྔ་པ་དང་། ནམ་མཁའ་ལྡིང་ལུང་བསྟན་པའི་ལེའུ་སྟེང་དྲུག་པ་དང་། ཀླུའི་བུ་མོ་ལུང་བསྟན་པའི་ལེའུ་སྟེ་བདུན་པ་དང་། ཀླུ་ལུང་བསྟན་པའི་ལེའུ་སྟེ་བརྒྱད་པ་དང་། གྲུལ་བུམ་ལུང་བསྟན་པའི་ལེའུ་སྟེ་དགུ་པ་དང་། དྲི་ཟ་ལུང་བསྟན་པའི་ལེའུ་སྟེ་བཅུ་པ་དང་། གནོད་སྦྱིན་ལུང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ་དང་། མིའམ་རྩི་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ་དང་། ཕྲེང་ལྡན་གླང་པོ་ཅན་ལུང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ་དང་། རྒྱལ་ཆེན་བཞིའི་རིགས་ལུང་བསྟན་

(༡༠༩)ལེའུ་སྟེ་བཅུ་བཞི་པ་དང་། སུམ་བཅུ་རྩ་གསུམ་པ་ལུང་བསྟན་པའི་ལེའུ་སྟེ་བཅོ་ལྔ་པ་དང་། འཐབ་བྲལ་བ་ལུང་བསྟན་པའི་ལེའུ་སྟེ་བཅུ་དྲུག་པ་དང་། དགའ་ལྡན་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་བདུན་པ་དང་། འཕྲུལ་དགའ་བ་ལུང་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པ། གཞན་འཕྲུལ་དབང་བྱེད་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་དགུ་པ་དང་། ཚངས་པ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་པ་དང་། འོད་གསལ་བ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་དང་། དགེ་རྒྱས་རིས་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་དང་། འབྲས་བུ་ཆེ་བ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་དང་། གནས་གཙང་མའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་དང་། མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་དང་། ཤཱཀྱ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་ཐེག་པ་ནི་གཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། མདོ་འདི་ཉིད་ལས། འཇིག་རྟེན་མཁས་པའི་བདེན་པ་གཉིས་ཡིན་ཏེ། ཁྱོད་ཀྱིས་གཞན་ལ་མ་གསན་རང་གིས་གཟིགས། དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། བདེན་པ་གསུམ་པ་གང་ཡང་མ་མཆིས་སོ་ཞེས་གསུངས་པའི་ཕྱིར། བཞི་གྲུབ་ཐམས་ཅད་བདེན་པ་གཉིས་སུ་ངེས་ལ། དེ་ཡང་སྣང་པའི་ཆ་ཀུན་རྫོབ་ཀྱི་བདེན་པ་དང་། སྟོང་པའི་ཆ་དོན་དམ་གྱི་བདེན་པ་ཡིན་ནོ་ཞེས་ཟེར་བ་ཤིན་དུ་མང་ན་ཡང་། དེ་དག་གིས་མདོའི་previous hit དགོངས next hit་མ་ལོན་པ་ཡིན་ཏེ། མདོའི་previous hit དགོངས next hit་ནི། ཁྱད་གཞི་རྟེན་འབྲེལ་གྱི་སྟེང་དུ་ཁྱད་པར་གྱི་ཆོས་ལ་སྤྱོད་པ་ན། བློ་གཏི་མུག་པས་བདེན་པའི་་ངོ་བོ་ཉིད་ཀྱིས་གྲུབ་པར་སྒྲོ་བརྟགས་པའི་ཆ་ཀུན་རྫོབ་ཀྱི་བདེན་པ་དང་། སྒྲོ་བརྟགས་དེས་དབེན་པའི་ཆ་བློ་མ་འཁྲུལ་བས་རྙེད་པའི་རྙེད་དོན་དོན་དམ་པའི་བདེན་པར་བསྟན་པ་ཡིན་གྱི། སྣང་ཚད་ཀུན་རྫོབ་ཀྱི་བདེན་པར་སྟོན་པ་མ་ཡིན་ཏེ། མདོ་འདི་ཉིད་ལས། ཀུན་

(༡༡༠)རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ་ཞེས་གསུངས་པའི་ཕྱིར་འཇིག་རྟེན་གྱིས་བརྟགས་པ་ཁོ་ན་ཡིན་ལ། དོན་དམ་པའི་བདེན་པ་ནི་དེས་དབེན་པ་ཡིན་པར་བསྟན་པའི་ཕྱིར་རོ། །གཞན་ཡང་སྣང་ཚད་ཀུན་རྫོབ་ཀྱི་བདེན་པ་ཡིན་པའམ་དངོས་པོ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་འགྱུར་ལ། དེ་འདོད་ན་ཚུར་མཐོང་གི་བློ་གཏི་མུག་ཅན་གྱི་ཐུན་མོང་མ་ཡིན་པའི་གཟུང་དོན་དུ་འགྱུར་རོ། །དེ་ཡང་འདོད་ན་མི་རིགས་ཏེ། ཚུར་མཐོང་གི་བློའི་དངོས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་། དོན་དམ་བདེན་པ་གཏན་ལ་འབེབས་པའི་དགག་བྱ་ཡིན་པར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་ནི་བྱིས་པས་སྒྲོ་བརྟགས་པའི་ཆ་ཡིན་པ་དང་། དེས་དབེན་པའི་ཆ་དོན་དམ་བདེན་པ་ཡིན་པར་མདོ་ཉིད་ལས་གསུངས་ཤིང་། ཆོས་ཅན་གྱིས་དབེན་པ་དོན་དམ་བདེན་པ་མ་ཡིན་པའི་ཕྱིར་རོ། །མདོ་འདི་ཉིད་ལས། འཐབ་བྲལ་གྱི་ལྷ་དེ་དག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་བསྟོད་པ། རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། དབང་པོའི་གྲོང་ནི་མཚན་མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། འཇིག་རྟེན་ཁམས་པའི་བདེན་པ་གཉིས་ཡིན་ཏེ། ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། བདེ་བའི་དོན་དུ་དད་པ་བསྐྱེད་འགྱུར་བ། རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། སེམས་ཅན་དམྱལ་དང་དུད་འགྲོ་ཡི་དགས་དང་། ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། མི་ཡིས་སེང་གེས་ཀུན་རྫོབ་

(༡༡༡)བརྟགས་པ་མཛད། རིགས་དམའ་དེ་བཞིན་འཐོ་བའི་རིགས་རྣམས་དང་། ཕྱུག་པོའི་ཁྱིམ་དང་དབུལ་པོའི་ཁྱིམ་དག་དང་། བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། བུད་མེད་ཚོགས་དང་སྐྱེས་པ་མ་ནིང་དང་། འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང་། མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། ཀུན་རྫོབ་བདེན་པར་མཁས་པས་ཐུགས་ཆུད་ནས། འཇིག་རྟེན་ཕན་པས་མི་ལ་དེ་བསྟན་ཏོ། །དེ་ལ་དགའ་བའི་འགྲོ་བ་འཁོར་བ་ན། འགྲོ་བའི་ཆོས་བརྒྱད་དེ་ལ་མི་འབྱུང་སྟེ། ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང་། བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་བསྐྱེད། མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་པར་འགྱུར། གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། ནད་རྣམས་བརྒྱད་ཀྱིས་དེ་རྒྱུད་གནོད་པར་འགྱུར། ཀུན་རྫོབ་དེ་ལ་དོན་དམ་སུ་སྨྲ་བ། དེ་ལ་ནོར་བའི་བློ་ལྡན་ཤེས་པར་བྱ། མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང་། བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང་། མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང་། དེ་ལ་དགའ་སྟེ་མཚན་མར་གང་གནས་པ། དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ན། འཇིགས་ཤིང་ཇི་བཞིན་མི་རྟོགས་སྤོང་པར་འགྱུར། དེ་དག་བདེ་གཤེགས་གསུང་ནི་སྤངས་འགྱུར་བས། སེམས་ཅན་དམྱལ་བར་སྡུག་བསྔལ་མི་ཟད་མྱོང་། དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཅིང་། སྡུག་བསྔལ་བརྒྱད་དག་བྱིས་པས་མྱོང་བར་འགྱུར། འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། མ་ལོག་བློས་ནི་རྣམ་པར་རྟོགས་གྱུར་ནས། སྦྲུལ་གྱི་ལྤགས་པ་སྙིང་ལྟར་རབ་སྤངས་ཏེ། སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། ཆོས་འདི་ཐམས་ཅད་རང་བཞིན་དབེན་པས་ཏེ། སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། གང་གིས་ཐོས་ནས་

(༡༡༢)དགའ་བ་བསྐྱེད་འགྱུར་བ། དེ་དག་བླ་མེད་བྱང་ཆུབ་ཐོཔ་པར་འགྱུར། ཇི་ལྟར་བདེ་བར་གཤེགས་པས་གསུངས་པའི་ཆོས། དེ་ལ་ལྷ་རྣམས་ཐེ་ཚོམ་མ་མཆིས་ཏེ། འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར། དེ་དག་བླ་ན་མེད་པའི་བྱང་ཆུབ་ཚོལ། བྱང་ཆུབ་བློ་ཅན་རྣམ་དག་བློ་ཅན་རྣམས། སྐྱེས་བུ་མཆོག་གིས་དགའ་བ་བསྐྱེད་དུ་གསོལ། དེ་ཐོས་འགྲོ་བ་ཀུན་ལ་སྨན་སླད་དུ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེས་གསུངས་པའི་དོན་ལེགས་པར་སོམས་ལ་དྲང་པོར་སྨྲོས་ཤིག་ཅེས་པ་ནི་དོན་ལ་མི་སྤྱོད་ཅིང་རྒན་རབས་ཀྱི་རྗེས་ཟློས་ཙམ་གྱིས་ཚིམ་པ་རྣམས་ལ་གསོལ་བ་བཏབ་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཁམས་དྲུག་སྟོང་པར་རྟོགས་པ་ཡིས། ང་རྒྱལ་ལ་སོགས་སྐྱོན་ཡངས་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བདུན་པ་སྟེ་འཕགས་པ་གང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་གསོལ་པ་དང་། སྟོན་པས་སྐབས་དབྱེ་བ་ནི། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་སྟན་ལ་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་

(༡༡༣)ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཞུ་བ་ཅུང་ཟད་གཅིག་མཆིས་ན་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་previous hit དགོངས་ཏེ་རྗེས་སུ་སྣང་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ next hit། བྱམས་མའི་བུ་གང་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཡང་དག་པར་བསྟན་ནས་ཁྱོད་ཀྱི་སེམས་རངས་པར་བྱའོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་ཡོན་ཏན་མཆོག་མངོན་པར་བསྒྲུབས་པ། གྲགས་པ་ཤིན་དུ་མཐོ་ཞིང་རྒྱང་རིང་པ། རྟག་པར་སེམས་ཅན་གྱི་བདེ་བ་ཡོངས་སུ་གཉེར་བར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་ཞུ་བ་མཆིས་ལགས་སོ་ཞེས་པ་ནས། ཇི་ལྟར་སྔོན་གྱི་ལམ་སྤྱད་ནས། མཁྱེན་པ་མཆོག་ནི་བརྙེས་པ་དང་། ཇི་ལྟར་སྤྱད་ནས་སངས་རྒྱས་པ། བདག་ལ་དེང་ནི་བཀས་བཤད་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གསུང་པར་ཞལ་བཞེས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་རྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དངོས་པོ་དེ་ལྟ་བུ་དག་ཞུས་པ་དེ་ལེགས་སོ་ལེགས་སོ། །ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ན་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་མངོན་པར་བསྒྲུབ་པ་ཡང་དག་པར་བསྟན་པར་བྱའོ་ཞེས་པས་བསྟན་ཏོ། །ལན་དངོས་ཀྱི་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་དེང་བྱང་ཆུབ་སེམས་དཔའ་རྣམས། དང་པོ་བྱང་ཆུབ་སེམས་བསྐྱེད་ནས། རབ་ཏུ་བརྩོན་པའི་སྟོབས་དག་གིས། བྱང་ཆུབ་ལམ་སྤྱད་བཤད་པར་བྱ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་

(༡༡༤)ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ངས་མདོ་སྡེ་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་ན་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཆོས་ཀུན་གནས་པར་འགྱུར་བས་སོ། །ཀུན་དགའ་བོ་འདི་ལྟ་བུའི་མདོ་སྡེ་ཟབ་མོ་འདི་ནུབ་པར་འགྱུར་བའི་ཕྱིར་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་སྒྲུབ་པར་བྱ་བའི་ཆོས་ཀུན་ནུབ་པར་འགྱུར་རོ། །ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པར་བྱ་བའི་ཆོས་ནུས་པར་གྱུར་པའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་འགྱུར་རོ། །ཀུན་དགའ་བོ་དེང་ཁྱོད་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་བྱའོ། །ཇི་ལྟར་ན་ཉན་ཐོས་རྣམས་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་འགྱུར་ཞེ་ན། ཁྱོད་ཀྱིས་འདི་སྙམ་དུ་མེ་ཏོག་དང་། སྤོས་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། རོལ་མོའི་སིལ་སྙན་མཆོག་དམ་པ་དང་། དེ་བཞིན་གཤེགས་པ་ལ་བསྔགས་པ་བརྗོད་པ་ནི་མཆོད་པ་མཆོག་དམ་པ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཀུན་དགའ་བོ་དེ་ལྟ་བུ་དེ་དག་ནི་མཆོད་པ་མཆོག་དམ་པ་ཞེས་མི་བྱའི་གང་གིས་མདོ་སྡེ་ཟབ་མོ་འདི་ལྟ་བུ་ཐོས་ནས་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཇི་སྐད་དུ་བསྟན་པ་བཞིན་དུ་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི་མཆོད་པའི་ཡོ་བྱད་མཆོག་དམ་པས་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང་། བཀུར་བསྟི་བྱས་པ་དང་། བླ་མར་བྱས་པ་དང་། བསྔགས་པ་བརྗོད་པར་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་ལ་མཆོད་ཅིང་རིམ་གྲོ་དང་བསྙེན་བཀུར་མཛད་

(༡༡༥)ཀྱི། འཇིག་རྟེན་པའི་མཆོད་པའི་ཡོ་བྱད་རྣམས་ལ་ནི་བཙུན་པར་མི་མཛད་པས་སོ། །དེ་ལྟ་བས་ན་ཀུན་དགའ་བོ་མདོ་སྡེ་འདི་ནན་ཏན་བརྩོན་འགྲུས་ཀྱིས་ཁྱོད་ལ་ཡོངས་སུ་གཏད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ངས་ཀྱང་མདོ་འདི་ཡང་དག་པར་བསླབས་པས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བ་ཡིན་ནོ། །འདས་པའི་སངས་རྒྱས་རྣམས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མདོ་སྡེ་འདི་ཡང་དག་པར་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་ཡོངས་སུ་བསྐོར་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེང་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་མཛད་པ་ཡིན་པ། དེའི་ཕྱིར་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ནི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བའི་འཁོར་ལོའི་མདོ་སྡེ་ཞེས་བྱ་བར་ཡོངས་སུ་བཟུང་པར་བྱའོ། །ངས་ཡུལ་བཱ་རཱ་་སིའི་རི་དགས་རྒྱུ་བའི་ཚལ་དུ་ཡང་ཉན་ཐོས་རྣམས་ལ་འདིས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ། །ཀུན་དགའ་བོ་ངས་དེང་འོད་མའི་ཚལ་འདིར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ཕྱིར་མི་ལྡོག་པའི་འཁོར་ལོ་འདི་ཡོངས་སུ་བསྐོར་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཡོངས་སུ་བཅད་དོ། །ཀུན་དགའ་བོ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་

(༡༡༦)སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་གསུངས་སོ། །མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་གསུང་པར་འགྱུར་རོ། །ངས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་བཤད་པས་དེའི་ཕྱིར་ས་གཞི་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་རྟེན་ཆེན་པོ་ལྷ་དང་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པ་བྱ་བའི་ཕྱིར་གནས་སུ་གྱུར་པར་རིག་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པས་བསྟན་ཏོ། །བསྡུས་པའི་དོན་ནི་ལེའུ་བརྒྱད་ལས། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་དང་པོ་དང་། མང་དུ་ཐོས་པའི་ལེའུ་སྟེ་གཉིས་པ་དང་། ཕྱིར་མི་ལྡོག་པའི་ལེའུ་སྟེ་གསུམ་པ་དང་། དགེ་བའི་རྩ་བ་དང་ལྡན་པའི་ལེའུ་སྟེ་བཞི་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱི་ལེའུ་སྟེ་ལྔ་པ་དང་། ཐུགས་རྗེ་ཆེན་པོའི་ལེའུ་སྟེ་དྲུག་པ་དང་། རྒལ་བའི་ལན་གདབ་པའི་ལེའུ་སྟེ་བདུན་པ་དང་། ཚེ་དང་ལྡན་པ་གང་པོའི་ལེའུ་སྟེ་བརྒྱད་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་ཐེག་པ་ནི་གཅིག་གོ །རྒལ་ལན་ནི། རྒལ་བའི་ལན་གྱི་ལེའུ་ལས་གསུངས་པ་ལྟར་རོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། གང་པོ་ཇི་ལྟར་ཞུས་པའི་དོན། རྒྱལ་བས་རྒྱ་ཆེར་གསུངས་པ་རྣམས། རྟོགས་ནས་བྱང་ཆུབ་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅོ་བརྒྱད་པ་སྟེ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་

(༡༡༧)དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཐམས་ཅད་ཀྱང་སྤོབས་པ་ཐོགས་པ་མེད་པ་བཟོད་པ་ཐོབ་པ་བདུད་ཕྱིར་རྒོལ་བ་བཅོམ་པ་ཞེས་པ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། ལྷའི་བུ་མཚན་བཟངས་དང་། ལྷའི་བུ་བློ་གྲོས་ལེགས་གནས་དང་། ལྷའི་དབང་པོ་ཐམས་ཅད་དང་། མིའམ་ཅིའི་དབང་པོ་དང་། དྲི་ཟའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་འཁོར་བརྒྱ་སྟོང་དུ་མ་ཡོད་པ་ཐམས་ཅད་དང་འཁོར་དེ་ཉིད་དུ་འདུས་ཏེ་འཁོད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ་ཞེས་པ་ནས་ཚངས་པར་སྤྱད་པ་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་པ། ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་དགའ་བའི་རྒྱལ་པོ་དང་། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གཉིས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པའི་སྒོ་ནས་ཞུ་བ་པོ་ཇི་ལྟར་བྱུང་ཚུལ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་པ་ཉི་མ་སྟོང་པས་ལྷག་པའི་འོད་ཀྱི་དཀྱིལ་འཁོར་ཐམས་ཅད་ཟིལ་དུ་བརླག་པར་མཛད་ནས་ཤིན་དུ་ལྷང་ངེར་བཞུགས་པ་མཐོང་སྟེ་ཞེས་པ་ནས། ཆོས་ཀུན་དབང་གིས་ཕ་རོལ་གཤེགས་པའི་རྒྱལ། ཐུབ་པ་ཆེན་པོ་འཇིག་རྟེན་མཆོག་བསྟོད་པས། བདག་གིས་འདིར་ནི་བསོད་ནམས་གང་ལགས་དེས། འགྲོ་བ་བྱང་ཆུབ་མངོན་པར་འཚང་རྒྱ་ཤོག་ཅེས་པའི་

(༡༡༨""བར་གྱིས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་གསོལ་ཞིང་། སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་ཡུལ་འཁོར་སྐྱོང་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེ་ཉིད་ཀྱིས་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་རྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་གྱིས་བསྡུས་དོན་བསྟན་པ་ནི། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་ཆོས་ཐམས་ཅད་ཀྱི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར། གཞན་དག་ལ་རག་མ་ལས་པའི་ཤེས་པ་འཐོབ་པ་དང་མྱུར་བའི་ཤེས་རབ་འཐོབ་པ་དང་། སྤོབས་པ་རྣམ་པར་ངེས་པ་འཐོབ་པ་དང་། སྣང་པ་འཐོབ་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། ཡིད་གཉིས་སྤོང་བ་དང་། སོམ་ཉི་སྤོང་བ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་རྣམ་པར་ངེས་པ་འཐོབ་པ་དང་། སེམས་ཅན་འཇུག་པ་ལ་མཁས་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པ་དང་། ལྡེམ་པོའི་ངག་ཡང་དག་པ་དང་། སེམས་ཅན་གྱི་ཁམས་ལ་མཁས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་འཐོབ་པ་དང་། ཞུ་བ་ཐམས་ཅད་ཞུ་བ་དང་། ཆོས་ཐམས་ཅད་འཛིན་པ་དང་། མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་ཞེས་པ་ནས། ཐུབ་པ་བདག་ནི་བྱང་ཆུབ་རེ་བ་མཆིས། བདག་གིས་བསམ་པ་རྒྱལ་བས་རབ་ཏུ་མཁྱེན། རྒྱལ་བ་ཅོ་འདྲི་མ་ལགས་དོན་དུ་གཉེར། སྤྱོད་པ་དམ་པ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་།

(༡༡༩)ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱི་བཞེས་ཤིང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །ཡུལ་འཁོར་སྐྱོང་ཁྱོད་ལེགས་སོ་ལེགས་སོ་ཡུལ་འཁོར་སྐྱོང་ཁྱོད་སྐྱེ་བོ་མང་པོ་ལ་ཕབ་པའི་ཕྱིར་ཞུགས་པ་དང་། ཡུལ་འཁོར་སྐྱོང་ཁྱོད་སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་། ད་ལྟར་དང་མ་འོངས་པའི་རྣམས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ། །ཡུལ་འཁོར་སྐྱོང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པའི་ཚིག་དོན་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཡོངས་སུ་དག་པ་དེ་དག་འཐོབ་པོ། །བཞི་གང་ཞེ་ན། འདི་ལྟ་སྟེ་བསམ་པ་ལྷག་པའི་བསམ་པ་ནན་ཏན་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། སྟོང་པ་ཉིད་བསྒོམ་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་སྟེ། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཡོངས་སུ་དག་པ་འདི་དག་འཐོབ་པོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་གང་ཞིག་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱོད་པ་ཡང་གང་ཞིག་བདག་ལ་འདི་བསླབ་སོ། །བདག་སྡོམ་པ་འདི་ལ་གནས་པར་བྱའོ་སྙམ་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་ནན་ཏན་གྱིས་སྒྲུབ་ན། བསོད་ནམས་ཀྱི་ཕུང་པོ་དེས་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱར་ཡང་ཉེ་བར་མི་འགྲོའོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་

(༡༢༠)ནི་སྔོན་སེམས་མ་བསྐྱེད་པའི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་སུམ་བཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དགེ་སློང་བདུན་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་པས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། ཡུལ་འཁོར་སྐྱོང་གིས་ཞུས་པའི་དོན། རྒྱལ་བས་རྒྱ་ཆེར་བསྟན་པ་རྣམས། རྟོགས་ནས་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་དགུ་པ་སྟེ་འཕགས་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། འཇམ་དཔལ་དང་། ངན་སོང་སྤོང་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་ལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ། ཚིག་འབྲུ་བཟང་པོ།

(༡༢༡)མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་པ། ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གཡོག་ལྔ་བརྒྱ་དང་བཅས་པ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་ཅིག་ཏུ་འཁོད་དོ་ཞེས་པ་ནས་ཁྱིམ་བདག་དེ་དག་ཐམས་ཅད་ཕལ་ཆེར་ནི་གཡོག་དང་བཅས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་དགེ་བའི་རྩ་བ་བསྐྱེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་གསོལ་ཞིང་། སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཁྱིམ་བདག་གི་འཁོར་ཆེན་པོ་དེ་འདུས་པར་ཤེས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་ཁྱིམ་བདག་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། དེ་ལྟར་དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་རྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ཀྱི་སྒོ་ནས་བསྡུས་དོན་བསྟན་པ་ནི། བཅོམ་ལྡན་འདས་ལ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཐེག་པ་ཆེན་པོ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ་དང་། ཐེག་

(༡༢༢)པ་ཆེན་པོ་ལ་ཡང་དག་པར་སྒྲུབ་པར་འཚལ་བ་དང་། ཐེག་པ་ཆེན་པོ་ལ་འཇུག་པར་འཚལ་བ་དང་། ཐེག་པ་ཆེན་པོ་ལ་དམ་བཅའ་བ་དང་། སེམས་ཅན་ཐམས་ཅད་དབུགས་འབྱིན་པ་དང་། སེམས་ཅན་ཐམས་ཅད་སྐྱོབ་པའི་སླད་དུ་གོ་ཆ་འཚལ་བ་དང་། མ་རྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁུར་ཆེན་པོ་ལེན་པ་དང་། འཇུག་པ་རླབས་པོ་ཆེས་ལ་རབ་ཏུ་གནས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་དཔག་ཏུ་མ་མཆིས་པ་ཐོས་ནས་ཡེ་ཤེས་དེ་ཡང་དག་པར་སྒྲུབ་པའི་སླད་དུ་གོ་ཆ་འཚལ་བ་དང་། འཁོར་བའི་སྡུག་བསྔལ་གྱི་སྐྱོན་མང་པོ་དུ་མ་འཚལ་ཀྱང་ཡིད་ཡོངས་སུ་མི་སྐྱོ་ཞིང་བསྐལ་པ་གྲངས་མ་མཆིས་པར་འཁོར་ཡང་སེམས་ཞུམ་པར་མི་འགྱུར་བ་དེ་དག་དང་། བཅོམ་ལྡན་འདས་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་ཅིང་ཁྱིམ་ན་མི་གནས་པ་དག་དང་། གང་ཡང་ཁྱིམ་ན་གནས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་སྟེ། ཁྱིམ་གྱི་གནས་ནས་མངོན་པར་མི་འབྱུང་བ་དག་ཀྱང་མཆིས་ན། བཅོམ་ལྡན་འདས་ལྷ་དང་མི་དང་ལྷ་མ་ཡིན་ཏུ་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བ་དང་ཐེག་པ་ཆེན་པོ་ལ་རྗེས་སུ་བཟུང་བ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བགྱི་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱིས་བསླབ་པའི་ཡོན་ཏན་རྣམ་པར་བཞག་པ་དེ་ལེགས་པར་བཤད་དུ་གསོལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་གྱི་ས་ལ་གནས་ནས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བགྱིད་ཅིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་

(༡༢༣)ལས་མི་ཉམས་ཡོངས་སུ་མི་ཉམས་ཏེ། ཚེ་འདི་ལ་ཡང་ལས་ཁ་ན་མ་ཐོ་བ་མ་མཆིས་ཤིང་ཚེ་གཞན་དུ་ཡང་བྱེ་བྲག་ཏུ་འཆི་བར་འགྱུར་བ་དང་བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ། སྡུག་པ་དང་མི་སྡུག་པ་སྤངས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་མྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མ་ལགས་པར་རབ་ཏུ་བྱུང་པ་དེ་དག་ཇི་ཙམ་དུ་གདགས་པ་དང་། རྗེས་སུ་བསྟན་པ་གཉིས་ཀྱིས་ཆོས་སྤྱོད་པ་དང་། དགེ་བ་སྤྱོད་པ་ཡང་དག་པར་རབ་ཏུ་བཤད་དུ་གསོལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་པས་ཇི་ལྟར་གནས་པར་བགྱི། ཇི་ལྟར་སྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་ཤིང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །ཁྱིམ་བདག་ལེགས་སོ་ལེགས་སོ། །ཁྱོད་ང་ལ་དོན་འདི་འདྲི་བར་སེམས་པ་ནི་ཁྱོད་ཀྱི་ཚུལ་དང་འཐུན་པའོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་པས་ཇི་ལྟར་བསླབ་པའི་ཡོན་ཏན་ཡང་དག་པར་གཟུང་ཞིང་སྤྱོད་པ་མཆོག་ལ་གནས་པར་བྱ་བ་དང་། ཇི་ལྟར་སྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས་ཁྱིམ་བདག་དྲག་ཤུལ་ཅན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ཚིག་དོན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱའོ། །ཆོས་ལ་སྐྱབས་སུ་འགྲོ་བར་བྱའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱའོ། །གསུམ་ལ་སྐྱབས་སུ་སོང་པའི་དགེ་བའི་

(༡༢༤)རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་བརྩོན་འགྲུས་དང་ཆོས་མང་པོ་རབ་ཏུ་འཐོབ་སྟེ། བརྩོན་འགྲུས་ཞན་པ་བསྐལ་པ་བརྒྱར་ཚངས་པར་སྤྱད་པ་ལ་གནས་པས་ནི་ལྡེམ་པོ་མ་ཡིན་ནོ། །ཀུན་དགའ་བོ་དེ་བས་ན་བདག་ཀྱང་འདི་ལ་བརྩོན་འགྲུས་བསྐྱེད་པར་འདོད་པ་དང་། གཞན་ཡང་བརྩོན་འགྲུས་ལ་བཟུད་པར་འདོད་པ་དང་། བདག་ཀྱང་ཡོན་ཏན་གྱི་ཆོས་མཉམ་པ་ཉིད་ཐམས་ཅད་ལ་གནས་པར་འདོད་པ་དང་། གཞན་ཡང་ཡོན་ཏན་གྱི་ཆོས་མཉམ་པ་ཉིད་ཐམས་ཅད་ལ་དགོད་པར་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། ཀུན་ཆུབ་པར་བྱ། ཀླག་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཡོན་ཏན་ཐམས་ཅད་འདུས་པར་དེ་བཞིན་གཤེགས་པས་བཤད་པའི་ཕྱིར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་དང་མི་འབྲལ་བར་གནས་པ་དེ་སངས་རྒྱས་དང་མི་འབྲལ་བར་བསྟན་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ་འཛིན་ཏམ། ཀློག་པ་དང་། མི་འབྲལ་བ་དེ་སངས་རྒྱས་འབྱུང་པ་དང་། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཡོན་ཏན་ཐམས་ཅད་འདུས་ཤིང་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་བསླབ་པ་སྒྲུབ་པའི་ལམ་གྱི་ཡོན་ཏན་ཐམས་ཅད་འདུས་པར་དེ་བཞིན་གཤེགས་པས་ཡང་དག་པར་རབ་ཏུ་བཤད་པའི་ཕྱིར་རོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་

(༡༢༥)ཀྱི་བུ་མོ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དག་གིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་པ་ཡང་འབོགས་ཏེ་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ་ཀུན་ཆུབ་པར་བྱའོ། །ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་པ་ཙམ་ཡང་རི་མོར་བྱས་ཏེ་སློབ་དཔོན་ལ་ཕུལ་ནས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་གིས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་ལས་སོ་སོར་བྱས་ཏེ་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། དེ་བཞིན་དུ་ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ཅིང་གང་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དང་སློབ་མར་ཁས་བླངས་ཏེ་བསྙེན་བཀུར་བྱས་སུ་ཟིན་ཀྱང་ཆོས་ཀྱི་རྣམ་གྲངས་འདི་མི་འཛིན་མི་འཆང་མི་ཀློག་ཀུན་ཆུབ་པར་མི་བྱེད་འཇུག་པར་མི་བྱེད་ཅིང་སྒྲུབ་པ་འདི་ལ་མི་གནས་ན། ཀུན་དགའོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་པའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པར་མི་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་། ཀུན་ཆུབ་པར་བྱེད་པ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིང་སྒྲུབ་པ་འདི་ལ་ཡང་གནས་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་པའི་སངས་རྒྱས་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །གུས་པ་དང་བཅས་པས་བསྙེན་བཀུར་བྱས་པར་ཡང་འགྱུར་རོ་

(༡༢༦)ཞེས་པས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་འདི་ཉིད་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱེད་གཉིས་ཀྱིས་ཁྱིམ་བདག་འདི་རྣམས་རབ་ཏུ་བྱུང་ལ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་གནང་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཁྱིམ་བདག་དགུ་སྟོང་རབ་ཏུ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་རྣམ་པར་དག་པས་ནི་ཁྱིམ་བདག་བདུན་སྟོང་རབ་ཏུ་ཕྱུང་ངོ་ཞེས་གསུངས་པའི་མདོའི་དོན་དུ་བསམས་ནས་ལྷས་མཁན་སློབ་བྱེད་པ་དང་། ལྷའི་ལས་གྲལ་ཡོད་པར་མངོན་ནོ་ཞེས་མཁས་པས་འགའ་ཞིག་གསུང་པ་ནི། མདོ་དང་འདུལ་བ་གཉིས་ཀའི་previous hit དགོངས next hit་མ་མཁྱེན་པ་ཡིན་ཏེ། མདོ་དང་འདུལ་བ་གང་གིས་ལུགས་ལའང་། ལྷའི་མཁན་སློབ་དང་། ལྷའི་ལས་གྲལ་མི་སྲིད་པའི་ཕྱིར་རོ། །མདོ་འདིར་བསྟན་པའི་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་རྣམ་པར་དག་པ་གཉིས་ལྷའི་རྟེན་ཅན་མ་ཡིན་ཏེ། མིའི་རྟེན་ཅན་གྱིས་དགེ་སློང་ཡིན་པར་མདོ་སྡོང་པོ་བཀོད་པ་ནས་གསུངས་པའི་ཕྱིར་རོ། །དེ་ནས་བྱམས་པ་དགའ་ལྡན་ན་ལྷའི་རྟེན་ཅན་ཅིག་དང་། འཛམ་བུ་གླིང་ན་མིའི་རྟེན་ཅན་གྱི་དགེ་སློང་གཅིག་དང་གཉིས་ཡོད་པར་ཤེས་པར་བྱའོ། །གཞན་ཡང་མདོ་རྣམས་ཀྱི་གླེང་བཞིར། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲལ་ལ། དངོས་སུ་སྨོས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རབ་ཏུ་བྱུང་པའི་ཆ་བྱད་ཅན། ཐེག་པ་ཆེན་པོ་སོ་སོ་ཐར་པ་ལ་སློབ་པ་ཤ་སྟག་ཡིན་ནོ། །རྟགས་མ་བསྒྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ནི། རྒྱལ་པོ་དང་། ཁྱིམ་བདག་དང་། ལྷ་ལ་སོགས་པའི་རང་མིན་གྱིས་སྨོས་པ་ཡིན་གྱི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲལ་ལ་མི་བགྲང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ནི། འདུལ་བའི་ཆོ་ག་མཐའ་ངག་ལ་དབང་བ་ཡིན་ནོ། །དེ་ལྟར་བསྟན་

(༡༢༧)པས་འགྲོ་བ་རྣམས། དལ་འབྱོར་ལུས་རྟེན་ཐོབ་གྱུར་ཏེ། །ཐེག་ཆེན་སོ་ཐར་ལ་བསླབས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་པ་སྟེ། གློག་ཐོབ་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལ་གསུམ་ལས། ཐེག་པ་ཐུན་མོང་པའི་སོ་སོ་ཐར་པ་ལ་བསླབ་པའི་དགེ་འདུན་ནི། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱང་ཡོན་ཏན་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་ཤིང་སེང་གེའི་སྒྲ་སྒྲོགས་པ་སྟོང་དང་ཞེས་པས་བསྟན་ཏོ། །ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་སློབ་པའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་བརྒྱ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་རབ་ཏུ་ཞི་བའི་སྤྱོད་པ་ལ་སོགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་གཙོ་བོར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཁྱིམ་པའམ་འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། གཞན་ཡང་བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཇིག་རྟེན་གྱི་ཁམས་མི་འཇེད་ཀྱི་བདག་པོ་ཚངས་པའི་རྒྱལ་པོ་དང་། མཐུ་ཆེན་པོ་དང་ལྡན་པའི་

(༡༢༨)ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་འཁོར་ཚད་མེད་པ་རྣམས་དང་ཡང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་གསོལ་ཞིང་སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀློག་ཐོབ་ཅེས་བྱ་བས་འཁོར་མང་པོ་རབ་ཏུ་ཞི་ཞིང་ཡོངས་སུ་དག་པ་དག་འདས་པར་གྱུར་པ་མཐོང་པ་སྟན་ལས་ལངས་ཏེ་ཞེས་པ་ནས། ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ཁྱོད་ལ་ཡང་དག་པར་བསྟན་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་དངོས་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གློག་ཐོབ་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་ཅིང་སྐྱོན་རྣམས་ཀྱིས་གོས་པར་མི་འགྱུར་པ་དང་ཞེས་པ་ནས། སྔར་ནི་འཇིག་རྟེན་བདེ་བཏང་ནས། །སླད་ཀྱིས་དང་པའི་སེམས་བསྐྱེད་དེ། །ཡེ་ཤེས་གྱ་ནོམ་ཕུན་ཚོགས་པས། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །འདི་འདྲའི་ཟབ་མོ་གྱ་ནོམ་དོན། །དེ་བཞིན་གཤེགས་པས་བཀས་བཤད་གསོལ། །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་ཤིང་། ཀློག་ཐོབ་ཀྱིས་ཉན་པར་གསོལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གློག་ཐོབ་ལ་བཀའ་སྩལ་པ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་གློག་ཐོབ་ཀྱི་བཅོམ་ལྡན་འདས་དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གཏེར་ཆེན་པོ་དང་། ཟད་མི་ཤེས་པའི་གཏེར་དང་། ཀུན་ཏུ་མི་ཤེས་པའི་གཏེར་དང་། མཐའ་མེད་པའི་གཏེར་རྣམ་པ་ལྔ་

(༡༢༩)དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་གཏེར་ཕུན་སུམ་ཚོགས་པར་གྱུར་པས་རྒུད་པ་རྣམས་གཏན་སྤོང་ཞིང་གོང་དུ་བསྟན་པ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོངས་སུ་རྫོགས་པར་བྱེད་པ་ཚེགས་ཆུང་ངུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་གློག་ཐོབ་ཀྱིས་དྲིས་པའི་དོན་རྣམས་བདེ་བླག་ཏུ་རྟོགས་ཤིང་རྟོགས་པའི་དོན་རྣམས་དྲན་པ་དང་ཤེས་བཞིན་གྱི་ལྷག་མཐོང་དང་། ཏིང་ངེ་འཛིན་གྱིས་གོམས་པར་བྱས་པས་མངོན་དུ་གྱུར་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་གློག་ཐོབ་ཀྱི་དྲིས་པའི་དོན་རྟོགས་ཤིང་ཐོབ་པར་བྱ་བའི་ཕྱིར་དུ། གཏེར་ལྔ་ལ་མཁས་པར་བྱས་ཤིང་དེ་དག་གི་མཉེན་པོར་ཆོས་སྟོན་པ་སྟེ། གཏེར་ལྔ་གང་ཞེ་ན། འདོད་ཆགས་ལ་སྤྱོད་པའི་གཏེར་དང་། ཞེ་སྡང་ལ་སྤྱོད་པའི་གཏེར་དང་། གཏི་མུག་ལ་སྤྱོད་པའི་གཏེར་དང་། དུག་གསུམ་ཆ་མཉམ་པ་ལ་སྤྱོད་པའི་གཏེར་དང་། ཆོས་ཐམས་ཅད་ཀྱི་གཏེར་གང་ཡིན་པའོ། །གཏེར་འདི་ལྔ་ལ་མཁས་ཤིང་རྩོལ་བ་མ་མཆིས་པའི་ཡེ་ཤེས་མངོན་དུ་བྱེད་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། འདིར་ཉོན་མོངས་པ་བཞི་པོ་རེ་རེ་ལ་ཉི་ཁྲི་ཆིག་སྟོང་རེ་དང་དེ་དག་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདིར་ཆོས་ཀྱི་ཕུང་པོ་གྲངས་ངེས་སམ་ཞེ་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་མཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པར་བསྟན་པ་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་དང་སྒོ་བསྟུན་།།།པ་ཡིན་གྱི་ཐེག་པ་ཆེན་པོའི་སྡེ་སྣོད་ལས་འབྱུང་བའི་ཆོས་ཀྱི་ཕུང་པོ་ནི་

(༡༣༠)འདིར་མ་འདུས་པ་ཞེས་ཐེག་པ་ཆེན་པོའི་མདོ་འགའ་ཞིག་ལས་འབྱུང་ངོ་། །རིགས་པས་ཀྱང་འཐད་དེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོའི་དབང་དུ་བྱས་ནས་གསུངས་ལ། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་དང་། རྣམ་སྨིན་གྱི་སྒྲིབ་པ་རྣམས་ཀྱིས་མཉེན་པོའི་དབང་དུ་བྱས་ནས་གསུངས་པ་མ་ཡིན་པར་སྣང་བའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་གཏེར་ལྔ་ལ་མཁས་པ་ཡིས། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།དཀོན་མཆོག་བརྩེགས་པ་ལེའུ་ཉི་ཤུ་རྩ་གཅིག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་ལ། ཕུན་སུམ་ཚོགས་པ་ལྔ་ལས་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ལ་གསུམ་ལས། ཐེག་པ་ཐུན་མོང་པའི་སོ་སོ་ཐར་པ་ལ་བསླབ་པའི་དགེ་འདུན་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་པས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་སོ་སོ་ཐར་པ་ལ་བསླབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་གྲགས་པ། མངོན་པར་ཤེས་པ་ཐོབ་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐོབ་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལྔ་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་དང་ཞེས་པ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

(༡༣༡)པོ་ལྔ་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པ་དང་ཁྱིམ་པའི་ཚུལ་འཛིན་པའི་འཁོར་ནི། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་ཡང་ཐབས་གཅིག་གོ་ཞེས་པ་ནས་རྒྱལ་པོ་དང་། བློན་པོ་ཆེན་པོ་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་རྡལ་དང་། ལྗོངས་ཀྱི་མི་རྣམས་ཀྱིས་ནི་གུས་པར་བྱས། བླ་མར་བྱས། བསྙེན་བཀུར་བྱས། མཆོད་པ་བྱས་སོ། །བཅོམ་ལྡན་འདས་ཀྱི་ཆོས་གོས་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་ནི་བརྙེས། བཅོམ་ལྡན་འདས་ཀྱི་གྲགས་པ་དང་། སྙན་པ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་ནི་མངོན་པར་འཕགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་དང་ལྡན་པ་སྟེ་ཞེས་པ་ནས་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲོང་ཁྱེར་དང་བཅས་པ། གྲོང་རྡལ་དང་བཅས་པ། ས་དང་བཅས་པ། འགྲོ་བ་དང་བཅས་པ། རི་རབ་དང་བཅས་པ། རྒྱ་མཚོའི་མཐས་གཏུགས་པ་ལྷའི་གནས་དང་བཅས་པ། ཁོར་ཡུག་དང་འབོས།།།སུ་བཅས་པ། རྩཱ་དང་། ཤིང་དང་རིར་བཅས་པ་འདི་ནམ་མཁའ་ལ་བསྐལ་པའམ། བསྐལ་པ་བས་ཀྱང་ལྷག་པར་སྐྲའི་རྩེ་མོའི་ཆ་ཤས་ཀྱིས་འཛིན་པར་མཛད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་སྒྱུ་མ་མཁན་བཟང་པོ་ཞེས་བྱ་བ་བསྟན་བཅོས་ལ་ཤིན་དུ་མཁས་པ་།།།གསང་སྔགས་ལ་ཤིན་དུ་མཁས་པ། བཟོ་དང་རིག་པ་ལ་བྱང་པ། ལས་ཀྱི་མཐའ་བྱས་ཟིན་པ། རབ་ཏུ་

(༡༣༢)བྱེད་པ་བྱས་པ། སྒྲ་གྲགས་པ། ཡུལ་མ་ག་དྷ་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་ཇི་སྙེད་པ་དེ་དག་གིས་མཆོག་ཏུ་གྲགས་པ་ཕུལ་དུ་གྲགས་པ་ཞིག་གནས་དེ་ཞེས་པ་ནས་ཡང་སྒྱུ་མ་མཁན་བཟང་པོ་འདི་སྙམ་དུ་སེམས་ཏེ། འདི་བདག་རྣམ་པར་འཐོ་འཚམ་པའི་བསམ་པ་དང་ལྡན་པ་ལ་འདི་ལྟར་ཁས་ལེན་པ་དང་སྦྱར་ན་འདི་ནི་ཐམས་ཅད་མཁྱེན་པ་ཡང་མ་ཡིན་ལ་ཐམས་ཅད་གཟིགས་པ་དང་ལྡན་པ་ཡང་མ་ཡིན་ནོ་སྙམ་ནས། དེ་ནས་སྒྱུ་མ་མཁན་བཟང་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽ་གལ་གྱི་བུས། སྒྱུ་མ་མཁན་བཟང་པོས་བསླུ་བས་མི་འབྱོན་པར་སྙན་བསྐུལ་བ་ན། བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ལས་ཆེས་ལྷག་པའི་ཆོ་འཕྲུལ་ཡོད་པར་ཞལ་གྱི་བཞེས་པས་འཁོར་རྣམས་ཀྱི་རྗེས་སུ་ཡི་རང་ཕུལ་བ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །སྒྱུ་མ་མཁན་བཟང་པོས་ནི་སྒྱུ་མའི་ཟ་མ་ཏོག་གིས་དགེ་འདུན་འདི་ལ་འཐོ་འཚམ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽ་གལ་གྱི་བུ་ཁྱོད་སྙིང་ལས་ཆུང་བར་གྱིས་ཤིག་དང་། ངས་ཡུན་རིང་པོ་ནས་སྤྱད་པ་བསྒྲུབས་པས་ན་དེ་བཞིན་གཤེགས་པ་ནི་འདིར་དུས་མཁྱེན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་འཐོ་རྩམ་པར་མི་ནུས་སོ་ཞེས་པ་ནས་དེ་ནས་ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་དང་། ཐམས་ཅད་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་

(༡༣༣)མགོ་བོས་ཕྱག་འཚལ་ཏེ་ངག་འཐུན་པར་ཚིག་ཏུ་སྨྲས་པ། བཅོམ་ལྡན་འདས་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ། འདི་ལྟར་མཐུ་ཆེ་བ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། །བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་འདི་ཐོས་ནས་མོས་པར་བགྱིད་ཅིང་མོས་པར་བགྱིས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྒྱུ་མ་མཁན་བཟང་པོ་དང་ལྷ་རྣམས་ཀྱི་སྤྲུལ་པའི་གཙུག་ལག་ཁང་དུ་བཅོམ་ལྡན་འདས་འཁོར་བཅས་སྤྱན་དྲངས་ཏེ། སྤྲུལ་པའི་མཆོད་རྫས་དང་། གདུགས་ཚོད་གསོལ་བ་ནི། དེ་ནས་སྒྱུ་མ་མཁན་བཟང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ། དེ་ཉིད་ཀྱི་ནུབ་མོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཕྱོགས་གང་ན་གྲོང་ཁྱེར་ཐམས་ཅད་ཀྱི་རྩོག་དགུ་དང་། མི་འཐུན་པ་ཐམས་ཅད་འབབ་པ་དང་། འབྱུང་པའི་ས་ཕྱོགས་དེར་འཁོར་གྱི་ཁྱམས་ཆེན་པོ་དར་གྱི་ལྡ་ལྡི་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་པས་བརྒྱན་པ། གཞི་ལག་འཐིལ་ལྟར་མཉམ་པ། མེ་ཏོག་བཀྲམ་པ། སྤོས་བཟང་པོ་མཆོག་གིས་བདུགས་པ། སྟེང་དུ་བླ་རེ་བྲེས་པ་ཞིག་མངོན་པར་སྤྲུལ་ལོ། །འཁོར་གྱི་ཁྱམས་དེའི་ནང་དུ་ཡང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་བཅས་པ་བརྒྱ་སྟོང་མངོན་པར་སྤྲུལ་ཏོ། །རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་དུ་ཡང་སེང་གེའི་ཁྲི་རས་བཅོས་བུ་དུ་མས་གཡོགས་པ་རིན་པོ་ཆེའི་བ་དན་ཐམས་ཅད་ཀྱིས་བརྒྱན་པ་མངོན་པར་སྤྲུལ་ཏོ། སེང་གེའི་ཁྲིའི་གཡས་གཡོན་དུ་ཡང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་འབྲས་བུར་བཅས་པ་བཞི་བཞི་མངོན་པར་སྤྲུལ་ཏོ། །

(༡༣༤)བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་མངོན་པར་སྤྲུལ་ཏོ། །ཞེས་པ་ནས་དེ་ནས་སྒྱུ་མ་མཁན་བཟང་པོ་སྤྲུལ་པའི་རིམ་གྲོ་པ་དེ་དག་དང་། རྒྱལ་པོ་ཆེན་པོ་བཞི་དག་དང་། ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་དང་ལྷན་ཅིག་སྤྲུལ་པའི་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། བལྡག་།།།པ་དེས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ཡང་དག་པར་ཚིམ་པར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། སྟོན་པ་རྣམས་ཀྱིས་ཡོན་བསྔོ་བས་རྒྱས་བཏབ་ཅིང་། སྤྲུལ་པའི་ཁྱིམ་བདག་དང་ལྷ་རྣམས་ཀྱིས་བསྐུལ་བས། སངས་རྒྱས་འཁོར་བཅས་ཀྱིས་ཐམས་ཅད་དུ་ཁྱབ་པར་མཐོང་ཞིང་དེ་དག་གི་སྤྱན་སྔར། སྒྱུ་མ་མཁན་བཟང་པོ་བདག་ཉིད་ཕྱག་འཚལ་ཞིང་ཉེས་པ་འཆགས་པར་མཐོང་བ་ནི། དེ་ནས་དེའི་ཚེ་གནས་བརྟན་འོད་སྲུངས་ཆེན་པོས་ཚིགས་སུ་བཅད་པ་འདི་སྨྲས་སོ་ཞེས་པ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་ཡང་སྒྱུ་མ་མཁན་བཟང་པོ་བདག་ཉིད་ཕྱག་འཚལ་ནས་ཉེས་པ་འཆགས་པར་མཐོང་ཞིང་ཞེས་པའི་བར་གྱིས་བསྟན་ཏོ། །སྒྱུ་མ་མཁན་བཟང་པོས་སངས་རྒྱས་ཀྱི་སྣང་བ་མཐའ་ཡས་པ་མཐོང་བས་དད་པ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་སྟེ། དྲི་བ་ཞུས་པ་ནི། དེ་ནས་སྒྱུ་མ་མཁན་བཟང་པོའི་མིག་ལམ་ན་གང་ཅུང་ཟད་ཅི་སྣང་པ་དེ་ཐམས་ཅད་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་ཅུང་ཟད་ཀྱང་མ་མཐོང་ནས་དེ་ཚིམ་ཞིང་འགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བར་གྱུར་ཏོ། །དེ་དགའ་བ་དང་ཡིད་བདེ་བ་དེ་ཉིད་ཀྱིས་དད་པ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་པོ། ཏིང་ངེ་འཛིན་དེ་ལས་ལངས་མ་ཐག་ཏུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ་ཞེས་

(༡༣༥)པ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཤེས་ཤིང་། བྱང་ཆུབ་ཕྱིར་ནི་སྤྱོད་པ་མི་ལྡོག་པ། ཀུན་མཁྱེན་ལེགས་པར་དོན་བསམས་ཤེས་རབ་མཚོ། ཡེ་ཤེས་འབྱུང་གནས་འདི་ནི་བདག་ལ་གསུངས། བཅོམ་ལྡན་ཕན་ཡོན་བདག་ལ་བསྟན་དུ་གསོལ། བདག་གིས་ནན་ཏན་སྙིང་པོར་བགྱི་བར་འཚལ། ཞེས་པའི་བར་གྱིས་བསྟན་ཏོ། །དེའི་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ལ་སླར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་ཀུན་སྤྲུལ་པར་གང་གིས་ཤེས་པ་དེ། སངས་རྒྱས་བྱེ་བ་ཕྲག་སྟོང་སྤྲུལ་པར་བྱེད། སྤྲུལ་པ་དེ་དག་ཞིང་རྣམས་བྱེ་བར་འགྲོ། །དེ་དག་སོང་ནས་སེམས་ཅན་བྱེ་བ་འགྲེལ། ཇི་ལྟར་བཟང་པོ་ཁྱོད་ཀྱིས་གཟུགས་མེད་ལས། སྣ་ཚོགས་མཐའ་ཡས་གཟུགས་ནི་སྟོན་བྱེད་ཅིང་། དེ་དག་སྐྱེ་བ་མེད་ཅིང་འགག་མེད་ལ། འགྲོ་མེད་འོང་མེད་གནས་པ་མེད་པ་ལྟར། བཟང་པོ་སྐྱེས་བུ་ཁྱུ་མཆོག་རྒྱལ་བ་ཡིས། ཕུང་པོ་དགེ་འདུན་ཚོགས་བཅས་སྤྲུལ་ཏེ་འདྲ། དེ་དང་ཡེ་ཤེས་མེད་པར་མི་འགྱུར་ཏེ། སངས་རྒྱས་བསམ་ཡས་རྣམས་ཀྱི་རྫུ་འཕྲུལ་ཡིན་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དེ་བཞིན་གཤེགས་པ་བལྟ་བར་འདོད་པ་དང་། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱ་བར་འདོད་པ་དེས་ཆོས་ཀྱི་རྣམ་གྲངས་འདི་གཟུང་པར་བྱ། བཅང་པར་བྱ། ཀླག་པར་བྱ། གཞན་དག་ལ་ཡང་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་གང་གིས་འདི་གཟུང་པ་དང་། བཅངས་པ་དང་། ཀླགས་པ་དང་། གཞན་དག་ལ་ཡང་རབ་ཏུ་བསྟན་པ་དེས་ནི་དེ་བཞིན་གཤེགས་པ་མཐོང་པ་ཡིན། དེས་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་ཡང་བྱས་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན། ཁྱོད་ཀྱིས་སྐྱེ་བོ་མང་པོ་ལ་བདེ་བ་དང་།

(༡༣༦)འཇིག་རྟེན་ལ་སྙིང་བརྩེ་བ་དང་། འདི་ལྟ་སྟེ། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཀུན་དགའ་བོ་ཆོས་གང་གིས་བྱང་ཆུབ་ཡང་དག་པར་འབྱུང་བ་དང་། ཐེག་པ་ཆེན་པོ་འདི་ལ་ཡང་ཡང་དག་པར་འབྱུང་བར་འགྱུར་བ་དེ་དག་ནི་ཐེག་པ་ཆེན་པོ་འདི་ལས་ཡང་དག་པར་རབ་ཏུ་སྟོན་ཏོ། །དེས་ན་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་ཡང་དག་པར་འབྱུང་བ་ཞེས་ཀུན་དགའ་བོ་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྱེད་པའམ། ལུས་ལ་སྲེལ་བ་དེའི་ལུས་ལ་དེ་བཞིན་གཤེགས་པ་ཡོད་པ་ཡིན་ན་གང་དག་གིས་ཐོས་ནས་དེ་བཞིན་ཉིད་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། སྒྱུ་མ་མཁན་བཟང་པོས་ཞུས་པའི་ལན་གྱིས་ཚིགས་སུ་བཅད་པ་བསྟན་པས། སྒྱུ་མ་མཁན་བཟང་པོས་བཟོད་པ་ཆུང་ངུ་ཐོབ་ཅིང་། སླར་ཡང་བྱ་རྒོད་ཕུང་པོའི་རིར་ཕྱིན་ཏེ། སྒྱུ་མ་མཁན་བཟང་པོས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཆོས་བཞི་གྲུབ་པའི་གདམ་ངག་བཞི་བཅུ་ཞེ་གཉིས་བསྟན་པས། སྒྱུ་མ་མཁན་བཟང་པོས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། དེ་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། སྒྱུ་མ་ལྟ་བུར་ཤེས་བྱས་ནས། སྒྱུ་མ་ལྟ་བུའི་སངས་རྒྱས་ཤོག། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱལ་།།།ལོ། །

(༡༣༧)འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་གཉིས་པ་སྟེ། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་སྟོན་པ་དང་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་ལྷའི་བུ་དེད་དཔོན་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །འཇམ་དཔལ་གཞོན་ནུར་གྱུར་པ་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ། ལྷའི་བུ་དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོ་འཕྲུལ་དུ་ཞིག་གིས་སེམས་ཅན་རྣམས་འདུལ་བར་མཛད་ལགས་ཞེས་པས་བསྟན་ཏོ། །སྟོན་པས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། ལྷའི་བུ་ང་ནི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་དུ་རྟོགས་ནས་སྒོམས་པ་མཐར་ཕྱིན་པ་ན་ཆོ་འཕྲུལ་གསུམ་གྱི་སྒོ་ནས་འགྲོ་བའི་དོན་བྱེད་པའོ། །བསྡུས་པའི་དོན་ནི། སྟོན་པའི་གསུང་གི་ཆོ་འཕྲུལ་གྱི་རྒྱས་བཤད་བསྟན་པ་དང་། ལྷའི་བུ་དེ་དཔོན་།།།དང་འཇམ་དཔལ་གྱི་དྲི་ལན་གྱི་ཆོས་ཐམས་ཅད་ཆོ་འཕྲུལ་

(༡༣༨)དུ་བསྟན་ལ་ཕབ་པ་དང་ལྷའི་བུ་དེད་དཔོན་གྱི་སྔོན་གྱི་རྟོགས་པ་བརྗོད་པ་དང་། བྱང་ཆུབ་ཏུ་ལུང་བསྟན་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་དང་། མཐར་ཐུག་གཅིག་གོ །རྒལ་ལན་ནི། ཆོས་ཐམས་ཅད་ཆོ་འཕྲུལ་ཡིན་པ་ཇི་ལྟར་ཡིན་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དང་སེམས་ཀྱི་ཆོ་འཕྲུལ་ཡིན་པས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་ཀུན་ཆོ་འཕྲུལ་དུ་རྟོགས་ནས། ཆོ་འཕྲུལ་གསུམ་གྱིས་འགྲོ་བ་རྣམས། སངས་རྒྱས་པ་ལ་འགོད་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་གསུམ་པ་སྟེ། འཕགས་པ་བྱམས་པའི་སེང་གེའི་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། དཔལ་གྱི་སྙིང་པོ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི་དེའི་ཚེ་ན་ཚེ་དང་ལྡན་པ་

(༡༣༩)འོད་སྲུངས་ཆེན་པོ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་གསོལ་ཞིང་། སྟོན་པས་སྐབས་དབྱེ་བ་ནི། དེ་ནས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནས། འོད་བསྲུངས་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་རྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་བས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་སྤྱད་པར་བགྱི། ཇི་ལྟར་རྣལ་འབྱོར་དུ་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་དེའི་ལན་ལ་སོགས་པའི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །འོད་བསྲུངས་ལེགས་སོ་ལེགས་སོ། །འོད་བསྲུངས་ཁྱོད་འདི་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་ཡོངས་སུ་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །འོད་བསྲུངས་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་བཅོམ་ལྡན་འདས་ལ་དེ་བཞིན་ནོ་ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །འོད་བསྲུངས་

(༡༤༠)འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། ཚུལ་ཁྲིམས་དང་ལྡན་པ་དང་། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་བལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ། །རྐམ་ཆགས་མེད་པ་དང་། ཚུལ་འཆོས་མེད་པ་དང་། ཁ་བསགས་མེད་པ་དང་། གཞོགས་སློངས་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། རྙེད་པས་རྙེད་པར་བྱེད་འདོད་པ་མེད་པ་དང་། ངོ་ཚ་ཤེས་པ་དང་ལྡན་པ་དང་། ཁྲེལ་ཡོད་པ་དང་ལྡན་པ་དང་། འཛེམ་པ་དང་ལྡན་པར་བྱའོ། །འཁོར་བ་ལ་ཡིད་སྐྲག་པ་དང་། ངེས་པར་འབྱུང་བ་ལ་མཁས་པ་དང་། ངེས་པར་འབྱུང་བ་ལ་མངོན་པར་བརྩོན་པ་དང་། འཁོར་བ་ལ་རྟག་ཏུ་ཡིད་སྐྱོ་བ་དང་། མྱ་ངན་ལས་འདའ་བ་ལ་ཕན་ཡོན་དུ་བལྟ་བར་བྱ་ཞིང་། ཤིང་དྲུང་ན་འདུག་ཀྱང་རུང་། རི་ལ་འདུག་ཀྱང་རུང་། གནས་ཁང་ན་འདུག་ཀྱང་རུང་། ཕུག་ན་འདུག་ཀྱང་རུང་། དེས་དེ་བཞིན་གཤེགས་པ་རྣམ་པ་ལས་ཡིད་ལ་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གདུང་རྒྱུད་ཕུན་སུམ་ཚོགས་པ། རིགས་ཕུན་སུམ་ཚོགས་པ། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་དཔག་ཏུ་མེད་པ། ཏིང་ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དཔག་ཏུ་མེད་པ་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་དང་ལྡན་པ། བདེན་པ་གསུང་པ། ཡང་དག་པ་གསུང་པ། ཇི་སྐད་གསུང་པ།

(༡༤༡)དེ་བཞིན་མཛད་པ། མི་བསླུ་བར་མཛད་པ། འཕགས་པ། སྨན་པ་ཆེན་པོ། ཟུག་རྔུ་འབྱིན་པ། མ་གསོལ་བར་བཤེས་གཉེན་མཛད་པ། ཐུགས་རྗེ་དང་ལྡན་པ། དེད་དཔོན་ཆེན་པོ་ཡིན་ཏེ། དེ་ནི་ཆོས་མྱ་ངན་ལས་འདས་པ། ཟབ་པ་ཟབ་པར་སྣང་བ། ཞི་བ་ཞི་བར་སྟོན་པ། སྟོང་པ་སེམས་ཅན་མེད་པ། འཁྲུལ་པ་མེད་པ། མཚན་མ་མེད་པ། མཚན་མ་ཡང་དག་པར་ཆད་པ། སྨོན་པ་མེད་པ། སྨོན་པ་དང་བྲལ་བ། སྤྲོས་པ་མེད་པ། སྤྲོས་པ་དང་བྲལ་བ། མཐོང་པར་དཀའ་བ། རྟོགས་པར་དཀའ་བ། ཉེ་བར་གཏོད་པ། དངོས་པོ་དང་བྲལ་བ། དབེན་པ། དབེན་པ་དང་བྲལ་བ། དངོས་པོ་མེད་པ། དངོས་པོས་མ་གོས་པ། རྒྱུ་བ་མེད་པ། རྒྱུ་བ་ཡང་དག་པར་ཆད་པ། འགྲོ་བ་དང་བྲལ་བ། བརྗོད་དུ་མེད་པ། བརྗོད་པ་དང་བྲལ་བ། རློམ་སེམས་མེད་པ། ཀུན་ཏུ་བསྟན་པ། རྙོག་པ་མེད་པ། རྙོག་པ་དང་བྲལ་བ། བླང་བ་མེད་པ། དོར་བ་མེད་པ། སྡུག་བསྔལ་ཉེ་བར་ཞི་བ། སྲེད་པ་ཡང་དག་པར་ཆད་པ་སྟོན་པར་མཛད་པ། ཡང་དག་པར་སྟོན་པར་མཛད་པ་ཡིན་ནོ་ཞེས་རྣམ་པ་ལས་ཡིད་ལ་བྱའོ། །འོད་བསྲུངས་དེ་ལ་དེ་དགེ་སློང་གཅིག་བུ་དབེན་པར་སོང་སྟེ། ནང་དུ་ཡང་དག་འཇོག་ལ་ཞུགས་པས་ནི་འདི་ལྟར་དེ་བཞིན་གཤེགས་པ་རྣམ་པ་ལས་ཡིད་ལ་བྱ་སྟེ། བདག་གིས་མིའི་ལུས་ཐོབ་ཅིང་རབ་ཏུ་བྱུང་པ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་ཐོབ། བདག་གིས་དེ་བཞིན་གཤེགས་པ་ཡང་མཉེས་པར་བྱས་པས་ན་བདག་ལེ་ལོ་བྱེད་པ་དང་། བྱ་བ་སྣ་ཚོགས་ཀྱི་འདུ་འཛིས་དབེན་སྤྱོ་ཞིང་གནས་པ་ནི་བདག་གི་མི་ཆའོ། །དེ་ཅིའི་ཕྱིར་ཞེ་ན། བདག་འབྲས་བུ་མ་ཐོབ་པ་ཁོ་ནར་འཆི་བའི་དུས་བྱེད་པར་འགྱུར་བ་གང་ཡིན་པའི་གནས་དེ་ལྟ་བུ་ཡང་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་ནི་འདི་ལྟ་སྟེ་དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་ལྟར་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་འགྱུར་བས། དེ་ལྟ་ན་

(༡༤༢)བདག་གིས་ད་ལྟར་བྱུང་པ་དང་། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱས་པར་མི་འགྱུར་བའི་ཕྱིར་རོ། །ཞེས་དེ་ལྟར་དེ་བཞིན་གཤེགས་པ་རྣམ་པ་ལས་ཡིད་ལ་བྱའོ། །འོད་བསྲུངས་དེ་ལ་དགེ་སློང་གིས་ནི་ཁྱོད་དང་། གནས་བརྟན་རབ་འབྱོར་གྱི་རྗེས་སུ་བསླབ་པར་བྱ་སྟེ་ཞེས་སོགས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་རབ་ཏུ་བྱུང་པའི་བྱ་བ་མ་ཡིན་པ་འདོར་བ་དང་། བྱ་བ་རྣམས་ལ་བསླབ་པའི་ཚུལ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་མ་ཡིན་པ་རྣམས་འདོར་བ་དང་། བྱ་བ་རྣམས་ལ་སློབ་པ་དང་། སངས་རྒྱས་སོགས་ལ་ཟང་ཟིང་གི་མཆོད་པ་འབུལ་བ་བས། སྒྲུབ་པའི་མཆོད་པ་མཆོག་ཡིན་ཚུལ་རྟོགས་ནས་ཉམས་སུ་བླངས་པས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། འོད་བསྲུངས་གིས་ཞུས་པ་དང་དེའི་ལན་གྱིས་རབ་ཏུ་བྱུང་པ་རྣམས་ཀྱིས་སྤྱོད་པ་ངན་པ་རྣམས་འདོར་ཞིང་། བཟང་པོ་ལ་སློབ་པའི་ཚུལ་དང་། བྱམས་པས་སེང་གེའི་སྒྲ་སྒྲགས་ཤིང་། བྱམས་པས་ཞུས་པ་དང་། ལན་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ངན་པ་འདོར་ཞིང་། བཟང་པོ་སྤྱོད་པའི་ཚུལ་དང་། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཞེས་བྱ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བས་ཟང་ཟིང་གི་མཆོད་པ་རྒྱ་ཆེར་ཕུལ་བ་ན། ཁྱིའུ་ཆོས་དང་ཆོས་བཟངས་གཉིས་ཀྱིས་དེ་ལྟ་བུ་ལས་ལྷག་པའི་མཆོད་པ་ཡོད་དམ་ཞེས་དྲིས་པའི་ལན་དུ། དེ་བཞིན་གཤེགས་པ་དེ་ཟང་ཟིང་གི་མཆོད་པ་བས། སྒྲུབ་པའི་མཆོད་པ་ཁྱད་པར་འཕགས་པར་རྒྱ་ཆེར་བསྟན་པ་ལ་རྟེན་ནས། ཁྱེའུ་གཉིས་ཀྱིས་ཟང་ཟིང་གི་མཆོད་པ་སྤངས་ཏེ། སྒྲུབ་པའི་མཆོད་པ་བྱས་པ་གླེང་གཞིར་བྱས་ཏེ། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ཟང་ཟིང་གི་མཆོད་

(༡༤༣)པ་བས། སྒྲུབ་པའི་མཆོད་པ་གཙོ་བོར་བྱ་དགོས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་འོད་བསྲུངས་གིས་ཞུས་པ་དང་བྱམས་པས་ཞུས་པ་སོགས་ཀྱིས་རིམས་བཞིན་དུ་ཉན་ཐོས་སྤྱོད་པའི་དབུ་མ་དང་། རྣམ་པར་སྤྱོད་པའི་དབུ་མ་ལ་འཇུག་ཚུལ་རིམས་ཅན་དུ་བསྟན་པའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །གོ་རིམས་ནི་བློ་དམན་མས་རིམས་ནས་འཇུག་པའི་རིམ་པའོ། །རྒལ་ལན་ནི། འགའ་ཞིག་གི་བསམ་པ་ལ་སྒྲ་མི་སྙན་ན་སངས་རྒྱས་ཀྱི་བསྟན་པ་གཏན་མེད་དོ། །སྙམ་དུ་སེམས་པ་ནི། དེ་ལྟར་མ་ཡིན་ཏེ། འབུམ་དང་། ཉི་ཁྲིའི་གླེང་གཞི་ལས། སྒྲ་མི་སྙན་པ་རྣམས་ནི། བཅོམ་ལྡན་འདས་བདག་ཅག་གི་མདུན་ན་བཞུགས་ཏེ་ཆོས་སྟོན་ཏོ་སྙམ་མོ་ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་སྔོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མུ་ཁྱུད་བུ་སྟོང་དང་བཅས་པ། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ན་གླིང་བཞི་ན་གནས་པའི་མི་ཐམས་ཅད་རབ་ཏུ་བྱུང་སྟེ་ལྷ་རྣམས་ཀྱིས་ཞབས་ཏོག་སྒྲུབ་པ་དང་། མ་སྨོས་མ་བཏབ་པའི་ལོ་ཏོག་བྱུང་པ་ལས་ཁ་ཟས་དང་། དཔག་བསམ་གྱི་ཤིང་སྐྱེས་པ་ལས་གོས་རྣམས་བྱུང་ཞིང་རང་རང་གི་སྐལ་བ་དང་འཚམ་པར་ཐེག་པ་གསུམ་གྱི་མངོན་པར་རྟོགས་པ་སྐྱེས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །ཐེག་གསུམ་སྤྱོད་པ་ཀུན་ཤེས་ཏེ། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་བཞི་པ་སྟེ།

(༡༤༤)འཕགས་པ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པའི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཐམ་པ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ཏོ། །སྟོན་པས་བཀའ་ཡས་རྩལ་དུ་མཛད་པས་བྱང་ཆུབ་སེམས་དཔའ་རྣམས་ལ་སྙིགས་མའི་དུས་སུ་དམ་པའི་ཆོས་འཛིན་པའི་སྤྲོ་བ་དྲིས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གླང་པོ་ཆེའི་བལྟ་སྟངས་ཀྱིས་གཟིགས་ཏེ་བཀའ་རྩལ་པ། རིགས་ཀྱི་བུ་དག་ཁྱེད་ཅག་ཕྱི་མའི་ཚེ་ཕྱི་མའི་དུས་ན། དམ་པའི་ཆོས་ཡོངས་སུ་བཟུང་པའི་ཕྱིར་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་གཟུང་བ་དང་། སེམས་ཅན་སྨིན་པར་བྱ་བའི་ཕྱིར་ཐབས་དང་། ཚུལ་དང་། བསམ་པ་སྣ་ཚོགས་ཀྱི་ཡོངས་སུ་སྐྱང་བར་སུ་སྤྲོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་བསྲུང་ཚུལ་ཐ་དད་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་དག་ལ་བསླབས་ཏེ། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་འཐོབ་པའོ། །བསྡུས་པའི་དོན་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་

(༡༤༥)བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སླད་མའི་ཚེ་སླད་མའི་དུས་ན་དམ་པའི་ཆོས་ཡོངས་སུ་བཟུང་བའི་སླད་དུ་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མ་མཆིས་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་འཛིན་པར་སྤྲོ་ལགས་སོ། །ཞེས་པ་ནས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སླད་མའི་ཚེ་སླད་མའི་དུས་ན་འོད་བསྟན་པས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བར་བགྱིད་པར་སྤྲོ་ལགས་སོ། །ཞེས་པའི་བར་དུ་དག་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྔ་བཅུ་རྩ་གསུམ་གྱི་སྤྱོད་པ་དང་། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་གོ་ཆ་ལ་འཇུག་པ་བསྟན་པ་དེ་ལྟ་བུ་འདི་ཐོས་ནས་ངོ་མཚར་རྨད་དུ་བྱུང་པར་འཛིན་པར་གྱུར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་ཅིང་བརྩོན་འགྲུས་བརྟན་པའི་གོ་ཆ་ཆེན་པོ་བགོས་པ་དང་།ཇི་ཙམ་དུ་སེམས་ཅན་ཐམས་ཅད་ཀྱིས་ཐུལ་བར་དཀའ་བ་དང་། གཏིང་དཔག་པར་དཀའ་བ་དང་། བསྙེན་པར་དཀའ་བ་དང་། རྫི་བར་དཀའ་བ་དང་། ཟིལ་གྱིས་མི་ནོན་པའི་གཟི་བརྗིད་དང་ལྡན་པ་ནི་ངོ་མཚར་ལགས་ཏེ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་འཛིན་ཅིང་ཡོངས་སུ་བརྗོད་པ་དང་། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་པས་ཉེས་པ་བགྱིད་པའི་གནས་ལས་ངེས་པར་འབྱུང་ཞིང་ཏིང་ངེ་འཛིན་ཀྱང་འཐོབ་པར་འགྱུར་རོ། །བམ་པོ་གཉིས་

(༡༤༦)པ་ཞེས་པའི་བར་གྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་སྤྱིར་བསྟན་པ་ཡིན་ནོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་བ་འཁོར་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདི་ན་བདག་གཅིག་པོ་དབེན་པར་མཆིས་ཏེ་ནང་དུ་ཡང་དག་བཞག་པ་ན་སེམས་ལ་ཡོངས་སུ་རྟོག་པ་འདི་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་སོ་སོ་ཐར་པའི་སྡོམ་པ་ལྷག་པའི་ཚུལ་ཁྲིམས་ཀྱི་སླབ་པ་ཡོངས་སུ་དག་པ་བཅས་ལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་པ་་རྣམས་ཀྱིས་ནི་སྲོག་གི་ཕྱིར་ཡང་སླབ་པ་ཡོངས་སུ་མི་གཏོང་ངོ་ཞེས་གསུངས་ལགས་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སམ་བཞུགས་ཀྱང་རུང་སྟེ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་ཐེག་པ་དམན་པ་དང་ཐེག་པ་ཆེན་པོའི་སོ་སོ་ཐར་པའི་སྡོམ་པ་འཐོབ་པ་དང་། བསྲུང་པ་དང་། གཏོང་པ་དང་། ཕྱིར་བཅོས་སུ་ཡོད་མེད་སོགས་ཕྱེ་ནས་སོ་སོར་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་ག་བསྟན་པ་ཡིན་ནོ། །ཐེག་པ་ནི་གནས་སྐབས་

(༡༤༧)གསུམ་དང་མཐར་ཐུག་གཅིག་གོ །གོ་རིམས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སོ་སོ་ཐར་པའི་སྡོམ་པ་མཆོག་དམན་གྱི་སྒོ་ནས་བསྟན་པའོ། །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་འདུལ་བ་ལུང་སོགས་ནས་རྩ་བའི་ལྟུང་བའམ། ཕས་ཕམ་འཆབ་སེམས་ཅན་བྱུང་ན་བསོར་མི་རུང་དུ་ཁས་ལེན་ཞིང་། འདུལ་བ་ལུང་ལས་བཞི་པོ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་པ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་པ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་ཞིན་ནོ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་ལ། ཡང་འགའ་ཞིག་ཉོན་མོངས་པ་མ་ཟད་ཀྱི་བར་དུ། སོ་སོ་ཐར་པའི་སྡོམ་པ་ཉམས་པ་བསོར་ཡོད་པ་ཡིན་ཞེས་ཟེར་ནས་ཡང་ཡང་ལེན་པ་བྱས་པས་ཆོག་པ་རིགས་ཅན་གསུམ་ཀ་ལ་ཁྱབ་པར་སྨྲ་བ་ནི་བཅོམ་ལྡན་འདས་ཀྱི་previous hit དགོངས next hit་མིན་ཏེ། བཅོམ་ལྡན་འདས་ཀྱི་previous hit དགོངས next hit་ནི། རྟེན་གྱི་གང་ཟག་ཉན་ཐོས་ཀྱི་རིགས་ཅན་ནམ། ཐེག་པ་དམན་པའི་གང་ཟག་ཡིན་ན། སོ་སོ་ཐར་པའི་སྡོམ་པ་ཕས་ཕམ་གྱིས་ཉམས་པ་སྐྱར་བའི་ཆོ་གས་བསོར་མི་རུང་པ་ནི། འདུལ་བ་ལུང་ལྟར་ཡིན་ལ། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་ན། སོ་སོ་ཐར་པའི་སྡོམ་པ་ནི། ཕས་ཕམ་གྱིས་

(༡༤༨)གྱིས་ཉམས་པ་སྐྱར་ཆོག་གིས་བསོར་རུང་བ་ཡིན་ཏེ། མདོ་འདི་ཉིད་ལས་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སོ་སོ་ཐར་པ་ནི་ཇི་ལྟར་བརྗོད་པར་བགྱི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་བ་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉེ་བ་འཁོར་དེའི་ཕྱིར་ཁྱོད་ཀྱི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་བསླབ་པ་ནི་སྦྱོར་བ་གཞན་དང་། ལྷག་པའི་བསམ་པ་གཞན་གྱིས་ཡོངས་སུ་དག་པ་ཡིན་པར་སྨྲོས་ཤིག །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡང་གཞན་སྦྱོར་བ་གཞན་དང་ལྷག་པའི་བསམ་པ་ཡང་གཞན་གྱིས་ཡོངས་སུ་དག་པ་ཡིན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཉེ་བ་འཁོར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱོར་བ་ཡང་གཞན་ལྷག་པའི་བསམ་པ་ཡང་གཞན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་གཞན། ལྷག་པའི་བསམ་པ་ཡང་གཞན་ཡིན་པའི་ཕྱིར་རོ། །ཉེ་བ་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་དུ་འཆལ་པའི་ཚུལ་ཁྲིམས་ཉིད་ཡིན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་དུ་འཆལ་པའི་ཚུལ་ཁྲིམས་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཉེ་བ་འཁོར་འདི་ནི། ཉན་ཐོས་ཀྱི་ཐེག་པ་པ་ནི་དེའི་སྐད་ཅིག་ཙམ་ཡང་སྲིད་པར་སྐྱེ་བ་ལེན་པར་མི་བྱེད་དོ། །དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་ཡིན་ལ་དེ་ནི་ཐེག་

(༡༤༩)པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་དུ་འཆལ་པའི་ཚུལ་ཁྲིམས་ཉིད་ཡིན་པའི་ཕྱིར་རོ། །ཉེ་བ་འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་དུ་འཆལ་པའི་ཚུལ་ཁྲིམས་ཉིད་དུ་འགྱུར་བ་གང་ཞེ་ན། ཉེ་བ་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་བསྐལ་པ་ཚད་མེད་གྲངས་མེད་པར་སྲིད་པར་སྐྱེ་བ་ལེན་ཀྱང་སེམས་ཡོངས་སུ་མི་སྐྱོ་ཞིང་ཡིད་ཡོངས་སུ་མི་སྐྱོ་བ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་ཡིན་ལ། དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་ལ་དག་པ་ཉིད་དང་། ཤིན་དུ་འཆལ་པའི་ཚུལ་ཁྲིམས་ཉིད་ཡིན་ནོ། །ཉེ་བ་འཁོར་དེ་ལྟ་བས་ན་ཁྱོད་ཀྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་བསྲུང་བ་དང་བཅས་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་བསྲུང་བ་མེད་པ་ཡིན་པར་སྨྲོས་ཤིག །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱིས་བསླབ་པ་ནི་བཅོས་སུ་མེད་པ་ཡིན་པར་སྨྲོས་ཤིག །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རིང་དུ་རྗེས་སུ་ཞུགས་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་མཐར་ཆགས་པ་ཡིན་པར་སྨྲོས་ཤིག །ཉེ་བ་འཁོར་དེ་ལ་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་རྗེས་སུ་བསྲུང་བ་དང་བཅས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་རྗེས་སུ་བསྲུང་བ་མེད་པ་ཡིན་ཞེ་ན། ཉེ་བ་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་

(༡༥༠)གཞན་དག་དང་། གང་ཟག་གཞན་དག་གི་སེམས་ཀྱི་རྗེས་སུ་འཇུག་པར་བྱ་དགོས་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ནི་མི་དགོས་ཏེ། ཉེ་བ་འཁོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་བསྲུང་བ་དང་བཅས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་བསླབ་པ་ནི་རྗེས་སུ་བསྲུང་བ་མེད་པ་ཡིན་ནོ། །ཉེ་བ་འཁོར་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་བཅོས་སུ་ཡོད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་བཅོས་སུ་མེད་པ་ཡིན་ཞེ་ན། ཉེ་བ་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གལ་ཏེ་སྔ་དྲོའི་དུས་ཀྱི་ཚེ་ཉེས་པ་བྱུང་ལ་གུང་ཚིགས་ཀྱི་དུས་ཀྱི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །གལ་ཏེ་གུང་ཚིགས་ཀྱི་དུས་ཀྱི་ཚེ་ན་ཉེས་པ་བྱུང་ལ་ཕྱི་དྲོའི་དུས་ཀྱི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །གལ་ཏེ་ཕྱི་དྲོའི་དུས་ཀྱི་ཚེ་ན་ཉེས་པ་བྱུང་ལ། མཚན་མོའི་ཐུན་དང་པོ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །གལ་ཏེ་མཚན་མོའི་ཐུན་དང་པོ་ལ་ཉེས་པ་བྱུང་མཚན་མོའི་གུང་ཐུན་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །གལ་ཏེ་མཚན་མོའི་གུང་ཐུན་ལ་ཉེས་པ་བྱུང་ལ་མཚན་མོའི་ཐུན་ཐ་མ་ལ་ཐམས་ཅད་་དང་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་

(༡༥༡)ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །ཉེ་བ་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའ་འགྱོད་པའི་ཀུན་ནས་ལྡང་བ་ཧ་ཅང་བསྐྱེད་པར་མི་བྱ་ཞིང་ཧ་ཅང་ཡིད་ལ་གཅགས་པར་ཡང་མི་བྱའོ། །ཉེ་བ་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་ཡང་དང་ཡང་དུ་ཉེས་པ་བྱུང་པ་ནི། ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་དང་། རབ་ཏུ་ཉམས་པ་དང་། ཡོངས་སུ་གཏུགས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པས་ནི། ཉོན་མོངས་པ་ཐམས་ཅད་སྤང་པའི་ཕྱིར་མགོ་དང་གོས་ལ་མེ་འབར་བ་ལྟ་བུ་བྱ་དགོས་པའི་ཕྱིར་ཏེ། དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་པ་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱི་བསླབ་པ་འདི་ནི་བཅོས་སུ་མེད་པ་ཡིན་ནོ། །ཉེ་བ་འཁོར་ཇི་ལྟར་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རིང་དུ་རྗེས་སུ་ཞུགས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་མཐར་ཆགས་པ་ཡིན་ཏེ། ཉེ་བ་འཁོར་འདི་ལ་གལ་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔས་བསྐལ་པ་གང་གའི་ཀླུང་གི་བྱེད་མ་རྙེད་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་བརྩེ་བ་དང་། དགའ་བ་དང་། དགའ་འགུར་སྤྱད་པ་བྱས་ཀྱང་བྱང་ཆུབ་ཀྱི་སེམས་མི་གཏོང་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཉེ་བ་འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་ལེགས་པར་ཡོངས་སུ་ཟིན་པ་ནི་རྨི་ལམ་ན་ཡང་ཉོན་མོངས་པ་རྣམས་ཀྱིས་ཀུན་ཏུ་རེག་པར་མི་འགྱུར་བའི་དུས་ཀྱང་ཡོད་དོ། །སྐབས་ཀྱང་ཡོད་པར་འགྱུར་བ་

(༡༥༢)དང་། ཉེ་བ་འཁོར་ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སྲིད་པ་གཅིག་གིས་ཉོན་མོངས་པ་ཐམས་ཅད་ཟད་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་ཉོན་མོངས་པ་དག་ནི་རིམས་ཀྱིས་ཟད་པར་འགྱུར་བ་དང་། ཉན་ཐོས་ཀྱི་ཐེག་པ་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་མགོ་དང་གོས་ལ་མེ་འབར་བ་ལྟ་བུར་བྱེད་པས་ནི་དེའི་སྐད་ཅིག་ཙམ་ཡང་སྲིད་པར་སྐྱེ་བ་བསྐྱེད་པར་མི་བྱ་བའི་ཕྱིར་ཏེ། ཉེ་བ་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རིང་དུ་རྗེས་སུ་ཞུགས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་མཐར་ཆགས་པ་ཡིན་ནོ། །ཉེ་བ་འཁོར་དེ་ལྟ་བས་ན། ཁྱོད་ཀྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་བསྲུང་བ་དང་བཅས་པ་དང་། བཅོས་སུ་ཡོད་པ་དང་། རིང་དུ་ཞུགས་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི། རྗེས་སུ་བསྲུང་བ་མེད་པ་དང་། བཅོས་སུ་མེད་པ་དང་། མཐར་ཆགས་པ་ཡིན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཉེ་བ་འཁོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཚོགས་ཆེན་པོ་དང་ལྡན་པ་ཡིན་པས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཅིག་ཏུ་སྐྱོ་བས་ནི་བསྐལ་པ་ཚད་མེད་གྲངས་མེད་པར་ཡང་འཚམས་སྦྱོར་ཞིང་འཁོར་བར་སླ་བ་མ་ཡིན་པའི་ཕྱིར་ཏེ། ཉེ་བ་འཁོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་དེ་གཟིགས་པས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཅིག་ཏུ་སྐྱོ་བའི་གཏམ་མི་གསུང་། ཅིག་ཏུ་འདོད་ཆགས་དང་བྲལ་བའི་གཏམ་མི་གསུང་། གཅིག་ཏུ་ཡིད་འབྱུང་པའི་གཏམ་མི་གསུང་པར་དགའ་བ་དང་། མཆོག་ཏུ་དགའ་བ་དང་ལྡན་པའི་གཏམ་གསུང་ངོ་། །ཟབ་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཕྲ་བ་དང་། བརྟགས་པ་དང་། འགྱོད་

(༡༥༣)པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པའི་གཏམ་གསུང་ངོ་། །ཐོགས་པ་མེད་པ་དང་། སྒྲིབ་པ་མེད་པ་དང་། སྟོང་པ་ཉིད་ཀྱི་གཏམ་གསུང་སྟེ། དེ་དག་གི་གཏམ་དེ་དག་ཐོས་ནས་མངོན་པར་དགའ་ཞིང་འཁོར་བས་ཡོངས་སུ་མི་སྐྱོ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆགས་པ་མེད་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རྟེན་གྱི་གང་ཟག་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གྱི་སོ་སོ་ཐར་པའི་སྡོམ་པ་ཉམས་པ་སྐྱར་དུ་མེད་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་སོ་སོ་ཐར་པའི་སྡོམ་པ་ཉམས་པ་ནི་སླར་གསོར་ཡོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པའི་སྡོམ་པ་ནི་ཆོ་ག་དང་བསྲུང་སྡོམ་གྱི་གནད་མི་གཅིག་གོ །ཡང་སོ་སོ་ཐར་པའི་སྡོམ་པ་བེམ་པོ་ཡིན་ཞེས་པ་དང་། སྡུག་བསྔལ་གྱི་བདེན་པ་ཡིན་ཞེས་པ་དང་སངས་རྒྱས་ཀྱི་ས་ན་མེད་ཅེས་པ་རྣམས་ནི་ནོར་བ་ཡིན་པས་སྤང་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སོ་ཐར་ཚུལ་གཉིས་བསྲུང་མཁས་ཤིང་། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་ལྔ་པ་སྟེ་འཕགས་པ་ལྷག་པའི་བསམ་པ་བསྐུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བཱ་རཱ་་པཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཐམས་པའི་དགེ་སློང་གི་

(༡༥༤)དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཕལ་ཆེར་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལས་ཀྱི་སྒྲིབ་པ་བསལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདུ་འཛི་ལ་དགའ་བར་གནས་ཤིང་གཉིད་ལ་དགའ་བ་དང་། ལས་ལ་དགའ་བ་དང་། སྨྲ་བ་ལ་དགའ་བ་དང་། སྤྲོས་པ་ལ་དགའ་བ་དང་། སྦགས་པས་སྦགས་པར་འགྱུར་བ་དང་། རིགས་པ་མེད་པ་དང་། མི་བརྩོན་པ་དང་། ལེ་ལོ་ཅན་དང་། བརྩོན་འགྲུས་དམན་པ་དང་། སྦྱོར་བ་བཏང་བར་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བྱང་ཆུབ་སེམས་དཔའ་དེ་དག་ཡོན་ཏན་མ་ཡིན་པའི་སྤྱོད་པ་འདི་ལྟ་བུ་དང་ལྡན་པར་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་དག་ནི། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བ་ལས་ཡོངས་སུ་ཉམས་ཀྱིས་བདག་གིས་བྱང་ཆུབ་སེམས་དཔའ་འདི་དག་བསྐུལ་བར་བྱ། དྲན་པར་བྱ། གོར་མ་ཆག་གོ་སྙམ་མོ་ཞེས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་དྲུག་བཅུ་ཙམ་པོ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ངུ་ཞིང་བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཡང་དང་ཡང་དུ་ཕྱག་འཚལ་ནས་གདོང་མཆི་མ་ཟག་ཅིང་མགོ་མ་བཏེག་གོ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་ཅིག་ཏུ་འདུག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་བཀའ་ཡས་རྩལ་དུ་ཞུ་བ་པོ་རྣམས་ལ་བཀའ་རྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་མ་ངུ་མ་འགྱོད་པར་ལོངས། ཁྱེད་ཉིད་ཀྱི་རྣམ་པར་སྨིན་པ་ལས་མི་རྟོག་པར་དགའ་ཞིང་མགུ་ལ་ཡིད་རངས་པས་གཞན་

(༡༥༥)ལ་བརྩེ་ཞིང་གཤེ་བ་བྱས་ཏེ། ལས་ཀྱི་སྒྲིབ་པ་དེ་ལྟར་དུ་མངོན་པར་འདུ་བྱས་པས་ད་ལྟར་ཁྱེད་བསྒྲིབས་ཤིང་ཆོད་དེ་ཀུན་ནས་བསྐོར་ཅིང་ཀུན་ནས་བཀྲིས་ནས་བརྩོན་པར་མི་ནུས་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དྲུག་བཅུ་ཙམ་པོ་དེ་དག་གིས། བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་གང་ཐོས་ན་རང་གི་སེམས་བཟློག་པར་བགྱིད་ཅིང་ལས་ཀྱི་སྒྲིབ་པ་གཞན་ཡང་མངོན་པར་འདུ་མི་བྱེད་པར་འགྱུར་བའི་བདག་ཅག་གི་ལས་ཀྱི་སྒྲིབ་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །དེའི་ལན་བསྟན་པ་སོགས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དྲུག་བཅུ་པོ་དེ་དག་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རིགས་ཀྱི་བུ་དག་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱི་གསུང་རབ་ལ་ཁྱེད་རབ་ཏུ་བྱུང་སྟེ་འཁོད་པ་ན་ཚུལ་ཁྲིམས་ཀྱི་རྒྱགས་པས་མྱོས་པ་དང་། ཐོས་པའི་རྒྱགས་པས་མྱོས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་མངོན་པར་ཞེན་པས་དགེ་སློང་ཆོས་སྨྲ་བ་གཉིས་ལ་འདི་ལྟར་རྙེད་པ་དང་བཀུར་སྟིའི་རྒྱུ་དང་། འཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱི་གཞི་ལས་ཕྲག་དོག་དང་སེར་སྣ་དང་ལྡན་པས་འཁྲིག་པའི་བཀུར་བས་བསྐུར་ཏེ། ཆོས་སྨྲ་བའི་དགེ་སློང་དེ་གཉིས་ཀྱི་མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་དུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་ཁྱེད་ཀྱིས་ཕྱེ་སྟེ། ཐེ་ཚོམ་བསྐྱེད་ཅིང་མ་དད་པར་བྱས་ལ། དགེ་སློང་ཆོས་སྨྲ་བ་དེ་གཉིས་ཀྱི་མི་སྙན་པ་མང་པོ་དག་ཀྱང་སྨྲས། སེམས་ཅན་དེ་དག་

(༡༥༦)གི་དགེ་བའི་རྩ་བ་ཡང་བཅད་ཅིང་དགེ་བ་ལ་སྒྲིབ་པ་བྱས་ཏེ། མི་དགེ་བའི་ལས་ཀྱི་སྒྲིབ་པ་དེས་ཁྱེད་ལོ་དྲུག་ཁྲིར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་བྱས་ཀྱི་ལས་ཀྱི་སྒྲིབ་པ་སྦྱང་བ་དང་། ཕྱིས་ལས་ཀྱི་སྒྲིབ་པ་མི་སོག་པར་དམ་འཆའ་བ་དང་། ལྔ་བརྒྱ་ཐ་མ་ལ་མ་དམས་མ་ཉམས་པར་དམ་པའི་ཆོས་འཛིན་པ་དང་། ཕལ་པའི་ལས་ལ་དགའ་བ་དང་སྨྲ་བ་ལ་དགའ་བ་སོགས་ཆོས་མ་ཡིན་པ་རྣམས་སྤངས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་པས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་དྲུག་བཅུས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཚུལ་བཞིན་སློབ་མ་ནུས་པ་ན། བྱམས་པས་བསྐུལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་ཁྱེད་རྣམས་ཀྱིས་སྔོན་བཅོམ་ལྡན་འདས་ལོག་པར་དད་སེལ་གྱི་བསྟན་པ་ལ། བྱང་ཆུབ་སེམས་དཔའ་གཉིས་ལ་སྐུར་པ་བཏབ་པའི་ལས་ཀྱིས། ཡུན་རིང་དུ་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་མྱོང་བ་སོགས་དང་། ལྔ་བརྒྱ་ཐ་མ་ལ་ཡང་ལས་ཀྱི་ལྷག་མ་མྱོང་ཞིང་། བདེ་བ་ཅན་དུ་སྐྱེ་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ན། བྱང་ཆུབ་སེམས་དཔའ་དྲུག་བཅུ་པོ་དེ་དག་གིས་སྔར་བྱས་ཀྱི་ལས་ཀྱི་སྒྲིབ་པ་རྣམས་བཤགས་པ་དང་། ཕྱིས་མི་བྱེད་པའི་དམ་ཆ་ཆེན་པོ་བཅུ་གསུམ་བྱས་པ་རྣམས་མི་ཉམས་པའི་དམ་བཅའ་ཡིན་པར་བསྟན་པ་དཔེར་བྱས་ཏེ། ཕྱི་རབས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་དམ་བཅས་ཤིང་། རྙེད་བཀུར་ལ་ཆགས་པ་སྤངས་ཏེ་དམ་པའི་ཆོས་འཛིན་པར་བསྟན་པ་དང་། འདུ་འཛི་ལ་དགའ་བའ་སྐྱོན་ཉི་ཤུ་མཐོང་ནས། འདུ་འཛི་སྤང་བ་དང་སྨྲ་བ་ལ་དགའ་བའི་སྐྱོན་ཉི་ཤུ་མཐོང་ནས། སྨྲ་བ་ལ་དགའ་བ་སྤང་བ་དང་། གཉིད་རྨུགས་ལ་དགའ་བའི་ཉེས་པ་ཉི་ཤུ་མཐོང་ནས། གཉིད་རྨུགས་སྤང་བ་དང་། ལས་ངན་པ་ལ་དགའ་བའི་ཉེས་པ་ཉི་ཤུ་མཐོང་ནས། ལས་

(༡༥༧)ངན་པ་ལ་དགའ་བ་སྤང་བ་དང་། སྤྲོས་པ་ལ་དགའ་བའི་ཉེས་པ་ཉི་ཤུ་མཐོང་ནས་སྤྲོས་པ་ལ་དགའ་བ་སྤང་བ་དང་། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུ་སེམས་བསྐྱེད་པ་བཅུ་རྣམས་ལ་བསླབ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་ཡིན་ནོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། ལས་ཀྱི་སྒྲིབ་པ་ཀུན་སྤོང་ཞིང་། ལྷག་པའི་བསམ་པ་དགོམས་བྱས་ནས། བྱང་ཆུབ་ཆེན་པོ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་དྲུག་པ་སྟེ། འཕགས་པ་ལག་བཟངས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་དཱ་ཀའི་གནས་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱུང་སྟེ་ཇི་ལྟར་ཞུས་པའི་ཚུལ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་ཤེས་བྱ་བ་གཡོག་དང་བཅས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་འོད་མའི་ཚལ་བྱ་ཀ་ལན་དཱ་ཀའི་གནས་ག་ལ་བ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་ཅིག་ཏུ་འཁོད་དོ། །ཕྱོགས་ཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་

(༡༥༨)སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རྟག་ཏུ་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱ་ཆེར་བསླབས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ཞེས་པ་ནས་རྗེས་སུ་ཡི་རང་བའི་བར་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པས་འགྲོ་བ་རྣམས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག།

(༡༥༩)༈ །།སངས་རྒྱད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་བདུན་པ་སྟེ། འཕགས་པ་དེས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གནས་དང་འཁོར་ནི་གོ་སླའོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེས་པའི་ངང་ཚུལ་བསྟན་པ་དང་། དེ་ཉིད་བརྒྱ་བྱིན་གྱི་བརྟགས་པ་དང་། དེས་པས་ཡིད་བཞིན་གྱི་ནོར་བུ་རྙེད་པ། རྒྱལ་པོ་གསལ་རྒྱལ་དབུལ་པོར་རྟོགས་ནས་བྱིན་པ་དང་། གསལ་རྒྱལ་དབུལ་པོར་བསྟན་པ་མ་འདོད་པས། སངས་རྒྱས་ལ་དཔང་པོ་ཞུས་པ་རྣམས་ལས། དང་པོ་དེས་པའི་ངང་ཚུལ་བསྟན་པ་ནི། དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་གྱི་མི་དབུལ་པོ་དེས་པ་ཞེས་བྱ་བ་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། ཆོས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ། བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བྱམས་པ་ལ་གནས་ཏེ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྙིང་རྗེ་ལ་གནས་ཏེ་ཡོངས་སུ་སྐྱོ་བ་མེད་པ་དང་། དགའ་བ་ལ་གནས་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་བཏང་སྙོམས་ལ་གནས་ཏེ་བདེ་བ་དང་སྡུག་བསྔལ་གྱིས་མི་སྐྱོ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པས། སྔོན་གྱི་ཚུལ་ཕུན་སུམ་ཚོགས་པ། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་དབུལ་པོར་མིང་ཆགས་པ་ཞིག་གནས་ཏེ་ཞེས་པས་བསྟན་ཏོ། །གཉིས་པ་དེ་ཉིད་བརྒྱ་བྱིན་གྱིས་བརྟགས་པ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ཤིན་དུ་འདོད་པ་ཆུང་བ། ཆོག་ཤེས་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ལྡན་པ་ཡིད་འཁྲུགས་པ་མེད་པ། རྟག་ཏུ་བཞིན་འཛུམ་པ། གཞན་འཁྲུལ་པ་དག་ལ་སྐྱོན་དུ་མི་ལྟ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་བསྲུང་པ། རྐམ་པ་མེད་པ། ཤེས་བཞིན་དུ་

(༡༦༠)སྤྱོད་པ། ཆོག་ཤེས་ཤིང་དགང་བླ་ལ་གསོ་སླ་བ། བསམ་པ་ཕུན་སུམ་ཚོགས་པ་གཡོ་མེད་པ། ང་རྒྱལ་མེད་པ། དཀའ་བློ་བདེ་བ། འཐུན་པར་འཛིན་པ། རྟག་ཏུ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། ལག་ན་ཤིང་ལོའི་སྣོད་ཐོགས་པ། རྩྭ་གཏིང་ས་ལ་ཉལ་བ། གོས་ངན་པ་གྱོན་པ། རྙེད་ཀྱང་མི་ལེན་པ། བཟང་ཡང་རུང་། ངན་ཡང་རུང་། བགོ་བཤའ་བྱས་ནས་ཟ་བ། དུས་གསུམ་དུ་དེ་བཞིན་གཤེགས་པ་ལ་བལྟ་བ། ཆོས་ཉན་པར་འདོད་པ། གཏམ་སྣ་ཚོགས་འབྱུང་བ་ལ་སྤོབས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་མཐོང་ངོ་། །མཐོང་ནས་འདི་སྙམ་དུ་སེམས་ཏེ། ཅི་གྲོང་ཁྱེར་གྱི་དབུལ་པོ་འདི་ཡི་དམ་ལ་བརྟན་ནམ་མི་བརྟན་བདག་གིས་བརྟག་གོ་སྙམ་མོ་ཞེས་པ་ནས། བརྒྱ་བྱིན་གྱིས་སྨྲས་པ། ཕན་བྱེད་ཁྱོད་ཀྱི་ཚིག་ལ་རྗེས་སུ་ཡི་རང་སྟེ། ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལོགས་པར་གྲུབ་གྱུར་ཅིག །བདུད་རྣམས་སྡེར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི། ཤཱཀྱ་སེང་གེ་རྒྱལ་ལྟར་བྱང་ཆུབ་འཐོབ་གྱུར་ཅིག །ཅེས་པའི་བར་གྱིས་བསྟན་ཏོ། །གསུམ་པ། དེས་པས་ནོར་བུ་རིན་པོ་ཆེ་རྙེད་པ་རྒྱལ་པོ་གསལ་རྒྱལ་དབུལ་པོར་རྟོགས་ནས་བྱིན་པ་ནི། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས། དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས་དེ་འདི་སྙམ་དུ་སེམས་ཏེ། ནོར་བུ་རིན་པོ་ཆེ་འཛམ་བུའི་གླིང་ན་མཆོག་ཏུ་གྱུར་པ་འདི་བདག་གིས་མཉན་ཡོད་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ཡིན་པ་དེ་ལ་བྱིན་གོར་མ་ཆག་གོ །སྙམ་ནས་དེ་གྲོང་བར་དུ་སོང་སྟེ། ཐམས་ཅད་ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན་པོ་ཆེ་འདི་སྦྱིན་ནོ་ཞེས་སྒྲ་སྒྲགས་པ་དང་། དབུལ་པོ་མགོན་མེད་པ་ཕལ་པོ་ཆེ་དེར་འདུས་ཏེ། བདག་ཅག་དབུལ་པོ་ཡིན་གྱིས་བདག་ལ་བྱིན་ཅིག་ཅེས་མཛེར་ཏོ། །དེས་པས་སྨྲས་པ། ཁྱེད་ནི་དབུལ་པོ་མ་ཡིན་གྱི། མཉན་ཡོད་འདི་ན་ཆེས་དབུལ་བ་གཞན་ཞིག་ཡོད་ཀྱིས་དེ་ལ་སྦྱིན་ནོ། །དེ་དག་གིས་སྨྲས་པ་གང་ཡིན། དེས་སྨྲས་

(༡༦༡)པ། རྒྱལ་པོ་གསལ་རྒྱལ་འདི་ཡིན་ནོ། །ཞེས་པ་ནས། གྲོང་ཁྱེར་གྱི་དབུལ་པོ་དེས་པས་ནོར་བུ་རིན་པོ་ཆེ་དེ་རྒྱལ་པོ་ལ་ཕུལ་ཏེ། རྒྱལ་པོ་ཆེན་པོ་ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་འཛམ་བུ་གླིང་ཐམས་ཅད་རི་བ་བདག་གིས་སྙམ་དུ་བསམ་སྟེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན། དབུལ་པོ་གང་ལགས་པ་དེ་ལ་རྩལ་ཏོ་སྙམ་མོ། །དེ་ལ་བདག་གིས་སྙམ་དུ་བསམས་ཏེ། ཁྱོད་ནི་འདི་ཐམས་ཅད་ཀྱི་ནང་ན་དབུལ་པོ་སུ་ལ་བསོད་སྙོམས་བགྱིད་ཀྱིས། ཀྱེ་ནོར་བུ་རིན་པོ་ཆེ་འདི་བཞེས་སུ་གསོལ་བཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་གསལ་རྒྱལ་དབུལ་པོར་བསྟན་པར་མ་འདོད་ནས། སངས་རྒྱས་ལ་དཔང་པོ་ཞུས་པ་ནི་དེ་ནས་རྒྱལ་པོ་གསལ་རྒྱལ་ཡུལ་ཡུལ་པོར་གྱུར་ཅིང་ངོ་ཚ་བར་གྱུར་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཅི་ང་ཁྱོད་བས་ཀྱང་ཆེས་དབུལ་ལམ། དེས་པས་སྨྲས་པ། ལྷ་དེ་ལྟ་ལགས་ཏེ། བདག་པས་ཁྱོད་ཆོས་དབུལ་ལགས་སོ། །ཞེས་པ་ནས། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མཉན་ཡོད་ན་འཁྱམ་ཞིང་མཆིས་མཆིས་པ་ལས་ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཞིག་རྙེད་ནས། དེ་ལ་བདག་འདི་སྙམ་བགྱིད་དེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་རྩལ་ཏེ་སྙམ་མོ་དེ་ལ་བདག་འདི་སྙམ་བགྱིད་དེ། རྒྱལ་པོ་གསལ་རྒྱལ་འདི་ནི་ཐམས་ཅད་ཀྱི་ནང་ནས་ཆེས་དབུལ་བ་སྟེ། འདི་ནི་ཕ་རོལ་གྱི་ནོར་འཕྲོག་པར་བགྱིད་པས་ན་ངོམས་པ་མ་འཚལ་བ་ལགས་སོ། །སླར་ཞིང་དོན་དུ་གཉེར་བར་བགྱིད་པས་ན་ཆོག་མ་འཚལ་བ་ལགས་སོ། །གཞན་གྱིས་ལོངས་སྤྱོད་དག་གིས་ངོམས་མ་འཚལ་བ་ལགས་སོ། །སྡུག་བསྔལ་བ་རྣམས་ལ་རྣམ་པར་ཐོ་འཚམ་པ་ལགས་སོ། །སྐྱིད་པ་རྣམས་

(༡༦༢)ཐལ་མར་འབྱིན་པ་ལགས་སོ། །དབུལ་པོ་རབ་ཏུ་ཕུང་པར་བགྱིད་པ་ལགས་སོ། །ཕྱུག་པོ་རྣམས་ཚར་གཅོད་པ་ལགས་སོ། །ཤིན་ཏུ་རབ་ཏུ་མྱོས་པ་ལགས་སོ། །རྒྱལ་པོའི་ལོངས་སྤྱོད་རྣམས་དང་སྲེད་པས་རྣམ་པར་བཅིངས་པ་ལགས་སོ། །སྙམ་ནས་དེ་ལ་བདག་གིས་རྩལ་ན་ལེན་པར་མི་བགྱིད་པར་འདི་སྐད་དུ་དེ་ལྟར་ང་ནི་དབུལ་པོ་ཁྱོད་ནི་འབྱོར་པས་ཁྱོད་ལ་དཔང་སུ་ཡོད་དཔང་སུ་ཅེས་ཀྱང་མཆིའོ། །དེའི་སླད་དུ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པ། ངོ་བཟློག་མི་སྤྱོད་པ་མི་མངའ་བ་ཐ་བ་དང་། དྲི་མ་དང་། ཁོང་ཁྲོ་བ་མི་མངའ་བ་བཅོམ་ལྡན་འདས་ཀྱི་དོན་འདི་ལེགས་པར་ལུང་བསྟན་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་བཤག་ཕྱེ་བ་སོགས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི །ལོངས་སྤྱོད་གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་དང་། མཛོད་དང་། བང་མཛོད་ཐོབ་པ་གང་ཡིན་པ་འདི་དག་གིས་དབང་ཕྱུག་གོ་སྙམ་དུ་སེམས་སོ། །རྒྱལ་པོ་ཆེན་པོ་དེས་པ་ནི་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། བཟོད་པ་དང་། དེས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་བ་དང་། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བརྟན་པ་དང་། སྡོམ་པ་གང་ཡིན་པ་འདི་དག་གིས། བདག་ཕྱུག་གོ་སྙམ་དུ་སེམས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་འོག་ཏུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་

(༡༦༣)དག་འདི་ལྟར་ཁྱོད་དང་འདྲ་བར་ནོར་དང་ལྡན་པར་གྱུར་ཀྱང་དེ་དག་ནི་དེས་པས་གོམ་པ་བདུན་བོར་བའི་བར་གྱིས་ཚུལ་ཁྲིམས་དང་། ཐོས་པ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་དཔེའི་བར་དུ་ཡང་མི་བཟོད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེས་པ་ལྟར། ཟང་ཟིང་གི་འབྱོར་པ་ཙམ་གྱིས་ཆོག་པར་འཛིན་པ་མ་ཡིན་པར་སྦྱིན་པ་དང་དུལ་བ་དང་ཞེས་པ་ནས། བརྟུལ་ཞུགས་དང་། དཀའ་ཐུབ་དང་། ཞེས་པའི་བར་གྱི་དང་། གཞན་ཡང་མདོ་འདི་ཉིད་ལས་ཇི་སྐད་བཤད་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ལ་བསླབས་ཏེ་གདུལ་བྱ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། དེས་པ་དང་། གསལ་རྒྱལ་གྱི་འབྱོར་པ་ཆེ་ཆུང་བཤག་ཕྱེ་བ་དང་། རྒྱལ་པོ་གསལ་རྒྱལ་གྱིས་དེས་པ་འབྱོར་པ་ཆེ་བར་རྟོགས་ནས་གུས་པར་བྱས་པའི་ཚུལ་དང་། དེས་པས་གསོལ་ཏེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ཆོས་བཞི་བཞི་སྒྲུབ་པའི་གདམ་ངག་བཞི་བཞི་བསྟན་ཏེ་གཤེགས་པ་དང་། དེ་ནས་རྒྱལ་པོ་དང་དེས་པ་འཁོར་དང་བཅས་པ་སངས་རྒྱས་བལྟ་བར་ཆས་པ་ན། བྱང་ཆུབ་སེམས་དཔའི་འཁོར་ལས་བརྩམས་ཏེ། དེས་པས་ཆོས་བསྟན་ཏེ། རྒྱལ་པོས་རས་ཕུལ་བ་མ་བཞེས་པར་དབུལ་ཕོངས་ལ་བྱིན་པ་དང་། དེས་པ་དང་རྒྱལ་པོ་འཁོར་བཅས་སངས་རྒྱས་བལྟ་བའི་ཕྱིར་རྒྱལ་བྱེད་ཚལ་དུ་ཆས་པ་ན། བརྒྱ་བྱིན་གྱིས་སྤྲུལ་པའི་ཁང་བཟངས་སུ་སངས་རྒྱས་འཁོར་བཅས་བཞུགས་པ་ལ་ལྷ་མོ་རྣམས་ཀྱིས་པི་ཝང་གི་སྒྲས་མཆོད་ཅིང་བསྟོད་པ་དང་། དེས་པ་དང་རྒྱལ་པོ་འཁོར་བཅས་བཅོམ་ལྡན་འདས་ལ་མཇལ་བ་ན། བཅོམ་ལྡན་འདས་ཀྱིས་དེས་པའི་ཆེ་བ་དབྱུང་བ་དང་། དེས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་རྣམས་བསྟན་པའོ། །ཚིག་གི་དོན་གཞུང་ཇི་བ་བཞིན་ནོ། །གྲུབ་མཐའ་ནི་དབུ་མ་དང་།

(༡༦༤)ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། དེས་པའི་རྣམ་ཐར་ལ་སླབས་ཏེ། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པ་སྟེ། འཕགས་པ་ཁྱིམ་བདག་དཔའ་བྱིན་གྱིས་ཞུས་པ་ཞེས་བྱ་བ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་རྣམས་གོ་སླའོ། ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེའི་ཚེ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན་ཁྱིམ་བདག་དཔའ་བྱིན་ཞེས་བྱ་བ་ཕྱུག་པ་ནོར་ཆེ་བ། བདག་དབང་པ་མང་བ་ནོར་དང་ཡོ་བྱད་མང་བ། ནོར་དང་། འབྲུ་དང་། མཛོད་དང་། བང་པའི་ཚོགས་མང་བ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། ར་ལུག་དང་། བ་ལང་མང་བ། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱེ་རུ་དང་། ས་ལེ་སྦྲམ་དང་། དངུལ་མང་བ་ཞིག་གནས་པ་དེ་ཁྱིམ་བདག་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་འདུས་ཏེ་འདུག་པར་གྱུར་ཏོ། །ཞེས་པ་ནས། དེ་ནས་ཁྱིམ་བདག་དཔས་བྱིན་ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ལྷན་ཅིག་ཏུ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ནས་བྱུང་སྟེ། རྒྱལ་པོའི་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་ཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཁྱིམ་

(༡༦༥)བདག་རྣམས་དོན་གང་གི་ཕྱིར་ཡོངས་སུ་དྲིས་པ་ཡིན། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱིམ་བདག་པས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་བཀའ་རྩལ་པ། ཁྱིམ་བདག་ཁྱོད་དོན་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐད་དུ་ལྷགས་ཤེས་པས་བསྟན་ཏོ། །བཅོམ་ལྡན་འདས་ལ་ཁྱིམ་བདག་རྣམས་ཀྱིས་སྔར་སྐབས་མཆིས་བགྱིད་པ་རྣམས་གསོལ་བ་ནི། དེ་ནས་ཁྱིམ་བདག་པས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཇི་ལྟར་བསླབ་པར་བགྱི། བདེ་བར་གཤེགས་པ་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་གནས་པར་བགྱི། ཇི་ལྟར་སྒྲུབ་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་པས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་ལེགས་སོ་ཞེས་བྱ་བ་སྦྱིན་ཏེ། ཁྱིམ་བདག་རྣམས་ལེགས་སོ་ལེགས་སོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་རྣམས་ལ་བཀའ་རྩལ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ལ་བསླབས་པས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

(༡༦༦)དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེ་བར་བྱ། ཀུན་ཏུ་རྟེན་པར་བྱ། ངེས་པར་རྟེན་པར་བྱ། སྒོམ་པར་བྱ་བ་མང་དུ་བྱའོ། །ཁྱིམ་བདག་རྣམས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལུས་ལ་ཆགས་པར་མི་བྱ། སྲོག་ལ་ཆགས་པར་མི་བྱ། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་རྣམས་ལ་ཆགས་པར་མི་བྱ། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། བྱུག་པ་དང་། འཕྲེང་བ་རྣམས་ལ་ཆགས་པར་མི་བྱ། ཡོ་བྱད་ཐམས་ཅད་ལ་ཆགས་པར་མི་བྱའོ། །ཞེས་པ་ནས་སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་ཤེས་རབ་སྒོམ་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་ཐབས་ལ་མཁས་པ་བསྒོམ་པར་བྱའོ། །ཞེས་པའི་བར་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་མདོར་བསྟན་པའོ། །དེ་ནས་ཁྱིམ་བདག་པས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་ལུས་དང་སྲོག་དང་ལོངས་སྤྱོད་ལ་མངོན་པར་ཞེན་པ་སྤང་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ཅིང་ཉམས་སུ་ལེན་ཚུལ་བརྒྱས་པར་བསྟན་པ་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་པོ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་། མཐར་ཐུག་གཅིག་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། །དཔས་བྱིན་སོགས་ཀྱིས་ཞུས་པ་ལྟར། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།

(༡༦༧)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་དགུ་པ་སྟེ། འཕགས་པ་བད་པའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་གོ་སླའོ། །ཞུ་བ་པོ་ཇི་ལྟར་ཞུས་པའི་ཚུལ་ནི། དེའི་ཚེ་ན་མ་དུའི་བུ་མོ་བཙུན་མོ་དཔེ་མེད་མ་ཕྲག་དོག་དང་། སེར་སྣས་ཟིན་པས་བཙུན་མོ་སྔོ་སངས་ཅན་ལ་ལྷག་པར་དམིགས་ནས་བད་པའི་རྒྱལ་པོ་འཆར་བྱེད་ལ་ལྷ་མཁྱེན་པར་མཛད་དུ་གསོལ། བཙུན་མོ་སྔོ་སངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ནི་དགེ་སྦྱོང་གཽ་ཏ་མ་དང་ལྷན་ཅིག་ཏུ་རབ་ཏུ་སྐྱོན་ཆགས་པར་བགྱིད་དེ། དེའི་སླད་དུ་བདག་གིས་ལྷ་ལ་གསོལ་བ་ལགས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་མཛད་དུ་གསོལ་ཞེས་རྫུན་གྱི་ཚིག་གིས་དབྱེན་བྱས་པར་གྱུར་ཏོ། །ཞེས་པ་ནས་བཅོམ་ལྡན་འདས་བདག་འདི་ལྟར་བྱིས་པ་ལྟ་བུ་དང་འདི་ལྟར་རྨོངས་པ་དང་། འདི་ལྟར་མི་གསལ་བ་དང་། འདི་ལྟར་མི་མཁས་པས། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བདག་གིས་ཐ་བ་དང་ཞེ་སྡང་གི་སེམས་བསྐྱེད་པ་དེ་བཅོམ་ལྡན་འདས་ལ་བཟོད་པར་གསོལ་ཞིང་ཉན་ཐོས་ཀྱི་དགེ་འདུན་གྱི་མདུན་དུ་ཡང་ནོངས་པ་འཆགས་ཤིང་མཆིས་ན་ཐུགས་བརྩེ་བའི་སླད་དུ་བདག་གིས་ནོངས་པ་ནོངས་པར་བཤགས་པ་དེ་བཅོམ་ལྡན་འདས་ཀྱིས་ལེགས་པར་རྗེས་སུ་བཟུང་པར་གསོལ། དེང་སླན་ཆད་ཀྱང་སྡོམ་པར་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཁྱོད་ལོངས་ལ་རང་གི་སྟན་གང་ཡིན་པ་ལ་འདུག་ཤིག་ཅེས་བད་པའི་རྒྱལ་པོ་འཆར་བྱེད་ཀྱིས་ཉེས་པ་བཤགས་པ་རྗེས་སུ་གཟུང་པར་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །

(༡༦༨)ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བད་པའི་རྒྱལ་པོ་འཆར་བྱེད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འདུག་གོ །ཕྱོགས་ཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བད་པའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བཅོམ་ལྡན་འདས་ཅི་ནས་བདག་བུད་མེད་ཀྱི་དབང་དུ་མཆིས་པར་གྱུར་ན། བུད་མེད་ནི་མ་རུངས་མ། ཁོན་ཅན། གཏུམ་མོ་དྲག་ཤུལ་ཅན་ལགས་ཏེ། བཅོམ་ལྡན་འདས་བུད་མེད་དེ་ནི་བདག་སེམས་ཅན་དམྱལ་བར་འཆི་བར་བགྱིད་འཚལ་བ་ལགས་པས། བཅོམ་ལྡན་འདས་ལས་བདག་དོན་དེ་ཉིད་ཉན་པར་འཚལ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་པའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇེ་རང་གི་སྐྱོན་རྣམས་ཡོངས་སུ་རྟོགས་ཤིག་དང་། དེ་ནས་ཕྱིས་བུད་མེད་ཀྱི་སྐྱོན་རྣམས་ཡོངས་སུ་རྟོགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་རྩལ་པ་དང་། བཅོམ་ལྡན་འདས་ལ་བད་པའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །སྐྱེས་པ་སྐྱོན་ཇི་ལྟ་བུ་དང་ལྡན་ན། སྐྱེས་པ་བུད་མེད་ཀྱི་དབང་དུ་འཆི་བར་འགྱུར་བའི་སྐྱེས་པའི་སྐྱོན་རྣམས། བཅོམ་ལྡན་འདས་ཀྱིས་བདག་ལ་ཡང་དག་པར་རབ་ཏུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བད་པའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །བད་པའི་རྒྱལ་པོ་འཆར་བྱེད་ཀྱིས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་

(༡༦༩)བཀའ་རྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྐྱེས་པ་རྣམས་ཆགས་པའི་དབང་གིས་བུད་མེད་ཀྱི་དབང་དུ་སོང་པའི་ཉེས་དམིགས་རྣམས་ལེགས་པར་རྟོགས་ནས། སྤངས་ཏེ་ཚངས་པར་སྤྱོད་པ་ལ་གནས་ན་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་རྣམས་འཐོབ་པའོ། །བསྡུས་པའི་དོན་ནི། སྐྱེས་པ་བུད་མེད་ཀྱི་དབང་དུ་སོང་པའི་ཉེས་དམིགས་སྡེ་ཚན་བཞི་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། །འདོད་སྲེད་ལ་སོགས་ཉེས་ཡངས་ནས། ཆོས་སྐུ་མངོན་དུ་འགྱུར་བར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་པ་སྟེ། འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་རྣམས་གོ་སླའོ། །ཞུ་བ་པོ་ཇི་ལྟར་བྱུང་པ་ནི། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་དྲག་ཤུལ་ཅན་གྱི་བུ་མོ་བློ་གྲོས་བཟང་མོ་ཞེས་བྱ་བ་བཙས་ནས་ལོ་བརྒྱད་ལོན་པ་འདྲ་བ། གཟུགས་བཟང་པ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་འདུག་པ་དེ་འཁོར་དང་བཅས་པ་བྱ་རྒོད་ཀྱི་ཕུང་པོའི་

(༡༧༠)རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་ཞུ་བ་ནི། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གལ་ཏེ་སྐབས་ཕྱེ་བ་བདག་གིས་ནི། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །འཇིག་རྟེན་སྣང་བར་མཛད་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་གང་ཞུ། ཞེས་པས་བསྟན་ཏོ། །སྟོན་པས་སྐབས་དབྱེ་བར་གནང་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་ཅི་འདོད་ཐམས་ཅད་ནི། བུ་མོ་ཁྱོད་ཀྱིས་དྲི་བར་གྱིས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན། ཅི་འདྲ་ཁྱོད་ལ་བསྟན་པར་བྱ། ཞེས་པས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། དེ་ནས་བཅོམ་ལྡན་འདས་ལ་བུ་མོ་བློ་གྲོས་བཟང་མོས་ཚིགས་སུ་བཅད་དེ་གསོལ་པ། གང་གིས་སུ་ནི་མཛེས་པར་འགྱུར། གང་གིས་ནོར་ནི་ཆེ་བ་དང་། མི་ཕྱེད་འཁོར་དང་ལྡན་པར་འགྱུར། ཐུབ་པས་འདི་ནི་བདག་ལ་གསུངས། ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ནི། གང་གིས་རྫུས་ཏེ་སྐྱེ་འགྱུར་ཞིང་། འདབ་མ་སྟོང་ལྡན་པད་མ་ལ། མཆིས་པར་ཡང་ནི་གདའ་བ་དང་། ཞིང་རྣམས་བྱེ་བ་དཔག་ཡས་པར། སངས་རྒྱས་ཕྱག་བགྱིར་མཆི་བ་ཡི། རྫུ་འཕྲུལ་ཕ་རོལ་ཕྱིན་གྱུར་པའི། སྤྱོད་པ་རྒྱལ་བས་ལུང་བསྟན་གསོལ། དགྲ་ཟླ་མ་མཆིས་གང་གིས་འགྱུར། ཚིག་ཀྱང་བཙུན་པར་འགྱུར་བ་དང་། ལས་ཀྱི་སྒྲིབ་པ་མ་མཆིས་དང་། བདུད་ཀྱི་ལས་ཀུན་མ་མཆིས་དང་། འཆི་བའི་དུས་ནི་བགྱིད་པ་ན། མངོན་སུམ་སངས་རྒྱས་མཐོང་བ་དང་། དེ་ལ་ཆོས་ཀྱང་ཉན་པ་དང་། སྡུག་བསྔལ་ཚོར་བ་མྱོང་མི་འགྱུར། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྡུས་པའི་དོན་ཡང་དེ་ཉིད་ཀྱིས་བསྟན་པ་ཡིན་ནོ། །ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་

(༡༧༡)བསྟན་པ་ནི། གཉིས་ཏེ། རྒྱུའི་ཐེག་ཆེན་བསྟན་པ་དང་། དེ་ཉིད་འགྲུབ་པའི་རྟགས་རྣམས་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ལེགས་སོ་ལེགས་སོ། །བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བུ་མོ་བློ་གྲོས་བཟང་མོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མཛེས་པར་འགྱུར་ཏེ། གཞི་གང་ཞེ་ན། འདི་ལྟ་སྟེ། ཐ་ན་དགྲ་ལ་ཡང་ཁྲོ་བར་མི་བྱེད་པ་དང་། བྱམས་པ་གནས་པ་དང་། ཆོས་འདོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་མཛེས་པར་འགྱུར་རོ། །ཞེས་པ་སོགས་ཆོས་བཞི་པ་བསྒྲུབ་པ་བཅུ་པོ་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་བུ་མོ་བློ་གྲོས་བཟང་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་དག་ལ་བདག་གིས་བསླབ་པར་འཚལ་ཏེ། བཅོམ་ལྡན་འདས་གལ་ཏེ་བདག་གིས་བཞི་པ་བཅུ་པོ་ཇི་སྐད་དུ་བཀའ་བརྩལ་པ་འདི་དག་ལས་ཆོས་གཅིག་ཅིག་མ་སྤྱད་ན་ཡང་བདག་གིས་དེ་བཞིན་གཤེགས་པའི་སྐུ་སླུས་པར་གྱུར་ཅིག །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དེ་ཉིད་འགྲུབ་པའི་རྟགས་རྣམས་བསྟན་པ་ལ་གསུམ་སྟེ། མཽ་འགལ་གྱི་བུས་དྲིས་པའི་དོན་ལ་ཐེ་ཚོམ་བཅད་པའི་ཕྱིར་བདེན་པའི་སྟོབས་བརྗོད་པ་དང་། འཇམ་དཔལ་གྱིས་དྲིས་པའི་དོན་ལ་ཐེ་ཚོམ་བཅད་པའི་ཕྱིར་བདེན་པའི་སྟོབས་བརྗོད་པ་དང་། བློ་གྲོས་བཟང་མོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོར་གྱུར་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །དང་པོ་ལ་བདེན་པའི་

(༡༧༢)ཚིག་བརྗོད་པ་གཉིས་ལས། དང་པོ་ནི། དེ་ནས་གནས་བརྟན་མཽ་གལ་གྱི་བུ་ཆེན་པོས་བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཉམས་འོག་ཏུ་ཆུད་པ་དཀའ་ན། ཁྱོད་འདི་ལྟ་བུ་ཡང་དག་པར་ལེན་པར་བྱེད་པ་ནི་ཁྱོད་ཀྱིས་སེམས་ལ་དབང་ཐོབ་བམ། དེ་སྐད་ཅེས་སྨྲས་ནས། བུ་མོ་བློ་གྲོས་བཟང་མོས་ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽ་གལ་གྱི་བུ། བདེན་པ་དང་བདེན་པའི་ཚིག་གང་གིས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ལྷའི་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག་མ་དཀྲོལ་བར་ཡང་སིལ་སྙན་གྱི་སྒྲ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བུ་མོ་བློ་གྲོས་བཟང་མོ་དེ་ལྟར་བདེན་པའི་བྱིན་བརླབས་བྱས་མ་ཐག་ཏུ་དེའི་མདོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་གི་ཆར་བབ་པར་གྱུར་ཅིང་། མ་དཀྲོལ་བར་ལྷའི་སིལ་སྙན་གྱི་སྒྲ་ཡང་བྱུང་པར་གྱུར་ཏོ། །ཞེས་པས་བསྟན་ཏོ། །བདེན་པའི་སྟོབས་བརྗོད་པ་གཉིས་པ་ནི། བཙུན་པ་མཽ་གལ་གྱི་བུ་བདེན་པ་དང་བདེན་པའི་ཚིག་གང་གིས་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཇི་ལྟ་བ་བཞིན་དུ་མ་འོངས་པའི་དུས་ན་བདག་དེ་བཞིན་གཤེགས་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དེར་བདག་ལ་བདུད་ཀྱང་འབྱུང་བར་མི་འགྱུར་བ་དང་། ངན་སོང་རྣམས་ཀྱི་མིང་ཡང་མེད་པ་དང་། བུད་མེད་ཀྱི་སྐྱོན་རྣམས་མེད་པར་འགྱུར་བའི་བདེན་པའི་ཚིག་དེས་འཁོར་འདི་གསེར་གྱི་ཁ་དོག་ཅན་དུ་གྱུར་ཅིག །བུ་མོ་བློ་གྲོས་བཟང་མོས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེའི་མདོ་ལ་ཐམས་ཅད་དང་ལྡན་པའི་འཁོར་དེ་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏེ། །དེ་ནས་ཚེ་དང་ལྡན་པ་མཽ་གལ་ཆེན་པོ་

(༡༧༣)སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་ཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པས་བསྟན་ཏོ། །གཉིས་པ་འཇམ་དཔལ་གྱིས་དྲིས་པའི་དོན་ལ་ཐེ་ཚོམ་བཅད་པའི་ཕྱིར་བདེན་སྟོབས་བརྗོད་པ་ལ་ནི་གཉིས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཚུལ་ལ་ཐེ་ཚོམ་བཅད་པ་དང་། འབྲས་བུ་ལ་བདེན་སྟོབས་ཀྱི་ཐེ་ཚོམ་བཅད་པའོ། །དང་པོ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བློ་གྲོས་བཟང་མོ་ཁྱོད་ཆོས་གང་ལ་གནས་ཏེ་བདེན་པའི་བྱིན་གྱིས་བརླབས་འདི་བྱས། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་གནས་པ་མ་མཆིས་པས་དེ་ལ་གནས་པར་མི་ནུས་ཏེ། འདི་ལ་དྲི་བ་མ་མཆིས་སོ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བུ་མོ་བློ་གྲོས་བཟང་མོ་འདི་ཟབ་མོའི་བཟོད་པ་དང་ལྡན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། བུ་མོ་བློ་གྲོས་བཟང་མོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ནས་བསྐལ་པ་སུམ་བཅུ་ལོན་པའི་འོག་ཏུ་གདོད་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁྱོད་བུ་མོ་བློ་གྲོས་བཟང་མོ་འདི་ཉིད་ཀྱིས་མི་སྐྱེ་བའི་ཆོས་ལ་ཞུགས་པར་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བསྟན་ལས་ལངས་ཏེ། བུ་མོ་བློ་གྲོས་བཟང་མོ་ལ་ཕྱག་བྱས་ནས་ཚིག་འདི་སྐད་དུ་བདག་

(༡༧༤)གིས་སློབ་དཔོན་ཡུན་རིང་མོ་ཞིག་ནས་མཐོང་ཞེས་ཀྱང་སྨྲས་སོ། །བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་མ་རྟོག་ཤིག །དེ་ཅིའི་ཕྱིར་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འབྲས་བུ་ལ་ཐེ་ཚོམ་བཅད་པའི་ཕྱིར་བདེན་པའི་སྟོབས་བརྗོད་པ་ལ་གསུམ་སྟེ། དང་པོ་བདེན་པའི་སྟོབས་ཀྱི་སྐྱེས་པར་བསྒྱུར་བ་ནི། འཇམ་དཔལ་གྱིས་སྨྲས་པ། ཅིའི་ཕྱིར་སློབ་དཔོན་གྱི་བུད་མེད་ཀྱི་ལུས་ལས་ད་དུང་མ་བསྒྱུར། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ནི་བུད་མེད་དོ། །འདི་ནི་སྐྱེས་པའོ་ཞེས་བྱ་བ་དམིགས་པ་སྟེ། འོན་ཀྱང་ཁྱོད་ཀྱི་ཐེ་ཚོམ་མེད་པར་བྱའོ། །བདེན་པ་གང་གིས་བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་བདེན་པ་དེས་བདག་སྐྱེས་པར་གྱུར་ཅིག །བུ་མོ་བློ་གྲོས་བཟང་མོས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་དེའི་མདོ་ལ་དེའི་བུད་མེད་ཀྱི་དངོས་པོ་མི་སྣང་པར་གྱུར་ནས་སྐྱེས་པར་རེད་དེ་ཆོས་གོས་ངུར་སྨྲིག་གྱོན་ནོ་ཞེས་པས་བསྟན་ཏེ། གཉིས་པ་བདེན་སྟོབས་ཀྱིས་དགེ་སློང་དུ་བསྒྱུར་བ་ནི། དེས་འདི་སྐད་དུ་བདེན་པ་གང་གིས་བདག་གིས་བྱང་ཆུབ་འཐོབ་པ་ན། དགེ་སློང་ཚུར་ཤོག་བྱས་པས་རབ་ཏུ་འབྱུང་བར་འགྱུར་བ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེར་བདུད་ཀྱང་འབྱུང་བར་མི་འགྱུར་བ་དང་། ངན་སོང་གི་མིང་ཡང་མེད་པ་དང་། བུད་མེད་ཀྱི་སྐྱོན་རྣམས་ཀྱང་མེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་གིས་བདག་དགེ་སློང་བསྙེན་པར་རྫོགས་ནས་ལོ་སུམ་བཅུ་ལོན་པའི་སྤྱོད་ལམ་ཅི་འདྲ་བ་དེ་ལྟ་བུར་གྱུར་ཅིག་ཅེས་བྱས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་ཚིག་འདི་སྐད་སྨྲས་མ་ཐག་ཏུ་དེའི་མདོ་ལ་དགེ་སློང་བསྙེན་པར་རྫོགས་ནས་ལོ་སུམ་བཅུ་ལོན་པའི་སྤྱོད་ལམ་ཅི་འདྲ་བ་དེ་ལྟ་བུར་གྱུར་ཏོ། །ཞེས་པས་བསྟན་ཏོ། །གསུམ་པ་བདེན་པའི་

(༡༧༥)སྟོབས་བརྗོད་པས་འཁོར་རྣམས་གསེར་གྱི་ཁ་དོག་ལྟ་བུར་བསྒྱུར་བ་ནི། འཇམ་དཔལ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་རྣམས་ཀྱི་ལུས་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། བསམ་པས་བཟའ་བ་དང་བཏུང་བ་འགྲུབ་པར་འགྱུར་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་ཡོངས་སུ་ཡངས་པར་འགྱུར་བ་དང་། རིན་པོ་ཆེ་སྣ་བདུན་གྱིས་ཤིང་ལྗོན་པ་དང་། རིན་པོ་ཆེའི་དྲ་བས་ཡོངས་སུ་བསྐོར་ཅིང་རིན་པོ་ཆེ་སྣ་བདུན་གྱིས་པད་མ་དག་གིས་རྒྱས་ལ་སྟེང་རིན་པོ་ཆེའི་བླ་བྲེས་བྲེས་ཏེ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་ཅི་འདྲ་བ་ཁོ་ན་དང་མཉམ་ཞིང་མི་ལྷག་པ་དེ་ལྟ་བུར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་འཁོར་འདི་གསེར་གྱི་ཁ་དོག་ཅན་དུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་དེའི་མདོ་ལ་ཐམས་ཅད་དང་ལྡན་པའི་འཁོར་དེ་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏོ། །དེ་ནས་ས་བླའི་ལྷ་རྣམས་ཀྱི་ལྷའི་ལུས་ཀྱིས་གཅིག་ནས་གཅིག་ཏུ་སྒྲ་བསྒྲགས་ཤིང་སྐད་ཀྱིས་གོ་བར་བྱས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་དེ་ལྟ་བུར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་དོ། །ཞེས་པས་བསྟན་ཏོ། །གསུམ་པ་བློ་གྲོས་བཟང་མོ་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོར་གྱུར་ནས་བླ་ན་མེད་པའི་བྱང་ཆུབ་དུ་ལུང་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་

(༡༧༦)པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་དཔལ་གྱི་སྙིང་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པ་ནས། འཇམ་དཔལ་དགེ་སློང་འདི་དག་ནི། སྐལ་པ་བཅུ་གཉིས་ན། བསྐལ་པོ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་བཟོད་པར་དཀའ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་སྤོབས་པའི་རྒྱན་ཞེས་བྱ་བར་ཐམས་ཅད་མིང་མཐུན་པར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཇམ་དཔལ་དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་ལ་རྫུ་འཕྲུལ་ཆེན་པོ་བྱེད་པ་ཡིན་ནོ། །ཞེས་པའི་བར་གྱིས་ཚིག་གི་དོན་བསྟན་ཏོ། །དགོས་པའི་དོན་ནི། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པ་གང་གིས་བསྐལ་པ་སྟོང་གི་བར་དུ་ཐབས་མཁས་པ་དང་མ་བྲལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་བྲིས་ནས་ཟླ་བ་ཕྱེད་ཀྱི་བར་དུ་ལན་རེ་གླགས་ན་བསོད་ནམས་ཀྱི་ཕུང་པོ་སྔ་མས་ནི་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་པའོ། །གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། བྱང་སེམས་བློ་གྲོས་བཟང་པོ་ལྟར། བྱང་སེམས་སྤྱོད་པ་མཐར་ཕྱིན་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།

(༡༧༧)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་གཅིག་པ་སྟེ། འཕགས་པ་གང་གཱའི་མཆོག་གི་ཞུས་པ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་གོ་སླའོ། །ཞུ་བ་པོ་བྱུང་པའི་ཚུལ་ནི། དེའི་ཚེ་གྲོང་ཁྱེར་མཉན་ཡོད་ན། དགེ་བསྙེན་མ་གང་གཱའི་མཆོག་ཅེས་བྱ་བ་ཞིག་གནས་སོ། །དེ་ནས་དགེ་བསྙེན་མ་གང་གཱའི་མཆོག་མཉན་ཡོད་ནས་བྱུང་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་ཅིག་ཏུ་འདུག་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་བཀའ་ཡས་རྩལ་དུ་གང་གཱ་མཆོག་ལ་སྒྲོ་བརྟགས་པའི་སྒོ་ནས་དྲིས་ཤིག །གང་གཱ་མཆོག་གིས་སྒྲོ་བརྟགས་ཀྱིས་དབེན་པའི་ངོས་ནས་ལན་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་དགེ་བསྙེན་མ་གང་གཱའི་མཆོག་ལ་གང་གཱའི་མཆོག་ཁྱོད་ད་བཟོད་ག་ནས་འོངས་ཤེས་སྨྲས་སོ། །གང་གཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས་གང་ཞིག་གིས་སྤྲུལ་པ་ལ་སྨྲས་ཏེ། ཁྱོད་ད་བཟོད་ག་ནས་འོངས་ཤེས་དེ་སྐད་བགྱིས་ན་ཇི་སྐད་ལན་འདེབས་པར་འགྱུར་ལགས་ཞེས་པ་ནས་བཅོམ་ལྡན་འདས་སུ་ཞིག་གིས་སྤྲུལ་པ་ལ་སྨྲས་ཏེ། ཁྱོད་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ་ཞེས་དེ་སྐད་བགྱིས་ན་ཇི་སྐད་ལན་འདེབས་པར་འགྱུར་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །སླར་ཡང་བཅོམ་ལྡན་འདས་ཀྱིས་སྒྲོ་བརྟགས་

(༡༧༨)ཀྱིས་དབེན་པའི་ངོས་ནས་ཆོས་བསྟན་ལ། གང་གཱ་མཆོག་གིས་སྒྲོ་བརྟགས་ཀྱི་སྒོ་ནས་སྤྱོད་པའི་ཚུལ་གྱིས་ཞུས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། གང་གཱའི་མཆོག་དྲི་བ་འདི་ནི་དམིགས་པ་མེད་པའོ། །གསོལ་པ་ཅི་བཅོམ་ལྡན་འདས་ཀྱིས་དམིགས་པ་དང་བཅས་པའི་སྨྲ་བས་སྨྲས་ལགས་སམ། བཀའ་རྩལ་པ། གང་གཱའི་མཆོག་དྲི་བ་འདི་ནི་དམིགས་པ་མེད་མདོ་ཀྱི། འོན་ཀྱང་འཁོར་འདི་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདུས་པ་དག་ཡོད་དེ། དེ་དག་གི་དོན་ཆེན་པོར་འགྱུར་བས་དྲིས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གཱའི་མཆོག་དེ་བཞིན་གཤེགས་པ་ནི་ཆོས་ཉིད་ཅེས་བྱ་བ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ན། གང་དེ་ལས་བྱུང་པའི་ཆོས་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ལྟ་ག་ལ་ཡོད། གསོལ་པ། གལ་ཏེ་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཅེས་བགྱི་བ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལས་བྱུང་པའི་ཆོས་ལྟ་གང་ཞིག་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སླད་དུ་ཇི་ལྟར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། གང་གཱའི་མཆོག་གང་དམིགས་པ་དེ་ནི། དགེ་བའི་རྩ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་ནི། གང་གི་ཚེ་ཡང་དག་པར་སྒྲུབ་པ་དེའི་ཚེ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་མི་འདོར་རོ། །གང་གི་ཚེ་ཡང་དག་པར་མ་བསྒྲུབས་པ་དེའི་ཚེ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་མི་འདོར་རོ། །ཞེས་པ་ནས། གང་གཱ་མཆོག་གིས་གསོལ་པ། བཅོམ་ལྡན་འདས་རྒྱུད་ཆད་པ་རྒྱུད་ཆད་པ་་ཞེས་བགྱི་བ་ཅིའི་སླད་དུ་རྒྱུད་ཆད་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། གང་གཱའི་མཆོག་ཆོས་འདི་ནི་རྒྱུད་བཅད་པའམ། དབྱེ་བའམ། རྣམ་པར་བཞིག་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུད་ཆད་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པའི་མཐའ་ཞེས་བྱ། བསམ་གྱིས་མི་ཁྱབ་པའི་རྒྱུད་ཅེས་བྱའོ་ཞེས་པའི་བར་

(༡༧༩)གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། བསྡུས་པའི་དོན་ཡང་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱི་འཛུམ་པ་མཛད་པའི་ཚེ་ཀུན་དགའ་བོས་འཛུམ་པ་མཛད་པའི་རྒྱུ་མཚན་དྲིས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། ཀུན་དགའ་བོ་ངས་མངོན་པར་ཤེས་ཏེ་ས་ཕྱོགས་འདི་ཉིད་དུ། དེ་བཞིན་གཤེགས་པ་སྟོང་གིས་གང་གཱའི་མཆོག་ཅེས་བྱ་བ་ཁོ་ནའི་དགེ་བསྙེན་མ་ཤ་སྟག་ལས་རྩམས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བཤད་དོ། །དགེ་བསྙེན་མ་དེ་དག་ཐམས་ཅད་ནི་རབ་ཏུ་བྱུང་ནས་ཕུང་པོ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །འདི་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དགེ་བའི་རྩ་བ་བསྐྱེད་པ། ཡུན་རིང་དུ་ཚངས་པར་སྤྱད་པ་ལ་གནས་པའོ། །ཞེས་པའི་བར་གྱིས་བསྟན་ཏོ། །རྒལ་ལན་ནི་ཁ་ཅིག་གི་བསམ་པ་ལ། སྟོན་པ་དང་། གང་གཱ་མཆོག་གི་དྲི་བ་དང་དྲི་ལན་གྱི་སྐབས་སུ་རྟེན་འབྲེལ་གྱི་སྒོ་ནས་དཔྱད་པ་དང་། རྟེན་འབྲེལ་གྱིས་དབེན་པའི་སྟོང་པ་ཉིད་ཀྱི་སྒོ་ནས་ལན་བསྟན་པ་ཡིན་ཏེ། སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། རྟེན་འབྲེལ་གྱིས་དབེན་པ་ནི་ཆོས་ཀྱི་གནས་ལུགས་མ་ཡིན་པའི་ཕྱིར་དང་། སྒྲོ་བརྟགས་ཀྱི་དབྱེན་པ་ཙམ་གྱིས་ཆོས་ཀྱི་གནས་ལུགས་ཡིན་པའི་ཕྱིར། སྒྲོ་བརྟགས་ཀྱི་སྒོ་ནས་དཔྱད་ལ་གནས་ལུགས་ཀྱི་སྒོ་ནས་ལན་བཏབ་པའོ། །ཡང་རྒལ་ལན་ནི། སྒྲོ་བརྟགས་ཀུན་རྫོབ་ཀྱི་བདེན་པ་དང་། དེས་དབེན་པ་དོན་དམ་གྱི་བདེན་པར་བསྟན་ཅིང་། རྒལ་བས་དངོས་སྨྲ་བའི་ཚུལ་དང་། ལན་གྱིས་དབུ་མའི་ལུགས་བསྟན་པ་ཡིན་ལ་ཉན་རང་དབང་བརྟུལ་གྱིས་ཆོས་ཀྱི་བདག་མེད་མ་རྟོགས་པར་བསྟན་ལ། ཉན་རང་དབང་

(༡༨༠)རྣོན་གྱི་ཆོས་ཀྱི་བདག་མེད་རྟོགས་པར་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཟབ་མོ་སྟོང་པ་ཉིད་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་གཉིས་པ་སྟེ། འཕགས་པ་མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་གོ་སླའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་བཞུགས་པ་ལ་རྒྱལ་པོ་མ་སྐྱེས་དགྲ་དང་། རྒྱལ་པོའི་བཀའ་ལ་གཏོགས་པ་དང་། བློན་པོ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། ཞང་བློན་གྱི་བུ་དང་། ཞབས་དྲུང་ན་འཁོད་པ་དང་། ཕོ་བྲང་འཁོར་གྱི་མི་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། དེ་ནས་བཅོམ་ལྡན་འདས་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱི་བལྟས་ནས་ཆོས་བསྟན་པ་འདི་ལྟ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་པ་རབ་ཏུ་བསྟན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་བའི་ཚུལ་ནི། ཉན་ཐོས་ཆེན་པོ་རྣམས་ཀྱིས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་བྱོན་པ་ན། རྒྱལ་པོ་མ་སྐྱེས་དགྲའི་བུ་མོ་དྲི་མ་མེད་ཀྱིས་བྱིན་གྱིས། སྟན་ལས་མ་ལངས་ཤིང་ཡབ་རྒྱལ་པོས་འདང་བ་སོགས་སུ་བསྐུལ་བ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་

(༡༨༡)དང་། ཉན་ཐོས་རྣམས་ཀྱིས་ཁྱད་པར་རྒྱ་ཆེར་སྨྲས་ཤིང་། ཉན་ཐོས་རྣམས་ཀྱིས་བུ་མོ་མྱ་ངན་མེད་ཀྱིས་བྱིན་བཟོད་པ་ཡིན་མིན་བརྟགས་པ་ན། བུ་མོས་སེང་གེའི་སྒྲ་ཆེན་པོ་བསྒྲགས་ཤིང་། ཉན་ཐོས་རྣམས་ལ་བཀུར་སྟི་བྱས་བསོད་སྙོམས་ཕུལ་ཏེ། འཁོར་དང་བཅས་པ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་རྣམས་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ཚེ་དང་ལན་པ་མཽ་གལ་གྱི་བུ་ཆེན་པོ་དང་ཞེས་པ་ནས། དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ། ཕ་མ་ལ་སོགས་པ་འཁོར་མང་པོ་དང་། སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སྔོ་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གནང་སྟེ་ཕྱོགས་ཅིག་ཏུ་འཁོད་དོ། །ཉན་ཐོས་ཆེན་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་ཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ལས། བཅོམ་ལྡན་འདས་ཀྱི་བུ་མོ་མྱ་ངན་མེད་ཀྱིས་བྱིན་བསྐལ་པ་མང་པོ་ནས་ཚོགས་བསགས་པར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པའི་སྤོབས་པ་ནི་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། ཤཱ་རིའི་བུ་མོ་འདིས་ནི་ཐོག་མ་ཉིད་དུ་བྱང་ཆུབ་དོན་དུ་གཉེར་བ་ན། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་ལ་དགེ་བའི་རྩ་བ་དག་བསྐྱེད་དོ་ཞེས་པས་བསྟན་ཏོ། །བུ་མོ་མྱ་ངན་མེད་ཀྱིས་བདེན་པའི་སྟོབས་བརྗོད་པས་སྐྱེས་པར་བསྒྱུར་བ་ནི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་

(༡༨༢)ཅིའི་སླད་དུ་བུ་མོ་འདིས་བུད་མེད་ཀྱི་ལུས་མ་བསྒྱུར། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་བུད་མེད་དོ་སྙམ་དུ་སེམས་ན་དེ་ལྟར་མི་ལྟའོ། །བྱང་ཆུབ་སེམས་དཔའ་དག་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱིས་བདག་ཉིད་བུད་མེད་ཀྱི་གཟུགས་སུ་སྟོན་ཏོ། །དེ་ནས་དེའི་ཚེ་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས། བདེན་པའི་བྱིན་གྱིས་བརླབས་བྱས་ཏེ། བདེན་པའི་བྱིན་གྱིས་བརླབས་གང་གིས་ཆོས་ཐམས་ཅད་སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་པར་བལྟ་ན། བདེན་པ་དང་བདེན་པའི་ཚིག་དེས་བདག་སྐྱེས་པའི་ལུས་སུ་གྱུར་ཅིག །ཐམས་ཅད་དང་ལྡན་པའི་འཁོར་འདིས་ཀྱང་མཐོང་བར་གྱུར་ཅིག །ཚིག་དེ་སྐད་སྨྲས་མ་ཐག་ཏུ། བུད་མེད་ཀྱི་མཚན་མ་མི་སྣང་པར་གྱུར་ཏེ། སྐྱེས་པའི་མཚན་མ་བྱུང་པར་གྱུར་ནས་སྟེང་གི་བར་སྣང་ལ་ཏ་ལ་བདུན་སྲིད་ཙམ་དུ་འཕགས་སོ། །ཞེས་པས་བསྟན་ཏོ། །བུ་མོ་མྱ་ངན་མེད་ཀྱིས་བྱིན་དང་། དེའི་མ་བཙུན་མོ་ཟླ་བ་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པ་སྟེང་གི་བར་སྣང་ལ་འཕགས་པ་ཁྱོད་ཀྱིས་མཐོང་ངམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པ་འདི་ནི་བསྐལ་པ་གྲངས་མེད་པ་བདུན་གྱིས་འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པ་ཞེས་བྱ་བར་འགྱུར་ཏེ། ཚེའི་ཚད་ནི་བསྐལ་པ་བརྒྱར་འགྱུར་རོ། །དམ་པའི་ཆོས་ནི་བསྐལ་པ་བཅུར་གནས་པར་འགྱུར་རོ་ཞེས་

(༡༨༣)པ་ནས། དེ་མཐར་གྱིས་དེ་བཞིན་གཤེགས་པ་མྱ་ངན་མེད་པས་བྱང་ཆུབ་འཐོབ་པ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱ་བར་འགྱུར་ཏེ། དེས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་ཚད་མེད་པ་དག་བྱས་ནས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་ཞེས་བྱ་བར་འགྱུར་རོ། །དེ་ནས་རྒྱལ་པོའི་བཙུན་མོ་ཟླ་བ་ཅན་གྱི་བདག་ཉིད་ལུང་བསྟན་པ་ཐོས་ནས་ཚིམ་ཞིང་མགུ་སྟེ་ཡི་རངས་ནས་བཅོམ་ལྡན་འདས་ལ་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་ཕུལ་ཏེ་ཚངས་པར་སྤྱོད་པར་རྒྱལ་པོས་གནང་ནས་བསླབ་པའི་གཞི་དག་བཟུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པས་ལྷས་ཕུལ་བའི་མེ་ཏོག་མན་ད་ར་བ་དག་གིས། བཅོམ་ལྡན་འདས་དང་འཁོར་ཐམས་ཅད་ལ་གཏོར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་མྱ་ངན་མེད་ཀྱིས་བདེན་པའི་སྟོབས་བརྗོད་པས་དགེ་སློང་དུ་བསྒྱུར་བ་ནི་དེ་ནས་བར་སྣང་ལས་བབས་ཏེ། ཕྱོགས་གཅིག་ཏུ་འདུག་ནས་ཚིག་འདི་སྐད་དུ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་གིས་བྱང་ཆུབ་ཐོབ་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་རྫུས་ཏེ་སྐྱེ་ཞིང་ཆོས་གོས་ངུར་སྨྲིག་གྱོན་ལ་རིན་པོ་ཆེའི་པད་མ་དག་ལ་སྐྱིལ་མོ་དཀྲུང་བཅས་ཏེ་སྐྱེ་བར་འགྱུར་བ་ལྟ་ན། བདེན་པ་དང་བདེན་པའི་ཚིག་དེས། དཔེར་ན་དགེ་སློང་བསྙེན་པར་རྫོགས་ནས། ལོ་བརྒྱ་ལོན་པའི་སྤྱོད་ལམ་ཇི་ལྟ་བ་བཞིན་དུ་བདག་གནས་པར་གྱུར་ཅིག་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པས་བདེན་པའི་བྱིན་གྱིས་བརླབས་བྱས་མ་ཐག་ཏུ་དགེ་སློང་གི་སྤྱོད་ལམ་དང་ལྡན་པར་གྱུར་ཏོ་ཞེས་པས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་མྱ་ངན་མེད་གྱིས་བྱིན་པས་ཡབ་རྒྱལ་པོ་ལ་

(༡༨༤)ལ་གདམས་ངག་བསྟན་ཏེ་རྒྱལ་པོ་འཁོར་བཅས་རང་གི་གནས་སུ་བཞུད་པར་བསྐུལ་བ་ན་རྒྱལ་པོ་འཁོར་བཅས་རང་གི་གནས་སུ་བཞུད་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པས་རྒྱལ་པོ་ཕ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་འདི་ལྟར་ཆོས་ཐམས་ཅད་ནི་བཅོས་མ་སྟེ་རྣམ་པར་བསྒྲུབ་པས་ཉེ་བར་གནས་པའི་མཚན་ཉིད་དང་། ཡོངས་སུ་བརྟགས་པ་ལས་ལངས་པ་མེད་པ་བཞིན་དུ་ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཟིགས་ཤིག །དེ་རིང་ཁོ་ནའི་གདུགས་གཅིག་ལ། བུ་མོའི་གཟུགས་སུ་ཡང་གཟིགས། ཁྱེའུའི་གཟུགས་སུ་ཡང་ཁྱོད་ཀྱིས་གཟིགས། ད་ནི་བདག་ལ་དགེ་སློང་གི་གཟུགས་སུ་ཡང་ཁྱོད་ཀྱིས་གཟིགས་ན་འདི་གང་ཡང་དག་པའི་གཟུགས་ལགས། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཡ་མ་རླའི་ཆོས་ཐམས་ཅད་ལ་འདི་ན་ཁོ་བོ་ཅག་ལྟ་བའི་ཀུན་ནས་དཀྲིས་པས་གནས་ཤིང་མཆིས་ཏེ། རང་གི་རྒྱུད་ལ་མཆིས་པའི་ཉོན་མོངས་པ་རྣམས་ཀྱིས་ཡོངས་སུ་བསྲེག་གོ །ཡོངས་སུ་བསྲེག་པས་ཆོས་འདུལ་བ་འདི་མ་འཚལ་ཏེ། འགྱོད་པ་མ་ལགས་པ་ལ་འགྱོད་པར་སེམས་སོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཁྱོད་ཀྱིས་བག་ཡོད་པར་མཛོད་ལ། རྒྱལ་སྲིད་ཉམ་ང་བ་ན་བཞུགས་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་བཞུད་ཅིག་དང་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། རྒྱལ་པོ་ཆེན་པོ་ད་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག་ཅེས་བཀའ་རྩལ་ནས་རྒྱལ་པོ་མ་སྐྱེས་དགྲ་བཙུན་མོ་ཟླ་བ་ཅན་ལ་སོགས་པ་བཙུན་མོའི་འཁོར་ཆེན་པོ་དག་དང་ལྷན་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་དོང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །དེས་ནི་བསྡུས་པའི་དོན་ཀྱང་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བཞིན་ནོ། །དགོས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ཆོས་ཡོངས་སུ་གཏད་ན།

(༡༨༥)ཀུན་དགའ་བོ་གང་གིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་གང་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་དུ་ཐོས་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་ན་གང་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། བརྗོད་པ་དང་། ལུང་ཇི་སྐད་ཕོག་པ་བཞིན་ནན་ཏན་དུ་གྲུབ་པ་ལྟ་ཅི་སྨོས་ཞེས་པས་བསྟན་ཏོ། །གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མ། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་གསུམ་པ་སྟེ། འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་གོ་སླའོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ལ་ལྔ་ལས། ཉན་ཐོས་ཆེན་པོ་བརྒྱད་དང་། བྱང་སེམས་ཆེན་པོ་བརྒྱད་ཀྱིས་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་རང་རང་གི་ཚུལ་དང་འཐུན་པར་མཉམ་པར་བཞག་སྟེ་བསོད་སྙོམས་ལ་བྱོན་པ་བསྟན་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་དྲི་མ་མེད་ཀྱིས་བྱིན་མཆོད་སྦྱིན་གྱི་སར་ཕྱིན་པ་ན། དགེ་སློང་རྣམས་ལྟར་མི་རུང་ཞེས་བྲམ་ཟེ་རྣམས་ཀྱིས་ལོག་པར་བྱས་ཀྱང་ལོག་མ་ནུས་པར་སླར་དཀོན་མཆོག་

(༡༨༦)གསུམ་གྱི་ཆེ་བ་བསྟན་པ་དང་། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་ལ་ཡིད་འབྱུང་པའི་རྒྱུ་དྲིས་པའི་ལན་བསྟན་པ་དང་། དགེ་སློང་རྣམས་ལ་དྲི་བ་བྱས་པའི་སྒོ་ནས་སེང་གེའི་སྒྲ་བསྒྲགས་པ་དང་། འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་རྣམས་ལས་དང་པོ། ཉན་ཐོས་ཆེན་པོ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་རང་གི་ཚུལ་དང་འཐུན་པར་མཉམ་པར་བཞག་ནས་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་བྱོན་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་དང་། རིན་པོ་ཆེའི་ཏོག་དང་། མཐོང་བ་དོན་ཡོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག །སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ནས་ལྷུང་བཟེད་ཐོགས་ཏེ། བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་ཞུགས་ནས། དེ་དག་ལམ་གྱི་བར་སྐབས་སུ་གཏམ་འདི་སྐད་ཅེས་གང་གི་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་འཕགས་པའི་བདེན་པའི་གཏམ་ཐོས་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ་ཞེས་བརྗོད་པར་གྱུར་ཏོ། །ཞེས་པ་ནས་དེ་ནས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་རྣམ་པ་དེ་ལྟ་བུའི་གཏམ་འདི་བརྗོད་ཅིང་མཉན་ཡོད་ཀྱི་གྲོང་ཁྱེར་

(༡༨༧)ཆེན་པོར་ཕྱིན་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་དྲི་མ་མེད་ཀྱིས་བྱིན་མཆོད་སྦྱིན་གྱི་སར་ཕྱིན་པ་ན། དགེ་སློང་རྣམས་ལྟར་མི་རུང་ཞེས་བྲམ་ཟེ་རྣམས་ཀྱིས་ལོག་མ་ནུས་པ་སླར་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་བསྟན་པ་ནི། ཡང་དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པ། མངོན་པར་ཤེས་པ་ལྔ་ཐོབ་པ་ཞིག་ཡོད་དེ། བུ་མོ་དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པ། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་མཐོང་ཞིང་དེ་དག་ལམ་གྱི་སྐབས་སུ་གཏམ་ཅི་བརྗོད་པ་དེ་དག་ཐམས་ཅད་ཀྱང་ཐོས་སོ། །བུ་མོ་དེ་ཡང་གཟུགས་བཟང་པ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་མཆོག་དང་ལྡན་པ། ཕ་མ་དང་ནང་མི་ལ་བྱམས་པ། བཙས་ནས་ལོ་བཅུ་གཉིས་ལོན་པ་སྟེ། དེ་དཔྱིད་ཟླ་ཐ་ཆུངས་ཚེས་བརྒྱད་སྐར་མ་རྒྱལ་གྱི་ཉིན་པར་ཕ་མས་དགེ་མཚན་དང་། བཀྲ་ཤིས་བྱེད་དུ་གནང་ནས་བྲམ་ཟེ། ཞེ་དང་། རྩྭ་ཀུ་ཤ་དང་། མེ་ཏོག་དང་། ཡམ་བསྲེག་ཤིང་དང་། མར་དང་། བུམ་པ་ཐོགས་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། ཁྲུས་བྱས་པར་ཡོངས་སུ་ཁྲིད་པ་ལས་བྲམ་ཟེ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་དང་ཉན་ཐོས་ཆེན་པོ་དེ་དག་མཐོང་ངོ་། །མཐོང་ནས་ཀྱང་བཀྲ་མི་ཤིས་སོ། །སྙམ་པའི་འདུ་ཤེས་ཀྱིས་གནས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་དེ་དག་ནི་ནང་ནས་བྲམ་ཟེ་ཆེས་འགྲས་ཚངས་པའི་ལྷ་ཞེས་བྱ་བ། དེས་བུ་མོ་དྲི་མ་མེད་ཀྱི་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་དགེ་སློང་དག་མདུན་ན་འཁོད་པ་ནི་བཀྲ་མི་ཤིས་ཏེ། དེ་དག་མཐོང་ན་དགོས་པའམ། ནོར་རམ། བརྟུལ་ཞུགས་མཆོད་

(༡༨༨)སྦྱིན་ནམ། བཀྲ་ཤིས་ཀྱང་རུང་སྟེ་མི་འགྲུབ་ཀྱིས་གྲོང་ཁྱེར་དུ་བཞུད་དོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྲམ་ཟེ་ཚངས་པའི་ལྷ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་ཆགས་མེད་མཆོག་ཏུ་དགེ་ཤིས་པ། སྐྱེ་བོ་མང་པོའི་སྡིག་པ་འཇིག་པར་བྱེད། འདི་དག་རྣམ་པར་དག་ཅིང་བདེན་བཞི་མཐོང་། དུལ་ལ་གྲོལ་བར་གྱུར་ཅིང་མཉམ་པར་བཞག་ཅེས་པ་ནས། དེ་ནས་བྲམ་ཟེ་ཚངས་པའི་ལྷས་བྲམ་ཟེའི་ཁྱེའུ་ཞིག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱོད་སོང་ལ་ལོ་རྒྱུས་འདི་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཅིག །དེ་ནས་བྲམ་ཟེའི་ཁྱེའུ་དེ་རིངས་པའི་ཚུལ་དུ་སོང་སྟེ་ཇི་ལྟར་མཐོང་པའི་ལོ་རྒྱུས་ཐམས་ཅད་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཏོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཀྱང་ཇི་ལྟར་བྲམ་ཟེ་ཚངས་པའི་ལྷ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་པོ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་སངས་རྒྱས་ཀྱི་བསྔགས་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་དོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ཤིང་རྟ་ལས་བབས་ནས་བྲམ་ཟེ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་གུས་པ་དང་བཅས་པར་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུའི་མདུན་དུ་འདུག་ནས་ཚེ་དང་ལྷན་པ་ཤཱ་རིའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའམ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་བུད་མེད་ནི་ཤེས་རབ་སོར་གཉིས་པ། ཉོན་མོངས་པ་དྲག་པ། བག་མེད་པ་མང་བ། དམན་པ་ལ་མོས་པ་ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིས་པའི་དབང་དུ་མཆིས་པ་ལགས་ན། བདག་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཅི་ནས་བདག་གིས་ཡུན་རིང་པོའི་དོན་དང་སྨན་པ་དང་བདེ་བར་འགྱུར་བའི་སླད་དུ་བཙུན་པས་དེ་ལྟར་བདག་ལ་ཆོས་

(༡༨༩)ལེགས་པར་བསྟན་དུ་གསོལ། ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་ལ་ཡིད་འབྱུང་པའི་རྒྱུ་མཚན་དྲིས་པ་དང་ལན་བསྟན་པ་ནི། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གཏམ་འབྱུང་བ་འདི་དང་། བྲམ་ཟེའི་ཚིག་ཐོས་ནས་མྱུར་བའི་ཚུལ་གྱིས་ཕྱོགས་དེར་ཕྱིན་ཏེ། དེ་ནས་ཉན་ཐོས་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་བྱས་ནས་རང་གི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ན་རེ། ཞོ་མོ་ནམ་ཡང་རྨུགས་པ་དང་གཉིད་ཀྱིས་ནོན་པར་མ་གྱུར་ཏོ། །ནམ་ཡང་དགའ་བ་དང་། བརྩེ་བ་དང་ལྡན་པའི་སེམས་མ་བསྐྱེད་དོ་ཟེར་བ་དེ་ལྟར་ཁྱོད་བདེ་བ་དང་ཡིད་བདེ་བ་ལ་བརྩོན་ནམ། འོན་ཏེ་འདི་ལྟར་ཡིད་འབྱུང་པའི་ཚུལ་གྱིས་སྨྲས་དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རང་གི་བུ་མོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་གཟུགས་བྱད་ལྷའི་བུ་མོ་མཚུངས་ཤིང་འདྲ། རྒྱན་རྣམས་ཀྱིས་ནི་དེ་ཉིད་ཆས་པའི་ཆ་བྱད་འཛིན། ཇི་ལྟར་ཁྱོད་ནི་ནམ་ཡང་གཉིད་ཀྱིས་མ་གནོན་པ། ཅི་ཕྱིར་ཁྱོད་ནི་འདི་འདྲའི་ཡིད་བྱུང་གྱུར། ཞེས་པ་ནས། དེ་ནས་རྒྱལ་པོ་གསལ་རྒྱལ་བུ་མོའི་ཚིག་འདི་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་དོ། །བཞི་པ་དགེ་སློང་རྣམས་ལ་དྲི་བ་བྱས་པའི་སྒོ་ནས་སེང་གེའི་སྒྲ་བསྒྲགས་པར་བསྟན་པ་ནི། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། རང་གི་ཕ་ཅང་མི་སྨྲ་བར་གྱུར་པར་རིག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཁྱོད་ལ་ཞུ་བ་ཞུས་ཐུགས་བརྩེ་བར་previous hit དགོངས་ཏེ་ལན་བཏབ་དུ་གསོལ། འདི་ལྟར་བཙུན་ next hit་ཤཱ་རིའི་བུ་ནི། བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཤེས་རབ་དེ་འདུས་བྱས་ལགས་སམ། འོན་ཏེ་འདུས་མ་བྱས་ལགས་སམ། དེ་གལ་ཏེ་འདུས་བྱས་ལགས་

(༡༩༠)ན་དེ་བཞིན་གཤེགས་པས་འདུས་བྱས་ཐམས་ཅད་ནི་རྫུན་པ་བསླུ་བའི་ཆོན་ཡིན་ནོ། །ཞེས་བཀའ་རྩལ་ཏོ། །ཅིས་ཏེ་འདུས་མ་བྱས་ལགས་ན། འདུས་མ་བྱས་ནི་སྐྱེ་བ་མ་མཆིས་སོ། །གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་ནི་ཕྲད་པ་མ་མཆིས་ན་ཕྲད་པ་མ་མཆིས་པའི་ཤེས་རབ་ཀྱིས་ཇི་ལྟར་བཙུན་པ་ཤཱ་རིའི་བུ་ཤེས་རབ་ཆེན་པོ་ཞེས་བགྱི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ཀྱིས་སྨྲས་པ། བུ་བྱང་ཆུབ་སེམས་དཔའ་ཅེས་བྱ་བ་འདི་ནི་ཡེ་ཤེས་ཀྱི་ཚིགས་བླ་དགས་སོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། ཅི་ཡེ་ཤེས་སྐྱེ་དེ་བས་རབ་ཏུ་ཆེ་བ་ལགས་སམ། འོན་ཏེ་ཞི་བས་རབ་ཏུ་ཕྱེ་བ་ལགས་འོན་ཏེ་སྐྱེ་བས་རབ་ཏུ་ཕྱེ་བ་ལགས་ན་ནི་ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིད་པ་ལས་བྱུང་པ་འདུས་བྱས་སུ་འགྱུར་ཏེ་ཤེས་པ་དེ་ནི་བྱིས་པ་རྣམས་ཀྱི་ལགས་སོ། །ཅིས་ཏོ་ཞི་བས་རབ་ཏུ་ཕྱེ་བ་ལགས་ན་ནི་དེ་ལ་དམིགས་པ་མ་མཆིས་སོ། །གང་ལ་དམིགས་པ་མ་མཆིས་པ་དེ་ལ་འདི་ནི་སོ་སོ་སྐྱེ་བོའི་ཞེ་འམ། ཉན་ཐོས་སོ་ཞེ་འམ་རང་སངས་རྒྱས་སོ་ཞེ་འམ། བྱང་ཆུབ་སེམས་དཔའ་བོ་ཞེ་འམ། སངས་རྒྱས་སོ་ཞེས་རྣམ་པར་རྟོགས་པ་མི་སྐྱེའོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་རྣམ་པར་མི་རྟོག་པ་ལགས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་བྱང་ཆུབ་ལ་རྣམ་པར་རྟོག་སྟེ་མཁས་པ་རྣམས་ནི་མི་རྟོག་པའི་སླད་དུའོ། །བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པར་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དུ་འཇུག་པར་མི་བྱའི་སླར་འདོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེང་བུ་

(༡༩༡)མོ་དྲི་མ་མེད་ཀྱིས་བྱིན་པ་ལས་ཆོས་ཐོས་པ་གང་ཡིན་པ་འདི་ནི་མཁས་པའི་ཟས་ཡིན་པས་ཆོག་པར་འགྱུར་བའི་ཕྱིར་ཏེ། ཆོས་ཀྱི་ཟས་བཟའ་བར་བྱའོ། །ཞེས་པ་ནས་བཙུན་པ་རབ་འབྱོར་དགེ་སྦྱོང་གི་ཆོས་ནི་གནས་མ་མཆིས་པ། གནས་པར་མི་བགྱི་བ་ལགས་ཏེ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ནི་མི་འཁྲུག་ལགས་སོ། །དེ་ནས་ཉན་ཐོས་ཆེན་པོ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་དང་། བྲམ་ཟེ་ལྔ་བརྒྱ་ཙམ་པོ་དེ་དག་དང་། བུ་མོ་དྲི་མ་མེད་ཀྱི་བྱིན་གྱིས། རྒྱལ་པོ་གསལ་རྒྱལ་དང་། དེ་ལས་གཞན་པ་སྐྱེ་བོ་ཕལ་པོ་ཆེ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་བསྟན་པ་ལ། ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་གྱིས་བསྡུས་དོན་བསྟན་པ་དང་། སྟོན་པས་ལན་གྱི་སྒོ་ནས་ཚིག་དོན་བསྟན་པ་དང་གཉིས་ལས། དང་པོ་ནི། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལ་ལན་སྟོང་སྐོར་བ་བྱས་ཏེ་གོས་ཕྲག་པ་ཅིག་ཏུ་དགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚིགས་སུ་བཅད་པའི་དབྱངས་ཀྱི་ཞུ་བ་ཞུས་པ། ཏིང་འཛིན་སྟོབས་ལྡན་གྲགས་པ་མཐའ་ཡས་མངའ། འཇིག་རྟེན་མགོན་པོ་བདུད་རྩི་དགའ་རྩོལ་བ། མཚུངས་མེད་ཡེ་ཤེས་བདེ་གཤེགས་ཁྱོད་ལ་ཞུ། བྱང་ཆུབ་སེམས་དཔའ་ཇི་ལྟར་སྤྱད་པ་སྤྱོད། ཇི་ལྟར་ཤིང་དབང་དྲུང་མཆིས་བདུད་རྣམས་འཇོམས། ཇི་ལྟར་རིར་བཅས་པ་རྣམས་གཡོ་བར་བགྱིད། གྲགས་པ་མཐའ་ཡས་ཇི་ལྟར་འོད་ཟེར་གཏོང་། བྱང་ཆུབ་སྤྱོད་ཚུལ་ལེགས་པར་བཤད་དུ་གསོལ།

(༡༩༢)སངས་རྒྱས་ནོར་གྱི་གཟུངས་ནི་ཇི་ལྟར་འཐོབ། ཏིང་འཛིན་ཞི་བ་དམ་པ་ཇི་ལྟར་སྒོམ། མི་ཡིས་རྫུ་འཕྲུལ་སྟོབས་ནི་ཇི་ལྟར་འཐོབ། སེམས་ཅན་རིན་ཆེན་རྣམས་ཀྱི་སྤྱོད་པ་གསུངས། གང་གིས་དྲན་དང་རྟོགས་དང་བློ་གྲོས་འགྱུར། སྤོབས་པ་མཛེས་དང་ལྡན་པར་གང་གིས་འགྱུར། གང་དང་རབ་ཏུ་ལྡན་ན་འཁོར་ནང་དུ། སྙན་ཅིང་ཤིན་དུ་མཛེས་པར་སྨྲ་བར་བགྱིད། གང་གིས་མི་ནི་ཚེ་རབས་ལྡན་པར་འགྱུར། དྲི་མ་མ་མཆིས་ལྷའི་མིག་ཀྱང་འཐོབ། ལྷ་རྣ་འཐོབ་ཅིང་ཕ་རོལ་སེམས་ཚུལ་རིག །རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བརྒྱར་ཡང་མཆི། ཇི་ལྟར་སྦྱིན་པ་གཏོང་ལ་བརྩོན་པར་འགྱུར། རྟག་ཏུ་ཚུལ་ཁྲིམས་དག་ཅིང་བཟོད་ལ་དགའ། ཇི་ལྟར་བརྩོན་འགྲུས་བསམ་གཏན་མཁས་པར་འགྱུར། ཤེས་རབ་ལ་ཡང་ཇི་ལྟར་ཤིན་དུ་བརྩོན། མངལ་གྱི་གནས་ནི་ཇི་ལྟར་རྣམ་ཡངས་ནས། པད་མ་ལས་ནི་རྟག་ཏུ་རྫུས་ཏེ་སྐྱེ། སངས་རྒྱས་རྣམས་ཀྱི་སྤྱན་སྔར་མཆིས་པར་བགྱིད། བདག་མེད་སྟོང་པ་ཉིད་ཀྱི་སྒྲ་ཡང་བརྗོད། ཇི་ལྟར་དེ་ཡིད་དགའ་དང་མི་དགའ་མཚུངས། སྲེད་པ་སྤངས་ཤིང་ཐ་བ་ཞེ་སྡང་སྤོང་། མཐོ་བར་མི་སེམས་དམའ་བར་སེམས་མ་མཆིས། སེམས་བརྟན་གཡོ་བ་མ་མཆིས་རི་རབ་མཚུངས། རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་དང་། ཇི་ལྟར་འཇིག་རྟེན་ཆོས་རྣམས་ཟིལ་མནན་ནས། འཇིག་རྟེན་ཀུན་ན་ཟླ་བ་ལྟ་བུར་སྤྱོད། ང་ཡིས་མ་མཆིས་ཚུལ་འཆོས་གཡོ་མ་མཆིས། ཇི་ལྟར་རྡུལ་བྲལ་ང་རྒྱལ་རྒྱགས་པ་སྤོང་། ཞི་དང་རབ་ཏུ་ཞི་དང་ཞི་གནས་བརྩོན། བློ་ལྡན་ཇི་ལྟར་ཡེ་ཤེས་མཆོག་ཏུ་འགྱུར། ཆུང་མ་བུ་ནོར་མང་ལ་དགའ་མ་མཆིས། ཇི་ལྟར་བས་མཐའ་མལ་ལ་མངོན་པར་དགའ། རྟག་ཏུ་བྱ་དང་མཚུངས་ཤིང་ཟླ་བ་འདྲ། ཇི་ལྟར་ཆོས་

(༡༩༣)ཀྱི་ནོར་ལ་དགའ་ཞིང་མོས། ཆུ་དང་མཚུངས་ཤིང་ས་འདྲ་རླུང་དང་མཚུངས། མཁས་པ་ཇི་ལྟར་མེ་དང་འདྲ་བར་འགྱུར། རྟག་ཏུ་ཅི་ཡང་མ་མཆིས་མི་རྟོགས་ལགས། མཉམ་པ་ཉིད་ལ་དགའ་ཞིང་ནམ་མཁའ་མཚུངས། ཇི་ལྟར་དྲག་ཏུ་ཆོས་ནི་སྤོང་མི་བགྱིད། བདག་འདོར་བགྱིད་ཀྱི་ཆོས་མཆོག་ཡོངས་མི་གཏོང་། འཇིག་རྟེན་དག་ཏུ་སྟོན་པའི་སེམས་བསྐྱེད་ནས། ཇི་ལྟར་གནས་ཏེ་བྱང་ཆུབ་འཇུག་པར་བགྱིད། ཞིང་གི་བཀོད་པ་ཇི་ལྟར་གནས་པར་འགྱུར། དགེ་འདུན་དག་པར་ཇི་ལྟར་འགྱུར་བ་ལགས། ཇི་ལྟར་དུས་གསུམ་དུ་ཡང་ཆོས་ཐོས་ཤིང་། ཇི་ལྟར་ཚེ་རིངས་སེམས་ཅན་བདེ་བར་འགྱུར། རྟག་ཏུ་སྲེད་པ་འགོག་པའི་ཕ་རོལ་སོན། དགྲ་བཅོམ་དུལ་བར་བདེན་བཞི་ཇི་ལྟར་མཐོང་། སེམས་ཅན་བརྒྱ་དག་བྱང་ཆུབ་འཇོག་པར་བགྱིད། སྤྱོད་ཅིང་རྟག་ཏུ་དགའ་མོས་ཇི་ལྟར་འགྱུར། གང་གིས་ཤིན་དུ་མཛེས་པར་འགྱུར། རྫུས་ཏེ་སྐྱེ་བར་གང་གིས་འགྱུར། ལོངས་སྤྱོད་ཆེ་དང་ཤེས་རབ་ཆེ། ཀུན་མཁྱེན་རྟོགས་པར་ཁོང་དུ་ཆུད། གང་གིས་སུམ་བཅུ་རྩ་གཉིས་མཚན། དཔེ་བྱད་བཟང་པོ་བརྒྱ་བཅུ་འཐོབ། བསོད་ནམས་ཀུན་ལ་མཁས་པ་ལགས། སྤོབས་པ་གང་གིས་སྐྱེ་བར་འགྱུར། ཞིང་ནི་ཇི་ལྟར་དག་འགྱུར་ལགས། དགེ་སློང་དགེ་འདུན་ཕུན་སུམ་ཚོགས། གང་དུ་དེ་ཡིས་སྨོན་བཏབ་པ། དེ་ནི་ཇི་ལྟར་སྐྱེ་འགྱུར་ལགས། ཚེ་རབས་དྲན་པར་ཇི་ལྟར་འགྱུར། ཇི་ལྟར་སངས་རྒྱས་རྣམས་དང་མཇལ། བསྐལ་པ་བྱེ་བ་སྟོང་རྣམས་སུ། ངན་འགྲོད་འཆི་བར་མི་འགྱུར་མི་ལགས། རྣམ་པར་འདྲེན་པ་ཇི་ལྟར་ན། མདོག་དང་གཟི་བརྗིད་སྙན་གྲགས་འཐོབ། སྟོབས་དང་མཐུ་དང་བརྩོན་འགྲུས་རྣམས། ཇི་ལྟར་ཐུབ་པར་མི་འགྱུར་ལགས། ཇི་ལྟར་སངས་རྒྱས་ཆོས་དང་ཡང་། དགེ་འདུན་ལ་ནི་སྐྱབས་སུ་མཆི། ལུས་དང་

(༡༩༤)སྲོག་ནི་གཏོང་བགྱིད་ཀྱི། དེ་དག་ཆོས་ནི་འདོར་མི་བགྱིད། བྱང་ཆུབ་སྤྱད་པ་སྤྱོད་བགྱིས་ཅིང་། ཐེ་ཚོམ་མ་མཆིས་ཇི་ལྟར་འགྱུར། འགྱོད་པ་ཐམས་ཅད་སྤངས་ནས་སུ། །སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན། ཁྱོད་ལ་མི་མཁྱེན་ཅང་མི་མངའ། ཐུབ་ཆེན་ཁྱོད་ནི་ཐམས་ཅད་མཁྱེན། བྱང་ཆུབ་སེམས་དཔའི་སྤྱོད་གང་ལགས། གོ་རིམས་བཞིན་དུ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་སྟོན་པས་ལན་གྱི་སྒོ་ནས་ཚིག་དོན་བསྟན་པ་ལ་ཆོས་བཞི་བཞི་བསྒྲུབ་པའི་ཚུལ་བཅྭ་བརྒྱད་ཀྱིས་ལན་དངོས་དང་། མཽ་གལ་གྱི་བུས་དྲིས་པའི་ལན་དང་། མ་འོངས་པ་ན་སངས་རྒྱ་བའི་བདེན་པའི་སྟོབས་བརྗོད་པས། ས་གཡོ་བ་དང་། མེ་ཏོག་ཆར་འབབ་པ་དང་། སྐྱེས་པར་བསྒྱུར་བ་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་པའི་རྒྱུ་ཀུན་དགའ་བོས་དྲིས་པས། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱི་བྱིན་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། བྲམ་ཟེ་ཚངས་པའི་ལྷ་ལ་སོགས་པས་ཉེས་པ་བཤགས་ཏེ། བྱང་ཆུབ་ཏུ་སེམས་སྐྱེད་དེ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་རྣམས་ནི་བཅོམ་ལྡན་འདས་ཀྱིས་བུ་མོ་དྲི་མ་མེད་ཀྱིས་བྱིན་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །བུ་མོ་ལེགས་སོ་ལེགས་སོ། །བུ་མོ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ནི་ཁྱོད་ཡང་ལེགས་སོ། །བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་རྩལ་ཏོ། །བུ་མོ་བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན། བདུད་འདུལ་བར་བྱེད་དེ། བཞི་གང་ཞེ་ན། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། ཕྲ་མའི་ཚིག་ཡོངས་སུ་སྤོང་བ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་

(༡༩༥)བ་འཛིན་དུ་འཇུག་པ་དང་། སྒྲིབ་པ་མེད་པ་མེད་པའི་བྱམས་པ་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་འདུལ་བར་བྱེད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་རྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕུལ་བ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ། ལེན་ཏམ། འཛིན་ཏམ། འཆང་ངམ་། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་འདིས་ནི་བྱང་ཆུབ་འཐོབ་པར་བྱེད་པའི་ཕྱིར་རོ། །ཞེས་པས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྔ་རབས་པ་འགའ་ཞིག །མདོ་རྣམས་ཀྱི་གླེང་གཞི་ལས་འབྱུང་བའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལྷའི་བུ་དང་ཁྱིམ་པའི་རྟགས་ཅན་ཡིན་ནོ། །སྙམ་དུ་སེམས་དཔའ་དེ་ལྟ་མི་ལྟ་སྟེ་དེ་དག་ནི། མིའི་རྟེན་ཅན་དང་། རབ་ཏུ་བྱུང་པའི་རྟགས་ཅན་ཡིན་ཏེ། དཔེར་ན་མདོ་འདི་ཉིད་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་དང་། རིན་པོ་ཆེའི་ཏོག་དང་། མཐོང་བ་དོན་ཡོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ནས་ལྷུང་བཟེད་ཐོགས་ཏེ།

(༡༩༦)བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན་ཞུགས་ནས་ཞེས་གསུངས་པ་དང་། བུ་མོ་བློ་གྲོས་བཟང་མོ་དང་། བུ་མོ་མྱ་ངན་མེད་ཀྱིས་བྱིན་གཉིས་བདེན་པའི་སྟོབས་ཀྱིས་དགེ་སློང་དུ་བསྒྱུར་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། དྲི་མ་མེད་ཀྱིས་བྱིན་པ་ལྟར། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་བཞི་པ་སྟེ། འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་གོ་སླའོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེའི་ཚེ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་གྲོང་ཁྱེར་ཡངས་པའི་ལི་ཙ་བྱི་གཞོན་ནུ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་འདུག་གོ །ཞུ་བ་པོས་ཞུས་པའི་སྐབས་ཕྱེ་བར་གསོལ་ཞིང་། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ། ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་ཞུས་

(༡༩༧)ཤིག །ཞུ་བ་པོ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་དངོས་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟར་ན་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ་འཚོ་ཞིང་བཞེས་པ་དེ་རྣམས་ཀྱི་མཚན་བཟུང་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ད་ལྟ་བཞུགས་ལགས་སམ་དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །ལན་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལེགས་སོ་ལེགས་སོ། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཁྱོད་ད་ལྟར་དང་། མ་འོངས་པའི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་རྩེ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་བར་སེམས་པ་ནི། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཁྱོད་ཡང་ལེགས་སོ། །དེའི་ཕྱིར་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མཚན་རྣམས་གཟུང་པའི་ཕན་

(༡༩༨)ཡོན་རྣམས་ཀྱིས་བསྟན་ཏོ། །བསྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་དཔལ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་མེད་བཀོད་པའི་ཡང་དག་པར་སྤྱོད་པའི་བློ་ལ་ཕྱག་འཚལ་ལོ། །ཤར་ལྷོའི་འཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྟོང་བསྒྲགས་པའི་སྒྲ་སྐད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཀྱི་ཕྱོགས་འཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་མཆོག་འོད་དཔལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །ནུབ་བྱང་འཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོ་རྣམས་མང་དཔལ་སྣང་ལ་ཕྱག་འཚལ་ལོ། །བྱང་ཤར་འཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་ལ་ཕྱག་འཚལ་ལོ། །སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་པོ་དང་། ནམ་མཁའ་ངེས་པར་སྒྲོགས་པ་བཀོད་པའི་འོད་ལ་ཕྱག་འཚལ་ལོ། །འོག་གི་ཕྱོགས་འཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་འཕྲུལ་པའི་གཟི་བརྗིད་ཀྱི་འོད་ལ་ཕྱག་འཚལ་ལོ། །ཞེས་སོགས་

(༡༩༩)ཀྱིས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ཡིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་ཐ་མའི་མདོ་གཞན་མ་རྣམས་དང་མཚུངས་སོ། །རྒལ་ལན་ནི། འགའ་ཞིག་གི་བསམ་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོར་ཞུགས་པའི་བྱང་ཆུབ་སེམས་དཔའི་ལམ་བསྒྲོད་པ་ལ་དུས་བསྐལ་པ་གྲངས་མེད་པ་གསུམ་ངེས་པ་ཁོ་ནར་དགོས་མཉམ་དུ་སེམས་པ་ནི། དེ་ལྟར་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་རོ་རོ་ཐོས་པས་ཀྱང་བསྐལ་པ་དཔག་ཏུ་མེད་པའི་འཁོར་བ་ཕྱིར་བསྙིལ་།།།བར་གསུངས་པ་དང་། དེ་བཞིན་གཤེགས་པ་འགའ་ཞིག་གིས་མཚན་གཟུང་བ་ཙམ་གྱིས་སྐྱེ་བ་ཅིག་གིས་ཐེགས་།།།པའི་བྱང་ཆུབ་སེམས་དཔར་གསུངས་པའི་ཕྱིར་རོ། །དགེ་བས་འགྲོ་བ་ཐམས་ཅད་ཀྱིས། སངས་རྒྱས་ཀུན་གྱི་མཚན་འཛིན་ཅིང་། མཛད་པ་ཀུན་ལ་བསླབས་བྱས་ཏེ། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་ལྔ་པ་སྟེ། འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་རྣམས་གོ་སླའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། ཡང་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །

(༢༠༠)ལྷའི་བུ་དཔལ་བཟང་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པས་བསྟན་ཏེ། སྟོན་པས་ཞུ་བ་པོ་ལ་ཆོས་སྨྲ་བར་བསྐུལ་བ་སོགས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་རྩལ་པ། འཇམ་དཔལ་ངས་ཁྱོད་ལ་བསྐུལ་གྱིས། ཁྱོད་ཀྱིས་ཆོས་དང་ལྡན་པའི་གཏམ་ལས་བརྩམས་ཏེ། ལྷའི་འཁོར་འདི་དང་བྱང་ཆུབ་སེམས་དཔའ་འདི་དག་ལ་སྤོབས་པར་བགྱིས་ཤིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གི་ཅི་ལས་བརྩམས་ཏེ་སྤོབས་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། འཇམ་དཔལ་ཁྱོད་ཀྱི་སངས་རྒྱས་ཀྱི་ཡུལ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག་ཅེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་པའོ། །ཆོས་འདིའི་དགོས་པའི་དོན་ནི། འཇམ་དཔལ་གྱིས་བསྟན་པ་ལྟར། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་དང་། དགའ་ལྡན་གྱི་ལྷའི་བུ་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཇི་ལྟར་བསྟན་པ་ལྟར་ཉམས་སུ་བླངས་ཏེ། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། འཇམ་དཔལ་དང་བཅོམ་ལྡན་འདས་ཀྱི་དྲི་ལན་གྱིས་སངས་རྒྱས་ཀྱིས་ཡུལ་བསམ་གྱིས་མི་ཁྱབ་པར་བསྟན་པ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། འཇམ་དཔལ་གྱི་དྲི་ལན་གྱིས་ལས་དང་པོ་ལ་ཟབ་མོའི་གཏམ་མི་བཅའ་བར་བསྟན་པ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་འཇམ་དཔལ་གྱི་དྲི་ལན་གཉིས་པས་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་དང་ཐབས་ལ་མཁས་པས་སྲིད་ཞི་ལ་མི་གནས་པར་བསྟན་པ་དང་། རབ་འབྱོར་དང་དགེ་སློང་རྣམས་ཀྱིས་དྲི་ལན་གྱིས་ཟབ་མོ་སྟོང་པ་ཉིད་མ་རྟོགས་པའི་གང་ཟག་རྣམས་ལྷག་པའི་ང་རྒྱལ་ཅན་དུ་བསྟན་པ་དང་། ལྷའི་བུ་དཔལ་བཟངས་ཀྱིས། འཇམ་དཔལ་དགའ་ལྡན་དུ་གཤེགས་པར་གསོལ་བས། གནས་དེ་ཉིད་

(༢༠༡)ནས་མ་གཡོས་བཞིན་དུ་འཇམ་དཔལ་འཁོར་དང་བཅས་པ་དགའ་ལྡན་དུ་སླེབས་པར་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཆོ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་པར་གསུངས་པ་ན། བདུད་ཀྱིས་འཇམ་དཔལ་གྱི་ཆོ་འཕྲུལ་མཐོང་བར་གསོལ་བ་ན། འཇམ་དཔལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་བསྟན་ཏེ། བདུད་དད་པ་སྐྱེས་ནས་བསྟན་པ་བསྲུང་བའི་གསང་སྔགས་ཀྱི་ཚིག་ཕུལ་བ་དང་། ལྷའི་བུ་དཔལ་བཟངས་ཀྱིས་དགའ་ལྡན་དུ་ཕྱིན་ཏེ། འཇམ་དཔལ་འབྱོར་པའི་གཞལ་ཡས་ཁང་དང་། གདན་སོགས་བཀོད་པ་ཆེན་པོ་སྤྲུལ་པ་དང་། འཇམ་དཔལ་འཁོར་བཅས་དེ་ཉིད་དུ་གཤེགས་ཏེ། ལྷ་རྣམས་ལ་ཆོས་སྟོན་པ་དང་། ལྷའི་བུ་དཔལ་བཟངས་གྱིས་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་ག་ན་ཡོད་དྲིས་ཤིང་བསྟན་པར་ཞུས་པས། འཇམ་དཔལ་གྱི་ཞིང་དེ་ཉིད་དང་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་འཁོར་བཅས་བསྟན་པ་དང་། ཞིང་དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་དང་བཅས་པ་འོངས་ཏེ། འཇམ་དཔལ་དང་ཐུབ་པའི་དབང་པོའི་སྤྱན་སྔར་འོངས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། འཇམ་དཔལ་གྱིས་ནི་བསྟན་པ་ལྟར། ཟབ་ཅིང་རྒྱ་ཆེར་ཀུན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་དྲུག་པ་སྟེ། འཕགས་

(༢༠༢)པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་གོ་སླའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་བལྟས་ཏེ་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་དང་། ཞུ་བ་པོ་བྱུང་པའི་ཚུལ་ལ་བཞི་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་མོངས་པ་མེད་པ་དང་སེམས་མེད་ཅིང་སེམས་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་འཁོར་བསྡུ་བའི་བསམ་པས་ཀུན་ཏུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོད་ཟེར་སྐྱེ་བས། བྱང་ཆུབ་སེམས་དཔའི་འཁོར་རྣམས་བསྡུས་པའི་ཚུལ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་འཕྲུལ་དང་ལུས་བཤིག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་གྱི་རྒྱུ་འོད་བསྲུང་གིས་དྲིས་པའི་ལན་དང་། ཏིང་ངེ་འཛིན་གྱི་རྒྱུ་འོད་བསྲུང་གིས་དྲིས་པའི་ལན་དང་། གནས་བརྟན་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་ལུས་བཤིག་པའི་ཏིང་ངེ་འཛིན་ལ་བརྟགས་ཀྱང་མ་རྟོགས་པའི་ཚུལ་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཆེ་བ་བསྟན་པ་དང་། འཇམ་དཔལ་གྱི་སྤྲུལ་པ་བསྐྱེ་སྟེ་ལྷའི་འཁོར་སོགས་བསྡུས་ཤིང་། འཇམ་དཔལ་གྱི་ལྷའི་བུ་བློ་གྲོས་རབ་གནས་ཐེག་པ་ཆེན་པོའི་སྣོད་དུ་རུང་བར་རྟོགས་ནས་གླེངས་པ་དང་། འཇམ་དཔལ་གྱིས་བདུད་བཏུལ་ཏེ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པ་དང་བཞི་ལས། དང་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་མོངས་པ་མེད་པ་དང་། སེམས་མེད་ཅིང་སེམས་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱིས་འཁོར་བསྡུ་བའི་བསམ་པས་ཀུན་ཏུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་

(༢༠༣)ལ་སྙོམས་པར་ཞུགས་ཏེ། འོད་ཟེར་བཀྱེ་བས་བྱང་ཆུབ་སེམས་དཔའི་འཁོར་རྣམས་བསྡུས་པའི་ཚུལ་ནི། དེའི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་པར་རང་གི་གནས་ན་འདུག་པ་ཅིག་པོ་དབེན་པར་གྱུར་ཅིང་ནང་དུ་ཡང་དག་འཇོག་ལ་ཞུགས་པ། ཉོན་མོངས་པ་མེད་པ། སེམས་མེད་ཅིང་སེམས་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དྲན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་སོ། །འཇམ་དཔལ་གཞོན་ནུར་ལ་ལངས་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམ་པ་དྲུག་ཏུ་གཡོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་དེ་ལས་ལངས་ནས། འདུ་ཤེས་ཀྱི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་འདི་ལྟ་བུ་འདི་སྐྱེས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི། བརྒྱ་ལ་བརྒྱ་ལམ་ན་ཏེ་འདི་ལྟ་སྟེ། དཔེར་ན་ཨུ་དུམ་བ་རའི་མེ་ཏོག་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བ་དེ་བཞིན་དུ་གང་དག་སྐྱེ་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ཞི་བ་བསལ་བ། རྟག་ཏུ་མེད་པ། རྟོག་གེ་ས་དང་བྲལ་བ། ཟབ་པ་ཤེས་པར་དཀའ་བའི་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྒྱ་ལ་རྒྱ་ལམ་ན་འཇིག་རྟེན་ཏུ་འབྱུང་ངོ་། །སངས་རྒྱས་འབྱུང་བ་མེད་ན་ནི། ཆོས་ཡང་མཉན་པ་ཡང་མེད་དོ། །ཆོས་མཉན་པ་མེད་ན་ནི་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་ཟད་པ་ཡང་མེད་པས་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྤྱན་སྔར་སོང་སྟེ། ཞུ་བ་ཞུས་པ་ཇི་ལྟ་བུ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དག་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་མི་འཇེད་འདིའི་སེམས་ཅན་འདུས་དག་ནི་འདོད་ཆགས་ཆེ་བ། ཞེ་སྡང་ཆེ་བ། གཏི་མུག་ཆེ་བ། དཀར་པོའི་ཆོས་དང་བྲལ་བ། མི་དགེ་བའི་ཆོས་དང་ལྡན་པ། གླེན་པ། བླུན་པ། མི་གུས་པ། སངས་རྒྱས་དང་བྲལ་

(༢༠༤)བ། ཆོས་དང་བྲལ་བ་དགེ་འདུན་དང་བྲལ་ཤ་སྟག་ཡིན་པས་ཅི་ནས་ཀྱང་སེམས་ཅན་འདི་དག་གིས་ཆོས་ཐོས་ནས་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་བ་དེ་ལྟ་བུའི་ཞུ་བ་ཞུའོ་སྙམ་མོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་སེམས་ཏེ། བདག་གིས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པ་ལ་ཆོས་ཉན་པར་འགྱུར་བ་དང་། གང་དག་ཟབ་མོའི་བཟོད་པ་འདི་ལ་ལུས་ཀྱི་མངོན་དུ་བྱེད་པར་འགྱུར་བ་འབུམ་ཕྲག་མང་པོ་དག་ཀྱང་བསྡུ་བར་བྱའོ་སྙམ་མོ། །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་ཀུན་ཏུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་འང་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ་པ་དེ་དག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐོབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་ལུས་མི་སྣང་བར་བྱས་ཏེ། ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་རང་གི་སྨོན་ལམ་ལས་བྱུང་བའི་པད་མ་ཁ་དོག་སྣ་ཚོགས་འདབ་མ་འབུམ་ཕྲག་དུ་མ་དང་ལྡན་པའི་པད་མའི་སྙིང་པོ་དག་ལས་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོ་འཕྲུལ་དང་། ལུས་བཤིག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ནི། འོད་བསྲུངས་གིས་དྲི་བའི་ལན་དང་། ཏིང་ངེ་འཛིན་གྱི་རྒྱུ་འོད་བསྲུངས་གིས་དྲིས་པའི་ལན་

(༢༠༥)དང་། གནས་བརྟན་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་ལུས་བཤིག་པའི་ཏིང་ངེ་འཛིན་ལ་བརྟགས་ཀྱང་མ་རྟོགས་པའི་ཚུལ་དང་། བཅས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཆེ་བ་བསྟན་པ་ནི། དེ་ནས་གནས་བརྟན་འོད་བསྲུང་ཆེན་པོའི་ཆོས་ཀྱི་ཆོ་འཕྲུལ་ཆེན་པོ་ངོ་མཚར་སྨད་དུ་བྱུང་པ་དེ་དང་། མེ་ཏོག་གི་ཆར་དང་། སྤོས་ཀྱི་ཆར་དང་། ཕྱེ་མའི་ཆར་དེ་དག་དང་། སིལ་སྙན་འབུམ་ཕྲག་མང་པོ་སྒྲ་འབྱིན་པ་དེ་དག་དང་། སྣང་བ་ཆེན་པོ་དེ་ཡང་མཐོང་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་ཁམས་འདི་མེ་ཏོག་དག་གིས་པུས་མོ་ནུབ་ཙམ་དུ་ཕེབས་པར་གྱུར་པ་ཡང་མཐོང་། འཁོར་ཕལ་པོ་ཆེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་ཐམས་ཅད་ཀྱིས་ལུས་གསེར་གྱི་ཁ་དོག་ལྟ་བུར་སྣང་བ་དག་ཀྱང་མཐོང་ངོ་། །དེ་ནས་གནས་བརྟན་འོད་བསྲུངས་ཆེན་པོ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ་ཞེས་པ་ནས། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་མང་བ་ཡིན་ནམ་གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཡོངས་སུ་བརྟག་པའི་ཕྱིར་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་དགེ་སློང་རབ་འབྱོར་དང་། ཤཱ་རིའི་བུ་དང་། འོད་བསྲུངས་ཆེན་པོ་ཅི་འདྲ་བ་དེ་ལྟ་བུའི་ཤེས་པ་དང་ལྡན་པར་འགྱུར་ལ། རབ་འབྱོར་ཉན་ཐོས་ཆེན་པོ་དེ་ལྟ་བུ་དེ་དག་གིས་བྱང་ཆུབ་

(༢༠༦)སེམས་དཔའ་དེ་དག་ལྟ་བའི་ཕྱིར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་བརྟགས་ཀྱང་མཐོང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཆོས་གང་དག་ལ་སྤྱོད་པ་དེ་དག་ལས་མི་སྤྱོད་པའི་ཕྱིར་ཏེ། རབ་འབྱོར་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གནས་མ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་རྣམས་ལས་སྲོག་ཆགས་བརྒྱ་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་འཇམ་དཔལ་གྱི་སྤྲུལ་པ་བཀྱེ་སྟེ་འཁོར་སོགས་བསྡུས་ཤིང་། འཇམ་དཔལ་གྱིས་ལྷའི་བུ་བློ་གྲོས་རབ་གནས་ཐེག་པ་ཆེན་པོའི་སྣོད་དུ་རུང་བར་རྟོགས་ནས་གླེངས་པའི་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་གནས་དེ་ཉིད་ན་འདུག་པ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་འདི་དག་འདུས་ཀྱིས། བདག་གི་ལྷ་འབུམ་ཕྲག་མང་པོ་དག་ཀྱང་བསྡུ་བར་བྱའོ་སྙམ་མོ་ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེང་དེ་བཞིན་གཤེགས་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལྷའི་བུ་བློ་གྲོས་རབ་གནས་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྲུབ་པའི་ཕྱིར་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཞུ་ཞིང་ཞུ་བླག་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་སྐད་ཅེས་བཀའ་རྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་འཇམ་དཔལ་གྱིས་བདུད་བཏུལ་ཏེ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པ་ནི། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་འཁོར་འདུས་པ་འདི་ན་མི་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། ཤཱ་རིའི་བུ་ཁྱོད་རེ་

(༢༠༧)ཞིག་གདོད་ཅིག་དང་། འཇམ་དཔལ་གཞོན་ནུར་གྱུར་པ། དེ་རྒྱུ་དེ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་དང་། བདུད་ཀྱི་གནས་ཐམས་ཅད་དང་། བདུད་ཐམས་ཅད་ཟིལ་གྱིས་གནོན་ཅིང་བཀོད་པ་ཆེན་པོས་དེ་བཞིགས་པ་ག་ལ་བ་དེར་འོང་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་འཁོར་འདི་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་འདོད་ཀྱིས་ཁྱོད་ཀྱིས་སྟོན་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ཆོས་དང་ཆོས་འཕགས་དང་ཆོས་ཀྱི་བློ་གྲོས་དང་། ཉི་མ་དང་བདུད་ཀྱི་མཚོན་ཆ་དང་། འཇམ་དཔལ་དང་། སྡིག་པ་ཞི་བ་དང་། ཞི་བ་བསྲུང་བ་དང་། རྣམ་རྒྱལ་བསྲུང་བ་དང་། ཆོས་རྒྱལ་རྣམ་སྒྲགས་དང་། དེ་དག་དང་བྱང་ཆུབ་སེམས་དཔའ་གཞན་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཁྱེད་ཅག་གི་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ན་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱི་འདྲ་བ་དེ་ལྟ་བུར་ཁྱེད་ཅག་རང་རང་གི་ལུས་སྟོན་ཅིག །འཇམ་དཔལ་གཞོན་ནུར་གྱུར་པས་ཚིག་དེ་དག་སྨྲས་མ་ཐག་ཏུ། དེ་ནས་དེའི་མདོ་ལ་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ལངས་ནས་ཀྱང་རང་རང་གི་ལུས་དག་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ལུས་ནི་རི་རབ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་བརྒྱད་ཁྲི་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་བདུན་ཁྲི་དང་། དྲུག་ཁྲི་དང་། ལྔ་ཁྲི་དང་། བཞི་ཁྲི་དང་། སུམ་ཁྲི་དང་། ཉི་ཁྲི་དང་། ཁྲི་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་སྟོང་དང་། བཞི་སྟོང་དང་། གསུམ་སྟོང་དང་། ཉིས་སྟོང་དང་། སྟོང་ཙམ་མོ། །ཁ་ཅིག་གི་ལུས་ནི། དཔག་ཚད་ལྔ་བརྒྱ་དང་། བཞི་བརྒྱ་དང་། སུམ་བརྒྱ་དང་། ཉིས་བརྒྱ་དང་། བརྒྱ་ཙམ་མོ། །ཁ་ཅིག་

(༢༠༨)གི་ལུས་ནི་དཔག་ཚད་ལྔ་བཅུ་དང་། བཞི་བཅུ་དང་། སུམ་བཅུ་དང་། ཉི་ཤུ་དང་། བཅུ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ཙམ་མོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ལུས་ནི་འཇིག་རྟེན་གྱི་ཁམས་མི་འཇེད་འདིའི་སེམས་ཅན་རྣམས་ཀྱི་ལུས་ཇི་ཙམ་པར་ཁྲུ་ཕྱེད་དང་བཞི་ཙམ་སྟེ། དེ་དག་གི་ལུས་དེ་ལྟ་བུ་དག་ཀུན་ཏུ་སྣང་ངོ་། །དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གང་དུ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་ཤ་སྟག་གིས་ཁྱབ་པར་མ་གྱུར་པའི་ས་ཕྱོགས་ནི་ཐ་ན་ཁར་བ་གཟུགས་པའི་ལྟོས་ཙམ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་འོད་ཀྱིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་དག་སྣང་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་ཞུས་པ་དང་། སྟོན་པས་སྐབས་དབྱེ་བ་དང་ཞུ་བ་པོས་ཉན་པར་གསོལ་བ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་ཞེས་པ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི་ན། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱི་དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །དེའི་ལན་བསྟན་པ་སོགས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །འཇམ་དཔལ་ཆོས་ཐམས་ཅད་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འཇམ་དཔལ་གང་དག་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཐམས་ཅད་པོ་དེ་དག་གང་ཞེ་ན། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔས་མིག་རྟོགས་པར་

(༢༠༩)བྱེད་དོ། །རྣ་བ་རྟོགས་པར་བྱེད་དོ། །སྣ་རྟོགས་པར་བྱེད་དོ། །ལྕེ་རྟོགས་པར་བྱེད་དོ། །ལུང་རྟོགས་པར་བྱེད་དོ། །ཡིད་རྟོགས་པར་བྱེད་དོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་མིག་རྟོགས་པར་བྱེད། ཇི་ལྟར་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྟོགས་པར་བྱེད་ཅེ་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་མིག་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ །གཟུགས་རྣམས་དང་སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སྟོང་པ་ཉིད་དག་ཏུ་རྟོགས་པར་བྱེད་དོ། །མཚན་མ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །སྨོན་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འདོད་ཆགས་དང་བྲལ་བ་དག་ཏུ་རྟོགས་པར་བྱེད་དོ། །ཞི་བ་དག་ཏུ་རྟོགས་པར་བྱེད་དོ། །དབེན་པ་དག་ཏུ་རྟོགས་པར་བྱེད་དོ། །དངོས་པོ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །གཡོ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །སྐྱེ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འོང་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འགྲོ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །ངོ་བོ་ཉིད་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །བདག་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །རྣམ་པར་རིག་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །ཤེས་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །མཐོང་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །མི་སྐྱེས་པ་དག་ཏུ་རོགས་པར་བྱེད་དོ། །སྤྲོས་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །བདག་གི་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །རྟོག་པས་ཀུན་ནས་བསླང་བ་དག་ཏུ་རྟོགས་པར་བྱེད་དོ། །རྣམ་པར་རྟོག་པས་ཀུན་ནས་སླང་བ་དག་ཏུ་རྟོགས་པར་བྱེད་དོ། །

(༢༡༠)རྟེན་ཅིང་འབྲེལ་པར་འབྱུང་བ་དག་ཏུ་རྟོགས་པར་བྱེད་དོ། །སྒྱུ་མ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །རྨི་ལམ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །མིག་ཡོར་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །བྲག་ཆ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །ཆུ་ཤིང་གི་སྙིང་པོ་ལྟ་བུར་རྟོགས་པར་བྱེད་དོ། །རིང་དུ་མི་གནས་པ་དག་དང་། སྙིང་པོ་མེད་པ་དག་དང་། གསོག་དག་དང་། གསོབ་དག་ཏུ་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་འདོད་ཆགས་རྟོགས་པར་བྱེད་དོ། །ཞེ་སྡང་རྟོགས་པར་བྱེད་དོ། །གཏི་མུག་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་གིས་ཡོངས་སུ་རྟོག་པས་ཀུན་ནས་བསླངས་པ་ཡིན་པར་རྟོགས་པར་བྱེད་དོ། །ཡོངས་སུ་རྟོག་པ་དེ་དག་ཀྱང་སྟོང་པ་དག་དང་། མེད་པ་དག་དང་། དངོས་པོ་མེད་པ་དག་དང་། སྤྲོས་པ་མེད་པ་དག་དང་། རྣམ་པར་རིག་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་པས་འདོད་པའི་ཁམས་རྟོགས་པར་བྱེད་དོ། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། བདག་མེད་པ་དང་སྟོང་པ་དང་། དབེན་པའི་རྣམ་པར་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་འདི་དག་ནི་འདོད་ཆགས་ལ་སྤྱད་པའོ། །འདི་དག་ནི་ཞེ་སྡང་ལ་སྤྱད་པའོ། །འདི་དག་ནི་གཏི་མུག་ལ་སྤྱོད་པའོ། །འདི་དག་ནི་ཆ་མཉམ་པ་ལ་སྤྱད་པའོ། །ཞེས་བྱ་བར་རྟོགས་ནས་སྤྱོད་པ་ལ་མཁས་པར་རྟོགས་པར་བྱེད་དེ་གང་གིས་ཤེས་པའི་རྣམ་པར་རིག་པ་བསྟན་པ་གང་ཡིན་པ་དེ་ཡང་རྟོགས་པར་བྱེད་ཅིང་རྟོགས་ནས་ཀྱང་ཇི་ལྟར་ཇི་ལྟར་དེ་དག་རྣམ་པར་གྲོལ་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་པས་སེམས་ཅན་ཐམས་ཅད་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་ཐམས་ཅད་ནི་མིང་ཙམ་སྟེ། མིང་དེ་ཡང་གཡོ་བ་མེད་པ་དང་། སེམས་ཅན་འདི་དག་ཐམས་ཅད་ནི་སེམས་ཅན་གཅིག་པ་སྟེ། སེམས་ཅན་དེ་ཡང་སེམས་ཅན་མེད་པ་དང་། དེ་ལྟར་ཡང་རྣམ་པར་མི་རྟོག་པ་སྟེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རྟོགས་པར་

(༢༡༡)བྱེད་པ་དེའི་ཚེ་བྱང་ཆུབ་རྟོགས་པར་བྱེད་པ་ཡིན་ནོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་རྩལ་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི། སངས་རྒྱས་འབྱུང་བ་དང་འདྲ་བའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་འདྲའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་ལན་ཅིག་ཕྱིར་མི་འོང་པའི་འབྲས་བུ་དང་འདྲའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་ཕྱིར་མི་འོང་པའི་འབྲས་བུ་དང་འདྲའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་དགྲ་བཅོམ་པ་ཉིད་དང་འདྲ་སྟེ་འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཤིང་ཡིད་ཆེས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་གང་ཡིན་པ་དེ་ནི་འདྲ་བ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་ལགས་ཏེ། དེ་ནི་སྟོང་པ་ཉིད་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་མཚན་མ་མཆིས་པ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་སྨོན་པ་མ་མཆིས་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་ཆོས་དབྱིངས་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་ཡང་དག་པའི་མཐའ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་མཉམ་པ་ཉིད་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་དབེན་པ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། འཇམ་དཔལ་དང་། བཅོམ་ལྡན་འདས་ཀྱིས་དྲིས་ལན་གྱིས་བྱང་ཆུབ་སེམས་དཔའ་རང་བཞིན་མེད་པར་བསྟན་པ་དང་། ཡང་འཇམ་དཔལ་དང་། བཅོམ་ལྡན་འདས་ཀྱིས་སེམས་དང་པོ་སྐྱེད་པ་རང་བཞིན་མེད་པར་བསྟན་པ་དང་། ཡང་འཇམ་དཔལ་དང་། བཅོམ་ལྡན་འདས་ཀྱིས་དྲིས་ལན་གྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་རང་བཞིན་མེད་པར་བསྟན་པ་དང་། ལྷའི་བུ་བློ་གྲོས་རབ་གནས་དང་། འཇམ་དཔལ་གྱི་དྲི་ལན་གྱིས། ས་ནས་སར་འཕར་བ་རང་བཞིན་མེད་

(༢༡༢)པར་བསྟན་པ་དང་། ཡང་ལྷའི་བུ་བློ་གྲོས་རབ་གནས་དང་། འཇམ་དཔལ་གྱི་དྲིས་ལན་གྱིས་རབ་ཏུ་བྱུང་པ་དང་། བསྙེན་པར་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། བསླབ་པའི་ལུང་འབོགས་པ་རྣམས་རང་བཞིན་མེད་པར་བསྟན་པ་དང་། ཡང་ལྷའི་བུ་བློ་གྲོས་རབ་གནས་དང་། འཇམ་དཔལ་གྱིས་དྲིས་ལན་གྱིས་བསྒོམ་པར་གནས་པ་དང་སྦྱངས་པའི་ཡོན་ཏན་འཆང་བ་སོགས་རང་བཞིན་མེད་པར་བསྟན་པ་དང་། ཡང་ལྷའི་བུ་བློ་གྲོས་རབ་གནས་དང་། འཇམ་དཔལ་གྱི་དྲི་ལན་གྱིས་རྣལ་འབྱོར་གྱི་སྤྱོད་པ་རང་བཞིན་མེད་པར་བསྟན་པ་དང་། ཡང་ལྷའི་བུ་བློ་གྲོས་རབ་གནས་དང་འཇམ་དཔལ་གྱི་དྲི་ལན་གྱིས་ཕྱེ་བས་གོ་བ། ཟབ་མོ་ལ་བཟོད་པ་སྟོང་པ་ཉིད་ལ་གནས་པ་རང་བཞིན་མེད་པར་བསྟན་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། འཇམ་དཔལ་གྱི་དྲིས་ལན་གྱིས་ཟབ་མོ་མ་ཐོས་པར་སངས་རྒྱས་སོགས་མཆོད་དེ་འཐོ་རིས་སུ་སྐྱེས་པ་བས། ཟབ་མོ་ཐོས་ནས་མ་མོས་པར་དམྱལ་བར་སོང་པ་གྲོལ་སླ་བར་བསྟན་པ་དང་། ལྷའི་བུ་བློ་གྲོས་རབ་གནས་དང་། འཇམ་དཔལ་གྱིས་དྲིས་ལན་གྱིས། ཚངས་པར་མཚུངས་པར་སྤྱོད་པ་རང་བཞིན་མེད་པར་བསྟན་པ་དང་། ཡང་དེ་ཉིད་ཀྱིས་དྲི་ལན་གྱིས་བྱས་པ་གཟོ་བ་རང་བཞིན་མེད་པར་བརྟན་པ་དང་། ཡང་དེ་ཉིད་ཀྱི་དྲིས་ལན་གྱིས་དགེ་སྦྱོང་དང་བྲམ་ཟེ་རང་བཞིན་མེད་པར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྔོན་ཕ་མ་བསད་པའི་ལས་ཀྱི་ལྷག་མ་ཡོད་པ་སྦྱང་བ་དང་། འགྱོད་པ་གསལ་བའི་ཕྱིར། ལས་དང་རྣམ་སྨིན་རང་བཞིན་མེད་པར་བསྟན་པ་དང་། བཅོམ་ལྡན་འདས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་ཞུ་ལན་གྱིས། འཇམ་དཔལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔ་ན་བཞུགས་པར་བསྟན་པ་དང་། ཆོས་འདི་ཐོས་པའི་ཕན་ཡོན་བསྟན་པ་དང་། རང་བཞིན་མེད་པའི་བདེན་སྟོབས་བརྗོད་པས་ཆོས་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབས་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། འཇམ་དཔལ་གྱིས་ནི་བསྟན་པ་ལྟར། ཟབ་མོའི་དེ་ཉིད་རྟོགས་

(༢༡༣)གྱུར་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་བདུན་པ་སྟེ། འཕགས་པ་སེང་གེས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་གི་སླའོ། །སྟོན་པ་དང་ཞུ་བ་སྤོ་ཇི་ལྟར་བྱུང་བའི་ཚུལ་ནི། ཐམས་ཅད་མཁྱེན་ཅིང་གཟིགས་པ་ཉིད། རྒྱལ་བ་གང་ཟག་མཚུངས་པ་མེད། རྒྱལ་པོ་མ་སྐྱེས་དགྲའི་བུ། སེང་གེ་ཞེས་ནི་གྲགས་པ་ཞིག །ཚོང་དཔོན་བུ་མོ་ལྔ་བརྒྱ་ཡིས། མདུན་དུ་བདར་ཏེ་ལྷན་ཅིག་ཏུ། རྒྱལ་པོའི་ཁབ་ནས་དེ་བྱུང་ནས། རྒྱལ་པོའི་འབྱོར་པ་ཆེན་པོ་ཡིས། གསེར་ལས་བྱས་པའི་གདུགས་ཐོགས་ཏེ། རྫོགས་སངས་རྒྱས་ཀྱི་གན་སེང་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྔ་བརྒྱ་པོ་ཡིས་གདུགས་ཏེ་དག་ཚངས་པར་ཐུབ་པ་ཆེན་ལ་ཕུལ། ཀུན་ཀྱང་བྱང་ཆུབ་དོན་དུ་ཞུགས་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། རྫོགས་སངས་རྒྱས་ཀྱི་མཐུ་ཡིས་ནི། དེ་དག་མི་འཇིགས་སྐྱེས་གྱུར་ནས། སེང་གེས་ཐལ་མོ་སྦྱར་བྱས་ཏེ། རྫོགས་སངས་རྒྱས་ལ་ཞུས་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་། དེ་ནི་འདྲེན་པ་བདག་ལ་གསུངས། ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདི་བསྡུས་པའི་དོན་ནི། ཞུ་བ་པོའི་དྲི་བ་སྟོན་པའི་ལན་གྱི་སྒོ་ནས་སྤེལ་བར་བསྟན་ཏོ། །དགོས་པའི་དོན་ནི། འདི་དག་བྱང་ཆུབ་འཐོབ་པ་ཡིན། མིང་ནི་གང་སུས་ཐོས་པ་རྣམས། དེ་དག་ཐམས་ཅད་འཇིག་རྟེན་དུ། ཀུན་མཁྱེན་གང་ཟག་མཚུངས་མེད་འགྱུར། གང་ཞིག་ལུང་བསྟན་འདི་ཐོས་ནས། མོས་པ་བསྐྱེད་པར་བྱེད་པ་ནི། འཇིག་རྟེན་

(༢༡༤""གསུམ་པོ་འདི་དག་ན། དེ་དང་མཚུངས་པའི་བསོད་ནམས་མེད། གང་གིས་སྐལ་པ་དྲུག་སྟོང་དུ། སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། རིན་ཆེན་རྣམས་ཀྱིས་གང་བྱས་ནས། བྱང་ཆུབ་ཕྱིར་འདིར་བྱིན་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི། ཐོས་ནས་བྱང་ཆུབ་ཕྱིར་འཇུག་ན། སྔར་སྨོས་པ་ཡིས་བསོད་ནམས་ཀྱིས། གྲངས་དང་ཆར་ཡང་མི་ཕོད་དོ་ཞེས་སོགས་ཀྱིས་བསྟན་ཏོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། སེང་གེ་ཡིས་ནི་ཞུས་པའི་དོན། སྟོན་པས་ཇི་ལྟར་བསྟན་པ་ལྟར། རྟོགས་ནས་སངས་རྒྱས་ཉིད་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་བརྒྱད་པ་སྟེ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་གོ་སླའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱེམ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་རིང་པོ་མ་ལོན་པར་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་པ། ཡང་དག་པར་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱུང་པའི་ཚུལ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ཞེས་བྱ་བ་དེ་དུས་འདུས་ཏེ་འདུག་པར་གྱུར་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་སྐབས་

(༢༡༥)དབྱེ་བར་ཞུས་པ་དང་། སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཅི་དང་ཅི་འདོད་པ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲིས་པ་དེ་དག་དེ་ཉིད་ཀྱི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་རྩལ་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐབས་ལ་མཁས་པ་ཐབས་ལ་མཁས་པ་ཞེས་བགྱི་ན་ཐབས་ལ་མཁས་པ་དེ་གང་ལགས། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གནང་བར་ཞལ་གྱིས་བཞེས་ཤིང་ཞུ་བ་པོ་ཉན་པར་བསྐུལ་བ་དང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་པ་ནས། ངས་ཁྱོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐབས་ལ་མཁས་པ་ཁྱོད་ལ་བཤད་

(༢༡༦)པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་བཅོམ་ལྡན་འདས་ལ་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་ཟན་ཁམ་ཅིག་ཙམ་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་གང་གི་ཚེ་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཁམ་གཅིག་ཙམ་ཡང་སྦྱིན་པར་བྱེད་ན་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་དོན་ནི། མདོ་འདི་ཉིད་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མཚན་མོ་མུན་པ་མུན་ནག་གི་ནང་དུ་འབྲུ་མར་གྱི་མར་མེ་བྱུང་ན་ཁྱིམ་གྱི་སྣོད་ཐམས་ཅད་སྣང་བར་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཀྱང་ཐབས་ལ་མཁས་པ་བསྟན་པ་འདི་ཐོས་ནས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་མཐོང་ཞིང་བདག་གིས་ཀྱང་འདི་ལ་བསླབ་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་ལ་འཇུག་ཅིང་འགྲོ་བར་འགྱུར་ཏེ་དེ་ནི་ལེགས་པར་ཡང་དག་པར་རྩོམ་པས་སླའོ། །སྙམ་དུ་སེམས་པ་དང་། དེ་ཐབས་ལ་མཁས་པ་དེ་དག་ལ་ལེགས་པར་བསླབ་པ་སེམས་ཅན་རྣམས་སྨས་པར་མི་བྱེད་པ་དེ་ལྟ་བུའི་མིང་དུ་ཡང་འགྱུར་རོ། །རིགས་ཀྱི་བུ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་དོན་དུ་གཉེར་བས་ནི་གང་ནས་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི། རྣ་ལམ་དུ་གྲག་

(༢༡༧)པར་འགྱུར་བའི་དཔག་ཚད་འབུམ་དུ་ཡང་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་བསྟན་པ་འདི་ཐོས་ན་སྣང་བ་ཐོབ་པར་འགྱུར་ཞིང་ཐེ་ཚོམ་དང་བྲལ་བ་དང་། ནེམ་ནུར་དང་བྲལ་བར་འགྱུར་བའི་ཕྱིར་རོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ལ་གསུམ་སྟེ། སྤྱིར་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྤྱོད་པ་དང་། མར་མེ་མཛད་ཀྱི་ལུང་བསྟན་པའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནས་བརྩམས་ཏེ། བདུད་བཏུལ་བའི་བར་དུ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྤྱོད་པ་དང་། མངོན་པར་རྫོགས་པར་སངས་རྒྱས་ནས། མྱ་ངན་ལས་འདས་པའི་བར་གྱིས་ཐབས་ལ་མཁས་པའི་མཛད་པ་རྣམས་བསྟན་པའོ། །དང་པོ་སྤྱིར་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྤྱོད་པ་ནི། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་ཟན་ཁམ་ཅིག་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱེད་དེ་ཞེས་པ་ནས། འོད་བསྲུངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐབས་ལ་མཁས་པ་ལེགས་པར་བསླབས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། འདོ་བསྲུངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་གིས་བདག་ལ་གནོད་པར་འགྱུར་བ་འམ་གཞན་ལ་གནོད་པར་འགྱུར་བ་དེ་ལྟ་བུའི་ལས་མི་བྱེད་ཅིང་། ཚིག་གང་གིས་བདག་དང་། གཞན་ལ་གདུང་བར་འགྱུར་བ་དེ་ལྟ་བུའི་ཚིག་ཀྱང་མི་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་མར་མེ་མཛད་ཀྱིས་ལུང་བསྟན་པའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནས་བརྩམས་ཏེ། བདུད་བཏུལ་བའི་བར་དུ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྤྱོད་པ་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་

(༢༡༨)སྐད་དུ་བྱང་ཆུབ་སེམས་དཔའ་ནི་ཚིག་གང་གིས་བདག་དང་གཞན་ལ་གདུང་བར་འགྱུར་བ་དེ་ལྟ་བུའི་ཚིག་མི་སྨྲའོ་ཞེས་བཀའ་རྩལ་ལགས་ན། བཅོམ་ལྡན་འདས་འོ་ན་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ཞེས་བགྱི་བར་གྱུར་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བསྲུངས་གི་གསུང་རབས་ལ་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ནི་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་གསུངས་ནས་བཅོམ་ལྡན་འདས་ཀྱི་དེ་སྐད་གསུངས་previous hit ་དེ་ཅི་ལས་དགོངས next hit་ཏེ་དེ་སྐད་གསུངས་པ་ལགས་པ་དེ་སྐད་ཅེས་གསོལ་པ་དང་ཞེས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་གནས་ནས་ཤེས་རབ་རིན་པོ་ཆེ་ལས་ངེས་པར་འབྱུང་བའི་ཕྱག་གསེར་གྱི་ཁ་དོག་ལྟ་བུས་ས་གཞི་ཆེན་པོ་ལ་བརྡབས་ཏེ། བྱམས་པའི་སྟོབས་ཀྱིས་བདུད་ཀྱི་སྡེ་ཐམས་ཅད་ཕམ་པར་མཛད་དོ། །བདུད་ཀྱི་སྡེ་ཕམ་པར་མཛད་མ་ཐག་ཏུ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་ དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་བྱེ་བ་ཕྲག་བརྒྱ་བཅུ་རྩ་བཞིས་བྱང་ཆུབ་སེམས་དཔའི་དཔལ་དང་། གཟི་བརྗིད་དང་། སྐུ་མདོག་དང་གཟུགས་དང་། དབྱིབས་ཀྱང་མཐོང་། སྟོབས་དང་། ཤུགས་དང་། མཐུ་དང་། སེང་གེའི་རྣམ་པར་བརྩེ་བ་ཡང་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་མྱ་ངན་ལས་འདས་པའི་བར་གྱིས་ཐབས་ལ་མཁས་པའི་མཛད་པ་ནི། ཅིའི་ཕྱིར་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཞག་བདུན་དུ་དཀྱིལ་མོ་དཀྲུང་

(༢༡༩)མི་འཇིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམས་པར་གཟིགས་ཤེ་ན། དེ་ནས་གཟུགས་ན་སྤྱོད་པའི་ལྷའི་རབ་ཏུ་ཞི་བར་སྤྱོད་པ་དག་ཀྱང་འཁོར་ལ་དེ་དག་གིས་དེ་བཞིན་གཤེགས་པ་སྐྱིལ་མོ་དཀྲུང་གིས་བཞུགས་པ་མཐོང་ནས་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཤིང་དགའ་བ་དང་དང་བ་དང་། མཆོག་ཏུ་དགའ་བ་སྐྱེས་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གི་དགེ་སྦྱོང་གཽ་ཏ་མའི་སེམས་ཅི་ལ་རྟེན་ནས་ངེས་པར་བརྟན་པར་བྱའོ། །སྙམ་ནས། དེ་དག་གི་ཞག་བདུན་དུ་སེམས་རྩེ་ཅིག་ཏུ་བསྡུས་ཏེ་དེ་བཞིན་གཤེགས་པའི་ཐུགས་ཅི་ལ་རྟེན་པ་མ་གཏོགས་ནས་དེ་དག་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྐྱེས་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་བདག་ཅག་ཀྱང་མ་འོངས་པའི་དུས་ན་འདི་ལྟར་རབ་ཏུ་ཞི་བའི་སྤྱོད་པས་བྱང་ཆུབ་ཀྱི་ཤིང་ལ་རྟོག་པར་གྱུར་ཅིག་ཅེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཞག་བདུན་དུ་སྐྱིལ་མོ་དཀྲུང་མི་འཇིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམས་པར་གཟིགས་པའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཞེས་པ་ནས། རིགས་ཀྱི་བུ་ཐབས་ལ་མཁས་པ་བསྟན་པ་འདི་ནི་གསང་བར་བྱ་བ་ཡིན་ཏེ། སེམས་ཅན་དམན་པ་དགེ་བའི་རྩ་བ་ཆུང་ངུ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ། བསྟེན་པར་མི་བྱ། བཤད་པར་མི་བྱ། ཀླག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསྟན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་ཡང་མ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་དམན་པ་ལ་མོས་པ་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཐབས་ལ་མཁས་པ་འདི་དག་ལ་མ་བསླབས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདིས་དོན་དུ་འགྱུར་བ་མེད་དེ། ཐབས་ལ་མཁས་

(༢༢༠)པ་བསྟན་པ་འདིའི་སྣོད་དུ་འགྱུར་བ་དང་། གང་དག་གིས་བསྟན་པ་འདི་ལ་བསླབས་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་གཞན་འགའ་ཡང་མེད་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པས་འགྲོ་བ་རྣམས། རྒྱལ་བ་ཤཱཀྱ་ཐུབ་པ་ལྟར། ཐབས་མཁས་ཕ་རོལ་ཕྱིན་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་དགུ་པ་སྟེ། འཕགས་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནས། གཉིས་ཀྱི་གནས་པས་ལུས་ཉོན་མོངས་པ་མེད་ལུས་སྙོམས་པ་མེད་པར་གནས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་མདངས་མེ་ཏོག་པད་མའི་ཚལ་རྒྱས་པ་ལྟ་བུར་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་མདངས་པད་མའི་ཚལ་རྒྱས་པ་ལྟ་བུར་སྣང་བར་གྱུར་previous hit ་ལས་ནི། བཅོམ་ལྡན་འདས་ཆོས་ཀྱི་ཚུལ་ཇི་ལྟ་བུ་ཞིག་སྟོན་པར་དགོངས next hit་ཤིག་གུ་སྙམ་མོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱུང་བའི་ཚུལ་དང་། ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་གསོལ་བ་དང་། སྟོན་པས་སྐབས་དབྱེ་བ་གནང་བ་སོགས་བསྟན་པ་ནི། དེ་བས་དེའི་ཚེ་ཚོང་དཔོན་བཟང་སྐྱོང་ཞེས་བྱ་བ་འཁོར་ཚོང་པ་དྲུག་ཁྲི་དང་། བཅོམ་ལྡན་འདས་ཀྱི་ཐད་དུ་

(༢༢༡)དོང་ངོ་། །དེ་ནས་བཟང་སྐྱོང་ཤིན་དུ་བཞོན་ཤ་ཅན་ལ་ལུས་ཀྱི་མདོག་བཟང་བཞིན་རྒྱས་པ་དང་ལྡན་པ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་ཞུགས་པ། རབ་ཏུ་ཞི་བ་དང་། དུལ་བའི་ཡོན་ཏན་གྱི་གཏེར་དུ་གྱུར་པ། གསེར་གྱི་ཤིང་ལྗོན་པ་ལྟར་གཟི་བརྗིད་འབར་བ་མཐོང་ངོ་ཞེས་པ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་དེའི་ཕྱིར་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་སེམས་རངས་པར་བྱའོ། །དེ་ནས་བཟང་སྐྱོང་ཞུ་བར་འདོད་པས་ཕྱོགས་ཅིག་ཏུ་འདུག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཀུན་དགའ་བོས་ཚོང་དཔོན་བཟང་སྐྱོང་གིས་ཕུན་སུམ་ཚོགས་པ་མཐོང་བ་ན། བཅོམ་ལྡན་འདས་ཀྱི་དེའི་རྒྱུ་མཚན་གསུངས་པ་དང་བཟང་སྐྱོང་ལ་སྐབས་ཕྱེ་ནས་ཁྱིམ་བདག་བཟང་སྐྱོང་གིས་ཇི་ལྟར་ཞུས་པ་དང་གཉིས་ལས། དང་པོ་ནི། ཚོང་དཔོན་བཟང་སྐྱོང་གཟི་བརྗིད་འབར་ཞིང་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚོང་དཔོན་འདི་ནི་ནོར་དང་གསེར་ཕུན་སུམ་ཚོགས་ལ་འདོད་པ་དང་ལྡན་པའི་ཡུལ་རྣམས་ཀྱིས་ཀྱང་རྡེགས་པར་མ་གྱུར་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། མཁས་པ་དག་ནི་འདོད་པའི་ལོངས་སྤྱོད་རྒྱས་པའི་ཁྱད་པར་དག་ནི་རྡེགས་པར་མི་འགྱུར་ཏེ། ཀུན་དགའ་བོ་ཚོང་དཔོན་འདི་ནི་དགེ་བའི་ཆོས་ཅན། དགེ་བའི་རྩ་བ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བཟང་སྐྱོང་ལ་སྐབས་ཕྱེ་ནས་བཟང་སྐྱོང་གིས་ཇི་ལྟར་ཞུས་པ་ནི། བཅོམ་ལྡན་འདས་

(༢༢༢)ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ནི་སེམས་ཅན་རྣམ་པར་ཤེས་པ་མ་འཚལ་ཏེ། ཟ་མ་ཏོག་གི་ནང་གི་རིན་པོ་ཆེ་མི་རིག་པ་བཞིན་དུ་ཐམས་ཅད་ཀྱིས་རྣམ་པར་ཤེས་པ་མི་རྟོགས་ན། བཅོམ་ལྡན་འདས་རྣམ་པར་ཤེས་པ་དེ་གང་ལགས་ཇི་ལྟར་ན་རྣམ་པར་ཤེས་པ་ཞེས་བགྱི། བཅོམ་ལྡན་འདས་ཇི་ལྟར་ན་མི་གུམ་པའི་རྐང་ལག་དང་། མིག་ཉམས་ཤིང་འགུམ་པའི་དུས་ཀྱི་ཚེ་དབང་པོ་རྣམས་འགག་ཅིང་ཁམས་རྣམས་མི་ལྡན་པར་འགྱུར་བ་ན་རྣམ་པར་ཤེས་པ་འདི་ལུས་ལས་ཇི་ལྟར་འཕོ་ཞིང་འཆི། གཟུགས་ནི་ཇི་ལྟ་བུ་ལགས། རང་བཞིན་ནི་ཇི་ལྟ་བུ་ལགས། ལུས་དང་ནི་ཇི་ལྟར་འབྲལ་བར་འགྱུར། རྣམ་པར་ཤེས་པ་འདིས་ལུས་ཡོངས་སུ་བཏང་ནས་ལུས་གཞན་ཇི་ལྟར་ལེན་པར་འགྱུར། ཇི་ལྟར་ན། ཁམས་རྣམས་ཡོངས་སུ་བཏང་ཞིང་སྐྱེ་མཆེད་རྣམས་བོར་ནས་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཆི་བར་འགྱུར། ཇི་ལྟར་ན་ལུས་ཐ་དད་པ་དག་ལེན་པར་བགྱིད། བཅོམ་ལྡན་འདས་ཇི་ལྟར་ན་མི་གུམ་པའི་སྐྱེ་མཆེད་རྣམས་རྗེས་སུ་འབྲང་བར་འགྱུར། བཅོམ་ལྡན་འདས་འཇིག་རྟེན་འདིར་དགེ་བའི་རྩ་བ་སྤངས་པ། འཇིག་རྟེན་ཕ་རོལ་ཏུ་ཇི་ལྟར་མྱོང་བར་འགྱུར། ཇི་ལྟར་ན་ཕུང་པོ་འདི་དག་གིས་དགེ་བའི་རྩ་བ་བསགས་ལ་ཕྱིས་ཕུང་པོ་གཞན་དག་གིས་ཉམས་སུ་མྱོང་བར་འགྱུར། ཇི་ལྟར་ན་རྣམ་པར་ཤེས་པ་འདི་ལུས་ཀྱི་རྗེས་སུ་འབྲང་བར་འགྱུར། ཇི་ལྟར་ན་སྐྱེ་མཆེད་རྣམས་ལུས་ཀྱི་རྗེས་སུ་འབྲང་བར་འགྱུར། དེ་སྐད་གསོལ་ནས་ཞེས་པས་བསྟན་ཏོ། །འདིས་བསྡུས་པའི་དོན་ཡང་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེའི་ལན་བཀའ་རྩལ་པ་སོགས་ཀྱིས་ཚིག་དོན་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །བཟང་སྐྱོང་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ང་ལ་བསྐུལ་བ་བཞིན་ནོ། །བཟང་སྐྱོང་དེའི་ཕྱིར་རྣམ་པར་ཤེས་པའི་འོང་བ་དང་། འགྲོ་བ་དང་། འཕོ་

(༢༢༣)བ་དང་། འགག་པ་ཉོན་ཅིག་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། མདོ་འདི་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། བཟང་སྐྱོང་དེ་བཞིན་གཤེགས་པའི་ཡེ་ཤེས་འདི་ནི་བཅོས་མ་མ་ཡིན་ཏེ། འདིའི་རང་བཞིན་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་རིག་པ་མ་ཡིན་ཏེ། འདིའི་རང་བཞིན་ནི་སྣང་བ་འདི་ནི་དཀའ་བ་སྤྱད་པ་བརྒྱ་སྟོང་དུ་མས་བསྒྲུབས་ཏེ། འདི་ནི་ངས་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་ནོ། །ཆོས་ཀྱི་ཉི་མ་ཐམས་ཅད་མཁྱེན་པ་ཉིད་སྣང་བར་བྱེད་པ་ཡོན་ཏན་གྱི་གྲགས་པ་རྒྱས་པར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོའི་མཛོད་སེམས་ཅན་རྣམས་ཀྱི་རྒྱུད་དུ་འདུལ་བར་བྱེད་པ། འདུལ་བ་སྟོན་པ་འདི་ཡུལ་གང་ན་གནས་སམ། དེ་སྟོན་པར་འགྱུར་བ་དེར་ནི་མ་ཡིན་པ་རྣམས་བསྲུང་བར་བྱེད་དོ། །ལྷ་དང་ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཕྱག་བྱ་བའི་ཕྱིར་འོང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པ་གང་ཡིན་པ་དེ་ལ་ནི་མཚོན་གྱི་འཇིགས་པ་འབྱུང་བར་མི་འགྱུར། དུག་གིས་འཇིགས་པ་འབྱུང་བར་མི་འགྱུར། མེའི་འཇིགས་པ་དང་། རྒྱལ་པོ་དང་། ཆུ་དང་། ཆོམ་རྐུན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དགེ་སློང་དག་ཁྱེད་ཀྱིས་དེང་ཕན་ཆད་མ་དད་པ་རྣམས་ལ་བཤད་པར་མི་བྱའོ། །ཀླན་ཀ་ཚོལ་བ་རྣམས་ལ་མ་ཡིན། གཅེར་བུ་པ་རྣམས་ལ་མ་ཡིན། གཟེར་བུ་པའི་ཉན་ཐོས་རྣམས་ལ་མ་ཡིན། གནས་གཞན་ལ་ཞུགས་པ་ལ་བཤད་པར་མི་བྱའོ། །མ་དྲིས་པར་ཡང་བཤད་པར་མི་བྱའོ། །དེ་བས་གལ་ཏེ་ལ་ལ་ཞིག་འཁྲུལ་བར་གྱུར་ན་དེ་བཞིན་གཤེགས་པ་ལ་འཁྲུལ་པ་བྱས་པར་འགྱུར་རོ། །དགེ་སློང་ངམ་ཁྱིམ་ན་གནས་པ་གང་ལ་ལས་འདི་རྟོགས་པ་དེ་ནི་ཕྱག་བྱ་བའི་གནས་སུ་འགྱུར་ཏེ། དེ་བཞིན་གཤེགས་པ་ལ་བྱ་བ་བཞིན་དུ་གུས་པ་

(༢༢༤)བསྐྱེད་པར་བྱ་ཞིང་འདི་ནི་མཛོད་འཛིན་པ་ཡིན་ནོ། །སྙམ་དུ་བཟུང་པར་བྱའོ་ཞེས་པས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། འཆི་བའི་ཚེ་ན་རྣམ་པར་ཤེས་པ་འཕོ་བའི་ཚུལ་ནི་མུ་སྟེགས་ཆད་པར་སྨྲ་བ་ལྟར་ལུས་ཞིག་ནས་རྣམ་པ་ཤེས་པ་མེད་པར་འགྲོ་བ་ཡང་མ་ཡིན། མུ་སྟེགས་རྟག་པར་སྨྲ་བ་ལྟར། བདག་བེམས་པོ་འམ། ཤེས་རིག་གི་སྐྱེས་བུ་རྟག་པ་རྫ་ཆག་པའི་ནང་ནས་བྱེའུ་འཕུར་བ་ལྟར་འཕོ་བ་ཡང་མ་ཡིན། མུ་སྟེགས་སྤྱོད་པ་ཁ་ཅིག་རྩྭ་གྲེས་མའི་ཤུལ་ནས་གྲེས་མ་སྐྱེ་བ་དང་། རྩྭ་གྲེས་སོའི་ཤུལ་ནས་གྲེས་སོ་སྐྱེ་བ་ལྟར། མི་ཤི་བ་མིར་སྐྱེ་བས་ཁྱབ་པ་དང་། དུད་འགྲོ་ཤི་བ་དུད་འགྲོར་སྐྱེ་བས་ཁྱབ་པ་ཡང་མ་ཡིན་ནོ། །འོ་ན་སྐྱེ་བ་ལེན་ཚུལ་ཇི་ལྟར་ཡིན་ཞེ་ན། མདོ་སྡེ་འདི་ནས་རྒྱ་ཆེར་གསུངས་པ་དང་། རྣམ་པར་ཤེས་པ་འཕོ་བའི་མདོ་ལས། རྒྱ་ཆེར་ཇི་སྐད་གསུངས་པ་ལྟར་རྟོགས་པར་བྱའོ། །མདོ་འདི་དག་གི་previous hit དགོངས next hit་ཡང་རིགས་པའི་བསྟན་བཅོས་ལས། སྐྱེ་མཆེད་འདི་ལས་སྐྱེ་མཆེད་གཞན། དེ་ཡི་བཟང་ངན་ལས་ཀྱི་བྱེད། ཞེས་པ་དང་། ཡང་ཁ་དོན་མར་མེ་མེ་ལོང་རྒྱ། ས་བོན་སྐྱུར་དང་མེ་ཤེལ་སྒྲ། ཕུང་པོ་ཉིང་མཚམས་སྦྱོར་བ་ན། མི་འཕོ་བ་ཡང་མཁས་རྟོགས་བྱ། ཞེས་གསུངས་པ་ལྟར། དེ་ལྟར་བསྟན་པས་འགྲོ་བ་རྣམས། སྐྱེ་འཆི་འཕོ་བའི་རྟེན་འབྲེལ་ནི། རྒྱལ་བས་གསུངས་པ་ལེགས་རྟོགས་ཏེ། ཆོས་སྐུ་མངོན་དུ་འགྱུར་བར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་པ་སྟེ། འཕགས་པ་བུ་

(༢༢༥)མོ་རྣམ་དག་དང་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པ་ནས། གཞན་ཡང་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པ་གཙོ་བོར་གྱུར་པ་དྲུག་བཅུ་དང་ཡང་ཐབས་གཅིག་གོ །གཞན་ཡང་དགའ་ལྡན་གྱི་རིས་ཀྱི་ལྷའི་ཉི་ཁྲི་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་དག་དང་ཡང་ཐབས་ཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་བཅོམ་ལྡན་འདས་བཀོད་པ་ཆེན་པོའི་མཛོད་ཅེས་བྱ་བའི་སེང་གེའི་གདན་ལ་འཁོར་བརྒྱ་སྟོང་ཚད་མེད་པ་དག་གིས་ཡོངས་སུ་བསྐོར་ནས་བཞུགས་པས་ཉི་ཟླ་ལྟ་བུའི་འོད་ཟེར་གྱིས་ནི་ཀུན་ཏུ་སྣང་པར་མཛད་ཅེས་པ་ནས། སེམས་ཅན་ཐམས་ཅད་ངེས་པའི་དོན་མཆོག་ལ་འགོད་ཅིང་ཁོང་དུ་ཆུད་པར་མཛད་པའི་ཕྱིར་ཚངས་པའི་སྒྲ་དབྱངས་ཀྱི་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བསྒྲགས་ནས་འཁོར་མང་པོའི་དབུས་སུ་ཆོས་སྟོན་པར་མཛོད། ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེ་ནས་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྣམ་དག་དང་བ་ཞེས་པ་གཞོན་ནུ་མ་བྱད་བཞིན་བཏུག་ཅིང་མཛེས་པ་སེམས་ཅན་རྣམས་ཀྱིས་མཐོང་བར་མོས་པ། སྔོན་དགེ་བའི་རྩ་བ་བསྐྱེད་པ། ཐེག་པ་ཆེན་པོ་བསྒོམས་པ་ཞིག་ཡོད་པ་དེ་བུ་མོ་གཞོན་ནུ་མ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། སོ་སོ་ནས་གསེར་གྱི་ཕྲེང་བ་ཐོགས་ནས་གྲོང་ཁྱེར་མཉན་ཡོད་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་བྱས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་ཅིག་ཏུ་འཁོད་ནས་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ་ཞེས་པ་བསྟན་ཏོ། །ཞུ་བ་པོས་ཞུས་

(༢༢༦)པའི་ཚུལ་གྱིས་བསྡུས་པའི་དོན་བསྟན་པ་ནི། ཡུན་རིངས་བསོད་ནམས་རྣམ་དག་འཕྲིན་ལས་བསགས། ཡོན་ཏན་རྒྱ་མཚོ་མཐའ་ཡས་ཡོངས་རྫོགས་ཤིང་། མང་པོ་དད་མོས་དགའ་བར་མཛད་པས་ན། དེ་སླད་ཐུབ་མཆོག་ཁྱོད་ལ་བདག་ཕྱག་འཚལ། གཟི་བྱིན་ལྷ་མི་ཡ་མཚན་རབ་སྟོན་ཅིང་། རིན་ཆེན་འབྱུང་གནས་ཆོས་སྒོ་སྟོན་པར་མཛད། སྐུའི་འོད་ཟེར་འདོམ་གང་རྟག་གསལ་བ། བློ་ཆེན་བསིལ་བའི་རྫིང་ལ་བདག་ཕྱག་འཚལ། ཡོན་ཏན་རྫོགས་ཤིང་བསོད་ནམས་བས་མ་འཚལ། མི་མཆོག་ཁྱོད་ལ་འཇིག་རྟེན་ཀུན་གྱིས་བསྔགས། སྨོན་ལམ་ཆེན་པོ་ཚུལ་ཁྲིམས་ཡོངས་རྫོགས་པས། དེ་སླད་མཆོད་འོས་གཙོ་ལ་བདག་ཕྱག་འཚལ། ཆོས་མཆོག་རབ་གནས་རྟག་པར་ཞི་ཞིང་དབེན། འཇིག་རྟེན་ཀུན་ལ་ཐུགས་སྙོམས་བུ་ཅིག་བཞིན། མཁྱེན་པ་དག་གིས་སྤྱོད་རྣམས་རབ་མཁྱེན་པས། འདྲེན་མཁན་བཞིན་དུ་བསྟན་པའི་ཤུལ་ཡང་སྟོན། རབ་བརྟན་བརྩོན་འགྲུས་ལྡན་པ་མཆིས་གྱུར་ན། བྱམས་དང་ཐུགས་རྗེས་སེམས་ཅན་སྨན་མཛད་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ལགས་པ། དེ་བཞིན་གཤེགས་པས་བཀས་ནི་བཤད་དུ་གསོལ། ཇི་ལྟར་རབ་བརྟན་སྟོབས་ནི་ཐོབ་གྱུར་ནས། འཁོར་བར་གནས་ཀྱང་བདུད་དཔུང་ཕམ་བགྱིད་ལགས། ཇི་ལྟར་མཉམ་པའི་ཆོས་ནི་ཐོབ་འགྱུར་ཞིང་། ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་བགྱིད་ལགས། ཇི་ལྟར་བགྱིས་ན་ས་གཞི་ནམ་མཁའ་དང་། རླུང་དང་ཆུ་མེ་ཇི་ལྟ་བཞིན་དུ་འགྱུར། ཇི་ལྟར་ཡིད་ཆེས་ཐོབ་ནས་ཆོས་གནས་ཤིང་། རི་རབ་སེང་གེའི་རྒྱལ་པོ་བཞིན་དུ་འགྱུར། ཇི་ལྟར་བྱམས་སྡང་སེམས་ནི་ཡོངས་སྤངས་ནས། སེམས་གཙང་དྲང་ལ་གཡོ་སྒྱུ་མ་མཆིས་འགྱུར། ཇི་ལྟར་སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། བརྩོན་འགྲུས་བསམ་གཏན་རྣམ་གྲོལ་སྐྱེ་འགྱུར་ཞིང་། ཤེས་རབ་ཉོན་མོངས་མིན་པ་རབ་བཅོམ་ནས། རྟག་པར་ཐབས་ཆེན་ལ་ནི་

(༢༢༧)གནས་པ་དང་། ཏིང་འཛིན་གཟུངས་ལ་ཐོགས་པ་མ་མཆིས་ཤིང་། ཚད་མེད་བཞི་དང་མངོན་ཤེས་ལ་གནས། ཇི་ལྟར་སངས་རྒྱས་སྤྱན་སྔར་གནས་གྱུར་ནས། རྟག་པར་རྫུས་ཏེ་སྐྱེ་ཞིང་ཚེ་རབས་དྲན། སྦྱངས་པས་རྩོད་པ་མ་མཆིས་དགོན་གནས་ནས། སེམས་ནི་རབ་ཏུ་ཉོན་མོངས་ཞི་བགྱིད་དང་། ཚུལ་ཁྲིམས་ལྡན་ཞིང་བྱང་ཆུབ་ལམ་བསྒོམས་དང་། བདུད་རྩི་འགོག་ཐོབ་བདུད་དཔུང་འཇོམས་པ་དང་། བདེ་རྩོལ་ཆོས་ཀྱི་འཁོར་ལོ་སྐོར་གྱུར་པ། དེ་འདྲའི་ཡང་དག་ལམ་ནི་བཀས་བཤད་གསོལ། ཞེས་པས་བསྟན་ཏོ། །ལན་གྱི་སྒོ་ནས་ཚིག་དོན་བསྟན་པ་ལ། ཆོས་བརྒྱད་ཚན་བཅུ་གཉིས་ཀྱི་སྒོ་ནས་ལན་དངོས་བསྟན་པ་དང་། བུ་མོ་རྣམ་དག་དང་བ་ལ་སོགས་པ་བུ་མོ་ལྔ་བརྒྱས་བཅོམ་ལྡན་འདས་ལ་གསེར་གྱི་ཕྲེང་བ་གཏོར་ཏེ་སེམས་བསྐྱེད་པས། བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་རྣམས་བསྟན་པའོ། །ཆོས་འདིའི་དགོས་པའི་དོན་ནི་མདོ་འདི་ཉིད་ལས། ཀུན་དགའ་བོ་བུད་མེད་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཡོངས་སུ་འཛིན་པར་བྱེད། ཀློག་པར་བྱེད། ཁ་ཏོན་དུ་འདོན་པར་བྱེད་ན། བུད་མེད་ཀྱི་ལུས་འདི་དག་གཏུགས་ནས་ཕྱིས་ཡང་ལེན་པར་མི་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཞེས་སོགས་ཀྱི་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། རྣམ་དག་དང་བས་ཞུས་པའི་དོན། བརྒྱད་ཚན་བཅུ་གཉིས་ཆོས་རྟོགས་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་

(༢༢༨)པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་གཅིག་པ་སྟེ། འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི། གསུང་གི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནས། ལྷུན་པོ་བརྩེགས་དང་། སྤོབས་པ་ཕུན་སུམ་ཚོགས་པ་དང་། དབང་པོའི་དཔལ་དང་། ས་འཛིན་དང་། སེམས་ཅན་དམྱལ་བ་སྐེམས་དང་། ངན་སོང་སྤོང་དང་། རིན་ཆེན་ཟེ་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་གཅིག་སྟེ། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱི་བལྟས་ནས་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་གོ་ཞེས་པས་བསྟན་ཏོ། །བྱམས་པས་ཞུ་བའི་སྐབས་ཕྱེ་བ་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པས་བསྟན་ཏོ། །བྱམས་པས་ཞུས་པའི་སྐབས་ཕྱེ་བ་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་འདུས་པར་རིག་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བག་ལ་སྐབས་ཕྱེ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །བྱམས་པས་དྲིས་པ་ལུང་བསྟན་

(༢༢༩)པའི་ཕྱིར། དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེས། བྱམས་པ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་སེམས་རངས་པར་བྱའོ། །ཞེས་པས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་སུག་པར་མཆི་བར་མི་འགྱུར་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པས་ཁྱོད་ནི་འདི་ལྟར་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཚེ་རབས་དྲན་པ། སྤོབས་པ་ཐོབ་པ། ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པས་ཏེ། བྱམས་པ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ། །ད་ལྟར་བགྱི་དང་། མ་འོངས་པ་རྣམས་ཡོངས་སུ་བཟུང་བའི་ཕྱིར་ཞུགས་ནས་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཤིག་དང་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་རྩལ་ཏོ། །བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་

(༢༣༠)པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བྱམས་པས་ཞུས་པའི་དོན་སྟོན་པས་བསྟན་པ་ལྟར་དང་། བྱམས་པ་དང་སྟོན་པའི་རྣམ་ཐར་ཇི་ལྟ་བ་བཞིན་དུ་རྟོགས་ནས་ཉམས་སུ་བླངས་པས་རྫོགས་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་བྱམས་པ་དང་སྟོན་པའི་དྲི་ལན་གྱིས། བྱང་ཆུབ་སེམས་དཔའ་ཆོས་གཅིག་ནས་ཆོས་བཅུའི་བར་དུ་ཉམས་སུ་ལེན་པའི་ཚུལ་དང་། ཀུན་དགའ་བོ་དང་བཅོམ་ལྡན་འདས་ཀྱི་དྲི་ལན་གྱིས། བྱམས་པ་སྔོན་གྱིས་བཅོམ་ལྡན་འདས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་ཞེས་བྱ་བའི་སྤྱན་སྔར་བཟོད་པ་ཐོབ་པའི་ལོ་བརྒྱུས་བསྟན་པ་དང་། ཡང་ཀུན་དགའ་བོ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་གྱིས། ཐུབ་པ་ལས། བྱམས་པ་སྐལ་པ་བཞི་བཅུ་རྩ་གཉིས་ཀྱིས་སེམས་བསྐྱེད་པ་སྔ་བ་ལས། ཐུབ་པས་སྙིང་རྗེ་དང་བརྩོན་འགྲུས་དང་། སྨོན་ལམ་གྱིས་སྟོབས་ཀྱི་བྱམས་པའི་སྔོན་དུ་སངས་རྒྱས་པའི་ལོ་བརྒྱུས་བསྟན་པ་དང་། ཀུན་དགའ་བོ་ལ་བཅོམ་ལྡན་འདས་ཀྱིས། བྱམས་པ་ལམ་བདེ་བ་དང་། འཇུག་པ་བདེ་བས། ལམ་བསྒྲོད་པའི་ཚུལ་དང་། དེ་ལྟར་བསྒྲོད་པའི་རྒྱུ་བྱམས་པས་སྨོན་ལམ་བཏབ་ཚུལ་བསྟན་པ་དང་། ཀུན་དགའ་བོ་ལ་བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིགས་མ་ལྔ་དང་ལྡན་པའི་ཞིང་འདི་ཉིད་དུ་སངས་རྒྱ་བའི་སྨོན་ལམ་བཏབ་ཚུལ་རྣམས་བསྟན་པའོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་། མཐར་ཐུག་གཅིག་གོ །དེ་ལྟར་བཤད་པའི་དགེ་བ་ཡིས། ཇི་ལྟར་བྱམས་པས་ཞུས་པ་དང་། ཐུབ་པའི་མཛད་པ་རྟོགས་གྱུར་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།

(༢༣༡)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་གཉིས་པ་སྟེ། འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་ཞུས་པ་དང་སྟོན་པས་སྐབས་ཕྱེ་བར་གནང་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནས། བྱམས་པ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱིས་སེམས་རངས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ཀྱིས་བསྡུས་དོན་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན། བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང་མི་ཉམས་ལ་ཡོངས་སུ་

(༢༣༢)མི་ཉམས་ཏེ། ཁྱད་པར་ཐོབ་པར་འགྱུར་བ་དང་། བདུད་ཕྱིར་རྒོལ་བ་བཅོམ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ངན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང་། ཡོངས་སུ་མི་སྐྱོ་བའི་ཡིད་དང་། ལྡན་པར་གྱུར་ནས་ཀྱང་གཞན་གྱི་ཁ་ན་མ་ལུས་པའི་ཡེ་ཤེས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལེགས་སོ་གནང་བ་དང་ཞུ་བ་པོས་ཉན་པར་གསོལ་པ་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །བྱམས་པ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ཁྱོད་ཡང་ལེགས་སོ། །བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །ལན་གྱི་སྒོ་ནས་ཚིག་དོན་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བརྒྱད་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང་མི་ཉམས་ལ་ཡོངས་སུ་མི་ཉམས་ཏེ་ཁྱད་པར་འཐོབ་པར་འགྱུར། བདུད་ཕྱིར་རྒོལ་བ་བཅོམ་པར་འགྱུར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས་འཁོར་བ་ན་ཡོངས་སུ་མི་སྐྱེ་བར་འགྱུར། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་པའོ། །དགོས་པའི་དོན་ནི་མདོ་འདི་ཉིད་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང་མི་ཉམས་ལ་ཡོངས་སུ་མི་ཉམས་ཏེ། ཁྱད་པར་ཐོབ་པར་འགྱུར། བདུད་

(༢༣༣)ཕྱིར་རྒོལ་བ་བཅོམ་པར་འགྱུར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས་འཁོར་བ་ན་ཡོངས་སུ་མི་སྐྱེ་བར་འགྱུར། ཡོངས་སུ་མི་སྐྱོ་བའི་ཡིད་དང་ལྡན་ནས་ཀྱང་གཞན་གྱི་ཁ་ན་མ་ལུས་པའི་ཡེ་ཤེས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་པས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་དང་།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་གསུམ་པ་སྟེ། འཕགས་པ་འོད་བསྲུངས་གི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་པའོ། །ཞུ་བ་པོ་ནི་དེའི་ཚེ་ན་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་གོ་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་བསྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་དང་ཆོས་སྨྲ་བ་ལ་མི་གུས་པ་ཡིན། ཆོས་ལ་སེར་སྣ་བྱེད་ཅིང་ཆོས་ལ་སློབ་

(༢༣༤)དཔོན་གྱིས་དཔེ་མཁྱུད་བྱེད་པ་ཡིན། ཆོས་འདོད་པའི་གང་ཟག་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་ཅིང་འདུན་པ་བཟློག་པར་བྱེད་རྣམ་པར་འཁྲུག་པར་བྱེད་དེ། མི་སྟོན་ཅིང་རབ་ཏུ་འཆབ་པ་ཡིན། མངོན་པའི་ང་རྒྱལ་གྱིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་ཡིན་ཏེ། འོད་བསྲུངས་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་སྨྲ་བ་ལ་གུས་པ་མེད་པ་ཡིན། ཆོས་ལ་སེར་སྣ་བྱེད་པར་འགྱུར་བ་དང་། ཆོས་ལ་སློབ་དཔོན་དཔེ་མཁྱུད་བྱེད་པ་ཡིན། ཆོས་འདོད་རྣམས་ལ་བགེགས་ནི་བྱེད་གྱུར་ཅིང་། བདུན་པ་བཟློག་ལ་དེ་བཞིན་རྣམ་འཁྲུག་བྱེད། རྒྱལ་བས་བསྔགས་པའི་ཆོས་ནི་ཡོང་མི་སྟོན། ལེ་ལོ་ཅན་དེ་བདག་བསྟོད་རྟག་ཏུ་བརྩོན། གཞན་ལ་སྨོད་པར་བྱེད་ལ་མངོན་པར་དགའ། ཆོས་བཞི་འདི་དག་རྒྱལ་བའི་སྲས་རྣམས་ཀྱིས། ཤེས་རབ་ཉམས་པར་འགྱུར་བར་རྒྱལ་བས་གསུངས། ཆོས་བཞི་འདི་དག་རབ་ཏུ་སྤང་བྱས་ལ། རྒྱལ་བས་གསུངས་པའི་ཆོས་བཞི་གཞན་སྒོམ་མོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་ཉིད་ལས་བཅོམ་ལྡན་འདས་ཀྱི་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་བསྟན་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་བསྐྱེད་པར་འགྱུར་ཏེ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །འོད་བསྲུངས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་འཇིག་རྟེན་གྱི་ཁམས་གཱཾ་གཱའི་ཀླུང་གིས་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་གཾ་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་

(༢༣༥)གཙུག་ལག་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་གང་གའི་ཀླུང་གི་བྱེ་མ་སྙེད་བརྩིག་པ་དང་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གིས་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་ཉན་ཐོས་ཀྱི་དགེ་འདུན་ནམ་དཔག་ཏུ་མེད་པ་དག་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གཞན་ཞིག་གིས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་ལུང་མནོས་ཏེ། ལུང་མནོས་ནས་ཀྱང་མི་སྤོང་ན་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །བུད་མེད་གང་ཞིག་ལུང་འབོག་ན་དེ་ནམ་ཡང་ལོག་པར་ལྟུང་པར་མི་འགྱུར་ཏེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པའམ། བསྟན་པ་འམ། ཡི་གེར་འདྲི་བའམ། ཡི་གེར་བྲིས་ནས་གླེགས་བཾ་དུ་བྱས་ཏེ་བཞག་པའི་ས་ཕྱོགས་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དང་འདྲ་བར་འགྱུར་རོ། །སུ་ཞིག་ཆོས་སྨྲ་བ་ལས་ཆོས་ཀྱི་རྣམ་གྲངས་འདི་ཉན་པའམ། འཛིན་པའམ། ཡི་གེར་འབྲི་བ་འདི་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཇི་ལྟར་བྱ་བ་དེ་བཞིན་དུ་གུས་པར་བྱའོ། །འོད་བསྲུངས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞིག་དེ་བཞིན་གཤེགས་པའི་ཆོས་སྨྲ་བ་ལ་བཀུར་སྟིར་བྱེད་པ་དང་། བཙུན་པར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པར་བྱེད་པ་དེ་ལ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་མཐོང་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཐོང་ནས་ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་

(༢༣༦)ན། འདི་ལྟ་སྟེ། ཚོར་བས་སེམས་ཀུན་ཏུ་མ་ཟིན་པར་འཆི་བའི་དུས་བྱེད་པ་དང་། དེ་མིག་འཁྲུལ་བར་མི་འགྱུར་བ་དང་། ལག་པ་གཡོབ་པར་མི་བྱེད་པ་དང་། རྐང་པ་འཕྲ་བར་མི་བྱེད་པ་དང་། གཅིན་མི་གཏོར་བ་དང་། ཕྱིས་ས་མི་འབྱུང་པ་དང་། དེའི་སྙིང་གར་རྡུལ་མི་འབྱུང་པ་དང་། ཁུ་ཚུར་མི་འཆང་པ་དང་། ནམ་མཁའ་ལ་མི་སྙེག་པ་དང་། ཇི་ལྟར་འདུག་པ་དེ་བཞིན་དུ་ཚེའི་འདུ་བྱེད་འདོར་བར་འགྱུར་བ་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །ངག་གི་ལས་ཡོངས་སུ་དག་པ་བཅུ་འཐོབ་པར་འགྱུར་ཏེ་བཅུ་གང་ཞེ་ན། འདི་ལྟ་སྟེ། གདངས་སྙན་པའི་ཚིག་དང་། མཉེན་པའི་ཚིག་དང་། འཇམ་པའི་ཚིག་དང་། དགའ་བའི་ཚིག་དང་། སྣུམ་པའི་ཚིག་དང་། སླར་བཟློག་པ་མ་ཡིན་པའི་ཚིག་དང་། གཟུང་པར་འོས་པའི་ཚིག་དང་། བཙུན་པའི་ཚིག་དང་། ལྷ་དང་མིས་ཡོངས་སུ་བཟུང་པའི་ཚིག་དང་། སངས་རྒྱས་ཀྱིས་ཡོངས་སུ་བཟུང་པའི་ཚིག་སྟེ། ངག་གི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །ཡིད་ཀྱི་ལས་ཡོངས་སུ་དག་པ་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཁྲོ་བར་མི་འགྱུར་བ་དང་། ཁོན་དུ་འཛིན་པ་མེད་པ་དང་། འཆབ་པར་མི་འགྱུར་བ་དང་། འཚིག་པར་མི་འགྱུར་བ་དང་། ཉེས་པ་ལ་མི་དགའ་བ་དང་། ཁོན་བཅུགས།།།ལ་མི་དགའ་བ་དང་། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་དང་། སྤོང་བ་ལ་བག་ཡོད་པར་འགྱུར་བ་དང་། མ་ཞུམ་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འཛིན་པ་དང་། ངར་རྒྱལ་དང་ཆེ་བའི་ང་རྒྱལ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་བསྒྲུབ་པའི་ཏིང་ངེ་འཛིན་འཐོབ་པར་འགྱུར་བ་སྟེ། ཡིད་ཀྱི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཚོར་བར་ཉེན་ཅིང་འཆི་བའི་དུས་མི་བྱེད། དེ་དག་མིག་ལ་འཁྲུལ་བར་འགྱུར་བ་མེད། ལག་པ་མི་གཡོ་བ་རྐང་པ་འཕྲ་མི་འགྱུར། དེ་ནི་གཤང་ཅི་གཏོར་

(༢༣༧)བར་ཡོང་མི་འགྱུར། དེའི་སྙིང་གར་རྡུལ་ཡང་འབྱུང་མི་འགྱུར། འདུག་བཞིན་བདེ་བར་འཆི་བའི་དུས་བྱེད་དེ། ལུས་ལས་ཡོངས་སུ་དག་པ་འདི་བཅུ་འཐོབ། གདངས་སྙན་ཕུན་སུམ་ཚོགས་ཤིང་འཇམ་གཉེན་ཚིག་སྣུམ་ཞིང་ཡིད་འོང་དེ་བཞིན་དགའ་བར་འགྱུར། གཞན་གྱིས་སླར་མི་བཟློག་ཅིང་གཟུང་འོས་ཚིག །སྐྱེ་བོས་བཙུན་པར་བྱ་བའི་ཚིག་ཏུ་འགྱུར། དེའི་ཚིག་ནི་ལྷ་དང་ཀླུ་དག་དང་། མི་འམ་ཅི་དང་དེ་བཞིན་རྒྱལ་བས་བསྔགས། དེས་བཤད་པའི་དོན་ཀྱང་འཛིན་བྱེད་དེ། དེ་ནི་ངག་ལས་དག་པ་དེ་དག་འཐོབ། ཁྲོ་བ་མེད་ཅིང་ཁོན་དུ་འཛིན་པ་མེད། བརྟན་པ་འཆབ་པ་མེད་ཅིང་འཚིག་པ་མེད། ཉེ་ལ་མི་དགའ་འཁོན་བཅུགས་དགའ་བ་མེད། དེའི་འདུ་ཤེས་ཕྱིན་ཅི་ལོག་མི་འགྱུར། བསླབ་པ་ཡང་དག་བླངས་ལ་སེམས་མི་ཞུམ། སྤོབས་པ་ལ་ནི་བག་མེད་མི་འགྱུར་ཏེ། ཞུམ་པ་མེད་པའི་སེམས་ཀྱིས་ཞིང་སྦྱོང་བྱེད། ང་རྒྱལ་ལས་ཀྱང་ང་རྒྱལ་ཡོངས་སྤངས་ནས། ཏིང་འཛིན་འབྱོར་པ་ཐམས་ཅད་མངོན་བསྒྲུབ་ཤིང་། ཡིད་ཀྱིས་མངོན་པར་བསྒྲུབ་པའི་ཆོས་རྣམས་འཐོབ། ཆོས་རྣམས་འདི་དག་ལྡན་པར་འགྱུར་བ་ལ། སངས་རྒྱས་དངོས་པོ་དཀོན་པར་མི་འགྱུར་རོ། །འོད་བསྲུངས་གང་ལ་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ང་ལ་བཀུར་སྟི་བྱེད་པར་འདོད་པ་དང་། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་འདོད་པ་དེས། དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་པར་བྱ། ཀུན་ཆུབ་པར་བྱ། ཡི་གེར་འདྲི་བར་བྱ། ཀློག་པར་བྱ། བཅང་བར་བྱའོ། །འོད་བསྲུངས་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་བླ་ན་མེད་པ་བྱས་པར་འགྱུར་རོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ལ་གསུམ་སྟེ། བྱང་ཆུབ་སེམས་དཔའི་སྤང་བླང་བསྟན་པ་དང་། དགེ་སྦྱོང་གི་སྤང་བླང་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བརྩོན་

(༢༣༨)པ་ཆེན་པོས་དེ་དག་ནན་ཏན་གྱི་བསྒྲུབ་པར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་ལ་བཀའ་སྩལ་པ་ཞེས་པ་ནས། རིགས་དེ་ནི་རབ་ཏུ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པའོ། །འོད་བསྲུངས་ནང་དུ་ཡོངས་སུ་ཚོལ་ལ་ཕྱི་རོལ་ཏུ་མ་རྒྱུ་ཤིག་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དགེ་སྦྱོང་གི་སྤང་བླང་བསྟན་པ་ནི། འོད་བསྲུངས་མ་འོངས་པའི་དུས་ན། དགེ་སློང་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་དག་འབྱུང་ངོ་། །འོད་བསྲུངས་ཇི་ལྟར་ན་།།།དགེ་སློང་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་ཡིན་ཞེ་ན། འོད་བསྲུངས་འདི་ལྟ་སྟེ། དཔེར་ནི་ཁྱི་ནི་རྡོས་འཇིགས་ལ་རྡོ་དེ་ཉིད་ཀྱི་ཕྱིར་བསྙེགས་ཀྱིས་རྡོ་དེ་པུས་འཕངས་པ་དེ་ལ་ནི་མི་བསྙེགས་སོ་ཞེས་པ་ནས། དེ་ལྟར་ཚེ་དང་ལྡན་པ་རབ་འབྱོར་གྱི་།།།ཡོངས་སུ་དྲིས་ཏེ། དགེ་སློང་དེ་དག་གིས་ལན་བཏབ་ནས་འཁོར་དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བས་རྣམ་པར་དག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་བརྩོན་པ་ཆེན་པོས་དེ་དག་ནན་ཏན་གྱིས་སྒྲུབ་པར་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་སློབ་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། རིགས་ཀྱི་བུ་ཚར་བཅད་ཅིང་ཚར་བཅད་ནས་ཆོས་ཀྱི་རྣམ་གྲངས་འདིར་བསླབ་པ་བསྟན་

(༢༣༩" ""ཏེ། ཆོས་ཀྱི་རྣམ་གྲངས་འདི་ནི་སྐྱེས་བུ་དམ་པ་ནན་ཏན་སྙིང་པོར་བྱེད་པ་རྣམས་ཀྱིས་དོན་ཆེན་པོར་འགྱུར་རོ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ལ་ཕན་འདོགས་པར་འགྱུར་བ་ནི། བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི་ཁ་ཅིག་ན་རེ། དཀོན་མཆོག་བརྩེགས་པ་ལ་མདོ་རྣམ་གྲངས་དུ་མ་ཞིག་སྣང་བ། ཐམས་ཅད་དབུ་མར་འགྲེལ་པ་ཅི་ཞེ་ན། དེའི་རྒྱུ་མཚན་ནི་མདོ་འདི་ཉིད་ལས། འོད་བསྲུངས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་སློབ་པར་འདོད་པས་ཚུལ་བཞིན་དུ་ཆོས་ལ་རབ་ཏུ་སྦྱར་བར་བྱའོ། །འོད་བསྲུངས་དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་ཆོས་ལ་རབ་ཏུ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ། །འོད་བསྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་གང་ཞེ་ན། འོད་བསྲུངས་གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་མེད་པ་དང་། ཤེད་བུ་མེད་པར་སོ་སོར་རྟོག་པ་སྟེ། འོད་བསྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་གཟུགས་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པ་ཡང་སོ་སོར་མི་རྟོག་པ་དང་། འོད་བསྲུངས་དེ་བཞིན་

(༢༤༠)དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གང་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པ་ཡང་སོ་སོར་མི་རྟོག་སྟེ། འདོ་བསྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་སའི་།།།ཁམས་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། རྟག་པར་ཡང་སོ་སོར་མི་རྟོག་མི་རྟག་པར་ཡང་སོ་སོར་མི་རྟོག་པ་སྟེ། འོད་བསྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་མིག་གི་སྐྱེ་མཆེད་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་རྣམས་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་སྟེ། འོད་བསྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་བསྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་བདག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ། རྟེན་མ་ཡིན་

(༢༤༡)པ་སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་བསྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་སེམས་ཡང་དག་པ་ཞེས་བྱ་བ་འདི་ནི་མཐའ་གཅིག་གོ །སེམས་ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ནི་མཐའ་གཉིས་སོ། །འོད་བསྲུངས་གང་ན་སེམས་མེད་པ་དང་། སེམས་དཔའ་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་འདི་ནི། འོད་བསྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །དགེ་བ་དང་། མི་དགེ་བ་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །འོད་བསྲུངས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ །རྣམ་པར་བྱང་པ་ཞེས་བྱ་བ་དེ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཁས་མི་ལེན་ཅིང་མི་བརྗོད་མི་སྨྲ་བ་གང་ཡིན་པ་དེ་ནི། འོད་བསྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་ཡོད་ཅེས་བྱ་བ་དེ་མཐའ་གཅིག་གོ །མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བརྟན་དུ་མེད་པ་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། འོད་བསྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་འཁོར་བ་ཞེས་བྱ་དེ་ནི་མཐའ་གཅིག་གོ །མྱ་ངན་ལས་འདས་པ་ཞེས་བྱ་དེ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་གནས་མེད་པ་སྟེ། འོད་བསྲུངས་

(༢༤༢)འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་གང་ངས་ཁྱེད་རྣམས་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གིས་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱི་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགག་པས་རྣམ་པར་ཤེས་པས་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་བསྟན་པ་དེ་ལ་འོད་བསྲུངས་རིག་པ་དང་དེ་དག་གཉིས་མ་ཡིན་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དེ། འོད་བསྲུངས་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །དེ་བཞིན་དུ་འདུ་བྱེད་རྣམས་དང་། འདུས་མ་བྱས་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་འགག་པ་དང་། མིང་དང་གཟུགས་

(༢༤༣)དང་། མིང་དང་གཟུགས་འགག་པ་དང་། སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་འགག་པ་དང་། རེག་པ་དང་། རེག་པ་འགག་པ་དང་། ཚོར་བ་དང་། ཚོར་བ་འགག་པ་དང་། སྲེད་པ་དང་། སྲེད་པ་འགག་པ་དང་། ལེན་པ་དང་། ལེན་པ་འགག་པ་དང་། སྲིད་པ་དང་། སྲིད་པ་འགག་པ་དང་། སྐྱེ་བ་དང་སྐྱེ་བ་འགག་པ་དང་། རྒ་ཤི་དང་། རྒ་ཤི་འགག་པ་དེ་དག་གཉིས་མ་ཡིན་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དེ། འོད་བསྲུངས་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་བསྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པ་དང་། གང་མངོན་པར་འདུ་བྱེད་པ་མེད་པས་ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མངོན་པར་འདུ་མི་བྱེད་པ་དང་། གང་མ་སྐྱེས་པས་ཆོས་རྣམས་མ་སྐྱེས་པར་མི་བྱེད་དེ། ཆོས་རྣམས་ཉིད་མ་སྐྱེས་པ་དང་། གང་མ་བྱུང་པས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ། ཆོས་རྣམས་ཉིད་མ་བྱུང་པ་དང་གང་ངོ་བོ་ཉིད་མེད་པས་ཆོས་རྣམས་ངོ་བོ་ཉིད་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་ངོ་བོ་ཉིད་མེད་པར་གང་དག་དེ་ལྟར་སོ་སོར་རྟོག་པ་དེ་ནི་འོད་བསྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་སོ་སོར་རྟོག་པ་ཞེས་བྱའོ། །ཡང་འོད་བསྲུངས་གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ཉིད་སྟོང་པའོ། །འོད་བསྲུངས་སྔོན་གྱི་མཐའ་སྟོང་པ་ཕྱི་མའི་མཐའ་སྟོང་པ། ད་ལྟར་བྱུང་པ་སྟོང་པ་སྟེ། སྟོང་པ་ཉིད་ལ་སྟོན་པར་བྱ་བའི་གང་ཟག་ལ་མ་ཡིན་ནོ། །འོད་བསྲུངས་གང་ཟག་སྟོང་པ་ཉིད་ལ་སྟོན་པ་དེ་དག་ནི། ངས་གསུང་རབ་འདི་ལས་ཉམས་རབ་

(༢༤༤)ཏུ་ཉམས་ཤེས་བཤད་དོ། །འོད་བསྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་བསྲུངས་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་བསྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བའི་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་བསྲུངས་འདི་ལྟ་སྟེ། དཔེར་ན་མི་ནད་པ་ཞིག་ཡོད་ན། སྨན་པས་དེ་ལ་སྨན་བཏང་ནས། སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་དེ་ཉིད་མི་འབྱུང་ན་འོད་བསྲུངས་འདི་ཇི་སྙམ་དུ་སེམས་མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས་སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན་མི་དེའི་བྲོ་ནང་ཤིན་དུ། ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་བསྲུངས་དེ་བཞིན་དུ་ལྟ་བར་འགྱུར་བ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་བསྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྨན་པས་ནད་ནི་བསལ་བའི་ཕྱིར། མི་ཞིག་ལ་ནི་བཀྲུ་སྨན་བཏང་པ་ལས། ནད་རྣམས་བསྐྱོད་ནས་ཁྲུས་པར་མ་གྱུར་ན། དེའི་གཞི་ལས་ནད་ནི་སོས་མི་འགྱུར། དེ་བཞིན་ལྟ་བ་ཐིབས་པོར་གནས་པ་ལས། འབྱུང་བའི་མཆོག་ནི་སྟོང་པ་ཉིད་ཡིན་ན། གང་ཞིག་སྟོང་པ་ཁོ་ནར་ལྟ་གྱུར་བསམ། དེ་ནི་གསོར་མི་རུང་ཞེས་རྒྱལ་བས་གསུངས་ཞེས་པ་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དང་དགེ་སྦྱོང་གི །བླང་དོར་རྟོག་ནས་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་

(༢༤༥)ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་བཞི་པ་སྟེ། འཕགས་པ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་ཅིག་གིས་ཐོགས་པ་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་དགེ་སྦྱོང་ཞེས་བགྱི་བ་ཇི་ཙམ་གྱིས་ནས་དགེ་སློང་དགེ་སྦྱོང་ཞེས་བགྱི་ལགས་དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པ་དང་ལན་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་བསྲུངས་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །འོད་བསྲུངས་དགེ་སློང་དགེ་སྦྱོང་ཞེས་བྱ་བ་ནི། ཞི་བ་དང་། དུལ་བ་དང་། ཅང་ཤེས་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ལ་འཇུག་པ་ཤེས་པས་དགེ་སྦྱོང་ཞེས་བྱ་སྟེ། ཤེས་རབ་དང་ལྡན་པ་དང་། རྣམ་པར་གྲོལ་བའི་སྙིང་པོ་ལྷུར་ལེན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟ་བ་དང་། འཕགས་པའི་སྤྱོད་ཡུལ་གནས་པ་དང་། དྲན་པ་ཉེ་བར་བཞག་པ་བཞི་ལ་གནས་པ་དང་། ཡང་དག་པར་སྤོང་བ་བཞི་ལ་གནས་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པ་བསྒོམས་པ་དང་། དད་པའི་དབང་པོ་དང་ལྡན་པ་དང་། སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་། ཆོས་ལ་དད་པ་མི་ཕྱེད་པ་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་། སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་ཤེས་པས་དད་པ་ལྡན་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པའི་ཤེས་པ་དང་ལྡན་པ་དང་། དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་དང་། སྲིད་པ་བཅོམ་པ་དང་། ཡང་དག་པར་ཞུགས་

(༢༤༦)པ་དང་། དྲན་པ་དང་ཤེས་བཞིན་ལ་མཁས་པ་དང་། སེམས་རྩེ་གཅིག་པ་དང་། ཤེས་རབ་ཀྱི་ལྷག་མཐོང་ལ་མཁས་པ་དང་། སྟོབས་ལྔ་དང་ལྡན་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫི་བ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསམ་པ་གཏན་པ་དང་། ཆོས་རྣམས་ཀྱི་རྟེན་པ་ཤེས་པ་ལ་མཁས་པ་དང་། ལམ་ཤེས་པ་དང་། ལམ་ལ་མཁས་པ་དང་། ཡང་དག་པར་ལྟ་བ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་མཁས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་གཞན་གྱིས་དྲིང་མི་འཇོག་པའི་ཤེས་རབ་དང་ལྡན་པ་དང་། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་ཤེས་ལ་མི་རྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང་། བདུད་བཞིའི་ལམ་ལས་ཤིན་ཏུ་འདས་པ་དང་། ཕུང་པོ་ཡོངས་སུ་ཤེས་པ་བསྲུང་བ་དང་། ཉོན་མོངས་པ་བསལ་བ་དང་། ཐ་མའི་ལུས་འཛིན་པ་དང་། འཆི་བདག་གི་ལམ་ལས་ཡང་དག་པར་འདས་པ་དང་། སྡུག་བསྔལ་ཡང་དག་པར་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་ཐམས་ཅད་སྤངས་པ་དང་། འགོག་པ་མངོན་སུམ་བྱ་བ་ལ་ཞུགས་པ་དང་། ལམ་བསྒོམ་པའི་པའི་རྣལ་འབྱོར་གྱི་རྗེས་སུ་ཞུགས་པ་དང་། འཕགས་པའི་བདེན་པ་བཞི་མཐོང་བ་དང་། གཞན་གྱི་དྲིང་ལ་མི་འཇོག་པ་དང་། སྟོན་པའི་བསྟན་པ་ལ་བྱ་བ་བྱས་པ་དང་། བྱེད་པ་བྱས་པ་དང་། ཟག་པ་ཟད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བས་བསུ་བ་དང་། སྔོན་གྱི་སྤྱོད་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། དགོན་པ་ལ་གནས་པར་མངོན་པར་དགའ་བ་དང་། འཕགས་པའི་རིགས་ལ་གནས་པ་དང་། སྦྱངས་པའི་ཡོན་ཏན་ལ་གནས་པ་དང་། བློ་གྱ་གྱུ་མེད་པ་དང་། རབ་ཏུ་བྱུང་ནས་ཁྱིམ་གྱི་གནས་དང་མི་འདྲེ་བ་དང་། བསེ་རུ་ལྟར་གཅིག་པུ་རྒྱུ་བ་དང་། འདུ་འཛིས་འཇིགས་སྐྲག་པ་དང་། ཁམས་གསུམ་མ་ལུས་པ་ལས་རྣམ་པར་གྲོལ་བ་དང་། རྟག་ཏུ་འཇིགས་པའི་ཡིད་དང་ལྡན་པ་དང་། ཡང་

(༢༤༧)དག་པའི་དགེ་སྦྱོང་གི་ཚུལ་ལ་གནས་པ་དང་། ཐམས་ཅད་ལ་འདོད་པ་མེད་པ་དང་། འཇིག་རྟེན་ཆོས་བརྒྱད་པོ་རྙེད་པ་དང་མ་རྙེད་པ་དང་། གྲགས་པ་དང་མ་གྲགས་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། བསྟོད་པ་དང་། སྨད་པ་རྣམས་ལས་ཡང་དག་པར་འདས་པ་དང་། ས་དང་མཚུངས་པའི་སེམས་ཀྱི་ཉེ་བར་བསྒྲུབ་སྟེ་གནས་པ་དང་། བདག་དང་གཞན་རྗེས་སུ་བསྲུངས་པ་དང་། འཁྲུལ་པ་མེད་པ་དང་། འཁྲུག་པ་མེད་པ་དང་། ཡང་དག་པར་ཞུགས་པ་དང་། ནམ་མཁའ་དང་མཚུངས་པའི་སེམས་ཀྱིས་ཉེ་བར་བསྒྲུབ་སྟེ་གནས་པ་དང་། མཚན་མ་ཐམས་ཅད་ལ་དེའི་སེམས་མི་ཆགས་མི་འཆིང་སྟེ། དཔེར་ན་ནམ་མཁའ་ལ་ལག་འཐིལ་བཞིན་དུ་མི་ཆགས་མི་འཆིང་པ་ཡིན་ཏེ། འདོ་བསྲུངས་དགེ་སྦྱོང་གི་ཆོས་རྣམ་པ་དེ་ལྟ་བུ་དེ་དག་དང་ལྡན་ན་དགེ་སྦྱོང་ཞེས་བྱའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། མདོ་འདི་ཉིད་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་འདི་ནན་ཏན་སྙིང་པོར་བགྱི་བའི་གང་ཟག་ཆོས་ཀྱི་དབང་ཕྱུག་རྣམས་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་གང་ལགས་པ་དེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་ཐོས་ནས་མོས་ཤིང་དེ་བཞིན་ཉིད་དུ་བསྒྲུབ་པ་དེ་དག་ནི་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་བསྲུངས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་ཤིང་དེ་བཞིན་ཉིད་དུ་བསྒྲུབ་པའི་སེམས་ཅན་དེ་དག་ནི་སངས་རྒྱས་ཀྱིས་ཡོངས་སུ་བཟུང་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དགེ་བའི་རྩ་བ་བསྐྱེད་པ་དང་། ཞི་བ་འདོད་

(༢༤༨)པ་གྲོལ་བར་འདོད་པ་དེ་དག་གིས་ཆེད་དུ་ཆོས་ཀྱི་ལེའུ་འདི་ཟུང་ཤིག །ཁྱིམ་པ་དང་། རབ་ཏུ་བྱུང་པ་དེ་དག་ཀྱང་ཆོས་འདི་ལ་བསླབས་ནས་ཕུང་པོ་ཐམས་ཅད་རབ་ཏུ་སྤངས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ལེའུ་བདུན་ལས། དགེ་སྦྱོང་གི་ལེའུ་སྟེ་དང་པོ་དང་། དགེ་སློང་གི་ལེའུ་སྟེ་གཉིས་པ་དང་། དགེ་སློང་རྡོལ་པ་ལྟ་བུའི་ལེའུ་སྟེ་གསུམ་པ་དང་། ཞལ་ལྟ་བྱེད་པའི་ལེའུ་སྟེ་བཞི་པ་དང་། དགོན་པ་པའི་ལེའུ་སྟེ་ལྔ་པ་དང་། བསོད་སྙོམས་སྤྱོད་པའི་ལེའུ་སྟེ་དྲུག་པ་དང་། ཕྱགས་དར་ཁྲོད་པའི་ལེའུ་སྟེ་བདུན་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། དམ་པའི་དོན་གྱིས་དགེ་སྦྱོང་དང་། དགེ་སློང་ལ་སོགས་འཐོབ་གྱུར་ཏེ། ཐམས་ཅད་མཁྱེན་པ་འགྲུབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་ལྔ་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནས། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་བཅུ་དང་། བྱམས་པ་ལ་སོགས་པའི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་བྱུང་བའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་བཅུས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ཏེ་

(༢༤༩)འཁོར་དེ་ཉིད་དུ་འདུས་ནས་འདུག་པར་གྱུར་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་མེ་ཏོག་གི་གདུགས་དང་། མེ་ཏོག་གི་ཕུར་མས་མཆོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། བྱང་ཆུབ་ལས་གྱུར་ན་ཡང་བྱང་ཆུབ་ཀྱི་སེམས་མི་དམིགས་ཏེ། བྱང་ཆུབ་ནི་བརྗོད་དུ་མ་མཆིས། སེམས་ནི་གཟུགས་མ་མཆིས། བསྟན་དུ་མ་མཆིས། ཐོགས་པ་མ་མཆིས། རྣམ་པར་རིག་པ་མ་མཆིས་ཤིང་། སེམས་དཔའ་ཡང་མི་དམིགས་ན། བཅོམ་ལྡན་འདས་ཇི་ལྟར་ཆོས་འདི་དག་གི་དོན་རྟོགས་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་ནི་བརྡ་འམ། གདགས་པའི་ཐ་སྙད་དུ་མི་དམིགས་ཤིང་བྱང་ཆུབ་ལས་གྱུར་ན་བྱང་ཆུབ་ཀྱི་སེམས་ཀྱང་མི་དམིགས་ལ་བྱང་ཆུབ་ནི་བརྗོད་དུ་མེད། སེམས་ནི་གཟུགས་མེད། བསྟན་དུ་མེད། ཐོགས་པ་མེད། རྣམ་པར་རིག་པ་མེད་དེ། སེམས་དཔའ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ནི་བརྗོད་དུ་མེད་པ་སྟེ། བྱང་ཆུབ་ཇི་ལྟ་བར་སེམས་ཀྱང་དེ་བཞིན་ནོ། །སེམས་ཇི་ལྟ་བར་བྱང་ཆུབ་དང་སེམས་ཇི་ལྟ་བར་སེམས་དཔའ་རྣམས་ཀྱང་དེ་བཞིན་ནོ། །སེམས་དཔའ་རྣམས་ཇི་ལྟ་བར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་མིང་འཕོ་བོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་ལྷའི་བུ་སེང་གེའི་རྟོག་གིས་

(༢༥༠)འོད་ཟེར་སྣང་བ་ཐོགས་པ་མེད་པ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཆོས་ཐམས་ཅད་རྟོགས་ཤིང་སངས་རྒྱས་ཀྱི་ཆོས་དང་ཡོན་ཏན་ཐམས་ཅད་བསྒྲུབ་པར་གྱུར་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་ནི་ཇི་སྐད་ཟེར་བ་དེ་བཞིན་ནོ། །ལྷའི་བུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཕྱིར་མི་ལྡོག་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་ཕྱག་རྒྱ་ནི་འདི་ལྟ་སྟེ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ཡིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ནི། དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུར་རོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ཙམ་གྱི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ག་ལྷག་པའི་བསམ་པ་ཡོངས་སུ་དག་ཅིང་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་རོ། །དམ་པའི་ཆོས་ཉན་པ་དང་མི་འབྲལ་བར་འགྱུར་རོ། །དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་འགྱུར་རོ། །རྒྱ་མཚོའི་ཕྱག་རྒྱ་མི་ཟད་པ་མངོན་པར་བསྒྲུབ་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །སེམས་ཅན་གྱི་བསམ་པ་དང་སྤྱོད་པ་དང་། སྒྲ་ལ་འཇུག་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །ཉི་མའི་ཏོག་སྣང་བའི་གཟུགས་མི་འབྲལ་བར་འགྱུར་རོ། །ཟླ་བའི་ཏོག་སྣང་བའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །ཀུན་ནས་ལྡང་བ་ཐམས་ཅད་རྣམ་པར་གནོན་པ་བསྒྲུབ་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །རྡོ་རྗེ་ལྟར་སྲ་ཞིང་བརྟན་པའི་རི་རྣམ་པར་འཇོམས་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །བརྗོད་དུ་མེད་པའི་དོན་བསྟན་པ་ལ་ཡང་དག་པར་གཞོལ་བའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །ཚིག་དང་སྤྱོད་པ་དང་། སྒྲ་ཐམས་ལ་འཇུག་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །ནམ་མཁའི་དཀྱིལ་འཁོར་དྲི་མ་མེད་པར་བསྒྲུབ་པའི་ཕྱག་རྒྱས་བཏབ་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །

(༢༥༡)སངས་རྒྱས་ཀྱི་སྐུ་མཐའ་ཡས་པས་ཡོངས་སུ་རྫོགས་པ་བསྒྲུབ་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །སངས་རྒྱས་ཀྱི་སྐུ་མཐའ་ཡས་པས་ཡོངས་སུ་རྫོགས་པ་བསྒྲུབ་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །ཞེས་སོགས་ཀྱིས་བསྟན་ཏོ། །བསྡུས་པའི་དོན་ནི། བློ་གྲོས་མི་ཟད་པ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ངོས་བཟུང་པ་དང་། སེམས་དང་པོ་བསྐྱེད་པ་སོགས་བཅུར་དབྱེ་བ་དང་། སེམས་བསྐྱེད་ཀྱི་གྲོགས་ཕར་ཕྱིན་བཅུ་པོ་རེ་རེ་ལ་སྔོན་དུ་འགྲོ་བའི་ཆོས་བཅུ་བཅུ་བསྟན་པ་དང་། ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པ་དང་། ས་བཅུའི་སྔ་རྟགས་བརྟན་པ་དང་། ས་བཅུ་པོ་རེ་རེ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རེ་རེས་གོ་རིམས་བཞིན་དུ་གནོན་པར་བསྟན་པ་དང་། སེམས་དང་པོ་བསྐྱེད་པ་སོགས་བཅུ་པོ་རེ་རེ་ལ་བསྐྱེད་བྱེད་ཀྱི་ཏིང་ངེ་འཛིན་རེ་རེ་བསྟན་པ་དང་། སེམས་བསྐྱེད་པའི་ས་རེ་རེ་ལ་གཟུངས་རེ་རེ་སྐྱེ་བར་བསྟན་པ་དང་། མདོ་ལ་བསླབས་པའི་ཕན་ཡོན་བསྟན་པ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ས་བཅུ་འཁོར་བཅས་མཐར་ཕྱིན་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་དྲུག་པ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འགའ་ཞིག་གིས་བཀའ་བར་པའི་སྲས་བཅུ་གཅིག་གི་ནང་དུ་འདྲེན་ནའང་། བཀའ་ཐ་མར་བྱེད་པ་ལྟར་ལེགས་ཏེ། དཀོན་མཆོག་བརྩེགས་པའི་མདོ་ཕལ་ཆེར་བྱིན་

(༢༥༢)བཀའ་ཐ་མར་བསྟན་པ་ལྟར་དོན་ལ་གནས་པར་སྣང་བའི་ཕྱིར་རོ། །འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནས། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་དང། ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། དེ་དག་ཐམས་ཅད་དང་གཞན་ཡང་ཉན་ཐོས་ཆེན་པོ་རྣམས་རང་རང་གི་གནས་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་ཕོ་བརྔ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་འོངས་ཤིང་ལྷགས་ཏེ་འདུས་པར་མཁྱེན་ནས།བདག་གི་ཕོ་བྲང་ནས་བྱུང་སྟེ་ཕོ་བྲང་གི་ཕྱི་རོལ་ཕྱོགས་གཅིག་ཏུ་གདན་གཏིང་བ་ལ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་བཀའ་ཡས་རྩལ་གྱིས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་རྩལ་པ། ཤཱ་ར་དྭ་ཏིའི་བུ་ཁྱོད་ཅིའི་ཕྱིར་ཞོགས་པས་འོངས་ཏེ་དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོ་ན་འདུག །དེ་སྐད་ཅེས་བཀའ་རྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐམས་ཅད་ཀྱི་ཐོག་མ་མེད་པ་ཉིད་དུ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པའི་ཕོ་བྲང་གི་ཆབ་སྒོར་མཆིས་སོ། །བདག་ནི་བཅོམ་ལྡན་འདས་ལ་བལྟ་བར་འཚལ་བའི་སླད་ཀྱིས་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་རྩལ་པ། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་ལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐོག་མ་ཉིད་དུ་དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོར་འདུག་པ་བདེན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་

(༢༥༣)དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟར་ལགས། བདེ་བར་གཤེགས་པ་དེ་དེ་ལྟར་ལགས་ཏེ། བདག་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་ཐམས་ཅད་ཀྱི་ཐོག་མ་ཉིད་དུ་རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་ག་ལ་བ་དེར་མཆིས་ནས་ཕྱོགས་ཅིག་ཏུ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་གིས་ནི་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་བསྙེན་བཀུར་བགྱི་བས་མ་ངོམས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟར་བདག་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་མཆིས་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་སྟེ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་ན་ཇི་ལྟར་བདག་གིས་མཐོང་བ་དང་ཇི་ལྟར་བདག་ཕྱག་བགྱི་བ་དང་། ཇི་ལྟར་བདག་བསྙེན་བཀུར་བགྱིད་པ་དེ་ལྟར་བལྟ་བར་བགྱིའོ། །དེ་ལྟར་ཕྱག་བགྱིའོ། །དེ་ལྟར་བསྙེན་བཀུར་བགྱིའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་མཐོང་བ་ནས་བསྙེན་བཀུར་བགྱིད་པའི་བར་དུ་འགྱུར་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། འཇམ་དཔལ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་མ་དང་། དགེ་བསྙེན་མ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་ནས་ཡང་དག་པར་སྟོན་པའི་བར་དུ་བྱེད་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་ང་འཆད་ན། གང་དག་དེ་བཞིན་ཉིད་དུ་བསྒྲུབ་པ་ལྟ་ཅི་སྨོས་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་རིག་པར་བྱའོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། འབྱུང་བ་མེད་པའི་བར་འདི་ཐོས་

(༢༥༤)ནས་མི་སྐྲག་མི་དངང་དངང་བར་མི་འགྱུར་བ་དེ་དག་ནི་སངས་རྒྱས་ཀྱི་ཡུལ་ལ་གནས་པའོ། །གོང་དུ་ཡང་མོས་པར་བྱེད་ན་དེ་དག་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ངེས་པར་འགྱུར་རོ། །འཇམ་དཔལ་ངས་སངས་རྒྱས་ཀྱི་གནང་བ། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པ་དགྲ་བཅོམ་པ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པའི་རྒྱ་འདི་བཞག་པར་བྱ་སྟེ། བརྒྱ་འདི་ནི་མཉམ་པ་ཉིད་དུ་རྟོགས་པ་རྣམས་ལ་བཞག་གོ །འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཆགས་པ་མེད་པ་ཡོངས་སུ་སྟོན་པའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བརྒྱ་འདིས་བཏབ་པ་ནི་ངན་སོང་དུ་འགྲོ་བའི་བསྐལ་པ་ཅན་མ་ཡིན་ནོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་འགྲོ་བའམ། འཇུག་པའི་སྐལ་པ་ཅན་མ་ཡིན་ནོ། །ཞེས་སོགས་ཀྱིས་བསྟན་ཏོ། །བསྡུས་པའི་དོན་ནི། གླེང་གཞིའི་བྱུང་ཚུལ་བསྟན་པ་དང་། བཅོམ་ལྡན་འདས་དང་། འཇམ་དཔལ་གྱི་དྲི་ལན་གྱིས། ཉན་ཐོས་ཆེན་པོ་རྣམས་མཐོང་བར་བསྟན་པ་དང་། ཤཱ་རིའི་བུ་དང་། འཕགས་པ་འཇམ་དཔལ་གྱི་དྲི་ལན་གྱིས་ཐེག་པ་གསུམ་ལ་སོགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་དང་། བཅོམ་ལྡན་འདས་དང་། འཇམ་དཔལ་གྱི་དྲི་ལན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་སྐལ་པ་མཆིས་མ་མཆིས་པ་སོགས་ཀྱི་སྒོ་ནས་སྟོང་པ་ཉིད་བསྟན་པ་དང་། ཀུན་དགའ་བོ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་གྱིས་ཤེར་ཕྱིན་གྱི་ཡོན་ཏན་བསྟན་པ་དང་ཤཱ་རིའི་བུ་དང་། བཅོམ་ལྡན་འདས་ཀྱིས་དྲི་ལན་གྱིས་འཇམ་དཔལ་གྱིས་ཡོན་ཏན་གྱི་སྒོ་ནས་སྟོང་པ་ཉིད་བསྟན་པ་དང་། ཡང་བཅོམ་ལྡན་འདས་དང་འཇམ་དཔལ་གྱི་དྲི་ལན་གྱིས། འཇམ་དཔལ་ཟབ་མོ་ཐུགས་སུ་ཆུད་པའི་རྒྱུ་བསྟན་པའི་སྒོ་ནས་སྟོང་པ་ཉིད་བསྟན་པ་དང་། ཡང་བཅོམ་ལྡན་འདས་དང་། འཇམ་དཔལ་གྱིས་དྲིས་ལན་གྱིས་ཡེ་ཤེས་སྒྱུ་མ་ལྟ་བུར་བསྟན་པའི་སྒོ་ནས་སྟོང་པ་ཉིད་བསྟན་པ་དང་། སྟོན་པས་མདོའི་ཕན་ཡོན་བསྟན་པ་དང་། ལྷའི་དབང་པོ་ལ་སོགས་པའི་ལྷ་རྣམས་དང་། སྟོན་པའི་དྲི་ལན་གྱིས་སྨོན་ལམ་བཏབ་པ་དང་། ལུང་བསྟན་པ་དང་། གསུངས་པ་བསྟན་པ་དང་། འཇམ་དཔལ་དང་། བཅོམ་ལྡན་འདས་

(༢༥༥)ཀྱིས་དྲི་ལན་གྱིས་གདུལ་བྱ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་པར་བསྟན་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྟོང་ཉིད་ཟབ་མོའི་དོན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་བདུན་པ་སྟེ། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པ་ནས་གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དུ་མ་དང་ཡང་ཐབས་གཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་བཀོད་པ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱི་བལྟས་ནས་ཆོས་སྟོན་ཏེ་ཞེས་པ་ནས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་པར་འགྱུར་བ་ཡང་དག་པར་རབ་ཏུ་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། ཡང་དེའི་ཚེ་ཤར་ཕྱོགས་ལོགས་ཀྱི་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་བ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་

(༢༥༦)པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་ད་ལྟ་ན་བཞུགས་ཏེ། ཞེས་པ་ནས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་བརྒྱ་སྟོང་མང་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་ནི། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་དག་པར་རབ་ཏུ་གནས་པ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ་སྟོབས་དང་། བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཉན་པའི་སླད་དུ་འདིར་མཆིས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་ཡོངས་སུ་དག་པ་གང་ལ་གནས་ན་ཤིན་དུ་མཐར་ཕྱིན་པ་དང་། ཤིན་དུ་གྲུབ་པ་དང་། བདེ་བར་འགྱུར་བ་དང་། ཤིན་ཏུ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དང་དེ་དག་ལ་བག་ཆགས་ཀྱི་འཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་འབྱུང་བར་མི་འགྱུར་བ་དང་། རང་གིས་སྤྱོད་པ་ཡོངས་སུ་དག་པ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་འཚམ་པར་འགྱུར་བ་དང་། སྤྱོད་པའི་མཚན་ཉིད་རྣམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་བ་དང་ཡེ་ཤེས་ཀྱིས་སྤྱོད་པས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་སྤྱོད་པ་རྣམ་པར་སྦྱོང་བར་འགྱུར་བ་དང་

(༢༥༧)ཆོས་ཀྱི་སྤྱོད་པས་སེམས་ཅན་མི་མཐུན་པར་སྤྱོད་པ་ལ་གནས་པ་རྣམས་ཡང་དག་པའི་ཆོས་ཀྱི་ནན་ཏན་ལ་མོས་པར་བགྱིད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཁ་ན་མ་ཐོ་བ་མ་མཆིས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་དང་། དེ་དག་ལ་བདུད་ཐམས་ཅད་ཀྱིས་ཀླགས་མི་རྙེད་པར་འགྱུར་བ་དང་། དེ་དག་ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་བྱུང་པའི་སངས་རྒྱས་ཐམས་ཅད་བལྟ་བ་ལ་སྒྲིབ་པ་མ་མཆིས་པར་འགྱུར་བ་དང་། དེ་དག་གི་སྤྱོད་པ་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་པས་རིག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་བསྟན་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང་། ཞེས་པས་བསྟན་ཏོ། །སྟོན་པས་གསུང་བར་ཞལ་གྱིས་བཞེས་ཤིང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དཔྱོད་པ་ཡོངས་སུ་དག་པའི་དཔེ་ཙམ་ཅུང་ཟད་ཅིག་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །ལམ་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ནི་འདི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་བསྒྲུབ་པའི་སྤྱོད་པ་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཡོངས་སུ་དག་པ་སྟེ་རིགས་ཀྱི་བུ་བཞི་པོ་དེ་

(༢༥༨)དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི་མདོ་འདི་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་རྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག་ཀློགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། ཀློག་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྟོང་དུ་ཅི་བཞེད་ཅེས་སྦྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་ཏེ། འཆང་ངམ། ཀློག་གམ། དེ་ཁོ་ན་བཞིན་དུ་ནན་ཏན་བྱ་བ། འདི་ནི་དེ་བས་ཆེས་བསོད་ནམས་ཆེས་མང་སྟེ། ཚད་མེད་གྲངས་མེད་པར་ཁོང་དུ་ཆུད་པར་བྱའོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི་མདོ་འདི་ཉིད་ལས་དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་ནི་ཀུན་ཏུ་བསྔོ་བའི་ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ནི་ལམ་སྨྲའི་ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་པར་བྱའོ། །མངོན་པར་ཤེས་པ་སྒྲུབ་པའི་སྤྱོད་པ་ཡོངས་སུ་དག་པ་ནི། བསམ་གཏན་ལ་སེམས་ལས་སུ་རུང་བའི་ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཡོངས་སུ་དག་པ་ནི་སྙིང་རྗེ་ཆེན་པོས་ལྷག་པའི་བསམ་པ་བརྟན་པའི་ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་པར་བྱའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་ལས་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་

(༢༥༩)ན་རེ། ཆོས་ཉམས་སུ་ལེན་པའི་ཚུལ་ལ། ཆོས་མང་པོ་མི་སླབ་པར། སྣ་རེ་ལ་སྒྲིལ་བར་བྱ་བ་ཡིན་ནོ་ཟེར་བ་ནི། རྒྱལ་བའི་previous hit དགོངས next hit་མ་ཡིན་ཏེ། རྒྱལ་བའི་previous hit དགོངས next hit་ནི། བྱང་ཆུབ་ཀྱི་རྒྱུ་རྐྱེན་དུ་འགྱུར་བའི་ཆོས་ཐམས་ཅད་ལ་ཅིག་ཅར་བསླབ་པར་བྱ་བ་ཡིན་ཏེ། མདོ་འདི་ཉིད་ལས་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཡོངས་སུ་རྟག་པ་གཟུང་སྟེ། སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རི་མོ་མཁན་བཟོ་ཐ་དད་པར་བསླབས་པ། ཡན་ལག་རྣམ་པར་ཕྱེ་བ་ཐ་དད་དུ་བསླབས་པར་འགྱུར་ཏེ། དེ་ལ་ལ་ལ་ནི་ས་གཅོད་པ་ལ་མཁས་ཀྱང་འདྲི་བ་ལ་མི་མཁས། ལ་ལ་ནི་གཏན་ལ་འབེབས་པ་ལ་མཁས་ཀྱང་། ཡན་ལག་དང་། ཉིང་ལག་ལ་མི་མཁས་ཁ་ཅིག་ནི་རྐང་ལག་འདྲི་བ་ལ་མཁས་ཀྱང་མིག་དང་མགོ་དང་རྣ་བ་འབྲི་བ་ལ་མི་མཁས་པ་དག་ཅིག་ཡིན་ལ། རིགས་ཀྱི་བུ་དེ་ལྟར་རྣམ་པ་ཐ་དད་དུ་བསླབས་པ། ཡན་ལག་རྣམ་པར་དབྱེ་བ་ལ་ཐ་དད་དུ་བསླབས་ལ། གཟུངས་ཐ་དད་དུ་བསླབས་པའི་རི་མོ་མཁན་དེ་དག་ཐམས་ཅད་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་རས་ཤིག་བྱིན་ཏེ། ཁྱེད་རྣམས་ཀྱི་རས་འདི་ལ་ངའི་གཟུགས་བྲིས་ཏེ་འོན་ཅིག་ཁྱེད་ཅག་ཐམས་ཅད་ཀྱིས་ཀྱང་འདི་ལ་རི་མོ་བྲིས་ཤིག །དེ་ནས་རི་མོ་མཁན་དེ་དག་ཚོགས་ནས་རས་དེ་བརྒྱངས་པ་ལས་རི་མོ་མཁན་དེ་དག་རི་མོ་མཁན་གཅིག་ཅིག་ཡུལ་གཞན་ཞིག་ཏུ་སོང་པར་གྱུར་ལ། དེ་ནས་རི་མོ་མཁན་ཕྱི་མ་དེ་དེ་དག་གིས་དེ་ལ་རྒྱལ་པོ་དེའི་གཟུགས་བྲིས་ནས་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས་རི་མོ་མཁན་གཅིག་པོ་དེའི་ལག་ཏུ་མ་བླངས་ན་རས་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ན་ཅི་ཅི་ཙམ་དུ་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་འདི་དཔེར་བྱས་ཏེ། འདིའི་དོན་ཅིར་ལྟ་ཞེ་ན། རིགས་ཀྱི་བུ་ཇི་ལྟར་རི་མོ་མཁན་གཅིག་པོ་དེ་མེད་ན། རས་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་མི་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་རྣམ་པ་ཇི་སྙེད་པ་དང་། སྤྱོད་པ་ཇི་སྙེད་དང་། བརྩོན་པ་ཇི་སྙེད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པར་འགྱུར་བའི་རྣམ་པ་དེ་དག་

(༢༦༠)ལས་གལ་ཏེ་རྣམ་པ་ཅིག་མ་བསྟན་ན་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མ་ཡིན་ནོ། །ནམ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པ་ཡང་དག་པར་སྡུས་ཤིང་ལྟ་བ་དང་། ཉོན་མོངས་པའི་ཀུན་ནས་ལྡང་བ་དང་། མཚན་མ་ལ་དམིགས་པའི་སྤྲོས་པ་ཐམས་ཅད་དང་ལྷན་ཅིག་མི་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དགེ་འདིས་འགྲོ་བ་ཐམས་ཅད་ཀྱིས། རྒྱ་ཆེན་སྤྱོད་པ་ལ་གནས་ཤིང་། རྣམ་ཀུན་མཆོག་ལྡན་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་བརྒྱད་པ་སྟེ། འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བ་ཐེག་པ་ཆེན་པོའི་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་ནི་རྗེས་སུ་ཡི་རང་གི་སྐབས་ནས། ལྷའི་དབང་པོ་བརྒྱ་བྱིན་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གཞན་ཡང་གང་དེ་ལྟས་པར་གྱུར་པ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་ཞེས་པར་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་དང་། ཇི་ལྟར་ཞུས་པའི་ཚུལ་གཉིས་ལས། དང་པོ་ནི། དེ་ནས་དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། བཙུན་མོ་དམ་པ་བཙུན་མོ་ཕྲེང་ལྡན་མས་ལྷ་མོ་དཔལ་འཕྲེང་ཆོས་རྟོགས་ནས་རིང་པོ་མ་ལོན་པའི་བར་སྐབས་སུ་གཏམ་གླེངས་པ། རྒྱལ་པོ་ཆེན་པོ་ཀྱེ་མ་ཁྱོད་ཀྱི་སྲས་མོ་ལྷ་མོ་དཔལ་འཕྲེང་ནི་འཛངས་ཤིང་གསལ་བ་ཟབ་ཅིང་མཁས་ཏེ་

(༢༦༡)གལ་ཏེ་དེས་བཅོམ་ལྡན་འདས་མཐོང་བ་ལྟ་ན་ཚོགས་ཆུང་ངུས་ཆོས་རྟོགས་ལ། བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་ལ་ཡང་ཐེ་ཚོམ་མ་མཆིས་པར་འགྱུར་རོ། །ཞེས་པ་ནས་དེ་ནས་ལྷ་མོ་དཔལ་འཕྲེང་གིས་ཕ་མ་ལ་གུས་པས་ཕྲིན་ཡིག་དེ་ལག་པ་གཉིས་ཀྱིས་བླངས་ནས་མགོ་ལ་གཏུགས་ཏེ་བདག་ཉིད་ཀྱིས་འཕྲིན་ཡིག་ཀླགས་ནས་ཕྲིན་ཡིག་གི་དོན་བཟང་ངོ་ཞེས་ངེས་པར་བཟུང་སྟེ། དོན་དུ་ངེས་པར་བཟུང་ནས་མགོ་གཅོགས་ཏེ་ཡ་མཚན་དུ་བཟུང་ནས་ལྷ་མོ་དཔལ་འཕྲེང་གིས་ན་སྐོར་མ་ཟླ་བ་ལྟ་བུ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ནི། འཇིག་རྟེན་དག་ན་ཤིན་དུ་དཀོན། གལ་ཏེ་ཚིག་འདི་བདེན་གྱུར་ན། བདག་གིས་ཁྱོད་ལ་བགོ་བ་སྦྱིན། གལ་ཏེ་བཅོམ་ལྡན་སངས་རྒྱས་དེ། འཇིག་རྟེན་དོན་དུ་བྱུང་གྱུར་ན། དེ་ནི་བདག་ལ་ཐུགས་རྗེ་ཡིས། བསྟན་པའི་ཆེད་དུ་འདིར་བྱོན་ཅིག །དེ་ནས་དེ་ཡིས་སྐད་ཅིག་ལ། མགོན་པོ་གཤེགས་ནས་མཁའ་ལ་བཞུགས། བསམ་གྱིས་མི་ཁྱབ་སངས་རྒྱས་སྐུ། འོད་ཟེར་འགྱེད་ཅིང་བཞུགས་པ་མཐོང་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་དེའི་ཚེ་ལྷ་མོ་དེ། གུས་པས་འཁོར་བཅས་ལངས་ནས་ཀྱང་། སྤྱི་བོར་ཐལ་མོ་སྦྱར་བྱས་ནས། སྨྲ་བའི་མཆོག་ལ་བསྟོད་པ་ནི། ཞེས་པ་ནས། བདག་ནི་ད་ལྟར་མགོན་པོ་སྐྱབས། བྱང་ཆུབ་ས་བོན་རྣམ་པར་བསྐྱེད། སླན་ཆད་སྲིད་པ་གཞན་དག་ཏུ། ཐུབ་པས་བདག་ལ་ཕན་གདགས་མཛོད་ཅེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གསུང་བར་ཞལ་གྱིས་བཞེས་ཤིང་། ལྷ་མོ་འཁོར་བཅས་ཀྱི་ཞབས་ལ་གཏུགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། སྔོན་ཚེ་རྣམས་སུ་ལྷ་མོ་ཁྱོད། ངས་ནི་བྱང་ཆུབ་སྦྱོར་བ་བྱས། ཕྱིས་ཀྱང་ཚེ་རབས་གཞན་དག་ཏུ། ངས་ནི་རྗེས་སུ་བཟུང་པར་བྱ། ལྷ་མོ་དཔལ་འཕྲེང་གིས་གསོལ་པ། བདག་གིས་འདི་དང་གཞན་དག་ཏུ། བསོད་ནམས་གང་དང་གང་བགྱིས་

(༢༦༢)པ། བསོད་ནམས་དེ་ཡིས་མགོན་པོ་ཁྱོད། རྟག་ཏུ་བདག་གིས་མཐོང་པར་ཤོག །དེ་ནས་ལྷ་མོ་དཔལ་ཕྲེང་དང་། ལྷན་ཅིག་ཏུ་བཙུན་མོ་ཀུན་དང་། ཐམས་ཅད་དང་ལྡན་པའི་འཁོར་གྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པའི་ནང་དུ་ལྷ་མོ་དཔལ་ཕྲེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ལྷ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཡང་དག་པའི་ཡོན་ཏན་དག་གིས་མངོན་པར་བསྟོད་པའི་བསོད་ནམས་བསགས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་ལྷ་མོ་ཁྱོད་བསྐལ་པ་ཚད་མེད་གྲངས་མེད་པར་ལྷ་དང་མིའི་རྒྱལ་སྲིད་ཕུན་སུམ་ཚོགས་པ་མྱོང་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཡང་ང་མཐོང་བ་དང་བྲལ་བར་མི་འགྱུར་ཞིང་། ང་ལ་མངོན་སུམ་དུ་འདི་ལྟ་བུའི་བསྟོད་པ་བསྔགས་པས་བསྔགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་དག་པ་ཡང་མཆོད་པ་བྱེད་པར་འགྱུར་རོ། །ད་ཕྱིན་ཆད་བསྐལ་པ་བརྒྱ་སྟོང་ཕྲག་གྲངས་མེད་པ་ཉི་ཤུ་ན་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བར་འགྱུར་ཏེ། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཀཽ་ཤི་ཀ་དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ནི་ཟབ་ལ་ཡོན་ཏན་ཆེན་པོའི་འབྱུང་གནས་ཡིན་ནོ། །ཀཽ་ཤི་ཀ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདིའི་ཡོན་ཏན་གྱི་མིང་ཡོངས་སུ་བརྗོད་པ་ཙམ་ཞིག་བཤད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་པ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ལྷའི་དབང་པོ་བརྒྱ་བྱིན་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་རྩལ་ཏོ། །ཀཽ་ཤི་ཀ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་མཐའ་ཡས་པ་ཡང་དག་པར་བསྟོད་པ་ཞེས་བྱ་བར་ཡང་

(༢༦༣)ཟུང་ཤིག །ཀཽ་ཤི་ཀ་འདི་ནི་ཡི་དམ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བར་ཡང་ཟུང་ཤིག །སྨོན་ལམ་ཐམས་ཅད་སྡུད་པ་སྨོན་ལམ་ཆེན་པོ་ཞེས་བྱ་བར་ཡང་ཟུང་ཤིག །དམ་པའི་ཆོས་ཡོངས་སུ་འཛིན་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །ཐེག་པ་གཅིག་ཏུ་ཡང་དག་པར་འདུལ་བ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འཕགས་པའི་བདེན་པ་བརྒྱད་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཀྱི་སྐུ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །སྟོང་པ་ཉིད་ཀྱི་དོན་གྱི་previous hit དགོངས next hit་ཡང་དག་པར་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བདེན་པ་གཅིག་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །རྟག་པ་དང་། བརྟན་པ་དང་། ཞི་བ་དང་། ཐེར་ཟུག་པ་དང་། སྐྱབས་ཅིག་ཏུ་གྱུར་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །ཕྱིན་ཅི་ལོག་གིས་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ལ་previous hit དགོངས next hit་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པའི་སྲས་ཀྱི་ཡང་དག་པར་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །ཀཽ་ཤི་ཀ་འདི་ནི་ལྷ་མོ་དཔལ་འཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བར་ཡང་ཟུང་ཤིག །ཀཽ་ཤི་ཀ་མདོ་འདིར་བསྟན་པ་གང་དག་བཤད་པ་དེ་དག་ཐམས་ཅད་ནི་རྒྱུ་བ་བཅད་པ་དང་། ངེས་པའི་དོན་དང་། སྟོན་པ་གཅིག་པ་ཞེས་བྱ་བར་ཡང་ཟུང་ཤིག །ཅེས་པས་བསྟན་ཏོ། །བསྡུས་པའི་དོན་ལ་ལྷ་མོ་དཔལ་འཕྲེང་མཚན་དང་ཞིང་དང་བཅས་ཏེ་བྱང་ཆུབ་ཏུ་ལུང་བསྟན་ཅིང་། ལྷ་མི་དཔག་ཏུ་མེད་པ་ཞིང་དེར་སྐྱེ་བར་སྨོན་ལམ་བཏབ་པ་ལྟར། དེ་བཞིན་གཤེགས་པས་དེ་དག་ཞིང་དེར་སྐྱེ་བར་ལུང་བསྟན་པ་དང་། དཔལ་ཕྲེང་གིས་ལུང་བསྟན་ཐོབ་ནས། ཡི་དམ་ཆེན་པོ་བཅུ་བླངས་པ་དང་། ཡི་དམ་དེ་རྣམས་འགྲུབ་ངེས་པའི་བརྟགས་བསྟན་པའི་ཕྱིར་དུ་བདེན་པའི་སྟོབས་བརྗོད་པ་དང་། ལྷ་མོ་དཔལ་འཕྲེང་གིས་སྨོན་ལམ་

(༢༦༤)ཆེན་པོ་གསུམ་བཏབ་པ་དང་། མཐར་ཐུག་གི་དཀོན་མཆོག་གསུམ་པོ་སངས་རྒྱས་ཉིད་ལ་ཚང་བར་བསྟན་པ་དང་། ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་འཇིགས་པ་དང་བཅས་པས་མཐར་ཐུག་གི་སྐྱབས་གནས་མ་ཡིན་པར་སྟོན་པ་དང་། ཉན་རང་གི་མྱང་འདས་གནས་སྐབས་ཀྱི་མྱང་འདས་ཙམ་ཡིན་ཅིང་མཐར་ཐུག་གི་མྱང་འདས་མ་ཡིན་པ་སྟོན་པ་དང་། ཉན་རང་གི་མྱང་འདས་ལྷག་བཅས་ཀྱི་མྱང་འདས་སུ་སྟོན་པ་དང་། མི་གནས་པའི་མྱང་འདས་ལྷག་མེད་ཀྱི་མྱང་འདས་སུ་བསྟན་པ་དང་། མ་རིག་བག་ཆགས་ཀྱི་ས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡང་བྱར་བསྟན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི། ཐེག་པ་ཆེན་པོའི་ཆ་ཤས་ཡིན་པ་བསྟན་པ་དང་། ངེས་དོན་གྱི་ཐེག་པ་གཅིག་ཡིན་པར་བསྟན་པ་དང་།དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དང་། དེ་ལ་མཐའ་གཉིས་ལྟ་བ་སྤོང་བ་དང་། དེ་བཞིན་གཤེགས་པ་ལ་དད་པས་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དག་ནི་འདུ་ཤེས་ཕྱིན་ཅི་ལོག་མ་ཡིན་ཞིང་ཡང་དག་པའི་ལྟ་བར་བསྟན་པ་དང་། སྟོན་པ་བཞི་བསྟན་པ་དང་། ལྷ་མོ་དཔལ་འཕྲེང་གིས་རང་གིས་ཁྱིམ་བདག་རྒྱལ་པོ་གྲགས་པའི་བཤེས་གཉེན་ལ་སོགས་པ་བུད་མེད་ལོ་བདུན་ལོན་པ་ཡན་ཆད་ཐེག་པ་ཆེན་པོ་ལ་བཀོད་པ་སོགས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། ས་བཅུ་རྒྱུན་མཐའི་གནས་ངན་ལེན་གྱི་དྲི་མ་རྣམས་ས་བཅུ་རྒྱུན་མཐའི་ཡེ་ཤེས་ཉིད་ཀྱིས་སྤོང་བའི་ཕྱིར། རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་ཀྱི་ངོ་སྐལ་གྱི་སྤང་ཆ་མེད་དོ་ཞེས་ཟེར་བ་ནི་མི་རིགས་ཏེ། མདོ་འདི་ཉིད་ལས། བམ་པོ་དང་པོ་ལས་ཀྱང་། བཅོམ་ལྡན་འདས་དཔེར་ན་བདུད་སྡིག་ཅན་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་གཏོགས་

(༢༦༥)ཀྱང་འདི་ལྟར་གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྟོབས་དང་། འཁོར་དང་། དབང་ཕྱུག་གིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཟིལ་གྱིས་གནོན་ཏོ། །བཅོམ་ལྡན་འདས་དེ་བཞིན་དུ་མ་རིག་པའི་གནས་ཀྱི་ས་སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་ཞེས་བགྱི་བས་ཀྱང་གནས་ཀྱི་ས་བཞི་པོ་འདི་དག་ཟིལ་གྱིས་གནོན་ཏོ། །ཉེ་བའི་ཉོན་མོངས་པ་གང་གའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་ཀྱི་རྟེན་དུ་གྱུར་པ་དང་། ཉོན་མོངས་པ་བཞི་དང་ཡང་ཡུན་རིང་པོ་ནས་ལྷན་ཅིག་གནས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་པས་མི་རྫི་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་བཞོམ་པར་བགྱི་བ་ལགས་ཏེ། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་ས་ནི་སྟོབས་ཆེ་བ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་བམ་པོ་གཉིས་པ་ལས། བཅོམ་ལྡན་འདས་རྐྱེན་མ་མཆིས་ན་རྐྱེན་འབྱུང་སྟེ། དེ་ལྟ་ལག་པས་མ་རིག་པའི་གནས་ཀྱི་ས་ནི་ཡིད་ཀྱི་ལུས་གསུམ་པོ་རྣམས་དང་། ཟག་པ་མ་མཆིས་པའི་ལས་ཀྱི་རྐྱེན་ལགས་པའི་སླད་ཏུ་སྲིད་པའི་འདོད་ཆགས་ལ་གནས་ཀྱི་ས་དང་མིང་འདྲ་བ་ལགས་སོ། །དེ་ལྟ་ལགས་ཀྱང་སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་དང་ལས་ཐུན་མོང་བ་ནི་མ་ལགས་སོ། །བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་ས་བཞི་པོ་དག་ལས་ཐ་དད་པ་ཁོ་ན་ལགས་ཏེ། ཡོངས་སུ་གྲོལ་བའི་ས་པ་དང་། སངས་རྒྱས་ཀྱི་པས་སྤང་པར་བགྱི་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་ནི་གནས་ཀྱི་ས་བཞི་སྤངས་ཀྱང་ཟག་པ་ཟད་པ་ལ་དབང་བའི་སྟོབས་ཀྱང་མི་འཐོབ། མངོན་སུམ་དུ་ཡང་མི་བགྱིད་དོ། །བཅོམ་ལྡན་འདས་ཟག་པ་ཟད་པ་ཞེས་བགྱི་བ་དེ་ནི་མ་རིག་པའི་གནས་ཀྱི་སའི་ཚིག་བླ་དགས་ལགས་སོ། །ཞེས་པ་དང་། བཅོམ་ལྡན་འདས་སྤང་བར་བགྱི་བའི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་རྙེད་པ་གང་དག་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་ཞིང་སྤང་བར་བགྱི་བའི་ཆོས་དེ་དག་ཐམས་ཅད་ཀྱི་གཞི་དང་རྟེན་ནི་འདི་ལྟར་མ་རིག་པའི་གནས་ཀྱི་ས་ལགས་སོ། །བཅོམ་ལྡན་འདས་དཔེར་ན་ས་

(༢༦༦)བོན་གྱི་རྣམ་པ་གང་ཅི་ལགས་པ་དག་དང་། རྩ་དང་། ཤིང་གེལ་པ་དང་། སྨན་དང་ནགས་ཚལ་དེ་དག་ཐམས་ཅད་ནི་ས་ལ་རྟེན་ཅིང་ས་ལ་གནས་ཏེ། སྐྱེ་ཞིང་འཕེལ་ལ་རྒྱས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ས་ཆེན་པོ་ཚིག་ཅིང་ཞིག་ལ་མི་གདའ་བར་གྱུར་ཏེ་མ་མཆིས་པར་གྱུར་ན་ནི་ས་བོན་གྱི་རྣམ་པ་གང་ཅི་ལགས་པ་དག་དང་། རྩ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་དེ་དག་ཐམས་ཅད་ཀྱང་ཚིག་ཅིང་ཞིག་ལ་མི་གདའ་བར་འགྱུར་ཞིང་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་སྤང་བར་བགྱི་བའི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བགྱི་བ་དེ་དག་ཐམས་ཅད་ཀྱང་མ་རིག་པའི་གནས་ཀྱི་ས་ལ་རྟེན་ཅིང་མ་རིག་པའི་གནས་ཏེ། སྐྱེ་ཞིང་འཕེལ་ལ་རྒྱས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་ས་སྤངས་ཤིང་སྦྱངས་ཏེ་མ་མཆིས་པར་གྱུར་ན་ནི་སྤང་བར་བགྱི་བའི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་སྙེད་གང་དག་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བགྱི་བ་དེ་དག་ཐམས་ཅད་ཀྱང་སྤངས་ཤིང་སྦྱངས་ཏེ་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དེ་དག་ཐམས་ཅད་སྤངས་ཤིང་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བརྙེས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཐམས་ཅད་ལ་སྒྲིབ་པ་མ་མཆིས་པའི་མངོན་པར་མཁྱེན་པ་བརྙེས་ཏེ། ཐམས་ཅད་མཁྱེན་པ་དང་། ཐམས་ཅད་གཟིགས་པ་དང་། སྐྱོན་ཐམས་ཅད་སྤངས་པ་དང་། ཡོན་ཏན་ཐམས་ཅད་དང་ལྡན་པ་དང་། ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་དབང་ཕྱུག །ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་བར་གཤེགས་ནས་ངའི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟན་ཏོ། །བྱ་བ་བྱས་སོ། །འདི་ལྟ་བུ་ཉིད་ལས་གཞན་མི་ཤེས་སོ། །ཞེས་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །ཞེས་གསུངས་པས་བསྟན་ཏོ། །དེ་ལྟར་བརྟན་པའི་དགེ་བ་ཡིས།

(༢༦༧)ལྷ་མོ་དཔལ་ཕྲེང་ཇི་བཞིན་དུ། དམ་ཆོས་མ་ལུས་འཛིན་པ་ཡི། སེང་གེའི་སྒྲ་དབྱངས་སྒྲོག་བྱེད་ཅིང་། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་དགུ་པ་སྟེ། འཕགས་པ་དྲང་སྲོང་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་གང་གཱའི་ཀླུང་གི་འགྲམ་རྒལ་བར་བྱ་བ་མ་ཡིན་པ། ཁྱུ་བྱུག་དང་། ནེ་ཙོ་དང་། བུང་བ་དང་། ངང་པའི་རྒྱལ་པོ་དང་། བྱའི་ཚོགས་དུ་མ་སྒྲ་སྙན་པ་འབྱིན་པ་དང་། ཤིང་བླག་ཤ་དང་། ནྱ་གྲོ་དྷ་དང་། ཙན་དན་དང་། མྱ་ངན་འཚང་དང་། ས་ལ་ཀིའི་ཡལ་གས་སྐྱབས་པ། རྟག་ཏུ་མེ་ཏོག་དྲི་ཞིམ་པོ་སིལ་མར་བཀྲམ་པ་དེ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་བྱ་བ་བྱས་པ་ཞེས་པ་ནས་ལེ་ལོ་དང་བྲལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ་ཞེས་པ་ནས་དེ་དག་ལ་སོགས་པ་ཉན་ཐོས་ཆེན་པོ་ཤ་སྟག་དང་ཐབས་གཅིག་སྟེ། ཡང་དག་པར་དགའ་བ་དང་། ཡང་དག་པར་འགུ་བར་འགྱུར་བའི་གཏམ་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེ་ནས་དེའི་ཚེ་ནུབ་ཕྱོགས་ན་ཉི་མའི་དཀྱིལ་འཁོར་ལྟར་སྣང་བ་ཞིག་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནུབ་ཕྱོགས་ལོགས་ན་འབར་ཞིང་སྣང་བ་ཞུགས་ཀྱིས་འོད་ཟེར་ལྟ་བུར་གདའ་བ་འདི་ཅི་ལགས། དེ་སྐད་ཅེས་གསོལ་པ་དང་།

(༢༦༨)བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་འདི་ནི་དྲི་ནག་མའི་བུ་དྲང་སྲོང་འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་རྣམས་ཀྱི་མཆོག་དྲང་སྲོང་རྒྱས་པ་ཞེས་བྱ་སྟེ། དྲང་སྲོང་དཀའ་ཐུབ་དྲག་པོ་ལ་གནས་པ། བསྙེན་པར་གནས་པ་བརྒྱ་སྟོང་གི་དུབ་པ། ལུས་ཀྱི་མཛེས་པ་མེད་པ་ལྔ་བརྒྱ་ཙམ་ཕྱི་བཞིན་དུ་འབྲང་བ་ལ་དྲང་སྲོང་དཀར་མིན་གཞོན་ནུ་དང་། མི་ལྷ་དང་། རྣམ་པར་བདེ་བསྲུང་གི་བུ་དང་། རི་དགས་མོའི་བུ་དང་། སྒྲ་བྱེད་ཀྱི་བུ་དང་། ཕུར་བུ་སྣ་དང་། མེའི་བུ་དང་། རྣམ་པར་རྐོའི་བུ་དང་། བསྙེན་པར་དཀའ་དང་། དེ་དག་ལ་སོགས་པས་ཡོངས་སུ་བསྐོར་ནས་རྗེས་སུ་འཆག་པའོ་ཞེས་པ་ནས། དེ་ནས་དགྲ་བཅོམ་པ་དེ་དག་ཐམས་ཅད་ཀྱིས་རྒྱས་པ་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ནི་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་མ་གྲོལ་བ་ལགས་ན། དཀའ་ཐུབ་དྲག་པོས་ཡོངས་སུ་ཉོན་མོངས་པ་རྙེད་པ་འདིས་ཅི་ཞིག་ཐོབ། དགྲ་བཅོམ་པ་དེ་དག་ཡང་འདི་སྙམ་དུ་སེམས་ཏེ། རྒྱས་པ་འདིས་བཅོམ་ལྡན་འདས་ལ་གཏམ་གང་བདག་མེད་པའི་གཏམ་འམ། སྦྱིན་པ་དང་། ཚུལ་ཁྲིམས་དང་རབ་ཏུ་ལྡན་པའི་གཏམ་འམ་ཅིའི་རྒྱུ་དང་རྐྱེན་གྱི་གཏམ་ཞིག་ཞུ་སྙམ་མོ་ཞེས་པའི་བར་གྱིས་སྟོན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་གསོལ་ཞིང་། སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་དྲང་སྲོང་ཆེན་པོ་རྒྱས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་དང་སྲོང་ཆེན་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་དྲིས་པ་དེ་དང་དེ་ལྟར་ལུང་བསྟན་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་རྣམས་ཀྱིས་རིམ་པ་བཞིན་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་སྦྱིན་པ་སྦྱིན་པར་བགྱི་སྦྱིན་པ་མ་ལགས་པའི་དོན་གང་ལགས། སྦྱིན་པ་ཞེས་བགྱི་བའི་དོན་གང་ལགས། སྦྱིན་བདག་ཇི་ལྟར་རབ་

(༢༦༩)ཏུ་འཚལ་བར་བགྱི། ཇི་ལྟར་ན་གཏོང་བ་པོར་འགྱུར། ཇི་ལྟར་ན་སྦྱིན་བདག་ལགས་ལ་གཏོང་བ་པོ་མ་ལགས། ཇི་ལྟར་ན་སྦྱིན་བདག་སྦྱིན་པའི་མཐར་འགྲོ་བ་ཞེས་བགྱི་སྤུངས་པར་གནས་པའམ། བརྩེགས་པར་གནས་པའམ། ཇི་ལྟར་བལྟ་བར་བགྱི་ཇི་ལྟར་ན་སྦྱིན་བདག་ལེན་པ་ལ་མི་གནས་པར་སྦྱིན་པ་སྦྱིན་པ་ལགས། སྦྱིན་པའི་རྣམ་པར་སྨིན་པ་ཇི་ལྟར་བལྟ་བར་བགྱི། ཇི་ལྟར་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མཆོད་པ་ལགས། བསོད་ནམས་དེའི་རྣམ་པར་སྨིན་པ་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཁྱོད་ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་འཛིན་པར་འགྱུར་བ་གང་ལགས་ཤེས་པ་ནས་དགེ་སློང་དེ་དག་བཅོམ་ལྡན་འདས་ལ་དགའ་བ་སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དྲང་སྲོང་ཆེན་པོ་རྒྱས་པའི་ཐེ་ཚོམ་བསལ་བའི་སླད་དུ་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །དྲང་སྲོང་ཆེན་པོ་སྦྱིན་པའི་རྣམ་པར་སྨིན་པ་དང་། སྦྱིན་པའི་བྱ་བ་དང་། སྦྱིན་པའི་རྣམ་པར་དབྱེ་བ་དང་། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་པ་དང་། སྦྱིན་པ་བདག་གིས་ཡོངས་སུ་སྤྱད་ན་ཇི་ལྟར་སྦྱིན་པ་སྦྱོང་བ་དང་། དེ་དག་ལ་བྱིན་ན་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཇི་ལྟར་རབ་ཏུ་འཕེལ་བ་སྟེ་ཉོན་ཅིག་གང་གི་ཕྱིར་སྦྱིན་པ་ཞེས་བྱ་བ་དང་། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་པ་ཞེས་བྱ་བ་ནི་དྲང་སྲོང་ཆེན་པོ་འདི་ལ་གཏོང་བ་པོས་སྦྱིན་པའི་དངོས་པོ་ཡོངས་སུ་བཏང་སྟེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དྲང་སྲོང་རྒྱས་པ་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་ཐེ་ཚོམ་བསལ་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་བསྟན་པའོ། །བསྡུས་པའི་དོན་ནི། དྲང་སྲོང་རྒྱས་པ་དང་། བཅོམ་ལྡན་

(༢༧༠""འདས་ཀྱི་དྲི་ལན་གྱི་སྦྱིན་པ་དང་སྦྱིན་པ་ལ་གནས་པ་དང་། སྦྱིན་པ་ཇི་ལྟར་བཏང་བའི་ཚུལ་བསྟན་པ་དང་། དྲང་སྲོང་རྒྱས་པ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་གྱི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་ཇི་ལྟར་བསྲུང་པའི་ཚུལ་བསྟན་པ་དང་། ཡང་དྲང་སྲོང་རྒྱས་པ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་གྱི་རྣམ་པར་ཤེས་པ་ལུས་ལ་ཇི་ལྟར་འཇུག་པ་དང་། རྣམ་པར་ཤེས་པ་འདིས་ལུས་ལ་ཆགས་པ་བསྐྱེད་པའི་ཚུལ་བསྟན་པ་དང་། ཡང་དྲང་སྲོང་རྒྱས་པ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་རྣམ་པར་ཤེས་པས་བསོད་ནམས་ཉེ་བར་མཆི་བ་དང་། བསོད་ནམས་མ་ལགས་པར་ཉེ་བར་མཆི་བ་དང་། མི་གཡོ་བར་ཉེ་བར་མཆི་བའི་ལུས་ཇི་ལྟར་འཚལ་བའི་ཚུལ་བསྟན་པ་དང་། ཡང་དྲང་སྲོང་རྒྱས་པ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་གྱི་རྣམ་པར་ཤེས་པ་དེ་ཐོག་མར་མ་ལ་དུ་སྐྱེས་པའི་ཚེ་ཅི་དྲན་པ་དང་། རྣམ་པར་ཤེས་པར་འགྱུར་བའི་ཚུལ་བསྟན་པ་དང་། ཡང་དྲང་སྲོང་རྒྱས་པ་དང་། བཅོམ་ལྡན་འདས་ཀྱི་དྲི་ལན་གྱི་སེམས་ཅན་རྣམས་ཀྱི་སྔོན་གྱི་རང་བཞིན་ཇི་ལྟར་ལྟ་བ་དང་། སེམས་ཅན་དམྱལ་བར་ཉེ་བར་མཆི་བ་དང་། ཡི་དགས་སུ་ཉེ་བར་མཆི་བ་དང་། དུད་འགྲོའི་སྐྱེ་གནས་སུ་ཉེ་བར་མཆི་བའི་རང་བཞིན་བསྟན་པ་དང་། ལྷར་ཉེ་བར་མཆི་བ་དང་། མིར་ཉེ་བར་མཆི་བ་དང་། དགེ་བའི་རྩ་བ་རྣམས་གང་ལགས་པར་བསྟན་པ་དང་། དགེ་བའི་རྩ་བས་ལྷ་དང་མིར་སྐྱེ་བར་འགྱུར་བ་བསྟན་པ་དང་། མི་དགེ་བའི་རྩ་བ་གང་དག་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེ་བར་འགྱུར་བའི་ཚུལ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དགེ་འདིས་འགྲོ་བ་ཐམས་ཅད་ཀྱིས། དགེ་དང་མི་དགེ་ལ་སོགས་པའི། རྒྱུ་འབྲས་ཟབ་མོའི་དོན་རྟོགས་ནས། དོན་གཉིས་མཐར་ཕྱིན་

(༢༧༡)སངས་རྒྱས་ཤོག། ༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བའི་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོའི་ནང་ཚན་དུ་གཏོགས་པ། འཕགས་པ་བསྐལ་པ་བཟང་པོ་ཞེས་བགྱི་བ་ཐེག་པ་ཆེན་པོའི་མདོ་སྡེ་འདི་ཉིད་ཀྱི་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དེ་ཉིད། གནས་ཕུན་སུམ་ཚོགས་པ་མཉན་ཡོད་ན་བཞུགས་ཏེ། དབྱར་གནས་པར་བཞུགས་བཞུགས་ནས། དབྱར་ཟླ་བ་གསུམ་འདས་པ་དང་། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་འཁོར་ཕུན་སུམ་ཚོགས་པ་དགེ་སློང་འབུམ་དང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་བཅུ་སྙེད་དང་ཐབས་གཅིག་ཏུ་གཤེགས་ཏེ། བྱོན་ནས་ཚལ་ཆེན་པོར་གཤེགས་པ་དང་། ནང་དུ་ཡང་དག་འཇོག་ལས་བཞེངས་སོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ཡང་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ལས་ལངས་ཏེ། འཁོར་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་སྟན་བཏིང་བ་ལ་འདུག་གོ་ཞེས་སོགས་སོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བརྩམས་ཏེ། གཞུང་ཡོངས་སུ་རྫོགས་པའི་བར་རོ། །ཆོས་ཕུན་སུམ་ཚོགས་པ་དེ་ཉིད་ཀྱི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས། བཅོམ་ལྡན་འདས་ལ་ཇི་ལྟར་ཞུས་པའི་དོན་རྣམས། འཁོར་ཆེན་པོ་རྣམས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་ཤིང་མངོན་པར་འདོད་པའི་དོན་རྣམས་དངོས་དང་རྒྱུད་པའི་སྒོ་ནས་འཐོབ་པའོ། ༈ །བསྡུས་པའི་དོན་ནི་ཆོས་

(༢༧༢)ཐམས་ཅད་ཀྱི་ཚུལ་ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པ་དང་། ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནས། རིང་བསྲེལ་རྣམ་པར་འབྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་ཚན་བརྒྱ་དང་ཉི་ཤུ་རྩ་གཅིག་གི་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱིས་གཏན་ལ་ཕབ་ཅིང་ཞར་ལ་ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། གཟུངས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གིས་མཚོན་ནས་རྣམ་པར་བྱང་པ་རཻ་ལའང་བརྒྱད་ཁྲི་བཞི་སྟོང་དུ་དབྱེར་ཡོད་པ་ལ་སོགས་བསྟན་ཏེ། ངས་ཀྱང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་པའི་བར་གྱིས་ཉམས་སུ་ལེན་པའི་ཚུལ་དང་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་འདིའི་ནང་ན་ནི། གང་དག་ཏིང་ངེ་འཛིན་འདི་དང་། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་འདི་དང་། ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་བརྒྱད་ཁྲི་བཞི་སྟོང་སོ་འདི་རྣམས་ཐོབ་པ་དག་མཆིས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་འདིའི་ནང་ན་གང་དག་བསྐལ་པ་བཟང་པོ་འདི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་བཞི་པོ་དག་མ་གཏོགས་པར་གང་དག་ཏིང་ངེ་འཛིན་དང་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་འདི་དག་དང་། ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་ཐོབ་པ་གང་དག་བསྐལ་པ་བཟང་པོ་འདི་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཡོད་དོ་ཞེས་སོགས་ནས་གཞུང་རྫོགས་པའི་བར་གྱིས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་ཚུལ་གྱི་འབྲས་བུ་རྒྱས་པར་བསྟན་པ་

(༢༧༣)ཡིན་ནོ། །ཚིག་གི་དོན་ནི། མདོ་ཇི་ལྟ་བ་བཞིན་ནོ། མཚམས་སྦྱར་བའི་གོ་རིམས་ངེས་པ་ནི། གླེངས་གཞི་ཕུན་སུམ་ཚོགས་པ་ལྔ་ཡིས་ནི། སྐྱབས་སུ་འགྲོ་བའི་ཡུལ་བསྟན་པས། སྐྱབས་འགྲོ་ནས་བཟུང་ནས། ཆོས་ཐམས་ཅད་ཀྱི་ཚུལ་ངེས་པར་བསྟན་པའི་ཏིང་ངེ་འཛིན་བསྒོམ་པའི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཚན་བརྒྱ་ཉི་ཤུ་རྩ་གཅིག་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལྟ་བུ་རཻ་ལའང་། བརྒྱད་ཁྲི་བཞི་སྟོང་དུ་དབྱེ་བ་ཉམས་སུ་ལེན་པའི་ཚུལ་ནི། རྒྱུའི་གནས་སྐབས་སུ་ལམ་ཉམས་སུ་ལེན་ཚུལ་ཡིན་པས་སྔོན་དུ་བསྟན་ལ། དེ་ཐོབ་པའི་གང་ཟག་གིས་མཚན་བཞིར་སྐལ་པ་བཟང་པོའི་སངས་རྒྱས་བཞི་དང་ལྷག་མ་བྱང་ཆུབ་སེམས་དཔའ་དགུ་བརྒྱ་དང་དགུ་བཅུ་གོ་དྲུག་རྣམས་མ་འོངས་པ་ན་སངས་རྒྱ་བར་འགྱུར་བ་ནི་འབྲས་བུ་ཡིན་པས་ཕྱིས་བསྟན་ཏེ་དེ་དག་ནི་རྒྱུ་འབྲས་དོན་གྱི་གོ་རིམས་སོ། ༈ །རྒལ་ལན་ནི། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་པོ་འདི་ལས་མང་བ་འབྱོན་པ་ཡོད་དམ་མེད་དེ་ལས་མང་བ་འབྱོན་ན་ནི། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཞེས་གྲགས་པ་དང་འགལ་ལ། སྟོང་པོ་འདིར་ངེས་ན་ནི་འདུལ་བའི་སྨན་བཞི་ལས་བྱམས་པ་གཉིས་འབྱོན་པར་གསུངས་པ་དང་། སྙིང་རྗེ་པད་དཀར་གྱི་མདོ་ལས། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་ལྔ་འབྱུང་བར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལྟ་བུའི་སྐྱོན་ཡོད་པ་མ་ཡིན་ཏེ། བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བར་ངེས་པ་ལྟ་བུ་ནི། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས། རགས་པའི་རྣམ་བཞག་ཏུ་གསུངས་པ་ཡིན་ལ། གདུལ་བྱ་རྣམ་པར་དཔྱོད་པ་ཞིབ་པ་འགའ་ཞིག་ལ་ཞིབ་པར་རྩིས་ན། སངས་རྒྱས་སྟོང་ལས་ལྷག་པ་འབྱུང་བར་བསྟན་པ་ཡིན་ནོ། །སྔ་མ་རགས་རྩིས་ཀྱི་རྣམ་བཞག་ནི། དྲང་བའི་དོན་ཡིན་ལ། ཕྱི་མ་ཞིབ་པར་རྩིས་པའི་རྣམ་བཞག་ནི་ངེས་པའི་དོན་ཡིན་པས་དོན་ལ་འགལ་བ་མེད་དོ། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག།

(༢༧༤)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀའ་ཐ་མའི་ནང་ཚན་དུ་གཏོགས་པ། འཕགས་པ་རྒྱ་ཆེ་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་ཉིད་ཀྱི་སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའོ། ༈ །གནས་ཕུན་སུམ་ཚོགས་པ་ནི། མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནའོ། ༈ །འཁོར་ཕུན་སུམ་ཚོགས་པ་ནི་དགེ་སློང་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀེའུ་དི་ནྱ་དང་ཞེས་སོགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཞེས་པའི་བར་དང་། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་སོགས་ནས་དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་དང་། དེའི་ཚེ་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་འཁོར་བཞི་དང་ཞེས་སོགས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང་། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འཁོར་གསར་དུ་བསྡུས་པ་རྣམས་དང་ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། ལྷའི་བུ་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་དང་བཅས་པ་རྣམས་ཀྱིས་གླེང་གཞིའི་ལེའུ་བསྟན་ཏོ། །དགེ་སློང་དག་དེ་ལ་ཆོས་ཀྱི་རྣམ་གྲངས་ཤིན་དུ་རྒྱས་པ་ཆེན་པོའི་མདོ་རྒྱ་ཆེར་རོལ་པ་ཞེས་བྱ་བ་དེ་གང་ཞེ་ན། ཞེས་པ་ནས་གཞུང་རྫོགས་པའི་བར་ནི་ཆོས་ཕུན་སུམ་ཚོགས་པའོ། །ཆོས་ཕུན་སུམ་ཚོགས་པའི་དགོས་པའི་དོན་ནི། བཅོམ་ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་དང་མཛད་པ་རྣམས་དངོས་དང་བརྒྱུད་པའི་གདུལ་བྱ་རྣམས་ཀྱིས་ལེགས་

(༢༧༥)པར་རྟོགས་ནས་རྗེས་སུ་སློབ་པའོ། ༈ །བསྡུས་པའི་དོན་ནི། ལེའུ་ཉི་ཤུ་རྩ་བདུན་ལས་དང་པོ་གླེང་གཞིའི་ལེའུ་དང་། གཉིས་པ་ཡང་དག་པར་སྤྲོ་བར་བྱ་བའི་ལེའུ་དང་། གསུམ་པ་རིགས་ཡོངས་སུ་བརྟག་པའི་ལེའུ་དང་། བཞི་པ་ཆོས་སྣང་བའི་སྒོའི་ལེའུ་དང་། ལྔ་པ་བསྐྱེད་པར་བརྩམས་པའི་ལེའུ་དང་། དྲུག་པ་ལྷུམས་སུ་འཇུག་པའི་ལེའུ་དང་། བདུན་པ་ལྟམས་པའི་ལེའུ་དང་། བརྒྱད་པ་ལྷ་ཁང་དུ་ཁྱེར་བའི་ལེའུ་དང་། དགུ་པ་བརྒྱན་བཏགས་པའི་ལེའུ་དང་། བཅུ་པ་ཡི་གེ་བརྟན་པའི་ལེའུ་དང་། བཅུ་གཅིག་པ་ཞིང་པའི་གྲོང་དུ་བྱོན་པའི་ལེའུ་དང་། བཅུ་གཉིས་པ་སྒྱུ་རྩལ་བསྟན་པའི་ལེའུ་དང་། བཅུ་གསུམ་པ་རབ་ཏུ་འབྱུང་བར་བསྐུལ་བའི་ལེའུ་དང་། བཅུ་བཞི་པ་རྨི་ལམ་གྱི་ལེའུ་དང་། བཅྭ་ལྔ་པ་མངོན་པར་འབྱུང་བའི་ལེའུ་དང་། བཅུ་དྲུག་པ་གཟུགས་ཅན་སྙིང་པོ་འོངས་པའི་ལེའུ་དང་། བཅུ་བདུན་པ་དཀའ་བ་སྤྱད་པའི་ལེའུ་དང་། བཅྭ་བརྒྱད་པ་ནཻ་རན་ཛ་ནའི་ལེའུ་དང་། བཅུ་དགུ་པ་བྱང་ཆུབ་ཀྱི་སྙིང་པོར་བཞུད་པའི་ལེའུ་དང་། ཉི་ཤུ་པ་བྱང་ཆུབ་ཀྱི་སྙིང་པོར་བཀོད་པའི་ལེའུ་དང་། ཉེར་ཅིག་པ་བདུད་བཏུལ་བའི་ལེའུ་དང་། ཉེར་གཉིས་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ་དང་། ཉེར་གསུམ་པ་མངོན་པར་བསྟོད་པའི་ལེའུ་དང་། ཉེར་བཞི་པ་ག་གོན་དང་བཟང་པོའི་ལེའུ་དང་། ཉེར་ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ལེའུ་དང་། ཉེར་དྲུག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་དང་། ཉེར་བདུན་པ་འཇུག་བསྡུད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་ནོ། །ཚིག་གི་དོན་ནི། གཞུང་ཇི་ལྟ་བ་བཞིན་ནོ། །ལེའུ་རྣམས་ཀྱི་དོན་གྱི་གོ་རིམས་ནི་གདུལ་བྱའི་བསམ་པ་དང་བསྟུན་ནས་རིམ་ཅན་དུ་བསྟན་པས་བཤད་པའི་གོ་རིམས་སོ། ༈ །རྒལ་ལན་ནི། འགའ་ཞིག་གི་བསམ་པ་ལ། འདུལ་བ་ལུང་ཕྲན་ཚེགས་དང་། མངོན་པར་འབྱུང་བའི་མདོ་སོགས་ནས་སངས་རྒྱས་ཀྱི་མཛད་པ་བསྟན་པ་དང་། མདོ་འདི་ཉིད་ནས་སངས་རྒྱས་ཀྱི་

(༢༧༦)མཛད་པ་བསྟན་པ་དང་། གསང་ཆེན་ཐབས་ལ་མཁས་པའི་མདོ་རྣམས་ནས་མཛད་པ་མི་མཐུན་པའི་དགལ་བ་དུ་མ་ཞིག་བྱུང་ནས་སངས་རྒྱས་རྫུན་གསུངས་པའམ། མདོ་འགའ་ཞིག་སྙན་དངགས་མཁན་གྱིས་བྱས་པ་མ་ཡིན་ནམ་ཞེས་སེམ་པར་གྱུར་ན། དེ་ནི་མ་ཡིན་ཏེ། མངོན་པ་འབྱུང་པའི་མདོ་དང་། ལུང་ཕྲན་ཚེགས་ལས། སངས་རྒྱས་ཀྱི་མཛད་པ་བསྟན་པ་རྣམས་ནི་ཉན་ཐོས་བློ་དམན་པ་རྣམས་ཀྱིས་བསམ་པ་དང་བསྟུན་ཞིང་ཉན་རང་གི་རིགས་ཅན་ཞི་བ་བསྒྲོད་པ་ཕྱོགས་གཅིག་པ་འདུལ་བའི་དབང་དུ་བྱས་པ་ཤས་ཆེ་བས་ཐེག་པ་ཆུང་ངུའི་སྡེ་སྣོད་ཡིན་ཅིང་དྲང་དོན་མང་ངོ་། །མདོ་འདི་ཉིད་ནི་ཐེག་པ་ཆེན་པོའི་སྡེ་སྣོད་དུ་གཏོགས་ཤིང་། སྟོང་པ་ཉིད་སྟོན་པའི་སྐབས་སུ་དབུ་མ་དང་འཐུན་པར་སྟོན་པས། མདོ་སྔ་མ་གཉིས་ལ་ལྟོས་ནས་ཅུང་ཟད་ངེས་དོན་ལ་ཉེ་བ་ཡིན་ནའང་ཐེག་པ་གསུམ་དུ་ངེས་དོན་གྱི་མདོ་མཚན་ཉིད་པ་མ་ཡིན་ནོ། །གསང་ཆེན་ཐབས་ལ་མཁས་པའི་མདོ་ནི་ངེས་པའི་དོན་གྱི་རྣམ་བཞག་གཙོ་བོར་སྟོན་པས་མདོ་དེ་རྣམས་འགལ་བ་ལྟར་སྣང་ཡང་དྲན་དོན་དང་ངེས་དོན་གྱི་ཁྱད་པར་ཕྱེད་ན་དོན་ལ་འགལ་བ་མེད་པས་སངས་རྒྱས་རྫུན་གསུང་བ་དང་། སྙན་དངག་མཁན་གྱིས་བྱས་པ་སོགས་ཀྱིས་སྐྱོན་དུ་མི་འགྱུར་རོ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། ཆོས་ཀྱི་འཁོར་ལོ་གསུམ་གྱི་ནང་ནས་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོར་གཏོགས་པ་འདིའི་སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་སོ། །གནས་ཕུན་སུམ་ཚོགས་པ་

(༢༧༧)མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནའོ། ༈ །འཁོར་ཕུན་སུམ་ཚོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དག་འདུན་དང་ཐབས་གཅིག་ཏུ་བཞུགས་སོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ཁྱིམ་བདག་ཆ་མཁན་དང་། ཀླུའི་རྒྱལ་པོ་རྣམས་དང་། མཽ་གལ་གྱི་བུ་རྣམས་སོ། ༈ །སྟོན་པ་པོ་ནི། བྱིན་གྱིས་བརླབས་པའི་སྟོན་པ་གང་པོ་དང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། ཡེ་ཤེས་ཀུན་ཏུ་རྒྱས་པའི་མདོ་སྡེ་ཡོངས་སུ་རྫོགས་པའོ། །ཆོས་ཕུན་སུམ་ཚོགས་པ་དེའི་དགོས་པའི་དོན་ནི། སངས་རྒྱས་ཀྱི་ཡེ་ཤེས་བགྲང་བ་ལས་འདས་པ་ལ་སོགས་པའི་ཡོན་ཏན་རྣམས་གདུལ་བྱ་རྣམས་ཀྱིས་རྟོགས་ཤིང་ཐོབ་པར་བྱེད་པའོ། ༈ །བསྡུས་པའི་དོན་ནི། ཁྱིམ་བདག་ཆ་མཁན་གྱིས། བཅོམ་ལྡན་འདས་ཀྱི་ཕྱེད་དུ་ཙན་དན་ཁྱམས་བྱེད་དུ་བཅུག་པ་འདི་ལ་སུ་ཞིག་ལོངས་སྤྱོད་པར་འགྱུར་ཞེས་དྲིས་པའི་ལན་དུ། ཚེ་དང་ལྡན་པ་གང་པོས་བཅོམ་ལྡན་འདས་ལ་ཡེ་ཤེས་དཔག་ཏུ་མེད་པ་མངའ་བས་དེ་ཉིད་ཀྱིས་ལོངས་སྤྱོད་པར་འགྱུར་ཞེས་ཁྱིམ་བདག་སྤྲོ་བ་བསྐྱེད་པའི་ཕྱིར་དུ་བསྟན་པ་དང་། ཁྱིམ་བདག་གིས་བཅོམ་ལྡན་འདས་འཁོར་བཅས་སྤྱན་དྲངས་པའི་ཚེ་ན། བཅོམ་ལྡན་འདས་འཁོར་བཅས་ཀྱི་རྫུ་འཕྲུལ་སོགས་ཀྱི་ཆེ་བའི་ཡོན་ཏན་མཐོང་བ་ཙམ་གྱིས་སྲོག་ཆགས་ཁྲི་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་གོ་ཞེས་སོགས་འགྲོ་བ་ལྷ་མིའི་དོན་དཔག་ཏུ་མེད་པ་མཛད་པའི་ཚུལ་དང་། ལྷ་མིའི་དོན་དཔག་ཏུ་མེད་པ་མཛད་པ་དང་། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་གཙུག་པུད་ལྔ་པ་ལ་སྨྲས་པ། གཙུག་པུད་ལྔ་པ་དེ་བཞིན་གཤེགས་པ་ལ་བཀུར་བསྟི་གྱིས་ཤིག །ཅེས་བསྐུལ་བ་ན། དྲི་ཟའི་རྒྱལ་པོ་གཙུག་པུད་ལྔ་པ་དྲི་ཟ་ས་ཡ་ཕྲག་དྲུག་དང་ལྷན་ཅིག་ཏུ། རྒྱུད་ཀྱི་དབྱངས།

(༢༧༨)ཀླུའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པ་ན། རོལ་མོའི་སྒྲ་དང་། གླུའི་སྒྲ་དེ་དག་གིས་རྒྱ་མཚོ་ཆེན་པོའི་ཀླུའི་རྒྱལ་པོ་དག་རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་བདེ་བ་རབ་ཏུ་སྐྱེས་ནས་རང་གི་གནས་ནས་བྱུང་ངོ་ཞེས་སོགས་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་འོ་ཞེས་པའི་བར་གྱིས་ཀླུ་རྣམས་ཀྱི་དོན་དཔག་ཏུ་མེད་པ་མཛད་པའི་ཚུལ་དང་། དེ་ནས་ཚེ་དང་ལྡན་པ་མཽ་འགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱིས་རྣམ་པར་སྨིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ནས་བཅོམ་ལན་འདས་རྫུ་འཕྲུལ་ཆེན་པོའི་བར་དང་། བཅོམ་ལྡན་འདས་གཟི་བརྗིད་ཆེན་པོའི་བར་དག་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཕྲིན་ལས་རྣམ་པར་སྨིན་པ་གང་གིས་བཅོམ་ལྡན་འདས་གནས་མཁྱེན་པ་གྲུབ་པ་ལགས། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་previous hit དགོངས་ཏེ་ལུང་བསྟན་དུ་གསོལ་ཞེས་ next hit་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་གོང་དུ་བསྟན་པའི་ཡེ་ཤེས་རྒྱ་ཆེན་པོ་དེ་ལྟ་བུ་རྣམས་སྔོན་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བསྒྲུབས་པའི་ཚུལ་བསྟན་པ་ཡིན་ནོ། ༈ །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །མཚམས་སྦྱར་ཞིང་འབྲེལ་པ་བསྟན་པ་ནི། ཡེ་ཤེས་རྒྱ་ཆེན་པོ་རྣམས་དང་། རྫུ་འཕྲུལ་གྱི་མི་དང་ལྷ་དང་ཀླུ་རྣམས་བཏུལ་བའི་ཚུལ་ནི། ཐོབ་བྱ་འབྲས་བུ་ཡིན་པས་དེ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་སྔོན་དུ་བསྟན་ལ། སྔོན་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་ཡོན་ཏན་བསྒྲུབས་པའི་ཚུལ་ནི་ཡོན་ཏན་དེ་དག་འཐོབ་པའི་ཐབས་ཡིན་པས་དེའི་རྗེས་སུ་བསྟན་པ་ཡིན་ལ་དེ་ནི་བཤད་པའི་གོ་རིམས་སོ། ༈ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག་

(༢༧༩)བློའི་མདུན་དུ་མི་གནས་ཤིང་། དེ་ཚེ་རྣམ་པ་གཞན་མེད་པས། དམིགས་པ་མེད་པར་རབ་ཏུ་ཞི་ཞེས་གསུངས་པ་དང་། དབུ་མ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། བསྲེགས་པ་བཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། སེམས་འགགས་པ་སྟེ་སྐུ་ཡིས་མངོན་སུམ་མཛད། ཅེས་གསུངས་པའི་ཕྱིར་སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པ་ཡིན་ནོ། །ཞེས་སྨྲ་བ་རྣམས་ནི་རིགས་པ་མ་ཡིན་ཏེ་གཞུང་དེ་གཉིས་ཀྱི་previous hit དགོངས next hit་ནི་བཟུང་འཛིན་བདེན་འཛིན་གྱི་རྟོག་པ་དང་། བདེན་སྣང་ཅན་གྱི་སེམས་འགགས་པར་སྟོན་པ་ཡིན་གྱི། བདེན་ཞེན་གྱི་རྟོག་པ་དང་བྲལ་ཞིང་བདེན་སྣང་གི་འཁྲུལ་པ་སངས་པའི་ཡེ་ཤེས་མེད་པར་སྟོན་པ་མ་ཡིན་ཅིང་། མདོ་སྡེ་འདི་ཉིད་ཀྱིས་རྒྱ་ཆེར་བཀག་པ་ཡིན་ནོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་དམ་པའི་ཆོས་འཛིན་ཅིང་། དཀར་ཕྱོགས་སྐྱོང་རྣམས་སྟོབས་འཕེལ་ནས། བསྟན་པ་ཡུན་རིང་གནས་གྱུར་ཅིག། ༈ །།སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་ཐ་མ་དོན་སོ་སོར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ལ་འདི་ལྟ་སྟེ། བསམ་གཏན་པ་རྣམས་ཀྱི་གནས། གནས་མེད་པ་རྣམས་ཀྱི་གནས་སྟོང་པ་ཉིད་ལ་གནས་པ་རྣམས་ཀྱི་གནས། མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་མེད་པ་ལ་གནས་པ་རྣམས་ཀྱི་

(༢༨༠)གནས་ན་ཞེས་པས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ལས། ཐེག་པ་ཐུན་མོང་པའི་འཁོར་ནི་འདི་ལྟ་སྟེ། དགེ་སློང་འབུམ་གྱིས་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པ་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་ཐུན་མོང་མ་ཡིན་པའི་འཁོར་ནི་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ། དེ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་སྟོང་དང་ལྷན་ཅིག་ཏུ་ཡུལ་ཙམ་བར་དབྱར་གནས་ནས་ལམ་དུ་ཞུགས་ཏེ། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འདུས་པར་ཐུགས་སུ་ཆུད་ནས་ཞེས་པ་ནས་བརྩམས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདན་ལས་བསྐྱོད་ནས། དེ་ནས་དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲ་ཆེན་པོ་འབྱིན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ནི་བདག་གིས་སྟོན་པ་ལགས་ལ། བདག་ནི་ཉན་ཐོས་ལགས་པས་

(༢༨༡)ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །མདི་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཐོག་གྲངས་པའི་གདུལ་བྱ་རྣམས་ཀྱིས་མདོའི་དོན་རྟོགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་མཐར་ཕྱིན་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། ༈ །བསྡུས་པའི་དོན་ནི། ལེའུ་བཅྭ་ལྔར་གནས་པ་ལས། གླེང་བཞིའི་ལེའུ་ཞེས་བྱ་བ་དང་པོ་དང་། རྫུ་འཕྲུལ་མངོན་པར་འདུ་མཛད་པའི་ཆེ་བའི་བདག་ཉིད་ཀྱི་བསྔགས་པ་བརྗོད་པའི་ལེའུ་ཞེས་བྱ་བ་གཉིས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་ཚོལ་བའི་བསོད་ནམས་ཀྱི་བསྔགས་པ་བརྗོད་པའི་ལེའུ་ཞེས་བྱ་སྟེ་གསུམ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསྔགས་པའི་ལེའུ་ཞེས་བྱ་སྟེ་བཞི་པ་དང་། བྱང་ཆུབ་སེམས་དཔའ་འདུས་པའི་ལེའུ་ཞེས་བྱ་སྟེ་ལྔ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ལྷག་པའི་བསམ་པ་དང་། དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པའི་ལེའུ་སྟེ་དྲུག་པ་དང་། ལྷག་པའི་བསམ་པ་ཡང་དག་པར་བསྟན་པའི་ལེའུ་སྟེ་བདུན་པ་དང་། བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་གཞུག་པ་དང་། རྣམ་པར་རྗོད་པ་དང་བསྐྱེད་པ་བསླབ་པའི་ལེའུ་སྟེ་བརྒྱད་པ་དང་། ཐབས་ལ་འཇུག་པ་དང་དམ་པའི་ཆོས་མི་སྤོང་བ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་གཞུག་པའི་ལེའུ་སྟེ་དགུ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་བཅུ་པ་དང་མངོན་པར་འབྱུང་བ་ཡང་དག་པར་བརྗོད་པའི་ལེའུ་སྟེ་བཅུ་གཅིག་པ་དང་། འཁོར་དག་པའི་ལེའུ་སྟེ་བཅུ་གཉིས་པ་དང་། སྒོའི་ཚིག་མངོན་པར་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པ་དང་། ཏིང་ངེ་འཛིན་གྱི་ལས་ཀྱི་ལེའུ་སྟེ་བཅུ་བཞི་པ་དང་། ཡོངས་སུ་བཏང་པའི་ཕན་ཡོན་ཏེ་ལེའུ་བཅྭ་ལྔ་པའོ། །ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །མཚམས་སྦྱར་བ་ནི། ལེའུ་བཅྭ་ལྔ་པོ་རྣམས་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་དང་གྲངས་ངེས་སོ། །རྒལ་ལན་ནི། འདིའི་གླེང་གཞི་ལས་བྱུང་

(༢༨༢)པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པ་འདི་རྣམས་ལྷའི་བུ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འདི་དག་ཡུལ་ཐ་དད་པ་རྣམས་སུ་དབྱར་གནས་པར་གནས་ནས་ཡུལ་རྒྱུ་ཞིང་གཅིག་ཏུ་འདུས་ཏེ་ཞེས། དབྱར་གནས་ལ་གནས་པ་དང་། ལྗོངས་རྒྱུ་བར་གསུངས་པའི་ཕྱིར་ལྷའི་བུ་ལ་དབྱར་གནས་དང་ལྗོངས་རྒྱུ་བ་མེད་པའི་ཕྱིར་རོ། །དཔེར་ན་དཀོན་མཆོག་གི་ཟ་མ་ཏོག་བཀོད་པའི་མདོ་ལས། རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་གྱི་ནང་དུ། འཕགས་པ་འཇམ་དཔལ་གྱི་དབྱར་ཟླ་བ་གསུམ་གནས་ནས་དབྱར་ཐོན་པ་དང་། རྒྱལ་བྱེད་ཀྱི་ཚལ་དུ་དགག་དབྱེ་ལ་བྱོན་དུས། འོད་བསྲུངས་ཀྱི་གནས་དབྱུང་བྱེད་པར་བརྩམས་པ་དང་ལྡོང་པོ་བཀོད་པའི་མདོ་ལས། བྱམས་པ་ཡང་ཡབ་བྲམ་ཟེའི་རྒྱལ་པོ་དང་། ཡུམ་བྲམ་ཟེ་མོའི་སྲས་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་པའི་དགེ་སློང་ཡིན་པ་ལ། ནོར་བཟངས་ཀྱིས་མཇལ་བར་བཤད་པ་བཞིན་ནོ། །མཁས་པ་འགའ་ཞིག་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བྱམས་པ་འཇམ་དབྱངས་ལ་སོགས་ཀྱིས་ལས་གྲལ་མཛད་དེ་ཁྱིམ་བདག་ལྔ་བརྒྱ་ཙམ་བསྙེན་པར་རྫོགས་པར་མཛད་དེ་ཞེས་གསུངས་རྣམས་ནི། ཐེག་པ་ཆེན་པོའི་སོ་སོར་ཐར་པ་ལ་སློབ་པའི་རབ་ཏུ་བྱུང་བ་ཡིན་ནོ། །ལྷ་དང་ཁྱིམ་པ་རྣམས་ནི། དོན་བྱང་ཆུབ་སེམས་དཔའ་ཡིན་དུ་ཆུག་ནའང་། རྟགས་མ་བསྒྱུར་བས། ལྷ་དང་མི་དང་ལྷ་མ་ཡིན་གྱི་རང་མིང་གྱིས་སྨོས་པ་ཡིན་པ་མཁྱེན་པར་མཛོད་ཅིག །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།

(༢༨༣)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་ལས་ཐ་མར་གཏོགས། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ལས། ཐེག་པ་ཐུན་མོང་པའི་འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་པ་ནས་དེ་དག་ལ་སོགས་པ་དགེ་སློང་སུམ་ཁྲི་ཉིས་སྟོང་དང་ཞེས་པས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ནི། བྱང་ཆུབ་སེམས་དཔའ་དྲུག་ཁྲི་ཉིས་སྟོང་པོ་འདི་ལྟ་སྟེ་ཞེས་པ་ནས་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་པར་གྱུར་པས་གནང་ངོ་ཞེས་པས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔལ་ལྡན་ལས་ལངས་ཏེ་ཞེས་པ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ལ་ལྷ་བྱེ་བ་དང་། ལྷའི་བུ་མོ་བྱེ་བ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་མང་པོ་འདུས་ཏེ། བཅོམ་ལྡན་འདས་ལ་ཉན་ཐོས་བྱེ་བ་མང་པོ་དང་། ཀླུའི་རྒྱལ་པོ་རྣམས་ཀྱང་ཆོས་ཉན་པའི་སླད་དུ་འདུས་ནས་བཀོད་ཅིང་འཆིས་ན་ཞེས་པ་ནས་བརྩམས་ཏེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་འཁོར་ཆེན་པོ་རྣམས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་མདོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བའོ། །བསྡུས་པའི་དོན་ནི། ཟུང་གི་དོན་ཞེས་པ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའོ། །ཚིག་གི་

(༢༨༤)དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །གོ་རིམས་ནི་ཐབས་ཐབས་བྱུང་ངོ་། །འདི་ཡིས་དགེ་བས་འགྲོ་བ་ཀུན། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཁྱེའུ་སྣང་པ་བསམ་གྱིས་མི་ཁྱབ་པས་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། ཆོས་ཀྱི་འཁོར་ལོ་གསུམ་ལས་ཆོས་ཀྱི་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་གནས་ནས་བཞུགས་ཏེ། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་རྡལ་གྱི་མི་དང་། ནང་མི་རྣམས་ཀྱིས་བསྟི་སྟང་དུ་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ་ཞེས་པ་ནས་བརྩམས་ཏེ། ཁྱེའུ་དེ་ལ་ཚིགས་སུ་བཅད་དེ་བཀའ་རྩལ་པ། སྦྲུལ་དང་གནོད་སྦྱིན་རྒྱུ་བ་ཡི། དུར་ཁྲོད་འཇིགས་པ་ཆེ་འདི་ནི། བྱིས་པ་ཇི་ལྟར་མི་འཇིགས་ཤིང་། ཁྱོད་དག་ཅིག་བུ་འདི་ན་འདུག་ཅེས་པའི་བར་གྱིས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་ཁྱེའུ་དེས། སངས་རྒྱས་ཀྱི་མཐུ་དང་། རང་གི་སྔོན་གྱི་དགེ་བའི་རྩ་བས། བཅོམ་ལྡན་འདས་ལ་སླར་ཚིགས་སུ་བཅད་དེ་

(༢༨༥)གསོལ་པ། བདག་མ་མཆིས་པའི་ཆོས་རྣམས་ལ། ཐུབ་པའི་དབང་ཕྱུག་སུ་ཞིག་འཇིགས། ཐམས་ཅད་མཁྱེན་པ་སྨྲ་བའི་མཆོག །ཇི་ལྟར་འདིར་མཆིས་ལས་གང་ལགས། བདག་ཅིག་བདག་གི་གང་མ་མཆིས། བག་ཀྱང་གང་གི་མ་ལགས་ཏེ། བདག་ནི་སུ་ཡིས་ལགས་ཏེ་དེ་མ་མཐོང་། བདག་གིས་སུ་ལགས་དེ་མ་མཐོང་ཞེས་པས་བསྟན་ཏོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ཆད་སྡིག་པ་བྱས་པ་ལས། དེ་ཡི་རྣམ་སྨིན་འདི་འདྲ་སྟེ། ཁང་པ་སྟོང་པ་འདིར་བོར་ནས། སྡུག་བསྔལ་ཚོར་བ་མྱོང་བ་ཡིན། ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། ཁྱེའུ་སྣང་བའི་དཔལ་ལ་སོགས་པ་འཁོར་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཐོག་གྲངས་པའི་སེམས་ཅན་ཐམས་ཅད་ཀྱི་མདོ་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། ༈ །བསྡུས་པའི་དོན་ནི། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་ཆོས་བསྟན་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་བཀོད་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །འདི་རྩམས་དགེ་བས་འགྲོ་བ་ཀུན། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། ཆོས་འཁོར་གསུམ་གྱི་ནང་ནས་ཐ་མར་གཏོགས་པ། འདི་གསུངས་པའི་

(༢༨༦)གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཡུལ་མཉམ་བཀའ་ན། ཆོས་ཀྱི་དགོན་པ་བྱང་ཆུབ་ཀྱི་སྙིང་པོ་ན་ནོར་བུ་རྡོ་རྗེས་སྤྲས་པའི་པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་ཐབས་གཅིག་གོ་ཞེས་པས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་འདུས་པ་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པའི་བར་གྱིས་བསྟན་ཏེ། བྱིན་གྱིས་བརླབས་པའི་སྟོན་པའོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ལ་སོགས་པ་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་བསྐལ་བའི་ཁྱད་པར་རྟོགས་ནས་ཞིང་ཁམས་སོ་སོར་སྦྱོང་པའོ། །བསྡུས་པའི་དོན་ནི། སངས་རྒྱས་འདི་ཉིད་ཀྱི་ཞིང་ཁམས་མི་འབྱེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བ་དང་། དེ་བཞིན་གཤེགས་པ་ཤིན་དུ་རྣམ་པར་གདོན་མི་ཟ་བར་པད་མོ་རབ་ཏུ་རྒྱས་པའི་སྐུ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་དང་། དེ་བཞིན་གཤེགས་པ་སེང་གེ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འོད་ཟེར་རབ་ཏུ་རྒྱས་པའི་སྐུ་དང་། དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཐམས་ཅད་བློ་གྲོས་འོད་ཟེར་རྒྱལ་པོ་དང་།

(༢༨༧)དེ་བཞིན་གཤེགས་པ་ཟླ་བའི་ཐུགས་ཀྱི་བར་དུ་སངས་རྒྱས་སྔ་མ་སྔ་མའི་ཞིང་ཁམས་ཀྱི་བསྐལ་པ་ནི་སངས་རྒྱས་ཕྱི་མ་ཕྱི་མའི་ཞིང་ཁམས་ཀྱི་ཞག་རེ་དང་། དེ་ནས་ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་བརྟག་ཅིང་བགྲང་བ་ལ་འཇུག་པའི་ཚུལ་འདིས་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུར་ཚང་པའི་རྡུལ་ཕྲ་རབ་རྙེད་འདས་པའི་ཕ་རོལ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོའི་ཞིང་གང་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ས་ཡོངས་སུ་སྤྱོད་པའི་ཁྱད་པར་ཅན་འཇིག་རྟེན་གྱི་ཁམས་པད་མོ་དཔལ་གྱི་ཉིན་ཞག་ཅིག་གོ་ཞེས་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལས་བྱུང་བའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་previous hit དགོངས next hit་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་ཐ་མ་དོན་དམ་རྣམ་པར་ངེས་པ་འམ་དོན་སོ་སོར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོའི་ནང་ཚན་དུ་གཏོགས་པ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ཞེས་པ་ནས་རིན་པོ་ཆེའི་པད་མའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་སྟེན་པ་ན་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་པ་ནས། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་

(༢༨༨)ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ལས་ཐེག་པ་ཐུན་མོང་པའི་འཁོར་ནི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་པ་ནས་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པ་ཤ་སྟག་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ནི་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་གནས་ཤིང་ཡང་དག་པར་ཞུགས་པ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པ་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་previous hit དགོངས next hit་ངེས་པར་འགྲེལ་དང་། ཚུལ་བཞིན་ཀུན་འདྲི་དང་། ཆོས་འཕགས་དང་། བློ་གྲོས་ཤིན་དུ་རྣམ་དག་དང་། བློ་གྲོས་ཡངས་པ་དང་། ཡོན་ཏན་འབྱུང་དང་། དོན་དམ་ཡང་དག་འཕགས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་བསྣམས་སོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲི་ཞིང་བགྱི་བས་བརྗོད་དུ་མེད་པ་དང་གཉིས་སུ་མེད་པའི་མཚན་ཉིད་དོན་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་དོན་ཟབ་previous hit དགོངས next hit་ངེས་པར་འགྲེལ་བ་ལ་དྲི་བ་དྲིས་པ་ཞེས་པ་ནས་བརྩམས་ཏེ་གཞུང་ཡོངས་སུ་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། བཀའ་འཁོར་ལོ་རིམ་པ་གསུམ་གྱི་མདོ་རྣམས་ལས་སྣ་ཕྱོགས་ནས་བསྟན་པ་དང་། སྟོང་ཕྱོགས་ནས་བསྟན་པ་དང་། སྣང་སྟོང་ཟུང་འཇུག་ནས་བསྟན་པ་ལྟ་བུ་སོགས་previous hit དགོངས next hit་མི་མཐུན་པ་ལྟར་སྣང་བ་དུ་མ་ཞིག་བསྟན་པ་རྣམས་ཀྱི་previous hit དགོངས next hit་ངེས་པར་བཀྲལ་ནས། འགལ་བ་ངེས་པར་སྤངས་ཏེ་གནས་སྐབས་ཐེག་པ་གསུམ་དང་མཐར་ཐུག་ཐེག་པ་ཅིག་ཏུ་བསྟན་པས་གསུང་རབ་མཐའ་དག་གི་དྲང་བའི་དོན་དང་ངེས་པའི་དོན་གྱིས་previous hit དགོངས next hit་ལ་ཐེ་ཚོམ་ལེགས་པར་བཅད་དེ། ཐེག་པ་ཐམས་ཅད་ལ་ཞུགས་པའི་

(༢༨༩)གདུལ་བྱ་རྣམས་སྨིན་གྲོལ་ལ་འཁོད་པར་མཛད་པའོ། ༈ །བསྡུས་པའི་དོན་ནི། ལེའུ་བཅུར་གནས་པ་ལས་གཉིས་སུ་མེད་པ་དང་བརྗོད་དུ་མེད་པའི་དེ་བཞིན་ཉིད་ཀྱི་དོན་སྟོན་པར་བྱེད་པ། དོན་ཟབ་previous hit དགོངས next hit་ངེས་པར་འགྲེལ་གྱི་ལེའུ་དང་། དོན་དམ་རྟོག་གེ་ལས་འདས་པའི་མཚན་ཉིད་ཅན་དུ་སྟོན་པར་བྱེད་པ་ཆོས་འཕགས་ཀྱི་ལེའུ་གཉིས་དང་། འདུ་བྱེད་ཁམས་དང་དོན་དམ་ཅིག་དང་ཐ་དད་དུ་རྟོག་པ་དགག་པའི་སྒོ་ནས་བརྟན་པ་བློ་གྲོས་ཤིན་དུ་རྣམ་དག་གི་ལེའུ་གསུམ་དང་། དོན་དམ་ཐ་དད་མེད་ཅིང་རོ་གཅིག་པར་སྟོན་པ་རབ་འབྱོར་གྱི་ལེའུ་བཞི་དང་། ལེན་པའི་རྣམ་པར་ཤེས་པ་སྟོན་པ་བློ་གྲོས་ཡངས་པའི་ལེའུ་ལྔ་དང་། མཚན་ཉིད་གསུམ་སྟོན་པར་བྱེད་པ་ཡོན་ཏན་འབྱུང་གནས་ཀྱི་ལེའུ་དྲུག་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་previous hit དགོངས་པའི་དོན་སྟོན་པར་བྱེད་ next hit་དང་། ཐེག་པ་གཅིག་དང་། ཐེག་པ་གསུམ་གྱི་previous hit དགོངས་བཞི་སྟོན་ next hit་དང་། ཆོས་འཁོར་གསུམ་གྱི་གྲངས་ངེས་སྟོན་པར་བྱེད་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུ་བདུན་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་ལ་སྟོན་ནས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་ཡོན་ཏན་རྣམས་སྒྲུབ་པའི་ཚུལ་སྟོན་པ་བྱམས་པའི་ལེའུ་བརྒྱད་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལེའུ་དང་། ཆོས་ཀྱི་སྐུ་ལས་སྤྲུལ་པའི་སྐུ་སྟོན་པ་དང་། དེ་ལས་གསུང་བརྗོད་པ་འབྱུང་བཞི་སྡེ་སྣོད་གསུམ་སྟོན་པ་དང་། རིགས་པ་བཞི་ལ་སོགས་པ་བསྟན་པས་སྤྲུལ་པའི་སྐུ་ལས་འགྲོ་བའི་དོན་དཔག་ཏུ་མེད་པ་འབྱུང་ལ། ཉན་རང་གི་རྣམ་པར་གྲོལ་བའི་འབྲས་བུ་ལས་དེ་ལྟར་མ་ཡིན་པ་དང་། འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་དག་ན། གང་ནི་མེད་ལ་གང་ནི་དཀོན་པ་དང་། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དག་ན། གང་ནི་མདོ་ལ་གང་ནི་དཀོན་པ་སྟོན་པར་བྱེད་པའི་འཇམ་དཔལ་གྱི་ལེའུ་དང་བཅུའོ། ༈ །ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་

(༢༩༠)སྤྱོད་པའི་དབུ་མའོ། །རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །མཚམས་སྦྱར་བའམ། འབྲེལ་ནི་དོན་ཟབ་previous hit དགོངས next hit་ངེས་པར་འགྲེལ་གྱི་ལེའུ་དང་། ཆོས་འཕགས་ཀྱི་ལེའུ་དང་། བློ་གྲོས་ཤིན་དུ་རྣམ་དག་གི་ལེའུ་དང་། རབ་འབྱོར་གྱི་ལེའུ་དང་བཅས་པ་རྣམས་ཀྱིས་ཆོས་ཉིད་ཀྱི་ཆ་སྟོན་ཅིང་། བློ་གྲོས་ཡངས་པའི་ལེའུས་ཆེན་ལེན་པའི་རྣམ་པར་ཤེས་པ་སྟོན་ལ། ཡོན་ཏན་འབྱུང་གནས་ཀྱི་ལེའུས་མཚན་ཉིད་གསུམ་སྟོན་པས། དེ་རྣམས་ནི་གཞི་དངོས་པོའི་གནས་ཐབས་གཙོ་བོར་བསྟན་ལ། དོན་དམ་ཡང་དག་འཕགས་ཀྱི་ལེའུས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་མདོའི་previous hit དགོངས་བཞི་དང་། ཐེག་ next hit་གཅིག་དང་གསུམ་དུ་བསྟན་པའི་དགོངས་བཞི་དང་། ཆོས་འཁོར་གསུམ་གྱི་གྲངས་ངེས་པར་བྱེད་པའི་ཕྱིར་ལེའུ་དེ་རྣམས་ཀྱིས་བལྟ་བ་གཏན་ལ་འབེབས་པའི་དབང་དུ་བྱས་ཏེ་དང་པོར་བསྟན་པ་ཡིན་ནོ། །བྱམས་པའི་ལེའུས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་ལ་སྟེན་ནས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་ཡོན་ཏན་རྣམས་བསྒྲུབ་ཚུལ་སྟོན་པ་སྒོམ་པ་ཉམས་སུ་ལེན་པའི་དབང་དུ་བྱས་ཏེ་དེའི་འོག་ཏུ་བསྟན་པ་ཡིན་ནོ། །སྤྱན་རས་གཟིགས་དབང་ཕྱུག་གིས་ལེའུས་ནི། དེ་ལྟར་བསྒོམས་པའི་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་ཕྱིར་དེའི་འོག་ཏུ་བསྟན་པ་ཡིན་ནོ། །འཕགས་པ་འཇམ་དཔལ་གྱི་ལེའུས་ནི། མཐར་ཐུག་པའི་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། གི་འབྲས་བུ་ཆོས་ཀྱི་སྐུ་དང་། སྤྲུལ་པའི་སྐུ་དང་། གསུང་འབྱུང་ཞིང་དེ་ལས་སྡེ་སྣོད་གསུམ་སྟོན་པ་དང་། རིགས་པ་བཞི་ལ་སོགས་པས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པར་སྟོན་པས་དེའི་འོག་ཏུ་བསྟན་པ་ཡིན་ནོ། །མདོར་ན་དེ་དག་ནི་ལྟ་སྒོམ་འབྲས་བུའི་རིམ་པ་ཡིན་ནོ། ༈ །རྒལ་ལན་ནི། ཁ་ཅིག་ན་རེ། མདོ་འདི་ཉིད་ཀྱིས་previous hit དགོངས next hit་སེམས་ཅན་དུ་གནས་པ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས་གཏན་དབབ་བསྡུ་བར་previous hit དགོངས next hit་བཀྲལ་བའི་ཕྱིར་རོ་ཞེས་ཟེར་བ་ནི་

(༢༩༡)རིགས་པ་མ་ཡིན་ཏེ། མདོ་སྡེ་དང་འཕགས་པ་ཐོགས་མེད་གཉིས་ཀ་ལ་སྐུར་འདེབས་སུ་འགྱུར་ཞིང་། རང་གི་རྗེས་འབྲང་རྣམས་མདོ་དང་བསྟན་བཅོས་ཀྱི་previous hit དགོངས next hit་ལ་རྨོངས་པ་བསྐྱེད་པའི་ཕྱིར་རོ། །མདོ་འདིའི་previous hit དགོངས next hit་སེམས་ཙམ་དུ་གནས་པ་མ་ཡིན་ཏེ། དོན་ཟབ་previous hit དགོངས next hit་ངེས་པར་འགྲེལ་གྱི་ལེའུ་ལས། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་ཤེས་པ་དེ་དག་ནི་འདུས་བྱས་དང་། འདུས་མ་བྱས་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་། འདུས་མ་བྱས་སྣང་བ་གང་ཡིན་པ་དེ་ནི་མེད་ཀྱི། གང་ལ་འདུས་བྱས་དང་། འདུས་མ་བྱས་ཀྱི་འདུ་ཤེས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་རྣམ་པར་རྟོག་པ་ལས་བྱུང་བ། འདུ་བྱེད་ཀྱི་མཚན་མ་སྒྱུ་མ་ལྟ་བུ་འདི་ནི་ཡོད་དོ། །ཞེས་གསུངས་ལ་གཞུང་འདི་ལྟ་བུའི་previous hit དགོངས next hit་སེམས་ཙམ་དུ་གནས་ན། ཟབ་མོ་སྟོང་པ་ཉིད་སྟོན་པའི་མདོ་གཞན་བློ་གྲོས་མི་ཟད་པ་སོགས་ཀྱི་previous hit དགོངས next hit་ཡང་སེམས་ཙམ་དུ་གནས་པར་མཚུངས་ལ་བློ་གྲོས་མི་ཟད་པ་སོགས་ཀྱི་མདོའི་previous hit དགོངས next hit་དབུ་མར་གནས་ན་མདོ་འདིའི་previous hit དགོངས next hit་ཡང་དབུ་མར་གནས་པ་བསྐལ་པའི་བར་དུ་མཚུངས་སོ། །གཞན་ཡང་ཧྭ་ཤང་མ་ཧྭ་ཡ་ནས་མདོ་འདི་ཉིད་ཀྱི་previous hit དགོངས next hit་རང་གི་ལྟ་བ་དང་མི་མཐུན་པར་གོ་ནས་སྤངས་ལ། སློབ་དཔོན་ཀ་མ་ལ་ཤཱི་ལས་མདོ་འདི་ཉིད་དབང་པོར་བྱས་ནས་ཧྭ་ཤང་སུན་ཕྱུང་ཞིང་། དབུ་མ་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་པ་ཡིན་ནོ། །གཞན་ཡང་མདོ་འདིའི་ཆོས་འཕགས་ཀྱི་ལེའུ་ལས། ངས་ནི་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པར་བྱས། རབ་ཏུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་ཡིན་པར་ངས་བཤད་ལ། སོ་སོའི་སྐྱེ་བོ་རྣམས་

(༢༩༢)ཀྱི་ཕན་ཚུན་རིག་པར་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི། དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་མཚན་མ་མེད་པའི་སྤྱོད་ཡུལ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་མཚན་མའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་ངས་བཤད་ལ། རྟོག་གེ་བརྗོད་པའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི། དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་རྩོད་པའི་སྤྱོད་ཡུལ་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །གཞུང་འདི་ལྟ་བུའི་previous hit དགོངས next hit་དབུ་མར་མི་གནས་ན། མདོ་གཞན་རྣམས་ཀྱི་previous hit དགོངས next hit་དབུ་མར་མི་གནས་པར་མཚུངས་པ་སྔ་མ་ལྟར་ཡིན་ཅིང་། གཞན་ཡང་སེམས་ཙམ་པ་རྟོག་གེ་ཡིན་པ་དང་། གཞན་དབང་དང་ཡོངས་གྲུབ་ངོ་བོ་ཉིད་ཀྱིས་གྲུབ་པ་འདོད་པར་ཁྱེད་རང་གིས་ཁས་བླངས་ཤིང་། རྟོག་

(༢༩༣)གེ་པས་གཞན་དབང་དང་ཡོངས་གྲུབ་ངོ་བོ་ཉིད་ཀྱི་གྲུབ་པར་སྒྲོ་བརྟགས་པ་ནི་རྟོག་གེའི་སྤྱོད་ཡུལ་ཡིན་ཅིང་། མདོ་འདི་ཉིད་ཀྱིས་བསྟན་པའི་ཡོངས་གྲུབ་ནི་རྟོག་གེ་ལས་འདས་པར་བསྟན་པ་ཡིན་ནོ། །ཡང་མདོ་འདིའི་བློ་གྲོས་ཤིན་དུ་རྣམ་དག་གི་ལེའུ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། གཅིག་དང་ཐ་དད་དུ་ཡང་གང་རྟོགས་པ། དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། སྐྱེ་བ་པོ་ཡིས་ལྷག་མཐོང་དང་། ཞི་གནས་གོམས་པར་བྱས་ནས་ནི། གནས་ངན་ལེན་གྱི་འཆིང་བ་དང་། མཚན་མའི་མཆིང་ལས་རྣམ་གྲོལ་འགྱུར་ཞེས་གསུངས་པའི་དོན་ནི། འདུ་བྱེད་ཁམས་དང་། དོན་དམ་སྟོང་ཉིད་ཐ་དད་དུ་བདེན་པ་བཀག་པ་ཡིན་ལ་སེམས་ཙམ་པ་ནི་གཞན་དབང་དུ་རྒྱུ་རྐྱེན་ལས་སྐྱེས་པ་བདེན་གྲུབ་དང་། འགྱུར་མེད་ཡོངས་གྲུབ་རྒྱུ་རྐྱེན་ལས་མ་སྐྱེས་པའི་བདེན་གྲུབ་ཏུ་འདོད་པ་ཁྱེད་རང་ཡང་ཁས་ལེན་པས་རྒྱུ་རྐྱེན་ལས་སྐྱེས་པ་བདེན་གྲུབ་དང་། རྒྱུ་རྐྱེན་ལས་མ་སྐྱེས་པ་བདེན་གྲུབ་ཐ་དད་དུ་བདེན་པ་སེམས་ཙམ་པས་ཇི་ལྟར་འགོག་སེམས་ཤིག །གཞན་ཡང་མདོ་འདིའི་རབ་འབྱོར་གྱི་ལེའུ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་ཀྱི་རྣམ་པ་སྣ་ཚོགས་དུ་མ་མཚན་ཉིད་ཐ་དད་པ་ལ་མཚན་མ་མེད་པ་རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་པ་སྟེ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་ལྟ་བར་བྱའོ་ཞེས་གསུངས་པའི་མདོའི་previous hit དགོངས next hit་ནི། ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་པ་རོ་གཅིག་ཏུ་བསྟན་པ་ཡིན་ལ། སེམས་ཙམ་པས་ནི་འཛིན་པ་ཆོས་བདག་གི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་སྒྲོ་འདོགས་previous hit ་ཁྱེད་རང་ཡང་འདོད་པས་འདི་གཉིས་ཇི་ལྟར་འཐུན་དགོངས next hit་ཤིག །གཞན་ཡང་མདོ་འདིའི་བློ་གྲོས་ཡངས་པའི་ལེའུ་ལས། བློ་

(༢༩༤)གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་ཆོས་ཀྱི་ལུགས་ཤེས་པ་ལ་གནས་ནས། སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ཡང་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་དེ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོགས་སོ། །བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ལེན་པ་མི་མཐོང་། ལེན་པའི་རྣམ་པར་ཤེས་པ་ཡང་མི་མཐོང་ལ། དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཡིན་པ་དང་། ཀུན་གཞི་ཡང་མི་མཐོང་ཀུན་གཞི་རྣམ་པར་ཤེས་པ་ཡང་མི་མཐོང་། བརྩགས་པ་ཡང་མི་མཐོང་། སེམས་ཀྱང་མི་མཐོང་། མིག་ཀྱང་མི་མཐོང་། གཟུགས་ཀྱང་མི་མཐོང་། མིག་གི་རྣམ་པར་ཤེས་པ་ཡང་མི་མཐོང་། རྣ་བ་ཡང་མི་མཐོང་། སྒྲ་ཡང་མི་མཐོང་། རྣ་བའི་རྣམ་པར་ཤེས་པ་ཡང་མི་མཐོང་། སྣ་ཡང་མི་མཐོང་། དྲི་ཡང་མི་མཐོང་། སྣའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལྕེ་ཡང་མི་མཐོང། རོ་ཡང་མི་མཐོང་། ལྕེའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལུས་ཀྱང་མི་མཐོང་། རེག་བྱ་ཡང་མི་མཐོང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ཞིང་། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ཡིད་ཀྱང་མི་མཐོང་། ཆོས་རྣམས་ཀྱང་མི་མཐོང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ལ། དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཡང་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་པར་འདོགས་སོ། །བློ་གྲོས་ཡངས་པ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ། །དེ་ནས་བཅོམ་

(༢༩༥)ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན་ཞེས་གསུངས་སོ། །མདོ་འདི་ནི་གོང་དུ་ཀུན་གཞིའི་རྣམ་པར་ཤེས་པ་རྒྱ་ཆེར་བསྟན་པའི་དོན་བསྡུས་ཏེ་བསྟན་པ་ཡིན་ལ། འདི་ཉིད་ཀྱིས་ཀུན་གཞི་བདེན་གྲུབ་དངོས་སུ་བཀག་སྟེ་བསྟན་པས་སེམས་ཙམ་པས་ཀུན་གཞི་བདེན་གྲུབ་ཏུ་འདོད་པའི་གྲུབ་མཐའ་དང་previous hit དགོངས next hit་ཇི་ལྟར་གཅིག་སོམས་ཤིག །འདིར་ལེན་པའི་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་ཞེས་པའི་སེམས་རྣམས་དོན་གཅིག་ཉིད་མིང་རྣམ་གྲངས་སུ་བསྟན་པ་ཡིན་ནོ། །རྒྱན་སྟུག་པོ་བཀོད་པ་ལས་ཀྱང་། སེམས་ནི་ཀུན་བཞིའི་རྣམ་པར་ཤེས། ངར་སེམས་བདག་ཉིད་ཡིད་ཡིན་ནོ། །གང་ཞིག་ཡུལ་ལ་འཛིན་བྱེད་པ། དེ་ནི་རྣམ་པར་ཤེས་ཞེས་བྱ། ཞེས་གསུངས་པ་དང་། ལང་དཀར་གཤེགས་པའི་མདོ་ལས་ཀྱང་། སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་མངོན་ལུས་རྣམས་འཛིན་པ་ནི། དེ་ནི་རྣམ་པར་ཤེས་ཞེས་བྱ་ཞེས་གསུངས་པས། མདོ་གང་དང་གང་དུ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་གསུམ་འབྱུང་བའི་སེམས་ཀྱི་སྒྲས་ནི་ཀུན་གཞི་རྣམ་པར་ཤེས་པ་བསྟན་པར་ཤེས་པར་གྱིས་ཤིག །དེས་ན་དབུ་མ་པས་ཀུན་གཞི་རྣམ་ཤེས་མི་འདོད་ཟེར་བ་དང་། སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་བདེན་གྲུབ་ཏུ་འདོད་པའི་དོན་གཉིས་ཀ་བཀག་པ་ཡིན་ནོ། །ཡང་མདོ་འདི་ཉིད་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས། མཚན་ཉིད་གསུམ་རྒྱས་པར་བཤད་པའི་རྗེས་སུ། དེ་དག་གིས་དོན་བསྡུས་ནས་གསུངས་པ་ནི། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན། ཤེལ་ཤིན་དུ་གསལ་བ་དེ་ཉིད་ལྟ་བུར་ནི་གཞན་གྱི་དབང་ཉིད་ལྟ་བར་བྱའོ། །འདི་ལྟ་

(༢༩༦)སྟེ་དཔེར་ན། ཤེལ་ཤིན་དུ་གསལ་བ་ཉིད་ནོར་བུ་ཆེ་ཨན་དྷ་རྙིལ་དང་། མཐོན་ཀ་ཆེན་པོ་དང་པདྨ་རཱ་ག་དང་མར་གད་དང་། གསེར་གྱི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་དེ་ལྟ་བུར་ནི་གཞན་གྱིས་དབང་གིས་མཚན་ཉིད་དོ། །ཀུན་བརྟགས་པའི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་ལྟ་བར་བྱའོ། །ཡོན་ཏན་འབྱུང་གནས་དེ་ལ་མཚན་མ་དང་འབྲེལ་བའི་མིང་ལ་རྟེན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ། །གཞན་གྱིས་དབང་གིས་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ལ་རྟེན་ནས་ནི་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ། །གཞན་གྱི་དབང་གིས་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་ལ་རྟེན་ནས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་གཞན་གྱིས་དབང་གིས་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས། མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱིས་དབང་གིས་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱིས་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གིས་མཚན་ཉིད་ལ་མཚན་ཉིད་

(༢༩༧)མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས་རྣམ་པར་བྱང་པའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ། ཡོན་ཏན་འབྱུང་གནས་གང་གི་ཕྱིར་བྱང་ཆུབ་སེམས་དཔས་དེ་ལྟར་ཆོས་རྣམས་ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གིས་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་མཚན་ཉིད་མེད་པ་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ཞིང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས། རྣམ་པར་བྱང་པའི་མཚན་ཉིད་ཀྱི་ཆོས་འཐོབ་པར་འགྱུར་བ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་རྩལ་ཏོ། །མཚན་ཉིད་མེད་པའི་ཆོས་ནི་རབ་ཤེས་ན། ཀུན་ནས་ཉོན་མོངས་མཚན་ཉིད་ཆོས་སྤོང་འགྱུར། ཀུན་ནས་ཉོན་མོངས་ཆོས་ནི་རབ་སྤངས་ནས། ཤིན་དུ་རྣམ་དག་མཚན་ཉིད་ཆོས་ཐོབ་འགྱུར། སྐྱེ་བོ་བག་མེད་ཉེས་བཅོམ་ལེ་ལོ་ཅན། འདུ་བྱེད་སྐྱོན་ལ་རྟོག་པར་མི་བྱེད་པ། གཏན་མེད་གཡོ་བ་ཡོད་པའི་ཆོས་རྣམས་ལ། རབ་ཏུ་ཉམས་པས་སྙིང་རྩེར་བྱ་བ་ཡིན། ཞེས་པའི་མདོའི་དོན་ནི་མཚན་ཉིད་གསུམ་གྱིས་བསྡུས་པའི་ཆོས་རྣམས་ངོ་བོ་ཉིད་མེད་པར་བསྟན་པ་ཡིན་ལ་སེམས་ཙམ་པས་ནི་གཞན་

(༢༩༨)དབང་དང་ཡོངས་གྲུབ་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་ཅེས་ཁྱེད་རང་ཡང་སྨྲ་བའི་ཕྱིར། ཇི་ལྟར་ན་མདོ་འདིའི་previous hit དགོངས next hit་སེམས་ཙམ་དུ་གནས་པར་འཆད་པར་རིགས་དགོངས་ཤིག །ཡང་མདོ་འདི་ཉིད་ཀྱི་དོན་དམ་ཡང་དག་འཕགས་ཀྱི་ལེའུ་ལས། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་བཱ་ར་་སིའི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་པ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་སྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་དང་། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། བཟོད་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆོས་ངོ་མཚར་རྨད་དུ་བྱུང་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ནས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། བཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་དུ་ངོ་མཚར་རྨད་དུ་བྱུང་པའི་ཆོས་

(༢༩༩)ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་གསུངས་པའི་མདོའི་དོན་ནི། ཆོས་ཀྱི་འཁོར་ལོ་བར་པ་ཐ་མ་གཉིས་ཀ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟོན་པ་ཡིན་ལ། སེམས་ཙམ་པ་ནི་ཀུན་བརྟགས་མ་གཏོགས་ངོ་བོ་ཉིད་ཡོད་པར་སྨྲ་བ་ཡིན་པར་ཁྱོད་རང་ཀྱང་འདོད་ན། ཇི་ལྟར་ན་མདོ་འདི་ཉིད་དང་བཀའ་ཐ་མ་རྣམས་ཀྱི་previous hit དགོངས next hit་སེམས་ཙམ་དུ་གནས་པར་འཆད་པར་རིགས་previous hit དགོངས་ཤིག །ཡང་མདོ་འདི་ཉིད་དུ་བཀའ་བར་ next hit་དྲང་དོན་དང་། ཐ་མ་ངེས་དོན་ཡིན་པ་གསལ་པོར་གསུངས་བཞིན་དུ་བར་པ་ངེས་དོན་དང་། ཐ་མ་དྲང་དོན་དུ་འཆད་པ་ཡང་ཇི་ལྟར་རིགས། གལ་ཏེ་དེ་ལྟར་རིགས་ན། བར་པ་ངེས་དོན་དང་། ཐ་མ་དྲང་དོན་ཡིན་པའི་ལུང་རིགས་རྣམ་དག་བསྟན་འཚལ་ལོ། །ཆོས་འཁོར་གསུམ་པོ་འདིའི་previous hit དགོངས next hit་ཡང་། བཀའ་དང་པོ་སྣང་ཕྱོགས་ནས་ཤས་ཆེར་བསྟན་པ་རྣམས་སྒྲ་ཇི་བཞིན་པར་ཞེན་ན། དངོས་པོར་སྨྲ་བའི་ལྟ་བ་རྣམས་འབྱུང་བྱེ་བས་དྲང་དོན་ཤས་ཆེ་བར་བསྟན་པ་དང་། བཀའ་བར་པ་སྟོང་ཕྱོགས་ནས་ཤས་ཆེར་བསྟན་པ་རྣམས་སྒྲ་ཇི་བཞིན་པར་ཞེན་ན་ཤིན་དུ་རྒྱས་པའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་ན། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་ཞེས་གསུངས་པ་ལྟར་ཆད་པ་ལྟ་བ་འབྱུང་ཉེ་བས། དྲང་དོན་ཤས་ཆེ་བར་བསྟན་པ་ཡིན་ནོ། །བཀའ་འཁོར་ལོ་ཐ་མ་ནི། སྣང་སྟོང་ཆ་མཉམ་པར་ཤས་ཆེར་བསྟན་པས། སྔ་མ་གཉིས་ལྟ་བུའི་རྟག་ཆད་དུ་ལྷུང་བའི་ལྟ་བ་འབྱུང་དཀའ་བས་ངེས་དོན་དུ་བསྟན་པ་ཡིན་ནོ། །ཡང་མདོ་འདི་ཉིད་ཀྱི་སྤྱན་རས་གཟིགས་ཀྱི་ལེའུ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ། །བཅོམ་ལྡན་འདས་གལ་ཏེ་ཤེས་

(༣༠༠)རབ་ཀྱིས་ཕ་རོལ་ཏུ་ཕྱིན་པས་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་ན། ངོ་བོ་ཉིད་དང་བཅས་པ་ཉིད་ཀྱང་ཅིའི་སླད་དུ་མི་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག་ང་ནི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་འཛིན་པར་མི་སྨྲ་མོད་ཀྱི། འོན་ཀྱང་ཡི་གེས་བསྟན་པ་མེད་པར་ངོ་བོ་ཉིད་མེད་པ་དང་། ཡི་གེ་མེད་པ་དང་། སོ་སོ་རང་རིག་པ་དེ་བསྟན་པར་མི་ནུས་པས་དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་འཛིན་ནོ་ཞེས་དེ་སྐད་བརྗོད་དོ་ཞེས་གསུངས་ལ་སེམས་ཙམ་པ་རྣམས་ནི་ངོ་བོ་ཉིད་ཡོད་པའི་གཞན་དབང་དང་ཡོངས་གྲུབ་ངོ་བོ་ཉིད་ཡོད་པ་འཛིན་པར་ཁྱེད་རང་ཡང་འདོད་པའི་ཕྱིར་ཇི་ལྟར་མདོ་འདིའི་previous hit དགོངས next hit་སེམས་ཙམ་པའི་ལུགས་ཉིད་དུ་འཆད་པར་རིགས། ཡང་ལེའུ་འདི་ཉིད་ལས། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་རྩལ་པ་དེ་ལ་previous hit དགོངས next hit་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་ངས་ཉན་ཐོས་ཀྱི་ཐེག་པར་ཆོས་སྣ་ཚོགས་ངོ་བོ་ཉིད་འདི་ལྟ་སྟེ། ཕུང་པོ་ལྔ་དང་ནང་གི་སྐྱེ་མཆེད་དྲུག་དང་། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་དང་། དེ་དག་ལ་སོགས་པ་གང་དག་བསྟན་པ་དེ་དག་ཉིད་ངས་ཐེག་པ་ཆེན་པོའི་ཆོས་ཀྱི་དབྱིངས་ཚུལ་གཅིག་པར་བསྟན་པས་བཤད་དེ། དེའི་ཕྱིར་ང་ནི་ཐེག་པ་ཐ་དད་པར་མི་སྨྲའོ། །དེ་ལ་གང་དག་དོན་ལ་སྒྲ་ཇི་བཞིན་ཁོ་ནར་རྣམ་པར་རྟོག་པ་ཁ་ཅིག་ནི་སྒྲོ་འདོགས་པར་བྱེད། ཁ་ཅིག་ནི་སྐུར་པ་འདེབས་པར་བྱེད་ཅིང་ཐེག་པ་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པར་ཡང་བྱེད་དེ། དེ་གཉིས་ནི་མི་མཐུན་པར་སེམས་ཤིང་ཕན་ཚུན་རྩོད་པར་ཟད་དེ། དེ་ལས་previous hit དགོངས next hit་ནི་དེ་ཡིན་ནོ། །ཞེས་པ་དང་། ཡང་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཐེག་པ་ཆེ་དང་ཐེག་པ་དམན་པ་ལ། རང་བཞིན་སྣ་ཚོགས་ཆོས་རྣམས་གང་བསྟན་པ། དེ་དག་ཉིད་ནི་ཚུལ་གཅིག་ཡང་བསྟན་ཏེ། དེ་ཕྱིར་ཐེག་པ་ཐ་དད་ང་མི་སྨྲ། དོན་ལ་སྨྲ་བཞིན་

(༣༠༡)རྣམ་པར་རྟོག་བྱེད་པ། སྒྲོ་བརྟགས་བྱས་ཤིང་སྐུར་པ་བཏབ་བྱས་ནས། དེ་དག་འགལ་བ་མཉམ་དུ་སེམས་པ་ན། རྣམ་པར་རྨོངས་ནས་བློ་གྲོས་སྣ་ཚོགས་འགྱུར། ས་རྣམས་བསྡུས་དང་མིང་དང་མི་མཐུན་ཕྱོགས། ཁྱད་པར་སྐྱེ་དང་སྨོན་དང་བསླབ་པ་རྣམས། དེ་ནི་སངས་རྒྱས་རྣམས་ཀྱིས་ཐེག་ཆེན་བཤད། འདི་ལ་གང་བརྩོན་དེ་དག་སངས་རྒྱས་འགྱུར། ཞེས་གསུངས་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། གཙོ་བོའི་ཐེག་པ་དབྱེར་མེད་བསྟན། ཞེས་མདོའི་དོན་དེ་ཉིད་བསྡུས་ནས་བསྟན་པའི་ཕྱིར། མདོ་འདིའི་previous hit དགོངས next hit་ནི། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་ཡིན་ལ། སེམས་ཙམ་པ་རྣམས་ནི། མཐར་ཐུག་ཐེག་པ་གསུམ་དུ་ངེས་པར་འདོད་པ་ནི་ཁྱེད་རང་གིས་འདོད་པའི་ཕྱིར། ཇི་ལྟར་མདོ་འདིའི་previous hit དགོངས next hit་སེམས་ཙམ་དུ་གནས་པར་འཆད་རིགས་ཏེ་དེ་ལྟར་མི་རིགས་སོ། །དེས་ན་མདོ་འདིས་མཚོན་ནས་ཐེག་པ་ཆེན་པོའི་མདོ་རྒྱུད་ཕལ་ཆེ་བའི་previous hit དགོངས next hit་ནི། རྣལ་འབྱོར་སྤྱོད་པའི་དབུ་མར་གནས་པ་ཡིན་ནོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། མདོ་རྒྱུད་previous hit དགོངས next hit་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ལང་དཀར་གཤེགས་པ་ཇི་སྙེད་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་བཀའ་ཐ་མ་དོན་སོ་སོར་ཕྱེ་བ་དང་ལྡན་པ་འདི་ཕུན་སུམ་ཚོགས་པ་ལྔས་འཆད་པ་ལ། གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཞེས་པ་ནས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་ལ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་གིས་དགེ་འདུན་ཆེན་པོ་དང་ཞེས་པ་ནས། བྱང་ཆུབ་

(༣༠༢)སེམས་དཔའི་ཚོགས་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། ཡང་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་ཆོས་བསྟན་ཏོ་སྙམ་ནས་འཛུམ་པ་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་འབོད་གྲོགས་ཀྱིས་ཞུས་པ་ནི། དེ་ནས་གནོད་སྦྱིན་གྱི་བདག་པོ་འབོད་གྲོགས་ཞེས་པ་ནས། བདག་ནི་རྒྱལ་སྲས་དེ་དག་དང་། སངས་རྒྱས་རྣམས་ཀྱིས་བཀའ་བཞིན་བགྱིད། བདག་གིས་མི་དབུལ་གཅིག་མ་མཆིས། ཐུབ་previous hit ་ཆེན་པོ་ཐུགས་བརྩེར་དགོངས next hit་ཞེས་པའི་བར་གྱིས་བསྟན་ཅིང་། བློ་གྲོས་ཆེན་པོས་ཞུས་པའི་ཚུལ་ནི་འོག་ནས་སྟོན་ནོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། དེའི་ཚིག་དེ་གསན་པ་ན། སྲིད་གསུམ་དབང་པོས་གསུངས་པ་ནི། གནོད་སྦྱིན་དབང་པོ་འདས་པ་ཡི། མགོན་པོས་རིན་ཆེན་རི་བོ་ལ། སོ་སོ་རང་རིག་ཆོས་རྣམས་བསྟན། ཁྱོད་ཉིད་ལ་ཡང་ཐུགས་བརྩེགས་previous hit དགོངས། རིན་ཆེན་རྣམ་རྒྱན་རི་བོ་ལ། མ་འོངས་རྣམས་ཀྱང་གསུང་པར་འགྱུར། ཞེས་ next hit་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འོག་ནས་འཆད་པར་འགྱུར་བའི་ལེའུ་བརྒྱད་པོ་རྣམས་ཀྱིས་བརྗོད་བྱའི་གནས། ཡོན་ཏན་རྣམས་འབོད་གྲོགས་དང་། བློ་གྲོས་ཆེན་པོ་ལ་སོགས་པ་གདུལ་བྱ་མཐའ་དག་གིས་རྟོགས་ཤིང་ཐོབ་པའོ། ༈ །བསྡུས་པའི་དོན་ནི། ལེའུ་བརྒྱད་ལས། དང་པོ་འབོད་གྲོགས་ཀྱིས་གསོལ་བ་བཏབ་པའི་ལེའུ་དང་། གཉིས་པ་ཆོས་ཐམས་ཅད་བསྡུས་པ་ཞེས་བྱ་བའི་ལེའུ་དང་། གསུམ་པ་མི་རྟག་པའི་ལེའུ་དང་། བཞི་པ་མངོན་པར་རྟོགས་པའི་ལེའུ་དང་། ལྔ་པ་དེ་བཞིན་གཤེགས་པར་རྟག་པ་དང་མི་རྟག་པར་མི་འགྱུར་བ་ཞེས་བྱ་བའི་ལེའུ་དང་། དྲུག་པ་སྐད་ཅིག་མའི་ལེའུ་དང་། བདུན་པ་ཤ་མི་ཟ་བའི་ལེའུ་དང་ལེའུ་བརྒྱད་པ་རྣམས་སོ། །ཚིག་གི་དོན་གཞུང་རྫོགས་པ་ཇི་ལྟ་བ་བཞིན་ནོ། །འབྲེལ་ལམ་མཚམས་སྦྱར་བ་ནི། འབོད་གྲོགས་ཀྱིས་ཞུས་པའི་ལེའུ་ནི། མདོ་གསུང་བར་གསོལ་བ་བཏབ་པ་ཡིན་པས་དང་པོར་བསྟན་ལ། ལེའུ་ལྷག་མ་རྣམས་ཀྱིས་ནི་མདོའི་དོན་

(༣༠༣)དངོས་སུ་སྟོན་པ་ཡིན་པས། དེའི་འོག་ཏུ་བསྟན་པ་ཡིན་ནོ། །མདོའི་དོན་དངོས་ནི། ཆོས་ཐམས་ཅད་བསྡུས་པའི་ལེའུས་ནི་བསྒོམ་བྱའི་དོན་རྒྱ་ཆེར་བསྟན་ལ། མི་རྟག་པའི་ལེའུས་ནི་བསྒོམ་བྱའི་རྣམ་པ་བསྡུས་ཏེ་བསྟན་པས་དེ་གཉིས་ཀྱིས་བསྒོམ་བྱའི་དམིགས་པ་བསྟན་ཅིང་། མངོན་པར་རྟོགས་པའི་ལེའུས་ནི་ཇི་ལྟར་བསྒོམ་པའི་ཚུལ་བསྟན་ལ། དེ་བཞིན་གཤེགས་པ་རྟག་པ་དང་མི་རྟག་པར་མི་འགྱུར་བའི་ལེའུས་བསྒོམ་པའི་འབྲས་བུ་བསྟན་པས། དེ་དག་ནི་བལྟ་སྒོམ་འབྲས་བུའི་རིམ་པའོ། །སྐད་ཅིག་ལེའུས་ལྟ་བའི་ཆ་ཤས་དང་། ཤ་མི་ཟ་བའི་ལེའུས་སྤྱོད་པ་བསྟན་ཅིང་། ལེའུ་ཕྱི་མ་དང་བཅས་པ་གསུམ་གྱིས་གོང་གིས་ལྟ་སྒོམ་ཁ་བསྐང་པ་ཡིན་པས་འོག་ཏུ་བསྟན་པ་ཡིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ ༈ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། ལང་ཀར་གཤེགས་པའི་མདོ་འདི་དག་ནི། སེམས་ཙམ་སྟོན་པའི་མདོ་ཙམ་ཡིན་ཅིང་། previous hit དགོངས next hit་སེམས་ཙམ་གྱི་གྲུབ་མཐར་གནས་པ་ཡིན་ནོ་ཞེས་པ་ནི་རིགས་པ་མ་ཡིན་ཏེ། མདོ་འདི་ཉིད་ཀྱིས་མི་རྟག་པའི་ལེའུ་ལས། དམིགས་དང་དམིགས་བྱ་མེད་པར་ཡང་། ནམ་ཞིག་འདུས་བྱས་རྣམས་མཐོང་ན། སེམས་མེད་པའི་སེམས་ཙམ་སྟེ། སེམས་ཙམ་དུ་ནི་ངས་བཤད་དོ། །རྩལ་དེ་ངོ་བོ་ཉིད་ཀྱི་དབྱིབས། རྐྱེན་དང་དངོས་པོ་སྤངས་པ་སྟེ། མཐར་ཐུག་དངོས་པོ་ཚངས་པའི་མཆོག །དེ་ནི་ཙམ་ཞེས་ངས་བཤད་དོ། །བདེན་པར་བདག་ནི་བཏགས་པ་སྟེ། རྫས་ཡོད་དངོས་པོ་མ་ཡིན་ནོ། །དེ་བཞིན་ཕུང་པོའི་ཕུང་པོ་ཉིད། བརྟགས་པ་ཡིན་ཏེ་རྫས་མེད་དོ། །མཉམ་པ་ཉིད་ནི་རྣམ་བཞི་སྟེ། མཚན་དང་རྒྱུ་དང་དངོས་ལས་བྱུང་། བདག་མེད་པའི་མཉམ་པ་སྟེ། བཞི་པ་རྣལ་འབྱོར་རྣལ་འབྱོར་པའི། ལྟ་བ་ཐམས་ཅད་རྣམ་བཟློག་པའི། རྟོག་དང་བརྟགས་པ་སྤངས་པ་སྟེ། དམིགས་མེད་སྐྱེ་བ་མེད་པ་ནི། སེམས་ཙམ་དུ་ཡང་ངས་བཤད་དོ། །དངོས་

(༣༠༤)མེད་དངོས་མིན་མ་ཡིན་པ། དངོས་དང་དངོས་མེད་རྣམ་པར་སྤངས། དེ་བཞིན་སེམས་ལས་གྲོལ་བ་ནི། སེམས་ཙམ་དུ་ཡང་ངས་བཤད་དོ། །དེ་བཞིན་ཉིད་དང་སྟོང་པའི་མཐའ། མྱ་ངན་འདས་དང་ཆོས་ཀྱི་དབྱིངས། སྣ་ཚོགས་ཡིད་ཀྱི་ལུས་རྣམས་ནི། སེམས་ཙམ་དུ་ཡང་ངས་བཤད་དོ། །རྣམ་རྟོག་བག་ཆགས་འབྲེལ་བ་ཡི། སྣ་ཚོགས་སེམས་ལས་བྱུང་པ་སྟེ། མི་རྣམས་ལ་ནི་ཕྱི་རོལ་སྣང་། འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཕྱི་རོལ་སྣང་པ་ཡོད་མིན་ཏེ། སེམས་ནི་སྣ་ཚོགས་རྣམས་སུ་སྣང་། ལུས་དང་ལོངས་སྤྱོད་གནས་འདྲ་བས། སེམས་ཙམ་དུ་ཡང་ངས་བཤད་དོ། །ཞེས་གསུངས་པ་ལ། འདི་ལྟ་བུའི་སེམས་ཙམ་ནི་སེམས་ཙམ་པའི་ལུགས་ཀྱིས་སེམས་ཙམ་ལས་འདས་པའི་དབུ་མ་ཆེན་པོ་བསྟན་པ་ཡིན་ལ། སེམས་ཙམ་པས་ནི་སེམས་བདེན་གྲུབ་ཏུ་འདོད་པས་ཁྱེད་རང་རྣམས་ཀྱང་འཆད་པས་སོ། །ཡང་ལེའུ་དེ་ཉིད་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། དངོས་པོ་མེད་ཅིང་ཀུན་གཞི་མེད། འདི་དག་རོ་བཞིན་བྱིས་པ་ཡིས། ལོག་པའི་རྟོག་པ་ཅན་གྱིས་བརྟགས། ཆོས་རྣམས་ཐམས་ཅད་མ་སྐྱེས་པར། མུ་སྟེགས་ཀུན་ལས་བསྒྲག་པའི་ཕྱིར། དངོས་པོ་རྐྱེན་དང་ལྡན་པ་ནི། སུ་ལའང་སྐྱེས་པ་ཡོང་མེད་དོ། །དངོས་པོ་ཐམས་ཅད་མ་སྐྱེས་པར། དམ་བཅའ་བ་ལ་མི་རྟག་སྟེ། དེ་འགྲུབ་དེ་རྒྱུ་ལྡན་པའི་ཕྱིར། དེ་དག་བློ་ཡང་ཉམས་པར་འགྱུར། ཇི་ལྟར་ལོག་པར་སྐྲ་ཤད་འཛིངས། སྐྱེ་བོ་རབ་རིབ་ཅན་གྱིས་མཐོང་། དེ་བཞིན་དངོས་པོར་རྣམ་རྟོག་འདི། ལོག་པར་བྱིས་པས་རྣམ་པར་བརྟགས། སྲིད་པ་གསུམ་ནི་བརྟགས་པ་ཙམ། དངོས་པོའི་རང་བཞིན་ཡོད་མེད་དེ། །བརྟགས་པ་དངོས་པོའི་རང་བཞིན་དང་། རྟོག་པ་ཅན་རྣམས་རྟོག་པར་འགྱུར། །མཚན་དང་དངོས་པོ་རྣམ་རིག་དང་། ཡིད་ཀྱི་རྣམ་པར་གཡོས་པ་ལས། ང་ཡིས་སྲས་རྣམས་འདས་ནས་ནི། དེ་དག་རྣམ་པར་མི་རྟོག་སྤྱོད། སྨིག་སྒྱུ་བ་ལ་ཇི་ལྟ་བུར། ཆུ་མེད་པ་ལ་ཆུ་འཛིན་པ། སྣང་ལ་བྱིས་པ་དེ་བཞིན་ཏེ། འཕགས་པ་རྣམས་ནི་ཁྱད་པར་ལྡན། འཕགས་པའི་མཐོང་བ་དག་པ་སྟེ། རྣམ་པར་ཐར་པ་གསུམ་ལ་སྐྱེས་

(༣༠༥)སྐྱེ་དང་འཇིག་ལས་རྣམ་གྲོལ་ཏེ། སྣང་བ་མེད་ལ་རབ་ཏུ་སྤྱོད། དངོས་པོ་རྣམས་ནི་སྣང་མེད་དེ། རྣལ་འབྱོར་ཅན་ལའང་མེད་པའང་མིན། དངོས་དང་དངོས་མེད་མཉམ་པས་ནི། འཕགས་པ་རྣམས་ཀྱི་འབྲས་བུ་སྐྱེ། ཇི་ལྟར་དངོས་པོ་དངོས་མེད་དང་། མཉམ་པ་ཉིད་དུ་ཇི་ལྟར་བྱེད། ཕྱི་དང་ནང་གི་གཡོ་བ་རྣམས། ནམ་ཞིག་སེམས་ཀྱིས་མི་ཤེས་ན། དེ་ན་འཇིག་པར་བྱེད་པ་སྟེ། སེམས་ཀྱི་མཉམ་པ་ཉིད་ཀྱང་མཐོང་། ཞེས་གསུངས་ལ། སེམས་ཙམ་པ་ནི། སེམས་རང་བཞིན་ཡོད་པ་དང་། ཀུན་གཞི་རང་བཞིན་ཡོད་པར་འདོད་པ་ནི། ཁྱེད་རང་རྣམས་ཀྱང་སྨྲ་ན། དེ་གཉིས་གྲུབ་མཐའ་ཇི་ལྟར་མཐུན་དཔྱོད་ཅིག །གཞན་ཡང་ལེའུ་བརྒྱད་པ་ལས། མེ་ལོང་ཆུ་དང་མིག་རྣམས་ལ། ཇི་ལྟར་གཟུགས་བརྙན་སྣང་གྱུར་པ། གཅིག་དང་ཐ་དད་བྲལ་བ་བཞིན། དེ་བཞིན་གང་ཟག་ཕུང་པོ་ལའོ། །བསྒོམས་དང་རྣམ་སྒོམ་བསམ་གཏན་ལ། ལམ་དང་བདེན་དང་མཐོང་བ་སྟེ། དེ་རྣམས་གསུམ་ནི་རྣམ་བསྒོམས་ན། ལྟ་བ་ངན་ལས་གྲོལ་བར་འགྱུར། ཇི་ལྟར་མཐོང་ན་ཞིག་པའི་གློག །ཁྱིམ་དུ་ཁ་ཡི་འཁོར་ལོ་ལྟར། དེ་བཞིན་ཆོས་ཀུན་འགྱུར་བ་ལ། བྱིས་པ་བཞིན་དུ་མ་རྟོག་ཤིག །དངོས་པོ་མེད་པས་མྱ་ངན་འདས། བྱིས་པའི་སེམས་ནི་རྨོངས་པར་བྱེད། ཇི་ལྟར་འདུག་བཞིན་མཐོང་བ་དང་། འཕགས་པས་མཐོང་པ་ཡོད་པའི་ཕྱིར། སྐྱེ་བ་དང་ནི་འཇིག་བྲལ་ཞིང་། དངོས་པོ་ཡོད་དང་མེད་སྤངས་པ། མཚན་ཉིད་མཚན་གཞི་བྲལ་བ་ཡི། འགྱུར་བ་རྣམ་པར་བསྒོམ་པར་བྱ། མུ་སྟེགས་ཅན་གྱི་སྨྲ་དང་བྲལ། མིང་དང་དབྱིབས་ནི་སྤངས་གྱུར་པས། ནང་གི་ལྟ་བའི་གནས་རྣམས་ཀྱི། འགྱུར་བ་རྣམ་པར་བསྒོམ་པར་གྱིས། ཞེས་གསུངས་པས་ཀྱང་དབུ་མའི་ལྟ་བ་ཡང་དག་པ་བསྟན་པ་ཡིན་ནོ། །ཡང་འདི་ཉིད་ཀྱི་ལེའུ་གཉིས་པ་ཆོས་ཐམས་ཅད་བསྡུས་པའི་ལེའུ་ལས། བློ་གྲོས་ཆེན་པོ་གཞན་ཡང་བསམ་གཏན་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། བྱིས་པ་ཉེ་བར་སྤྱོད་

(༣༠༦)པའི་བསམ་གཏན་དང་། དོན་རབ་ཏུ་འབྱེད་པའི་བསམ་གཏན་དང་། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དང་། དེ་བཞིན་གཤེགས་པའི་བསམ་གཏན་དང་བཞིའོ། །བློ་གྲོས་ཆེན་པོ་དེ་ལ་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་གང་ཟག་ལ་བདག་མེད་པ་དང་། དངོས་པོ་རྣམས་ཀྱི་རང་དང་སྤྱིའི་གཟུགས། ཀེང་རུས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་སྡུག་པའི་མཚན་ཉིད་ལ་མངོན་པར་ཞེན་པ་སྔོན་དུ་བཏང་སྟེ། འདི་ནི་མཚན་ཉིད་འདི་ལྟ་བུ་ཡིན་ཏེ། གཞན་དུ་མ་ཡོན་ནོ་ཞེས་བལྟས་ནས་དང་པོ་བསམ་གཏན་ནས་གོང་དུ་འདུ་ཤེས་འགོག་པའི་བར་དུ་བྱིས་པ་ཉེ་བར་སྤྱོད་པ་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དོན་རབ་ཏུ་འབྱེད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པ་དང་། རང་དང་ཅིའི་མཚན་ཉིད་དང་། ཕྱི་རོལ་གྱི་མུ་སྟེགས་བྱེད་པའི་བདག་དང་། གཞན་གཉིས་ཀ་མེད་པར་བྱས་ཏེ། ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དོན་རབ་ཏུ་འབྱེད་པའི་གོ་རིམས་ཅན་ནི་རབ་ཏུ་འབྱེད་པའི་བསམ་གཏན་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཀུན་བཏགས་པ་བདག་མེད་པ་གཉིས་ཀྱི་རྣམ་པར་རྟོག་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་བཤད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པ་ལ་འཇུག་པ། འཕགས་པ་སོ་སོ་རང་གིས་ཡེ་ཤེས་ཀྱི་མཚན་ཉིད་གསུམ་གྱི་བདེ་བ་ལ་གནས་པས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བཤད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱིས་པ་ཉེས་སྤྱོད་བསམ་གཏན་དང་། དོན་རབ་འབྱེད་པའི་བསམ་གཏན་དང་། དེ་བཞིན་ཉིད་དམིགས་བསམ་གཏན་དང་། དེ་བཞིན་གཤེགས་པའི་དགེ་བསམ་གཏན་དང་། རྣལ་འབྱོར་ཅན་གྱིས་

(༣༠༧)བརྩོན་བྱས་ནས། ཉི་མ་ཟླ་བའི་དབྱིབས་འདྲ་དང་། འོད་དང་པད་མོ་ལྟ་བུ་དང་། རི་མོ་ནམ་མཁའི་མེ་འདྲ་མཐོང་། མཚན་མ་སྣ་ཚོགས་དེ་དག་ནི། མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། ཉན་ཐོས་དག་དང་རང་རྒྱལ་གྱིས། སྤྱོད་ཡུལ་དུའང་ལྷུང་བར་བྱེད། འདི་དག་ཐམས་ཅད་རྣམ་སྤངས་ཤིང་། སྣང་བ་མེད་པར་ནམ་གྱུར་པ། དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞིང་ནས་བྱུང་པ་ཡིས། དེ་ཡི་མགོ་ལ་ཉུག་མཛད་དེ། ཡང་དག་རྗེས་སུ་འགྲོ་བའི་ལྟས། ཞེས་གསུངས་པའི་དོན་ལ་དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐོང་བའི་མཚན་མ་འདི་དག་མུ་སྟེགས་བྱེད་དང་ཉན་རང་གི་ས་ལ་ལྷུང་བྱེད་ཡིན་པས། སྣང་བ་འདི་དག་སྤངས་ཤིང་སྣང་བ་གཏན་མེད་པར་གྱུར་པ་ན་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརློབ་ཞེས་འཆད་པ་ནི། མདོའི་དོན་ལ་ཤིན་དུ་འཁྲུལ་བ་ཡིན་ཏེ་མདོའི་དོན་ནི་འདི་ལྟར། རྣལ་འབྱོར་ཅན་གྱིས་བརྩོན་པར་བྱས་ན། ཉི་མ་ཟླ་བའི་དབྱིབས་འདྲ་ལ་སོགས་པའི་མཚན་མ་སྣ་ཚོགས་དེ་དག་འཆར་ལ། དེ་ལྟར་ཤར་བ་ནི་previous hit དགོངས next hit་ངེས་འགྲེལ་གྱི་མདོ་ལས། ལྷག་མཐོང་ནི་རྣམ་པ་གཉིས་ཏེ། མཚན་མ་ལ་དམིགས་པའི་ལྷག་མཐོང་དང་། སོ་སོར་རྟོག་པའི་ལྷག་མཐོང་ངོ་ཞེས་གསུངས་པའི་དང་པོ་མཚན་མ་ལ་དམིགས་པའི་ལྷག་མཐོང་ཡིན་ལ་དེ་ཉིད་སོ་སོར་རྟོག་པའི་ལྷག་མཐོང་གི་ནང་ནས། ཞི་རགས་ལ་སོ་སོར་རྟོག་པའི་ལྷག་མཐོང་དང་སྦྲེལ་ནས་བསྒོམས་ན། མུ་སྟེགས་བྱེད་དང་ཐུན་མོང་གི་ལམ་ཏུ་ལྟུང་བ་དང་། བདེན་པ་བཞི་ལ་དམིགས་ནས་གང་ཟག་གིས་བདག་མེད་ཙམ་ལ་སོ་སོར་རྟོག་པའི་ལྷག་མཐོང་དང་སྦྲེལ་ནས་བསྒོམས་ན། ཉན་ཐོས་ཀྱི་སར་ལྟུང་བ་དང་། རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་ལ་དམིགས་ནས་བཟུང་བ་ཆོས་ཀྱི་བདག་མེད་པ་ཙམ་དུ་སོ་སོར་རྟོག་པའི་ལྷག་མཐོང་དང་སྦྲེལ་ནས་བསྒོམས་ན་རང་སངས་རྒྱས་ཀྱི་སར་ལྟུང་ལ། འཁྲིད་ཚུལ་འདི་དག་ཐམས་ཅད་ཙམ་གྱིས་ཆོག་པར་འཛིན་པ་སྤངས་ཤིང། ཆོས་ཐམས་ཅད་ལ་དམིགས་ནས་ཆོས་ཀྱི་

(༣༠༨)བདག་མེད་རྫོགས་པ་ལ། སོ་སོར་རྟོག་པའི་ལྷག་མཐོང་དང་སྦྲེལ་ནས་བསྒོམས་པས་བདེན་སྣང་གི་སྣང་བ་མེད་པར་གྱུར་པ་ན། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་སྟོན་པ་ཡིན་ཞིང་དེ་ལྟར་ཡིན་པར་གོང་གི་བསམ་གཏན་བཞི་པོས་བསྟན་པ་ཡིན་ནོ། །ལང་ཀར་གཤེགས་པའི་མདོ་གཉིས་པ་ལས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་ལས་འདི་འབྱུང་བ་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། འདི་ལྟར་བཤད་པ་ཡང་previous hit དགོངས next hit་འདི་ལྟར་བཀྲལ་བར་བྱ་བ་ཡིན་ནོ། །དུས་ཀྱི་འཁོར་ལོའི་རྩ་འགྲེལ་ལས། སོར་སྡུད་བསྒོམས་པས་མཚན་མ་དེ་དག་མཐོང་བ་ལ་རྟེན་ནས། སྤྱན་དང་པོ་གསུམ་དང་། མངོན་ཤེས་དང་པོ་ལྔ་ལྟ་བུ་ཟག་བཅས་ཀྱི་སྤྱན་མངོན་ཤེས་ལྟ་བུ་སྐྱེ་ལ། དེ་ལ་བརྟེན་ནས། སྤྱན་ཕྱི་མ་གཉིས་དང་། མངོན་ཤེས་དྲུག་པ་ཟག་པ་ཟད་པ་ཤེས་པའི་མངོན་ཤེས་སྐྱེ་ཞིང་། དེ་ལ་བརྟེན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གསུངས་པ་ཡིན་ནོ། །འགའ་ཞིག་མཚན་མ་དེ་རྣམས་དེ་བཞིན་ཉིད་དུ་འདོད་པ་ཡང་མི་རིགས་ཏེ། དེ་དག་ནི་ཏིང་ངེ་འཛིན་གྱི་གཟུང་ནམ་ཡིན་པས་ན། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་རོ། །ངེས་དོན་མདོ་ཟབ་ལེགས་པར་བཀྲལ་བ་ཡིས། མཁའ་མཉམ་འགྲོ་བས་མདོ་དོན་ལེགས་རྟོགས་ཏེ། ལྟ་བ་ངན་པའི་དྲི་མ་རྣམས་བསལ་ནས། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ལང་ཀར་གཤེགས་པའི་རིན་པོ་ཆེའི་མདོ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ་འདི། གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ། ལང་ཀའི་རིའི་རྩེ་མོ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་བཀོད་པ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་གི་དགེ་འདུན་ཆེན་

(༣༠༩)པོ་དང་ཞེས་པ་ནས་བདག་མེད་པ་གཉིས་རྟོགས་པར་ཁོང་དུ་ཆུད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ། བྱང་ཆུབ་སེམས་དཔའ་བློ་གྲོས་དང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱུ་བ་དག་དང་ལྷན་ཅིག་ཏུ་ཞེས་པ་ནས། བདག་མིང་བློ་གྲོས་ཆེན་པོས་ཏེ། ཐེག་ཆེན་ཁོང་དུ་ཆུད་པར་རྟོགས། དེང་འདིར་བརྒྱ་རྩ་བརྒྱད་ཀྱི་དོན། བླ་མའི་མཆོག་ལ་ཞུ་བར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པས་སྟོན་པར་ཞལ་གྱིས་བཞེས་པ་ནི། འཇིག་རྟེན་མཁྱེན་པའི་སྐྱེས་མཆོག་གིས། ཚིགས་བཅད་དེ་ནི་གསན་པ་དང་། འཁོར་རྣམ་ལ་ནི་རྣམ་གཟིགས་ནས། རྒྱལ་སྲས་རྣམས་ལ་བཀའ་སྩལ་པ། ཁྱོད་ལ་སོགས་པ་རྒྱལ་སྲས་རྣམས། ཅི་དང་ཅི་འདོད་དྲིས་ཤིག་དང་། སོ་སོ་རང་གི་སྤྱོད་ཡུལ་ནི། ངས་ནི་ཁྱེད་ལ་བཤད་པར་བྱ། ཞེས་པས་བསྟན་ཏོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པས་ཞུ་བ་ཞུས་པ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པའི་དགོས་པའི་དོན་ནི། བློ་གྲོས་ཆེན་པོ་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་མདོ་དོན་རྟོགས་ནས་ཉམས་སུ་ལེན་པའོ། ༈ །བསྡུས་པའི་དོན་ནི། དྲི་བ་བརྒྱ་རྩ་བརྒྱད་ཀྱི་ལན་རྣམས་ཕྱོགས་གཅིག་ཏུ་བསྟན་པའོ། །གྲུབ་པའི་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པའོ། །རྒལ་ལན་ནི་མདོ་ལྔ་མའི་བསྡུས་དོན་བཞིན་ནོ། །དེ་ལས་བྱུང་པའི་དགེ་བ་འདིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་འཚལ་ལོ། །

(༣༡༠)འཕགས་པ་བརྒྱན་སྟུག་པོ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་ཐ་མར་གཏོགས་པ། ༈ །འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བ་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལས་འདས་ཏེ། སངས་རྒྱས་ཀྱི་ཞིང་སྡུག་པོ་ན་ཞེས་པ་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ནི། སྟོབས་མངའ་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་རྣམས་པར་འཕྲུལ་ཞིང་རྗེས་སུ་སྤྱོད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་འབྱོར་དམ་པའི་རྣལ་འབྱོར་ཅན་འདི་ལྟ་སྟེ། ཞེས་པ་ནས་ཁམས་གསུམ་པའི་ཡུལ་ལས་ཤིན་དུ་འདས་པའི་གཞལ་མེད་ཁང་གི་པད་མོ་ཆེན་པོ་ལ་འཁོད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ན་མུ་སྟེགས་བྱེད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་བ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་བའི་ཆོས་ལ་བདེ་བར་སྤྱད་པ་བདག་གིས་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་མཁྱེན་པའི་སྤྱོད་ཡུལ་བཙུན་པར་དབྱངས་འབྱིན་པ་སྣ་ཚོགས་ཀྱིས་གཟུགས་དུ་མ་སྟོན་པའི་ཏིང་ངེ་འཛིན་ལས་བཞེངས་སོ་ཞེས་པ་ནས། རྨ་བྱའི་མགུལ་དང་འདོངས་སུ་མེ་ཏོག་གི་ནང་ན་འདུག་པའི་གཟུགས་བརྙན་ལྟ་བུ་ཐོབ་ནས་ས་དང་སར་ཟག་པ་མེད་པས་སྦྱངས་པའི་རྒྱུ་ཏིང་ངེ་འཛིན་ལ་དབང་བསྒྱུར་བའི་ཕྱིར་སྨོན་ལམ་གྱི་མཐར་ཕྱིན་པ་བཅུའི་བསྔོ་བས་ལུས་ཐོབ་པའི་ཁྱད་པར་ཅན་དག་སངས་རྒྱས་ཀྱི་ཞིང་སྟུག་པོར་འོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་

(༣༡༡)ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་བཅོམ་ལྡན་འདས་ལ་བདག་གིས་ཞུ་བ་ཞུས་པ་ལུང་བསྟན་པའི་སླད་དུ་སྐབས་དབྱེ་བར་གནང་ན་བདག་གིས་ཞུའོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་དགོད་པ་ཡང་དག་པོ་ཇི་ལྟ་བ་བཞིན་དུ་སྟོན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དྲིས་ཤིག་དང་། ངས་ཅི་དང་ཅི་འདོད་པ་དེ་དང་དེའི་དྲི་བ་དྲིས་པ་ལུང་བསྟན་པས་སེམས་མགུ་བར་བྱས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་སྨྲོས་ཤིག་ཅེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། ༈ །དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ལ་སོགས་པ་དངོས་དང་བརྒྱུད་པའི་གདུལ་བྱ་རྣམས་ཀྱིས་མདོའི་དོན་མ་ལུས་པ་རྟོགས་ཏེ་མངོན་པར་རྫོགས་པར་སངས་རྒྱའོ། ༈ །བསྡུས་པའི་དོན་ནི། སྟུག་པོའི་རིམས་ཀྱིས་ཡེ་ཤེས་ཀྱི་བརྒྱན་ལས་བྱུང་པ་ཞེས་བྱ་བའི་ལེའུ་དང་པོ་དང་། མདོ་སྡེ་ཐམས་ཅད་འདུས་པའི་རྒྱན་སྡུག་པོ་རིན་པོ་ཆེ་ལས་སྦྱིན་པའི་ལེའུ་སྟེ་གཉིས་པ་དང་། སྟུག་པོར་འཇུག་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པ་དང་། མངལ་གྱི་སྐྱེ་བ་འབྱུང་བ་ཞེས་བྱ་བ་སྟེ་ལེའུ་བཞི་པ་དང་། བདག་གི་ལས་ཀྱི་བྱ་བ་སྤྱད་པ་ཞེས་བྱ་སྟེ་ལེའུ་སྟེ་ལེའུ་ལྔ་པ་དང་། རྣལ་འབྱོར་རྣམ་པར་ཕྱེ་བའི་སྦྱོར་བ་ཞེས་བྱ་བའི་ལེའུ་སྟེ་དྲུག་པ་དང་། ལེའུ་བདུན་པ་དང་། རང་གིས་རྣམ་པར་རིག་པའི་ཡུལ་ཞེས་བྱ་སྟེ་ལེའུ་བརྒྱད་པ་དང་། ཇི་སྙེད་པའི་མདོ་རྫོགས་པའི་ལེའུ་དང་དགུའོ། ༈ །ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། རྒྱན་སྟུག་པོ་བཀོད་པའི་མདོ་

(༣༡༢)འདི་ཉིད་ནི། ཀུན་གཞི་རྣམ་ཤེས་ཀྱི་སྤྱི་དོན་ཡིན་པའི་ཕྱིར། སེམས་ཙམ་གྱི་གྲུབ་མཐའ་ཙམ་སྟོན་པ་ཡིན་གྱི། དབུ་མ་ཆེན་པོའི་དོན་སྟོན་པ་མ་ཡིན་ནོ་ཞེས་ཟེར་བ་ནི། རིགས་པ་མ་ཡིན་ཏེ། མདོ་འདིའི་སྟུག་པོར་འཇུག་པ་ཞེས་བྱ་བ་མ་ཡིན་ཏེ། མདོ་འདིའི་སྟུག་པོར་འཇུག་པ་ཞེས་བྱ་བ་ལེའུ་གསུམ་པ་ལས་སྤྲོས་པ་ཀུན་དང་བྲལ་བས་ཏེ། ལྟ་བའི་ཉེས་པ་རྣམ་པར་སྤངས། རི་མོའི་ཐག་ཐུག་ལྟ་བུ་དང་། རྨི་ལམ་མོ་ཤམ་བུ་བྱུང་དང་། རྨི་ལམ་བུད་མེད་བཟང་མོ་ལྟར། ཐུབ་པ་རྣམས་ཀྱིས་འགྲོ་བ་མཐོང་། དྲི་ཟའི་གྲོང་ཁྱེར་སྤྱོད་པ་བཞིན། སྐྲ་ཕུང་འགལ་པ་བསྐོར་བ་ལྟར། སྨིག་སྒྱུ་རི་དགས་སྲེད་མཚུངས་དཔུང་། ཡོད་དང་མེད་པ་རྣམ་པར་སྤངས་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། ཡོད་དང་མེད་པའི་ལྟ་བ་ལས། དེས་ཏེ་གྲོལ་ནས་འཇིག་ན་ནི། སེམས་དང་དམིགས་ལས་བྲལ་བའི་ཕྱིར། རྣམ་པར་དམིགས་པས་མི་གནས་ཏེ། མདུན་དུ་རྟོགས་པ་མེད་གྱུར་ཅིག །དེའི་རང་བཞིན་མི་གནས་ལ། གང་ཚེ་དམིགས་པ་སྤངས་པ་ལ། རྣམ་པར་རྟོག་པ་མི་གནས་ཤིང་། གང་ཚེ་གཉིས་ལས་རྣམ་གྲོལ་ཏེ། རྟོག་མེད་རྟོག་པ་སྤངས་པས་ན། དེ་ཚེ་སེམས་ནི་མཉམ་པར་བཞག །འགྲོ་བ་རྣམ་རྟོག་མེད་པར་མཐོང་། གཟུང་དང་འཛིན་པ་མེད་པ་སྟེ། བསམ་གྱིས་མི་ཁྱབ་ཤེས་ལ་གནས། རྟེན་པ་ལས་ནི་གྱུར་པ་སྟེ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། དེ་བཞིན་འདི་ཉིད་རྣམ་གཞན་མིན། ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། ཕན་ཚུན་སྟོབས་ཀྱིས་འབྱུང་བ་སྟེ། རྣལ་འབྱོར་ཅན་རྣམས་དེ་ལྟར་ལྟ། དེ་བཞིན་ཉིད་དུ་གསལ་བར་མཐོང་། རང་བཞིན་ཡོངས་སུ་གྲུབ་པ་ནི། ཆོས་རྣམས་ཆོས་ཉིད་དེ་ཡིན་ནོ། །བརྟགས་པའི་དངོས་པོ་རང་བཞིན་དུ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ། སྟོང་པ་ངོ་བོ་ཉིད་མེད་དེ། ཡོད་དང་མེད་པའི་ཕྱོགས་སྤངས་པ་ཞེས་གསུངས་པ་དང་བཅས་པ་རྣམས་ཀྱིས་དབུ་མ་ཆེན་

(༣༡༣)པོའི་དོན་ཡང་དག་པ་བསྟན་པ་ཡིན་ནོ། །དེས་ན་མཚན་ཉིད་གསུམ་བསྟན་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པ་ཙམ་གྱིས་སེམས་ཙམ་པའི་གྲུབ་མཐའ་ལས་མ་འདས་པར་སྨྲ་བར་མི་བྱའོ། །མདོར་ན་མདོ་འདིའི་previous hit དགོངས next hit་རྣལ་འབྱོར་སྤྱོད་པའི་དབུ་མ་སྟོན་པ་ཡིན་ནོ། །འདི་ཉིད་ཀྱི་ལེའུ་བདུན་པ་ལས། དཔལ་བེའུ་མཚན་དང་ཐམས་ཅད་ལྡན། ཕྲ་བའི་ལུས་ཅན་རང་གི་འོད། དེ་དག་དབུས་སུ་ཐུབ་པའི་དབང་། ཁྱོད་ནི་གནས་པར་རབ་ཏུ་འགྱུར་ཞེས་པ་སོགས་ཀྱི་དོན་ལ། ཕྲ་བའི་ལུས་ཤེས་བྱ་བ་སེམས་ཅན་གྱི་ལུས་ལ་རང་ཆས་སུ་ཡོད་ཞེས་ཟེར་བའང་མི་རིགས་ཏེ། ཕྲ་བའི་ལུས་ཀྱི་དོན་ནི། ས་བདུན་པ་མན་དུ་རྣམ་སྨིན་གྱི་ལུས་རགས་པ་ཡོད་པ་རྣམས་གནས་གྱུར་ནས། ས་བརྒྱད་པར་ཏིང་ངེ་འཛིན་གྱི་ལུས་གསར་དུ་ཐོབ་པར་ཕྲ་བའི་ལུས་ཞེས་པའི་སྙད་ཐོབ་པ་ཡིན་ལ། དེའི་ཚེ་ན། གཞོན་ནུའི་ས་ཐོབ་པ་དང་། གཞོན་ནུར་གྱུར་པ་ཞེས་པའི་ཐ་སྙད་བྱེད་པ་ཡིན་གྱི། ཚེ་རྗེས་པ་མ་ཡིན་ཞིང་། ལུས་རྒྱུན་སྔ་མ་བཟང་དུ་སོང་བ་ཡིན་གྱི་ཤི་བས་ལུས་དེར་ནས། ལུས་གཞན་གསར་དུ་ཐོབ་པ་མ་ཡིན་པའི་ཕྱིར་ལུས་གཞན་དང་ཆོས་གཞན་དུ་སྨྲ་བ་མི་རིགས་སོ། །དེ་ལྟར་བཤད་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ནི། དགེ་

(༣༡༤)སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས་ཏིང་ངེ་འཛིན་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བའི་འཕགས་པའི་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཆོས་སྟོན་པ་ཤ་སྟག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི་རྐྱེན་གང་གིས་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་ཡང་དག་པར་འདས་པ་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོ་འཕྲུལ་གང་དག་བསྟན་པ་དེ་དག་ཀྱང་མཐོང་ལ་བདག་ཅག་གིས་མི་མཐོང་པར་འགྱུར་ལགས་ཞེས་པའི་བར་གྱིས་བསྟན་ཏོ། ༈ །སྟོན་པ་པོ་ཕུན་སུམ་ཚོགས་པ་ནི། དེ་སྐད་ཅེས་གསོལ་པ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ལ་འདི་སྐད་ཅེས་བཀའ་རྩལ་ཏོ་ཞེས་པ་ནས་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ་ཞེས་པའི་བར་གྱི་བསྟན་ཏོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ཀྱིས། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་སོགས་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །མདོ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པའི་གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་བསྐྱེད་པ་དང་། སྨོན་ལམ་བཏབ་པ་དང་། ལུང་བསྟན་པ་ཐོབ་པ་དང་། སངས་རྒྱས་པའི་ཞིང་གི་བཀོད་པ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། ཆོས་ཀྱི་སྒོ་རྣམས་རྟོགས་ནས་ཉམས་སུ་ལེན་པའོ། ༈ །བསྡུས་པའི་དོན་ནི། ལེའུ་དྲུག་ཏུ་གནས་པ་ལས། དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་ལེའུ་དང་། གཉིས་པ་གཟུངས་ཀྱི་སྒོའི་ལེའུ་དང་། གསུམ་པ་སྦྱིན་པ་གཏོང་པའི་ལེའུ་དང་། ལུང་བསྟན་པའི་ལེའུ་ཞེས་བྱ་བ་བཞི་པ་དང་།

(༣༡༥)ལེའུ་ལྔ་པ་རྣམས་སོ། ༈ །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གོ་རིམས་ནི་གདུལ་བྱ་ཉེས་པའི་བསམ་པ་ལ་ལྟོས་པའི་རིམ་པའོ། །རྒལ་ལན་ནི། བསྐལ་པ་བཟང་པོའི་མདོ་ལས། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་ཞེས་གསུངས་ལ། མདོ་འདིར། བསྐལ་པ་བཟང་པོ་ལ་སངས་རྒྱས་དུ་ཞིག་བྱུང་པ་བསྟན་ཞེ་ན། མདོ་འདི་ཉིད་ཀྱི་ལུང་བསྟན་པའི་ལེའུ་ལས། རིགས་ཀྱི་བུ་དེ་ན་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་གསོལ་པ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་བསྐལ་པ་བཟང་པོ་དེ་ལ་ཐུབ་པ་ཉི་མ་མང་ཉུང་ཇི་སྙེད་ཅིག་འབྱུང་བར་འགྱུར་ལགས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་རྩལ་པ། བྲམ་ཟེའི་ཁྱེའུ་བསྐལ་པ་བཟང་པོ་དེ་ལ་ནི་ཐུབ་པ་ཉི་མ་སྟོང་དང་རྩ་བཞི་འབྱུང་པར་འགྱུར་རོ་ཞེས་ལུང་བསྟན་པ་དང་། དེ་དག་གི་རྗེས་སུ་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་ཉིད་སངས་རྒྱ་བར་ལུང་བསྟན་པ་དང་བཅས་པས་སངས་རྒྱས་སྟོང་དང་ལྔ་འབྱུང་བ་ཡིན་ནོ། །འོ་ན། གོང་དུ་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་གོ་དགུ་འབྱུང་པར་ལུང་བསྟན་པའི་རྗེས་སུ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་བསྙེན་བཀུར་བ་ལྔ་ལུང་བསྟན་པ་ལས་མེད་པས་གཅིག་ཇི་ལྟར་ཡིན་ཞེ་ན། བྲམ་ཟེ་རྒྱ་མཚོའི་རྡུལ་ལུང་བསྟན་པས་དགུ་བརྒྱ་དང་དགུ་བཅུ་གོ་དགུའི་ཁ་བསྐང་སྟེ། སངས་རྒྱས་སྟོང་དང་། བྲམ་ཟེའི་ཁྱེའུ་ལྔ་པོ་སངས་རྒྱས་སུ་ལུང་བསྟན་པ་དང་བཅས་པས་སྟོང་དང་ལྔ་འབྱོན་པ་ཡིན་ནོ། །དགེ་བ་འདི་ཡིས་འགྲོ་བ་ཀུན། རྒྱལ་བ་འདི་དག་མཉེས་བྱས་ནས། ཐེག་ཆེན་ལམ་མཆོག་མཐར་ཕྱིན་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེ་

(༣༡༦)ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་ཐ་མ་དོན་སོ་སོར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རོ་ལ་བཞུགས་ཏེ་ཞེས་པས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ལ། དགེ་སློང་གི་དགེ་འདུན་སོགས་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་འཁོར་དང་། ལྷ་ལ་སོགས་པ་འཇིག་རྟེན་པའི་འཁོར་དང་གསུམ་ལས། དགེ་སློང་གི་དགེ་འདུན་གྱི་འཁོར་སོགས་ནི། དགེ་སློང་ཁྲི་ཉིས་སྟོང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས་དགེ་སློང་མ་གྲགས་འཛིན་འཁོར་དང་བཅས་པ་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་འཁོར་ནི། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞེས་པ་ནས་དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དག་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། འཁོར་ལྷའི་བུ་ཉི་ཁྲི་འདི་ལྟ་སྟེ་ཞེས་པ་ནས་བཟུང་སྟེ། ལུས་འཕགས་མའི་བུ་ཡུལ་མ་ཀ་ཏའི་རྒྱལ་པོ་མ་སྐྱེས་དགྲ་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་ན། བཅོམ་ལྡན་འདས་འཁོར་བཞི་པོ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བལྟས་ཏེ་ཞེས་པ་ནས་བརྩམས་ཏེ། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་དེ་དག་ཐམས་ཅད་ཀྱང་སྣང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ལ། བྱམས་པས་དྲིས་པ་དང་། འཇམ་དཔལ་གྱིས་ལན་བཏབ་པ་གཉིས་ལས། བྱམས་པས་དྲིས་པ་ནི། དེ་ནས་བྱང་ཆུབ་

(༣༡༧)སེམས་དཔའ་ཆེན་པོ་བྱམས་པ་འདི་སྙམ་དུ་སེམས་ཏེ་ཞེས་པ་ནས་བཟུང་སྟེ། རྒྱལ་བའི་སྲས་ལ་བྱམས་པས་ཀུན་དྲིས་ནས། ལྷ་མི་གནོད་སྦྱིན་སྲིན་པོ་དེ་དག་དགའ། འཇམ་དབྱངས་འདིར་ནི་ཅི་ཞིག་ལུང་སྟོན་ཅེས། འཁོར་རྣམས་བཞི་པོ་དེ་དག་ཤིན་དུ་སྡོད་ཅེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཇམ་དཔལ་གྱིས་ལན་བཏབ་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ལ་སྨྲས་པ་ཞེས་པ་ནས་གླེང་གཞིའི་ལེའུ་རྫོགས་པའི་བར་གྱིས་བསྟན་ཏོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་སོ། །བཞེངས་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏེ། ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། མདོ་སྡེ་ཟབ་མོ་འདིའི་ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་ཙམ་ཐོས་པ་ཡན་ཆད་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པས་མཚོན་ཏེ། ཐེག་པ་གཅིག་ཏུ་ངེས་པར་བསྟན་པས། འཁོར་ཆེན་པོ་རྣམས་ཀྱིས་ཐོག་གྲངས་པའི་སེམས་ཅན་ཐམས་ཅད་རིམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའོ། །བསྡུས་པའི་དོན་ནི། ལེའུ་ཉི་ཤུ་རྩ་བདུན་ལས། དང་པོ་གླེང་གཞིའི་ལེའུ་དང་། ཐབས་ལ་མཁས་པའི་ལེའུ་ཞེས་བྱ་སྟེ་གཉིས་པ་དང་། དཔེའི་ལེའུ་ཞེས་བྱ་སྟེ་གསུམ་པ་དང་། མོས་པའི་ལེའུ་ཞེས་བྱ་སྟེ་བཞི་པ་དང་། སྨན་གྱི་ལེའུ་ཞེས་བྱ་སྟེ་ལྔ་པ་དང་། ཉན་ཐོས་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་པ་དང་། སྔོན་གྱི་སྦྱོར་བའི་ལེའུ་ཞེས་བྱ་སྟེ་བདུན་པ་དང་། དགེ་སློང་ལྔ་བརྒྱ་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་བརྒྱད་པ་དང་། ཀུན་དགའ་བོ་དང་། སྒྲ་གཅན་ཟིན་དང་། དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་དགུ་པ་དང་། ཆོས་སྨྲ་བའི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། མཆོད་རྟེན་བསྟན་པའི་ལེའུ་ཞེས་བྱ་སྟེ་

(༣༡༨)བཅུ་གཅིག་པ་དང་། སྤྲོ་བར་བྱ་བའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པ་དང་། བདེ་བར་གནས་པའི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པ་དང་། བྱང་ཆུབ་སེམས་དཔའ་ས་རུམ་ནས་ཐོན་པའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པ་དང་། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པ་དང་། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པ་དང་། རྗེས་སུ་ཡི་རང་བའི་བསོད་ནམས་བསྟན་པའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པ་དང་། སྐྱེ་མཆེད་དྲུག་རྣམས་པར་དག་པའི་ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པ་དང་། རྟག་ཏུ་མ་རྙས་པ་ཞེས་བྱ་སྟེ་ལེའུ་བཅུ་དགུ་པ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཞེས་བྱ་སྟེ་ལེའུ་ཉི་ཤུ་པ་དང་། གཟུངས་སྔགས་ཀྱི་ལེའུ་ཞེས་བྱ་སྟེ་ལེའུ་ཉི་ཤུ་རྩ་གཅིག་པ་དང་། སྨན་གྱི་རྒྱལ་པོའི་སྔོན་གྱིས་སྦྱོར་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པ་དང་། སང་སང་པོའི་དབྱངས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གསུམ་པ་དང་། སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་དང་། རྒྱལ་པོ་དགེ་བ་བཀོད་པའི་སྔོན་གྱི་སྦྱོར་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་ལྔ་པ་དང་། ཀུན་ཏུ་བཟང་པོས་སྤྲོ་བར་བྱ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པ་དང་། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་མཐར་ཐུག་གཅིག་གོ །རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །མཚམས་སྦྱར་བའི་གོ་རིམས་ནི། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་སོ། །རྒལ་ལན་ནི། དྲང་དོན་གྱི་མདོ་སྒྲ་ཇི་བཞིན་པར་ཞེན་པ་ཁ་གཅིག་ན་རེ། མདོ་འདི་ཉིད་ལས། ཉན་ཐོས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཅིང་། མདོ་འདི་ཉིད་ལས། ཚིག་བཞི་ཚིགས་སུ་བཅད་པ་གཅིག་ཙམ་ཐོས་པ་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ལུང་བསྟན་པ་རྣམས་བླ་ན་མེད་པའི་

(༣༡༩""ལྡེམ་པོའི་ངག་དང་། ངེས་དོན་སྟོན་པའི་གསུང་ཡིན་ན། previous hit དགོངས next hit་ངེས་འགྲེལ་གྱི་མདོ་ལས་ཉན་ཐོས་ཞི་བ་བསྒྲོད་པ་ཕྱོགས་གཅིག་པ་རྣམས་ནི་སངས་རྒྱས་པ་ཐམས་ཅད་བརྩོན་པ་དང་ལྡན་དུ་ཟིན་ཀྱང་། བླ་ན་མེད་པའི་བྱང་ཆུབ་ལ་བཞག་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུས་མཚོན་ནས། ཐེག་པ་གསུམ་སོ་སོར་ངེས་པ་ལྟ་བུར་བསྟན་པའི་མདོ་རྣམས་ཀྱི་previous hit དགོངས next hit་ཇི་ལྟར་ཡིན་ཞེ་ན། མདོ་དེ་དག་གི་previous hit དགོངས next hit་ནི། ཉན་ཐོས་ཞི་བ་བསྒྲོད་པ་ཕྱོགས་གཅིག་པ་དེ་དག་ནི་རིགས་དམན་ཞིང་། དམན་པ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་ཞུམ་པའི་རང་བཞིན་ཅན་ཡིན་པས། ཐེག་པ་དམན་པའི་འབྲས་བུ་གང་རུང་གཅིག་མ་ཐོབ་པར་ཐེག་པ་ཆེན་པོར་གཞུག་པར་མི་ནུས་པས། གནས་སྐབས་ཐེག་པ་གསུམ་དུ་ངེས་པ་ལྟ་བུར་བསྟན་པ་ཡིན་གྱིས། ཐེག་པ་ཆེན་པོར་གཏན་མི་འཇུག་ནས། ཐེག་པ་གསུམ་སོ་སོར་ངེས་པར་བསྟན་པ་མ་ཡིན་ནོ། །འོ་ན་ཉན་རང་དགྲ་བཅོམ་རྣམས་སྐུ་ཚེའི་འདུ་བྱེད་མ་བཏང་གི་བར་དུ། ཐེག་པ་ཆེན་པོར་འཇུག་དུ་རུང་དུ་ཆུག་ནའང་། སྐུ་ཚེའི་འདུ་བྱེད་བཏང་ནས། འདུས་བྱས་འཇུག་པ་ཉེར་ཞི་ལ་སོང་བ་ཡིན་ན། ཇི་ལྟར་ཐེག་པ་ཆེན་པོར་འཇུག་ཞེ་ན། ཉན་རང་དགྲ་བཅོམ་པ་དེ་དག་སྐུ་ཚེའི་འདུ་བྱེད་བཏང་བ་ན། འདུས་བྱས་འཇུག་པ་ཉེར་བཞི་ལ་སོང་པ་མ་ཡིན་གྱི། ལས་དང་ཉོན་མོངས་ཀྱི་དབང་གིས་སྐྱེ་བ་ལེན་པ་རྒྱུན་བཅད་ནས། ཟག་མེད་ཀྱི་བདེ་བ་ལ་མཉམ་པར་བཞག་པ་ཡིན་ནོ། །སླར་ཡང་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་བསྐུལ་བས་ཏིང་ངེ་འཛིན་དེ་དག་ལས་སད་ནས་སངས་རྒྱས་རྣམས་ཀྱིས་ཆེ་བའི་ཡོན་ཏན་མཐོང་བ་ན། མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་ལ་བསྟེན་ནས་ཁམས་གསུམ་གྱི་སས་མ་བསྡུས་པའི་སྐྱེ་བ་བླངས་ཏེ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཐེག་པ་ཆེན་པོའི་སའི་ཡོང་སྦྱོང་རྣམས་ལ་བསླབས་ཏེ།

(༣༢༠)མངོན་པར་རྫོགས་པར་སངས་རྒྱ་བ་ཡིན་ནོ། །འོན་ཀྱང་། སྔོན་ཐེག་པ་དམན་པ་ལ་གོམས་པའི་བག་ཆགས་ཀྱི་དབང་གིས་དང་པོ་ཉིད་ནས་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལས་སངས་རྒྱ་བ་བུལ་བ་ཡིན་ཏེ། མདོ་སྡེ་བརྒྱན་ལས། དེ་ཉིད་ཡང་དང་ཡང་དུ་ནི། རང་སེམས་ཀུན་ཏུ་འབྱུང་ལྡན་པས། མྱ་ངན་འདས་ལ་མངོན་དགའ་ཕྱིར། རྟོགས་པ་བུལ་བ་ཡིན་པར་འདོད་ཅེས་གསུངས་པ་ལྟར། སྨོན་ལམ་སྔོན་དུ་སོང་པ་རྣམས་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་བུལ་བ་ཙམ་མ་རྟོགས་ངེས་པར་སངས་རྒྱས་ཐོབ་པ་ཡིན་ནོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་བས་མདོ་དོན་ལེགས་རྟོགས་ཏེ། ཐེག་པ་གཅིག་གི་ཚུལ་ཞུགས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མའི་ཕྱོགས་འཐུན་དུ་སྔ་རབས་པས་སྦྱར་བ་འདི། གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ལ་གསུམ་ལས། ཐེག་པ་ཐུན་མོང་པའི་འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་པ་ནས་དེ་དག་དང་ཉན་ཐོས་ཆེན་པོ་གཞན་དག་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་ཆེན་པོའི་འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་ལ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་ཞེས་པ་ནས། དེ་དག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་མང་པོ་དག་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་

(༣༢༡)ནི། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། དེ་དག་དང་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་གཞན་དག་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་རྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུལ་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པའི་གདུལ་བྱ་རྣམས་གནས་སྐབས་སུ་ཞིང་དེར་འགྲོ་ཞིང་། བཅོམ་ལྡན་འདས་ཚེ་དཔག་མེད་ལ་ཆོས་ཞུ་བ་དང་། མཐར་ཐུག་ཏུ་འཁོད་རྣམས་སོ་སོ་རང་རང་སངས་རྒྱས་པའི་ཞིང་དུ་བཀོད་པ་ཕུན་སུམ་ཚོགས་པ་དེ་ལྟ་བུ་སྟོན་པའོ། །བསྡུས་པའི་དོན་ནི་གཉིས་ཏེ། ཞིང་གི་བཀོད་པ་དང་། འཁོར་གྱི་བཀོད་པའོ། །གོ་རིམས་ནི་རྟེན་བརྟེན་པའི་རིམ་པའོ། །རྒལ་ལན་ནི། བདེ་བ་ཅན་གྱི་ཞིང་ཁམས་དེ་ལྟ་བུ་ནི། ཆོས་མངོན་པ་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར། སྡུག་བསྔལ་གྱི་བདེན་པ་ཡིན་ནོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། ཆོས་མངོན་པ་ཀུན་ལས་བཏུས་ལས། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི། སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ལས་དང་ཉོན་མོངས་པའི་དབང་གིས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་པའི་ཕྱིར་ཏེ། དེ་དག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཏིང་ངེ་འཛིན་དང་

(༣༢༢)སྨོན་ལམ་གྱི་དབང་གིས་བྱུང་པ་དག་གོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་བཤད་པས་འགྲོ་བ་རྣམས། དག་པའི་ཞིང་མཆོག་དེར་བསྒྲོད་དེ། ཚེ་དཔག་མེད་མགོན་མཉེས་བྱས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། འཁོར་ལོ་གསུམ་གྱི་ནང་ནས་ཐ་མ་དོན་སོ་སོར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྩྭ་མཆོག་གི་གྲོང་ཁྱེར་སྐྱེས་བུ་སྟོབས་པོ་ཆེ་འབྱུང་བའི་གནས་རླུང་ཧ་རི་ལ་བ་ཏེའི་འགྲམ་ཤིང་ས་ལ་དྲུང་གཉིས་ཀྱི་བར་ན་ཞེས་པས་བསྟན་ཏོ། ༈ །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་སྟོང་ཕྲག་བརྒྱད་བཅུ་སྙེད་ཀྱིས་ཡོངས་སུ་བསྐོར་ནས། མདུན་དུ་བདར་ཏེ་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། ༈ །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་བཅོམ་ལྡན་འདས་དཔྱིས་ཟླ་འབྲིང་ཐ་ཆུངས་ཟེར་པོའི་ཚེས་བཅྭ་ལྔའི་ཉིན་པར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་ཉེ་བ་ན་ཞེས་པ་ནས་བཟུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཡོངས་སུ་སྣང་བར་བྱས་ནས་དེ་དག་ན་གནས་པ་ལམ་རྒྱུད་དྲུག་གི་སེམས་ཅན་དག་འོད་ཟེར་དེས་རེག་མ་ཐག་ཏུ་ཁ་ན་མ་ཐོ་བའི་ཉོན་མོངས་པ་ཐམས་ཅད་བྱང་པར་གྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་སོ་སོ་སྐྱེ་བོ་དག་དེ་ལྟ་བུའི་ལྟས་མཐོང་ཞིང་ཐོས་ནས་མྱ་ངན་ཆེན་པོས་ཡིད་གདུངས་ཏེ་ཞེས་པ་ནས་བརྩམས་ཏེ། བཙུན་དས་ཕུལ་བའི་བཤོས་གསོལ་ཏེ་བཙུན་ད་དགའ་བར་གྱུར་ནས་ཚིགས་སུ་བཅད་པ་གསོལ་བའི་བཤམ་ནས། ཇི་ལྟར་ཉི་མ་ཤར་ནས་སུ། སྤྲིན་མེད་ཀུན་ཏུ་སྣང་བ་བཞིན། ད་ལྟར་

(༣༢༣)སེམས་ཅན་འདི་དག་ནི། ཤིན་དུ་ངུ་བསམ་མིག་ཀྱང་སྐྲངས། ཐམས་ཅད་འཁོར་བར་འཁོར་བ་ཡི། སྡུག་བསྔལ་འབབ་ཀླུང་གཡེངས་པར་གྱུར། དེ་བས་སངས་རྒྱས་བཅོམ་ལྡན་འདས། འགྲོ་བའི་དད་པ་བསྐྱེད་པ་དང་། འཁོར་བའི་སྡུག་བསྔལ་བཅད་པའི་ཕྱིར། འཇིག་རྟེན་ཡུན་དུ་བཞུགས་པར་གསོལ། ཞེས་པའི་བར་གྱིས་བསྟན་ཏོ། ༈ །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཙུན་ད་ལ་བཀའ་སྩལ་པ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ཡང་ཤིན་དུ་དཀའ་བ་ནི་མེ་ཏོག་ཨུ་དུམ་བ་ར་དང་འདྲའོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། ༈ །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་རྟག་པར་འཛིན་པ་བཤིག་སྟེ་བརྩོན་པ་བསྐྱེད་པར་བསྐུལ་བའི་ཕྱིར་དུ་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚུལ་སྟོན་ཅིང་། ཆད་པར་འཛིན་པ་བཤིག་པའི་ཕྱིར་དུ་སངས་རྒྱས་ཀྱི་སྐུ་ཚེའི་ཚད་མེད་པ་དང་། སངས་རྒྱས་རྟག་པ་དང་། ཞི་བ་དང་། རྡོ་རྗེའི་སྐུ་ལ་སོགས་པར་བསྟན་ཏེ། དབུགས་དབྱུང་བ་དང་། སྔར་གསུངས་པའི་མདོ་རྣམས་ཀྱི་དྲང་བ་དང་། ངེས་པའི་དོན་གྱི་རྣམ་པར་དབྱེ་བ་བསྟན་པས། ཐེ་ཚོམ་མེད་པར་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་མཛད་པའོ། །བསྡུས་པའི་དོན་ནི། ལེའུ་བཅྭ་ལྔར་གནས་པ་ལས། སྐུ་ཚེའི་ལེའུ་ཞེས་བྱ་བ་ལེའུ་དང་པོ་དང་། རྡོ་རྗེའི་སྐུ་ཞེས་བྱ་ལེའུ་གཉིས་པ་དང་། མཚན་གྱི་ཡོན་ཏན་བརྗོད་པ་ཞེས་བྱ་བ་ལེའུ་གསུམ་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཞེས་བྱ་བ་བཞི་པ་དང་། འཁོར་མང་པོས་ཀུན་ནས་དྲིས་པ་ཞེས་བྱ་བ་ལེའུ་ལྔ་པ་དང་། འཕགས་པའི་སྤྱོད་པ་ཞེས་བྱ་བ་ལེའུ་དྲུག་པ་དང་། ཚངས་པར་སྤྱོད་པ་ཞེས་བྱ་བ་ལེའུ་བདུན་པ་དང་། བུས་པ་ཆུང་ངུ་སྤྱོད་པ་ཞེས་བྱ་བ་ལེའུ་བརྒྱད་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་མཐུ་བཙུན་དཔལ་

(༣༢༤)གྱི་རྒྱལ་པོ་ཞེས་བྱ་བས་ཡོངས་སུ་དྲིས་པའི་ལེའུ་བཅུ་པ་དང་། བྱང་ཆུབ་སེམས་དཔའ་སེང་གེ་སྒྲ་ཞེས་བྱ་བས་ཡོངས་སུ་དྲིས་པའི་ལེའུ་ཞེས་བྱ་བ་ལེའུ་བཅུ་གཅིག་པ་དང་། འོད་བསྲུངས་ཀྱིས་ཡོངས་སུ་དྲིས་པ་ཞེས་བྱ་བ་ལེའུ་བཅུ་གཉིས་པ་དང་། ཚེ་དང་ལྡན་པ་ཅང་ཤེས་ཀཽ་དི་ནྱའི་ལེའུ་སྟེ་བཅུ་གསུམ་པ་དང་། བསྟན་པ་བཞག་པའི་ལེའུ་སྟེ་བཅུ་བཞི་པ་དང་། ལེའུ་བཅྭ་ལྔ་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མཐར་ཐུག་ཅིག་གོ །རྒལ་ལན་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་མ་ལས། ཉན་ཐོས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཞེས་ཀྱང་འབྱུང་ལ། དམ་ཆོས་པད་མ་དཀར་པོ་དང་། མདོ་འདི་ཉིད་ལས། ཉན་ཐོས་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་བྱུང་པས་ན། དེ་དག་གི་previous hit དགོངས next hit་ཅི་ཞེ་ན། ཉན་ཐོས་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་པར་གསུངས་པའི་previous hit དགོངས next hit་ནི། ཉན་ཐོས་ཞི་བ་བསྒྲོད་པ་ཕྱོགས་གཅིག་པ་རྣམས་ལ་རེ་ཞིག་རྫོགས་པའི་བྱང་ཆུབ་ཐོབ་པའི་སྐལ་པ་མེད་པ་ལ་previous hit དགོངས next hit་དང་། བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་འགའ་ཞིག་ཉན་ཐོས་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ན། ཉན་ཐོས་སུ་སེམས་བསྐྱེད་དེ་ཐེག་པ་དམན་པར་ལྟུང་བར་འགྱུར་བས། དེས་ན་ཉན་ཐོས་རྣམས་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཅིང་། དེ་དག་ལ་རྫོགས་པའི་བྱང་ཆུབ་ཐོབ་པའི་སྐལ་བ་མེད་དོ་ཞེས་སྟོན་པ་ཡིན་ནོ། །དམ་ཆོས་པད་མ་དཀར་པོ་དང་། མདོ་སྡེ་འདི་ལ་སོགས་པ་ནས། ཉན་ཐོས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་previous hit དགོངས་གཞི་ནི། མཐར་ཐུག་ཐེག་ next hit་གཅིག་ཏུ་ངེས་པ་དང་། བྱང་སེམས་ཆེན་པོ་སེམས་ཅན་མ་ལུས་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས་པ་རྣམས་ཀྱི་དམ་བཅའ་མི་འདོར་བས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རྗེས་སུ་བཟུང་བར་འགྱུར་བའི་ཕྱིར་ཉན་ཐོས་རྣམས་

(༣༢༥)རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་previous hit ་ཡིན་ནོ། །དེས་ན་གཞུང་སྔ་མ་གནས་སྐབས་ལ་དགོངས next hit་ཏེ་གསུངས་པས་དྲང་བའི་དོན་དང་། གཞུང་ཕྱི་མ་མཐར་ཐུག་ལ་previous hit དགོངས་པས་ངེས་པའི་དོན་ཡིན་ནོ། །འོ་ན་ཉན་ཐོས་རྣམས་ཀྱི་རྫོགས་པའི་བྱང་ཆུབ་འཐོབ་ next hit་ངེས་པའི་དོན་ཡིན་ན། ཉན་ཐོས་དང་རང་སངས་རྒྱས་དེ་དག་གིས་དུས་ཇི་ཙམ་ན་བྱང་ཆུབ་འཐོབ་ཅེ་ན། མདོ་འདི་ཉིད་ཀྱི་འཁོར་མང་པོས་དྲིས་པ་ཞེས་བྱ་བའི་ལེའུ་ལྔ་པའི་བཤམ་ནས། འོད་བསྲུངས་གང་ཟག་རྣམ་པ་འདི་ལྔ་ནི་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལ་སྐྱོན་དང་བཅས་པ་བཞིན་དུ་སྤྱོད་ཀྱི་དེ་བཞིན་གཤེགས་པ་ནི་མ་ཡིན་ནོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམ་པ་གསུམ་བཅད་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཀྱི་ཁམས་སུ་མི་སྐྱེའོ། །ལྷ་དང་མིར་ལན་བདུན་ལྡོག་པ། སྡུག་བསྔལ་ཐམས་ཅད་བཅད་ནས་མྱ་ངན་ལས་འདས་པར་ཞུགས་ཏེ། འོད་བསྲུངས་དེ་ནི་སྐྱོན་དང་བཅས་པས་སྤྱོད་པའི་གང་ཟག་གཅིག་ཅེས་བྱ་སྟེ། མ་འོངས་པའི་དུས་ཀྱི་བསྐལ་པ་བརྒྱད་ཁྲི་བཟླས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །འོད་བསྲུངས་ཉོན་མོངས་པ་ཐ་མ་གསུམ་པོ་བཅད་ནས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྲབ་པར་གྱུར་ཏེ། ལན་ཅིག་ཕྱིར་ལྡོག་པའི་འབྲས་བུ་འཐོབ་པས། ལན་ཅིག་ཕྱིར་ལྡོག་སྟེ་སྡུག་བསྔལ་ཡོངས་སུ་བཅད་ནས་མྱ་ངན་ལས་འདས་པར་ཞུགས་པ་ནི། འོད་བསྲུངས་སྐྱོན་དང་བཅས་པར་སྤྱོད་པ་གཉིས་ཤེས་བྱ་སྟེ། དེ་ཡང་བསྐལ་པ་དྲུག་ཁྲི་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །འོད་བསྲུངས་གང་ཟག་གསུམ་པོ་ནི་ཉོན་མོངས་པ་ཐ་མ་ལྔ་པོ་བཅད་དེ་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པས་ཕྱིར་མི་ལྡོག་སྟེ། སྡུག་བསྔལ་ཐམས་ཅད་བཅད་ནས་མྱ་ངན་ལས་འདས་པར་ཞུགས་

(༣༢༦)པ་ནི། སྐྱོན་དང་བཅས་པར་སྤྱོད་པ་གསུམ་ཞེས་བྱ་སྟེ། དེ་ཡང་བསྐལ་པ་བཞི་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །འོད་བསྲུངས་གང་ཟག་བཞི་པོ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་བཅད་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ཉོན་མོངས་པ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པར་ཞུགས་པ་ནི་བསེ་རུ་ལྟར་གཅིག་པུ་སྤྱོད་པ་ཡང་མ་ཡིན་ཏེ། དེ་ནི་སྐྱོན་དང་བཅོས་པར་སྤྱོད་པ་བཞི་ཞེས་བྱ་སྟེ། དེ་ཡང་བསྐལ་པ་ཉི་ཁྲི་བཟླས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །འོད་བསྲུངས་གང་ཟག་ལྔ་པོ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་བཅད་ནས། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་སྟེ། ཉོན་མོངས་པ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པར་ཞུགས་ཏེ། བསེ་རུ་ལྟར་གཅིག་པ་སྤྱོད་པ་ནི་སྐྱོན་དང་བཅས་པར་སྤྱོད་པ་ལྔ་ཞེས་བྱ་སྟེ། དེ་ཡང་བསྐལ་པ་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །འོད་བསྲུངས་དེ་དག་ནི་སྐྱོན་དང་བཅས་པར་སྤྱོད་པའི་གང་ཟག་ལྔ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་མ་ཡིན་ནོ་ཞེས་གསུངས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་འབྲས་བུ་ལ་གནས་པ་རྣམས་དུས་ནམ་ཞིག་ན་སངས་རྒྱ་བ་གསལ་པོར་བསྟན་པ་ཡིན་ནོ། །འོ་ན་མདོ་འདི་ཉིད་ཀྱི་རྗེས་སུ་འབྲང་པའི་བྱང་ཆུབ་སེམས་དཔས། སྲིད་པ་ཉི་ཤུ་རྩ་ལྔ་ཇི་ལྟར་གཞོམ་པར་བྱེད་ཅེ་ན། འདི་ཉིད་ཀྱི་ལེའུ་དྲུག་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་པ་མེད་པའི་ས་ལ་གནས་པ་ནི་ཏིང་ངེ་འཛིན་རྣམ་པ་ཉི་ཤུ་ལྔ་ཐོབ་པས་སྲིད་པ་ཉི་ཤུ་ལྔ་གཞོམ་པར་བྱེད་དོ། །རིགས་ཀྱི་བུ་དྲི་མ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ནི་སེམས་ཅན་དམྱལ་བའི་སྲིད་པ་བཅོམ། ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པས་ནི་བྱོལ་སོང་གི་སྲིད་པ་བཅོམ། སེམས་བདེ་བའི་ཏིང་

(༣༢༧)ངེ་འཛིན་ཐོབ་པས་ནི་ཡི་དགས་ཀྱི་སྲིད་པ་བཅོམ། རབ་ཏུ་དགའ་བའི་ཏིང་ངེ་འཛིན་ཐོབ་པས་ནི་ལྷ་མ་ཡིན་གྱིས་སྲིད་པ་བཅོམ། ཉི་མའི་འོད་ཟེར་གྱིས་ཏིང་ངེ་འཛིན་ཐོབ་པས་ནི་ཤར་གྱི་ལུས་འཕགས་གླིང་དུ་སྐྱེ་བའི་སྲིད་པ་བཅོམ། ཟླ་བའི་འོད་ཟེར་གྱིས་ཏིང་ངེ་འཛིན་ཐོབ་པས་ནི་ནུབ་ཀྱི་བ་གླང་སྤྱོད་དུ་སྐྱེ་བའི་སྲིད་པ་བཅོམ། མེ་དབལ་གྱི་ཏིང་ངེ་འཛིན་ཐོབ་པས་ནི་བྱང་གི་སྒྲ་མི་སྙན་དུ་སྐྱེ་བའི་སྲིད་པ་བཅོམ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི་ལྷོའི་འཛམ་བུ་གླིང་དུ་སྐྱེ་བའི་སྲིད་པ་བཅོམ། ཆོས་ཐམས་ཅད་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་པས་ནི་རྒྱལ་ཆེན་བཞིའི་གནས་སུ་སྐྱེ་བའི་སྲིད་པ་བཅོམ། ཤིན་དུ་གདུལ་དཀའ་བའི་ཏིང་ངེ་འཛིན་ཐོབ་པ་ནི་སུམ་བཅུ་རྩ་གསུམ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཡིད་དུ་འོང་པའི་ཏིང་ངེ་འཛིན་ཐོབ་པ་ནི་འཐབ་བྲལ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་སྔོན་པོའི་ཏིང་ངེ་འཛིན་ཐོབ་པས་ནི་དགའ་ལྡན་གྱིས་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་སེར་པོའི་ཏིང་ངེ་འཛིན་ཐོབ་པས་ནི་འཕྲུལ་དགའ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་དམར་པོའི་ཏིང་ངེ་འཛིན་ཐོབ་པས་ནི་གཞན་འཕྲུལ་དབང་བྱེད་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་དཀར་པོའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་དང་པོའི་སྲིད་པ་བཅོམ། རྣམ་པ་སྣ་ཚོགས་ཀྱིས་ཏིང་ངེ་འཛིན་ཐོབ་པས་ནི་ཚངས་པ་ཆེན་པོའི་སྲིད་པ་བཅོམ། ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་གཉིས་པའི་སྲིད་པ་བཅོམ། འབྲུག་སྒྲའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་གསུམ་པའི་སྲིད་པ་བཅོམ། ཆར་པ་བབ་པའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་བཞི་པའི་སྲིད་པ་བཅོམ། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི་འདུ་ཤེས་མེད་པའི་སྲིད་པ་བཅོམ། མེ་ལོང་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི་གཙང་མའི་རིས་

(༣༢༨)ལན་ཅིག་ཕྱིར་ལྡོག་པའི་སྲིད་པ་བཅོམ། ཆགས་པ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ། རྟག་པའི་ཏིང་ངེ་འཛིན་ཐོབ་པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ། དགའ་བའི་ཏིང་ངེ་འཛིན་ཐོབ་པས་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ། བདག་གི་ཏིང་ངེ་འཛིན་ཐོབ་པས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱིས་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ། རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་ཐོབ་པས་སྲིད་པ་ཉི་ཤུ་རྩ་ལྔ་བཅོམ་པ་ཞེས་བྱའོ། །རིགས་ཀྱི་བུ་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་པོ་དེ་དག་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱའོ་ཞེས་གསུངས་པས་སྲིད་པ་ཉི་ཤུ་རྩ་ལྔ་འཇོམས་པའི་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་བསྟན་པ་ཡིན་ནོ། །དེ་ལྟར་མདོ་སྡེ་བཀྲལ་བ་ཡིས། མ་ལུས་སེམས་ཅན་ཐམས་ཅད་ཀྱིས། དམན་པའི་མྱང་འདས་རབ་སྤངས་ཏེ། མི་གནས་མྱང་འདས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ། ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤ་ན་ཆུ་ཀླུང་གསེར་ལྡན་གྱི་འགྲམ་གྱད་ཀྱི་ཉེན་ཀོར་ཤིང་ས་ལ་ཟུང་གི་ཚལ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་དགེ་སློང་བྱེ་བ་འབུམ་ཕྲག་བརྒྱད་བཅུས་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དཔྱི་ཟླ་ཐ་ཆུངས་ཟླ་བ་ཉ་

(༣༢༩)བའི་ནང་པར་ཡོངས་སུ་མྱ་ངན་ལས་འདས་པའི་དུས་དང་ཉེ་བར་གྱུར་པ་ན་ཞེས་པ་ནས་བརྩམས་ཏེ་མི་ཁོམ་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་མྱ་ངན་ཆེན་པོས་ནོན་ཏེ་ཚིག་འཐུན་པར་ཀྱེ་མ་ཁེབས་སོ་ཁེབས་སོ་ཞེས་ཀྱང་ཟེར་རོ་ཞེས་པ་ནས་བརྩམས་ཏེ་མགར་བའི་བུ་བསྐུལ་བྱེད་ཀྱི་བསོད་སྙོམས་བཞེས་ཏེ་བསྐུལ་བྱེད་དགའ་བའི་ཚིགས་བཅད་སྨྲས་པའི་བཤམ་ནས། ཇི་ལྟར་ཉི་མ་གཟི་ཅན་ཤར་བ་ན། འོད་ཟེར་དག་གིས་སྤྲིན་སྲབ་སེལ་བ་ལྟར། དྲང་སྲོང་ཆེན་པོ་ཡེ་ཤེས་སྒྲོན་ཆེན་གྱིས། སྐྱེ་བོ་མང་པོའི་མྱ་ངན་དེ་བསལ་མཛོད། སེམས་ཅན་འདི་དག་དུད་མོས་མིག་སྐྲངས་ཤིང་། སྡུག་བསྔལ་གཅིག་པུའི་རྒྱ་མཚོའི་གཏིང་དུ་ཞུགས། དེ་ཕྱིར་དད་པ་རྙེད་དཀའ་བསྐྱེད་མཛད་ཅིང་། འདི་རྣམས་སྡུག་བསྔལ་ཆོད་ལ་ཡུན་དུ་བཞུགས་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བྱེད་ལ་བཀའ་སྩལ་པ། བསྐུལ་བྱེད་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། སངས་རྒྱས་འབྱུང་བ་ནི་ཨུ་དུམ་བ་རའི་མེ་ཏོག་བཞིན་དུ་ཤིན་དུ་རྙེད་པར་དཀའ་བོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམ་པ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་རྟག་པར་འཛིན་པ་བཤིག་སྟེ་བརྩོན་པ་བསྐྱེད་པར་བསྐུལ་བའི་ཕྱིར་དུ་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཅིང་། ཆད་པར་འཛིན་པ་བཤིག་པའི་ཕྱིར་དུ་སངས་རྒྱས་ཀྱི་སྐུ་ཚེའི་ཚད་མེད་པ་དང་། སངས་རྒྱས་རྟག་པ་དང་། ཞི་བ་དང་། རྡོ་རྗེའི་སྐུ་ལ་སོགས་པར་བསྟན་ཏེ། དབུགས་དབྱུང་བ་དང་། སྔར་གསུངས་པའི་མདོ་རྣམས་ཀྱིས་དྲང་བ་དང་། ངེས་པའི་དོན་གྱིས་རྣམ་པར་དབྱེ་བ་བསྟན་པ་དང་། ཐེ་

(༣༣༠)ཚོམ་མེད་པར་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་མཛད་པའོ། །བསྡུས་པའི་དོན་ནི། ལེའུ་ལྔ་ལས། འཚེ་བ་མེད་པའི་ཕུང་པོའི་ལེའུ་སྟེ་དང་པོ་དང་། རྡོ་རྗེ་ལྟར་མི་ཤིགས་པའི་སྐུའི་ཕུང་པོ་ཞེས་བྱ་སྟེ་ལེའུ་གཉིས་པ་དང་། མདོའི་མིང་གི་གཏན་ཚིགས་དང་ཡོན་ཏན་གྱི་ཚུལ་ཞེས་བྱ་སྟེ་ལེའུ་གསུམ་པ་དང་། བྱང་ཆུབ་སེམས་དཔའི་སྣ་གྲངས་བཞིས་ཆོས་སྟོན་པའི་ལེའུ་སྟེ་བཞི་པ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། མི་འམ་ཅི་དང་། རིག་སྔགས་འཆང་དང་། སྲིན་པོ་ལ་སོགས་པ་འདུས་པས་ཞུས་པ་ཞེས་བྱ་སྟེ་ལེའུ་ལྔ་པ་རྣམས་སོ། །ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །གོ་རིམས། གདུལ་བྱ་ཉེ་བའི་བསམ་པ་བལྟས་པའི་གོ་རིམས་སོ། །རྒལ་ལན་ནི། མདོ་གཞན་ལས། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། རྡོ་རྗེའི་སྐུ་ཡང་མི་རྟག་ན། ཆུ་ཤིང་སྙིང་པོ་མེད་འདྲ་བའི། བདག་གི་ལུས་འདི་སྨོས་ཅི་དགོས། ཞེས་པ་ལྟ་བུས་སངས་རྒྱས་ཀྱི་སྐུ་མི་རྟག་པར་གསུངས་ལ། མདོ་འདི་ཉིད་ནས། སངས་རྒྱས་ཀྱི་སྐུ་རྟག་པ་དང་བརྟན་པ་སོགས་སུ་གསུངས་པའི་previous hit དགོངས next hit་ཅི་ཞེ་ན། མདོ་སྡེ་གཞན་ལས། སངས་རྒྱས་མི་རྟག་པ་དང་། མྱ་ངན་ལས་འདས་པ་ན། ཤིང་ཟད་པའི་མེ་བཞིན་དུ། འདུས་བྱས་ཉེར་ཞི་ལ་འགྲོ་བར་གསུངས་པ་རྣམས་ནི། ཉན་ཐོས་ཞི་བ་བསྒྲོད་པ་ཕྱོགས་གཅིག་པ་རྣམས་རེ་ཞིག་འདུས་བྱས་འཇུག་པ་ཉེ་བར་ཞི་བ་ལྟ་བུའི་མྱ་ངན་ལས་འདས་ལ་འགོད་པར་བྱ་བའི་ཕྱིར་དུ་གསུངས་པའི་དྲང་དོན་ཡིན་ལ། དེ་ལྟར་ཕུང་པོ་རྒྱུན་ཆད་པའི་ཚུལ་དུ་བསྟན་པའི་མྱ་ངན་ལས་འདས་པ་དེ་ནི་མི་རྟག་པའི་སྒྲས་བསྟན་ཅིང་། སངས་རྒྱས་རྣམས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་རྒྱུན་ཆད་པ་མ་ཡིན་པར་རྟག་ཏུ་བཞུགས་པ་ལ་རྟག་པའི་སྒྲ་དང་། སྐྱེ་རྒ་ན་འཆི་སོགས་ལས་འདས་པ་ལ་བརྟན་པ་དང་མི་འགྱུར་བ་ལ་སོགས་པའི་སྒྲས་

(༣༣༡)བསྟན་པ་ཡིན་ཅིང་། མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པ་ངེས་པའི་དོན་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མྱང་འདས་ཆེན་པོ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆུང་ངུ་འདིའི་ཕུན་སུམ་ཚོགས་པ་ལྔ་ནི་གོ་སླ་ལ། བརྗོད་བྱ་ནི་བསྟན་པའི་འཕེལ་འགྲིབ་འབྱུང་ཚུལ་ལུང་བསྟན་པ་ཡིན་ནོ།། ༈ །།འཕགས་པ་འདའ་ཁ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི། ཕུན་སུམ་ཚོགས་པ་ལྔ་ནི་གོ་སླ་ལ། བརྗོད་བྱ་དང་དགོས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདའ་ཁའི་ལམ་ཁྱེར་བསྟན་པ་ཡིན་ནོ།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། ཆོས་ཀྱི་འཁོར་ལོ་གསུམ་ལས་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་གནས་བཅས་ན། ནག་པོའི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དབང་དང་ལྡན་པར་གྱུར་པ། མངོན་པར་ཤེས་པ་མངོན་པར་ཤེས་པའི་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་དང་ཞེས་པས་ཐུན་མོང་པའི་འཁོར་བསྟན་པ་དང་། འཇམ་དཔལ་གཞོན་

(༣༣༢)ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་པ་ནས་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་པ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བརྩམས་ཏེ། མདོ་བསྡུས་པ་དང་རྒྱས་པ་ལ་མཁས་པས་ཉེ་བ་དང་རིང་བར་འདུ་ཤེས་སོ་མ་མཆིས་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་སྟོན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་བརྩམས་ཏེ། འཇམ་དཔལ་དེའི་ཚེ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཤར་ཕྱོགས་ཀྱི་ཆ་ན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བཞུགས་ཏེ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་

(༣༣༣)འདིའ་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པ་སེམས་ཅན་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ཞིང་གི་བཀོད་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་རྟོགས་ནས་དེ་ལྟ་བུ་བསྒྲུབ་པ་མཐར་ཕྱིན་པའོ། །བསྡུས་པའི་དོན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དང་། དེ་བཞིན་གཤེགས་པ་འདི་ཉིད་ཀྱིས། སྔོན་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟར་བསླབས་པའི་ཚུལ་དང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད་ཀྱིས། སྔོན་གྱི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟར་བསླབས་པའི་ཚུལ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་རྣམས་ན། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པའི་ཚུལ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གོ་རིམས་ནི་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་གླེང་བཞིར་བྱས་པ་ནི་ཐབས་དང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདིའི་རྟོགས་པ་བརྗོད་པ་ནི་ཐབས་ལས་བྱུང་པའོ། །རྒལ་ལན་ནི། མདོ་སྡེ་གཞན་རྣམས་ནས། ཐེག་པ་གསུམ་དང་ཐེག་པ་གཅིག་ཏུ་གསུངས་ལ། འདི་ཉིད་དུ་ཐེག་པ་དཔག་ཏུ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་གྲངས་མེད་པ་ལ་ཞུགས་པ་ཞེས་སོགས་གསུངས་པའི་previous hit དགོངས next hit་ཅི་ཞེ་ན། སྤྲོས་ཏེ་བསྟན་ན་ནི་ཐེག་པ་མཐའ་ཡས་པ་ཡིན་ལ། བསྡུས་ན། ཐེག་པ་གསུམ་དང་གཅིག་ཏུ་འདུས་པ་ཡིན་ནོ། །དཔེར་ན་ལང་ཀར་གཤེགས་པའི་མདོ་ལས། ཇི་སྲིད་འདུ་ཤེས་ཡོད་གྱུར་པ། ཐེག་པའི་གྲངས་ལས་ཐུག་པ་མེད་ཅེས་པ་དང་། ཡང་

(༣༣༤)ཐེག་པ་ནི་ལྔ་སྟེ། ལྷའི་ཐེག་པ་དང་། ཚངས་པའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། རྫོགས་པའི་སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། འགྲོ་བའི་དོན་ལ་རྟོགས་པ་སོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།ན་མོ། འཕགས་པ་གསེར་གྱི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདིའི་ཕུན་སུམ་ཚོགས་པ་ལྔ་ནི་གོ་སླའོ། །བསྡུས་པའི་དོན་ནི་བྱང་ཆུབ་ཀྱི་སེམས་གསེར་དང་མཚུངས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། བྱང་ཆུབ་སེམས་གཉིས་འབྱོངས་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་གསེར་གྱི་བྱེ་མ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མའི་ཆར་གཏོགས་པ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནའོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་ཞེས་པ་ནས་

(༣༣༥""དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་དོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། སངས་རྒྱས་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་རྟོགས་ནས་དེ་དག་གི་རྗེས་སུ་བསླབ་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་འགྲེལ་པ་ཕྱི་མ་འདི་བཟློས་འདུག་གོ །འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། ཆོས་འཁོར་གསུམ་ལས་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་གནས་བཅས་ན། ནག་པོའི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དབང་དང་ལྡན་པར་གྱུར་པ། མངོན་པར་ཤེས་པའམ་མངོན་པར་ཤེས་པའི་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་དང་ཞེས་པས་ཐུན་མོང་པའི་འཁོར་བསྟན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་

(༣༣༦)སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་པ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་ལ་སོགས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བརྩམས་ཏེ། མདོ་བསྡུས་པ་དང་རྒྱས་པ་ལ་མཁས་པས་ཉེ་བ་དང་རིང་བར་འདུ་ཤེས་སོ་མ་མཆིས་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་བརྩམས་ཏེ། འཇམ་དཔལ་དེའི་ཚེ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཤར་ཕྱོགས་ཀྱི་ཆ་ནས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་སྙེད་ཀྱིས་སངས་རྒྱས་ཀྱི་ཞིང་ནས་འདས་ནས་འཇིག་རྟེན་གྱི་ཁམས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བཞུགས་ཏེ། ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་

(༣༣༧)ཆེན་པོ་རྣམས་ལ་སོགས་པ་སེམས་ཅན་རྣམས་ཀྱི་ཞིང་གི་བཀོད་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་རྟོགས་ནས་དེ་ལྟ་བུ་བསྒྲུབ་པ་མཐར་ཕྱིན་པའོ། །བསྡུས་པའི་དོན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དང་། དེ་བཞིན་གཤེགས་པ་འདི་ཉིད་ཀྱིས། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟར་བསླབས་པའི་ཚུལ་དང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད་ཀྱིས། སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྤྱན་སྔར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟར་བསླབས་པའི་ཚུལ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་རྣམས་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པའི་ཚུལ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་བལྟ་བ་བཞིན་ནོ། །གོ་རིམས་ནི་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་གླེང་གཞིར་བཅས་པ་ནི་ཐབས་དང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདིའི་རྟོགས་པ་བརྗོད་པ་ནི་ཐབས་ལས་བྱུང་པའོ། །རྒལ་ལན་ནི། མདོ་སྡེ་གཞན་རྣམས་ནས། ཐེག་པ་གསུམ་དང་ཐེག་པ་གཅིག་ཏུ་གསུངས་ལ། འདི་ཉིད་དུ་ཐེག་པ་དཔག་ཏུ་མེད་ལ་ཡང་དག་པར་ཞུགས་པ་ཐེག་པ་གྲངས་མེད་པ་ལ་ཞུགས་པ་ཞེས་སོགས་གསུངས་པའི་previous hit དགོངས next hit་ཅི་ཡིན་ཞེ་ན། སྤྲོས་ཏེ་བསྟན་ན་ནི། ཐེག་པ་མཐའ་ཡས་པ་ཡིན་ལ། བསྡུས་ན། ཐེག་པ་གསུམ་དང་གཅིག་ཏུ་འདུས་པ་ཡིན་ནོ། །དཔེར་ན་ལང་ཀར་གཤེགས་པའི་མདོ་ལས། ཇི་སྲིད་འདུ་ཤེས་ཡོད་གྱུར་པ། ཐེག་པའི་གྲངས་ལ་ཐུག་པ་མེད། ཅེས་པ་དང་། ཡང་ཐེག་པ་འདི་ལྔ་སྟེ།

(༣༣༨)ལྷའི་ཐེག་པ་དང་། ཚངས་པའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། རྫོགས་པའི་སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། འགྲོ་བའི་དོན་ལ་རྟོགས་པ་པོ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། ཐེག་པ་གཅིག་གིས་འབྲས་བུར་གནས་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་ཐ་མར་གཏོགས་པ་འདི། གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལས། ཐེག་པ་ཐུན་མོང་པའི་འཁོར་ནི། དགེ་སློང་འབུམ་དུ་ཚང་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ནི། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་བཅུ་དང་ཡང་ཐབས་གཅིག་སྟེ་ཞེས་པ་ནས་བརྩམས་ཏེ་འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་བཅུ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ན། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ཞེས་པ་ནས་བརྩམས་ཏེ། འཁོར་བཞི་དང་ལྷར་བཅས་པའི་འཇིག་རྟེན་གྱིས་ཀྱང་ཕྱག་བྱ་བ། མཆོད་པ་བྱ་བ། བཀུར་སྟིར་བྱ་བ། བླ་མར་བྱ་བ། རི་མོར་བྱ་བ། རྗེད་པར་བྱ་བ། སྟོད་པར་བྱེད་ཡང་ཟེར། གསོལ་བར་བྱ་བར་གྱུར་ཏོ་ཞེས་པའི་བར་གྱིས་

(༣༣༩)བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ་དང་། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་འཁོར་ཚོགས་པ་དེ་ཉིད་དུ་ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སྐྱེ་བ་དྲན་པ། སྤོབས་པ་ཐོབ་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྙིང་རྗེ་ཆེན་པོ་ལ་བརྩོན་པ་ཞིག་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་ག་ཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་

(༣༤༠)ཏོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱིས་རྒྱལ་པོའི་དོན་རྟོགས་ཤིང་ཐོབ་སྟེ་མངོན་པར་རྫོགས་པར་སངས་རྒྱ་བའོ། །བསྡུས་པའི་དོན་ནི། ལེའུ་སུམ་བཅུ་རྩ་བརྒྱད་དུ་གནས་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོ་དང་། ས་ལའི་དབང་པོའི་རྒྱལ་པོའི་ལེའུ་སྟེ་གཉིས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་སྔགས་པའི་ལེའུ་སྟེ་གསུམ་པ་དང་། ཏིང་ངེ་འཛིན་གྱི་ལེའུ་སྟེ་བཞི་པ་དང་། དབྱངས་བྱིན་གྱི་ལེའུ་སྟེ་ལྔ་པ་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་བར་བྱ་བའི་ལེའུ་སྟེ་དྲུག་པ་དང་། བཟོད་པ་ལ་འཇུག་པའི་ལེའུ་སྟེ་བདུན་པ་དང་། དངོས་པོ་མེད་པ་ལས་བྱུང་བའི་ལེའུ་སྟེ་བརྒྱད་པ་དང་། ཆོས་ཟབ་མོ་བཟོད་པའི་ལེའུ་སྟེ་དགུ་པ་དང་། གྲོང་ཁྱེར་དུ་གཤེགས་པའི་ལེའུ་སྟེ་བཅུ་པ་དང་། མདོ་སྡེ་འཛིན་པའི་ལེའུ་སྟེ་བཅུ་གཅིག་པ་དང་། ཏིང་ངེ་འཛིན་ལ་རྗེས་སུ་སློབ་པའི་ལེའུ་སྟེ་བཅུ་གཉིས་པ་དང་། ཏིང་ངེ་འཛིན་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ་དང་། འཛུམ་པ་བསྟན་པའི་ལེའི་སྟེ་བཅུ་བཞི་པ་དང་། འཛུམ་པ་ལུང་བསྟན་པའི་ལེའུ་སྟེ་བཅྭ་ལྔ་པ་དང་། སྔོན་བྱུང་པའི་ལེའུ་སྟེ་བཅུ་དྲུག་པ་དང་། སངས་རྒྱས་མང་པོའི་ཏིང་ངེ་འཛིན་གྱི་སྒོའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པ་དང་། ཏིང་ངེ་འཛིན་རྗེས་སུ་གཏད་པའི་ལེའུ་སྟེ་བཅྭ་བརྒྱད་པ་དང་། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་པ་དང་།

(༣༤༡)དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའི་ལེའུ་སྟེ་ཉི་ཤུ་པ་དང་། སྔོན་བྱུང་པའི་ལེའུ་ཞེས་བྱ་སྟེ་ཉེར་གཅིག་པ་དང་། འདུས་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པ་དང་། དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གསུམ་པ་དང་། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་ཉི་ཤུ་བཞི་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ལེའུ་སྟེ་ཉི་ཤུ་ལྔ་པ་དང་། རྗེས་སུ་ཡི་རང་པའི་ལེའི་སྟེ་ཉི་ཤུ་དྲུག་པ་དང་། སྦྱིན་པའི་ཕན་ཡོན་གྱི་ལེའུ་སྟེ་ཉི་ཤུ་བདུན་པ་དང་། ཚུལ་ཁྲིམས་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པ་དང་། ཕན་ཡོན་བཅུའི་ལེའུ་སྟེ་ཉི་ཤུ་དགུ་པ་དང་། གཟི་བརྗིད་ཚོགས་ཀྱི་རྒྱལ་པོའི་ལེའུ་སྟེ་སུམ་བཅུ་པ་དང་། ཕན་ཡོན་གྱི་ལེའུ་སྟེ་སུམ་བཅུ་རྩ་གཅིག་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ་སྟེ་སུམ་བཅུ་རྩ་གཉིས་པ་དང་། མདོ་སྡེ་འཛིན་པའི་ཕན་ཡོན་གྱི་ལེའུ་སྟེ་སུམ་བཅུ་རྩ་གསུམ་པ་དང་། བདེ་བས་བྱིན་གྱིས་ལེའུ་སྟེ་སུམ་བཅུ་རྩ་བཞི་པ་དང་། ཡེ་ཤེས་ལྡན་གྱི་ལེའུ་སྟེ་སུམ་བཅུ་རྩ་ལྔ་པ་དང་། མེ་ཏོག་ཟླ་མཛེས་ཀྱི་ལེའུ་སྟེ་སུམ་བཅུ་རྩ་དྲུག་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ངེས་པར་བསྟན་པའི་ལེའུ་སྟེ་སུམ་བཅུ་རྩ་བདུན་པ་དང་། ལེའུ་སུམ་བཅུ་རྩ་བརྒྱད་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །མཚམས་སྦྱར་བ་ནི། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་སོ། །རྒལ་ལན་ནི། ཁ་ཅིག་ན་རེ། ཏིང་ངེ་འཛིན་འདི་ཉིད་མདོར་བསྟན་པ་ཙམ་གཅིག །ཡུམ་གྱི་མདོ་ནས་བསྟན་པའི་ཕྱིར་བཀའ་བར་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཡུམ་གྱི་མདོར། ཏིང་ངེ་འཛིན་མདོར་བསྟན་

(༣༤༢)པ་དེ་ཉིད་འདིར་སྣང་སྟོང་ཆ་མཉམ་གྱི་སྒོ་ནས་རྒྱ་ཆེར་བསྟན་ལ་ཕབ་པའི་ཕྱིར་བཀའ་ཐ་མ་ཡིན་ནོ། །དེ་བཞིན་དུ་བཀའ་བར་ས་ནས་ཏིང་ངེ་འཛིན་གྱི་མིང་ཙམ་མདོར་བསྟན་པ་རྣམས་དགོས་ཀྱི་མདོ་ནས་རྒྱ་ཆེར་གཏན་ལ་ཕབ་པ་གཞན་རྣམས་ཀྱང་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཏིང་འཛིན་རྒྱལ་པོ་འདི་ཐོས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་ལས་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རི་དགས་འཛིན་གྱི་ཆོས་ཀྱི་ཁང་པ་ན་ཡེ་ཤེས་ཀྱི་ཁྱད་པར་ལས་གྲུབ་པའི། རིན་པོ་ཆེ་སྣ་ཚོགས་པ། ཁྲི་ཆེན་པོ་བཤམས་པ་ལ་ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས། མི་གཡོ་བར་བཞུགས་སོ། །ཞེས་པས་བསྟན་ཏོ། །འཁོར་སུམ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་གནས་དེར་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དག་ཀྱང་འདུས། ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་འཁོར་ཕལ་པོ་ཆེ་ཐམས་ཅད་ཀྱང་འདུས་པར་གྱུར་ཏོ་ཞེས་པ་ནས་བརྩམས་ཏེ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་

(༣༤༣)པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོགས་པར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས་མི་གཡོ་བར་བཞུགས་པ་དེ་ལ་སྙིང་རྗེ་དང་ལྡན་པའི་སྐུར་སྣང་པར་བྱས་ནས་འཁོར་འདུས་པ་དེ་དག་གིས་ལྟ་བ་ཐ་དད་པར་འགྱུར་བའི་མུན་པ་སེལ་བ་ཞེས་བྱ་བའི་འོད་ཟེར་ལྗགས་ཀྱི་དབང་པོ་ལས་སྤྲོས་ཏེ། འོད་ཟེར་དེས་ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། འཁོར་དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་འདུག་པར་གྱུར་པ་ལ་བསྐུལ་བས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་འཁོར་ཕལ་མོ་ཆེའི་རྟོགས་པ་ལྔ་པོ་ཐ་དད་པར་གྱུར་པ་སེམས་ཀྱི་ཤེས་ནས་ཞེས་པ་ནས་བརྩམས་ཏེ། བཅོམ་ལྡན་འདས་འདུས་པ་འདི་བདག་གི་ཐེ་ཚོམ་གྱི་དྲ་བ་བཅད་པའི་སླད་དུ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་གྲུབ་མཐའ་བཞི་ཉམས་སུ་བླངས་ཏེ་བྱང་ཆུབ་གསུམ་ཅི་རིགས་པ་ཐོབ་པའོ། །བསྡུས་པའི་དོན་ནི། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འབྱུང་པ་བཞི་དང་དེས་བྱས་པ་རྣམས་ནི་ཐ་དད་དུ་སྒྱུ་མ་བཞིན་དུ་ཡོད་པའི་ཕྱིར་རོ། །ཞེས་པས་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་བསྟན་ཏོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་ནི་སེམས་ཙམ་ལས་མ་གཏོགས་པ་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན་ཆོས་སྣ་ཚོགས་སུ་འདོགས་པ་རྣམས་རྟག་པ་ཐེར་ཟུག་ཏུ་བརྟགས་པའི་བག་ཆགས་སེམས་ལ་བཞག་པའི་མཐུས་དུས་ཐམས་ཅད་དུ་བདག་དང་ཆོས་རྣམས་སུ་སྣང་བ་ཐ་

(༣༤༤)སྙད་ཙམ་དུ་སྣང་ཡང་དོན་དུ་རང་བཞིན་མེད་དེ། སེམས་ཙམ་ལས་མེད་པའི་ཕྱིར་རོ། །ཞེས་པས་ནི་སེམས་ཙམ་རྣམས་བདེན་རྫུན་གྱི་གྲུབ་མཐའ་བསྟན་ཏོ། །ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལ་དབྱིབས་སམ་ཁ་དོག་གམ་དུས་སུམ་མམ། མཐའ་དབུས་མེད་པའི་ཕྱིར་རོ་ཞེས་པས་ནི་དབུ་མ་པས་སེམས་ཙམ་ལས་འདའ་བའི་ཚུལ་བསྟན་ཏོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་ཞིང་སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྒྱུ་རྐྱེན་ལས་སྐྱེ་ཞིང་འབྱུང་བའི་ཕྱིར་རོ་ཞེས་པས་ནི་དབུ་མ་པའི་ལུགས་ཀྱི་ཆོས་ཅན་རྟེན་འབྲེལ་བསྟན་ཏོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱི་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ་རྟོག་པ་དང་རྟོག་པའི་ཡུལ་ལས་འདས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པ་དེ་ཡིན་པའི་ཕྱིར་རོ་ཞེས་པས་ནི་དབུ་མ་པའི་ལུགས་ཀྱི་ཆོས་ཉིད་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །མཚམས་སྦྱར་བའི་གོ་རིམས་ནི་གྲུབ་མཐའ་བཞི་ལ་མས་རིམས་ཀྱིས་འཇུག་པའི་དབང་དུ་བྱས་པའོ། །རྒལ་ལན་ནི། ཁ་ཅིག་ན་རེ། གྲུབ་མཐའ་བཞིའི་རྣམ་བཞག་རྣམས་སངས་རྒྱས་བཞུགས་དུས་མེད་ལ། ཕྱིས་བྱུང་པ་ཡིན་ནོ་ཞེས་ཟེར་བ་མི་རིགས་ཏེ། རྒྱུད་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། དེ་ལ་བྱེ་བྲག་སྨྲ་བ་བསྟན། མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ལ་རྣལ་འབྱོར་སྤྱོད་པ་བསྟན། དེའི་རྗེས་སུ་དབུ་མ་བསྟན་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེ་ཕྱིས་འབྱུང་ལ་previous hit དགོངས next hit་ཡིན་ནོ་ཞེ་ན། མ་ཡིན་ཏེ། མདོ་འདི་ཉིད་ལས། འཇམ་དཔལ་ཁྱོད་འདི་སྐད་དུ་ཆོས་ལ་བརྟག་པའི་མཐའ་ལྔ་

(༣༤༥)པོ་འདི་དག་ལྟར་སོ་སོར་རྟོག་པའི་གང་ཟག་མ་འོངས་པའི་དུས་ན་ཡང་འབྱུང་པར་འགྱུར་བ་ལགས་སམ་ཞེས་ཟེར་བ་ནི་ད་ལྟར་ངས་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པ་ན་ཡང་འཁོར་འདུས་པ་རྣམས་ལ་རྟོག་པ་འདི་ལྟ་བུར་ཐ་དད་པར་གྱུར་ན་མྱ་ངན་ལས་འདས་ནས་ཐ་དད་པར་འགྱུར་བ་ལྟ་ཅི་སྨོས་ཏེ་ཆེས་མང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་བཞུགས་དུས་གྲུབ་མཐའ་བཞི་ཁ་བྱུང་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། སེམས་ཙམ་པ་མན་ཆད་དངོས་པོར་སྨྲ་བའི་གྲུབ་མཐའ་བྱང་ཆུབ་མི་འཐོབ་པོ་ཞེས་པ་ནི་མི་རིགས་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའི་གྲུབ་མཐའ་ཉན་ཐོས་ཀྱི་བྱང་ཆུབ་འཐོབ་ཏེ། འཇམ་དཔལ་ཡང་ཁ་གཅིག་ཡང་དག་པར་མ་ཡིན་བར་ཡང་བཟུང་སྟེ། སྦྱངས་པ་ཆུང་ས་མོས་སྨན་པ། ཤེས་རབ་ཞན་པ་དག་གིས་རྟོགས་པའོ་ཞེས་པའི་དོན་ཡིན་ནོ། །སེམས་ཙམ་གྱིས་གྲུབ་མཐས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་ནུས་ཏེ། བཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པས་གཟུང་རྟོག་སྤོང་ལ། སེམས་བདེན་མེད་དུ་མ་རྟོགས་པས། འཛིན་རྟོག་མི་སྤོང་བའི་ཕྱིར་རོ། །མངོན་པར་རྟོགས་པའི་བརྒྱན་ལས། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། འཛིན་པ་མི་སྤོང་ཕྱིར་དང་ནི། རྟེན་གྱི་བསེ་རུ་ལྟ་བུའི་ལམ། ཡང་དག་བསྡུས་པར་ཤེས་པར་བྱ་ཞེས་པ་ལྟར་རོ། །དེ་ནི་ཁ་ཅིག་སྦྱངས་པ་དང་མོས་པ་དང་ཤེས་རབ་འབྲིང་བ་རྣམས་ཀྱིས་རྟོགས་པའོ་ཞེས་པས་བསྟན་ཏོ། །མཁས་པ་ཁ་ཅིག །འཛིན་པ་བདེན་སྨྲའི་རང་རྒྱལ་དང་། གཟུང་འཛིན་གཉིས་མེད་དོན་དམ་དུ། སྨྲ་བའི་རྣམ་རིག་གྲུབ་པའི་མཐའ། མཚུངས་པར་འདོད་པའི་མཁས་པ་མཚར། ཞེས་གསུངས་པ་ནི་སེམས་ཙམ་གྱིས་གྲུབ་མཐའ་དང་རང་རྒྱལ་གྱི་རྟོག་རིག་གཉིས་ཁ་མ་previous hit དགོངས next hit་ཡིན་ཏེ། རང་རྒྱལ་གྱི་འཛིན་པ་བདེན་པར་སྨྲ་བ་ནི། སེམས་སེམས་བྱུང་གི་སྐད་ཅིག་མ་རྣམས་བདེན་གྲུབ་ཏུ་སྨྲ་བ་ཡིན་ལ། དེ་ནི་སེམས་ཙམ་

(༣༤༦""པ་ཡང་འདོད་པའི་ཕྱིར་དང་། སེམས་ཙམ་པའི་གཟུང་འཛིན་གཉིས་མེད་ནི་ཕྱི་རོལ་གྱི་དོན་བདེན་གྲུབ་དང་། དེར་འཛིན་གྱི་བློ་མ་འཁྲུལ་བའི་གཟུང་འཛིན་གཉིས་མེད་པར་སྨྲ་བ་ཡིན་ལ། དེ་ནི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་རང་སངས་རྒྱས་ཀྱང་འདོད་པའི་ཕྱིར་རོ། །དབུ་མ་པའི་གྲུབ་མཐས་ནི། ཐེག་པ་ཆེན་པོའི་བྱང་ཆུབ་འཐོབ་ཏེ་ལྷག་མ་ནི་ཡང་དག་པ་སྟེ། མཆོག་ཏུ་འགྱུར་བའི་རྟོགས་པའོ། །མཐར་ཐུག་ནི་གྲུབ་མཐའི་དེ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ནི། འཇམ་དཔལ་ཁྱོད་འདི་སྐད་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་གིས་རྣམ་པར་གྲོལ་བ་ཐོབ་པར་མཚུངས་སམ་ཟེར་བ་ནི་ཤེས་རབ་མཆོག་ཏུ་གྱུར་པའི་རྟོགས་པ་ཡང་དག་པ་ལས་ལྷག་མ་བཞི་པོ་གཅིག་ལ་གཅིག་རྒྱུད་པའི་ཁྱད་པར་གྱིས་ཉེ་རིང་ཡོད་ཀྱང་རྣམ་པར་གྲོལ་བ་འཐོབ་པར་མཚུངས་པར་ལྟའོ། །འཇམ་དཔལ་ཁྱོད་ཀྱིས་འདི་སྐད་དུ་ཆོས་ལ་རྟག་པའི་མཐའ་ལྔ་པོ་འདི་དག་ལ་གང་ཟག་གི་རིགས་ནི་མཆིས་ལགས་སམ་ཞེས་ཟེར་བ་ནི་ཐེག་པ་ཆུང་ངུའི་རིགས་དང་ཐེག་པ་ཆེན་པོའི་རིགས་གཉིས་ཀས་ཆོས་ལ་བརྟགས་པའི་མཐའ་ལྔ་པོ་ལ་བཞི་ལས་བརྒྱུད་ནས་ལྷག་མ་གཅིག་ཏུ་ཡང་དག་པ་ཕྱིན་ཅི་མ་ལོག་པ་སངས་རྒྱས་ཀྱི་སྤྱོད་ཡུལ་རྟོགས་པར་བྱའོ་ཞེས་པས་བསྟན་ཏོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། གྲུབ་མཐའ་རྒྱ་མཚོ་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་ལས་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་

(༣༤༧)བྱ་རྒད་ཀྱི་ཕུང་པོའི་རི་ལ་ཞེས་བྱ་བས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལས། ཐེག་པ་ཐུན་མོང་པའི་འཁོར་ནི། དགེ་སློང་ཉིས་སྟོང་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ནི། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང་ཐབས་གཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ་ཞེས་པ་ནས་བརྩམས་ཏེ། སེམས་ཅན་གཞན་ལ་རྣམ་པར་འཚེ་བ་མེད་པ་མངོན་པར་ཤེས་པ་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བར་ཀུན་དུ་སྟོན་པ་ཤ་སྟག་སྟེ། བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་རྣམས་ནི་རབ་ཏུ་བྱུང་བའི་རྟགས་འཛིན་པ་ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་སློབ་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཁྱིམ་པའི་རྟགས་འཛིན་ཅིང་འཇིག་རྟེན་པའི་ཚུལ་འཛིན་པ་རྣམས་ནི། ཡང་དེའི་ཚེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ནས་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་བྱ་བ་ལ་ལི་ཙ་བྱི་གཞོན་ནུ་ཉིས་ཁྲི་ཆིག་སྟོང་གིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་ལྷན་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ག་ལ་བ་དེར་སོང་ཏེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོ་ཕྱག་འཚལ་ཏེ། གཡས་ཕྱོགས་ལོགས་སུ་འདུག་ནས་ཐམས་ཅད་མིག་མི་འཛུམ་པར་བཅོམ་ལྡན་འདས་ལ་བལྟ་ཞིང་འཁོད་པར་གྱུར་ཏོ་ཞེས་པ་ནས་བརྩམས་ཏེ། ལྷའི་བུ་རེ་རེས་ཀྱང་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་ནས་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་བལྟ་ཞིང་འཁོད་པར་གྱུར་ཏོ་ཞེས་པའི་བར་གྱིར་བསྟན་ཏེ། དེ་རྣམས་ཀྱིས་ནི་ཞིང་ཁམས་འདི་ན་གནས་པའི་འཁོར་རྣམས་འདུས་པར་བསྟན་ལ། ཞིང་ཁམས་གཞན་ནས་ཀྱི་འཁོར་རྣམས་བསྡུས་པ་ནི་ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤུའི་ཁུང་བུ་རེ་རེ་དང་དཔེ་བྱད་བཟང་པོ་དང་མཚན་རེ་རེ་ནས་ཀྱང་སངས་རྒྱས་ཀྱི་

(༣༤༨)ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འོད་ཕྱུང་སྟེ། འོད་ཟེར་རེ་རེས་ཀྱང་ཕྱོགས་བཅུའི་ཕྱོགས་རེ་རེར་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་འོངས་ཏེ་ཞེས་པ་ནས་བརྩམས་ཏེ། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དང་། མི་དང་མི་མ་ཡིན་པ་དང་བྱང་ཆུབ་སེམས་དཔའ་རྒྱ་ཆེ་བ་རྒྱ་ཆེ་བ་དག་གིས་མ་ཁེབས་པར་གྱུར་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ཞེས་བྱ་བས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ལས། ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་བཟུང་སྟེ། ཇི་ལྟར་ན་སེམས་ཀྱི་སྐད་ཅིག་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་འཚལ་བ་ལགས་ཞེས་པའི་བར་དུ་དྲི་བ་ཉི་ཤུ་རྩ་ལྔས་དྲིས་པའི་ཚིགས་དེ་སྐད་ཅེས་གསོལ་བ་དང་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ལས། བཅོམ་ལྡན་འདས་ཀྱིས་གསུང་བར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་བརྩམས་ཏེ། བྱང་ཆུབ་

(༣༤༩)སེམས་དཔའ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་བྱང་ཆུབ་སེམས་དཔའི་སྤྱོད་པ་སངས་རྒྱས་ཀྱི་ས་རབ་ཏུ་ཞི་བ་རྣམ་པར་ངེས་པར་ཆོ་འཕྲུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་གྱི་ཁྱད་པར་འདི་དག་དང་གཞན་རྣམས་ཀྱང་ཐོས་སོ། །བཟང་སྐྱོང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལྟ་སྟེ་ཞེས་པ་ནས་བརྩམས་ཏེ། བཅོམ་ལྡན་འདས་ལེགས་པར་གསུངས་སོ། །བདེ་བར་གཤེགས་པས་ལེགས་པར་གསུངས་སོ། །ཀྱེ་མའོ་བདག་ཅག་གིས་སྔོན་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཀྱེ་མའོ་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་གྱུར་ཅིག་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་ཅེས་བཀའ་སྩལ་ནས་ཞེས་པ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་བར་གྱིས་རྗེས་སུ་ཡི་རང་བ་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་སེམས་ཅན་རྣམས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་སྟེ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གི་དྲི་བ་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱིས་དོན་གྲུབ་པའོ། །བསྡུས་པའི་དོན་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དང་ཡོན་ཏན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བཤད་པའི་དགེ་བ་ཡིས། འགྲོ་བ་མ་ལུས་ཐམས་ཅད་ཀྱིས། ཞི་བ་རྣམས་ངེས་ཆོ་འཕྲུལ་དང་། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་གྲོང་ཁྱེར་བཱ་ར་ན་སེ་ན།

(༣༥༠)དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལས། ཐེག་པ་ཐུན་མོང་བའི་འཁོར་ནི། དགྲ་བཅོམ་པ་ཉི་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པས་བསྟན་ཏོ། །ཐེག་པ་ཐུན་མོང་མ་ཡིན་པའི་འཁོར་ནི། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་དང་ཞེས་པ་ནས། ལྷའི་བུ་མཚན་བཟངས་དང་ལེགས་པར་གནས་པའི་བློ་གྲོས་ལ་སོགས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཉི་ཁྲི་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་སྟེ་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱི་སྙིང་པོ་སྟན་ལས་ལངས་ཏེ། ཞེས་པ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་དེ་སྐད་ཅེས་གསོལ་ནས་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བའི་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨ་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ་ཞེས་པ་ནས། ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་དཔལ་གྱིས་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ཞེ་པ་ནས་ཅི་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་ནས་ཅེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨ་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་པདྨ་དཔལ་གྱི་སྙིང་པོ་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ་ཞེས་པའི་བར་གྱི་

(༣༥༡)བསྟན་ཏོ། །ཞུ་བ་པོས་ཉན་པར་ཁས་བླངས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ་སྟོན་པའི་ལན་དངོས་ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་བརྩམས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པ་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ལ་སོགས་པ་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཐོབ་ཅིང་། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ། ཇི་ལྟར་ཇི་ལྟར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་ལུས་མངོན་པར་སྤྲུལ་ནས་སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་པ་དང་། ཅི་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་བའོ། །བསྡུས་པའི་དོན་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྒྱུ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་དེའི་ཆེ་བའི་ཡོན་ཏན་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གོ་རིམས་ནི་རྒྱུ་འབྲས་དོན་གྱི་གོ་རིམས་སོ། །རྒལ་ལན་ནི། ཁ་ཅིག་ན་རེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ཡིན་དགོས་ལ། མ་རྟགས་མ་སྤྱད་པར་རང་གར་སྤྱད་པའི་བློ་ངོར་ནི། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་པས། སྒྱུ་མ་ལྟ་བུར་མི་རིགས་ལ། བརྟགས་ཤིང་དཔྱད་པའི་ཚེ་ན་ནི། ཅི་ཡང་མ་གྲུབ་པའི་ཕྱིར། སྒྱུ་མ་ལྟ་བུར་མི་རིགས་སོ། །དེས་ན་སྒྱུ་ལྟ་བུར་རྟོགས་པ་ཇི་ལྟར་ཡིན་ཞེ་ན། སྔ་རབས་པ་ཁ་ཅིག་ན་རེ། མ་བརྟགས་མ་དཔྱད་པའི་ངོ་ན་ཆོས་ཐམས་ཅད་བདེན་གྲུབ་ཡིན་པས། བརྟགས་ཤིང་དཔྱད་པའི་ཚེ་ན་མ་གྲུབ་པ་ཉིད་སྒྱུ་མ་ལྟ་བུའི་དོན་ཡིན་ཏེ། དཔེར་ན། སྒྱུ་མ་

(༣༥༢)ཉིད་མ་བརྟགས་མ་དཔྱད་པའི་ངོ་ན་རྟ་གླང་སོགས་སུ་བདེན་ན་ཡང་བརྟགས་ཤིང་དཔྱད་པའི་ཚེ་ན་རྟ་གླང་སོགས་མེད་པ་བཞིན་ནོ། །གཞན་ཡང་ཉིད་ཀྱིས་སླད་པའི་རྨི་ལམ་ན། རི་ར་བ་སོགས་བདེན་ཀྱང་། གཉིད་སད་པའི་དུས་ན་མེད་པ་བཞིན་ནོ་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དེ་དག་ནི་དཔེ་དོན་གཉིས་ཀ་ལ་འཁྲུལ་བའི་ཕྱིར་རོ། །སྒྱུ་མ་ལྟ་བུ་དཔེར་ལེན་པ་ཡང་། བློ་འཁྲུལ་པའི་ངོ་ན་སྒྱུ་མའི་རྟ་གླང་དེ་ཉིད་རྟ་གླང་གི་ངོ་བོ་ཉིད་དུ་ཡོད་པ་ལྟར་སྣང་ན་ཡང་། བརྟགས་ཤིང་དཔྱད་ན། སྒྱུ་མའི་རྟ་གླང་གི་ངོ་བོ་ཉིད་དུ་མེད་པ་ཡིན་གྱི། རྟ་གླང་ལྟར་སྣང་བའི་སྒྱུ་མ་མེད་པ་ནི་མ་ཡིན་ཏེ། སྒྱུ་མ་དེ་ནི་སྔགས་དང་རྫས་ཀྱི་ནུས་པས་སྒྱུ་མའི་རྟེན་འབྲེལ་དུ་ཚད་མས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་རྨི་ལམ་གྱི་རི་ར་བ་སོགས་ཀྱང་བློ་འཁྲུལ་པའི་ངོར་རི་ར་བ་སོགས་སུ་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟར་སྣང་ཡང་རི་ར་བ་སོགས་སུ་ངོ་བོ་ཉིད་ཀྱི་གྲུབ་པ་མེད་པར་རིགས་པས་རྟགས་ཤིང་དཔྱད་པས་རྟོགས་པ་ཡིན་གྱི། རི་ར་བ་ལྟར་སྣང་བའི་རྨི་ལམ་གྱི་ཡུལ་མེད་པར་རིགས་པས་རྙེད་པ་ནི་མ་ཡིན་ཏེ། རྨི་ལམ་གྱི་ཡུལ་དེ་ཉིད་ཡོད་པའི་ཕྱིར་ཏེ། རྨི་ལམ་གྱི་ཡུལ་དེ་ཉིད་བག་ཆགས་ཀྱི་སྣང་བ་ཡིན་པའི་ཕྱིར་དང་། མཐོང་བྱེད་ཤེས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་མ་རིག་པའི་ངོ་ན་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟར་སྣང་ཡང་། བརྟགས་ཤིང་དཔྱད་ན། ངོ་བོ་ཉིད་ཀྱིས་མ་གྲུབ་པ་དང་། རང་བཞིན་གྱིས་མ་གྲུབ་པ་ཡིན་ཏེ། བརྟགས་ཤིང་དཔྱད་ན་ཆོས་ཐམས་ཅད་ངོ་བོ་ཉིད་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པའི་མཚན་ཉིད་ཁེགས་ཤིང་། དེ་དག་གི་མཚན་ཉིད་དང་འགལ་བའི་རྟེན་འབྲེལ་ལྟོས་གྲུབ་ཙམ་དུ་ཚད་མས་གྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་གྲུབ་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་ན་རང་བཞིན་གཞན་དུ་འགྱུར་བ་ནི། ནམ་ཡང་འཐད་པ་མ་ཡིན་ནོ་ཞེས་དང་། རང་བཞིན་དག་ནི་བཅོས་མིན་དང་། གཞན་ལ་ལྟོས་པ་མེད་པ་ཡིན། ཞེས་གསུངས་པ་ལྟར་ཆོས་གང་ཡང་རང་བཞིན་དང་ངོ་བོ་ཉིད་ཀྱིས་གྲུབ་ན་གཞན་ལ་མི་ལྟོས་པ་དང་། རྐྱེན་གྱིས་མ་

(༣༥༣)བཅོས་པ་དང་། གནས་སྐབས་གཞན་དུ་མི་འགྱུར་བ་ལ་སོགས་པའི་མཚན་ཉིད་ཚང་དགོས་པ་ལས། ཆོས་གང་ལ་ཡང་མཚན་ཉིད་དེ་ལྟ་བུ་མི་སྲིད་དེ། ཆོས་ཐམས་ཅད་ལྟོས་ཏེ་གྲུབ་པའི་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་གང་ཡང་མ་རིག་པས་བརྟགས་པའི་ངོ་བོ་ཉིད་ཀྱིས་གྲུབ་པ་བརྟགས་ན་མི་རྙེད་པ་ཡིན་གྱི་ཆོས་གང་ཡང་རྟེན་ནས་གྲུབ་པ་དང་། ལྟོས་ནས་གྲུབ་པ་བརྟགས་ཤིང་དཔྱད་ན་མི་རྙེད་པ་མ་ཡིན་ནོ། །ཆོས་གང་ཡང་རྟེན་གྲུབ་དང་། ལྟོས་གྲུབ་ཙམ་དུ་རྟོགས་པ་ནི་རིགས་པས་བརྟགས་ཤིང་དཔྱད་ནས་གྲུབ་པའི་གྲུབ་འབྲས་ཡིན་པའི་ཕྱིར། དེ་ཉིད་རིག་པའི་དགག་བྱར་མི་འགྱུར་རོ། །དེའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་ལྟ་བུ་ནི། ཆོས་ཅན་ཐམས་ཅད་ཀྱི་སྟེང་དུ་ཚད་མས་ཁྲེགས་ལ། རྟེན་གྲུབ་དང་། ལྟོས་གྲུབ་ནི་ཆོས་ཅན་ཐམས་ཅད་ཀྱི་སྟེང་དུ་ཚད་མས་གྲུབ་པ་ནི་སྒྱུ་མ་ལྟ་བུ་རྟོགས་པའི་དོན་ཡིན་ཏེ། དཔེར་ན། སྒྱུ་མའི་སྣང་བ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་རིག་པས་ཁེགས་ཤིང་སྔགས་སྨན་སོགས་རྐྱེན་ལ་རག་ལུས་པས་ལྟོས་གྲུབ་ཡིན་པར་ཚད་མས་གྲུབ་བ་བཞིན་ནོ། །བརྟགས་ཤིང་དཔྱད་ན་རྟེན་གྲུབ་དང་། ལྟོས་གྲུབ་ཚད་མས་གྲུབ་ན། རྟེན་གྲུབ་དང་། ལྟོས་གྲུབ་དེ་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ་སོགས་སུ་འགྱུར་རོ་ཞེ་ན། དེ་ནི་འགལ་ཁྱབ་ཡིན་ཏེ། བརྟགས་ཤིང་དཔྱད་པའི་ཚེ་རྟེན་གྲུབ་ཡིན་ན། ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །དེས་ན་སྒྱུ་མ་ལྟ་བུར་རྟོགས་པ་ལ། བདེན་གྲུབ་ཁེགས་དགོས་ཀྱི། རྟེན་འབྲེལ་དུ་རྟོགས་པ་ངེས་པར་དགོས་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སྒྱུ་མ་ལྟ་བུའི་ཏིང་འཛིན་འདི། འགྲོ་བ་ཀུན་གྱིས་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་འཁོར་གསུམ་གྱི་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་

(༣༥༤)ཚོགས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ། བྱ་ཀ་ལན་དཀའི་གནས་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལ། གཉུག་མར་གནས་པའི་འཁོར་དང་། གསར་དུ་བསྡུས་པའི་འཁོར་གཉིས་ལས། གཉུག་མར་གནས་པའི་འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པ་ནས་སྤྱོད་པའི་ཚུལ་ཤིན་དུ་ཤེས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཁོར་གསར་དུ་བསྡུས་པ་ལ། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང་ཏིང་ངེ་འཛིན་ལས་འོད་བཀྱེ་བ་དང་། འོད་ཀྱིས་འཁོར་བསྡུས་པ་དང་གསུམ་ལས། དང་པོ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཏིང་ངེ་འཛིན་གཟུགས་མེད་པ། བསྟན་དུ་མེད་པ། གཟུང་བ་མེད་པ། ཐོགས་པ་མེད་པ་སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་ཞེས་བྱ་བ་ནས། བཞུགས་པ་དང་བཞུགས་པའི་མཚན་མ་ཡང་མི་སྣང་ཞིང་སྒྲ་དང་སྒྲའི་མཚན་མ་ཡང་མི་གྲག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཏིང་ངེ་འཛིན་དེ་ལས་འོད་བཀྱེ་བ་ནི། དེ་ནས་ཏིང་ངེ་འཛིན་དེའི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས། འདི་ལྟ་བུའི་འོད་ཀྱིས་སྣང་བར་བྱས་ཏེ་ཞེས་པ་ནས་ཡུལ་མ་ག་དྷ་ཐམས་ཅད་ཀྱང་གོས་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་འོད་དེས་འཁོར་བསྡུ་པ་ནི། དེ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱ་ཀླུང་གི་བྱེ་མ་སྙེད་དག་ན་ཞེས་པ་ནས། དེ་བཞིན་གཤེགས་པའི་སྐུ་དང་། དེ་བཞིན་གཤེགས་པའི་བཞུགས་པ་ཡང་མཐོང་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ན་བཅོམ་ལྡན་འདས་དྲན་པ་དང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་སོ་ཞེས་པ་ནས། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་

(༣༥༥)ལྷའི་མེ་ཏོག་གི་ཆར་མངོན་པར་བབ་ཅིང་། ལྷའི་སིལ་སྙན་དང་། གླུ་དབྱངས་ཀྱང་ལེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ། བཅོམ་ལྡན་འདས་ཏིང་ངེ་འཛིན་གང་ལ་བཞུགས་པས་དེ་བཞིན་གཤེགས་པའི་སྐུ་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་མིག་གིས་མི་མཐོང་བའི་ཏིང་ངེ་འཛིན་འདི་ཅི་འདྲ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བཞུགས་པ་དེ་ཅི་འདྲ། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ལས། སྟོན་པས་གསུང་བར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་གྱི། ཤཱ་ར་དྭ་ཏུའི་བུ་འདི་ནི་དེ་བཞིན་གཤེགས་པའི་ས་སྟེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོའི་འདི་ནི་བསམ་གྱིས་མི་ཁྱབ་པོ།།། འོན་ཀྱང་ཤཱ་ར་དྭ་ཏིའི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དེ་བཞིན་གཤེགས་པའི་སྐུའི་ཕྱོགས་ཙམ་ཞིག་ངས་ཁྱོད་ལ་བཤད་དེ་བསྟན་ཏོ། །ཞུ་བ་པོས་ཉན་པར་ཁས་བླངས་པ་ནི། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ལ། སངས་རྒྱས་ཀྱི་སྐུའི་མཚན་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བསྟན་པ་གཉིས་ལས། དང་པོ་སངས་རྒྱས་ཀྱི་སྐུའི་མཚན་ཉིད་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་ཏོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྐུ་ཡང་དག་པ་ཉིད་དེ་ནི་མིག་ཐམས་ཅད་ཀྱི་ལམ་ལས་ཡང་དག་པར་འདས་པ་ནམ་མཁའ་དང་མཚུངས་པ་སྟེ་ཞེས་པ་ནས། རྒྱལ་བ་ལ་ནི་གཟུགས་དང་མཚན་མར་མ་ལྟ་

(༣༥༦)ལྟ་ཤིག །བྱིས་པ་ལྟ་བུས་བདེ་བར་གཤེགས་ལ་སེམས་མ་ལྟ། གང་གིས་རབ་འབྱོར་ལྟ་བུར་ང་ནི་མཐོང་གྱུར་པ། དེས་ནི་སྟོང་གསུམ་ཀུན་གྱི་སྦྱིན་པ་ཐམས་ཅད་སྦྱངས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས། ཡང་གནས་བརྟན་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་པར་འགྱུར་པའོ་ཞེས་པ་ནས་བརྩམས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ནི་འདི་ཐོབ་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་ཆེན་པོ་དེ་དག་དང་། ཞེས་པ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་བར་གྱིས་ནི་རྗེས་སུ་ཡི་རང་བ་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་རྟོགས་ཤིང་ཉམས་སུ་བླངས་པ་ལ་རྟེན་ནས། དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་འཐོབ་པའོ། །བསྡུས་པའི་དོན་ནི། དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་བསྟན་པ་དང་། དེའི་རྒྱུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བསྟན་པ་གཉིས་སོ། །གོ་རིམས་ནི་འབྲས་བུ་སྔར་བསྟན་ནས་རྒྱུ་ཕྱིས་བསྟན་པའི་ཕྱིར་བཤད་པའི་གོ་རིམས་སོ། །རྒལ་ལན་ནི། ཁ་ཅིག་ན་རེ། མདོ་འདི་ཉིད་ནས། དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པའི་ཏིང་ངེ་འཛིན་ནི་གཟུགས་མེད་པ། བསྟན་དུ་མེད་པ། བཟུང་དུ་མེད་པ། ཐོགས་པ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། འཕགས་པའི་མཉམ་བཞག་རྣམས་ཡུལ་ཡུལ་ཅན་

(༣༥༧)གྱི་སྣང་བ་ནུབ་པའི་ཕྱིར་སྣང་མེད་ཡིན་ནོ་ཞེས་ཟེར་བ་ནི་མདོའི་དོན་མ་ཡིན་ནོ། །གཞི་མི་ཤེས་ན་གཞི་ཤེས་ཡིན་པར་འགལ་བ་དང་། ལམ་མི་ཤེས་ན་ལམ་ཤེས་ཡིན་པར་འགལ་བ་དང་། རྣམ་རྟགས་མཚན་མ་རྣམས་མི་མཁྱེན་ན་རྣམ་མཁྱེན་ཡིན་པར་འགལ་བའི་ཕྱིར་རོ། །མཉམ་བཞག་སྣང་མེད་ནི་མཁྱེན་པ་གསུམ་གང་རུང་མ་ཡིན་པར་འགྱུར་པས་འཕགས་པའི་མཁྱེན་པ་མ་ཡིན་པར་ཐལ་བ་དང་། ཞི་གནས་ལྷག་མཐོང་མངོན་སུམ་རྗེས་དཔག་སེམས་སེམས་བྱུང་སོགས་གང་གི་འང་མཚན་ཉིད་མ་ཚང་བའི་ཕྱིར། མཁྱེན་པ་དང་། རྟོགས་པ་གང་ཡང་མ་ཡིན་པར་ཁས་བླང་དགོས་པར་འགྱུར་བའི་ཕྱིར་མི་རིགས་པ་ཁོ་ནའོ། །མདོ་བསྟན་བཅོས་སོགས་ནས། གཉིས་སྣང་ནུབ་པའི་ཐ་སྙད་མཛད་པ་ནི། གཟུང་འཛིན་བདེན་སྣང་མེད་པ་ལ་previous hit དགོངས next hit་ཡིན་གྱི་ཡུལ་ཡུལ་ཅན་གྱི་སྣང་བ་མེད་པ་ལ་དགོས་པ་མ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཐུབ་པའི་བསྟན་པ་རྒྱས་པ་དང་། འགྲོ་བས་ཏིང་འཛིན་འདི་ཐོབ་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་སུམ་ཁྲི་ཉིས་སྟོང་གི་དགེ་འདུན་ཆེན་པོ་ཞེས་པ་ནས་རྒྱ་ཆེན་པོ་ལ་མོས་པ་དེ་དག་ཐམས་ཅད་ཀྱང་འཁོར་དེར་ཚོགས་ཤིང་འཁོད་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེ་འདི་སྙམ་དུ་སེམས་ཏེ་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་

(༣༥༨)བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པའི་ལན་དངོས་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། དགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལས་སོགས་པའི་གདུལ་བྱ་རྣམས་ཀྱིས་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པ་ལ་རྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་ཇི་ལྟར་ཞུས་པའི་དོན་རྣམས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའོ། །བསྡུས་པའི་དོན་ནི། ལེའུ་ཉི་ཤུ་རྩ་དྲུག་ཏུ་གནས་པ་ལས། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་དྲིས་པའི་ལེའུ་སྟེ་དང་པོ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའི་ལས་ཏིང་ངེ་འཛིན་བསྟན་པས་ཏེ་གཉིས་པ་དང་། བཟང་སྐྱོང་གི་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཏིང་ངེ་འཛིན་སྒོམ་པའི་ཚུལ་ཏེ་གསུམ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཏིང་ངེ་འཛིན་གྱི་རྒྱུ་མཚན་བསྟན་པ་སྟེ་བཞི་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཏིང་ངེ་འཛིན་གྱི་རྒྱུ་དགེ་བའི་བཤེས་གཉེན་བསྟེན་པ་སྟེ་ལྔ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་ཆོས་འཛིན་པའི་ལྷག་པའི་ང་རྒྱལ་ཅན་གྱིས་ལེའུ་སྟེ་དྲུག་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་མདོ་བཟུང་བའི་ཕན་ཡོན་བསྟན་པ་སྟེ་བདུན་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་མི་དམིགས་པ་བསྟན་པ་སྟེ་བརྒྱད་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཚུལ་ཁྲིམས་གནས་པའི་ཏིང་ངེ་འཛིན་སྒོམ་པ་སྟེ་དགུ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་དགེ་སློང་ལས་ཇི་ལྟར་སྒོམ་པ་སྟེ་བཅུ་པ་དང་།

(༣༥༩)ཀྱི་ཞིང་སྣ་ཚོགས་པ་སྟོན་པ་དང་། སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་པ་སྟོན་པར་ནུས་པའོ། །བསྡུས་པའི་དོན་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དང་ཡོན་ཏན་དང་བཅས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། ཡུམ་མདོ་ལས། སྦྱོར་ལམ་ཆོས་མཆོག་ཆུང་ངུའི་དམིགས་རྣམས་ཀྱི་སྐབས་སུ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་དང་བཞི་བཅུ་ཞེ་གྲངས་ཙམ་བསྟན་ཅིང་། མངོན་རྟོགས་བརྒྱན་ལས་ཀྱང་། ཏིང་འཛིན་དེའི་བྱེད་པ་ཉིད་ཞེས་སྦྱོར་ལམ་ཆོས་མཆོག་གི་སྐབས་སུ་བསྟན་ལ། མདོ་འདི་ཉིད་ནས། ས་བཅུ་པ་ཐོབ་ནས་དཔའ་བར་འགྲོ་བའི་ཏིང་འཛིན་ཐོབ་ཏེ། ས་བཅུ་པ་མ་ཐོབ་པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མི་འཐོབ་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། སྦྱོར་ལམ་ཆོས་མཆོག་ཆུང་ངུའི་སྐབས་སུ། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་དམིགས་པར་འགྱུར་བ་དང་། ཏིང་འཛིན་གྱི་ཕན་ཡོན་དང་བྱེད་པ་རྣམས་དོན་དུ་ཉེར་བ་རྣམ་པར་བསྟན་པ་ཡིན་གྱི། ཏིང་ངེ་འཛིན་རྣམས་ཐོབ་པར་བསྟན་པ་ནི་མ་ཡིན་ནོ། །མདོ་འདི་ཉིད་ནས་ས་བཅུ་པ་ཐོབ་ནས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་བཤད་པ་ནི་སྒྲ་ཇི་བཞིན་པ་ཡིན་ནོ། །འགའ་ཞིག་ལྷ་མཚན་དཔེས་བརྒྱན་པ་བསྒོམ་པ་གསང་སྔགས་དང་མདོའི་བར་ཁྱད་ཡིན་ནོ་ཞེས་ཟེར་བ་ནི་མདོའི་དོན་དང་འགལ་ཏེ། མདོ་ལས། མཚན་དཔེས་བརྒྱན་པའི་ལྷ་བསྒོམ་པ་གསུངས་པའི་ཕྱིར་རོ། །ལྷ་མཚན་དཔེས་བརྒྱན་པ་མདུན་དུ་བསྒོམ་པ་ནི་ད་ལྟར་གྱིས་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དང་། སངས་རྒྱས་རྗེས་སུ་དྲན་པས་བསྟན་ལ། རང་ཉིད་མཚན་དཔེས་བརྒྱན་པའི་སངས་རྒྱས་སུ་བསྒོམ་པ་ནི་མདོ་སྡེ་འདི་ཉིད་དང་། མདོ་སྡེ་གཞན་དུ་མ་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། སངས་རྒྱས་མི་བཞུགས་པའི་ཞིང་དུ་རང་ཉིད་སངས་རྒྱས་སུ་སྤྲུལ་ནས། སངས་རྒྱས་ཀྱིས་མཛད་པ་བྱེད་པར་གསུངས་པ་དང་། སངས་རྒྱས་ཀྱི་འདུལ་བ་ལ་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་བར་གསུངས་པས་བསྟན་ཏོ། །འཁོར་

(༣༦༠)ཡོངས་སུ་གཏད་པ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གོ་རིམ་ནི་བཤད་པའི་རིམ་པ་དང་རྒྱུ་འབྲས་ཀྱི་རིམ་པ་ཅི་རིགས་པའོ། །རྒལ་ལན་ནི། མཚན་དཔེས་བརྒྱན་པའི་ལྷ་བསྒོམ་པ་གསང་སྔགས་ནས་བསྟན་པར་མ་ཟད། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་ཀྱང་བསྟན་ཏེ། མདོ་འདི་ཉིད་ནས་མཚན་དཔེས་བརྒྱན་པའི་ལྷ་མདུན་དུ་མངོན་སུམ་དུ་བསྒོམ་པར་བསྟན་ཅིང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནས་རང་ཉིད་མཚན་དཔེས་བརྒྱན་པའི་ལྷར་སྤྲུལ་ནས་གཞན་དོན་བྱེད་པ་གསུངས་པའི་ཕྱིར་རོ། །དེ་ལས་བྱུང་པའི་དགེ་བ་ཡིས། ཐུབ་པའི་བསྟན་པ་རྒྱས་པ་དང་། འགྲོ་བས་ཏིང་འཛིན་འདི་ཐོབ་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཡངས་པ་ཅན་ན་ཨ་མྲ་བསྲུངས་པའི་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་པ་ནས་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་པ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་པ་ཤིན་དུ་སྙིང་པོར་གྱུར་ཏེ། མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་སྟན་ལས་ལངས་ཏེ། བླ་

(༣༦༡)གཅིག་ཏུ་བཞུགས་ཏེ་ཞེས་པ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་གསར་དུ་སྡུས་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས་ཞེས་པ་ནས། ཡང་དེའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནས་སྟེང་དུ་ཚངས་པའི་འཇིག་རྟེན་མན་ཆད་ཐ་ན་མཁར་བའི་རྩེ་མོ་གཟུགས་པའི་ས་ཁྱོན་ཙམ་ཡང་དབང་ཆེ་བ་དབང་ཆེ་བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང་རྣམས་ཀྱིས་མ་གང་བ་གང་ཡང་མེད་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་བསྟན་ལས་ལངས་ཏེ་ཞེས་པ་ནས། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ལས། ཞུ་བ་པོའི་ཞུ་བ་དངོས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐ་ན་རྨི་ལམ་ན་ཡང་། སངས་རྒྱས་མཐོང་ཞིང་ཆོས་ཉན་པ་དང་མི་འབྲལ་བ་རྣམས་སུ་འགྱུར་བའི་ཏིང་ངེ་འཛིན་གང་ལགས་ཞེས་པའི་བར་གྱིས་

(༣༦༢)འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བདེ་བྱེད་ལ་སོགས་གདུལ་བྱ་རྣམས་ཀྱིས་ཆོས་བཞི་པ་གཉིས་ཀྱི་ཐབས་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་རྟོགས་པའི་ཤེས་རབ་ཐོབ་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་བརྡེག་ཀྱང་སླར་མི་བརྡེག་ །ཁྲོ་ཡང་སླར་ཡང་མི་ཁྲོ། གཤེ་ཡང་སླར་མི་གཤེ། འཚང་འབྲུ་ཡང་སླར་འཚེང་མི་འབྲུ་བའི་ཆོས་བཞི་བསྟེན་པ་དང་། ཡང་ཆོས་བཞི་གང་ཞེ་ན། རིགས་ཀྱི་བུ་འདི་ལ་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། ཆོས་འཛིན་པ་དང་། ཆོས་སྟོན་པ་ཡིན། བུད་མེད་ཡོངས་སུ་སྤོང་ཞིང་བུ་མེད་ལ་བརྟེན་པར་མི་བྱེད་པ་ཡིན། སྦྱིན་པའི་བདག་པོ་དང་། ཀུན་འགེད་པའི་ངང་ཚུལ་ཅན་དང་། ཀུན་འགེད་པ་ལ་དགའ་བ་དང་། རྨུགས་པ་དང་། གཉིད་ཡོངས་སུ་སྤོང་བ་ཡིན། སྟོང་པ་ཉིད་ལ་མོས་པ་དང་། སྟོང་པ་ཉིད་ལ་གནས་པ་ཡིན་ཏེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཀྱང་འཐོབ་པར་འགྱུར་རོ་ཞེས་པ་དང་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་རྟོགས་པ་རྣམས་བསྟན་པའོ། །ཚིག་གི་དོན་གཞུང་ཇི་ལྟ་བ་བཞིན་ནི། །གྲུབ་མཐའ་ནི་དབུ་མའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བ་རྣམས་ཀྱི་ཆོས་བཞི་དང་། སྤྲུལ་པ་ལྟ་བུར་ཆོས་རྟོགས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

(༣༦༣)བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའི་ལས་ཁྱིམ་ལས་ཇི་ལྟར་བསྒོམ་པ་བསྟན་པ་སྟེ་བཅུ་གཅིག་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་དགེ་བསྙེན་མས་ཇི་ལྟར་བསྒོམ་པའི་ལེའུ་སྟེ་བཅུ་གཉིས་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་དམ་པའི་ཆོས་འཛིན་པའི་སྤྲོ་བ་བསྐྱེད་པའི་ལེའུ་སྟེ་བཅུ་གསུམ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་ཆོས་སྨྲ་བ་བསྔགས་པའི་ལེའུ་སྟེ་བཅུ་བཞི་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཆོས་བཟུང་བར་བསྟན་པ་སྟེ་བཅོ་ལྔ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་བཟང་སྐྱོང་གིས་སྤྱན་དྲངས་པ་སྟེ་བཅུ་དྲུག་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ལུང་བསྟན་ཐོབ་པ་བསྟན་པ་སྟེ་བཅུ་བདུན་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཏིང་ངེ་འཛིན་བསྒོམ་པའི་ཡོན་ཏན་འབྱུང་པའི་ཚུལ་བསྟན་པ་སྟེ་བཅྭ་བརྒྱད་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་སྤྱོད་པ་ཇི་ལྟར་བྱ་བ་བསྟན་པ་སྟེ་བཅུ་དགུ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་སྟོབས་བཅུ་རྙེད་མི་དཀའ་བར་བསྟན་པ་སྟེ་ཉི་ཤུ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་མི་འཇིགས་པ་བཞི་ཐོབ་པར་བསྟན་པ་སྟེ་ཉི་ཤུ་རྩ་གཅིག་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་མ་འདྲེས་པའི་ཆོས་བཅྭ་བརྒྱད་ཐོབ་པར་བསྟན་པ་སྟེ་ཉི་ཤུ་རྩ་གཉིས་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་རྗེས་སུ་ཡི་རང་བའི་ཕན་ཡོན་བསྟན་པ་སྟེ་ཉི་ཤུ་རྩ་གསུམ་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ད་ལྟར་གྱི་ཏིང་ངེ་འཛིན་ལ་བརྩོན་པ་དེས་ཕྱིས་ཐོབ་པར་བསྟན་པ་སྟེ་ཉི་ཤུ་རྩ་བཞི་པ་དང་། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཕྱི་མའི་དུས་ནས་ཆོས་བཟུང་བའི་ཕན་ཡོན་བསྟན་པ་སྟེ་ཉི་ཤུ་རྩ་ལྔ་པ་དང་། ཆོས་

(༣༦༤)ཀྱི་སེམས་རངས་པར་བྱའོ། །ཞུ་བ་པོས་ཞུས་པ་ནི། དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་སྐབས་ཕྱེ་བ་དང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་དགའ་བ་དང་བདེ་བ་དང་ཡི་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ལེགས་སོ་ལེགས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས། ཐེག་པ་ཆེན་པོའི་རྣམ་པར་འཕྲུལ་བ་དང་། སེམས་ཅན་དང་གང་ཟག་གཞན་དང་། བདུད་དང་ལྷག་པའི་ང་རྒྱལ་ཅན་དང་། ཕས་ཀྱི་རྒོལ་བ་དམིགས་པར་ལྟ་བ་མངོན་པར་ཞེན་པ་ཅན་ཚར་བཅད་པ་དང་། སྨོན་ལམ་ཕུན་སུམ་ཚོགས་པ་བསྒྲུབས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་འགྱུར་བའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་དང་། མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་དང་། ཡང་སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པའི་ཆོས་མ་ཡིན་པའི་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་རྣམས་ཉམས་སུ་ལེན་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གཅིག་གོ །རྒལ་

(༣༦༥)གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་ཆོས་ཐམས་ཅད་ལ་གཏི་མུག་གི་མུན་པ་དང་བྲལ་བས་གཏི་མུག་དང་བྲལ་བར་འགྱུར་བ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བས་བདུད་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། སྒོ་ཐམས་ཅད་ནས་ཡོངས་སུ་བསྔོ་བ་ལ་མཁས་པར་འགྱུར་བ་ལགས་དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ལ། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ནི་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་བསོད་ནམས་སྡུས་པའི་ཏིང་ངེ་འཛིན་འདིའི་མིང་ཙམ་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་ཞར་ལ་དྲི་མ་མེད་པའི་གཟི་བརྗིད་ཀྱི་སྟོབས་ཆེ་བའི་ང་རྒྱལ་བཅག་པའི་ཕྱིར་དུ། དེ་བཞིན་གཤེགས་པའི་སྟོབས་གསུངས་པ་ནི། དེ་ནས་དེའི་ཚེ་དྲི་མ་མེད་པའི་གཟི་བརྗིད་ཅེས་བྱ་བ་མཚན་པོ་ཆེ་ཆེན་པོའི་སྟོབས་ཆེན་པོ་དང་ལྡན་པ་ཞིག་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་སོ་ཞེས་པ་ནས་བརྩམས་ཏེ། ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལས་ལྷའི་བུ་ཁྲིས་ཚིག་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་ཀྱང་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་འདྲ་བ་དེ་ལྟ་བུའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་རྒྱས་པར་སྟོན་པ་ལ་ཞུ་བ་དང་ལན་གཉིས་ལས། ཞུ་བ་ནི།

(༣༦༦)བཅོམ་ལྡན་འདས་ལ་མཇལ་བར་བསྐུལ་བའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཏིང་འཛིན་དམ་པ་འདི་རྟོགས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཏིང་ངེ་འཛིན་གྱི་མཆོག་དམ་པ་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་ཆེན་པོའི་དགེ་སློང་སུམ་ཁྲི་དང་ཞེས་པ་ནས་སྲིན་པོ་དང་། ཡི་དགས་ལ་སོགས་པ་སྟེ་བཞི་ཡང་འཁོར་དེར་འདུས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་ངེ་འཛིན་དུ་བཞུགས་ནས་ཅང་མི་གསུང་ཞིང་བཞུགས་པ་ལས་འཁོར་མང་པོ་རྣམས་ཐེ་ཚོམ་དུ་འགྱུར་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཀྱི་རྒྱལ་བུ་འདུག་པ་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ་ཞེས་པ་ནས། ཤིན་དུ་ལེགས་སོ་སེམས་ཅན་ལ། ཐེག་པ་གཅིག་དོན་བསྟན་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཐོས་པ་ཙམ་གྱིས་ཆོག་པར་མི་འཛིན་པར་ཏིང་ངེ་འཛིན་དང་ཤེས་རབ་བསྒོམས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཆེ་བ་བསྟན་པའོ། །

(༣༦༧)བཤད་པའི་གོ་རིམས་སོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བསོད་ནམས་བསྡུས་པའི་ཏིང་འཛིན་དང་། བླ་མེད་བྱང་ཆུབ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ཏིང་ངེ་འཛིན་ཆོས་ཀྱི་ཡི་གེ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོའི་མདོ། ཆོས་ཀྱི་འཁོར་ལོ་གསུམ་ལས་ཐ་མར་གཏོགས་པ། རྒྱ་ནག་འགྱུར་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་བཞིན་བདག་གིས་ཐོས་པ་དུ་གཅིག་ན། སངས་རྒྱས་རྒྱལ་པོའི་མོ་མཁར་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལས། ཐེག་པ་ཐུན་མོང་བའི་འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་ཁྲི་ཕྲག་གཅིག་དང་ལྷན་ཅིག་ཞེས་པ་ནས་དེ་ལྟ་བུ་ལ་སོགས་པ་དགྲ་བཅོམ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིས་སྟོང་དང་ལྷན་ཅིག་སྟེ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། ཡང་ཡ་རབས་ཀྱི་མི་བརྒྱད་ཁྲི་ཡོད་པ་དང་ལྷན་ཅིག་ཏེ་ཞེས་པ་ནས་མི་དང་མི་མ་ཡིན་ལ་སོགས་པ་འབུམ་ཁྲི་ཕྲག་དྲུག་བཅུ་ཡོད་དེ། དེའི་བཙུན་མོ་ཕལ་མང་པོས་འཁོར་བར་བསྐོར་ནས་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། སངས་རྒྱས་ཕལ་མང་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་མིང་རོ་གཅིག་པ་ཡང་དག་པའི་བདེན་པ་མཚན་མ་མེད་པ་བདེན་པ་མི་འགྱུར་བའི་དབྱིངས་ཕྱི་མོའི་ཚོར་བ་གཅོད་པ་བཤད་དོ་ཞེས་པ་ནས། སངས་རྒྱས་བཤད་ཟིན་ནས་དཀྱིལ་མོ་དཀྲུང་དུ་བཞུགས་ནས་མདོ་བཞིན་རྡོ་རྗེའི་ཏིང་ངེ་འཛིན་དུ་བཞུགས་ཏེ་ལུས་དང་སེམས་མི་གཡོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེའི་ཚེ་ཕལ་མང་

(༣༦༨)འདུག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེ་ནས་བདུད་ཀྱི་བུ་མོ་དང་། བདུད་ཀྱི་བུའི་ཚོགས་ཀྱི་འཁོར་དང་བཅས་པ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན་སྐྱེས་བུ་གང་ཟག་སྡིག་པའི་གྲོགས་པོའི་ལག་ཏུ་མི་འཆི་ཞིང་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། རིགས་ཀྱི་བུ་ག་ཆོས་བཞི་དང་ལྡན་པ་འདི་ལས་སྐྱེས་བུ་གང་ལ་ལ་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བཞི་གང་ཞེ་ན་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་མདོ་སྡེ་འཛིན་པ་རྣམས་ཀྱིས་གནས་སྐབས་སུ་མདོ་སྡེ་ནས་མདོ་སྡེ་འཛིན་པའི་ཕན་ཡོན་རྒྱ་ཆེར་བཀའ་སྩལ་པ་རྣམས་ཐོབ་པ་དང་མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱ་བའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གསུམ་དུ་གནས་པ་ལས། དཔའ་སྐོང་བའི་ལེའུ་སྟེ་དང་པོ་དང་། སྔོན་འབྱུང་བའི་ལེའུ་ཞེས་བྱ་སྟེ་གཉིས་པ་དང་། བདུད་བཏུལ་བའི་ལེའུ་ཞེས་བྱ་སྟེ་གསུམ་པ་དང་། དྲང་སྲོང་སྐར་མ་ལ་དགའ་བའི་ལེའུ་སྟེ་བཞི་པ་དང་། སེམས་ཉིད་ཀྱི་ལེའུ་སྟེ་ལྔ་པ་དང་། གཟུངས་ཀྱི་ལེའུ་སྟེ་དྲུག་པ་དང་། དམ་པའི་ཆོས་ཡོངས་བཟུང་བའི་ལེའུ་སྟེ་བདུན་པ་དང་། ལུང་བསྟན་པའི་ལེའུ་སྟེ་བརྒྱད་པ་དང་། སྙིང་བརྩེ་བའི་ལེའུ་སྟེ་དགུ་པ་དང་། ཀུན་ཏུ་བསྲུང་བའི་ལེའུ་སྟེ་བཅུ་པ་དང་། དམ་པའི་ཆོས་ཀྱི་ཚུལ་བསྲུང་བའི་ལེའུ་སྟེ་བཅུ་གཅིག་པ་དང་། འབྲོག་གནས་ཀྱི་

(༣༦༩)མྱ་ངན་ལས་འདའ་བ་དེ་ཉིད་ཀྱི་ཚེ་ཀུ་ཤའི་གྲོང་ཁྱེར་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་ས་ལ་ཟུང་གི་ཚལ་ན་ཤིང་ས་ཟུང་གི་བར་ན་བཞུགས་སོ་ཞེས་པས་བསྟན་ནོ། །འཁོར་ཕུན་སུམ་ཚོགས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་རྟོག་ཅིང་འདུག་གོ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཀའ་སྩལ་པ། གོའུ་ཏ་མའི་བུ་ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་མིག་མི་འཛུམས་པར་རྟོགས་པར་བྱེད་ཅེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དག་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདང་བདག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་གཡར་ལམ་འཇིགས་པ་ཆེན་པོ་འཇིགས་སུ་རུང་པ་ཡུ་ཟིང་ཞེས་བགྱིད་པ་ཞིག་རྨིས་ལགས་ཏེ། བཅོམ་ལྡན་འདས་བདག་གཡར་ལམ་དེ་རྨིས་ནས་བཅོམ་ལྡན་འདས་ཤིན་དུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལགས་གྲངས་སྙམ་ནས་དེའི་སླད་དུ་སྡུག་བསྔལ་ཞིང་ཡིད་མི་བདེ་བ་དང་། མྱ་ངན་གྱི་ཟུག་རྔུས་གཟིར་བར་གྱུར་ལགས་སོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གོའུ་ཏ་མའི་བུ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཀྱི་ཁྱེའུ་བཞིའི་ཏིང་ངེ་འཛིན་རྟོགས་ཏེ་སངས་རྒྱས་ཐོབ་པའོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་དུས་ན། ཕྱོགས་བཞི་ནས་བྱང་ཆུབ་སེམས་དཔའི་སྤྲུལ་པ་རྫུས་སྐྱེས་སུ་ཁྱེའུ་བཞི་བྱུང་ཏེ། རྒྱལ་པོ་མ་སྐྱེས་དགྲ་ལ་སོགས་པ་རྣམས་

(༣༧༠)འདི་ལྟ་བུ་ཤིན་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་པའི་ཤིང་དེའི་མིང་དེ་ཅི་ཞེས་བྱ་བ་དེ་སྐད་བཀའ་སྩལ་པ་དང་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བདེ་ལྡན་མས་བཅོམ་ལྡན་འདས་ལ་གསོལ་བ་ལྟར། གདུལ་བྱ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ལྗོན་ཤིང་བསྐྲུན་ན་བདེ་ལེགས་ཀྱི་འབྲས་བུ་འབྱུང་བར་རྟོགས་ནས་ཉམས་སུ་བླངས་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྣམ་པ་ཐམས་ཅད་ཐོབ་པའོ། །བསྡུས་པའི་དོན་ནི། བདེ་ལྡན་མ་རང་ཉིད་ཀྱི་བསོད་ནམས་ཀྱི་ལྗོན་ཤིང་ལས་དགེ་ལེགས་ཀྱི་འབྲས་བུ་བྱུང་བར་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ཞེས་པ་ནས་བཏང་སྙོམས་ཆེན་པོ་འདི་རྣམས་ཅི་ལས་གྲུབ་པ་ལགས་ཞེས་སོགས་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཚོགས་བསགས་པ་ལས་གྲུབ་པར་བསྟན་པ་དང་། བདེ་ལྡན་མ་མ་འོངས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་དཔལ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི་ཁ་གཅིག་ན་རེ། སངས་རྒྱས་ཀྱི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་ལ་སོགས་པ་རྣམས་སེམས་ཅན་གྱི་རྒྱུད་ལ་རང་ཆས་སུ་གདོད་ནས་ཡོད་པ་ཡིན་ནོ་ཟེར་བ་ནི་མི་རིགས་ཏེ། མདོ་འདི་ཉིད་ལས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་བསགས་པ་ལ་བརྟེན་ནས་གསར་དུ་ཐོབ་པར་རྒྱ་ཆེར་བསྟན་པ་དང་འགལ་བའི་ཕྱིར་དང་། མངོན་པར་རྟོགས་པའི་རྒྱན་ལས། བླ་མ་སྐྱེལ་ལ་སོགས་པ་དང་། ཡང་དག་བླངས་པ་བརྟན་པ་དང་། བསྡུ་བ་བསྟེན་དང་གྱ་ནོམ་པའི། དངོས་པོ་སྦྱིན་དང་བསད་བྱ་བ།

(༣༧༡)ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བ་མ་ལུས་ཐམས་ཅད་ཀྱིས། ཏིང་འཛིན་དམ་པ་འདི་རྟོགས་ནས། མྱུར་དུ་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེའི་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་པ་ནས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ། ཐབས་ཤེས་པ་ལ་མཁས་པ་ཤ་སྟག་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉུག་མར་གནས་པའི་འཁོར་རོ། །གསར་དུ་བསྡུས་པའི་འཁོར་ནི། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཀུན་ཏུ་རྒྱུ་མཁས་པ། གསལ་བ་ཡིད་གཞུངས་པ་རིག་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོག་འཁོར་ལྔ་བརྒྱ་པ་གཅིག་གི་མིང་ནི་ཉེ་རྒྱལ། གཅིག་གིས་མིང་ནི་སང་ནས་སྐྱེས་ཞེས་བྱ་བ་གཉིས་ཤིག་འཁོད་དེ་ཞེས་པ་ནས་དེ་ནས་བདུད་སྡིག་ཅན་རབ་ཏུ་ཁྲོས་ཏེ། སྡུག་བསྔལ་ཞིང་ཡིད་མི་བདེ་ནས་ཡིད་ལ་བཅགས་ཏེ་དེས་འདི་སྐད་ཅེས་སྨྲས་སོ། །ཤཱཀྱའི་བུ་ནི་ཇི་སྲིད་བརླག་པར་མ་བྱས་པ། དེ་སྲིད་བར་དུ་ང་ཡི་དཔའ་སྟོར་སླར་མི་འོང་། ཤཱཀྱའི་བུ་འདི་ཇི་ལྟར་དི་རིང་བསད་སྙམ་ཏེ། བདག་ཅག་གཞན་ལ་ཡིད་མི་རྟོག་ཅིང་མི་སྨྲ་འདུག །དེ་ནས་བདུད་སྡིག་ཅན་ཡིད་མི་བདེ་ཞིང་མྱ་ངན་གྱི་ཁང་པ་ན་

(༣༧༢)ཕལ་པོ་ཆེ་དག་གིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་ལྷག་པར་དགའ་བ་དང་། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ་དགའ་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཁྱེའུ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་གང་ན་ཁྱེའུ་དེ་དག་རྩེ་ཞིང་འཁོད་པའི་ས་ཕྱོགས་དེར་གཤེགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་བྱིས་པ་དེ་དག་གི་ནང་ནས་ཁྱེའུ་ཚངས་པའི་དཔལ་ཞེས་བྱ་བ་ཞིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །ཆོས་ནི། བཅོམ་ལྡན་འདས་མཁྱེན་བཞིན་དུ་བྱིས་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱིས་པ་ཁྱེད་འདི་ན་ཅི་བྱེད། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཁྱེའུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འདི་ནས་རྡུལ་གྱི་ཁྱིམ་དག་དང་། ས་བརྡུལ་གྱི་ར་བ་དང་། ས་རྡུལ་གྱི་ཁང་པ་རྩེགས་པ་དག་གིས་རྩེ་ཞིང་མཆིས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱེའུ་ཚངས་པའི་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་རྩེ་བའི་སླད་དུ་ས་བརྡུལ་གྱི་ཁང་པ་བརྩེགས་པ་འདི་བཞེས་སུ་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་ཚངས་པའི་དཔལ་གྱི་ལྷག་པའི་བསམ་པ་དང་། དགའ་བའི་སེམས་ཐུགས་སུ་ཆུད་ནས་ཐུགས་བརྩེ་བའི་ཕྱིར་ས་རྡུལ་གྱི་ཁང་པ་བརྩེགས་པ་དེ་བཞེས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་སྐད་ཅིག་དེ་དང་། ཡུད་ཙམ་དེ་ལ་ས་བརྡུལ་གྱི་ཁང་པ་བརྩེགས་པ་དེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ་ཞིག་ཏུ་གྱུར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏོ། །དེའི་ཤར་ཕྱོགས་ཀྱི་ངོས་སུ་ནི་གསེར་གྱི་ཀ་བ་བརྒྱད་ཁྲི་བཞི་སྟོང་ཟུག་པར་གྱུར། ལྷོ་ཕྱོགས་ཀྱི་དངོས་སུ་ནི་དངུལ་གྱི་ཀ་བ་བརྒྱད་ཁྲི་བཞི་སྟོང་ཟུག་པར་གྱུར། ནུབ་ཕྱོགས་ཀྱི་ངོས་སུ་ནི་བཻ་དུརྱའི་ཀ་བ་བརྒྱད་

(༣༧༣)ལེའུ་སྟེ་བཅུ་གཉིས་པ་དང་། མཐར་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །མཚམས་སྦྱར་བ་ནི། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་སོ། །རྒལ་ལན་ནི། མདོ་འདི་ཉིད། མདོ་ཆོག་ཞལ་གྱིས་བཞེས་པ་ལྟར་ན་མདོའི་ཆོ་ག་ཡིན་ལ། མདོ་ཆོག་ཞལ་གྱིས་མི་བཞེས་པ་ལྟར་ན་བྱ་རྒྱུད་བྱས་ན་ལེགས་སོ། །མདོ་ཆོག་གི་གོ་རྒྱུ་ནི། དམ་ཚིག་པ་དང་། ཡེ་ཤེས་པ་རྗེ་འབངས་ཀྱི་ཚུལ་དུ་བྱས་ཏེ། ཡན་ལག་བདུན་པ་སྔོན་དུ་བཏང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། མདོ་དང་གཟུངས་ཀྱི་བསྒྲུབ་པ་བྱེད་ཅིང་མཐར་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་དང་། དགེ་ལེགས་ཀྱི་ཚིགས་སུ་བཅད་པ་འདོན་པའོ། །དེ་ལྟར་བཀྲལ་བའི་དགེ་བ་ཡིས། མདོ་ཆོག་འདི་ཉིད་དར་བ་དང་། སངས་རྒྱས་བསྟན་པ་རྒྱས་གྱུར་ཏེ། འགྲོ་བས་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཔལ་དབྱིག་གི་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བཱ་ར་ན་སི་ན་ཞེས་པས་སོ། །འཁོར་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ་བཱ་ར་ན་སིའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་གཅིག་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་

(༣༧༤)སྩལ་པ། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པ་ནི། གདུལ་བྱ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བསླབ་པར་བྱ་བའི་ཆོས་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དགེ་བས་འགྲོ་བ་ཐམས་ཅད་ཀྱིས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཏེ། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྒོ་མཐའ་ཡས་པ་བསྒྲུབ་པ་ཞེས་བྱ་བའི་གཟུངས། བཀའ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ཚལ་ཆེན་པོའི་ཁང་བུ་བརྩེགས་པའི་ཁང་བཟངས་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་གཉུག་མར་གནས་པའི་འཁོར་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་ཟླ་བ་གསུམ་པོ་འདི་དག་འདས་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་ཞེས་བཅོམ་ལྡན་འདས་ཀྱིས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཚེའི་འདུ་བྱེད་དག་བཏང་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽ་འགལ་གྱི་བུ་ཆེན་པོ་ཁྱོད་སོང་ལ་སྟོང་གི་འཇིག་རྟེན་གྱི་ཁམས་ན་དགེ་སློང་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཚལ་ཆེན་

(༣༧༥)པོ་ཁང་པ་བརྩེགས་པའི་ཁང་བཟང་འདིར་བསྡུས་ཤིག་ཅེས་པས་བསྟན་ཏོ། །འཁོར་གསར་དུ་བསྡུས་པ་ལ་གཉིས་ཏེ། ཐེག་པ་ཐུན་མོང་པའི་འཁོར་བསྡུ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་བསྡུ་བའོ། །ཐེག་པ་ཐུན་མོང་གི་འཁོར་བསྡུ་བ་ནི། ཚེ་དང་ལྡན་པ་མཽ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་ནས། སྐད་ཅིག་དེ་ཉིད་ལ་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་རི་རབ་ཀྱི་རྩེ་མོ་ལ་འདུག་སྟེ་ཞེས་པ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསར་དུ་བསྡུས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་སྐད་ཅིག་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཀའ་སྩལ་པ། འདི་ལྟ་སྟེ་ཞེས་པ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་དེ་མཐོང་ནས་སྐད་ཅིག་དེ་ཉིད་ལ་འདི་སྙམ་དུ་སེམས་སྟེ་ཞེས་པ་ནས་བཟུང་སྟེ་བཅོམ་ལྡན་འདས་ལ་ཞུ་བ་ཇི་སྐད་སྨོས་པ་ཇི་ལྟར་བཟུང་བ་ཇི་ལྟར་ཡིད་ལ་བགྱིས་པ་ཇི་ལྟར་ཀུན་ཆུབ་པར་བགྱི་བ་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་སྤྱོད་པ་ཇི་ལྟར་ཡོངས་སུ་དག་པར་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་

(༣༧༦)བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་བར་སེམས་པ་ཁྱོད་ཡང་ལེགས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི་གདུལ་བྱ་རྣམས་ཀྱིས་སྒོ་མཐའ་ཡས་པའི་གཟུངས་རྟོགས་ཏེ་གནས་སྐབས་སུ་མདོ་ལས་བྱུང་པའི་ཕན་ཡོན་རྣམས་འཐོབ་པ་དང་། མཐར་ཐུག་ཏུ་རྫོགས་པའི་སངས་རྒྱས་ཐོབ་པའོ། །བསྡུས་པའི་དོན་ནི། སྒོ་མཐའ་ཡས་པའི་གཟུངས་ཕན་ཡོན་དང་བཅས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ།།ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །འདི་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་བཀའ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་འཁོར་གྱི་ཁྱམས་གནས་གཙང་མའི་སྟེང་ནམ་མཁའི་དཀྱིལ་ན་གནས་པ་རིན་པོ་ཆེ་སྣ་བདུན་གྱི་རབ་ཏུ་རྣམ་པར་ཕྱེ་བར་སྤྲས་པ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། རིགས་ཀྱི་བུ་དག་ཁྱེད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་ཟུང་ཤིག་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། གཟུངས་འདི་ཉིད་ཉིན་ལན་གསུམ་མཚན་

(༣༧༧)ལན་གསུམ་བཀླགས་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་སྐྱེ་བ་བདུན་གྱི་བར་དུ་སྐྱེ་བ་དྲན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། སྨོན་ལམ་གྱི་སྒོ་དྲུག་དང་། དེ་འགྲུབ་པའི་ཡན་ལག་ཏུ་གཟུངས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་དང་། ཐེག་པ་ནི་གཅིག་གོ །རྒལ་ལན་ནི། མདོ་ཆོག་ཁས་མི་ལེན་པ་ལྟར་ན། བྱ་རྒྱུད་དུ་བསྡུ་རྒྱུ་ཡིན་ནའང་། མདོ་མཆོག་ཁས་ལེན་པ་ལེགས་པས་མདོའི་ཆོ་ག་ཡིན་ནོ། །འགྲོ་བས་གཟུངས་ཆོག་འདི་འགྲུབ་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྣམ་པར་མི་རྟོག་པར་འཇུག་པ་ཞེས་བྱ་བའི་གཟུངས། བཀའ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟངས་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཐབས་གཅིག་གོ །དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། མདུན་གྱིས་བལྟས་ནས། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་ཆོས་ཀྱི་རྣམ་པར་མི་རྟོག་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་ལ་ཀུན་དུ་གཟིགས་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ་རྣམས། རིགས་ཀྱི་བུ་

(༣༧༨)དག་ཁྱོད་ཀྱིས་རྣམ་པར་མི་རྟོག་པར་འཇུག་པ་ཞེས་བྱ་བའི་གཟུངས་ཟུང་ཤིག །དེ་བཟུང་ནས་བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་ཅིང་རྟག་ཏུ་ཁྱད་པར་འགྲོའོ་ཞེས་པས་བསྟན་ཏོ་ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེ་ནས་འཁོར་དེ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་སྣང་བ་ཞེས་བྱ་བ། སྟན་ལས་ལངས་ཏེ་ཞེས་པ་ནས། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པར་འགྱུར་བ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་བཤད་དོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་སུ་ཐེག་པ་གསུམ་དང་མཐར་ཐུག་ཏུ་ཐེག་པ་གཅིག་གོ །རྒལ་ལན་ནི། ཁ་གཅིག་ན་རེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་པའི་ཚུལ་ནི་ཅི་ཡང་མི་བསམ་ཅི་ཡང་མི་ནོམ་པར་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་མི་རྟོག་པ་བསྒོམ་པའོ་ཞེས་ཟེར་བ་ནི་མི་རིགས་ཏེ་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན། གཉིད་མཐུག་པོ་ལོག་པ་དང་། རྒྱལ་བ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་ལ་མཉམ་པར་བཞག་པ་

(༣༧༩)རྣམས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པར་རྒྱུ་མཚན་དུ་མའི་སྒོ་ནས་མཚུངས་སོ། །ཡང་འགའ་ཞིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཏིང་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པའི་ཚུལ་ནི་དོན་དམ་སྤྱོད་བྱེད་ཀྱི་རིགས་ཤེས་ཀྱིས་བརྟགས་པ་ན། ཆོས་ཅན་ཅི་ཡང་མ་རྙེད་པའི་དོན་ལ་བརྩེ་གཅིག་ཏུ་མཉམ་པར་བཞག་པས། ཡུལ་དང་ཡུལ་ཅན་གྱི་སྣང་བ་ནུབ་ཏེ་སྣང་མེད་དུ་གྱུར་པས་ན། མི་རྟོག་པའི་ཏིང་ངེ་འཛིན་དང་མི་རྟོག་པའི་ཡེ་ཤེས་ཡིན་ནོ་ཞེས་ཟེར་བ་ནི། མི་རྟོག་པའི་ཏིང་ངེ་འཛིན་པ། མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་རྣམས་ལ་ཤིན་དུ་འཁྲུལ་ཏེ་ཕྱོགས་སྔ་མ་དེ་ལས་ཀྱང་ཆེས་བླུན་པ་ཡིན་ནོ། །དེའི་ཅིའི་ཕྱིར་ཞེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་ཀྱིས་རྟགས་ཤིང་དཔྱད་པའི་ཚེ་ན། དོན་ནོར་བའི་ཆ་རྣམས་མི་རྙེད་པ་ཡིན་མདོ། ནོར་བ་རྙེད་པའི་དོན་ལ་མཉམ་པར་བཞག་པས། འཁྲུལ་མེད་ཀྱི་ཏིང་ངེ་འཛིན་དང་ཡེ་ཤེས་སྐྱེ་བ་ག་ལ་སྲིད། ཡུལ་དང་ཡུལ་ཅན་གྱི་སྣང་བ་འགགས་ན། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པར་འགལ་བའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན། རང་ཡུལ་གསལ་བར་སྣང་བས་ཁྱབ་པའི་ཕྱིར་རོ། །འོ་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་ཚུལ་ཇི་ལྟར་ཡིན་ཞེ་ན། སོ་སོ་སྐྱེ་བོའི་མི་རྟོག་པའི་ཏིང་ངེ་འཛིན་ནི། གང་ཟག་གི་བདག་དང་ཆོས་ཀྱི་བདག་ཅི་རིགས་པ་རིགས་པའི་སྟོབས་ཀྱིས་ཁེགས་པའི་དམིགས་པའི་དོན་ལ་རྩེ་གཅིག་ཏུ་གནས་པས། སྒྲ་དོན་འདྲེ་རུང་འཛིན་པའི་རྟོག་པ་དང་བྲལ་བའི་ཏིང་ངེ་འཛིན་རང་ཡུལ་ཆོས་ཅན་ལ་གསལ་སྣང་ཅན། སྤྱན་དང་མངོན་ཤེས་ཟག་བཅས་ཀྱི་རྟེན་དུ་གྱུར་པ་སྐྱེ་བ་

(༣༨༠)ཡིན་ནོ། །འཕགས་པ་རྣམས་ལ་ནི་གཟུང་འཛིན་བདེན་སྣང་གི་རྟོག་དང་བྲལ་བའི་ཏིང་ངེ་འཛིན་དང་ཡེ་ཤེས་རང་ཡུལ་གསལ་བར་སྣང་བའི་རྣལ་འབྱོར་མངོན་སུམ་ཟག་མེད་ཀྱི་སྤྱན་དང་མངོན་ཤེས་ཀྱིས་བསྡུས་པ་སྐྱེ་བ་ཡིན་ནོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མི་རྟོག་ཏིང་འཛིན་གྲུབ་གྱུར་ནས། འཁྲུལ་པའི་དྲི་མ་རྣམ་བསལ་ནས། འགྲོ་བས་ཀུན་མཁྱེན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཀྱི་དོན་ནི། གཟུངས་སྔགས་འདི་ཉིད་ཀྱི་དོན་སེམས་པ་དང་ཁ་དོན་དུ་བྱས་ན། སངས་རྒྱས་ལ་བརྙས་པ་ལ་སོགས་པའི་ཉེས་པ་ལྔ་སྤོང་ཞིང་། ཁམས་རྒྱས་པ་ལ་སོགས་པའི་ཕན་ཡོན་བཅུ་ཐོབ་པ་ནི་གཞུང་ཇི་ལྟ་བ་བཞིན་ནོ། །འགྲོ་བས་ཉེས་པ་ལྔ་སྤོང་ཞིང་། ཕན་ཡོན་བཅུ་ནི་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་བདུད་དང་ཕྱིར་རྒོལ་བ་བཅོམ་པ་ཞེས་པ་ནས། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མོས་པ་སྤྱོད་པའི་ས་ལ་གནས་པ་མང་པོ་འདུས་ཏེ་འཁོད་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི།

(༣༨༡)དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མོས་པ་སྤྱོད་པའི་ས་ལ་གནས་པ་དེ་དག་ལས་བརྩམས་ཏེ་གཏམ་རྩོམ་པ་མཛད་དོ། །རིགས་ཀྱི་བུ་དག་གལ་ཏེ་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་གང་ཐེག་པ་ཆེན་པ་ཆེན་པོ་ལ་དད་ན་དོན་ཆེ་ཞིང་འབྲས་བུ་ཆེ་སྟེ་ཕན་ཡོན་ཆེའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མོས་པས་སྤྱོད་པ་ལ་ཞུགས་པས་ཐེག་པ་ཆེན་པོ་ལ་དད་པས་མང་དུ་གནས་པར་བྱའོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བསྟན་ལས་ལངས་ཏེ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་ཕན་ཡོན་རྣམས་པ་དུ་ཞིག་མཆིས་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཚད་མེད་པ་དག་གིས་དོན་གྱི་ཕྱིར་ཞུགས་ནས་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་དྲི་བར་སེམས་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཉོན་ཅིག་དང་དོན་དེ་བསྟན་པར་བྱའོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་རྣམས་ཐེག་པ་ཆེན་པོ་ལ་དད་པའི་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། ཐེག་པ་ཆེན་པོའི་ས་ལམ་གྱི་ཡོན་ཏན་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ལེའུ་བཞིར་གནས་པ་ལས། དད་པའི་མཚན་ཉིད་རབ་ཏུ་བྱེ་བ་ཞེས་བྱ་སྟེ་ལེའུ་དང་པོ་དང་། དད་པ་སྐྱེས་པའི་ལེའུ་ཞེས་བྱ་སྟེ་གཉིས་པ་དང་། དད་པའི་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་སྟེ་གསུམ་པ་དང་། དད་པའི་ཕན་ཡོན་བསྟན་པ་ཞེས་བྱ་སྟེ་ལེའུ་བཞི་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་

(༣༨༢)ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྔ་རབས་པ་འགའ་ཞིག་ན་རེ། ཆོས་ཐམས་ཅད་མེད་པ་ཡིན་ཟེར་བ་དང་། ཡོད་པ་མ་ཡིན་ཟེར་བ་དང་། དེ་བཞིན་དུ་རིག་པས་རྟགས་ན་མེད་པ་དང་། མཐར་ཐུག་སྤྱོད་པའི་རིག་ཤེས་ཀྱིས་སྩལ་ན་མེད་པ་དང་། རིགས་ཤེས་ལ་ཆོས་ཅན་མི་སྣང་བ་དང་། མཉམ་བཞག་ལ་ཆོས་ཅན་མི་སྣང་བ་དང་། ཀུན་མཁྱེན་ཡེ་ཤེས་ཀྱིས་ཆོས་ཅན་མ་གཟིགས་པ་དང་། ཆོས་ཐམས་ཅད་མིང་རྐྱང་བརྟགས་ཡོད་ཡིན་པ་དང་། ཆོས་ཐམས་ཅད་བློས་ཕར་བཀོད་པའི་སྒྲོ་བཏགས་ཙམ་མ་གཏོགས་ཡུལ་སྟེངས་ན་མེད་པ་དང་། ཆོས་ཐམས་ཅད་གནས་ཚུལ་ལ་མ་གྲུབ་ཞེས་པ་དང་། དོན་དམ་པར་གྲུབ་པའི་ཆོས་མི་སྲིད་ཞེས་པ་རྣམས་ནི་ཤིན་དུ་རྒྱས་པའི་སྡེ་སྣོད་ལས་ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པ་དང་། བཟོད་མ་ནས་ཞི་བ་དང་། གཟུགས་མེད། ཚོར་བ་མེད་ཞེས་སོགས་གསུངས་པ་རྣམས་སྒྲ་ཇི་བཞིན་པར་ཞེན་པ་ཡིན་ལ་མདོ་འདིའི་ལེའུ་གཉིས་པ་ལས། དེ་ལྟ་བུ་རྣམས་སྒྲ་ཇི་བཞིན་པར་ཞེན་པ་ལ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་ཚུལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་སྒོ་ནས་རྒྱས་པར་བཀག་པ་ཡིན་ནོ། །རང་ལུགས་ནི། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་མ་གྲུབ་པ་སོགས་སུ་བཤད་པར་བྱ་བ་ཡིན་གྱི། ཕྱོགས་སྔ་མ་ལྟར་ན། དགག་བྱ་ཁྱབ་ཆེས་ཏེ། ཆད་པར་ལྟ་བར་འགྱུར་བ་ཡིན་ནོ། །དེས་ན་འདུས་པ་དང་། རྟེན་པའི་ཆོས་རྣམས་རིག་པའི་དགག་བྱ་མ་ཡིན་པར་ཤེས་པར་གྱིས་ཤིག །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བས་རྟེན་འབྲེལ་རྟོགས་གྱུར་ནས། རྟགས་ཆད་ལྟ་བ་རབ་སྤངས་ཏེ། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག།

(༣༨༣)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་ཕུན་སུམ་ཚོགས་པ་ལྔ་ལས། གནས་ནི། བཅོམ་ལྡན་འདས་ཡུལ་འཕགས་རྒྱལ་ན། རྒྱལ་པོ་གཏུམ་པོ་རབ་སྣང་གི་སྐྱེད་མོས་ཚལ་ཤིང་ས་ལ་དང་ཞེས་པ་ནས་གཞི་ནེའུ་སིང་སྔོན་པོ་དང་ལྡན་པའི་ནགས་ཚལ་ཆེན་པོ་མཆོག་ན་ཞེས་པས་བསྟན་ཏོ། །འཁོར་ལས། ཐེག་པ་ཐུན་མོང་པའི་འཁོར་ནི། དགེ་སློང་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། ཚེ་དང་ལན་པ་ཤཱ་རིའི་བུ་དང་། ཞེས་པ་ནས། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ། གདུལ་བའི་འགྲོ་བ་ཇི་ལྟ་བ་དེ་བཞིན་དུ། གཟུགས་ཀུན་དུ་སྟོན་པ་ལ་མཁས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ནི། བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་བདུན་དང་ཉིས་འབུམ་གྱི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་གཅིག་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུགས་ཆེན་དང་ཞེས་པ་ནས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི་དགེ་སྙེན་དང་དགེ་སྙེན་མ་དུ་མ་དང་ཡང་ཐབས་གཅིག་གོ་ཞེས་པ་ནས། མིའི་དབང་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་རྒྱ་ཆེ་བ། གཡོག་འཁོར་འབུམ་ཕྲག་དུ་མ་དང་ལྡན་པ། གང་དག་གནས་པ་དེ་དག་ཐམས་ཅད་ཀྱང་འཁོར་དེ་ཉིད་དུ་འདུས་ཏེ་འཁོད་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་བཅོམ་

(༣༨༤)ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་སྐོར་ཅིང་མདུན་གྱིས་བལྟས་ནས་དཔལ་གྱི་སྙིང་པོ་སེང་གེའི་ཁྲི་ལ་བཞུགས་ཏེ་ཞེས་པ་ནས། དེ་བཞིན་དུ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ལྷམ་མེ་ལྷན་ནེ་ལྷང་ངེའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟ་བུའི་འཁོར་ཆེན་པོ་འདུས་པར་ཡང་རིག་ཅིང་དེ་བཞིན་གཤེགས་པའི་སྐུ་བསྙེན་པར་དཀའ་བ་དེ་ཡང་མཐོང་ནས་འདི་སྐད་དུ་སེམས་ཏེ་ཞེས་པ་ནས། བྱང་ཆུབ་ཀྱི་ལམ་དུ་བཞུགས་པའི་སེམས་ཅན་རྣམས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་རྣམ་པར་བསྒྲུབས་པའི་དགོངས་པའི་ཚུལ་ལ་འཇུག་པར་འགྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་པར་གྲངས་དེ་འཁོར་འདིར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་གྱི་རྟོགས་དཀའ་བར་previous hit དགོངས་ནས། སྟོན་ next hit་མི་གསུང་བའི་ཚུལ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྡེམ་པོའི་ངག་previous hit དགོངས་ཏེ་བསྟན་ next hit་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མོས་པར་དཀའ་བ་ཞེས་པ་ནས། ཆོས་མཆོག་འདི་ལ་དད་པར་མ་གྱུར་པ། དེ་དག་ཡུན་རིང་སྡུག་བསྔལ་ལྟུང་འགྱུར་ཏེ། ཀྱེ་མ་སྡུག་བསྔལ་རྣམས་ལ་གནོད་འགྱུར་ཞེས། དེ་ལ་སྙིང་རྗེ་མངོན་བྱས་དེ་མ་བསྟན། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ནན་གྱིས་ཞུས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་

(༣༨༥)ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདུས་པ་འདི་ནི་དག་པ་ལགས་ཏེ། སྤྱད་པ་རྣམས་ལེགས་པར་སྤྱད་པ། སངས་རྒྱས་འབྱུང་བ་རྣམས་ལེགས་པར་བསྙེན་བཀུར་བགྱིས་པ་ཞེས་པ་ནས། ཆོས་རྒྱལ་ཁྱོད་ལ་བདག་ནི་གསོལ་བ་འདེབས་ལགས་ན། ཆོས་ཀྱི་དམ་པ་གྱ་ནོམ་རབ་ཏུ་བསྟན་དུ་གསོལ། རྫོགས་པའི་སེམས་དཔའ་ཁྱུ་མཆོག་བསྡུ་སླད་དུ། མགོན་པོ་དམ་ཆོས་ཕྱག་མཛོད་དབྱེ་བ་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུངས་པར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །འདི་ལྟར་འཇམ་དཔལ་ཁྱོད་ནི་ཆོས་འདི་དག་ལ་མངོན་སུམ་དུ་གནས་པ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་ཅིང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་ལ་མཁས་པས་ངེས་པར་འབྱུང་བ་སྟེ། འཇམ་དཔལ་ཁྱོད་ནི་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པའོ། །འཇམ་དཔལ་ཁྱོད་ནི་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་བྱ་བར་འདོད་པའོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་འཚལ་ལོ་ཞེས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཆོས་བཅུ་གཉིས་དང་ལྡན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་པར་ཡང་དག་

(༣༨༦)པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་རོ། །བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྟོགས་པའི་དོན་ཚུལ་བཞིན་བསྒོམས་པ་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ལེའུ་དགུར་གནས་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོ་དང་། ཕ་རོལ་དུ་ཕྱིན་པ་བསྟན་པའི་ལེའུ་སྟེ་གཉིས་པ་དང་། ཐབས་ལ་མཁས་པའི་ལེའུ་སྟེ་གསུམ་པ་དང་། ཐེག་པ་གཅིག་ཏུ་བསྟན་པའི་ལེའུ་སྟེ་བཞི་པ་དང་། བདེན་སྨྲ་རྒྱལ་པོའི་དྲུང་དུ་ཕྱིན་པའི་ལེའུ་སྟེ་ལྔ་པ་དང་། རྒྱལ་པོའི་ཚུལ་གྱིས་ལེའུ་སྟེ་དྲུག་པ་དང་། བདེན་སྨྲ་འགྲོན་དུ་མོས་པའི་ལེའུ་སྟེ་བདུན་པ་དང་། ཡོན་ཏན་དང་སྐྱོན་བསྟན་པའི་ལེའུ་སྟེ་བརྒྱད་པ་དང་། བདེན་སྨྲ་ལུང་བསྟན་པའི་ལེའུ་སྟེ་དགུ་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གཅིག་གོ །མཚམས་སྦྱར་བ་ནི། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་སོ། །དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཐབས་ལ་མཁས་པ་ཐོབ་སྟེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི།

(༣༨༧)རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ཞེས་པ་ནས། ཡོན་ཏན་ཚད་མེད་པ་ལས་ཡང་དག་པར་བྱུང་བ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ན་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ལ་གཉུག་མར་གནས་པའི་འཁོར་གྱིས་བསྐོར་བའི་ཚུལ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་ཤིན་དུ་བསྐོར། སློབ་མ་ཤིན་དུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངའ་། ཆོས་ཐམས་ཅད་ལ་མངའ་དབང་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྒྲུབ་པ་ནི་ལེགས་པར་མཁྱེན། དབང་པོ་དམ་པའི་ཕ་རོལ་དུ་ཕྱིན་པ་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམས་པ་ལ་མཁས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མི་འཆད་ཅིང་དགེ་སློང་སྟོང་ཕྲག་དྲུག་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས་དེ་བཞིན་གཤེགས་པའི་བཀའ་ཤིན་དུ་ཞུགས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་ཐེག་པ་ཐུན་མོང་གི་འཁོར་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ཡང་ཐབས་གཅིག་སྟེ་ཞེས་པ་ནས། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་དག་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ། འཁོར་གསར་དུ་བསྡུས་པའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་བྱུང་པ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་དྲུག་བཞེས་ཏེ། ཚངས་པར་སྤྱོད་པ་རྒྱས་པར་གྱུར་པར་མཁྱེན། བྱང་ཆུབ་སེམས་དཔའ་འདུས་པ་ཆེན་པོ་དེ་ཡང་གཟིགས་ཤིང་མཁྱེན་ཏེ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོས་བསྟན་པ་འདི་བཤད་པ་ན་ལྷ་དང་མིར་བཅས་པའི་སྐྱེ་

(༣༨༨)དགུའི་འཁོར་དེ་ལས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཅེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་དེ་ལ་གཟིགས་ནས་ཞེས་པ་ནས། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོའི་ལུས་ལ་ལན་བརྒྱར་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོའི་སྤྱི་གཙུག་ཏུ་མི་སྣང་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ལན་ནི། འོད་དེས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་ཀྱི་རྒྱལ་པོ་ལ་རེག་མ་ཐག་ཏུ་དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འོད་དང་། སེང་གེའི་ཁྲི་དང་། ལུས་བརྒྱ་འགྱུར་དུ་ཟིལ་གྱིས་མནན་ནས་ལྷམ་མེ། ལྷང་ངེ་། ལྷན་ནེའོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་རིག་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནས། དེ་བཞིན་གཤེགས་པའི་བསྟན་པ་ཡང་འཛིན་པར་འགྱུར་བ་དང་། མྱུར་དུ་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་བར་དེ་བཞིན་གཤེགས་པས་བློ་ཤིན་དུ་རྣམ་པར་ངེས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་མངོན་པར་འཕགས་པའི་ཆོས་ཀྱི་སྒོ་དེ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་དངོས་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་ལེགས་སོ་ལེགས་སོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་གཉུག་མར་གནས་པ་དང་གསར་དུ་འདུས་པ་ལ་སོགས་པ་སེམས་ཅན་ཐམས་ཅད་

(༣༨༩)ཀྱིས་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བའི་མདོའི་ཚིག་དོན་མ་ལུས་པ་རྟོགས་ཤིང་མངོན་སུམ་དུ་གྱུར་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྒྱན་དང་། ཏིང་ངེ་འཛིན་གྱི་རྒྱན་དང་། ཤེས་རབ་ཀྱི་རྒྱན་དང་། གཟུངས་ཀྱི་རྒྱན་ཏེ་རྒྱན་ལྔ་དང་། བྱང་ཆུབ་སེམས་དཔའི་སྣང་བ་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ལས་དང་། སེམས་ཅན་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་འཇུག་པ་དང་། སངས་རྒྱས་ཀྱི་འཕྲིན་ལས་འཇུག་པ་དང་། བྱང་ཆུབ་སེམས་དཔའི་གཟུངས་དང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ལས་དང་། ཤེས་རབ་ཀྱི་རྩ་བ་ལ་སོགས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །འཚམས་སྦྱར་བ་ནི། བྱང་ཆུབ་སེམས་དཔའི་རྒྱན་དང་། བྱང་ཆུབ་སེམས་དཔའི་སྣང་བ་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ལས་རྣམས་ཀྱིས་ནི་རྒྱུའི་ཐེག་པ་ཆེན་པོ་བསྟན་ལ། སངས་རྒྱས་ཀྱི་ཐུགས་རྗེ་དང་། འཕྲིན་ལས་གཉིས་ཀྱིས་འབྲས་བུའི་ཐེག་ཆེན་བསྟན་ཏེ། དེ་དག་ནི་རྒྱུ་འབྲས་དོན་གྱི་གོ་རིམས་སོ། །དེ་རྣམས་ཀྱིས་ནི་འཇུག་བྱ་ཐེག་ཆེན་གྱི་རང་བཞིན་བསྟན་ལ། བྱང་ཆུབ་སེམས་དཔའི་གཟུངས་དང་། ཤེས་རབ་ཀྱི་རྩ་བ་ལ་སོགས་པས་ཐེག་ཆེན་ལ་འཇུག་པའི་ཐབས་བསྟན་ཏེ་ཐེག་ཆེན་ལ་འཇུག་པའི་རིམ་པའོ། །རྒལ་ལན་ནི། འགའ་ཞིག་ན་རེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློའི་མདུན་ན་མི་གནས་པ། དེ་ཚེ་རྣམ་པ་གཞན་མེད་པས། དམིགས་པ་མེད་པར་རབ་ཏུ་ཞི། ཞེས་གསུངས་པའི་ཕྱིར་དང་། ཤེས་རབ་སྙིང་པོ་ལས་

(༣༩༠)ལམ་མེད་ཡེ་ཤེས་མེད། ཐོབ་པ་ཡང་མེད་དོ་ཞེས་གསུངས་པའི་ཕྱིར་སངས་རྒྱས་ནས་ཡེ་ཤེས་མེད་དོ་ཞེས་ཟེར་བ་ནི། སངས་རྒྱས་ཀྱི་ཐུགས་རྗེ་དང་། འཕྲིན་ལས་འཇུག་པའི་སྐབས་ནས་རྒྱ་ཆེར་བཀག་པ་ཡིན་ནོ། །གཞུང་སྔ་མ་གཉིས་ཀྱི་previous hit དགོངས next hit་ནི། གོ་རིམས་བཞིན་དུ་བདེན་སྣང་ཅན་གྱི་སེམས་འགགས་པར་བསྟན་ཅིང་ཡེ་ཤེས་བདེན་གྲུབ་འགོག་པ་ཡིན་ནོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའི་རྒྱན་སོགས་དང་། ཐུགས་རྗེ་འཕྲིན་ལས་འགྲུབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་དེ་བཞིན་གཤེགས་པའི་གནས་ཞེས་པ་ནས། ཕྱི་མའི་མཐའི་བསྐལ་པར་མངོན་དུ་བསྟོད་པ། ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མེད་པ་ན་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ལ་འཁོར་གྱིས་བསྐོར་ཚུལ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར་ཞེས་པ་ནས། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་ཐེག་པ་ཐུན་མོང་བའི་འཁོར་གྱིས་བསྐོར་བ་དང་། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་པ་གཞལ་དུ་མེད་པ་ཚད་མེད་པ་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་གཅིག་སྟེ་ཞེས་པ་ནས། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་

(༣༩༡)ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་པ་གཞལ་དུ་མེད་པ་ཚད་མེད་པ་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་གཅིག་སྟེ་ཞེས་པ་ནས། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་པ་གཞལ་དུ་མེད། དཔག་གིས་མི་ལང་བརྗོད་དུ་མེད་པ་དག་དང་ཡང་ཐབས་གཅིག་གོ་ཞེས་པས་ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་རབ་ཏུ་སྟོན་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་འོང་བའི་བལྟས་དང་། འོང་པའི་ཚུལ་དང་། འོངས་ནས་ཇི་ལྟར་ཞུས་པའི་ཚུལ་རྣམས་སྟོན་པ་ནི། འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ནམ་མཁའི་དཀྱིལ་ནས་འཁོད་ཅིང་བཀོད་པ་ཆེན་པོའི་ཁང་པ་བརྩེགས་པའི་ནང་ན་བདག་འདུག་པ་སྙམ་དུ་སེམས་སོ། །ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གང་དག་སྦྱིན་པ་ནམ་མཁའ་དང་མཚུངས་པ་རྣམས་ལས་ཞེས་པའི་དྲི་བ་ནས། མྱུར་དུ་ཐེག་པ་ཆེན་པོ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ཐོབ་པར་འགྱུར་བ་ལགས་ཞེས་པའི་བར་དུ་དྲི་བ་ཉི་ཤུ་རྩ་གསུམ་པོ་དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་པ་བུ་དམ་པ་ཁྱོད་ལེགས་ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བ་ལེགས་སོ། །དོན་འདི་འདྲི་བར་སེམས་པ་ལེགས་སོ་འདི་ལྟ་སྟེ་ཞེས་པ་ནས་གཞུང་རྫོགས་པའི་བར་

(༣༩༢)གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་ནམ་མཁའ་མཛོད་ཀྱིས་དྲིས་པའི་དོན་རྣམས་རྟོགས་ཤིང་ཐོབ་པའོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གང་དག །སྦྱིན་པ་ནམ་མཁའ་དང་མཚུངས་པ་རྣམས་ལགས་ཞེས་པ་ནས། མྱུར་དུ་ཐེག་པ་ཆེན་པོ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཐོབ་པར་འགྱུར་ལགས་ཞེས་པའི་བར་གྱིས་དྲི་བ་ཉི་ཤུ་རྩ་གསུམ་གྱི་ལན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ་གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །མཚམས་སྦྱོར་ན་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནས། རྫོགས་པའི་སངས་རྒྱས་འཐོབ་པའི་བར་དུ་ཐེག་པ་ཆེན་པོ་ཉམས་སུ་ལེན་པའི་རིམ་པའོ། །རྒལ་ལན་ནི། ནམ་མཁའ་སྟོང་པའི་མཛོད་ལས། དགོས་འདོད་རྣམས་ཇི་ལྟར་འབྱུང་ཞེ་ན། སྔོན་གྱི་སྨོན་ལམ་དང་། སྦྱིན་པའི་ནུས་པ་དང་། ཏིང་ངེ་འཛིན་གྱི་མཐུ་རྣམས་ལས་དེ་ལྟར་འབྱུང་བའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང། ནམ་མཁའ་མཛོད་འདྲའི་བྱང་སེམས་དང་། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་ཁྱམས་དེ་བཞིན་གཤེགས་པའི་གནས། བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ་ཞེས་པ་ནས། ཡོན་ཏན་གྱི་ཚོགས་ཐམས་ཅད་དང་དཔག་ཏུ་མེད་པ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལས་གཉུག་མར་གནས་པའི་འཁོར་གྱིས་བཅོམ་ལྡན་འདས་ལ་བསྐོར་བ་ནི། བཅོམ་

(༣༩༣)ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་ཤིན་དུ་བསྐོར། སློབ་མ་ཤིན་དུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངའ། ཆོས་ཐམས་ཅད་ལ་མངའ་དབང་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྒྲུབ་པ་ནི་ལེགས་པར་མཁྱེན། དབང་པོའི་དམ་པའི་ཕྲོལ་དུ་ཕྱིན་པ་ནི་བརྙེས། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་མཁས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མི་ཆད་ཅིང་། དགེ་སློང་འབུམ་ཕྲག་དྲུག་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ་ཞེས་པ་ནས། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་གསུངས་སོ། །སྟོན་ཏོ་རབ་ཏུ་འཆད་དོ། །འཛིན་དུ་འཇུག་གོ །ཀློག་ཏུ་འཇུག་གོ །ཤེས་རབ་མཛད་དོ །རྣམ་པར་ཤེས་པར་མཛད་དོ། །རབ་ཏུ་ཤེས་པར་མཛད་དོ། །རྣམ་པར་འབྱེད་དོ། །རྣམ་པར་འགྲེལ་ཏོ། །གསལ་བར་མཛད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་བློ་གྲོས་རྒྱ་མཚོ་འོང་བའི་ལྟས་དང་། འོངས་ནས་ཞུ་བའི་སྐབས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ཤིན་དུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་ཏུ་སའི་སྟེང་ནས་བཟུང་བ་ཡན་ཅད་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལ་ཐུག་པའི་བར་ཆུས་ཡོངས་སུ་གང་པའི་རྒྱ་མཚོ་གཅིག་ལྟར་ཀུན་ཏུ་སྣང་སྟེ། འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་

(༣༩༤)སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ་དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ངས་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་སོགས་པས་ཇི་ལྟར་ཞུས་པའི་མདོའི་དོན། ཤིན་དུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ལ་སོགས་པ་རྣམས་རྟོགས་ཤིང་དམ་པའི་ཆོས་ཡོངས་སུ་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ལེའུ་བཅུ་གཉིས་སུ་གནས་པ་ལས། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ལེའུ་སྟེ་དང་པོ་དང་། གནོད་པ་བཟོད་པ་དང་། ངེས་པར་འབིགས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པ་དང་། ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་གསུམ་པ་དང་། དཔེ་བསྟན་པའི་ལེའུ་སྟེ་བཞི་པ་དང་། བརྩོན་འགྲུས་བརྩམས་པའི་ལེའུ་སྟེ་ལྔ་པ་དང་།

(༣༩༥)སངས་རྒྱས་ཀྱི་ཆོས་བསྟན་པའི་ལེའུ་སྟེ་དྲུག་པ་དང་། ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་པ་རྣམས་ཀྱིས་ཕྱེད་གོང་མ་དང་། ཐེག་པ་ཆེན་པོའི་ཡོན་ཏན་བརྗོད་པའི་ལེའུ་སྟེ་བརྒྱད་པ་དང་། ཡོངས་སུ་བསྔོ་བའི་ལེའུ་སྟེ་དགུ་པ་དང་། སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། སངས་རྒྱས་ཀྱི་ཞིང་ཀུན་དུ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ་དང་། མདོ་སྡེ་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅུ་གཉིས་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །མཚམས་སྦྱར་བ་ནི། ཕྱེད་གོང་མས་རྟོགས་པའི་རིམ་པ་དང་། ཕྱེད་ཕྱི་མས་མ་ཚང་བ་བསྐང་བའོ། །རྒལ་ལན་ནི། ཁ་ཅིག་ན་རེ། བདུད་སྡིག་ཅན། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རྣམ་པ་ཀུན་དུ་འཐོ་མཚམ་པའི་ཕྱིར། སྡིག་ཅན་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མདོ་སྡེ་འདི་ཉིད་ཀྱི་ལེའུ་བཅུ་གཅིག་པ་ལས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་དེ་མཐོང་ངམ། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བདག་གིས་འཇིག་རྟེན་གྱི་ཁམས་ཇི་ཙམ་དུ་ཡོངས་སུ་དག་པ་དེ་མཐོང་སྟེ་ཇི་ལྟར་དག་ཅིང་དྲི་མ་མེད་པའི་སེམས་ཅན་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་དེ་ངོ་མཚར་ཏོ། །བདག་གིས་དེ་མཐོང་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྨྲས་པ། གྲོགས་པོ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ཁྱོད་ཀྱི་ད་བདུད་ཀྱི་ལས་ལྟ་བྱེད་དམ། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གང་གིས་ཀྱང་བདུད་ཀྱི་ལས་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་

(༣༩༦)དཔའ་རྣམས་ལ་ཇི་ལྟ་ཇི་ལྟར་བདུད་ཀྱིས་ལས་བྱེད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆེས་སྟོབས་དང་ལྡན་ཞིང་བརྩོན་འགྲུས་རྩོམ་མོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱི་ལས་བྱེད་པ་དེ་ཉིད། སངས་རྒྱས་ཀྱི་འཕྲུན་ལས་སུ་བརྗོད་ཀྱི་བདུད་ཀྱི་ལས་ནི་མ་ཡིན་པ་དེ་ལྟར་རིག་པར་བྱའོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། བློ་གྲོས་རྒྱ་མཚོ་ཇི་བཞིན་དུ། ཐེག་པ་མཆོག་ལ་རབ་ཞུགས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མངོན་པར་ཤེས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་ཞེས་པ་ནས། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སྟོང་དག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །ལྷ་ཐམས་ཅད་ཀྱི་བཀོད་པས་ལེགས་པར་བརྒྱན་པའི་སེང་གེའི་ཁྲི་ལ་རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་གྱེན་དུ་འཕགས་པ་བཞིན་

(༣༩༧)དུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་ལྷམ་མེ་ལྷན་ནེ་ལྷང་ངེ་ཞིང་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཀླུའི་རྒྱ་མཚོ་འོང་བའི་ལྟས་དང་། འོངས་ནས་ཇི་ལྟར་ཞུས་པ་ནི། དེ་ལྟར་འདུས་པའི་འཁོར་དེའི་ནང་ན་དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པའི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་གདུགས་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང་ལྡན་ཞིང་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཞིག་བྱུང་སྟེ་རིན་པོ་ཆེའི་གདུགས་དེས་ཐམས་ཅད་དང་ལྡན་པའི་གླིང་བཞི་པ་ཆེན་པོའི་འཇིག་རྟེན་འདི་ཀུན་དུ་ཁེབས་པར་གྱུར་ཏོ་ཞེས་པ་ནས། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་སྐབས་ཆེ་བ་ནི། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་རྒྱལ་པོ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་ཀྱིས་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བ་ལུང་བསྟན་པའི་སྐབས་ཕྱེ་ནས་ཞེས་པས་བསྟན་ཏོ། །ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་བཞོལ་བ་དང་། བཟོད་པ་ཐོབ་པ་དང་། ལུང་བསྟན་པ་ཐོབ་པ་ལགས་དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་

(༣༩༨)དངོས་ནི། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་ལེགས་སོ་ལེགས་སོ། །ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་དྲིས་པར་སེམས་པ་ནི་ཀླུའི་བདག་པོ་ལེགས་སོ། །ཀླུའི་བདག་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ཏོ། །ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་དང་ཀླུའི་རྒྱལ་པོ་རྒྱ་མཚོ་འཁོར་བཅས་ལ་སོགས་སེམས་ཅན་རྣམས་ཀྱིས་མདོའི་དོན་ཉམས་སུ་བླངས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ལེའུ་བཅུར་གནས་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོ་དང་། རྒྱ་མཚོ་སྨོན་ལམ་གྱི་ལེའུ་གཉིས་པ་དང་། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ལེའུ་སྟེ་གསུམ་པ་དང་། ཟ་མ་ཏོག་གི་གཟུངས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་བཞི་པ་དང་། ལུང་བསྟན་པའི་ལེའུ་སྟེ་ལྔ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་ཞེས་བྱ་བའི་ལེའུ་དྲུག་པ་དང་། ཀླུ་ཡོངས་སུ་སྐྱབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་ལུང་བསྟན་པའི་ལེའུ་སྟེ་བརྒྱད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ལེའུ་སྟེ་དགུ་པ་དང་། ཆོས་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། ལེའུ་བརྒྱད་པ་ལས། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་།།།འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་གཤེགས་པ་ན་ཆབ་ཀྱི་ཚོགས་དེ་ན་མཆིས་པ་དེ་གང་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་

(༣༩༩)སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་དགེ་སློང་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སྟོང་གསུམ་གྱི་སྟོ་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་པར་མཐོང་ན། དེའི་ཆུའི་ཕུང་པོ་དེ་དག་དུ་སོང་། གསོལ་པ། བཅོམ་ལྡན་འདས་དེ་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སེམས་དེ་ལྟ་བུར་ལས་སུ་རུང་བར་གྱུར་པ་ལགས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ཉན་ཐོས་ཀྱི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་དབང་ཐོབ་པའི་སེམས་ལས་སུ་རུང་པ་ལས་གྱུར་པར་འདོད་ན་དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་བཞག་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་མཁས་པ། སེམས་ལ་དབང་ཡོད་པ། ཆོས་ཐམས་ཅད་ཀྱི་དབང་ཕྱུག །ཆོས་ལ་དབང་ཡོད་པ་ནི་དེ་ལྟར་མི་འདོད་དམ། རྒྱལ་པོ་ཆེན་པོ་གང་གི་ཚེ་ང་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ་ཆུ་དེའི་ནང་ན་གནས་པའི་སེམས་ཅན་རྣམས་ནི་བདག་ཉིད་ཆུ་ནང་ན་གནས་སོ་སྙམ་དུ་འཛིན་ཏོ། །སྐམ་པ་ལ་གནས་པའི་སེམས་ཅན་རྣམས་ཀྱིས་ནི་རྒྱ་མཚོ་ཆེན་པོ་སྐམས་པར་མཐོང་ངོ་ཞེས་གསུངས་པའི་ཕྱིར། དེའི་ཚེ་ན་རྒྱ་མཚོ་ཆེན་པོ་སྐམས་པ་ཡང་ཡིན་ལ་མ་སྐམས་པ་ཡང་ཡིན་ཏེ། སྐམ་ན་གནས་པའི་རིགས་རྣམས་ཀྱིས་ནི་སྐམས་པར་མཐོང་ལ། ཆུ་ན་གནས་པའི་རིགས་རྣམས་ཀྱིས་ནི་མ་སྐམས་པར་མཐོང་པའི་ཕྱིར་རོ། །དེས་ན། ཆུ་སྐམས་པ་དང་། མ་སྐམས་པ་གཉིས་ཀར་ཚད་མས་གྲུབ་པས་ན། ཆུ་སྐམས་པ་དང་མ་སྐམས་པ་མི་འགལ་བ་ཡིན་ནོ། །དེ་བཞིན་དུ་མཁར་ཞོང་གཅིག་གི་ནང་གི་ཆུ་ལ་འགྲོ་བ་རིགས་དྲུག་གིས་མཐོང་བའི་ཚེ་ན། ལྷས་བདུད་རྩིར་མཐོང་། ལྷ་མ་ཡིན་གྱིས་མཚོན་ཆར་མཐོང་། མིས་ཆུར་མཐོང་། ཉས་གནས་ཁང་དུ་མཐོང། ཡི་དགས་ཀྱི་རྣག་ཁྲག་ཏུ་མཐོང་། དམྱལ་བས་ལྕགས་བསྲེགས་དུ་མཐོང་ལ། མཐོང་བ་དྲུག་པོ་འདི་

(༤༠༠)རང་ས་རང་སའི་།།།ཚད་མས་གྲུབ་པ་ཡིན་པས། དོན་གཅིག་ཉིད། དོན་དྲུག་ཁ་ཡིན་པ་མི་འགལ་ལོ། །ཞེས་ཟེར་བ་ནི་ལུང་གི་previous hit དགོངས next hit་མ་ཡིན་ཞིང་རིགས་པས་གནོད་དེ། ལུང་གི་previous hit དགོངས next hit་ནི། སྐམ་པ་ལ་གནས་པའི་སེམས་ཅན་རྣམས་ཀྱིས་རྒྱ་མཚོ་ཆེན་པོ་སྐམས་པར་མཐོང་ཞེས་པའི་དོན་ནི། སྐམ་པ་ལྟ་བུར་བྱིན་གྱིས་བརླབ་པས། ཆུའི་གནོད་པ་མ་མཐོང་པ་ཡིན་གྱི་ཆུ་མེད་པར་ཚད་མས་གྲུབ་པ་མ་ཡིན་ཏེ། རྒྱ་མཚོ་ཆེན་པོའི་ནང་གི་སེམས་ཅན་ཆུས་འཚོ་བ་རྣམས་ཀྱི་ཚད་མའི་སྟོབས་ཀྱིས་ཆུ་གྲུབ་པའི་ཕྱིར་རོ། །དཔེར་ན་གོང་དུ་དགེ་སློང་མེའི་ཟད་པར་གྱི་ཏིང་ངེ་འཛིན་གྲུབ་པས། སྟོང་གསུམ་མེས་ཁྱབ་པར་བསྒོམས་པ་ན། དགེ་སློང་དེ་ལ་ཆུ་མི་སྣང་ཡང་། ཆུ་མེད་པ་མ་ཡིན་པ་བཞིན། སྐམ་གྱིས་འཚོ་བ་རྒྱ་མཚོར་ཞུགས་པ་རྣམས་ལ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་ཆུ་མི་སྣང་ཡང་ཆུ་མེད་པ་མ་ཡིན་ནོ། །ཞེས་གསུངས་པ་ལུང་གི་previous hit དགོངས next hit་ཡིན་ནོ། །དངོས་པོ་གཅིག་གི་སྟེང་ན་ཆུ་ཡིན་པར་ཚད་མས་གྲུབ་པ་ལ། ཆུ་མ་ཡིན་དུ་ཚད་མས་གྲུབ་པ་མི་སྲིད་དོ། །དེ་ལྟ་བུའི་དངོས་འགལ་གྱི་ཕྱོགས་གཉིས་ཀ་ཚད་མས་གྲུབ་པའི་འགལ་བ་ལ་མི་འཁྲུལ་པའི་ཚད་མ་ནི་རིགས་པ་མཁྱེན་པ་ཐམས་ཅད་ཀྱིས་བཀག་པ་ཡིན་ནོ། །འཁར་ཞོང་ནང་གི་ཆུ་ལྟ་བུ་གཅིག་ལ་ཡང་། འགལ་བ་དྲུག་ཚད་མས་གྲུབ་པ་མི་སྲིད་ཅིང་། མི་ལྟ་བུ་གཅིག་གི་ཚད་མས་ཆུ་ཡིན་པར་གྲུབ་པའི་དངོས་པོ་དེ་ཉིད་ཆུ་མ་ཡིན་ལྔ་རུ་མཐོང་བ་རྣམས་ནི་འཁྲུལ་པ་ཡིན་ནོ། །སྤྱིར་གྱིས་ལྷ་རྣམས་ཀྱིས་ཆུ་བདུད་རྩིར་མཐོང་བ་ཡང་མ་ཡིན་ཏེ། ལྷ་རང་གི་གནས་ན་འང་། ཆུ་དང་བདུད་རྩི་སོ་སོར་ཡོད་པའི་ཕྱིར་དང་། གམ་གཱ་དང་། རྒྱ་མཚོ་སོགས་ཆུར་སྣང་བ་ཡིན་གྱི། བདུད་རྩིར་སྣང་བ་མ་ཡིན་ནོ། །ལྷ་མ་ཡིན་རྣམས་ལའང་། ཆུར་སྣང་བ་དང་། མཚོན་ཆར་སྣང་བ་སོ་སོར་ཡོད་ཅིང་། ཡི་

(༤༠༡)དགས་འཁྲུལ་པ་འགའ་ཞིག་ལ། རྣག་ཁྲག་ཏུ་སྣང་ཡང་། ཡི་དག་ཕལ་ཆེ་བ་ལ་ཆུར་སྣང་བ་ཡིན། དམྱལ་བ་ལའང་། ཆུ་ཐམས་ཅད་ལྕགས་བསྲེགས་སུ་སྣང་བ་མ་ཡིན་ཏེ། འཕགས་པ་དག་གིས་ཆུ་རྒྱུན་ཕབ་ནས་ཚ་བ་ཞི་བར་བྱེད་པ་དང་། གྲང་དམྱལ་བ་རྣམས་ལ་གྲང་བའི་རེག་བྱར་སྣང་བའི་ཕྱིར་རོ། །འདི་ལྟ་བུའི་དོན་མ་གོ་བར། རིགས་དྲུག་གི་ཆུ་ལྟ་བུ་གཅིག་ལ་བལྟས་པའི་ཚེ་ན། སྣོད་གཅིག་ཏུ་རྫས་འགལ་བ་དྲུག་ཀ་ཚོགས་པ་ཡིན་ནོ་ཞེས་ཟེར་བ་ཡང་ཤིན་དུ་འཁྲུལ་ཏེ། དེ་ལྟ་བུ་ཀུན་མཁྱེན་ཡེ་ཤེས་ཀྱིས་ཁེགས་པའི་ཕྱིར་རོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རྒྱ་མཚོས་ཞུས་པའི་མདོ་རྟོགས་ནས། མྱུར་དུ་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུའི་རྒྱ་པོ་རྒྱ་མཚོས་ཞུས་པ་ཐེག་པ་ཆེན་པོའི་མདོ་འབྲིང་པོ་ནི། གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་ན་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀླུའི་རྒྱ་མཚོའི་འཁོར་གྱི་ཁྱམས་བཀོད་པ་ན་ཞེས་པས་བསྟན་ཏོ། །འཁོར་ཆེན་པོ་ནི་དགེ་སློང་བརྒྱ་སྟོང་གི་དགེ་འདུན་ཆེན་པོ་དང་ཞེས་པ་ནས། ལྟོ་འཕྱེ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་འདུས་པར་མཁྱེན་ནས་ཀླུའི་རྒྱལ་པོ་ལ་བཀའ་སྩལ་པ། ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ལས་རྣམ་པ་སྣ་ཚོགས་ཀྱིས་བསྐྱོད་ནས་སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱི་ལས་རྣམ་པ་སྣ་ཚོགས་མངོན་པར་ཞེན་འདུ་བྱ་བ་མངོན་པར་འདུ་བྱེད་དེ་ཞེས་པ་ནས་གཞུང་

(༤༠༢)རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། དགེ་བ་བཅུ་ལ་བརྟེན་ནས་བྱང་ཆུབ་གསུམ་གང་མོས་མངོན་དུ་བྱེད་པའོ། །བསྡུས་པའི་དོན་ནི། མི་དགེ་བཅུ་སྤོང་ཞིང་དགེ་བ་བཅུ་བསྒྲུབས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བསྡུས་པ་འདིའི་ཕུན་སུམ་ཚོགས་པ་ལྔ་ནི་གོ་སླའོ། །དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཀླུའི་བདག་པོ་ཆོས་ཀྱི་མདོ་བཞི་པོ་འདི་དག་བརྗོད་ན་གང་དག་བརྗོད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་པར་འགྱུར་པ་རྣམས་ཡིན་ནོ་ཞེས་པ་ལྟར་རོ། །བསྡུས་པའི་དོན་ནི། ཆོས་ཀྱི་སྡོམ་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད། མྱ་ངན་ལས་འདས་པ་བཞི་ཞེས་བའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། མདོ་ཕྱི་མ་འདི་གཉིས་དགེ་བཅུ་དང་། ཆོས་ཀྱི་སྡོམ་བཞི་ཙམ་ལས་མི་སྟོན་པས། བཀའ་དང་པོ་དང་འཐུན་ནའང་། མདོ་རྒྱས་པ་ནི་ཐ་མར་གཏོགས་ཤིང་ཕྱི་མ་གཉིས་འདིའི་ཆ་ཤས་བསྡུས་པར་སྣང་བས་དེ་དང་མཐུན་པར་བྱས་སོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་བ་དགེ་ལ་གནས་པ་དང་། ཆོས་ཀྱི་སྡོམ་བཞི་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།

(༤༠༣)བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་ཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་ཕྲག་དུ་མས་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་གསོལ་པ་ནི། དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་བཅུ་བརྒྱད་དང་ཞེས་ནས། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཀླུའི་རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་ཁྱོད་སེམས་ཅན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་ལ་ཅི་འདྲི་བ་ཞིག་ཡོངས་སུ་འདྲི་བར་འདོད་ཞེས་པས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། གསོལ་པ། བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་མཆོག །སེམས་ཅན་ཆེན་པོ། སྐྱེས་བུ་དམ་པ། སེང་གེ་ལྟར་རྣམ་པར་རྩེན་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་གཤེགས་པ་ལ་ཡོངས་སུ་ཞུ་བར་འཚལ་ལོ་ཞེས་པ་ནས། སྟོང་པ་མཚན་མེད་སྨོན་མེད་རྣམ་གྲོལ་དང་། སྒྱུ་མ་མིག་རྒྱུ་ལྟ་བུར་ཆོས་ངེས་དང་། འདུས་བྱས་རྨི་ལམ་ངོ་བོ་ཉིད་མོས་པ། དེ་ནི་མ་སྨད་བདག་ལ་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་ཁྱོད་ཇི་ལྟར་སྔོན་གྱི་དགེ་བའི་རྩ་བའི་རྒྱུ་འཐུན་པ་དང་། སྙིང་རྗེ་ཆེན་པོས་གསོལ་བ་མ་བཏབ་

(༤༠༤)བར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་བྱེད་པ་དང་། འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རིགས་རྒྱུན་མི་གཅོད་པས་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ཡང་ལེགས་སོ། །ཀླུའི་བདག་པོ་དེའི་ཕྱིར་ལེགས་པར་ཤིན་དུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་དག་དང་། ཡོན་ཏན་གྱི་ཁྱད་པར་གཞན་དག་ཀྱང་ཐོབ་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་དྲི་བ་ཉི་ཤུ་ལ་སོགས་པ་མདོའི་དོན་མ་ལུས་པ་འཁོར་ཆེན་པོ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་རྟོགས་ཤིང་ཐོབ་པའོ། །བསྡུས་པའི་དོན་ནི། མ་དྲོས་པས་ཞུས་པའི་དྲི་བ་ཉི་ཤུའི་དོན་རྣམས་ཐོབ་པའི་ཐབས་རྣམས་རྒྱ་ཆེར་བསྟན་པའོ། །ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། འགའ་ཞིག་ན་རེ། དབུ་མའི་ལྟ་བའི་དོན་ནི། མ་བརྟགས་རང་འགར་འཇུག་པའི་བློ་ངོ་དང་། འཁྲུལ་པའི་ངོ་ན་ནི་ཐམས་ཅད་ཡོད་པ་ཡིན་ལ། བརྟགས་ཤིང་དཔྱད་པ་དང་མ་འཁྲུལ་པའི་ངོ་ན་ཆོས་རྣམས་ཅི་ཡང་མེད་པ་ཡིན་ནོ། །དེས་ན། མ་བརྟགས་མ་དཔྱད་པའི་ངོ་དང་། འཁྲུལ་ངོ་ན་ཡོད་པའི་ཕྱིར་ཆད་པ་ཡང་མ་ཡིན་བརྟགས་ཤིང་དཔྱད་པ་དང་། མ་འཁྲུལ་བའི་ངོ་ན་མེད་པའི་ཕྱིར། རྟག་པ་ཡང་མ་ཡིན་ནོ། །དེས་ན། དེ་ལྟ་བུའི་རྟག་ཆད་སྤངས་པ་ནི་དབུ་མའི་དོན་ཡིན་ནོ་ཞེས་ཟེར་བ་ནི་མདོའི་previous hit དགོངས next hit་མ་ཡིན་ཏེ། དེ་ལྟ་བུས་ནི་རྟག་ཆད་གཉིས་ཀ་ཁས་བླངས་པས་དབུ་མའི་ལུགས་ལས་ཤིན་དུ་འདས་པ་ཡིན་ནོ། །འོ་ན། དབུ་མའི་དོན་གང་ཡིན་ཞེ་ན། དབུ་མའི་དོན་

(༤༠༥)ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། གྲུབ་མཐས་ཀུན་བརྟགས་པའི་མ་རིག་པའི་དབང་གིས། གང་ཟག་དང་། གཟུང་འཛིན་ངོ་བོ་ཉིད་ཀྱིས་ཡོད་པར་སྒྲོ་བཏགས་པ་དང་། བརྟགས་ཤིང་དཔྱད་ན་གཏན་མེད་ཅེས་སྐུར་བ་བཏབ་པའི་མཐའ་གཉིས་གྲོལ་བའི་རྟེན་ཅིང་འབྲེལ་པར་འབྱུང་པར་ལྟོས་གྲུབ་ཙམ་དུ་ལུང་རིགས་ཀྱིས་གཏན་ལ་ཕབ་པའི་དོན་བསྒོམས་པས། བསྒོམ་བྱུང་གི་བློ་མ་འཁྲུལ་བས་རྟག་ཆད་ལས་འདས་པའི་རྟེན་འབྲེལ་ལྟོས་གྲུབ་ཙམ་རྟོགས་པ་ཡིན་ནོ། །དེ་ལྟར་ཡིན་པར་ཡང་། མདོ་འདི་ཉིད་ནས། མཁས་པ་རྟེན་པའི་ཆོས་ལ་མོས་པ་དག །མཐར་ལྟ་བ་ལ་གནས་པར་མི་བྱེད་ཅིང་། རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། ཆོས་ནི་རྒྱུ་རྐྱེན་བཅས་པར་རབ་ཏུ་ཤེས། རྐྱེན་ལས་སྐྱེས་པ་གང་ཡིན་དེ་ལ་སྐྱེས། དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །རྐྱེན་ཁར་གང་ལས་དེ་ནི་མཚན་མ་མེད། སྨོན་ལམ་ལྡན་པ་ཞི་ཞིང་ཉེ་བར་ཞི། མི་གཡོ་བེམས་པོ་རྩྭ་དང་ཤིང་ལྟ་བུ། དེ་ལ་བདུད་ཀྱི་ཡུལ་ནི་ཡོད་མ་ཡིན། རྐྱེན་གྱི་ཁར་ལས་འདི་ནི་གང་ཤེས་པ། དེ་ཉིད་ང་དང་ང་ཡི་འབྱུང་མི་འབྱུང་། དེ་ནི་བདག་མེད་བདག་གིས་མ་ཡིན་པར། དེ་ལྟར་གང་ཤེས་དེ་ནི་བག་ཡོད་པའོ། །རྗེ་ཡོང་མ་ཡིན་ཡོངས་སུ་འཛིན་མེད་པ། བཟུང་བ་མེད་ཅིང་གྲོལ་བར་བྱ་བ་མེད། བཅིངས་མེད་གྲོལ་མེད་རང་བཞིན་འོད་གསལ་བར། ཆོས་རྣམས་རྟག་ཏུ་ཤེས་པ་བག་ཡོད་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ལས་བྱུང་པའི་དགེ་བ་འདིས། འགྲོ་བས་ཡང་དག་དོན་རྟོགས་ཏེ། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །

(༤༠༦)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལན་འདས་རྒྱལ་པོའི་ཁབ་ན། རི་བྱ་རྒོད་ཕུང་པོ་ལ། འཁོར་ནི་དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དེ་འདུན་ཆེན་པོ་ཞེས་པ་ནས། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ལ། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་ཞུས་པ་དང་། དྲི་ཟའི་རྒྱལ་པོ་སྡོང་པོས་ཞུས་པ་དང་གཉིས་ལས། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པ་དེས་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་འདུས་པར་རིག་ནས་བསྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ་ཞེས་པ་ནས། བཅོམ་ལྡན་འདས་གལ་ཏེ། བདག་གིས་ཞུས་པ་ལུང་བསྟན་པའི་སླད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐབས་དབྱེ་བར་སྣང་ན་བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་སྐབས་དབྱེ་བར་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ་དང་དེའི་ལུང་བསྟན་

(༤༠༧)བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པས་གསུང་བར་ཞལ་གྱིས་བཞེས་པ་དང་། ཞུ་བ་པོས་ཉན་པར་ཁས་བླངས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་གྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་ཅིང་ཞེས་པས་བསྟན་ཅིང་ཞུ་བ་དངོས་ནི། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤོབས་པ་སྣ་ཚོགས་ཀྱིས་རྒྱན་དང་ལྡན་པ་རྣམས་ལགས་ཞེས་པ་ནས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཐོབ་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་ལེགས་སོ་ཞེས་པ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བཏུད་མངོན་པར་བཏུད་ནས་ཕྱག་འཚལ་བར་གྱུར་ཏོ། །དེ་མ་ཡིན་པ་ཤིང་གཞན་ཐམས་ཅད་ལས་ཀྱང་མེ་ཏོག་དག་དང་། འབྲས་བུ་སྣ་ཚོགས་སྐྱེས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བཏུད་མངོན་པར་བཏུད་ནས་ཕྱག་འཚལ་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་གཉིས་པ། དྲི་ཟའི་རྒྱལ་པོ་སྡོང་པོ་འོང་པའི་ལྟས་དང་བཅས་ཏེ་འོངས་ནས་ཞུས་པ་ནི། ས་ཆེན་པོ་ལས་སད་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་སྣ་ཚོགས་བལྟ་ན་སྡུག་པ་ཁ་དོག་དང་ལྡན་པ་དྲི་དང་ལྡན་པ་ཡིད་དུ་འོང་པ་སྐྱེས་སོ། །སྣང་པ་ཆེན་པོས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསལ་བར་གྱུར་ཏོ་ཞེས་པ་ནས་དེ་ནས་བཅོམ་ལྡན་འདས་ལ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དཀོན་མཆོག་འབྱུང་གནས་ཞེས་བགྱི་བ་མཆིས་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ལ་བརྟེན་ན་ཡོན་ཏན་རིན་པོ་ཆེའི་ཁྱད་པར་གྱི་ཆོས་ཐམས་ཅད་

(༤༠༨)ཐོབ་པར་འགྱུར་རོ་ཞེས་བགྱི་བ་ཞིག་བདག་གིས་ཐོས་ན། བཅོམ་ལྡན་འདས་གང་ཐོས་པས། བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་རིན་པོ་ཆེའི་ཁྱད་པར་གྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་བར་བགྱི་བའི་སླད་དུ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཀོན་མཆོག་འབྱུང་གནས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་འམ་ཅིའི་བདག་པོ་དེའི་ཕྱིར་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཀོན་མཆོག་འབྱུང་གནས་ངས་ཁྱོད་ལ་བཤད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པ་སེམས་ཅན་རྣམས་ཀྱིས། བྱང་ཆུབ་སེམས་དཔའི་ལྷའི་ཅོད་པན་དང་། དྲི་ཟའི་རྒྱལ་པོ་སྡོང་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་བརླབས་པོ་ཆེ་རྣམས་རྟོགས་ཤིང་ཉམས་སུ་བླངས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་དྲིས་པ་ལན་དང་བཅས་པ་དྲི་ཟའི་རྒྱལ་པོ་སྡོང་པོས་ཞུས་པ་ལན་དང་བཅས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་འབྲས་བུ་དང་བཅས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། མདོ་འདི་ཉིད་ཀྱི་གཤམ་ནས། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་ནི་སྟེང་གི་བར་སྣང་ལ་ཀྱེ་མ་བདག་ཅག་གིས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་བསྐོར་བ་འདི་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་གང་ཡང་ཆོས་ཀྱི་རྣམ་གྲངས་འདི་བསྟན་ཏེ་བཤད་ནས། སེམས་ཅན་གྱི་དོན་མཛད་པ་གང་ལགས་པ་འདི་ནི་གྲོང་ཁྱེར་འཁོར་མོ་འཇིག་ཏུ་ཆོས་ཀྱི་འཁོར་ལོ་གཉིས་པ་མ་ཡིན་གྱི། ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོ་གཉིས་སུ་བྱས་པའི། གཉིས་པ་

(༤༠༩)ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་བླ་ན་ཡོད་མེད་གཉིས་སུ་བྱས་པའི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་ཞེས་པའི་དོན་ཡིན་ནོ། །འོན་ཀྱང་བཀའ་འཁོར་ལོ་བར་པ་དང་། ཐ་མ་གཉིས་གསུང་ཚུལ་ལྡོག་པ་ཐ་དད་པ་ཙམ་མ་གཏོགས། དོན་འགལ་བ་མེད་པས་གང་ལྟར་བཀྲལ་ཀྱང་ཆོག་མདོ། འདིར་སྔ་རབས་པས་བཀྲལ་བའི་རྗེས་སུ་འབྲངས་པའོ། །དེ་ལྟར་བཀྲལ་བའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་སེམས་སྤྱོད་པ་ཀུན་རྫོགས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི། གསུངས་པའི་གནས་ནི་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ངན་། ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་ཁྲི་ཉིས་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་མི་ཉལ་ཙམ་གྱི་ནམ་གྱི་གུང་ཐུན་ལ་དཀྱིལ་མོ་དཀྲུང་བཅས་ནས་དྲན་པ་མངོན་དུ་བཞག་སྟེ་ཞེས་པ་ནས། དེ་ནས་སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་ཤིན་དུ་ལྷམ་མེ་ལྷན་ནེ། ལྷང་ངེ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི་མི་འཇེད་ཀྱི་བདག་པོ་ཚངས་པས་ཚངས་པའི་གནས་ན་འདུག་བཞིན་དུ་ལྷམ་མེ། ལྷན་ནེ། ལྷང་ངེ་བ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་མཐོང་ངོ་ཞེས་པ་ནས། ཁྱོགས་གཅིག་ཏུ་འདུག་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་

(༤༡༠)འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་སྣང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསུང་བར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས། ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་རྟག་དུ་ཁྱོད་ལ་སྐབས་ཕྱེས། ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ་ཞེས་པས་བསྟན་ཏོ། །ཞུ་བ་དངོས་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་མི་འཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས་དེ་སྐད་ཅེས་གསོལ་པ་ཞེས་པས་བསྟན་ཏོ། །ལན་ནི། བཅོམ་ལྡན་འདས་ཀྱིས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཆོས་གཅིག་གང་ཞེ་ན་འདི་ལྟ་སྟེ། ལུས་ཀྱི་རྗེས་སུ་འོང་བའི་དྲན་པའོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་འཁོར་རྣམས་ཀྱིས་དྲན་པ་ཉེ་བར་གཞག་པའི་ཚུལ་རྟོགས་ནས་མངོན་པར་རྫོགས་པར་འཚང་རྒྱའོ། །བསྡུས་པའི་དོན་ནི། དྲན་པ་ཉེ་བར་བཞག་པས་ལམ་ཐམས་ཅད་བསྡུས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་གནས་སྐབས་གསུམ་དང་མཐར་ཐུག་

(༤༡༡)གཅིག་གོ །རྒལ་ལན་ནི་མདོ་འགའ་ཞིག་ལས། ཡང་དག་པའི་ལམ་བསྒོམ་པ་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་བསྒོམ་པ་ནི། ཡང་དག་པའི་དོན་བསྒོམ་པའོ་ཞེས་གསུངས་ལ། འདི་ཉིད་དུ་ལམ་ཐམས་ཅད་དྲན་པས་བསྡུས་པར་བསྟན་པ་ཇི་ལྟར་ཡིན་ཞེ་ན་མདོ་གཞན་ལས། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ནི་ཡང་དག་པའི་དོན་བསྒོམ་པའོ་ཞེས་བསྟན་པའི་དོན། གང་ཟག་དང་གཟུང་འཛིན་སོགས་ངོ་བོ་ཉིད་དུ་སྒྲོ་བཏགས་པའི་དྲན་པ་དང་། ཡིད་ལ་བྱེད་པ་མེད་པར་བསྒོམ་པ་ནི་ཡང་དག་པའི་དོན་བསྒོམ་པར་བསྟན་པ་ཡིན་ལ། འདིར་ནི་ཡང་དག་པའི་དོན་སོགས། མི་བརྗེད་པའི་དྲན་པ་བསྒོམ་པས་ལམ་ཐམས་ཅད་བསྡུས་པར་བསྟན་པ་ཡིན་པས་འགལ་བ་མེད་དོ། །དེ་ལྟར་བཤད་པའི་དགེ་བ་ཡིས། དྲན་པ་ཡང་དག་གྲུབ་གྱུར་ནས། བསྟན་པའི་ཆོས་ཚུལ་ཀུན་བཟུང་སྟེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཚངས་པས་བྱིན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི། གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་གཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པ་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་རྒྱལ་པོ་ཚངས་པས་བྱིན་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འབྱོན་པའི་རྒྱུ་མཚན་དང་ཞུས་པའི་ཚུལ་བསྟན་པ་ནི། དེ་ནས་བྱང་ཆུབ་

(༤༡༢)སེམས་དཔའ་མཐོང་བ་དོན་ཡོད་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང་ལྷན་གཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་མཐར་གྱི་ལྗོངས་རྒྱུ་ཞིང་སོང་བ་ལས་ལྔ་འཛིན་གྱི་ལྗོངས་སུ་ཕྱིན་ཏོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་བདག་གི་ཡུལ་འདིར་ཕྱིན་ཏོ་ཞེས་ཐོས་ནས་དེ་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་སྐྱེ་བོའི་ཚོགས་མང་པོས་བསྐོར་ཞིང་མདུན་དུ་བདར་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཞེས་པ་ནས། དེ་ནས་རྒྱལ་པོ་ཚངས་པས་སྦྱིན་སྲོག་ཆགས་ཁྲི་དང་ལྷན་ཅིག་ཏུ་ལྔ་འཛིན་གྱིས་ལྗོངས་ནས་ཀོ་ས་ལའི་ལྗོངས་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཐོང་པ་དོན་ཡོད་ནི་བདག་གི་ཡུལ་ནས་ཧ་ཅང་སྔར་མཆིས་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་ཟག་ཕྲག་དོག་ཅན་དང་། མངོན་པར་མི་བརྩོན་པ་དང་། སྨྲ་བ་ལ་དགའ་བ་དང་། བྲེ་མོའི་གཏམ་བྱེད་པ་མང་བ་དང་། ཚུལ་བཞིན་ལས་ཐག་རིང་བ་དང་། སྦྱོར་བ་དང་བྲལ་བ་རྣམས་གང་ན་གནས་པ་དེར་དེ་བཞིན་གཤེགས་པའི་ཉན་ཐོས་མི་གནས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། རྒྱལ་པོ་ཚངས་པས་བྱིན་གྱིས་ཞུས་པའི་དོན།

(༤༡༣)འཁོར་རྣམས་ཀྱིས་ལེགས་པར་རྟོགས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་ནས། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རྒྱལ་པོ་ཚངས་པས་བྱིན་གྱིས། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ལྡན་ལ་ཞུས་པ་དང་། སྟོན་པ་ཆེན་པོ་ལ་ཞུས་པ་གཉིས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཐེག་པ་གཅིག་གོ །དེ་ལས་བྱུང་བའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་ཆུབ་སྤྱོད་པ་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པའི་འོད་མའི་ཚལ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཕྲག་དྲུག་བཅུ་རྩ་བཞིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པ་ནས། དེ་མ་ཡིན་པ་གཞན་གཟི་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་དང་ཡང་ཐབས་གཅིག་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ནས་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བ་ལ་གཉིས་ལས། གཞོན་ནུ་དྲ་བ་ཅན་གྱིས་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་དང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་

(༤༡༤)དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོད། ཚངས་པ་ཁྱད་པར་སེམས་འདི་ནི་བྱང་ཆུབ་སེམས་དཔའ་ཚུལ་བཞིན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ནས་མཆོག་གོ་ཞེས་པ་དང་། བྱང་ཆུབ་སེམས་དཔའ་ཐེ་ཚོམ་ཐམས་ཅད་གཅོད་པ་དང་། ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ནས་མཆོག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཚངས་པ་ཁྱད་པར་སེམས་གྱིས་ཞུས་པ་ལ་གཉིས་ཏེ། བཅོམ་ལྡན་འདས་ལ་བསྟོད་པ་དང་། དྲིས་བ་དངོས་པོས་།།།བསྟོད་པ་ནི། དེ་ནས་ཚངས་པ་ཁྱད་པར་སེམས་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་པོ་དེ་དག་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་རྣམ་པ་མང་པོས་མངོན་པར་བསྟོད་དོ། །རྣམ་པར་སྒྲ་བསྒྲགས་སྲིད་པ་གསུམ་དུ་གྲགས། བསྔགས་པའི་ཕྲེང་པ་འཇིག་རྟེན་ཀུན་དུ་རྒྱུ། བདག་གིས་སེམས་ཅན་མཆོག་རྣམས་ཞིང་ན་མཐོང་། དེ་དག་ཀུན་ཀྱང་ཁྱེད་ཀྱིས་ཡོན་ཏན་གསུང་ཞེས་པ་ནས། བདག་གིས་གང་ཁྱོད་དོན་ཆེན་འདི་འདྲིས་པ། འཇིག་རྟེན་རྣམ་འདྲེན་ཁྱོད་ལ་བདག་བཟོད་གསོལ། གང་ཕྱིར་ཁྱོད་ཀྱི་ཐུགས་ནི་སྐྱོན་མི་མངའ། དེ་ཕྱིར་བྱང་ཆུབ་ལམ་མཆོག་བསྟན་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་དངོས་ནི། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ལགས་ཞེས་པ་ནས་ཇི་ལྟར་ན་སངས་རྒྱས་ཀྱི་རིགས་མི་གཅོད་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་

(༤༡༥)ཞེས་པའི་བར་གྱིས་བསྟན་ཏོ། །ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལེགས་སོ་ལེགས་སོ། །ཡང་ཚངས་པ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དོན་དྲི་བར་སེམས་པ་ལེགས་སོ། །ཚངས་པ་དེའི་ཕྱིར་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་ཚངས་པ་ཁྱད་པར་སེམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། མི་སྐྱོ་བའི་བརྩོན་འགྲུས་དང་། འཁོར་བ་ལ་རྨི་ལམ་ལྟ་བུར་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་མཉམ་པ་དང་མཉམ་པར་ཡོངས་སུ་འཇལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པའི་བསམ་གཏན་ཞིང་མི་སྐྱོ་བ་རྣམས་ཡིན་ནོ། །ཞེས་པ་ནས་གཞུང་རྫོགས་པའི་བར་ནི་ཆོས་ཕུན་སུམ་ཚོགས་པའོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། དྲ་བ་ཅན་གྱི་འོད་དང་། ཚངས་པ་ཁྱད་པར་སེམས་ལ་སོགས་པ་རྣམས་ཀྱིས་དྲིས་པའི་དོན་འཁོར་རྣམས་ཀྱིས་རྟོགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་ཏེ་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའོ། །བསྡུས་པའི་དོན་ནི། །བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་ཞུ་ལན་དང་། ཚངས་པ་ཁྱད་པར་སེམས་ཀྱི་ཞུ་ལན་དང་། ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་གཉིས་ཀྱི་དྲི་ལན་དང་། འོད་བསྲུངས་ཀྱི་ཞུ་ལན་དང་། ཚངས་པ་ཁྱད་པར་སེམས་དང་། དྲ་བ་ཅན་གཉིས་ཀྱི་དྲི་ལན་དང་། ཚངས་པ་ཁྱད་པར་སེམས་དང་། བཅོམ་ལྡན་འདས་ཀྱི་ཞུ་ལན་དང་། དྲ་བ་ཅན་གྱི་འོད་

(༤༡༦)དང་བཅོམ་ལྡན་འདས་ཀྱི་ཞུ་ལན་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བཅོམ་ལྡན་འདས་ཀྱི་ཞུ་ལན་དང་། ཚངས་པ་ཁྱད་པར་སེམས་དང་འཇམ་དཔལ་གྱི་དྲི་ལན་དང་། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་དང་། བཅོམ་ལྡན་འདས་ཀྱི་ཞུ་ལན་ལ་སོགས་པ་རྣམས་ཀྱི་ཞུ་ལན་གྱིས་གཏན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི། མདོ་འདིའི་previous hit དགོངས next hit་དབུ་མར་གནས་པའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་ནི། མདོ་འདིའི་བམ་པོ་གཉིས་པ་ལས། ཆོས་རྣམས་ངོ་བོ་ཉིད་མེད་པར། རྟེན་པའི་ཆོས་རྣམས་རབ་ཏུ་ཤེས། གང་རྣམས་རྟེན་པ་ཤེས་པ་ནི། དེ་དག་ཆོས་ཉིད་ཤེས་པ་ཡིན། གང་རྣམས་ཆོས་ཉིད་རབ་ཤེས་པ། དེ་དག་སྟོང་པ་ཉིད་དེ་ཤེས། གང་རྣམས་སྟོང་ཉིད་རབ་ཤེས་པ། དེ་ཡིས་འདྲེན་པ་དེ་རྣམས་མཐོང་། གང་རྣམས་འཇིག་རྟེན་བསྟན་པ་འདི། རྣམ་ལམ་གྲགས་པར་གྱུར་པ་ནི། དེ་དག་འཇིག་རྟེན་སྤྱོད་མོད་ཀྱི། འཇིག་རྟེན་འདི་ལ་གནས་མ་ཡིན། ལྟ་བ་གནས་པ་གང་སུ་དག །གཞན་གྱི་ས་ནི་འདི་མ་ཡིན། འཇིག་རྟེན་དུ་ནི་སྤྱོད་བྱེད་ཀྱང་། འཇིག་རྟེན་འདི་ལ་གནས་པ་མེད། སངས་རྒྱས་མྱ་ངན་འདས་ནས་ཀྱང། གང་རྣམས་བཟོད་པ་འདིར་མོས་པ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། རྫོགས་པའི་སངས་རྒྱས་དེ་ལ་བཞུགས། གང་གི་ཚུལ་འདི་ཤེས་པ་ནི། དེས་ནི་ང་ཡི་ཆོས་བཟུང་སྟེ། དེ་ཡིས་ང་ལ་རྟག་ཏུ་མཆོད། དེ་དག་འཇིག་རྟེན་སྟོན་པའོ། །གང་ཞིག་འཇིག་རྟེན་སྟོན་པའོ། །གང་ཞིག་འཇིག་རྟེན་བསྟན་པ་འདི། རྣ་ལམ་གྲགས་པར་གྱུར་པ་ནི། སྡིག་ཅན་བདུད་ཀྱིས་དེ་དག་ལ། གླག་

(༤༡༧)ཀྱང་རྙེད་པར་མི་འགྱུར་རོ། །གང་གིས་རྣམ་པ་འདི་ཤེས་པ། དེ་དག་ཕྱུག་ཅིང་ལོངས་སྤྱོད་ཆེ། དེ་དག་སྦྱིན་ལ་རྟག་པར་དགའ། དེ་དག་ཚུལ་ཁྲིམས་ཕུན་སུམ་ཚོགས། གང་གིས་འཇིག་རྟེན་འདི་ཤེས་པ། དེ་དག་བཟོད་པའི་སྟོབས་ལྡན་པ། དེ་དག་བརྩོན་འགྲུས་རྟོགས་པར་རིག །མཁས་པ་དེ་དག་བསམ་གཏན་དགའ། གང་གིས་རྣམ་པ་འདི་ཤེས་པ། དེ་དག་ཏིང་འཛིན་ཕུན་སུམ་ཚོགས། དེ་དག་ཉེ་བར་ཞི་བ་དགའ། བརྟན་པ་དེ་དག་ཤེས་རབ་འཕགས། གང་ན་འདི་འདྲ་གྲགས་པ་ཡི། ཕྱོགས་དེ་སངས་རྒྱས་སྟོངས་མ་ཡིན། སེམས་དཔའ་ཆེན་པོ་རིང་མི་ཐོགས། བྱང་ཆུབ་སྙིང་པོར་འགྲོ་བར་འགྱུར། གང་རྣམས་འཇིག་རྟེན་བསྟན་པ་འདི། རྣ་ལམ་གྲགས་པར་གྱུར་པ་དག །གཡོ་ཅན་བདུད་རྣམས་བཅོམ་ནས་ནི། བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ་ཞེས་གསུངས་པའི་ཡིན་ནོ། །ཆོས་ཐམས་ཅད་རྟེན་འབྲེལ་དུ་གཏན་ལ་ཕབ་པས་ན། དངོས་པོར་སྨྲ་བ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྟེན་འབྲེལ་རང་བཞིན་མེད་པར་གཏན་ལ་ཕབ་པའི་ཕྱིར་དབུ་མར་གནས་པ་ཡིན་ནོ། །རྟེན་འབྲེལ་རང་བཞིན་ཡོད་པར་གཏན་ལ་ཕབ་ན། དངོས་པོར་སྨྲ་བར་འགྱུར་བ་ཡིན་པས་དེའི་ལུགས་དགག་པ་ནི། ཡང་མདོ་འདི་ཉིད་ལས། ཡང་ཚངས་པ་མ་འོངས་པའི་དུས་ན་དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་སྟེ། དེ་དག་གི་སྡུག་བསྔལ་སྐྱེ་བ་ལ་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ། །ཀུན་འབྱུང་གི་ཕྱིར་ཀུན་འབྱུང་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ། །ལམ་གྱིས་འབྱུང་བའི་ཕྱིར་ལམ་འཕགས་པའི་བདེན་པ་ཞེས་གཉིས་སུ་སྨྲ་བར་འགྱུར་ཏེ། སྐྱེས་བུ་བླུན་པོ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ཞེས་ངས་

(༤༡༨)བཤད་དོ། །གང་རྣམས་དངོས་པོ་འཇིག་པས་འགོག་པ་འཕགས་པའི་བདེན་པའོ་ཞེས་སྨྲ་བར་འགྱུར་བ་དེ་དག་ནི་ལམ་ལོག་པར་ཞུགས་པ་ཡིན་ཏེ། ང་ཡང་དེ་དག་གི་སྟོན་པ་མ་ཡིན། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ། །ཚངས་པ་ལྟོས་ཤིག་ང་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་བདེན་པ་འམ། བརྫུན་པ་ཞེས་བྱ་བ་ཁོང་དུ་མ་ཆུད་དོ། །ཆོས་གང་ངས་ཁོང་དུ་མ་ཆུད་པའི་ཆོས་དེ་དེ་བཞིན་གཤེགས་པ་གཞན་ལ་སྟོན་པར་མཛད་དམ། འཆད་པར་མཛད་དམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མི་དམིགས་པ་སྟེ། མ་ཟིན་པ་སྲིད་པའི་འགྲོ་བ་ཐམས་ཅད་དང་བུལ་བའོ། །ཞེས་གསུངས་སོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། ཁྱད་པར་སེམས་ལ་བསྟན་པ་ལྟར། རྟོགས་པས་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་སོ། །འཁོར་ནི། དགེ་སློང་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་སོ། །སྟོན་པ་ནི། དེ་དག་ལ་སོགས་པ་འཁོར་བཞི་མང་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ་ཞེས་པས་སོ། །ཞུ་བ་པོས་ཞུས་པའི་ཚུལ་ནི། དེའི་ཚེ་ན་འཇམ་དཔལ་གཞོན་

(༤༡༩)ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རབ་རྩལ་སེམས་ཀྱང་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་ལྷའི་བུ་རབ་རྩལ་སེམས་ཀྱིས་འཁོར་ཕལ་པོ་ཆེ་དེ་འདུས་པར་རིག་ནས་བསྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལགས་ཞེས་པ་ནས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མ་མཆིས་ཤིང་ཡོན་ཏན་རྣམས་ཐམས་ཅད་དང་ལྡན་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་ལྷའི་བུ་རབ་རྩལ་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་སྩལ་སེམས་ལེགས་སོ་ལེགས་སོ་ལྷའི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། འཇིག་རྟེན་གྱི་ཡོངས་སུ་འདྲེན་པ་སྙིང་རྗེ་ཆེན་པོ་དང་ལྡན་པ། སྐལ་པ་གྲངས་མེད་པ་ནས་གོ་ཆ་བཀོས་པ། བརྩོན་འགྲུས་ཤིན་དུ་བརྟན་པ། དེད་དཔོན་ཆེན་པོ། སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ། སེམས་ཅན་དཔག་ཏུ་མེད་པ་ཐང་བདེ་བ་ལ་རབ་ཏུ་འགོད་པ་ལ་མཁས་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བ་ནི་ཡང་ཁྱོད་ལེགས་སོ། །ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་

(༤༢༠)ཡོན་ཏན་གྱི་ཁྱད་པར་དེ་དག་གཞན་དག་ཀྱང་འཐོབ་པར་འགྱུར་བ་ངས་ཁྱོད་ལ་བཤད་པར་བྱའོ། །ལྷའི་བུ་རབ་རྩལ་སེམས་ཀྱིས་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གྱིས་དྲིང་མི་འཇོག་པ་རྣམས་ཡིན་ཏེ། གཞི་གང་ཞེ་ན། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོས་མངོན་པར་བསྒྲུབས་པའི་བྱམས་པ་དང་། དོན་དང་ཆོས་ཀྱི་མངོན་པར་བསྒྲུབས་པའི་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་མངོན་པར་བསྒྲུབས་པའི་མངོན་པར་ཤེས་པ་དག་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། རབ་རྩལ་སེམས་ཀྱིས་ཞུས་པའི་དོན་བསྟན་པ་ལྟར། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཉམས་སུ་བླངས་པས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རབ་རྩལ་སེམས་ཀྱིས་དྲིས་པའི་དོན་སུམ་བཅུ་རྩ་གཉིས་ལན་དང་བཅས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མ་ལུས་སེམས་ཅན་ཐམས་ཅད་ཀྱིས། རབ་རྩལ་སེམས་ལ་བསྟན་པ་ལྟར། རྟོགས་ནས་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

(༤༢༡)ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པའི་རིན་ནེ་དྲ་བ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ན་སྤྲིའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་གནས་ན་ཞེས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས། ལྷ་མ་ཡིན་གྱི་དབང་པོ་ཐམས་ཅད་ཀྱི་འཁོར་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ནི། དེའི་ཚེ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ན་དེད་དཔོན་སེང་གེའི་བུ་ལམ་ཙ་བྱི་སྟོབས་མཐའ་ཡས་ཤེས་བྱ་བ་ཞིག་གནས་སོ། །དེའི་ཚེ་སེང་གེའི་བུ་སྟོབས་མཐའ་ཡས་པས་དེའི་གཞོན་ནུ་ལི་ཙ་བྱི་རིན་ནེ་དྲ་བ་ཅན་ཞེས་བྱ་བ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཀྱི་ཚུལ་སྣང་བ་མཐའ་ཡས་པའི་སྒྲོན་མ་དང་ལྡན་པ་ཡང་དག་པར་འཛིན་པ། ན་ཚོད་ལོ་བརྒྱད་ལོན་པ་འདྲ་བ་ཞིག་གཉིད་ལོག་སྟེ། དེའི་རྨི་ལམ་དུ་རྨིས་པ་ཞེས་པ་ནས། བཅོམ་ལྡན་འདས་གདུགས་ཚོད་ལ་བབ་སྟེ་དེའི་དུས་ལ་ད་བབ་པར་མཁྱེན་ན་གདུགས་ཚོད་ལགས་ཏེ་དུས་ལ་བབ་ལགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་སྨད་གཡོགས་དང་ཆོས་གོས་གསོལ། ལྷུང་བཟེད་བསྣམས་ཏེ་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་སྟེང་གི་བར་སྣང་ལ་མི་བདུན་གྱི་སྲིད་ཙམ་དུ་མངོན་པར་འཕགས་ཏེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ། །ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ལི་ཙ་བྱི་གཞོན་ནུ་རིན་ནེ་དྲ་བ་ཅན་གྱི་གནས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་གཤམས་པ་དེ་ལ་བཞུགས་ཏེ། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་དང་། ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་

(༤༢༢)སྐབས་འབྱེད་པར་གསོལ་བ་ནི། དེ་ནས་ལི་ཙ་བྱི་གཞོན་ནུ་རིན་ནེ་དྲ་བ་ཅན་གྱིས་བཅོམ་ལྡན་འདས་བཞུགས་པར་རིག་ནས་རང་གི་ལག་ནས་བཅའ་བ་དང་། མྱང་བ་བཟང་པོ་རབ་ཏུ་མང་པོས་ཚིམ་པར་བྱེད་ཅིང་གང་བཞེད་པ་སྟོབ་པར་བྱེད་དོ་ཞེས་པ་ནས། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བདག་ཕྱོགས་འགའ་ཞིག་ཞུའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལི་ཙ་བྱི་གཞོན་ནུར་རིན་ནེ་དྲ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུར་ཁྱོད་དེ་བཞིན་གཤེགས་པ་ལ་གང་དང་གང་སོམ་ཉི་ཡོད་པ་ཞུས་ཤིག་དང་། ངས་དེ་དང་དེའི་ཞུ་བ་ལུང་བསྟན་པས་སེམས་རངས་པར་བྱའོ། །ཞེས་པས་བསྟན་ཏོ། །ཞུ་བ་དངོས་ནི། དེ་ནས་ལི་ཙ་བྱི་གཞོན་ནུ་རིན་ནེ་དྲ་བ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་དང་ལྡན་པ་བཞུགས་ཤིང་འཚོ་བ་གང་དག་གི་མཚན་ཐོས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སོམ་ཉིམ་མཆིས་ཤིང་ཐེ་ཚོམ་མ་མཆིས་པར་འགྱུར། ཕྱིར་མི་ལྡོག་ཅིང་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་འགྱུར་ཞེས་པ་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཐུན་པའི་སྒྲ་དབྱངས་དང་ལྡན་པ་ཐོབ་པར་འགྱུར་བ་ལྟ་བཞུགས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ལན་གྱི་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ལི་ཙ་བྱི་གཞོན་ནུ་རིན་ནེ་དྲ་བ། ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ནི་སྤོབས་པ་ལེགས་ཤིང་

(༤༢༣)དཔྱོད་པ་བཟང་ངོ་། །དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་གོ །ངས་ཁྱོད་ལ་བཤད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་ནས་ཡིད་ཆེས་ཤིང་དད་པ་ཐོབ་ནས། མདོ་ལས་བྱུང་པའི་ཕན་ཡོན་རྣམས་ཐོབ་ཅིང་། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཤར་ཕྱོགས་ན་བཞུགས་པའི་སངས་རྒྱས་རིན་ནེ་འོད་ཟེར་ཟླ་བས་བརྒྱན་པ་མཁས་པ་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་བསྐལ་པ་གང་གཱིའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དག་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །དེ་སྙེད་ཀྱི་བསྐལ་པ་བྱེ་བ་ཉིད་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །ལྷོ་ཕྱོགས་ན་སངས་རྒྱས་བཞུགས་པའི་སངས་རྒྱས་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་བསྐལ་པ་ལྔ་བརྒྱར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །ནུབ་ཕྱོགས་ན་བཞུགས་པའི་སངས་རྒྱས་མེ་ཏོག་རྒྱས་པ་ས་ལའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་ཚེ་བཏང་བའི་འོག་དེ་ཉིད་དུ་སྟོང་འཁྱིལ་བའི་གཟུངས་ཐོབ་པ་དང་། མཚན་སུམ་བཅུ་རྩ་གཉིས་ཀྱིས་སའི་འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་འགྱུར་རོ། །བྱང་ཕྱོགས་ན་བཞུགས་པའི་སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་བ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས། ཚེ་དེའི་འོག་ཏུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་མཐོང་པར་འགྱུར་བ་དང་། དེ་བསྙེད་ཀྱི་བསྐལ་པ་བྱེ་བར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །འོག་ཕྱོགས་ན་བཞུགས་པའི་སངས་རྒྱས་རབ་ཏུ་ཞི་བ་མཁས་པ་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་འཆི་

(༤༢༤)བའི་དུས་ཀྱི་ཚེ་ཤར་ཕྱོགས་སུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་ཚངས་པ་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཕྱོགས་གཞན་ཐམས་ཅད་དུ་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་དུ་ཚང་བ་མཐོང་བར་འགྱུར་རོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །སྟེང་གི་ཕྱོགས་ན་བཞུགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་འཐོབ་པ་དང་། བདེ་བ་མཐའ་ཡས་པ་ཡོངས་སུ་བཟུང་བར་འགྱུར་བ་དང་། ཡོན་ཏན་མཐའ་ཡས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་ཡོངས་སུ་ཐོབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། འགའ་ཞིག་ན་རེ། དེ་ལྟ་བུའི་ཕན་ཡོན་བསྟན་པ་རྣམས་དགེ་བ་ལ་བྲོད་ཁ་སྐྱེས་པའི་ཕྱིར་དང་། ཉེས་དམིགས་བསྟན་པ་རྣམས་ནི་མི་དགེ་བ་ལ་འཇིགས་པ་བསྟན་པའི་ཕྱིར་དུ་ཡིན་གྱི། དེ་ཙམ་གྱི་ཕན་ཡོན་དང་། ཉེས་དམིགས་ག་ལ་ཡོད་ཟེར་བ་རྣམས་ནི་བདུད་ཀྱིས་བསླུས་ཤིང་སངས་རྒྱས་ལ་ཡིད་མི་ཆེས་པ་ཡིན་ནོ། །སངས་རྒྱས་རྣམས་ནི། རྣམ་བྱང་གི་ཡོན་ཏན་བརྗོད་པའི་ཚེ་ན། གདུལ་བྱའི་བློར་མི་ཤོང་པར་previous hit དགོངས་ནས་འཚམ་ next hit་མ་གཏོགས་ཇི་ལྟ་བ་རྫོགས་པར་མ་གསུངས་ཤིང་། ཀུན་ནས་ཉོན་མོངས་པའི་ཉེས་དམིགས་གསུངས་པ་ན་ཡང་གདུལ་བྱའི་བློ་དང་འཚམ་པ་མ་གཏོགས་ཡོངས་སུ་རྫོགས་པར་མི་གསུང་བ་ཡིན་ནོ། །ཡང་ཁ་ཅིག་སངས་རྒྱས་བརྫུན་གསུངས་པ་ཡིན་ཏེ་དྲངས་དོན་གསུངས་པའི་ཕྱིར་རོ་ཞེས་གསུངས་པ་ཡང་རིག་པ་མ་ཡིན་ཏེ། མདོ་འདི་ཉིད་ལས། སྟོན་པ་ཡི་ནི་ལྗགས་ཕྱུང་ནས། གང་གཱའི་བྱེ་མ་སྙེད་དག་གི །ཞིང་རྣམས་བྱེ་བ་ཁེབས་པར་མཛད། དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི། ཞིང་

(༤༢༥)རྣམས་བྱེ་བ་ཁེབས་མཛད་དེ། འདི་འདྲིའ་ཞལ་ནས་རྫུན་གྱི་ཚིག །ནམ་ཡང་གསུངས་པ་མི་སྲིད་ཅེས། གཞོན་ནུ་རིན་ནེ་དྲ་བ་ཅན། དཔའ་བོ་དང་ནི་ལི་ཙ་བྱི། བྱེ་བ་དྲུག་བཅུ་ཙམ་དག་ནི། ལྷན་ཅིག་ལྷགས་ལ་བཀའ་སྩལ་ནས། དེ་ནས་དེར་ནི་སྟོན་པ་ཡིས། དེ་དག་ཆོས་ལ་གཟུད་པ་མཛད། བདེ་བ་ཐམས་ཅད་སྦྱིན་མཛད་པ། སངས་རྒྱས་སྤྱན་ནི་ཐོགས་པ་མེད། དེ་བཞིན་གཤེགས་རྣམས་དཔག་མེད་དེ། སངས་རྒྱས་ཡེ་ཤེས་ཐོགས་མེད་དེ། དུས་གསུམ་རྣམས་ལའང་འཇུག་པར་མཛད། ཆོས་རྣམས་ཀུན་ལ་མངའ་བརྙེས་པས། སངས་རྒྱས་ལ་ནི་མི་མཁྱེན་མེད་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དྲང་དོན་ནི་དོན་ཡང་རྫུན་མ་ཡིན་ཏེ། བརྫུན་ནི་གཞན་བསླུ་བར་བྱེད་པའི་ཚིག་ཡིན་ལ། དྲང་དོན་ནི་མི་བསླུ་བར་གནས་སྐབས་སུ་ཕན་འདོགས་པའི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་ཡིན་ནོ། །དུས་འཁོར་འགྲེལ་ཆེན་ལས་ཀྱང་། ཁྱོད་ཀྱི་སྟོན་པ་བརྫུན་གསུང་བ་ཡིན་ནམ་ཞེ་ན། དེ་ལྟར་ཁས་བླངས་པར་མི་བྱ་སྟེ་ཞེས་གསུངས་པས། མདོ་སྔགས་གཉིས་ཀ་ནས་སངས་རྒྱས་བརྫུན་མི་གསུང་བར་བསྟན་པ་ཡིན་ནོ། །སངས་རྒྱས་བརྫུན་གསུང་ཞེས་བྱ་བ་ནི། རྨོངས་པ་རྣམས་སངས་རྒྱས་ཀྱི་བཀའ་ལ་ཡིད་མི་ཆེས་པ་བསྐྱེད་པའི་རྒྱུ་རུ་འགྲོ་བས་གཏན་ནས་སྨྲར་མི་རུང་ངོ་། །དེ་ལྟར་བཀྲལ་བའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་མ་ལུས་པ། རྒྱལ་བའི་བཀའ་དང་ལས་འབྲས་ལ། ཡིད་ཆེས་གྱུར་ནས་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རིན་ནེ་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་

(༤༢༦)རི་ལ་ཞེས་སོ། །འཁོར་ནི་ཤཱ་རིའི་བུ་དང་། མཽ་འགལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་འབུམ་ཕྲག་བདུན་བཅུ་རྩ་གཉིས་ཀྱི་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ་བྱང་ཆུབ་སེམས་དཔའ་དགུ་ཁྲི་ལ་འདི་ལྟ་སྟེ་ཞེས་པ་ནས་དེ་དག་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་འབུམ་ཕྲག་དུ་མ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་དང་ཆོས་གོས་གསོལ་ཏོ། །ལྷུང་བཟེད་བསྣམས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ་ཞེས་པས་སོ། །ཞུ་བ་པོས་ཞུས་པ་ནི། དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་་ཟླ་བ་ཞེས་བྱ་བ་ཞེས་པ་ནས། བཅོམ་ལྡན་འདས་མ་ཞེ་པ་དང་བཅས། གུས་པ་དང་བཅས་པས་ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་གང་དག་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་དག་གི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་པ་དེ་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་ལན་དུ་ཆོས་ཕུན་སུམ་ཚོགས་པས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་མཚན་ཐོས་པས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་

(༤༢༧)བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་ཞེས་བྱ་བླ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ལྷོ་ཕྱོགས་ན་འཇིག་རྟེན་གྱི་ཁམས་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ནུབ་ཕྱོགས་ན་འཇིག་རྟེན་གྱི་ཁམས་བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་ན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་འོད་དེ་ཡང་ཉམས་སུ་མྱོང་ངོ་། །བྱང་ཕྱོགས་ན་འཇིག་རྟེན་གྱི་ཁམས་འཁྲུག་མེད་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་དཔལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་རྒྱལ་མཚན་ལྟ་བུར་འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ན། འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ན། འཇིག་རྟེན་གྱི་ཁམས་ཏོག་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ།

(༤༢༨)དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་རིན་པོ་ཆེ་མཆོད་སྡོང་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། འཇིག་རྟེན་ན་རིན་པོ་ཆེ་ལྟར་མངོན་པར་འཕགས་པར་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ན། འཇིག་རྟེན་གྱི་ཁམས་སྒྲ་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་དཔལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། མི་དགེ་བའི་ཆོས་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་རོ། །བྱང་ཤར་གྱི་ཕྱོགས་མཚམས་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པ་ཆུང་ངུ་དང་། འབྲིང་དང་ཆེན་པོས་རྣམ་པར་རོལ་པ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཚུལ་ཐམས་ཅད་ལ་མཁས་ཤིང་ཕ་རོལ་དུ་ཕྱིན་པའི་ཤེས་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །འདི་ནས་འོག་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡངས་པ་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་པའི་།།།དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཉེ་བར་ལེན་པའི་ཉོན་མོངས་པ་ཐམས་ཅད་ཟད་པར་ཡང་རྗེས་སུ་འཛིན་པར་འགྱུར་རོ། །འདི་ནས་སྟེང་གི་ཕྱོགས་ན། འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་

(༤༢༩)པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཆོས་རིན་པོ་ཆེ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ་ཞེས་སོ། །ཕན་ཡོན་དུ་མ་དང་ལྡན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དགེ་བས་སེམས་ཅན་ཐམས་ཅད་ཀྱིས། །སངས་རྒྱས་མཚན་རྣམས་ཐོས་གྱུར་ནས། ཕྱིར་མི་ལྡོག་པའི་ཡོན་ཏན་དང་། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱེའི་གནས་ན། ཤཱཀྱ་རྣམས་ཀྱི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་ཞེས་སོ། །འཁོར་ནི། དགེ་སློང་ལྔ་བརྒྱའི་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཞེས་པའོ། །ཞུ་བ་པོ་ནི། དེའི་ཚེ་ཤཱཀྱའི་བུ་བདེ་བྱེད་ཅེས་བྱ་བ་སེར་སྐྱེའི་གནས་ཀྱི་གྲོང་ཆེན་པོ་ནས་བྱུང་སྟེ། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཤཱཀྱའི་བུ་བདེ་བྱེད་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་རྟག་ཏུ་འབྱུང་བ་ལ་མངོན་པར་དགའ་བར་འགྱུར། ཁྱིམ་ན་གནས་ཀྱང་རྟག་ཏུ་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །དེའི་ལན་ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་བདེ་བྱེད་ལ་

(༤༣༠)རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་པ་དེས་ནི་ཆོས་མཐོང་ངོ་། །ཡང་དེ་ཉིད་ལས། དེ་ལྟར་ངས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ལུང་བསྟན་པ་དེའི་ཚེ་མཐོང་བ་རྣམ་པར་དག་གོ །དེར་ངས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་ཆོས་མཐོང་། ཆོས་མཐོང་བས་ཀྱང་དེ་བཞིན་གཤེགས་པ་མཐོང་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་བའི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་མར་མེ་མཛད་ཀྱི་ཕ་རོལ་དུ་དེ་བཞིན་གཤེགས་པ་དག་གཟིགས་པ་དེ་དག་ཇི་ལྟར་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གྱི་མཚན་ཉིད་ཡོངས་སུ་རྟོགས་པར་མཐོང་བས་མཐོང་བའི་ཆོས་ཀྱི་སྐུ་གཉིས་སུ་མེད་པར་མཐོང་བས་ནི་མ་ཡིན་ནོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ངས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ཚུན་ཆད་དེ་བཞིན་གཤེགས་པ་མར་མེ་མཛད་མ་གཏོགས་པར་ནམ་ཡང་དེ་བཞིན་གཤེགས་པ་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་མཐོང་བས་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་འཕྲུལ་བའི་རྒྱལ་པོ་དེ་བས་ན། དེ་བཞིན་གཤེགས་པ་མཐོང་བར་འདོད་པས་ཇི་ལྟར་ངས་ཆོས་ཉིད་གཅིག་པ་དང་། ཆོས་ཉིད་གཉིས་སུ་མེད་པར་མར་མེ་མཛད་མཐོང་བ་དེ་ལྟར་བལྟ་བར་བྱའོ། །ཇི་ལྟར་ཆོས་ཉིད་གཅིག་པ་ཡིན་ཞེ་ན། ངའི་ལུས་ཇི་ལྟ་བ་མར་མེ་མཛད་ཀྱི་སྐུ་ཡང་དེ་བཞིན། མར་མེ་མཛད་ཀྱི་སྐུ་ཇི་ལྟ་བ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་བཞིན་ཏེ། དེ་བས་ན་ལུས་གཅིག་པ་དང་། གཉིས་སུ་མེད་པ་དང་། གཉིས་སུ་དབྱེར་མེད་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པའི་ཕྱིར་ཆོས་ཉིད་གཅིག་པར་བྱའི། །རྣམ་པར་བརྟགས་པས་ཤེས་པར་མི་བྱའོ། །རྣམ་པར་འཕྲུལ་བའི་རྒྱལ་པོ་འདི་

(༤༣༡)ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྣམ་པར་འཕྲུལ་བའི་རྒྱལ་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། སེང་གེའི་བློ་གྲོས་དང་། སེང་གེའི་སྟོབས་དང་། སེང་གེའི་རྩལ་གྱིས་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཁྲི་དང་ཡང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་བའི་རྒྱལ་པོ་ཡང་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ཞེས་པས་བསྟན་ཏོ། །སྟོན་པ་པོ་ནི། ཡང་དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་སྐབས་དབྱེ་བར་གསོལ་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་བསྟན་ལས་ལངས་ཏེ་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བར་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དྲི་བའི་ལན་གདབ་པའི་ཕྱིར་དེ་བཞིན་གཤེགས་པས་ཁྱོད་ལ་སྐབས་ཕྱེ་བས་རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ཀྱི་དྲི་བ་དེ་དང་དེའི་ལུང་བསྟན་པས་ཁྱོད་

(༤༣༢)སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་རྣམ་པར་འཕྲུལ་པ་དང་། སྐབས་དབྱེ་བར་ཞུས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཤིན་དུ་རྣམ་པར་གདོན་མི་ཟ་བའི་དོན་གྱི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ན། འཁོར་དེ་ཉིད་དུ་བུ་མོ་རིན་ཆེན་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་འདུག་པ་དེ་བསྟན་ལས་ལངས་ཏེ་ཞེས་པ་ནས། དེ་ནས་བུ་མོ་རིན་ཆེན་གྱིས་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཞུས་ནས་ཞུས་པ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བདག་འདུས་པའི་ལེའུའི་ཆོས་ཀྱི་རྣམ་གྲངས་ལ་བཀའ་མཆིད་ཀྱི་རྒྱུད་འགའ་ཞིག་ལ་བརྩམས་ཏེ་ཞུའོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ་ཞེས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་དེ་བཞིན་གཤེགས་པས་སྐབས་ཕྱེ་བ་དང་། བུ་མོ་རིན་ཆེན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་འདུལ་བར་གསུངས་པ་ནི། གང་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ་བུ་མོ་ལེགས་སོ་ལེགས་སོ་ཁྱོད་ཀྱི་རྟོག་པ་བཟང་ངོ་། །དྲི་བ་བཞིན་ཡིན་ནོ། །སྤོབས་པ་དགེའོ། །བུ་མོ་དེ་བས་ན་ལེགས་པར་ཤིན་དུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཆོས་དངོས་དང་། བུ་མོ་རིན་ཆེན་གྱིས་བཅོམ་ལྡན་འདས་ལེགས་སོ་ཞེས་

(༤༣༣)ལན་ནི། འགའ་ཞིག་ན་རེ། ངེས་པའི་དོན་གྱི་མདོ་སྡེ་དང་། དྲང་བའི་དོན་གྱི་མདོ་སྡེ་གཉིས་རྣམ་པ་ཀུན་དུ་previous hit དགོངས next hit་འགལ་བ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། དྲང་ངེས་ཀྱི་མདོ་གཉིས་ཀའི་previous hit དགོངས next hit་མ་ལོན་གྱི་བར་དུ། སྒྲས་བརྗོད་ཚུལ་འགལ་བ་ཡིན་གྱི། དྲང་ངེས་ཀྱི་མདོ་གཉིས་ཀའི་previous hit དགོངས next hit་རྙེད་ནས། དྲང་ངེས་ཀྱི་མདོ་གཉིས་ཀའི་previous hit དགོངས next hit་མི་འགལ་བར་previous hit དགོངས next hit་གཅིག་ཏུ་འདྲིལ་བ་ཡིན་ཏེ། མདོ་འདི་ཉིད་ལས། ངེས་པའི་དོན་གྱི་མདོ་སྡེ་གང་ཞེ་ན། བརྗོད་དུ་མེད་པའི་ཕྱིར་མདོ་སྡེ་ཐམས་ཅད་ངེས་པའི་དོན་ནི། དེ་ལྟར་ན་ངེས་པའི་དོན་གྱིས་མདོ་སྡེ་ལ་སྟོན་པ་ཡིན་ནོ། །ངེས་པའི་དོན་གྱི་མདོ་སྡེ་འདི་དག་ལ་གང་དག་མི་བརྟེན་པ་དེ་དག་ནི་དྲང་བ་ཞེས་བྱ་སྟེ། ཅིའི་ཕྱིར་དྲང་བ་ཞེས་བྱ་ཞེ་ན། འདི་ལྟར་ངེས་པའི་དོན་ལས་འགལ་བའི་ཆོས་ལ་གནས་པ་ཡིན་ཏེ། དེ་དག་ནི་དྲང་དགོས་པ་ཡིན་ནོ། །གང་གིས་དྲང་ཞེ་ན། སྒྲས་དྲང་ངོང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་དག་ནི་སྒྲས་དྲང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དོན་དམ་པ་བརྗོད་དུ་མེད་པ་རྟོགས་ཤིང་དེ་དག་གིས་འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་ཆོས་ཐམས་ཅད་ལ་ལྷག་ཆད་མེད་པར་ཤེས་པའི་ཕྱིར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དོན་གྱི་རྣམ་པ་འདི་ལ་དེ་ལྟར་ཆོས་འདི་ཉིད་འདི་ལ་སྟོན་ན་མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ། །དེ་ལྟར་མི་སྟོན་ན་མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་འགྱུར་རོ། །ཞེས་པའི་ཕྱིར་རོ། །ཡང་ཁ་ཅིག་ངེས་པའི་དོན་གྱི་དེ་ཁོ་ན་ཉིད་མཐོང་བ་ན། ཆོས་ཅན་གང་ཡང་མི་མཐོང་བ་ཡིན་ནོ་ཞེས་ཟེར་བ་ནི་མདོའི་previous hit དགོངས next hit་མ་ཡིན་ཏེ། མདོ་འདི་ཉིད་ལས། དེ་ལྟར་གང་ཆོས་རྣམས་ལ་ཚུལ་བཞིན་དུ་མཐོང་པ་དེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ངོ་། །གང་

(༤༣༤)གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་རྣམས་བུ་མོ་རིན་ཆེན་ལྟར། ཐེག་ཆེན་མ་ལུས་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མོ། །བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བཱ་རཱ་ན་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་ཞེས་པས་སོ། །འཁོར་ནི། དགེ་སློང་བདུན་བརྒྱ་ཙམ་གྱི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་ནི། བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་བསྣམས་ཏེ་ལྷུང་བཟེད་བསྣམས་ནས་ཞེས་པ་ནས། བསོད་སྙོམས་ཀྱི་ཕྱིར་ཕྱོགས་གཅིག་ཏུ་བཞུགས་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ནི། བྲམ་ཟེ་མོ་དཔལ་ལྡན་མས། བཅོམ་ལྡན་འདས་མཛེས་པ་ཞེས་པ་ནས་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ་ཞེས་གསོལ་པ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་སོ་སོ་ཅི་རིགས་པར་བཞུགས་སོ། །དེ་ནས་བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་བདེ་བར་བཞུགས་པར་རིག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ན་

(༤༣༥)ནི་རྟེན་ཅིང་འབྲེལ་པར་འབྱུང་པ་མཐོང་ཞེས་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་པ་མཐོང་པས་ཆོས་མཐོང་། ཆོས་མཐོང་པས་ཀྱང་སངས་རྒྱས་མཐོང་ངོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་འཕགས་པ་སློབ་པས་ཆོས་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་སྣང་མེད་ཡིན་ནོ་ཞེས་སྨྲ་བར་མི་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མ་ལུས་སེམས་ཅན་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དང་། སངས་རྒྱས་རྣམ་འཕྲུལ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བུ་མོ་རིན་ཆེན་གྱིས་ཞུས་པ་ཞེས་ཀྱང་བྱ། འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་པ་ནས། ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མེད་པ་ནས་ཞུགས་ཏེ་ཞེས་པའོ། །འཁོར་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་ནས། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་ཐུན་མོང་བའི་འཁོར་དང་། ཐུན་མོང་མ་ཡིན་པའི་འཁོར་ནི། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་ཞེས་པ་ནས། བརྗོད་དུ་མེད་པ་དག་དང་ཐབས་གཅིག་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ངེས་པར་འབྱུང་བ་ཞེས་པ་ནས། རྣམ་པར་ཤེས་པར་མཛད་དོ། །རབ་ཏུ་ཤེས་པར་མཛད་དོ། །རབ་ཏུ་འཇུག་གོ །རྣམ་པར་འབྱེད་དོ། །གསལ་བར་མཛད་དོ། །ཡང་དག་པར་རབ་ཏུ་

(༤༣༦)ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེའི་ཚེ་གྲོང་གི་བུད་མེད་རྒན་མོ་གཏུགས་པ། འཁོགས་པ། ན་ཚོད་ལས་འདས་པར་གྱུར་པ། སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་དགོན་པ་ན་རྩྭ་བསྡུད་ཅིང་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས་མཛེས་པ་ཞེས་པ་ནས་བཅོམ་ལྡན་འདས་མིག་གང་ནས་མཆིས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ནས་མཆིས། གང་དུ་མཆི་ཞེས་པའི་བར་གྱིས་བསྟན་ནོ། །དེའི་ལན་ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིང་མོ་སྐྱེ་བ་གང་ནས་མི་འོང་། གང་དུ་མི་འགྲོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཀྱིས་ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འགྲོ་འོང་རང་བཞིན་པའི་རྟེན་འབྲེལ་དུ་རྟོགས་ནས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རྩུབ་ཤིང་དང་། རྩུབ་སྟན་དང་། སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་མེ་འབྱུང་བ་དཔེར་བྱ་སྟེ། ཆོས་ཐམས་ཅད་འགྲོ་འོང་སོགས་ཀྱི་སྤྲོས་པའི་རང་བཞིན་མེད་པར་བསྟན་པ་དང་། ཡང་ཤིང་དང་ལྤགས་པ་དང་། དབྱུག་གུ་དང་། སྐྱེས་བུའི་སྩོལ་བ་ལ་བརྟེན་ནས་བྱུང་པའི་རྔ་སྒྲ་དཔེར་བྱས་ཏེ། ཆོས་ཐམས་ཅད་འགྲོ་འོང་སོགས་ཀྱི་སྤྲོས་པའི་རང་བཞིན་མེད་པར་བསྟན་པ་ང་ཡང་། ཤིང་དང་། ལྤགས་པ་དང་། དབྱུག་གུ་དང་། སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་བྱུང་པའི་རྔ་སྒྲ་དཔེར་བྱས་ཏེ། ཆོས་ཐམས་ཅད་གང་ལ་ཡང་མི་གནས་པའི་རྟེན་འབྲེལ་དུ་བསྟན་པ་དང་། དེ་བཞིན་དུ། སྤྲིན་ལས་ཆར་འབབ་པའི་དཔེར་བྱས་ནས། བསོད་ནམས་ཀྱི་ལས་ཀྱིས་མཐོ་རིས་སུ་འགྲོ་བ་དང་། བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་རང་བཞིན་མེད་པའི་རྟེན་འབྲེལ་དུ་བསྟན་ཅིང་། སྒྲེས་མོས་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་

(༤༣༧)གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་གསུམ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བདེན་པ་སྟེ། གསུམ་གང་ཞེ་ན། གང་སངས་རྒྱས་ལ་མི་བསླུ་བ་དང་། བདག་ལ་མི་བསླུ་བ་དང་། སེམས་ཅན་ཐམས་ཅད་ལ་མི་བསླུ་བའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བུ་མོ་རིན་ཆེན་ལ་སོགས་པས་ཞུས་པའི་དོན་རྒྱ་ཆེར་བཀའ་སྩལ་པ་རྣམས། ཞུ་བ་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་ཚུལ་བཞིན་དུ་ཉམས་སུ་བླངས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་མཐར་ཕྱིན་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི། བུ་མོ་རིན་ཆེན་གྱིས་ཞུས་པའི་བདེན་པར་སྨྲ་བ་དང་། ཆོས་སུ་སྨྲ་བ་དང་། དོན་དུ་སྨྲ་བ་དང་། འདུལ་བར་སྨྲ་བ་བཞིའི་དོན་བསྟན་པ། ཤཱ་རིའི་བུས་དྲིས་པའི་བུ་མོ་རིན་ཆེན་གྱི་སྒྲའི་དོན། སེམས་བསྐྱེད་པའི་རིན་པོ་ཆེ་སུམ་བཅུ་རྩ་གཉིས་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། བུ་མོ་རིན་ཆེན་གྱིས་སེམས་བསྐྱེད་ནས་ཡུན་ཇི་ཙམ་སོང་བ་དང་། བུ་མོ་རིན་ཆེན་གྱིས་བུད་མེད་ཀྱི་ལུས་བཟུང་བའི་རྒྱུ་མཚན་དང་། བུ་མོ་རིན་ཆེན་གྱིས་བཅོམ་ལྡན་འདས་ལ་ཞུས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་དང་། ཕྱིར་མི་ལྡོག་པའི་ཕྱག་རྒྱ་དང་། ཐེག་པ་ཆེན་པོའི་སྒྲ་དོན་དང་། ཐེག་པ་ཆེན་པོའི་བར་ཆད་ཀྱི་ཆོས་དང་། ཆོས་གང་གིས་ཐེག་པ་ཆེན་པོ་རྣམ་པར་དག་པར་འགྱུར་བ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །

(༤༣༨)གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་རྣམས་བུ་མོ་རིན་ཆེན་ལྟར། ཐེག་ཆེན་མ་ལུས་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མོ། །བཀའ་འཁོར་ལོ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བཱ་རཱ་ན་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་ཞེས་པས་སོ། །འཁོར་ནི། དགེ་སློང་བདུན་བརྒྱ་ཙམ་གྱི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་ནི། བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་བསྣམས་ཏེ་ལྷུང་བཟེད་བསྣམས་ནས་ཞེས་པ་ནས། བསོད་ནམས་ཀྱི་ཕྱིར་ཕྱོགས་གཅིག་ཏུ་བཞུགས་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ནི། བྲམ་ཟེ་མོ་དཔལ་ལྡན་མས། བཅོམ་ལྡན་འདས་མཛེས་པ་ཞེས་པ་ནས་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ་ཞེས་གསོལ་པ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་སོ་སོ་ཅི་རིགས་པར་བཞུགས་སོ། །དེ་ནས་བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་བདེ་བར་བཞུགས་པར་རིག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ན་

(༤༣༩)སིའི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་འདིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཞེས་བདག་གིས་ཐོས་ནས། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་བསྐོར་བའི་ཆོས་དེ་ཇི་ལྟ་བུ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་མོ་དཔལ་ལྡན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་པ་རང་བཞིན་མེད་པའི་དོན་རྟོགས་ནས་རྫོགས་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་པ་བཅུ་གཉིས་ལུགས་ལས་འབྱུང་བ་དང་། ལུགས་ལས་ལྡོག་པའི་སྒོ་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་དང་། བྲམ་ཟེ་མོ་དཔལ་ལྡན་མ་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྟོང་ཉིད་རྟེན་འབྲེལ་དོན་གཅིག་པར། རྟོགས་ནས་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྒྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་བི་རྫི་ན་ཡུལ་རྒྱུ་བ་རྒྱུ་ཞིང་ཞེས་པས་སོ། །འཁོར་ནི། དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ག་ལ་བ་དེར་གཤེགས་པ་དང་།

(༤༤༠)ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེའི་ཚེ་གྲོང་གི་བུད་མེད་རྒན་མོ་གཏུགས་པ། འཁོགས་པ། ན་ཚོད་ལས་འདས་པར་གྱུར་པ། སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་དགོན་པ་ན་རྩྭ་བསྡུད་ཅིང་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས་མཛེས་པ་ཞེས་པ་ནས་བཅོམ་ལྡན་འདས་མིག་གང་ནས་མཆིས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ནས་མཆིས། གང་དུ་མཆི་ཞེས་པའི་བར་གྱིས་བསྟན་ནོ། །དེའི་ལན་ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིང་མོ་སྐྱེ་བ་གང་ནས་མི་འོང་། གང་དུ་མི་འགྲོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཀྱིས་ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འགྲོ་འོང་རང་བཞིན་པའི་རྟེན་འབྲེལ་དུ་རྟོགས་ནས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རྩུབ་ཤིང་དང་། རྩུབ་སྟན་དང་། སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་མེ་འབྱུང་བ་དཔེར་བྱ་སྟེ། ཆོས་ཐམས་ཅད་འགྲོ་འོང་སོགས་ཀྱི་སྤྲོས་པའི་རང་བཞིན་མེད་པར་བསྟན་པ་དང་། ཡང་ཤིང་དང་ལྤགས་པ་དང་། དབྱུག་དགུ་དང་། སྐྱེས་བུའི་སྩོལ་བ་ལ་བརྟེན་ནས་བྱུང་པའི་རྔ་སྒྲ་དཔེར་བྱས་ཏེ། ཆོས་ཐམས་ཅད་འགྲོ་འོང་སོགས་ཀྱི་སྤྲོས་པའི་རང་བཞིན་མེད་པར་བསྟན་པ་དང་ཡང་། ཤིང་དང་། ལྤགས་པ་དང་། དབྱུག་གུ་དང་། སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་བྱུང་པའི་རྔ་སྒྲ་དཔེར་བྱས་ཏེ། ཆོས་ཐམས་ཅད་གང་ལ་ཡང་མི་གནས་པའི་རྟེན་འབྲེལ་དུ་བསྟན་པ་དང་། དེ་བཞིན་དུ། སྤྲིན་ལས་ཆར་འབབ་པའི་དཔེར་བྱས་ནས། བསོད་ནམས་ཀྱི་ལས་ཀྱིས་མཐོ་རིས་སུ་འགྲོ་བ་དང་། བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་རང་བཞིན་མེད་པའི་རྟེན་འབྲེལ་དུ་བསྟན་ཅིང་། སྒྲེས་མོས་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་

(༤༤༡)དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྟོང་ཉིད་རྟེན་འབྲེལ་ཟུང་འཇུག་ཏུ། རྫོགས་ནས་རྫོགས་སངས་རྒྱས་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་མངོན་པའི་སྡེ་སྣོད། བཀའ་འཁོར་ལོ་གསུམ་ལས་ཐ་མར་གཏོགས་པ། འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཀུན་ནས་མཛེས་པའི་ཁང་པ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་བརྒྱ་ཁྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་ཞེས་པ་ནས་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་རིན་པོ་ཆེ་སེང་གེའི་ཁྲི་ལ་སྐུ་མི་གཡོ་བར་བཞུགས་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ་ཞེས་པ་ནས་དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་བསོད་ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་དུ་འགྱུར་བའི་བསོད་ནམས་ཆེན་པོ་ནི་ཤེས་རབ་ལས་བྱུང་བ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོམ་པ་

(༤༤༢)པ་ནི། རྒྱགས་དཔེ་འམ་ཕྱི་མོ་ཆད་པར་མངོན་ནོ། །སྟོན་པ་ནི། དེའི་ཚེའི་བཅོམ་ལྡན་འདས་འཁོར་མང་པོ་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཏོ་ཞེས་པས་སོ། །ཞུ་བ་པོས་ཞུས་པ་ནི། འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་ཅེས་བྱ་བ་འང་འདུས་པར་གྱུར་ཏེ་ཞེས་པ་ནས། ཇི་ལྟར་ན་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པ་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་བར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། དེ་བས་ན་འཇིག་རྟེན་འཛིན་ཁྱོད་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། རྣམ་པར་ཕྱེ་སྟེ་བཤད་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཉན་པར་ཁས་བླངས་པ་ནི། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕན་པའི་དོན་བཞིན་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པར་འགྱུར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་བཅུ་གཉིས་དང་། དྲན་པ་ཉེ་བར་བཞག་

(༤༤༣)ཀྱི་སྣང་བ་ཙམ་ཡིན་ཏེ། ཇི་ལྟར་བེ་དུར་ས་གཞི་གཙང་མ་ལ། ལྷ་དབང་ལུས་ཀྱི་གཟུགས་བརྙས་སྣང་བ་ལྟར། དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། ཐུབ་པའི་དབང་པོའི་སྐུའི་གཟུགས་བརྙན་འཆར། ཞེས་གསུངས་པའི་ཕྱིར་རོ། །ཞེས་ཟེར་བ་ནི་མི་རིགས་ཏེ། ལུང་འདིའི་previous hit དགོངས next hit་མ་ཡིན་ཞིང་རིགས་པས་གནོད་པའི་ཕྱིར་རོ། །ལུངས་འདིའི་previous hit དགོངས next hit་ནི། བརྒྱ་བྱིན་གྱི་གཟུགས་བརྙན་བེ་དུརྱའི་ས་གཞི་ལ་སྣང་བ་ནི་གཟུགས་བརྙན་ཡིན་ལ་འགྲོ་བའི་སེམས་ལ་ཐུབ་པའི་སྐུའི་གཟུགས་བརྙན་སྣང་ཞེས་པ་སྐུའི་རྣམ་པ་གསལ་བར་སྣང་བ་ལ་གཟུགས་བརྙན་གྱི་སྒྲ་ཞུགས་པ་ཡིན་ནོ། །དེས་ན་རྣམ་པ་གཏོད་བྱེད་ནི་སྐུ་དངོས་ཡིན་ལ། དེས་གཏད་པའི་རྣམ་པ་ནི་འགྲོ་བའི་སེམས་ཡིན་ནོ། །དེ་ལྟར་མ་ཡིན་ན། སངས་རྒྱས་ཀྱི་ཚོགས་གཉིས་ཀྱི་རྒྱ་མཚོ་བསྐྲུན་པའི་སྐུ་སེམས་ཅན་ཕལ་པའི་སེམས་ཡིན་ན། སེམས་ཅན་ཕལ་པ་འཁོར་བར་འཁྱམ་པ་མི་རིགས་སོ། །དེ་ལྟར་བཤད་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཚོགས་གཉིས་རྒྱ་མཚོས་སྐྲུན་པ་ཡི། སྐུ་གསུང་ཐུགས་རྣམས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བདག་མེད་པ་ཡོངས་སུ་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་མངོན་པ་དང་། བཀའ་ཐ་མར་གཏོགས་པ་འདི་མདོ་ཆེ་བ་གཅིག་གི་དུམ་བུ་བྲིས་པར་སྣང་བས་ཕུན་སུམ་ཚོགས་པ་ལྔ་མི་གསལ་ཞིང་། དགོས་པའི་དོན་ནི། བདག་མེད་པ་རྟོགས་ནས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། མུ་སྟེགས་བྱེད་རྣམས་ཀྱིས། ཐེག་པ་ཆེན་པོ་པ་རྣམས་ལ། དེ་བཞིན་གཤེགས་པས་བདག་མེད་ཅེས་གསུངས་པའི་དོན་གང་ཡིན་ཞེས་དྲིས་པའི་ལན་བཏབ་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་མངོན་པ་དང་། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀའི་གནས་འོད་མའི་ཚལ་ན་ཞེས་པས་སོ། །ཐེག་པ་ཐུན་མོང་པའི་འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་སོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ཐོབ་ངེས་སུ་སྣང་ནའང་ཆད་

(༤༤༤)ཡིན་ཏེ་བསམ་གྱིས་མི་ཁྱབ་བོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་དུང་ནི་ཚོགས་གཉིས་ཀྱི་རྒྱ་མཚོ་ཆེན་པོས་བསྐྲུན་པར་ཡིད་ཆེས་ནས་དེ་ལས་བྱུང་བའི་གསུང་རབ་ཀྱི་དོན་གུས་པས་བསྒྲུབས་ཏེ་སངས་རྒྱས་ཐོབ་པའོ། །བསྡུས་པའི་དོན་ནི། འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་བའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་འགྱུར་དུ་བསྒྱུར་བས་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གཅིག་གི་བསོད་ནམ་དང་མཉམ་པ་དང་། དེ་བརྒྱ་འགྱུར་བརྒྱ་བྱིན་གཅིག་གི་བསོད་ནམས་དང་དེ་བཞིན་དུ་འདོད་ཁམས་ཀྱི་དབང་པོ་བདུད་དང་། སྟོང་གཅིག་དབང་བའི་ཚངས་པ་དང་། སྟོང་གཉིས་ལ་དབང་བའི་ཚངས་པ་དང་། སྟོང་གསུམ་ལ་དབང་བའི་ཚངས་པ་དབང་ཕྱུག་ཆེན་པོ་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་དང་། དེ་བཞིན་གཤེགས་པའི་བས་སྤུའི་ཁུང་བུ་དང་། ཕྱག་དང་ཞབས་ཀྱི་རི་མོར་གྱུར་པའི་དཔེ་བྱད་བརྒྱ་བཅུ་དང་། མཚན་འགྲུབ་པའི་བསོད་ནམས་རྣམ་འགྱུར་དཔག་ཏུ་མེད་པ་རྩིས་པའི་དེ་བཞིན་གཤེགས་པའི་མཚན་བཟང་པོ་སུམ་བཅུ་རྩ་གཉིས་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོ་གྲངས་མེད་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་བརྗོད་དུ་མེད་པར་བསྒྱུར་བའི་བསོད་ནམས་ཀྱིས། དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་དུང་འགྲུབ་པར་འགྱུར་རོ། །ཆོས་ཀྱི་དུང་དེས་འདུལ་བའི་དབང་དུ་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་དབྱངས་ཀྱིས་རིག་པར་བྱེད་དོ། །དབྱངས་ཇི་ལྟར་བ་དེ་བཞིན་དུ་སྐུས་ཀྱང་དེ་བཞིན་ནོ་ཞེས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། འགའ་ཞིག་ན་རེ། དེ་ལྟ་བུའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་སྣང་བ་རྣམས་གདུལ་བྱ་རང་གི་སེམས་

(༤༤༥)པ་དང་། དབང་པོ་ལྔ་དང་། འཕགས་ལམ་ཡན་ལག་བརྒྱད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་དང་། སྔོན་བྱུང་བ་དང་། གདམས་པའི་དོན་རྣམས་བདེ་བླག་ཏུ་རྟོགས་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཉིས་པས་གླེང་གཞི་ཞེས་བྱ་བ་དང་པོ་དང་། ཕུང་པོ་ལྔ་བརྟག་པའི་ལེའི་སྟེ་གཉིས་པ་དང་། ཁམས་བཅོ་བརྒྱད་ཅེས་བྱ་བའི་ལེའུ་སྟེ་གསུམ་པ་དང་། སྐྱེ་མཆེད་བཅུ་གཉིས་ཞེས་བྱ་བའི་ལེའུ་སྟེ་བཞི་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཞེས་བྱ་སྟེ་ལེའུ་ལྔ་པ་དང་། དྲན་པ་ཉེ་བར་བཞག་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པ་དང་། དབང་པོ་ལྔ་ཞེས་བྱ་བའི་ལེའུ་སྟེ་བདུན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱ་བའི་ལེའུ་སྟེ་བརྒྱད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བའི་ལེའུ་སྟེ་དགུ་པ་དང་། འདུས་བྱས་དང་འདུས་མ་བྱས་པ་ཅེས་བྱ་བའི་ལེའུ་སྟེ་བཅུ་པ་དང་། སྔོན་བྱུང་བ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པ་དང་། གདམས་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་འདིའི་ཆོས་མངོན་པ་གོང་མ་ཡིན་པའི་ཕྱིར་གྲུབ་མཐའ་སེམས་ཙམ་ཡིན་ནོ་ཞེ་ན། མངོན་པ་གོང་མ་ཡིན་མདོ། གྲུབ་མཐའ་ནི་སེམས་ཙམ་མ་ཡིན་ཏེ། གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མར་སྟོན་པ་ནི། མདོ་འདི་ཉིད་ཀྱི་བམ་པོ་གཉིས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཚེ་རྣམ་པར་ཤེས་

(༤༤༦)པའི་ཕུང་པོ་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་པར་ཤེས་ཏེ། ཐེག་མ་ནས་མ་སྐྱེས་པའི་མཚན་ཉིད་དུ་ཤེས་སོ། ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་བརྙན་གྱི་ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །སྒྱུ་མའི་ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་མི་བྱས་ན་མི་དེའི་རྣམ་པར་ཤེས་པ་དེ་ནི་ནང་ནའང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་གའི་བར་ན་ཡང་མི་གནས་པ་ལྟར་རྣམ་པར་ཤེས་པའི་རང་བཞིན་ཀྱང་དེ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པའི་རྐྱེན་མང་པོ། རྣམ་པར་རྟོག་པ་ལས་སྐྱེས་ཏེ་ཡང་དག་པའི་དངོས་པོ་མེད་དོ། །འཁྲུལ་འཁོར་གྱི་མི་ལྟར་རྣམ་པར་ཤེས་པའང་དེ་དང་འདྲ་སྟེ་ཕྱིན་ཅི་ལོག་དང་ཡང་དག་པ་མ་ཡིན་པའི་རྒྱུ་རྐྱེན་མང་པོ་འདུས་པ་ལས་ཡོད་པར་གྱུར་ཏོ། །དེ་ལྟར་རྟོགས་པའི་ཚེ་ན་རྣམ་པར་ཤེས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་མེད་པར་ཤེས་སོ། །རྣམ་པར་ཤེས་པའི་མཚན་ཉིད་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་། རྣམ་པར་ཤེས་པའི་རང་བཞིན་ལ་སྒྱུ་མ་ལྟ་བུར་རྟོགས་སོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་མཉམ་དུ་འཇིག་རྟེན་འདི་དག་ནི་ཤིན་དུ་མྱོས་ཤིང་གཏི་མུག་གིས་ལྡོངས་སོ། །འདི་ལྟ་སྟེ། རྣམ་པར་རྟགས་པའི་རྣམ་པར་ཤེས་པ་ལས་འཇིག་རྟེན་འབྱུང་སྟེ། སེམས་དང་། ཡིད་དང་རྣམ་པར་ཤེས་པའི་འདུས་པས་ན་ཁམས་གསུམ་འདི་ནི་རྣམ་པར་ཤེས་པ་ཙམ་མོ། །དེ་ལྟར་སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་གཟུགས་མེད། ཕྱོགས་མེད་ཆོས་ཀྱི་ནང་ན་མི་གནས། ཆོས་ཀྱི་ཕྱི་རོལ་ན་མི་གནས། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་མ་ཡིན་པ་དང་ལྡན་པས་རྣམ་པར་བཅིངས་པའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ལ་བདག་དང་། བདག་གི་བར་འཛིན་ཅིང་ཆགས་

(༤༤༧)སོ། །གང་ཟག་དེ་ནི་རྣམ་པར་ཤེས་པའི་ཕུང་པོ་ནང་ན་གནས་པར་འཛིན་རྣམ་པར་ཤེས་པའི་ཕུང་པོ་ཕྱི་རོལ་ན་གནས་པར་འཛིན། རྣམ་པར་ཤེས་པའི་ཕུང་པོ་ཕྱི་ནང་གཉིས་ཀ་ནས་ན་གནས་པར་འཛིན། རྣམ་པའི་ཕུང་པོ་དེ་དག་དང་གཞན་ལ་གནས་པར་འཛིན་ཏོ། །ཕུང་པོ་ལ་ནི་སྐྱེ་བ་དང་གྲུབ་པའི་མཚན་ཉིད་མེད་དོ། །རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་ནི་རྒྱུ་རྐྱེན་མང་པོ་ལས་སྐྱེས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་པའི་ཆོས་ལ་དེ་ལྟར་རྟོགས་ན་ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོར་རྟོགས་སོ། །མོས་པས་རྗེས་སུ་རྣམ་པར་འབྱེད་ཅིང་བརྟགས་ནས་ཇི་ཙམ་དུ་རྣམ་པར་ཤེས་པར་བཏགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པའི་ཕུང་པོའི་དབེན་པ་ཤེས་ནས་དམིགས་པ་ཐམས་ཅད་དང་ཤེས་པར་བྱ་བའི་ཐམས་ཅད་ཡོངས་སུ་བཅོམ་མོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་རྟོགས་ཏེ། རྣམ་པར་ཤེས་པའི་ཕུང་པོ་ལ་སྐྱེ་བ་མེད་པ་དང་མ་བྱས་པ་དང་། མ་བྱུང་བ་དང་། མི་གཟུང་བ་དང་། མི་འཛིན་པར་ཤེས་ན་དེ་དག་ཀྱང་རྐྱེན་མང་པོ་ལས་སྐྱེས་ཏེ་རྐྱེན་མང་པོ་འདུས་པ་ལས་ཡོད་པར་འགྱུར་རོ། མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། རྣམ་པར་ཤེས་པའི་ཆོས་ཀྱི་རྐྱེན་གྱིས་ཡོད་པར་གྱུར་ཏེ། ཐོག་མའི་མཐའ་ནས་སྟོང་ངོ་ཞེས་གསུངས་པའི་ཕྱིར་རྣལ་འབྱོར་པའི་དབུ་མར་གསལ་བར་བསྟན་པ་ཡིན་ནོ། །དེ་བཞིན་དུ། བྱམས་ཆོས་ལྔ་རྣལ་འབྱོར་སྤྱོད་པའི་དབུ་མར་གནས་ཤིང་མདོ་བསྟན་བཅོས་འདི་རྣམས་ཀྱི་previous hit དགོངས next hit་མ་ནོར་བར་འགྲེལ་པའི་ཕྱིར། ཐོག་མེད་སྐུ་མཆེད་ཀྱི་མཛད་པའི་འབུམ་གྱི་འགྲེལ་

(༤༤༨)པ་གཉིས་དང་། བྱམས་ཆོས་ཕྱི་མ་བཞིའི་འགྲེལ་པ་དང་། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀ་ར་་སྡེ་བརྒྱད་རྣམས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་ཡིན་གྱིས། སེམས་ཙམ་འབའ་ཞིག་པ་མ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །ཐེག་ཆེན་ཆོས་མངོན་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ཐ་མ། ཆོས་མངོན་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་ཞེས་པ་ནས། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ནས་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་ནི་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་ནས། དགེ་སློང་བརྒྱ་སྟོང་ཕྲག་དྲུག་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ་ཞེས་པ་དང་། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་ཐེག་པ་ཐུན་མོང་བའི་འཁོར་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ་ཞེས་པ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་ཐེག་ཆེན་མཐུན་མོང་མ་ཡིན་པའི་འཁོར་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་ཞེས་པ་ནས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་ལ་འཇུག་པ་གསུང་ངོ། །བསྟན་ཏོ། །རབ་ཏུ་སྟོན་ཏོ། །མོས་པར་མཛད་དོ། །འཛིན་དུ་འཇུག་གོ །ཀློག་ཏུ་འཇུག་གོ །

(༤༤༩)ཤེས་པར་མཛད་དོ། །རྣམ་པར་རིག་པར་མཛད་དོ། །རབ་ཏུ་ཤེས་པར་མཛད་དོ། །འཇུག་པར་མཛད་དོ། །འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་མཛད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འོང་པའི་ཆོ་འཕྲུལ་དང་། འོངས་པའི་ཚུལ་སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་དེ་ལྟ་བུ་ཤིན་དུ་རྣམ་པར་ངེས་པའི་དོན་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ན། ཤར་ཕྱོགས་ལོགས་ནས་གསེར་གྱི་འོད་ཆེན་པོ་སྣང་པར་གྱུར་ཏོ་ཞེས་པ་ནས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་སྟེང་གི་བར་སྣང་ལས་བབས་ཏེ། བཅོམ་ལྡམ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་བདུན་དུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་འཁོར་དང་བཅས་ཏེ། པད་མའི་སྙིང་པོ་དེ་དག་ལ་དཀྱིལ་མོ་དཀྲུང་དུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་གང་ནས་འོངས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བྱ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཅི་སྲིད་ཅིག་ན་ཡོད་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་རླབས་པའི་སྟོན་པ་པོས། གླེང་གླེང་བ་ནི། བློ་གྲོས་མི་ཟད་པས་སྨྲས་པ། གནས་བརྟན་ཤཱ་ར་དྭ་ཏིའི་བུ་ལ་ད་ཏུང་དུའང་འོང་བ་དང་འགྲོ་བའི་འདུ་ཤེས་འབྱུང་ངམ་ཞེས་པ་ནས་

(༤༥༠)བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ནས་ཆོས་ཉན་པའི་ཕྱིར་འདུས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་བློ་གྲོས་མི་ཟད་པ་ལ་ཞུས་པ་དངོས་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་མིང་བློ་གྲོས་མི་ཟད་པ་ཞེས་བཏགས་ཞེས་པའོ། །ལན་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བློ་གྲོས་མི་ཟད་པ་ཞེས་བྱ་བ་འདི་ནི་ཆོས་ཐམས་ཅད་ཀྱི་དམིགས་པ་ནི་རྒྱུ་མཐུན་པའོ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་མི་ཟད་པ་བརྒྱད་བཅུ་རྟོགས་ཤིང་ཉམས་སུ་བླངས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་བརྒྱད་བཅུ་སྟེ། མི་ཟད་པ་འདིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུད་ཅིང་འདུས་པའོ། །ཞེས་གསུངས་པའི་མི་ཟད་པ་བརྒྱད་བཅུ་ནི་འདི་ལྟ་སྟེ། དང་པོ་སེམས་བསྐྱེད་པ་མི་ཟད་པ་དང་། དེ་ནས་བསམ་པ་མི་ཟད་པ་དང་། སྦྱོར་བ་མི་ཟད་པ་དང་། ལྷག་པའི་བསམ་པ་མི་ཟད་པ་དང་། སྦྱིན་པ་མི་ཟད་པ་དང་། ཚུལ་ཁྲིམས་མི་ཟད་པ་དང་། བཟོད་པ་མི་ཟད་པ་དང་། བརྩོན་འགྲུས་མི་ཟད་པ་དང་། བསམ་གཏན་མི་ཟད་པ་དང་། ཤེས་རབ་མི་ཟད་པ་དང་། བྱམས་པ་མི་ཟད་པ་དང་། སྙིང་རྗེ་མི་ཟད་པ་དང་། དགའ་བ་མི་ཟད་པ་དང་། བཏང་སྙོམས་མི་ཟད་པ་དང་། མངོན་པར་ཤེས་པ་ལྔ་མི་ཟད་པ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་

(༤༥༡)གྱི་བྱ་བ་ཤེས་པ་མི་ཟད་པའོ། །བསྡུ་བའི་དངོས་པོ་བཞི་མི་ཟད་པ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་མི་ཟད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་དང་། ངེས་པའི་ཚིག་སོ་སོ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་མི་ཟད་པའོ། །སྟོན་པ་བཞི་མི་ཟད་པ་སྟེ། དོན་ལ་སྟོན་པ་དང་། ཡེ་ཤེས་ལ་སྟོན་པ་དང་། ངེས་དོན་ལ་སྟོན་པ་དང་། ཆོས་ཉིད་ལ་སྟོན་པ་མི་ཟད་པའོ། །བསོད་ནམས་ཀྱི་ཚོགས་མི་ཟད་པ་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་པའོ། །དྲན་པ་ཉེ་བར་བཞག་པ་བཞི་མི་ཟད་པ་སྟེ། ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་དང་། སེམས་དྲན་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་མི་ཟད་པའོ། །ཡང་དག་པར་སྤོང་བ་བཞི་མི་ཟད་པ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་ཤིང་འཕེལ་བ་མི་ཟད་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཟད་པ་སྟེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་མི་ཟད་པའོ། །དབང་པོ་ལྔ་མི་ཟད་པ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དང་། དྲན་པ་དང་། ཏིང་ངེ་འཛིན་གྱི་དང་། ཤེས་རབ་ཀྱི་དབང་པོ་མི་ཟད་པའོ། །སྟོབས་ལྔ་མི་ཟད་པ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་དང་། དྲན་པའི་དང་། ཏིང་ངེ་འཛིན་གྱི་དང་། ཤེས་རབ་ཀྱི་སྟོབས་མི་ཟད་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་མི་ཟད་པ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་

(༤༥༢)ཡང་དག་དང་། དགའ་བ་ཡང་དག་དང་། ཤིན་དུ་སྦྱངས་པ་ཡང་དག་དང་། ཏིང་ངེ་འཛིན་ཡང་དག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མི་ཟད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་མི་ཟད་པ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་མི་ཟད་པའོ། །ཞི་གནས་མི་ཟད་པ་དང་། ལྷག་མཐོང་མི་ཟད་པ་དང་། གཟུངས་མི་ཟད་པ་དང་། སྤོབས་པ་མི་ཟད་པའོ། །ཆོས་ཀྱི་མདོ་བཞི་མི་ཟད་པ་སྟེ། འདུས་བྱས་ཐམས་ཅད་རྟག་པར་བསྟན་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་བསྟན་པ་དང་། ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང་། མྱ་ངན་ལས་འདས་པ་ཞི་བར་བསྟན་པ་མི་ཟད་པའོ། །གཅིག་བུ་བགྲོད་པའི་ལམ་མི་ཟད་པ་དང་། ཐབས་མི་ཟད་པ་སྟེ་བརྒྱད་བཅུའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །རྒལ་ལན་ནི། མཁས་པ་འགའ་ཞིག །མདོ་འདི་ཉིད་དབུ་མ་ཐལ་འགྱུར་བའི་ལུགས་དང་། previous hit དགོངས next hit་ངེས་འགྲེལ་གྱི་མདོ་སེམས་ཙམ་གྱི་མདོ་ཡིན་པར་གསུང་བ་ནི། མདོ་གཉིས་ཀའི་དོན་ལ་མ་འདྲིས་པ་ཡིན་ཏེ། མདོ་འདི་ཉིད་ནས་བསྟན་པའི་ཆོས་ཀྱི་བདག་མེད་དང་། previous hit དགོངས next hit་ངེས་འགྲེལ་ནས་བསྟན་པའི་ཆོས་ཀྱི་བདག་མེད་གཉིས་རྣམ་པ་ཀུན་དུ་ཁྱད་པར་མེད་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་། previous hit དགོངས next hit་ངེས་འགྲེལ་ནས། མཚན་ཉིད་གསུམ་གྱི་ནང་ནས་ཀུན་བརྟགས་ཁོ་ན་ཀུན་རྫོབ་ཀྱི་བདེན་པར་བསྟན་ཅིང་། དེས་དབེན་པ་དོན་དམ་གྱི་བདེན་པར་བསྟན་

(༤༥༣)པ་དང་། མདོ་འདི་ཉིད་ལས། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་བདེན་པ་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། གང་འདི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་དང་། ཡི་གེ་དང་། སྒྲ་དང་། བརྡས་བསྟན་པ་ཇི་སྙེད་པའོ། །དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་བ་མེད་པ་སྟེ། ཡི་གེ་ལྟ་ཅི་སྨོས། མཚན་ཉིད་ཀྱི་བདེན་པ་ནི། གང་འདི་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་པ་སྟེ། མཚན་ཉིད་གཅིག་པོ་ཡང་མཚན་ཉིད་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པ་ཡང་མི་ལྟུང་། མཚན་ཉིད་ཀྱི་བདེན་པས། བདེན་པ་གཅིག་ཏུ་རྟོགས་ཀྱང། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། །འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ་ཞེས་གསུངས་པ་དང་། དོན་གཅིག་གོ །གཞན་ཡང་བདེན་པ་རྣམ་པ་གཉིས་སྟེ། རྣམ་པ་གཉིས་པོ་གང་ཞེ་ན། གང་འདི་ཐ་སྙད་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །དེ་ལ་ཐ་སྙད་ཀྱི་བདེན་པ་ནི། དུས་སུ་བདེན་པར་སྨྲ་བ་སྟེ། གང་འདི་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་། འཇིག་རྟེན་གྱི་ཐ་སྙད་ཀྱི་བདེན་པ་དང་། ཡི་གེ་དང་། བརྡས་བརྟན་པ་ཇི་སྙེད་པའོ། །དོན་དམ་པའི་བདེན་པ་གང་ཞེ་ན་འདི་བརྗོད་པ་མེད་པའི་ཆོས་ཅན། མྱ་ངན་ལས་འདས་པས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་དེའི་རིགས་ནི་རྟག་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐ་སྙད་ཀྱི་བདེན་པ་བསྟན་པ་ཀྱང་ཡོངས་

(༤༥༤)སུ་མི་སྐྱོ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་ལ་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་དེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །ཞེས་གསུངས་པའི། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་ཞེས་པས་ནི། ཀུན་རྫོབ་བདེན་པའི་སྒྲོ་གདགས་གཞི་བསྟན་ལ། དུས་སུ་བདེན་པ་སྨྲ་བ་སྟེ་ཞེས་པ་དང་། འཇིག་རྟེན་གྱི་བདེན་པ་དང་། ཡི་གེ་དང་། སྒྲས་བསྟན་པ་ཇི་སྙེད་པའོ་ཞེས་པས་ནི། སྒྲོ་བཏགས་ཉིད་ཀུན་རྫོབ་ཀྱི་བདེན་པར་བསྟན་པ་ཡིན་ནོ། །གཞན་ཡང་བདེན་པ་ནི་གཅིག་སྟེ། གཉིས་སུ་མེད་དོ། །དེ་ལ་བདེན་པ་གཅིག་ནི་གང་འདི་ཆོས་ཐམས་ཅད་ལ་གྲོ་འདོགས་པ་མེད་ཅིང་སྒྲོ་འདོགས་པར་ལྷུང་བའི་སེམས་ཅན་རྣམས་ཀྱང་བདེན་པ་ལ་རབ་ཏུ་འཛུད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྒྲོ་འདོགས་པའི་བདེན་པ་བསྟན་པས་ཀྱང་མི་སྐྱོ་ལ། སྒྲོ་འདོགས་པ་མེད་པའི་བདེན་པ་གཅིག་བསྟན་པ་ཡང་མངོན་སུམ་དུ་མི་བྱེད་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་གསུངས་པའི་དོན། སྒྲོ་བཏགས་ཉིད་ཀུན་རྫོབ་ཀྱི་བདེན་པར་བསྟན་པ་ཡིན་པས་ཀུན་བཏགས་ཉིད་ཀུན་རྫོབ་ཀྱི་བདེན་པར་བསྟན་པ་དང་དོན་གཅིག་གོ །མདོ་འདི་གཉིས་ཀྱི་དོན་འགྲེལ་པ་ལ་སྤྱོད་འཇུག་མཁན་པོས། དེ་ལྟར་ཀུན་རྫོབ་ཡོད་མིན་ན། དེ་ལ་བདེན་གཉིས་ག་ལ་ཡོད། འདི་ནི་གཞན་སེམས་རྣམ་རྟོག་སྟེ། དེ་ནི་རང་གི་ཀུན་རྫོབ་མིན་ཞེས་གསུངས་པ་དང་། དབུ་མ་འཇུག་པའི་རང་འགྲེལ་ལས། བདེན་པ་ནི་གཅིག་ཁོ་ནས་ཏེ། མྱ་ངན་འདས་པ་བདེན་གཅིག་པོ་ཞེས་གསུངས་པ་རྣམས་དོན་གཅིག་གོ །སྟོང་པ་ཉིད་དང་། དོན་དམ་བདེན་པ་སྟོན་ཚུལ་གཅིག་ཏུ་བཅུག་ནའང་། previous hit དགོངས next hit

(༤༥༥)ངེས་འགྲེལ་ལས། ཉན་ཐོས་ཞི་བ་བགྲོད་པ་ཕྱོགས་གཅིག་པ་རྣམས་ནི། སངས་རྒྱས་རྣམས་བརྩོན་པ་ལྡན་དུ་ཟིན་ཀྱང་སངས་རྒྱས་ཀྱི་ས་ལ་བཞག་པར་མི་ནུས་སོ་ཞེས་གསུངས་པའི་ཕྱིར། མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་མིན་ལ། མདོ་འདི་ཉིད་ནས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་ཕྱིར། གནད་མི་གཅིག་གོ་ཞེ་ན། དེ་ནི་མ་ཡིན་ཏེ། previous hit དགོངས next hit་ངེས་འགྲེལ་ནས། ཞི་བགྲོད་ཕྱོགས་ཅིག་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་བརྩོན་པ་དང་ལྡན་དུ་ཟིན་ཀྱང་། སངས་རྒྱས་ཀྱི་ས་ལ་བཞག་མི་ནུས་ཞེས་གསུངས་པ་ནི་གནས་སྐབས་ལ་previous hit དགོངས next hit་ཡིན་གྱི། མཐར་ཐུག་ལ་previous hit དགོངས next hit་མ་ཡིན་ཏེ། མདོ་དེ་ཉིད་ལས།ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར་གཙོ་བོའི་ཐེག་པ་ནི་གཅིག་གོ་ཞེས་གསུངས་པས་མཐར་ཐུག་གི་ཐེག་པ་གཅིག་ཏུ་སྟོན་པ་ཡིན་ནོ། །གནས་སྐབས་ཐེག་པ་གསུམ་དུ་མདོ་འདི་ཉིད་ནས་ཀྱང་བསྟན་ཏེ་འདི་ཉིད་ལས། དེའི་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བོའི་གནས་རྣམས་ཀྱིས་ཟད་པར་འགྱུར་རོ། །ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་རྣམས་ཀྱི་ཚུལ་ཁྲིམས་ནི་མངོན་པ་ཉམས་པས་ཟད་པར་འགྱུར་རོ། །མི་རྣམས་ཀྱི་ཚུལ་ཁྲིམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཟད་པས་ཟད་པར་འགྱུར་རོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་བསོད་ནམས་ཟད་པས་ཟད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཚད་མེད་པ་དང་། བསམ་གཏན་ཟད་པས་ཟད་པར་འགྱུར་རོ། །གཟུགས་མེད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱིས་ཚུལ་ཁྲིམས་ནི་ཇི་ལྟ་བུར་སྙོམས་པར་ཞུགས་པས་སྐྱེས་པ་ཟད་ནས་ཟད་པར་འགྱུར་རོ། །སློབ་པ་དང་མི་སློབ་པ་དང་། ཉན་ཐོས་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པའི་མཐར་ཟད་པར་འགྱུར་

(༤༥༦)རོ། །རང་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཟད་པར་འགྱུར་རོ་ཞེས་གསུངས་པས། འདིར་ཡང་མཐར་ཐུག་ཐེག་པ་གསུམ་དུ་སྟོན་པར་འགྱུར་རོ། །འདི་གནས་སྐབས་ལ་previous hit དགོངས next hit་ཡིན་ནོ་ཞེ་ན། མདོ་སྔ་མ་ཡང་མཚུངས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། མི་ཟད་བརྒྱད་བཅུ་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡངས་པའི་གྲོང་ཁྱེར་ན། ཨ་མྲ་བསྲུང་བའི་ཚལ་ན་ཞེས་སོ། །འཁོར་ནི། དགེ་སློང་བརྒྱ་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས། དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་དེར་ལྷགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་དཔལ་གྱི་སྙིང་པོའི་སེང་གེ་ལ་བཞུགས་ཏེ། འཁོར་བརྒྱ་སྟོང་དུ་མ་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །རྒྱ་མཚོའི་ནང་ནས་རིའི་རྒྱལ་པོ་རི་རབ་མངོན་པར་འཕགས་པ་བཞིན་དུ་འཁོར་ཐམས་ཅད་ཟིལ་གྱིས་མནན་ཏེ་ལྷམ་མེ་ལྷན་ནེ་ལྷང་ངེས་དཔལ་གྱི་སྙིང་པོའི་སེང་གེ་ཁྲི་ལ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་ལི་ཙ་བྱི་གཞོན་ནུ་ལྔ་བརྒྱ་ཙམ་དང་། རིན་པོ་ཆེ་སྣ་བདུན་གྱི་གདུགས་ཐོགས་ནས་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ཨ་མྲ་བསྲུང་

(༤༥༧)པའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས། རིན་པོ་ཆེའི་གདུགས་ཇི་ལྟ་བུ་ཐོགས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་སྐྱབས་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ལ་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཀྱིས་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལི་ཙ་བྱི་གཞོན་ནུ་ལྔ་བརྒྱ་ཙམ་པོ་འདི་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། འདི་དག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ལགས་ཞེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞུ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསུང་བར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །གཞོན་ནུ་ཁྱོད་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་དྲི་བ་ལེགས་སོ། །དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལས་བརྩམས་ཏེ། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་དང་ལི་ཙ་བྱི་གཞོན་ནུ་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། ཆོས་དངོས་ནི། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སེམས་ཅན་རྣམས་ལ་རྒྱས་བྱེད་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སེམས་ཅན་རྣམས་ཇི་ལྟ་བུས་འདུལ་བར་འགྱུར་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཞིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་

(༤༥༨)རྣམས་སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཞིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྣམས་འཕགས་པ་ལྟ་བུའི་དབང་པོ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ནི་སེམས་ཅན་གྱི་དོན་ལས་བྱུང་པའི་ཕྱིར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱིན་གྱིས་བརླབས་པའི་སྟོན་པ་འཇམ་དཔལ་དབྱངས་དང་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་གཉིས་ཀྱིས་ཇི་ལྟར་བསྟན་པའི་ཐེག་པ་ཆེན་པོའི་ཆོས་རྣམས་རྟོགས་ཤིང་ཉམས་སུ་བླངས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཉིས་སུ་གནས་པ་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཚུལ་བསྟན་པ་དང་གླེང་གཞིའི་ལེའུ་སྟེ་དང་པོ་དང་། དྲི་མ་མེད་པས་ན་བ་ལྟར་བསྟན་པའི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་གཉིས་པ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་བྲོ་འདིར་བཏང་བར་སྨྲས་པའི་ལེའུ་སྟེ་གསུམ་པ་དང་། དྲི་མ་མེད་པར་གྲགས་པ་ན་ཡང་དག་པར་དགའ་བར་བྱས་པའི་ལེའུ་སྟེ་བཞི་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་ལྔ་པ་དང་། དྲི་མ་མེད་པར་གྲགས་པའི་ཁྱིམ་ན་གནས་པའི་ལྷ་མོའི་ལེའུ་སྟེ་དྲུག་པ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ལེའུ་སྟེ་བདུན་པ་དང་། གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པའི་ལེའུ་སྟེ་བརྒྱད་པ་དང་། སྤྲུལ་པས་ཞལ་ཟས་བླངས་པའི་ལེའུ་སྟེ་དགུ་པ་དང་། ཟད་པ་དང་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་རྫོངས་ཀྱི་ལེའུ་བཅུ་པ་དང་། དེ་བཞིན་གཤེགས་པ་མི་འཁྲུག་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ་དང་། དམ་པའི་ཆོས་གཏད་པའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་

(༤༥༩)མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །གོ་རིམས་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་སོ། །རྒལ་ལན་ནི། ཁ་ཅིག་ན་རེ། མདོ་འདིའི་ལུགས་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་འདུས་བྱས་སམ་འདུས་མ་བྱས་གང་ཡིན། འདུས་བྱས་ཡིན་པར་ནི་མི་རིགས་ཏེ། རྡོ་རྗེ་སྤྱོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། གང་དག་ང་ལ་སྒྲར་ཤེས་པ། ལོག་པའི་ལམ་དུ་ཞུགས་པ་སྟེ། སྐྱེ་བོ་དེ་དག་ང་མི་མཐོང་། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཉིད་ཤེས་པར་བྱ་མིན་པས། དེ་ནི་རྣམ་པར་ཤེས་མི་ནུས། ཞེས་གསུངས་པ་དང་། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། མཁྱེན་དང་རྩེ་དང་ནུས་པར་ལྡན། དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ནི་རྒྱུ་རྐྱེན་ལས་མ་སྐྱེས་པ་འདུས་མ་བྱས་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཉིད་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཅིང་དེ་ཉིད་སངས་རྒྱས་ཀྱི་སྐུ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ནི་མི་རིགས་ཏེ། གཞུང་གི་previous hit དགོངས next hit་མ་ཡིན་ཞིང་། རིགས་པས་གནོད་པའི་ཕྱིར་རོ། །རྡོ་རྗེ་གཅོད་པའི་ལུང་འདིའི་previous hit དགོངས next hit་ནི། གཟུགས་སྐུ་ལ་བདེན་བཞེན་འགོག་པ་ཡིན་ལ། རྒྱུད་བླ་མའི་གཞུང་འདིའི་previous hit དགོངས next hit་ནི། སངས་རྒྱས་ལས་ཉོན་གྱི་འདུས་བྱས་པ་མ་ཡིན་པར་སྟོན་པ་ཡིན་གྱི་ཚོགས་གཉིས་ཀྱི་འདུས་བྱས་པ་མ་ཡིན་པར་སྟོན་པ་མ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ་ཆོས་ཉིད་མ་ཡིན་ལ། ཆོས་ཉིད་ཡིན་ན་ཡང་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་པས། ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་ཀྱི་སྐུ་ཡིན་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་སྐུ་ཚོགས་གཉིས་ཀྱི་

(༤༦༠)འདུས་མ་བྱས་པར་བསྒྲུབ་མི་ནུས་སོ། །མངོན་པར་རྟོགས་པའི་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། དེ་དག་རང་བཞིན་མཚན་ཉིད་ཅན་ཞེས་གསུངས་པས། སངས་རྒྱས་ཀྱི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུར་བསྟན་ནོ་ཞེ་ན། དེ་ནི་གཞུང་གི་previous hit དགོངས next hit་མ་ཡིན་ནོ། །གཞུང་དེའི་previous hit དགོངས next hit་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་པས་མཚོན་ཆ་བསྟན་ལ། ཟག་པ་མེད་པའི་ཆོས་གང་དག་ཐོབ་གྱུར་ཞེས་པས་མཚན་ཉིད་ཀྱི་དོན་དང་། རྣམ་ཀུན་རྣམ་དག་པ་ཞེས་པས་བློ་བུར་དྲི་བྲལ་གྱི་ཆ་དང་། དེ་དག་རང་བཞིན་མཚན་ཉིད་ཅན་ཞེས་པས་རང་བཞིན་རྣམ་དག་གི་ཆ་གཉིས་ལྡན་ཆོས་སུ་བསྟན་པ་ཡིན་ནོ། །དེས་ན་དག་པ་གཉིས་ཀྱི་ཡེ་ཤེས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་ནི་ཚོགས་གཉིས་ལས་གསར་དུ་སྐྱེས་པ་ཡིན་ནོ། །མདོ་འདི་ཉིད་ལས་ཀྱང་། གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ལས་སྐྱེས་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་ལས་སྐྱེས་པ། སྦྱིན་པ་ལས་སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་སྐྱེས་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང་དེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང་། ཤེས་རབ་དང་། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་

(༤༦༡)ཀྱི་ཆོས་སུམ་བཅུ་རྩ་བདུན་ལས་སྐྱེས་པ། ཞི་གནས་དང་ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས་སྐྱེས་པ། ཕ་རོལ་དུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་རང་རིག་པ་ལས་སྐྱེས་པ་ལས་མི་དགེ་བའི་ཆོས་ཐམས་ཅད་སྤངས་པ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྡུད་པ་ལས་སྐྱེས་པ། བདེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱོད་ཀྱིས་དེ་ལྟ་བུའི་སྐུ་དེ་ལ་མོས་པ་བསྐྱེད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དྲི་མ་མེད་པར་གྲགས་པ་ལྟར། འགྲོ་བས་ཐེག་ཆེན་དོན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མ་འདིའི་སྤྱིར་ཕུན་སུམ་ཚོགས་པ་ལྔ་ནི། བཅོམ་ལྡན་འདས་ཞེས་པ་ནས་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་རིན་པོ་ཆེའི་གདུགས་དཔག་ཚད་བཅུས་འཁོར་བ་ཙམ་ཐོགས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་གི་དྲང་ཐད་ནས་འཛིན་ཅིང་འདུག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་ཡོངས་སུ་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་འཚམས་བཟངས་ཤེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་

(༤༦༢)པ་འཁོར་དང་བཅས་ཏེ། འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་སྟན་ལས་ལངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་སོང་ནས། ཕྱིན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བཅོམ་ལྡན་འདས་ལ་མཆོད་པ་མཛད་པས་ད་དུང་ཐུགས་མ་ཚིམ་ལགས་སམ་ཞེས་པས་སོ། །ཆོས་ནི། འཇམ་དཔལ་གྱིས་སྨྲས་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་བསྒྲུབ་པ་ལ་དགེ་བའི་རྩ་བས་ཆོག་མི་ཤེས་པར་རྟོགས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་ཚོགས་བསགས་པའོ། །བསྡུས་པའི་དོན་ནི། དམིགས་པ་བཞི་ལ་དམིགས་ནས་དགེ་བའི་རྩ་བ་སོག་པའོ། །དམིགས་པ་བཞི་ནི། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་དམིགས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། ཁ་ཅིག་ན་རེ། སངས་རྒྱས་མ་ཐོབ་ཀྱི་བར་དུ། དགེ་བའི་རྩ་བ་གོང་ནས་གོང་དུ་འཕེལ་བ་ཡོད་ལ། སངས་རྒྱས་ནས་དགེ་བའི་རྩ་བ་འཕེལ་རྒྱུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ནས་དགེ་བའི་རྩ་བ་འཕེལ་བ་ཡོད་ན། སངས་རྒྱས་ནང་ཕན་ཚུན་སྤངས་རྟོགས་མཐོ་དམན་ཡོད་པར་འགྱུར་རོ། །སྤངས་རྟོགས་མཐོ་དམན་ཡོད་ན། དེ་རྫོགས་པའི་སངས་རྒྱས་མ་ཡིན་པར་འགྱུར་རོ། །ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། སངས་རྒྱས་ནས་དགེ་བའི་རྩ་བ་འཕེལ་བ་མེད་ན། རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བ་

(༤༦༣)ལ་རྟེན་ནས་དགེ་བའི་རྩ་བ་མི་ཐོབ་པར་ཁས་ལེན་དགོས་པས་ཧ་ཅང་ཐལ་འགྱུར་རོ། །སྦྱིན་སོགས་བཅད་པས་དགེ་བ་འབྱུང་བ། སྒྲིབ་བཅས་ཁོ་ནའི་ཁྱད་ཆོས་ཡིན་པར་མདོ་རྒྱུད་གང་ནས་ཀྱང་མ་གསུངས་སོ། །སངས་རྒྱས་ཀྱི་ཐུགས་རྒྱུད་ལ་དགེ་བའི་རྩ་བ་གསར་འཕེལ་ཡོད་པས། སྤངས་པ་དང་། རྟོགས་པ་མཐོ་དམན་མི་དགོས་ཏེ། སངས་རྒྱས་དགེ་རྩ་འཕེལ་མི་འཕེལ་གང་ལྟར་ཁས་ལེན་ཀྱང་། སྒྲིབ་པ་ཐམས་ཅད་ཟད་པ་དང་། ཤེས་བྱ་ཐམས་ཅད་ལྷག་མེད་དུ་མཁྱེན་པ་མཚུངས་པར་ཁས་བླང་དགོས་པའི་ཕྱིར་རོ། །འོན་ཀྱང་རང་དོན་ལ་གྲོལ་བ་སྔ་ཕྱི་དང་། གཞན་དོན་ལ་སངས་རྒྱས་ཀྱི་མཛད་པ་སྔ་ཕྱི་ལ་སོགས་པའི་ཁྱད་པར་ཤིན་དུ་ཆེ་བའི་ཕྱིར་སངས་རྒྱ་བ་ཅི་སྔ་ལ་གཏད་དགོས་པ་ཡིན་ནོ། །འོ་ན་གཞུང་འགའ་ཞིག་ནས། འཁོར་བ་སྟོངས་པར་མ་གྱུར་པར། བདག་འཚང་རྒྱ་བར་མ་གྱུར་ཅིག་ཅེས་གསུངས་པ་ལྟ་བུས་སང་རྒྱ་བ་ཅི་འགོར་ལ་གཏད་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་སངས་རྒྱས་ནས་མྱ་ངན་ལས་འདས་པ་ནས། མར་མེ་ཤི་བ་ལྟར་ཟད་འགྲོ་བ་རྣམས་གཞན་དོན་ཆུང་ལ། དེ་ལྟ་བུ་ལས་སྲིད་མཐའི་བར་དུ་སྐྱེ་བ་བླངས་ནས་བྱང་ཆུབ་སེམས་དཔའི་ནང་ནས་གཞན་དོན་བྱེད་པ་འགྲོ་དོན་ཆེ་ཞེས་སྟོན་པས། ཐེག་པ་གསུམ་དུ་བསྟན་པས་གདུལ་བར་བྱ་བའི་གང་ཟག་དྲང་བར་བྱ་བའི་ཕྱིར་ཏུ་དོན་དུ་དགྲ་བཅོམ་པ་གསུམ་པོ་མྱ་ངན་ལས་འདས་ནས་རྒྱུན་ཆད་ལ་འགྲོ་བར་བསྟན་པ་ཡིན་པས། དྲང་བའི་དོན་ཡིན་ལ། སངས་རྒྱས་རྒྱུན་ཆད་མེད་པར་བཞུགས་ནས་འགྲོ་དོན་མཛད་པ་བྱང་སེམས་ཆེན་པོ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ངེས་པའི་དོན་ཡིན་ནོ། །མདོ་འདི་ཉིད་ལས་ཀྱང་། རྒྱ་མཚོ་ཆེན་པོ་ཆུ་འབབ་པས་མི་ངོམས་པ་ལྟར། སངས་རྒྱས་ཚོགས་གཉིས་བསོག་པས་མི་ངོམས་པར་བསྟན་པ་ཡིན་ནོ། །འོན་ཀྱང་སྒྲིབ་པ་དང་བཅས་པ་རྣམས་ཚོགས་སོག་

(༤༦༤)པ་ལ་འབད་རྩོལ་དགོས་པ་ལྟ་བུ་ནི་མ་ཡིན་ཏེ། ལྷུན་གྲུབ་ཏུ་འཇུག་པ་ཡིན་ནོ། །དགེ་འདིས་འགྲོ་བ་མ་ལུས་པ། ཚོགས་གཉིས་རྒྱ་ཆེར་སོག་པ་རྣམས། རྫོགས་པའི་སངས་རྒྱས་ཇི་བཞིན་དུ། ལྷུན་གྲུབ་ཉིད་དུ་འཇུག་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་མངོན་པ་དང་བཀའ་ཐ་མར་གཏོགས་པ་འདིའི་ཕུན་སུམ་ཚོགས་པ་ལྔ་ནི་གོ་སླའོ། །དགོས་པའི་དོན་ནི། འཁོར་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྟོགས་ཤིང་བསྒོམས་པས་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ཆོས་རྣམས་བདག་དང་བདེན་དངོས་སུ་དམིགས་ནས་བསྒོམས་ན་འཁོར་བ་ལས་མི་གྲོལ་བ་དང་། བདག་དང་ཆོས་རྣམས་བདེན་གྲུབ་ཏུ་མ་དམིགས་པར་གཏན་ལ་ཕབ་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་བསྒོམས་ན་གྲོལ་བར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་དབུ་མའོ། །རྒལ་ལན་ནི། ཁ་གཅིག་ན་རེ། མདོ་འདི་ལ་སོགས་པ་ནས། བདེན་པ་བཞི་དམིགས་བཅས་སུ་བསྒོམས་ན་མི་གྲོལ་བར་གསུངས་པའི་ཕྱིར། ཉན་རང་འཕགས་པ་རྣམས་ཀྱིས་ཆོས་ཀྱིས་བདག་མེད་རྟོགས་པས་ཁྱབ་པ་ཡིན་ནོ་ཞེས་ཟེར་ལ་ཡང་ཁ་ཅིག་ན་རེ། མངོན་པར་རྟོགས་པའི་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོ་ནས་ཐབས་མ་ཡིན་པས་རིང་བ་སྟེ། ཞེས་སོགས་གསུངས་པའི་ཕྱིར། ཉན་ཐོས་འཕགས་པས་ཆོས་ཀྱི་བདག་མེད་མ་རྟོགས་པས་ཁྱབ་པ་ཡིན་ནོ། །ཞེས་གསུངས་བ་རྣམས་ནི་མདོ་དང་། བསྟན་བཅོས་ཀྱི་previous hit དགོངས next hit་རྫོགས་པར་མ་ལོན་པ་ཡིན་ཏེ། ཉན་ཐོས་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་གཉིས་ཀ་ཡོད་པར་མདོ་ཕལ་པོ་ཆེ་རྣམས་ནས་གསུངས་ལ། ཉན་རང་ཆོས་ཀྱི་བདག་

(༤༦༥)མེད་རྟོགས་པར་བཤད་པ་རྣམས་ནི། ཉན་རང་དབང་རྣོན་དབུ་མའི་ལྟ་བ་སྔོན་སོང་རྣམས་ཀྱི་བདག་མེད་རྟོགས་previous hit ་ལ་དགོངས next hit་ཤིང་། ཉན་རང་འཕགས་པ་ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་པ་རྣམས་ནི་ཉན་རང་འཕགས་པ་དབང་རྟུལ་དངོས་པོར་སྨྲ་བའི་ལྟ་བ་སྔོན་པོ་ལ་previous hit དགོངས next hit་ཡིན་ནོ། །མདོ་འདི་ཉིད་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་བདག་ནི་འགོག་པས་མངོན་སུམ་དུ་བྱེད་པའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ལམ་བསྒོམ་པར་བྱའོ་སྙམ་ནས་དེ་གཅིག་བུ་དབེན་པར་སོང་སྟེ་ཆོས་དེ་དེ་དག་ཡིད་ལ་བྱེད་པས་ཞི་གནས་འཐོབ་བོ། །དེ་ཡིད་ལ་འབྱུང་པ་ཡིད་ལ་བྱེད་པ་དེ་དེ་བཞིན་ནས་འཐོབ་པ་དེས་ཆོས་ཐམས་ཅད་དང་སེམས་འགྲས་སོ། །འབྲལ་ལོ། །ལྡོག་གོ །ལོག་ནས་མངོན་པར་མི་དགའ་བའི་སེམས་བསྐྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་ཏེ། བདག་གིས་ཡང་གོང་དུ་བྱ་བ་ཅི་ཞིག་ཡོད་ཀྱིས་བདག་ནི་དགྲ་བཅོམ་པའོ་སྙམ་དུ་བདག་ཉིད་ཀྱིས་ཤེས་པ་ལས་དེ་འཆི་བའི་དུས་ཀྱིས་ཤེས་པ་ལས་དེ་འཆི་བའི་དུས་ཀྱི་ཚེ་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ནས་དེ་སངས་རྒྱས་ཀྱི་བྱང་ཆུབ་ལ་དོགས་པ་དང་། ཡིད་གཉིས་དང་། ཐེ་ཚོམ་ཟའོ། །དེ་ཐེ་ཚོམ་དུ་ལྷུང་བའི་སེམས་ཀྱི་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཆོས་ཐམས་ཅད་ལ་སྐྱེས་པ་ལ་རྣམ་པར་བརྟགས་པའི་ཕྱིར་རོ་ཞེས་གསུངས་པ་ནི། བདེན་པ་མ་མཐོང་ཞིང་། དངོས་པོར་སྨྲ་བའི་ལྟ་བ་ལ་ཞེན་པ། སྦྱོར་ལམ་བཟོད་པས་ཐོབ་པ་ལ་previous hit དགོངས next hit་ཡིན་ཏེ། མདོ་འདི་ཉིད་ལས། འཇམ་དཔལ་ཕྱིན་ཅི་ལོག་བཞི་པོ་དག་གིས་སེམས་ཕྱིན་ཅི་ལོག་ཏུ་འགྱུར་བའི་སེམས་ཅན་རྣམས་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པར་ཇི་ལྟ་བ་བཞིན་དུ་མ་མཐོང་པའི་ཕྱིར་འདི་

(༤༦༦)ལྟར་ཡང་དག་པ་མ་ཡིན་པའི་འཁོར་བ་འདི་ལས་མི་འདའོ་ཞེས་གསུངས་པ་ལྟར་རོ། །དགེས་འདིས་འགྲོ་བ་ཐམས་ཅད་ཀྱིས། རང་བཞིན་མེད་པའི་དོན་རྟོགས་ཏེ། བྱང་ཆུབ་ཕྱོགས་མཐུན་བསྒོམས་པ་ཡིས། བྱང་ཆུབ་དམ་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་མངོན་པ་དང་། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་པའི་ལྷའི་བུ་རྣམས་དང་ཐབས་གཅིག་ཏུ་བཞུགས་དེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ་ཞེས་པས་སོ། །ཞུ་བ་པོ་ནི། དེ་ནས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་ཅེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏོ་ཞེས་པ་ནས། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྟར་གང་ན་མཆིས་བཅོམ་ལྡན་འདས་བདག་དང་འཁོར་མང་པོ་འདི་རྣམས་ཀྱང་སྐྱེས་བུ་དམ་པ་དེས་ཆོས་བསྟན་པ་རབ་ཏུ་འཚལ་ལོ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་བརྒྱད་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོའི་ཆེའི་ཏོག་ཅེས་

(༤༦༧)བྱ་བ་ད་ལྟ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པའང་ད་ལྟར་དེ་ན་འདུག་གོ་དེ་སྐད་ཅེས་བཀའ་སྩལ་པ་དང་། ཞུ་བ་པོས་སླར་གསོལ་བ་ནི། བཅོམ་ལྡན་འདས་ལ་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཅི་ནས་དེ་མཚན་མ་རིག་པས་འདིར་འཆི་བར་སེམས་དཔའ་དེ་ལྟ་བུའི་མཚན་མ་ཞིག་མཛད་ན་ལེགས་སོ། །ཞེས་པ་ནས། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡང་དེ་ལ་རྗེས་སུ་ཡི་རང་ཞིང་རབ་ཏུ་གཟུང་བ་མཛད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་འཇམ་དཔལ་བོས་ཤིང་འོངས་པའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གསོལ་བ་འདེབས་པར་མཁྱེན་ནས། ཞལ་གྱི་མཛོད་སྤུ་ནས་འོད་ཟེར་གཅིག་བཏང་ཏེ་ཞེ་པ་ནས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ་བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་འཇམ་དཔལ་གཞོན་ནུར་གྱུར་པ་རང་རང་གི་རྫུ་འཕྲུལ་གྱིས་སྤྲུལ་པའི་སྟན་ལ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། དེ་ནས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདི་དག་ཉན་འཚལ་ན། བཅོམ་ལྡན་འདས་ཀྱིས་བཀའ་མཆིད་ཀྱི་ཧུད་འགའ་ཞིག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་

(༤༦༨)ཁྱོད་ཉིད་ཀྱིས་གང་འདོད་པ་དྲིས་ཤིག་ལྷའི་བུས་སྨྲས་པ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་ན་ཆོས་བསྟན་པ་ཇི་ལྟ་བུ་དག་འབྱུང་ན་དེར་མངོན་པར་དགའ་ཞེས་པས་བསྟན་ཏོ། །དེའི་ལན་གྱི་ཆོས་དངོས་བསྟན་པ་ནི། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པ་ནི་འདོད་ཆགས་བསྐྱེད་པའི་ཕྱིར་ཡང་མ་ཡིན། འདོད་ཆགས་ཟད་པར་བྱ་བའི་ཕྱིར་ཡང་མ་ཡིན་ནོ་ཞེས་པ་ནས་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ལངས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལན་བརྒྱ་སྟོང་དུ་མར་མི་དམིགས་པའི་ཚུལ་གྱིས་བསྐོར་བ་བྱས་ནས་འཇིག་རྟེན་གྱི་ཁམས་མི་འཇེད་ཅིང་བྱ་བ་འདི་ནས་སླར་སོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །དམ་པའི་ཆོས་ཡོངས་སུ་གཏད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་འདི་ཟུང་ཤིག་ཞེས་པ་ནས་ཀུན་དགའ་བོ་དང་། འཁོར་དེ་དག་དང་། ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་འཇམ་དཔལ་གྱིས་བསྟན་པ་ལྟར་བདེན་པ་གཉིས་ཀྱི་རྣམ་བཞག་རྟོགས་ནས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་མཐར་ཕྱིན་ཏེ། མངོན་པར་རྫོགས་པར་སངས་རྒྱ་བའོ། །བསྡུས་པའི་དོན་ནི། འཕགས་པ་རྣམས་ཀྱིས་དོན་དམ་པར། འཁོར་གསུམ་མ་དམིགས་པའི་ཚུལ་དུ། ཆོས་ཐམས་ཅད་རྟོགས་པ་དོན་དམ་བདེན་

(༤༦༩)པ་རྟོགས་པའི་ཚུལ་དང་། བྱིས་པ་རྣམས་ཀྱིས་འཁོར་གསུམ་ངོ་བོ་ཉིད་དུ་སྒྲོ་བཏགས་ཤིང་རློམ་པས་ཀུན་རྫོབ་བདེན་པས་གཟུང་བའི་ཚུལ་རྒྱ་ཆེར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། ཆོས་ཅན་རྟེན་འབྲེལ་རྣམས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཉིད་དོན་དམ་པར་མེད་ཅིང་། ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་ཟེར་བ་ནི་བདེན་པ་གཉིས་ཀྱི་རྣམ་བཞག་མཁྱེན་པ་དང་། མདོ་འདིའི་previous hit དགོངས next hit་མ་ཡིན་ཏེ། མདོ་འདིའི་previous hit དགོངས next hit་མ་ཡིན་ཏེ། མདོ་འདིའི་དོན་དམ་བདེན་པ་སྟོན་པའི་སྐབས་སུ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་དམིགས་པ་ཞེས་པ་དང་། ཐོབ་པ་མེད་པའི་ཚུལ་གྱིས་བྱང་ཆུབ་ཐོབ་ཞེས་པ་དང་། ཡང་དེ་བཞིན་གཤེགས་པས་ཡང་དག་པར་བསྟན་པ་མི་དམིགས་པར་བསྟན་པ། དོན་དམ་པ་བསྟན་པ་མི་སྟོན་པའི་ཚུལ་གྱིས་བསྟན་ཏོ་ཞེས་སོགས་རྒྱ་ཆེར་བསྟན་པས་དོན་དམ་པར་ཆོས་རྣམས་རང་བཞིན་གྱིས་མ་དམིགས་པའི་ཚུལ་དུ་མཁྱེན་པར་བསྟན་པ་ཡིན་གྱི། དོན་དམ་པར་ཆོས་རྣམས་གཏན་མེད་དུ་བསྟན་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་ཆོས་རྣམས་ཡོད་ཅེས་བསྟན་པ་རྣམས་ཀྱང་རྟེན་ཙམ་རང་བཞིན་མེད་པའི་ཚུལ་དུ་ཡོད་པར་སྟོན་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་རང་བཞིན་ཡོད་པར་སྒྲོ་བརྟགས་པའི་ཚུལ་དུ་ཡོད་པར་སྟོན་པ་ཡིན་ཏེ། མདོ་འདི་ཉིད་ནས། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ནི་ཆོས་ཐམས་ཅད་མ་བྱུང་བ། མ་སྐྱེས་པ། དངོས་པོ་མེད་པ་ཡིན་ན་ཀུན་རྫོབ་ཏུ་མེད་པ་ལ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། མེད་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ལས་ཀུན་ཏུ་རྟོགས་པ་དང་། རྣམ་

(༤༧༠)པར་རྟོག་པའོ། །ཀུན་དུ་རྟོག་པའོ། །རྣམ་པར་རྟོག་པ་དེ་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ལས་བདག་ཏུ་སྒྲོ་འདོགས་པའོ། །ཞེས་གསུངས་སོ། །དེས་ན། མདོ་འདིའི་བདེན་པ་གཉིས་ཀྱི་ངོས་འཛིན་ཀྱང་། ལང་ཀར་གཤེགས་པའི་མདོ་ལས། གཟུགས་ལ་སོགས་པའི་དངོས་པོ་རྣམས། དམ་པའི་དོན་དུ་རང་བཞིན་མེད། རང་བཞིན་མེད་ལ་གང་ནོར་བ། དེ་ནི་ཀུན་རྫོབ་བདེན་པ་ཡིན་ཞེས་གསུངས་པ་དང་དོན་གཅིག་པ་ཡིན། རྟེན་ཙམ་དུ་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ཀུན་མཁྱེན་ཡེ་ཤེས་སོགས་འཕགས་པའི་མཉམ་བཞག་རྣམས་ཀྱང་རྟེན་ཙམ་རང་བཞིན་མེད་པ་སྣང་བས་ཀུན་རྫོབ་བདེན་པ་འཛིན་ཞིང་། དོན་དམ་བདེན་པ་ལས་ཕྱིན་ཅི་ལོག་ཏུ་འཛིན་པ་ཁས་བླངས་དགོས་པར་འགྱུར་བས་ཧ་ཅང་ཐལ་ལོ། །རྟེན་འབྲེལ་མ་གཏོགས་མ་རིག་པས་སྒྲོ་བཏགས་པ་རྣམས་ཀུན་རྫོབ་ཏུ་ཡང་མེད་པ་ཡིན་ནོ་ཞེ་ན། སྒྲོ་བཏགས་པ་རྣམས་ཀུན་རྫོབ་ཏུ་མེད་ན། བྱིས་པ་རྣམས་འབད་མེད་དུ་གྲོལ་བར་འགྱུར་ཏེ་བློ་གཏི་མུག་པས་སྒྲོ་བཏགས་མ་བཟུང་པའི་ཕྱིར། ཆོས་ཀུན་ཀུན་བཏགས་ཀྱིས་བཀབ་པར། འཛིན་པའི་བློ་ནི་ཀུན་རྫོབ་ཡིན། དེ་ཡིས་ཆོས་ལ་ཀུན་བཏགས་པ། དེ་ནི་ཀུན་རྫོབ་བདེན་ཞེས་བྱ། ཆོས་ཀུན་ཀུན་བཏགས་ཀྱིས་སྟོང་པར། ཤེས་པའི་ཤེས་རབ་དོན་དམ་ཡིན། དེ་ཡི་རྙེད་པའི་སྟོང་པ་ཉིད། དེ་ནི་དོན་དམ་བདེན་ཞེས་བྱ་ཅེས་སོ། །བདེན་གཉིས་རྣམ་བཞག་འདི་རྟོགས་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།འབྱུང་པ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་མངོན་པ་དང་བཀའ་ཐ་མར་གཏོགས་པ་འདི་གསུངས་

(༤༧༡)པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དགུ་བཅུ་རྩ་གཉིས་འདུས་པ་ཡང་འདི་ལྟ་སྟེ་ཞེས་པ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དགུ་བཅུ་རྩ་གཉིས་དང་ཡང་ཐབས་གཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྩལ་གྱིས་འགྲོ་བས་བྱང་ཆུབ་སེམས་དཔའི་ཚོགས་དེ་ལྟ་བུ་དེ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནས། མགོན་པོས་ཆོས་རྣམས་གང་གསུངས་ཚུལ་དག་དང་། སྡིག་པའི་བློ་ཅན་མུ་སྟེགས་གང་སྨྲ་བ། དེ་དག་གཉིས་སུ་མ་མཆིས་ཇི་ལྟར་ལགས། ཡི་གེ་ཀུན་ལ། གཅིག་ཏུ་ཇི་ལྟར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པས་ལན་གསུངས་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་ལ་ལེགས་སོ་ཞེས་བྱ་གནང་སྟེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཁྱོད་ཀྱིས་ཇི་ཙམ་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་བར་དཀའ་བའི་དྲི་བ་འདི་དྲིས་པ་ངོ་མཐར་ཆེའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱི་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་དངོས་པོ་མེད་པར་ཞེན་པ་ལ་སོགས་པ་སྤངས་ཏེ། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པའི་རྟེན་འབྲེལ་དུ་རྟོགས་ནས་མངོན་པར་སངས་རྒྱའོ། །བསྡུས་པའི་དོན་ནི། ཆོས་ཐམས་ཅད་གང་ཟག་ཏུ་ལྟ་བ་དང་། གཟུང་

(༤༧༢)བར་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་དང་། མཚན་མ་མེད་པར་ལྟ་བ་དང་། སྨོན་པ་མེད་པར་ལྟ་བ་དང་། སྐྱེ་བ་མེད་པར་ལྟ་བ་དང་། དངོས་པོ་མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་དང་། སངས་རྒྱས་སུ་ལྟ་བ་དང་། བྱང་ཆུབ་ཏུ་ལྟ་བ་ཅན་རྣམས་སྤངས་ཏེ། ལྟ་བ་ཐམས་ཅད་དང་བྲལ་བའི་མི་རྟོགས་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་སྤྲོས་པའི་མཐའ་ཐམས་ཅད་བྲལ་བའི་རྟེན་འབྱུང་དུ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྟོང་པ་ཉིད་དུ་ལྟ་བ་དང་། མཚན་མ་མེད་པར་བལྟ་བ་སྨོན་པ་མེད་པར་ལྟ་བ་ལ་སོགས་པ་རྣམས་དབུ་མའི་ལྟ་བ་མ་ཡིན་ནམ། ཇི་ལྟར་ན་དེ་དག་སྤྲོས་པར་ལྟས་ཏེ་སྤང་ཞེ་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་སོགས་པ་དབུ་མའི་དོན་ཡིན་མོད་ནའང་། དེ་དང་དེར་འདུ་ཤེས་པ་མཚན་མར་འཛིན་པར་འགྱུར་བས། མཚན་འཛིན་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པའོ། །དེ་ལྟར་འདུ་ཤེས་པ་མཚན་མར་འཛིན་པར་འགྱུར་བའི་རྒྱུ་མཚན་ཡང་། མངོན་པར་རྟོགས་པའི་རྒྱན་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། དུས་གསུམ་གཏོགས་པའི་ཆོས་རྣམས་དང་། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། སྤྱོད་པའི་འདུ་ཤེས་མི་འཐུན་ཕྱོགས། ཞེས་གསུངས་པ་དང་། ཡོན་ཏན་རིན་པོ་ཆེ་བསྡུད་པ་ལས། འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། གཉིས་མེད་ཡེ་ཤེས་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་

(༤༧༣)སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡངས་པ་ཅན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་ཞེས་པའོ། །འཁོར་ནི། དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས་རྣམ་པར་ཐར་པ་གྲོལ་བ་དང་། རྟོག་པ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ལ་གང་ཟག་གཅིག་ལ་རྟོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་པས་ཐུན་མོང་བའི་འཁོར་དང་། བྱང་ཆུབ་སེམས་དཔའ་སྟོང་ཐམས་པ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཐམས་ཅད་ཀྱང་གཟུངས་ཐོབ་པ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་ལྟར་སྒྲ་མངོན་པར་སྒྲོགས་པ་དང་། དེ་དག་དང་བྱང་ཆུབ་སེམས་དཔའ་མང་པོ་གཞན་དག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་དང་། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་ཉིས་སྟོང་གིས་བསྐོར་ཅིང་མདུན་དུ་བདར་ཏེ་ཡངས་པའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས་ཞེས་པ་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཐུག་པ་ནས་འོག་མིན་གྱི་གནས་མན་ཆད་ཀྱི་སེམས་ཅན་ཀྱང་གཅིག་ཏུ་ངེས་པར་བདེ་བ་དང་ལྡན་པར་གྱུར་ཏེ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ཁྱིའུ་རིན་ཆེན་བྱིན་བྱུང་པའི་ཚུལ་ནི། དེའི་ཚེ་ཚངས་པའི་གྲོང་ཁྱེར་ཆེན་པོ་ན་ལི་ཙ་བྱི་སེང་གེའི་བུ་རིན་ཆེན་བྱིན་ཞེས་བྱ་བ་སྐྱེས་ནས་ལོ་གསུམ་ལོན་པ། མ་མའི་པང་པ་ན་འདུག་པ་ཁང་བཟངས་ཀྱིས་བརྒྱན་པའི་ཁང་བཟངས་ཀྱི་སྟེང་ན་

(༤༧༤)འདུག་སྟེ། དེ་ལྟར་བདག་གིས་མེ་ཏོག་དབུལ། བྱིས་པ་རྣམས་ཀྱིས་དོན་གང་བརྟགས། བཏགས་པ་དེ་ནི་དོན་མ་མཆིས། རྟོག་པ་ཐམས་ཅད་བཅད་དུ། གང་ཟག་མཆོག་ལ་བདག་མཆོད་བགྱིད། དེ་ཕྱིར་མེ་ཏོག་ཕུལ་བ་འདི། བདག་ལ་རྣམ་སྨིན་འབྲས་མ་གྱུར། དངོས་པོ་ཐམས་ཅད་བཅད་སླད་དུ། པད་མ་འདི་ནི་བདག་གིས་ཕུལ། བདག་གིས་སངས་རྒྱས་ཞིང་དུ་ནི། རྒྱལ་མཆོག་ཐེག་པ་འགྲོ་མ་གཏོགས། ཉན་ཐོས་ཀྱི་ནི་མིང་ཡང་རུང་། རང་རྒྱལ་མིང་ཡང་འབྱུང་མ་གྱུར་ཞེས་པའི་བར་གྱིས་བསྟན་ཏོ། །གླེང་བ་པོ་ནི། དེ་ནས་ཚེ་དང་ལྡན་པ་མཽ་འགལ་གྱི་བུ་ཆེན་པོས་ཁྱེའུ་རིན་ཆེན་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་སྟོན་པ་འདི་འདྲ་ལ། དད་པས་མཆོད་པ་བྱེད་མོད་ཀྱི། བློ་གྲོས་ཕྱིན་ཅི་ལོག་གྱུར་ནས། སངས་རྒྱས་སུ་ནི་ཇི་ལྟར་འགྱུར་ཞེས་པས་བསྟན་ཏོ། །སྟོན་པ་པོས་ལན་གསུངས་པ་སོགས་ཀྱི་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་ཁྱིའུ་རིན་ཆེན་བྱིན་གྱིས། ཚེ་དང་ལྡན་པ་མཽ་འགལ་གྱི་བུ་ཆེན་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་ཐམས་ཅད་མ་སྐྱེས་ཏེ། འདུས་བྱས་དག་ནི་གསོབ་དང་གསོག །དེ་འདྲ་བ་ཡི་ཆོས་རྣམས་ལ། དངོས་པོར་གྱུར་པ་ག་ལ་ཡོད། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའི་དོན་རྟོགས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །བསྡུས་པའི་དོན་ནི་ཁྱེའུ་རིན་ཆེན་བྱིན་དང་། མཽ་འགལ་གྱི་བུ་གཉིས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པའི་དོན་གླེངས་ཤིང་། ཁྱེའུ་རིན་ཆེན་བྱིན་དང་འཇམ་དཔལ་གྱིས་གཉིས་སུ་མེད་པའི་དོན་གླེངས་པ་དང་ཁྱེའུ་རིན་ཆེན་བྱིན་བླ་

(༤༧༥)ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་ཀུན་སངས་རྒྱས་མེད་པ་དང་། གཉིས་སུ་མེད་པའི་དོན་རྟོགས་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་ཆོས་ཀྱི་དབྱེ་དགོན་པ་བྱང་ཆུབ་ཀྱི་སྙིང་པོ་ཀུན་དུ་འོད་ཀྱི་སྙིང་པོ་ཀུན་དུ་འོད་ཀྱི་ཁང་བཟངས་བསོད་ནམས་ཀྱི་རྒྱན་གྱི་ཚོགས་ཆེན་པོ་བསགས་པ། དགའ་བ་ཆེན་པོ་བསྐྱེད་པ། ཀུན་ནས་མ་སྨད་པ། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ན་བཞུགས་ཏེ་ཞེས་པ་ནས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པར་བསྐལ་པ་གྲངས་མེད་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྒྱུན་མི་གཅོད་པའི་སྐུ་མངའ་བ་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་ལ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་ཐུན་མོང་བའི་ཚུལ་འཛིན་པའི་འཁོར་ནི། དགེ་སློང་འབུམ་ཕྲག་དྲུག་བཅུ་རྩ་གཉིས་དང་ཐབས་གཅིག་པ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽ་འགལ་གྱི་བུ་ཆེན་པོ་དང་། འོད་བསྲུངས་ཆེན་པོ་དང་ཞེས་པ་ནས། ཐམས་ཅད་ཀྱང་འདུལ་བའི་སེམས་ཅན་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་གཟུགས་དང་། ལུས་དང་། ཁ་དོག་དང་། སྤྱོད་

(༤༧༦)ལམ་ཤིན་དུ་སྟོན་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་ཆེན་པོའི་འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་གཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། གཞན་དག་ཐམས་ཅད་ཀྱང་ཡོན་ཏན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་གྲངས་མེད་པ་དག་དང་ལྡན་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་ཞེས་པ་ནས། དུད་འགྲོའི་སྐྱེ་གནས་སུ་སོང་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ལ་གཞོལ་བ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདོད་པ་ཤ་སྟག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཁ་དོག་དང་། གཟུགས་དང་། གཟི་བརྗིད་དང་། འོད་ཀྱིས་འཁོར་ཐམས་ཅད་ཀྱང་ཟིལ་གྱིས་མནན་ཏེ་ལྷམ་མེ། ལྷན་ནེ། ལྷང་ངེའོ་འདི་ལྟ་སྟེ་ཞེས་པ་ནས། རིའི་རྒྱལ་པོ་རི་རབ་ལྟར་དཔལ་གྱི་རབ་ཏུ་འབར་ཏེ། སྐུ་མི་གཡོ། མི་འགྱུར། མི་འགུལ་བར་ལྷམ་མེ། ལྷན་ནེ། ལྷང་ངེའོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ལ་གཉིས་ལས། འཇམ་དཔལ་གྱིས་བསྟན་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་འདི་ནི་སྐུ་མི་གཡོ་མི་འགྱུར། མི་འགུལ་བར་བཞུགས་སོ་དེ་

(༤༧༧)སྐད་ཅེས་སྨྲས་པ་དང་ཅེས་པས་བསྟན་ཏོ། །སྟོན་པ་པོ་སྒྲིབ་པ་རྣམ་པར་སེལ་གྱིས་སྨྲས་པ་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་འདི་ལ་འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་རབ་ཏུ་འབྱུང་བར་མངོན་དུ་ཕྱོགས་ཤིང་ཁྱིམ་ནས་མངོན་པར་འབྱུང་བར་ཤེས་སོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་ཕན་ཡོན་དང་། མཐར་ཐུག་གི་ཕན་ཡོན་ནོ། །གནས་སྐབས་ཀྱི་ཕན་ཡོན་ནི། མདོ་འདི་ཉིད་ལས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགྲ་བཅོམ་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ། རྣམ་པར་ཐར་པ་བརྒྱད་ལ་བམ་གཏན་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང་། ལྷའི་གོས་དག་བྱིན་ཏེ། དེ་ལྟར་བྱིན་པ་སྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་བྱིན་པ་བས་འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་རང་སངས་རྒྱས་གཅིག་ལ་ཉི་མ་གཅིག་ཟས་སྦྱིན་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་བསྐྱིད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་རེ་རེར་ཡང་གཙུག་ལག་ཁང་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་སྟེགས་བུས་ཡོངས་སུ་བསྐོར་བ། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེའི་ཕྲེང་བས་མཛེས་པར་བྱས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ། དྲིལ་བུ་གཡེར་

(༤༧༨)ཁའི་དྲ་བའི་བླ་རེ་བྲེས་པ། ཙན་དན་སྦྲུལ་གྱི་སྙིང་པོའི་བྱུགས་པས་བྱུགས་པ། ནོར་བུ་རིན་པོ་ཆེ་དབང་གིས་རྒྱལ་པོས་ཁེབས་པར་བྱས་པ། རྒྱ་མཚོ་ན་གནས་པའི་རིན་པོ་ཆེ་རྣམ་པར་དག་པ་བཀོད་པ་ཀུན་ནས་འོད་ཟེར་སྣང་བའི་ནོར་བུ་རིན་པོ་ཆེའི་ཀ་བ་མང་པོས་བཀྲིགས་པ། ནོར་བུ་རིན་པོ་ཆེའི་སེང་གེའི་རལ་པ་ཞེས་བྱ་བའི་སྤང་ལེབ་བྲེས་པ། ནོར་བུ་རིན་པོ་ཆེ་སེང་གེའི་རྒྱལ་མཚན་གྱི་རྩེ་མོ་ལས་བྱས་པའི་སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་གིས་བརྒྱན་པ། དར་གྱི་ལྡ་ལྡི་མང་པོས་བྲེས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་བྱས་ཏེ། རང་སངས་རྒྱས་ཀྱི་གནས་སྟོང་ཕྲག་གྲངས་མེད་པ་དག་དང་། རང་སངས་རྒྱས་དེ་དག་ལ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང་། ལྷའི་གོས་དག་ཀྱང་བྱིན་ཞིང་། དེ་ལྟར་བྱིན་པ་བསྐལ་པ་གང་གཱིའི་ཀླུང་གི་བྱེ་མ་སྙེད་དག་ཏུ་བྱིན་པ་བས་འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་གཞན་གང་དག་གིས་སངས་རྒྱས་ཤེའམ། འཇིག་རྟེན་གྱི་མགོན་པོ་ཞེ་འམ། དེ་བཞིན་གཤེགས་པ་ཞེ་འམ། ཐམས་ཅད་མཁྱེན་པ་ཞེས་བྱ་བའི་སྒྲ་ཐོས་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་ན་གང་གིས་དེ་བཞིན་གཤེགས་པའི་སྐུ་རི་མོར་བྲིས་པའམ། གཟུགས་སུ་བྱས་པ་མཐོང་བ་ལྟ་ཅི་སྨོས་ཏེ། འདི་ཉིད་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །གང་གིས་དམར་མེ་ཕུལ་བ་འམ། སྤོས་སམ། མེ་ཏོག་དག་གམ། རོལ་མོའི་སྒྲ་འམ། མཆོད་པ་སྣ་ཚོགས་གཞན་དག་བྱེད་པ་ལྟ་ཅི་སྨོས་ཏེ། འདི་ཉིད་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །གང་གི་དེ་བཞིན་གཤེགས་པའི་ཕྱིར་ཉི་མ་གཅིག་སླབ་པ་གཅིག་བསྲུང་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འམ། རིགས་ཀྱི་བུ་

(༤༧༩)གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ། ཉན་ཐོས་དང་བཅས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་རྣམས་ལ་ཉིན་རེ་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང་། ལྷའི་ན་བཟའ་དག་ཀྱང་འབུལ་ལ། དེ་ལྟར་འབུལ་བ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འབུལ་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་བཞིན་གཤེགས་པ་རེ་རེའི་ཕྱིར་མཆོད་རྟེན་ཚད་གླིང་བཞི་པ་ཙམ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ། འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་སྟེགས་བུས་ཡོངས་སུ་བསྐོར་བ། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེའི་ཕྲེང་བས་མཛེས་པར་བྱས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ། དྲིལ་བུ་གཡེར་ཁའི་དྲ་བའི་བླ་རེ་བྲེས་པ། ཙན་ལྡན་སྦྲུལ་གྱི་སྙིང་པོའི་བྱུགས་པས་བྱུགས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་གཡོགས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་བྱས་ཏེ། མཆོད་རྟེན་དེ་དག་ལ་ཉིན་གཅིག་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་གྱི་ལྷའི་གོས་དག་དང་། གདུགས་ཀྱི་སྤྲིན་དག་དང་། རྒྱལ་མཚན་གྱི་སྤྲིན་དག་དང་། བ་དན་གྱི་སྤྲིན་དག་དང་། མེ་ཏོག་གི་སྤྲིན་དག་དང་། སྤོས་ཀྱི་སྤྲིན་དག་དང་། རིན་པོ་ཆེའི་སྤྲིན་དག་དང་། རོལ་མོའི་སྒྲའི་སྤྲིན་དག་དང་། རྒྱན་གྱི་སྤྲིན་དག་དང་། སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཟླ་བའི་སྤྲིན་དག་དང་། ལྷའི་སིལ་སྙན་དང་། ཕེག་རྡོབ་པ་དང་། ཀླུ་དབྱངས་ཀྱི་སྤྲིན་རྣམས་ཀྱིས་གཏོར། མངོན་པར་གཏོར་ལ་ཆོས་ཀྱི་རྣམ་གྲངས་འདི་

(༤༨༠)ལ་མོས་པས་འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་གང་གིས་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཤིང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་གཅིག་ལ་ཟན་ཁམ་གཅིག་བྱིན་ན་འདི་ཉིད་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །འཇམ་དཔལ་མདོ་སྡེ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་མདོ་འདི་ལས་ཇི་སྐད་སྨོས་པའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་པ་བས། བྱང་ཆུབ་སེམས་དཔའ་མདོ་འདི་ཉིད་ལས་མོས་པ་གཞན་གང་གིས་མདོ་ཉིད་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་མཐོང་ནས་བྱང་ཆུབ་སེམས་དཔའ་འདི་ནི་མདོ་འདི་ཉིད་ལ་མོས་པའོ་སྙམ་སྟེ་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་རྙེད་ལ། དེ་སེམས་དང་བསམ་ལངས་ཏེ། དེ་ལ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ་ཅི་ནུས་ཅི་ལྡོགས་སུ་དེ་ལ་ཡོངས་སུ་བཟུང་བ་བྱས་ན་ཉིད་དེ་བས་ཆེས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའི་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་དེ་ལྟ་བས་ན་སངས་རྒྱས་ཀྱི་ཡེ་ཤེས་འདོད་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་གང་གཱའི་ཀླུང་གི་བྱེམ་སྙེད་དག་ཀྱང་གལ་ཏེ་འགྲོ་བར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་དུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་དག་ལ་ལྷའི་ཟས་རོ་བརྒྱ་དང་

(༤༨༡)ལྡན་པ་དང་། ལྷའི་ན་བཟའ་དག་ཉིན་གཅིག་བཞིན་དུ་འབུལ་ཞིང་། དེ་ལྟར་འབུལ་བ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འབུལ་བ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ངོ་མཚར་དུ་འཛིན་པར་གྱུར་ནས་ཁྱོད་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་ལེགས་སོ་ལེགས་སོ། །ཁྱོད་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཕྱག་བྱ་བའི་འོས་ཡིན་ནོ་ཞེས་བསམ་པ་ཐག་པ་ནས་ལེགས་སོ་ཞེས་བྱ་བ་བྱིན་ལ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་རྣམས་སུ་ཞུགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བྱས་ན། འཇམ་དཔལ་བྱང་ཆུབ་སེམས་དཔས་དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་འཕེལ་ཏོ། །བསོད་ནམས་མངོན་པར་འདུ་བྱ་བ་འདི་ལ་སྦྱིན་པ་ལས་བྱུང་བ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་འབུམ་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། གྲང་བ་དང་། དཔེ་དང་། ཟླ་དང་། རྒྱུར་ཡང་མི་བཟོད་དོ་ཞེས་གསུངས་པ་ལྟ་བུ་དང་། མཐར་ཐུག་གི་འབྲས་བུ་ནི། འཁོར་ཆེན་པོ་རྣམས་ལ་སོགས་པ་སེམས་ཅན་རྣམས་ཀྱིས་མདོའི་དོན་ཉམས་སུ་བླངས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི། རྒྱལ་བའི་སྐུའི་ཆེ་བ་དང་། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་ཕན་ཡོན་དང་། མདོ་འདི་ཉིད་ཐོས་པའི་ཕན་ཡོན་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་

(༤༨༢)མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་། མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་འདི་ཉིད་ཀྱི་དེ་བཞིན་གཤེགས་པའི་སྐུའི་ཆེ་བ་བསྟན་པའི་སྐབས་ནས་དེ་བཞིན་གཤེགས་པའི་སྐུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་བར་གྱི་ཁ་དོག་དུ་མཐོང་ངོ་། །གཟུགས་མེད་པར་སྐྱེས་པའི་བར་གྱི་གཟུགས་དང་། ལུས་དང་། ཁ་དོག་དང་། སྤྱོད་ལམ་གང་དག་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་གཟུགས་དང་། ལུས་དང་། ཁ་དོག་དང་། སྤྱོད་ལམ་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པས་མཐོང་ངོ་ཞེས་གསུངས་ལ། ཆོས་མངོན་པ་ལས། གཟུགས་མེད་ཁམས་ན་གཟུགས་མེད་དོ་ཞེས་གསུངས་པ་གཉིས་འགལ་བ་ཇི་ལྟར་སྤང་ཞེ་ན། ཆོས་མངོན་པ་ནས། གཟུགས་མེད་ཁམས་ན་གཟུགས་མེད་དོ་ཞེས་གསུངས་པའི་དོན་ནི། གཟུགས་མེད་ཁམས་ན། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ན་ཡོད་པ་ལྟ་བུའི་གཟུགས་རགས་པ་མེད་པ་ཡིན་གྱི། གཟུགས་ཤིན་དུ་ཕྲ་བ་མེད་པ་ནི་མ་ཡིན་ཏེ། ཕལ་པོ་ཆེའི་མདོ་ལས་ཀྱང་། སྟོང་གསུམ་དར་ཡུག་ཆེན་པོའི་དཔེའི་སྐབས་སུ་གཟུགས་མེད་པའི་གཞལ་མེད་ཁང་གི་ཐད་དུ་ནི། གཟུགས་མེད་པའི་གཞལ་མེད་ཁང་བྲིས་ལ་ཞེས་གསུངས་པས་གཞལ་མེད་ཁང་ཡོད་པར་བསྟན་པ་དང་། དུས་འཁོར་འགྲེལ་ཆེན་ལས། གཟུགས་མེད་ཁམས་ན་ནམ་མཁའ་མངོན་གྱུར་ཡོད་པའི་ཕྱིར། དེའི་ཡོན་ཏན་སྒྲ་ཡོད་པར་གསུངས་པ་དང་། གཟུགས་མེད་ཁམས་ལ་གནས་གཞན་ཡོད་པར་གསུངས་པའི་ཕྱིར། གཟུགས་མེད་ཁམས་ན་གཟུགས་ཕྲ་མོ་ཡོད་པར་མདོ་རྒྱུད་དུ་མ་ཞལ་འཚམ་པ་ཡིན་ནོ། །དགེ་འདིས་འགྲོ་བ་ཐམས་ཅད་ཀྱིས། རྒྱལ་བའི་ཆེ་བ་རྟོགས་པ་དང་། བཤེས་གཤེན་དམ་པས་ཡོངས་བཟུང་སྟེ། མདོ་

(༤༨༣)དོན་རྟོགས་ནས་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་དང་པོར་བཞུས་པའི་གནས་ནི། བཅོམ་ལྡན་འདས་ཆུ་བོ་ཆེན་པོ་ཀླུང་ནེ་རན་ཛ་ནའི་འགྲམ་ན་ཞེས་པས་སོ། །འཁོར་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ལག་ན་རྡོ་རྗེ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་དང་ཞེས་པས་ཐེག་པ་ཆེན་པོའི་འཁོར་དང་། རབ་འབྱོར་དང་ཤཱ་རིའི་བུ་དང་། མཽ་འགལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་ཐེག་པ་མཐུན་མོ་།།།དམ་པའི་འཁོར་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་ཐམས་ཅད་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ་ཞེས་པས་འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་དང་། ཞལ་ཟས་ཀྱི་བྱ་བ་བྱས་ནས་འཁོར་གྱི་དཀྱིལ་འཁོར་དེ་དག་ཆོས་དང་ལྡན་པའི་གཏམ་གྱིས་ཚིམ་པར་བྱས། བསྐུལ་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ་ཞེས་པས་གླེ་གཞི་སྔ་མ་དང་། གླེང་གཞི་གཉིས་པ་ནི་སླར་ཡང་། འཁོར་གྱི་དཀྱིལ་འཁོར་དང་ཐབས་གཅིག་ཏུ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་གྲོང་ཁྱེར་བཱ་ར་ན་སེར་གཤེགས་ཏེ། བདར་ན་སིའི་ཤིང་ཨ་མྲ་བསྲུང་བའི་ཚལ་ན་བཞུགས་སོ་ཞེས་པ་ནས། དེ་བཞིན་གཤེགས་པའི་སྔོན་གྱི་དགེ་བའི་རྩ་བ་ལས་སྐྱེས་པ་དེ་མཐོང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་ཞིག་བྱུང་ངོ་ཞེས་

(༤༨༤""པས་གནས་དང་། དེ་ནས་བཅོམ་ལྡན་འདས་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་ཏེ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པས་སྟོན་པ་དང་། འཁོར་གསར་དུ་བསྡུས་པ་ལ་གཉིས་ཏེ། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་གཉིས་ལ་འཁོར་གསར་དུ་བསྡུས་ཤིག་ཅེས་བཀའ་སྩལ་བ་དང་། དེ་གཉིས་ཀྱིས་འཁོར་གསར་དུ་བསྡུས་པའི་ཚུལ་གཉིས། དང་པོ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་གཉིས་ལ་འཁོར་གསར་དུ་བསྡུས་ཤིག་ཅེས་བཀའ་སྩལ་བ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་ཁྱོད་སོང་ལ་མི་མཛེད་ཀྱིས་འཇིག་རྟེན་གྱིས་ཁམས་འདི་དག་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ན་ཁྱོད་ཀྱིས་འདུལ་བར་འགྱུར་བའི་སེམས་ཅན་སྙིགས་མ་ཅན། མ་དད་པ། སྡིག་པ་ལ་སྤྱོད་པ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དག་གིས་བསྒྲིབས་པ། མར་མི་ཤེས་པ། ཕར་མི་ཤེས་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། དཀོན་མཆོག་གསུམ་ལ་མངོན་པར་མ་དད་པ། དེ་དག་ཐམས་ཅད་ལག་ན་རྡོ་རྗེ་དང་གཉིས་ཀྱིས་རྫུ་འཕྲུལ་ཆེན་པོ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དཀྱིལ་འཁོར་འདིར་བསྡུས་ཤིག །སྤྱན་རས་གཟིགས་དང་། ལག་ན་རྡོ་རྗེ་གཉིས་ཀྱིས་འཁོར་གསར་དུ་བསྡུས་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལས་ཚིག་འདི་ཐོས་ནས་སེམས་ཅན་ཐམས་ཅད་ལ་བལྟ་བ་དང་ཡང་དག་པར་བསྐུལ་བར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནས། གྲོང་ཁྱེར་བ་ར་ན་སེ་ཞེས་བྱ་བ་གང་ན་བ་དང་། ཨ་མྲ་བསྲུང་བའི་པད་མོའི་ཚལ་གང་ན་བ་དེར་སོང་ནས་བདག་གིས་

(༤༨༥)ལས་སྐྱེས་པའི་དགེ་བའི་རྩ་བ་དེ་བཞིན་གཤེགས་པ་དང་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མངོན་པར་མཆོད་དེ། མེ་ཏོག་གི་ཆར་དང་། དྲིའི་ཆར་ཆེན་པོ་མངོན་པར་ཕབ་བོ། །ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་རྣམས་ཤོང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གོ་སྐབས་ཡང་པོར་བྱིན་གྱིས་བརླབས་པ་ནི། དེ་ནས་དེའི་ཚེ་ན་བཅོམ་ལྡན་འདས་འཛམ་བུའི་གླིང་དང་། ཨ་མྲ་བསྲུང་བ་པདྨོའི་ཚལ་དཔག་ཚད་ཁྲག་ཁྲིག་བརྒྱ་སྟོང་དུ་མ་སྲིད་དུ་རྒྱ་ཆེ་བར་བྱིན་གྱིས་བརླབས་ཏེ་ཞེས་པ་ནས་ཁྱིམ་བདག་རྣམས་ཀྱིས་བར་དུ་དེ་དག་གིས་གང་བར་བྱིན་གྱིས་བརླབས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེས་འཁོར་འདུས་ཚར་བ་སྙམ་དུ་གསོལ་བ་ནི་དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ལན་གསུམ་དུ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་མང་དུ་འདུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འཁོར་སྣ་ཚོགས་པ་རྣམས་ཐབས་མཁས་པ་སྣ་ཚོགས་ཀྱིས་འདུལ་བར་བསྟན་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་བུ་དག་དེ་བཞིན་ཏེ་དེ་བཞིན་གཤེགས་པའི་ཐབས་མཁས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ་དང་། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་གཅིག་ནི། བྱང་ཆུབ་སེམས་དཔའ་འདུལ་ཞེས་པ་ནས་སེམས་ཅན་དམྱལ་བ་

(༤༨༦)དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་མཛད་ནས་ཆོས་ཉན་པས་ཚིམ་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བཀོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷའི་བུ་ཁ་ཅིག་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་མི་འགྱུར་བ་དྲང་སྙམ་ཐེ་ཚོམ་དུ་གྱུར་པ་ནི་དེ་ནས་དེའི་ཚེ་ན་ལྷའི་བུ་བློ་ཆུང་བ་ཁ་ཅིག་ནི་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཇི་ལྟར་སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་དེ་བཞིན་གཤེགས་པའི་མཛད་པ་མཛད་དེ། སྐུ་ཚེ་ཤིན་དུ་རིང་པོར་བྱིན་གྱིས་བརླབས་ནས་སེམས་ཅན་ཐམས་ཅད་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་མཛད་པ་དེ་ལྟར་དེ་བཞིན་གཤེགས་པ་འདིས་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་ད་དུང་མ་མཛད་ཀྱིས་ཀྱང་། འདིས་མྱ་ངན་ལས་འདའ་བ་ལ་ཤིན་དུ་བསྔགས་ཤིང་བརྗོད་དེ། འཁོར་མང་པོ་བསྡུས་ནས་རྫུ་འཕྲུལ་དང་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་པའི་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ལས་ན་དེ་ཅི་དེ་བཞིན་གཤེགས་པ་འདི་མྱུར་བ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ལྟ་སྙམ་ནས་དེ་དག་ཡིད་མི་དགའ་སྟེ་ཅང་མི་སྨྲ་བར་གྱུར་ཏོ། །ཞེས་པས་བསྟན་ཏོ། །འཇམ་དཔལ་གྱིས་དེ་དག་གི་ཐེ་ཚོམ་བསལ་ཏེ་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་ཀྱིས་ལྷའི་བུ་དེ་དག་གིས་སེམས་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་ལྟར་མ་སེམས་མ་སྨྲ།

(༤༨༧)ཡིད་མི་དགའ་བར་མ་བྱེད་ཅིག །དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་ནི་མང་སྟེ། ཐབས་དང་། ཤེས་རབ་དང་། ཏིང་ངེ་འཛིན་སྣ་ཚོགས་ཀྱི་དགེ་བའི་རྩ་བའི་སྟོབས་ཀྱི་བྱིན་གྱིས་བརླབས་ཀྱིས་སེམས་ཅན་བསམ་པ་སྣ་ཚོགས་དག་ལ་ཆོས་སྟོན་ཏེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པའི་དོན་དང་། མཐར་ཐུག་གི་དགོས་པའི་དོན་ནོ། །གནས་སྐབས་ཀྱི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཆོས་ཀྱི་རྣམས་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། འདྲི་བ་པོ་དང་། འཆང་བ་པོ་དང་། ཀློག་པ་པོ་དེ་དག་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གོས་དང་། རྒྱན་རྣམས་ཀྱིས་མཆོད་ན། བཅོམ་ལྡན་འདས་དེའི་བསོད་ནམས་ཇི་སྙེད་ཅིག་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། རྒྱལ་པོ་འམ། བློན་པོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་ལ་ཞིག་གིས་ཆོས་ཀྱི་རྣམས་གྲངས་འདི་དེ་བཞིན་གཤེགས་པ་ལ་དད་པས་བཅངས་པ་དང་། མཆོད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། ཡང་དག་པར་བསྟན་ན་དེས་ཡོན་ཏན་ཆེན་པོ་བརྒྱད་ཐོབ་པར་གྱུར་ཏེ་བརྒྱད་གང་ཞེ་ན། གང་དག་འཇིག་རྟེན་ན་ནང་དང་གནོད་པ་དེ་དག་དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་བ་དང་། གང་འཇིག་རྟེན་ན་གནོད་སྦྱིན་དང་། འབྱུང་པོ་དང་། ཤ་ཟ་མདངས་འཕྲོག་པ་དེ་དག་ཐམས་ཅད་བྱམས་པ་

(༤༨༨)ལ་གནས་པར་འགྱུར་པ་དང་། གང་དག་གཤེད་བྱེད་དང་། བྱད་དང་། སྔགས་དང་། རོ་ལངས་གཞན་གྱིས་གནོད་པ་དེ་དག་དེའི་ལུས་ལ་གནོད་པར་མི་འགྱུར་བ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཐམས་ཅད་དེ་ལ་དགའ་ཞིང་མགུ་བར་གྱུར་ནས་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་དང་། ལྷ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་འགྱུར་བ་དང་། བདེ་འགྲོར་འགྲོ་བར་འགྱུར་བ་དང་། ལག་ན་རྡོ་རྗེས་ཡོངས་སུ་གཟུང་བར་འགྱུར་བ་དང་། ཇི་ལྟར་འདོད་པའི་གནས་སུ་སྐྱེ་ཞིང་ཚེ་རབས་དྲན་པར་འགྱུར་བ་སྟེ། ཡོན་ཏན་ཆེན་པོ་དེ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་དེ་བཞིན་གཤེགས་པ་འདི་དག་ལ་དེ་བཞིན་གཤེགས་པའི་ལྷའི་མཆོད་པ་དང་། མངོན་སུམ་དུ་མཆོད་པས་ལོ་འབུམ་གྱི་བར་དུ་མཆོད་པར་འགྱུར་རོ། །གང་ཡང་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པས་གང་བར་བྱས་ཏེ། ལྷའི་ཕྲེང་བ་དང་བྱུག་པ་དང་། མེ་ཏོག་དང་། མར་མེ་དང་། རིན་པོ་ཆེའི་གདུགས་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་ལོ་འབུམ་དུ་བཀུར་སྟི་བྱས་ཏེ་བརྗོད་ཅིང་མཆོད་པས་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། མཆོད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་དག་ལ་ཡང་དག་པར་རབ་ཏུ་བསྟན་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་དེ་དག་འཕགས་པའི་ཡན་ལག་བརྒྱད་པ་ལ་བཞོག་ཅིང་། བཞག་ནས་ཀྱང་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་བརྗོད་ཅིང་མཆོད་

(༤༨༩)པས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ཉན་པ་དང་། འཆང་བ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་ལ་རྒྱས་པར་བྱེད་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བརྗོད་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་པས་བསྟན་ཏོ། །གཉིས་པ་མཐར་ཐུག་གི་དགོས་པ་ནི་གདུལ་བྱ་རྣམས་ཀྱིས་མདོའི་དོན་རྟོགས་ནས་རྫོགས་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ལྷའི་བུ་རྣམས་ཀྱི་བསམ་པ་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་སྙམ་པའི་དོགས་པ་བཅད་པའི་ཕྱིར། འཇམ་དཔལ་གྱིས་སྨྲས་པ་དང་། རྒྱལ་པོ་གསལ་རྒྱལ་གྱི་དོགས་པ་བཅད་པའི་ཕྱིར་དུ་འཇམ་དཔལ་གྱིས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱི་མདོའི་ཕན་ཡོན་བསྟན་པ་དང་གསུམ་མོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། ཕ་མ་སོགས་སྡིག་ཅན་གྱི་དོན་དུ་བུ་ཡུན་ཡ་སོགས་ཀྱིས་དེ་དག་གི་དོན་དུ་དགེ་བའི་རྩ་བ་སྒྲུབས་པ་རྣམས་དགེ་བའི་རྩ་བ་བྱེད་པ་པོ་རང་ལ་ཕན་པ་མ་གཏོགས། དམིགས་པའི་ཡུལ་ལ་མི་ཕན་ཏེ། དམིགས་པའི་ཡུལ་གྱི་ལུས་ངག་ཡིད་གསུམ་མི་ཐེ་བའི་ཕྱིར་རོ། །གལ་ཏེ་ཕན་ན། ལས་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟ་བ་ལ་སོགས་པར་འགྱུར་རོ་ཞེས་ཟེར་བ་ནི་ཤིན་དུ་ཡང་མི་རིགས་ཏེ། མདོ་འདི་ཉིད་ལས། གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་བྱང་ཆུབ་ཀྱི་སེམས་དྲན་པ་ཉམས་པ་ཞིག་གིས་སྡིད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་

(༤༩༠)དང་། འཕགས་པ་དག་ལ་བཀུར་པ་འདེབས་པ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། སྲོག་གཅོད་པ་དང་། དཀོན་མཆོག་གསུམ་གྱི་ནོར་བརྐུ་བ་དང་། སེམས་ཅན་དམྱལ་བ་མནར་མེད་པར་འགྲོ་བ་དང་། ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དུ་གྲོགས་པོ་དང་གཉེན་རྣམས་ཀྱིས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གི་རི་མོའི་སྐུ་གཟུགས་དང་། འཇིམ་པའི་སྐུ་གཟུགས་བྱེད་དུ་འཇུག་ཅིང་། བྱེད་དུ་བཅུག་ནས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་གཙོ་བོར་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པར་གྱུར་ནས་ཟླ་བ་ཡར་གྱི་ཚེས་བརྒྱད་ནས་བརྩམས་ཏེ་བཅྭ་ལྔའི་བར་དུ་དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། མར་མེ་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཚན་ལན་གསུམ་ཉིན་ལན་གསུམ་དུ་མཆོད་དེ། སེམས་ཅན་དེ་དག་ཐར་བར་བྱས་པའི་ཕྱིར་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ནི་མཁྱེན། ལྷའི་སྙན་གྱིས་ནི་གསན། ལྷའི་སྤྱན་གྱིས་ནི་གཟིགས་ཤིང་སེམས་ཅན་དེ་དག་བདེ་འགྲོར་འགྲོ་བར་འགྱུར་གྱི་ངན་འགྲོར་འགྲོ་བར་མི་འགྱུར་བ་དང་། ལེགས་པར་བྱ་བ་བྱེ་ཀྱི་ངན་པར་བྱ་བ་མི་བྱེད་པར་ཡོངས་སུ་འགྱུར་ཞིང་། དེ་ལྟར་སེམས་ཅན་ངན་སོང་དུ་སྐྱེས་པ་དེ་དག་ཐར་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་དེ་དག་ལ་གསོལ་བ་བདག་བོ། །བཤགས་པ་དང་། མཐོལ་བས་སྡིག་པ་བཤགས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་མཚན་ཐོས་པར་གྱུར་ཅིག །ངན་འགྲོ་ཐམས་ཅད་ཡོངས་སུ་གྲོལ་བར་གྱུར་ཅིག །ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་

(༤༩༡)ཀྱི་བར་དུ་བདག་གི་སྤྱོད་པ་དང་མཐུན་པར་སྤྱོད་པ་ཅིག་ཅེས་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཡང་བྲིས་པ་དང་། འདྲིར་བཅུག་པ་དང་། བཅངས་པ་དང་། ཀླགས་པ་དང་། མཆོད་པ་དེའི་ཕྱིར་སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་གི་སྨོན་ལམ་གྱི་མཐུས་སེམས་ཅན་མནར་མེད་པར་འགྲོ་བ་དང་། ངན་སོང་གསུམ་དུ་སྐྱེས་པ་དེ་དག་གི་རྣམ་པར་མཚན་རྣམས་ཐོས་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདིའི་མཐུས་ཀྱང་སྡིག་པ་ཐམས་ཅད་བསྲབས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་གཟི་བརྗིད་ཀྱི་མཐུ་དང་། ཆོས་ཀྱི་རྣམ་གྲངས་འདིའི་མཐུས་དགེ་བ་དང་མི་དགེ་བའི་རྗེས་སུ་དྲན་པར་གྱུར་ནས་ཕྱིས་སྡིག་པའི་ལས་བྱེད་པར་མི་འགྱུར་ཏེ། དེ་ནས་སྡུག་བསྔལ་དེ་དག་ལས་ཡོངས་སུ་གྲོལ་བར་འགྱུར་ཞིང་བདེ་འགྲོར་འགྲོ་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སྤྱོད་པ་མཐུན་པར་འགྱུར་རོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ངན་སོང་སྦྱོང་རྒྱུད་ལས་ཀྱང་། གཤིན་པོ་དེའི་རོ་དང་། རུས་པ་དང་། གོས་དང་། མིང་དང་། གཟུགས་བརྙན་དང་། ཉེ་འབྲེལ་དང་། འཁོར་གཡོག་དང་། མིང་མཐུན་པ་དང་། རུས་གཅིག་པ་སོགས་ལའང་དབང་བསྐུར་ན། གཤིན་པོ་དེ་ངན་སོང་ལས་ཐར་ཞིང་། མཐོ་རིས་དང་ཐར་པ་ཐོབ་པར་གསུངས་པ་འགལ་བ་དང་། རང་གིས་གང་ཟག་གཞན་ལ་རིམ་འགྲོ་དང་། མཐུ་བྱས་པས་ཕན་པ་དང་གནོད་པར་འགྱུར་བ་ཡང་ཁས་ལེན་ལ། གཤིན་པོ་ལ་འབྲེལ་བ་ཅན་གྱིས་དགེ་བ་བཏང་བ་མི་ཕན་ཞེས་སྨྲ་བ་ནི་རང་གིས་ཁས་བླངས་འགལ་བ་ཡིན་ནོ། །དེས་ན། གཤིན་ཕོ་མོ་དོན་དུ་དགེ་བ་བཏང་བ་ནི་རང་དང་དམིགས་

(༤༩༢)ཡུལ་གཉིས་ཀ་ལ་ཤིན་དུ་ཕན་ཆེ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སངས་རྒྱས་ཆོས་དང་ལས་འབྲས་ལ། ཡིད་ཆེས་སྐྱེས་ནས་སངས་རྒྱས་ཤོག། ༈ །།འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་མདོ་ནི། ཕལ་པོ་ཆེའི་དུམ་བུ་ཡིན་པས་དེར་བཀྲལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ་ཞེས་པས་བསྟན་ནོ། །ཞུ་བ་པོ་ཀུན་དགའ་བོ་ལ་བཀའ་ཡས་སྩལ་དུ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་དགེ་བའི་རྩ་བ་ལ་སོ་སོར་བརྟགས་པ་ཉིད་ཀྱིས་བསམ་པ་ཤིན་དུ་ཡོངས་སུ་དག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ངས་སངས་རྒྱས་བརྒྱ་སྟོང་མང་པོ་ཞེ་ས་དང་བཅས་པས་བསྙེན་བཀུར་བྱས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ང་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་གྱི། གང་གི་ཚེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་ནས་ཨུཏྤ་ལ་ལྔ་ཕུལ་བ་དེའི་འོག་ཏུ་ངས་ཆོས་བདག་མེད་པ་ཉིད་ལ་མོས་པར་གྱུར་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །ཀུན་དགའ་བོ་དེ་བས་ན།

(༤༩༣)ཁྱེད་དགེ་བའི་རྩ་བས་ཆོག་ཤེས་པར་མི་བྱའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པའི་རྒྱུ་རྟོགས་ནས་ཉམས་སུ་བླངས་ཏེ་གནས་སྐབས་ཀྱི་དགོས་པ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ཅིང་། མཐར་ཐུག་གི་དགོས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་མར་མེ་མཛད་བྱོན་པའི་ཚུལ་དང་། མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་སྤྲིན་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་ཆུབ་ལུང་བསྟན་ཐོབ་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཚངས་པའི་དཔལ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་བསོམ་སྙོམས་ལ་གཤེགས་སོ། །ཡང་དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་ན་བྱིས་པ་ཕལ་པོ་ཆེ་དག་པ་རྡུལ་གྱི་ཁྱིམ་དང་། ས་རྡུལ་གྱི་ར་བ་དང་། ས་རྡུལ་གྱི་ཁང་པ་བརྩེགས་པ་དག་གིས་རྩེ་ཞིང་འཁོད་པ་ལས་བྱིས་པ་

(༤༩༤)པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ལོངས་སྤྱོད་མང་བ། མཛོད་དང་བང་པ་མང་པ་ཞིག་ནས་ཏེ། དེ་ལ་ཆུང་མ་དྲི་མ་མེད་མ་ཞེས་བྱ་བ་མཛེས་པ། ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། ཟླ་བ་དགུ་འདས་པ་དང་། དེ་ལ་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་ཉིང་ལག་ཐམས་ཅད་ལེགས་པར་རྫོགས་པ་ཞིག་བཙས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གནས་སྐབས་སུ་གདུལ་བྱ་རྣམས་ཀྱིས་བུ་མོ་ཟླ་མཆོག་གིས་བསྟན་པ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཅིང་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས་མཐར་ཐུག་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །བསྡུས་པའི་དོན་ནི། བུ་མོ་ཟླ་མཆོག་ཇི་ལྟར་བྱུང་པའི་ཚུལ་དང་། དེ་ཉིད་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་གཏམ་གླེང་པ་དང་། བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དང་། བུ་མོ་ཟླ་མཆོག་ཁྱེའུར་གྱུར་ནས་རབ་ཏུ་བྱུང་བའི་ཚུལ་རྣམས་བསྟན་བའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དགེ་འདིས་སེམས་ཅན་ཐམས་ཅད་ཀྱིས་ཟླ་མཆོག་གིས་ནི་བསྟན་པ་ལྟར། ཟབ་མོའི་དེ་ཉིད་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བདེ་ལྡན་མ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ་

(༤༩༥)ཁྲི་བཞི་སྟོང་ཟུག་པར་གྱུར། བྱང་ཕྱོགས་ཀྱི་ངོས་སུ་ནི་ཤེལ་གྱི་ཀ་བ་བརྒྱད་ཁྲི་བཞི་སྟོང་ཟུག་པར་གྱུར་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཀྱིས་ཁྱེའུ་ཚངས་པའི་དཔལ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཁྱེའུ་ཚངས་པའི་དཔལ་གྱིས་ས་རྡུལ་གྱི་ཁང་པ་ཕུལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་ལྔ་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་མངོན་པར་གྲགས་པ་མངོན་པར་ཤེས་པ་ཐོབ་པ་ཞེས་པ་ནས་བྱམས་པ་ལས་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་བརྟེན་ཅིང་བཞུགས་ཏེ། རྒྱལ་པོ་དང་རྒྱལ་པོའི་བུ་རྣམས་དང་། ཚོང་དཔོན་རྣམས་དང་། ཁྱིམ་བདག་རྣམས་དང་། བློན་པོ་རྣམས་དང་། འཁོར་རྣམས་དང་། གྲོང་རྡལ་བ་དང་། ཡུལ་གྱི་མི་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ། །

(༤༩༦)ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྔ་དྲོའི་དུས་ཀྱི་ཚེ་སྨད་གཡོགས་དང་། ཆོས་གོས་གསོལ། ལྷུང་བཟེད་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་དང་སུམ་དུ་བདག་གི་རྨི་ལམ་ན་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ཞིག་མཐོང་སྟེ། དེས་ཕྱག་གཡས་པ་གསེར་གྱི་མདོག་ཅན་བརྐྱང་ནས་བདག་གི་སྤྱི་བོར་བཞག་སྟེ། རབ་འབྱོར་ངས་ཁྱོད་ཀྱིས་སྔོན་མ་ཐོས་པའི་ཆོས་སྟོན་པ་ཐོབ་པར་འགྱུར་རོ་ཞེས་དེ་སྐད་ཅེས་བཀའ་སྩལ་ན། བཅོམ་ལྡན་འདས་དེ་དག་གི་སྔ་ལྟས་ལགས་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོས་འདོད་པ་རྣམས་ཀྱི་མངོན་མ་ཐོས་པའི་ཆོས་ཐོས་པར་འགྱུར་བའི་སྔ་ལྟས་ཡིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་ལས་སོགས་པའི་གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་བསྟན་པ་ལྟར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་ཤིང་བྱང་ཆུབ་ཏུ་ལུང་བསྟན་ནས་མངོན་པར་རྫོགས་པར་འཚང་རྒྱ་བའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་ཟབ་མོ་སྟོང་པ་ཉིད་སྟོན་པའི་སྒོ་ནས་སེང་གེ་སྒྲ་གྲགས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་

(༤༩༧"" ཐུག་ཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། བུད་མེད་འགྱུར་པ་ཇི་བཞིན་དུ། མི་སྐྱེའི་བཟོད་པ་ཐོབ་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡངས་པ་ཅན་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་ཞེས་པས་སོ། །ཐེག་པ་ཐུན་མོང་བའི་འཁོར་ནི། དགྲ་བཅོམ་པ་ལྔ་བརྒྱ་ཙམ་གྱིས་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ནི། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཐམས་ཅད་ཀྱང་མངོན་པར་ཤེས་པ་གཟུངས་ཐོབ་པ། སྤོབས་པ་ཐོགས་སུ་མེད་པ། ཏིང་ངེ་འཛིན་ཐོབ་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་པ་ནས། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་དང་། སྣ་ཆེན་པོ་ལ་གཏོགས་པ་རྣམས་དང་ཞེས་པ་ནས། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེའི་ཚེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཕྱུག་

(༤༩༨)པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ལོངས་སྤྱོད་མང་བ། མཛོད་དང་བང་པ་མང་པ་ཞིག་གནས་ཏེ། དེ་ལ་ཆུང་མ་དྲི་མ་མེད་མ་ཞེས་བྱ་བ་མཛེས་པ། ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། ཟླ་བ་དགུ་འདས་པ་དང་། དེ་ལ་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་ཉིང་ལག་ཐམས་ཅད་ལེགས་པར་རྫོགས་པ་ཞིག་བཙས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གནས་སྐབས་སུ་གདུལ་བྱ་རྣམས་ཀྱིས་བུ་མོ་ཟླ་མཆོག་གིས་བསྟན་པ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཅིང་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས་མཐར་ཐུག་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །བསྡུས་པའི་དོན་ནི། བུ་མོ་ཟླ་མཆོག་ཇི་ལྟར་བྱུང་པའི་ཚུལ་དང་། དེ་ཉིད་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་གཏམ་གླེང་པ་དང་། བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དང་། བུ་མོ་ཟླ་མཆོག་ཁྱེའུར་གྱུར་ནས་རབ་ཏུ་བྱུང་བའི་ཚུལ་རྣམས་བསྟན་བའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དགེ་འདིས་སེམས་ཅན་ཐམས་ཅད་ཀྱིས་ཟླ་མཆོག་གིས་ནི་བསྟན་པ་ལྟར། ཟབ་མོའི་དེ་ཉིད་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བདེ་ལྡན་མ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ་

(༤༩༩)འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཐབས་གཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་བཤེགས་སོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཐར་ཆགས་ཀྱིས་བསོད་སྙོམས་རྒྱུ་ཞིང་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ག་ལ་བ་དེར་གཤེགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་བདེ་ལྡན་མ་ཞེས་བྱ་བ་ཁང་བཟངས་མཆོག་གི་སྟེངས་ན་འདུག་པས་བཅོམ་ལྡན་འདས་ཐག་རིང་པོ་ནས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་སེམས་དགའ་བར་གྱུར་ཏེ། ཁང་བཟངས་ཀྱི་སྟེངས་ནས་བབས་ནས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་གདན་དར་དཀར་རིན་ཆེ་བ་བཏིང་ངོ་། །དེ་ནས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་གདན་བཤམས་པ་ལ་བཞུགས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་ཉན་པའི་ཕྱིར་ཞེ་པ་དང་བཅས། གུས་པ་དང་བཅས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་གཟིགས་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་མཁྱེན་བཞིན་དུ་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་བཀའ་སྩལ་པ། བདེ་ལྡན་མ་གང་ལུས་མ་ཐོགས་པའི་འབྲས་བུ་

(༥༠༠)འདི་ལྟ་བུ་ཤིན་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་པའི་ཤིང་དེའི་མིང་དེ་ཅི་ཞེས་བྱ་བ་དེ་སྐད་བཀའ་སྩལ་པ་དང་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བདེ་ལྡན་མས་བཅོམ་ལྡན་འདས་ལ་གསོལ་བ་ལྟར། གདུལ་བྱ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ལྗོན་ཤིང་བསྐྲུན་ན་བདེ་ལེགས་ཀྱི་འབྲས་བུ་འབྱུང་བར་རྟོགས་ནས་ཉམས་སུ་བླངས་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྣམ་པ་ཐམས་ཅད་ཐོབ་པའོ། །བསྡུས་པའི་དོན་ནི། བདེ་ལྡན་མ་རང་ཉིད་ཀྱི་བསོད་ནམས་ཀྱི་ལྗོན་ཤིང་ལས་དགེ་ལེགས་ཀྱི་འབྲས་བུ་བྱུང་བར་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ཞེས་པ་ནས་བཏང་སྙོམས་ཆེན་པོ་འདི་རྣམས་ཅི་ལས་གྲུབ་པ་ལགས་ཞེས་སོགས་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཚོགས་བསགས་པ་ལས་གྲུབ་པར་བསྟན་པ་དང་། བདེ་ལྡན་མ་མ་འོངས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་དཔལ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི་ཁ་གཅིག་ན་རེ། སངས་རྒྱས་ཀྱི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་ལ་སོགས་པ་རྣམས་སེམས་ཅན་གྱི་རྒྱུད་ལ་རང་ཆས་སུ་གདོད་ནས་ཡོད་པ་ཡིན་ནོ་ཟེར་བ་ནི་མི་རིགས་ཏེ། མདོ་འདི་ཉིད་ལས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་བསགས་པ་ལ་བརྟེན་ནས་གསར་དུ་ཐོབ་པར་རྒྱ་ཆེར་བསྟན་པ་དང་འགལ་བའི་ཕྱིར་དང་། མངོན་པར་རྟོགས་པའི་རྒྱན་ལས། བླ་མ་སྐྱེལ་ལ་སོགས་པ་དང་། ཡང་དག་བླངས་པ་བརྟན་པ་དང་། བསྡུ་བ་བསྟེན་དང་གྱ་ནོམ་པའི། དངོས་པོ་སྦྱིན་དང་བསད་བྱ་བ་

(༥༠༡)ཐར་བར་བྱེད་དང་དགེ་བ་ནི། ཡང་དག་བླངས་པ་སྤེལ་ལ་སོགས། སྒྲུབ་བྱེད་རྒྱུའི་མཚན་ཉིད་ནི། མདོ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་གསུངས་པ་ལྟར། མཚན་དཔེ་དང་སྟོབས་སོགས་རྣམས་ཚོགས་གཉིས་ཀྱི་རྟེན་འབྲེལ་གྱིས་གསར་དུ་བསྒྲུབས་པར་ཤེས་པར་བྱའོ། །དགེ་བས་འགྲོ་བ་ཐམས་ཅད་ཀྱིས། ཚོགས་གཉིས་ལྗོན་ཤིང་རྒྱས་པ་ལས། དགོས་འདོད་འབྲས་བུ་འབྱུང་རྟོགས་ནས། བདེ་ལྡན་མ་ལྟར་བྱང་ཆུབ་ཤོག །འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་བྱར་རྒྱུད་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་དང་། ཞུ་བ་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། རྒྱལ་བའི་བློ་གྲོས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ་ཞེས་པ་ནས་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཤེས་རབ་འདོད་པ་ལ་སོགས་པ་འདོད་པ་བཅུ་དགུ་གྲུབ་པར་བྱ་བའི་ཕྱིར་དུ་ཐོས་པ་ལ་སོགས་ཉམས་ལེན་བཅུ་བྱས་པས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་

(༥༠༢)པའི་དོན་ནི། ཤེས་རབ་འདོད་པ་ལ་སོགས་འདོད་པ་བཅུ་དགུའི་དོན་འགྲུབ་པར་བྱ་བའི་ཕྱིར་ཐོས་པ་ལ་སོགས་པ་ཉམས་ལེན་བཅུ་དགུ་བྱེད་པར་བསྟན་པའོ། །ཚིག་གི་དོན་ནི། ཤེས་རབ་འདོད་པས་ཐོས་པ་ལ་བརྩོན་པར་བྱའོ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱའོ། །ལོངས་སྤྱོད་འདོད་པས་གཏོང་པ་སྤེལ་བར་བྱའོ། །གཟུགས་བཟང་བ་འདོད་པས་བཟོད་པ་བསྒོམ་པར་བྱའོ། །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པར་བྱའོ། །ཐར་པ་འདོད་པ་སྡིག་པ་ཐམས་ཅད་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པ་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་རབ་ཏུ་དབེན་པ་ལ་དགའ་བར་བྱའོ། །ཆོས་འདོད་པས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པ་མང་དུ་བྱའོ། །ལྷག་མཐོང་འདོད་པས་ཆོས་སྟོང་པར་སོ་སོར་བརྟགས་པ་མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ། །ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདོད་པས། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་སྟོང་པའི་ཆོས་ལ་མངོན་པར་དགའ་བར་བྱའོ། །ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ་ཞེས་པས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །

(༥༠༣)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་དང་ཞུ་བ་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བློ་གྲོས་རྣམ་པར་དག་པས་ཚུལ་ཁྲིམས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ་ཏིང་ངེ་འཛིན་ཡོངས་སུ་དག་པ་དང་། བཟོད་པ་ཡོངས་སུ་དག་པ་དང་། ཕན་པའི་དངོས་པོ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ་བྱམས་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ་སྙིང་རྗེ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ་དགའ་བ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ་རྣམ་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ་སྟོབས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ་མི་འཇིགས་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་

(༥༠༤)སུ་དག་གོ །བློ་གྲོས་རྣམ་པར་དག་པ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། གདུགས་པ་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་སྟི་བཏང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདའ་བའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་པོ། མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །དཔག་གིས་མི་ལང་ངོ་། །བརྗོད་དུ་མེད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པ་གཉིས་ལས། གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས་བྱང་ཆུབ་སེམས་དཔའ་གང་གི་མདོ་མཆོག་འདི། ཕྱི་མ་རབ་འཇིགས་དུས་ན་འཛིན་བྱེད་པ། དེ་ནི་འཇིག་རྟེན་སངས་རྒྱས་ལྷ་ཡི་ལྷ། བསོད་ནམས་ཁྱད་འཕགས་མཚུངས་མེད་ཞིང་དུ་འགྱུར། འདི་བཤད་ཚེ་ན་གང་དག་འདིར་མཆོད་དང་། ཚུལ་འདི་བཤད་པ་གང་དག་ཐོས་པ་དང་། གང་དག་མདོ་མཆོག་འདི་ནི་འདིར་བཟུང་བ། དེ་དག་ཕྱི་མའི་དུས་ན་འདིར་འདི་འཛིན། གང་དག་ཕྱིན་ཆད་མདོ་མཆོག་འདི་འཛིན་པ། དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས།

(༥༠༥)སངས་རྒྱས་བྱ་བས་དེ་དག་བསྔགས་བརྗོད་ཀྱང་། དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། གང་དག་ཕྱི་དུས་རྒྱལ་བའི་ཆོས་འཛིན་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས། བསྐལ་པ་བྱེ་བར་བཞུགས་པ་དེ་དག་གིས། བསྔགས་པ་བརྗོད་ཀྱང་མཐའ་མར་ཕྱིན་མི་ནུས་ཞེས་གསུངས་པ་ལྟ་བུ་དང་ལྡན་ཞིང་། མཐར་ཐུག་གི་དགོས་པ་ནི། མདོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། སངས་རྒྱས་ཀྱི་གསུང་རབས་དང་། རིང་བསྲེལ་དང་། མཆོད་རྟེན་དང་། སྐུ་གཟུགས་སོགས་རྣམས་བཞེངས་པ་དང་། མཆོད་པ་འབུལ་བའི་ཕན་ཡོན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ།།ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཉན་ཐོས་སྡེ་པ་ཁ་ཅིག་ན་རེ། མཆོད་རྟེན་ལ་མཆོད་པ་ཕུལ་བས་བསོད་ནམས་མི་འཐོབ་ཏེ། མཆོད་རྟེན་གྱིས་ལོངས་སྤྱད་པ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ཡིན་ན་མཆོད་རྟེན་གཤིག་པས་ཀྱང་སྡིག་པར་མི་འགྱུར་ཏེ། མཆོད་རྟེན་གཤིག་པ་ན་མཆོད་རྟེན་ལ་སྡུག་བསྔལ་མེད་པའི་ཕྱིར། འདོད་པར་མི་རིགས་ཏེ། མཆོད་རྟེན་གཤིག་པ་ཉེ་བའི་འཚམས་མེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ནས་མཆོད་རྟེན་གྱིས་ཉེ་བར་ལོངས་སྤྱད་པ་མེད་ཀྱང་། མཆོད་རྟེན་ལ་མཆོད་པ་ཕུལ་བས་བསོད་ནམས་དཔག་ཏུ་མེད་པ་འཐོབ་པ་ཡིན་ཏེ། ཆོས་ཀྱི་སྐུ་ལ་མཆོད་པ་ཕུལ་བ་བཞིན་ནོ། །ཡང་ཁ་ཅིག་གི་བསམ་པ་ལ། སངས་རྒྱས་ལ་དངོས་སུ་མཆོད་པ་ཕུལ་བས་བསོད་ནམས་ཆེན་པོ་ཐོབ་པ་བདེན་མོད།

(༥༠༦)སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་གསུང་རབས་དང་། རིང་བསྲེལ་དང་། མཆོད་རྟེན་ལ་མཆོད་པ་ཕུལ་བ་ནི་སངས་རྒྱས་ལ་དངོས་སུ་མཆོད་པ་ཕུལ་བ་ལས་ཕན་ཡོན་ཆུང་ངོ་སྙམ་ན། དེ་ནི་མ་ཡིན་ཏེ། མདོ་འགའ་ཞིག་ལས། སངས་རྒྱས་ལ་མཆོད་པ་ཕུལ་བ་ལས། གསུང་རབས་ལ་མཆོད་པ་ཕུལ་བ་བསོད་ནམས་ཆེ་བར་གསུངས་པ་དང་། སྤྱོད་འཇུག་ལས། བཞུགས་པ་དང་ནི་མྱ་ངན་འདས། མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཞེས་སངས་རྒྱས་དངོས་སུ་བཞུགས་པ་དང་། མྱ་ངན་ལས་འདས་པ་གཉིས་ལ་མཆོད་པ་ཕུལ་བ་ལ་བསོད་ནམས་ཁྱད་པར་མེད་པར་གསུངས་པའི་ཕྱིར་དང་། མདོ་འདི་ཉིད་ལས་བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ། འཚོ་ཞིང་བཞེས་པ་ལ་སྟི་བཏང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྟི་བཏང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། ཡང་དག་པར་སེམས་ཉེ་བར་བཞག་སྟེ་བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ། ཕྱག་བྱེད་པ་དང་། སྟི་བཏང་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། གསོལ་བ་དང་། བསྔགས་པ་དང་། བསྐོར་བ་བྱེད་པ་དེས་ཕན་ཡོན་ལྔ་ཡོངས་སུ་གཟུང་བར་འགྱུར་ཏེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་

(༥༠༧)བསྐྱེད་པར་འགྱུར་བ་སྟེ། ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །ཞེས་གསུངས་པས་ན་སངས་རྒྱས་དངོས་སུ་བཞུགས་པ་དང་། རིང་བསྲེལ་ལ་མཆོད་པ་བྱས་པ་བསོད་ནམས་ཁྱད་མེད་པར་གསུངས་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྐུ་གཟུགས་མཆོད་རྟེན་སངས་རྒྱས་དང་། མཚུངས་པར་མཆོད་དེ་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱེམ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཆག་ཅིང་དགེ་སློང་ལྔ་བརྒྱ་པོ་ཐམས་ཅད་ཀྱི་གནས་ཁང་ནས་བྱུང་སྟེ། གནས་བརྟན་ཤཱ་རིའི་བུའི་གནས་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་ཤཱ་རིའི་བུ་གཅིག་བུ་དབེན་པར་སོང་སྟེ། ནང་དུ་ཡང་དག་བཞག་ནས་བསམ་གཏན་པར་མཐོང་ངོ་། །མཐོང་ནས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི་

(༥༠༨)བཙུན་པ་ཤཱ་རིའི་བུ་ཁྱོད་བསམ་གཏན་བྱེད་དམ་སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་ཉོན་མོངས་པ་སྤངས་པ་རྣམས་སྤང་བའི་ཕྱིར་བསམ་གཏན་བྱེད་དམ། འོན་ཏེ་མ་སྤངས་པ་རྣམས་སྤང་བའི་ཕྱིར་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་འདས་པ་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་མ་འོངས་པ་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ད་ལྟར་བྱུང་པ་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་བཱ་རིའི་བུ་ཁྱོད་གཟུགས་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་ཏེ་བསམ་གཏན་བྱེད་དམ། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་མིག་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་གཟུགས་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་འདོད་པའི་ཁམས་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་ནང་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ཕྱི་རོལ་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ཕྱི་ནང་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་ལུས་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་སེམས་ལ་གནས་ཏེ་བསམ་གཏན་བྱེད་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས་བསྐལ་

(༥༠༩)པ་བྱེ་བ་བསམ་ཡས་སུ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། བཙུན་འགྲུས་བསམ་གཏན་བརྙེས་པས་ནི། མདོ་སྡེ་འདི་དང་མཚུངས་མ་ཡིན། ཆོས་འདི་དང་ནི་ཐེག་པ་ནི། ཡང་དག་རྫོགས་པའི་སངས་རྒྱས་གསུངས། མདོ་སྡེ་འདི་ལ་བརྟེན་བྱས་ན། ཐམས་ཅད་དེ་བཞིན་གཤེགས་པར་འགྱུར་ཞེས་གསུངས་པར་བསྟན་ཏོ། །བསྡུས་པའི་དོན་ནི། གོང་དུ་འཇམ་དཔལ་གྱིས་དྲིས་པའི་ལན་ཤཱ་རིའི་བུས་བཏབ་པ་དང་བཅས་པས་བསམ་གཏན་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་པ་ཐམས་ཅད་གྱིས་དབེན་པའི་སྟོང་པ་ཉིད་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། འགའ་ཞིག་ན་རེ། ཟབ་མོ་སྟོང་པ་ཉིད་སྟོན་པའི་མདོ་འདི་ལྟ་བུ་སྐལ་པ་དམན་པ་ལ་ཅུང་ཟད་ཀྱང་བསྟན་དུ་མི་རུང་ཞེས་ཟེར་བ་ནི་མ་ངེས་པ་ཡིན་ཏེ། ཆད་པར་ལྟ་བ་བསྐྱེད་པའི་རིགས་ལ་བསྟན་དུ་མི་རུང་བ་ཡིན་ལ། མ་དད་པ་ཙམ་ལ་བསྟན་དུ་མི་རུང་བ་མ་ཡིན་ཏེ། མདོ་འདི་ཉིད་ལས་བསྟན་པ་འདི་བཤད་པ་ན། དགེ་སློང་བརྒྱ་ནི་སེམས་ཆེར་འཁྲུགས་ནས་ལུས་དེ་ཉིད་དང་བཅས་པ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་ལྷུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་སེམས་ཅན་རྗེས་སུ་བསྲུང་བའི་ཆོས་མི་སྟོན་པས་དགེ་སློང་བརྒྱ་པོ་དེ་དག་ཆུད་ཟོས་ཏེ་ངོ་མཚར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་བརྒྱ་པོ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་རེག་པ་ཐང་ཅིག་རེག་ནས་དགའ་ལྡན་གྱི་ལྷ་རྣམས་

(༥༡༠)དང་བསྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་གལ་ཏེ་དགེ་སློང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་སུ་ཟིན་པ་དེ་དག་གདོན་མི་ཟ་བར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཏེ། ལས་དེ་ཟད་ནས་མིར་སྐྱེ་བར་འགྱུར་བ་ཞིག་ནའང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བརྟེན་པས་བསྐལ་པར་སེམས་ཅན་དམྱལ་བ་མྱོང་པར་འགྱུར་བ་ལས་དེ་ཡང་བཟུང་ཟད་གཅིག་མྱོང་བར་བྱས་སོ། །ཤཱ་རིའི་བུ་དེའི་ཕྱིར་དགེ་སློང་བརྒྱ་པོ་དེ་དག་དེ་བཞིན་གཤེགས་པ་བྱམས་པའི་ཉན་ཐོས་ཐོག་མ་འདུས་པར་དགྲ་བཅོམ་པ་ཟག་པ་ཟད་པར་འགྱུར་རོ། །ཤཱ་རིའི་བུ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉིད་དང་བཅས་པས་ཐོས་ན་ནི་དམ་པ་ཡིན་གྱི། བསམ་གཏན་བཞི་ལ་སྙོམས་པར་ཞུགས་པས་ནི་དེ་ལྟ་མ་ཡིན། ཚད་མེད་པ་བཞི་པོ་ནི་དེ་ལྟ་མ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམས་པས་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ལྟ་བུ་མ་ཐོས་པར་འཁོར་བ་ལས་ཡོངས་སུ་མ་གྲོལ། སྐྱེབ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་ཞེས་བཤད་དོ་ཞེས་གསུངས་པས་ན་མ་མོས་ཀྱང་ཐོས་པས་ཕན་ཡོན་ཤིན་དུ་ཆེ་བའོ། །དེ་ལྟར་བཤད་པའི་དགེ་བ་ཡིས། འཇམ་དཔལ་དབྱངས་ཀྱིས་རྗེས་གཟུངས་སྟེ། འགྲོ་བས་མདོ་སྡེ་འདི་རྟོགས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བདུད་རྩི་སྤྱོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་

(༥༡༡)ད་ཀ་གནས་པ་ན་ཞེས་པས་སོ། །འཁོར་ནི་དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་གི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་གོ་ཞེས་པས་འཁོར་དང་སྟོན་པ་ལྷན་ཅིག་བསྟན་ཏོ། །ཞུ་བ་པོ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ་ཞེས་པས་བསྟན་ཏོ། །སྟོན་པས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་བཞིན་གཤེགས་པས་ཁྱོད་ལ་རྟག་ཏུ་སྐབས་ཕྱེས། བྱམས་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དྲིས་ཤིག་དང་དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་གསུང་བར་ཞལ་གྱིས་བཞེས་ཏེ་

(༥༡༢)ཉན་པར་གདམས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱམས་པ་ལེགས་སོ་ལེགས་སོ་ཞེས་པ་ནས་དེའི་ཕྱིར་བྱམས་པ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་དངོས་ཀྱི་ཆོས་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་མདོ་འདི་ཉིད་ལས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཡང་རུང་སྟེ། གང་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲགས་པར་གྱུར་པ་དེ་དག་ནི་དགེ་བའི་རྩ་བ་ཆེན་པོའི་ཚོགས་བསགས་པ་དག་སྟེ། སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ལགས། སངས་རྒྱས་ཐམས་ཅད་ལ་ལྟ་བ་དང་ལྡན་པ་ལགས། སྐྱེ་བོ་མང་པོ་ལ་ལྷག་པར་བགྱི་བ་བགྱིས་པ་ལགས། དགེ་བའི་རྩ་བ་བསྐྲུན་པ་ལགས་སོ། །དེ་དག་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་དག་ནས་དུད་འགྲོའི་ཡུལ་དེ་ལས་ཡོངས་སུ་ཐར་ཏེ་མིའི་ལུས་ཐོབ་པར་འགྱུར་ཞིང་ཐོབ་ནས་ཀྱང་ཚེ་རབས་སྔ་མ་དྲན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འཚལ་བ་དེ་དང་དེར་སྐྱེ་བར་འགྱུར་ན། མིར་གྱུར་ནས་ཐོས་པ་རྣམས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་འདི་ལྟར་སེམས་ཅན་རྣམས་ཀྱི་དོན་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པའི་ཚོགས་ལ་གནས་པར་འགྱུར་བ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་གཟུང་བས་མྱུར་དུ་

(༥༡༣)བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས་སོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དུ་དག་དང་ལྡན་ན་བདུད་ཀྱི་རིས་ཐམས་ཅད་ཀྱིས་བགེགས་བགྱིད་པར་མི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས་ཅད་ཀྱིས་འདའ་བར་བགྱི་བ་མ་ལགས་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད་དུ་ཚེ་རིང་དུ་སྐྱོང་བར་བགྱིད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་ཞེས་པའི་དྲི་བས་བསྟན་ཏོ། །ཚིག་གི་དོན་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ལྔ་དང་ལྡན་ན་བདུད་ཀྱི་རིས་ཐམས་ཅད་ཀྱིས་བགེགས་བྱ་བར་མི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཚེ་རིང་དུ་སྐྱོང་བར་བྱེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་བར་འགྱུར་རོ། །ལྔ་པོ་གང་ཞེ་ན། འདི་ལྟ་སྟེ་རྒྱུན་མི་འཆད་པར་ཆོས་སྦྱིན་པ་དང་། རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། རྒྱུན་མི་འཆད་པར་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པ་དང་རྒྱུན་མི་འཆད་པར་མཆོད་རྟེན་རྙིང་པ་འཆོས་པ་དང་། རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱ་བ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ལྔ་པོ་དེ་དག་དང་ལྡན་ན་བདུད་ཀྱི་རིས་ཐམས་ཅད་ཀྱིས་བགེགས་བྱ་བར་མི་འགྱུར་བ་དང་། བདུད་ཀྱི་འཁོར་

(༥༡༤)ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཚེ་རིང་དུ་སྐྱོང་བར་བྱེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་པའི་ལན་དང་། བྱམས་པ་ཉིད་ཀྱིས་མདོ་ཕན་ཡོན་རྒྱ་ཆེར་བསྟན་པ་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། མདོ་དོན་བདེ་བླག་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་དང་སྟོན་པ་ནི། དགེ་སློང་ལྔ་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲིའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་མངོན་པར་ཤེས་པ་མངོན་པར་ཤེས་པ་ཡིན་ཞིང་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །

(༥༡༥)དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་ནས། དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་བར་དུས་ཡོལ་བར་མཛད་དོ་ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པས་སྐབས་དབྱེ་བར་བསྟན་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་འདི་ལྟར་བྱས་པ་དང་། ཞུས་ནས་ཞུ་བ་ལུང་བསྟན་པའི་ཕྱིར་ཁྱོད་ལ་དེ་བཞིན་གཤེགས་པས་སྐབས་འབྱེད་པར་མཛད་དོ། །ཞེས་པ་ནས་གལ་ཏེ་ཁྱོད་མི་གནས་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་དམ། ཡི་གེ་རྣམས་མི་བརྗོད་པར་ཞུ་བར་མི་བྱེད་ན་དེ་ལྟར་ན་ཞུས་ནས་ཞུ་བ་ལུང་བསྟན་པའི་ཕྱིར་ཁྱོད་ལ་དེ་བཞིན་གཤེགས་པས་སྐབས་འབྱེད་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཇི་ཙམ་དུ་སྒྲོ་འདོགས་པ་དེ་ཙམ་དུ་ཆགས་པ་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་ཆགས་པ་མེད་པའི་བར་གྱིས་བསྟན་ཏོ། །དེ་ནས་ཤཱ་རིའི་བུས་འཇམ་དཔལ་ལ་སྟོང་པ་ཉིད་ཀྱི་དགག་བྱའི་ཚད་འཛིན་དྲིས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སྒྲོ་བཏགས་པ་སྒྲོ་བཏགས་པ་ཞེས་བྱ་བ། འཇམ་དཔལ་ཇི་ཙམ་གྱིས་ན་སྒྲོ་བརྟགས་པར་འགྱུར་ཞེས་པས་བསྟན་ཏོ། །འཇམ་དཔལ་གྱིས་དགག་བྱ་ཚད་འཛིན་བསྟན་པ་ནི། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་མཉམ་པ་ཡིན། མཚན་མ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། སྨོན་པ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། ཇི་ལྟ་བ་བཞིན་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་

(༥༡༦)མཉམ་པ་ཡིན། ཡང་དག་པའི་མཐའ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། མི་སྐྱེ་མི་འགག་མི་གནས་པ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། མ་སྐྱེས་མ་བྱུང་བ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན་ན། བཙུན་པ་ཤཱ་ར་དྭ་ཏིའི་གང་དག་འདི་ལྟར་ཆོས་ཐམས་ཅད་མཉམ་པ་ལ་མི་མཉམ་པར་བརྟགས་ནས་དེ་བཞིན་དུ་སྒྲོ་འདོགས་པས་སྒྲོ་འདོགས་པར་བྱེད་དེ། འདི་ནི་སངས་རྒྱས་སོ། །འདི་ནི་ཆོས་སོ། །འདི་ནི་དགེ་འདུན་ནོ། །འདི་ནི་བདག་གོ །འདི་ནི་སེམས་ཅན་ནོ། །འདི་ནི་གང་ཟག་གོ་ཞེས་པ་ནས། འདི་ནི་ལམ་མོ།།། །འདི་ནི་ལམ་གྱི་འབྲས་བུའོ། །ཞེས་བྱ་བ་འདི་ནི་སྒྲོ་བཏགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་ར་དྭ་ཏིའི་བུ་མཉམ་པ་ཉིད་ནི་རྣམ་པར་རྟོག་པ་མེད་ཅིང་གང་དག་འདི་ལྟར་རྣམ་པར་རྟོགས་པ་དེ་དག་ནི་མཉམ་པ་ཉིད་ལ་སྒྲོ་འདོགས་པ་ཡིན་ཏེ། མི་མཉམ་པར་སྒྲོ་འདོགས་པ་ཡིན་ལ། གང་དག་མཐོང་བ་མེད་པར་མཉམ་པ་ཉིད་མཐོང་པ་དེ་དག་ནི་མཉམ་པ་ཉིད་མཐོང་བ་ཡིན། སྒྲོ་འདོགས་པ་ལ་སྤྱོད་པ་ནི་མི་མཉམ་པར་མཐོང་བ་ཡིན་ཞིང་གང་དག་མཉམ་པ་ཉིད་ལ་སྒྲོ་མི་འདོགས་པ་དེ་དག་ནི་མཉམ་པ་ཉིད་མཐོང་བ་ཡིན་ལ། སྒྲོ་འདོགས་པ་ལ་སྤྱོད་པ་ནི་མཉམ་པ་ཉིད་མཐོང་བ་མ་ཡིན་པའི་ཕྱིར་རོ། །བསྟན་པ་འདི་བཤད་པ་ན་དགེ་སློང་ཉིས་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏེ། དགེ་སློང་དེ་དག་འདུལ་བ་ལ་དབང་མཛད་པའི་ཕྱིར་བཅོམ་ལྡན་འདས་ཅང་མི་གསུང་བར་དུས་ཡོལ་བར་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་བྱམས་པས་སྤྲོས་པ་མི་ཞུ་བར་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་

(༥༡༧)ཁོ་བོ་ནི་ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་པ་ནས། ཁོ་བོ་ནི་མི་གནས་པའི་བར་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་དོ། །འཇམ་དཔལ་ཁོ་བོ་ནི་དེ་བཞིན་གཤེགས་པ་ལ་ཅི་ནས་དེ་བཞིན་ཉིད་དང་མི་འགལ་བ་དེ་ལྟར་ཞུ་བར་བྱེད་དོ། །ཞེས་པ་ནས་འཇམ་དཔལ་ཁོ་བོ་ནི་ཅི་ནས་ཡི་གེ་རྣམས་ཀྱང་བརྗོད་ཚིག་གི་ལམ་ཡང་མི་སྤྱོད་ལ། ཤེས་རབ་ཀྱིས་ཀྱང་བྲེ་བྲག་ཕྱེད་པར་འགྱུར་བ་དང་ཤེས་པ་ཡང་གང་ཡང་མེད་ལ། འདི་ནི་རྣམ་པར་གྲོལ་བ་ཡང་གང་ཡང་མེད་པ་དེ་ལྟར་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་སྟོང་པ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་གང་དག་འདུས་པར་གྱུར་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ནི་དེ་ཁོ་ན་ལྟར་ལྡེམ་པོ་ངག་སྣྲེལ་བཞིར་འདུག་པའི་ཚིག་འདི་དག་ཀྱང་སྟོན་ལ་བརྗོད་པ་ཐམས་ཅད་ཀྱང་ཆོས་ཉིད་དང་མཐུན་པར་སྦྱོར་བ་ལས་ན་ཟབ་མོའི་ཤེས་རབ་དང་ལྡན་ནོ་སྙམ་མོ་ཞེས་པ་ཡན་གྱིས་གླེང་གཞི་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་བརྩེ་བས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་བརྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་འདི་དེ་ཙམ་དུ་ཟབ་མོའི་བཟོད་པ་ལ་ངེས་ཤིང་ཤེས་རབ་དང་། སྤོབས་པ་སྟོན་པ་ལ་མཁས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡུན་ཇི་སྲིད་གཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་

(༥༡༨)བསྐྱེད་པ་དེ། བཅོམ་ལྡན་འདས་སྐྱེའོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པའི་སླད་དུ་དེ་བཞིན་གཤེགས་པས་ལེགས་པར་བཀའ་སྩལ་དུ་གསོལ། དེ་ལྟར་བགྱིས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྣམས་ཀྱིས་གནས་དེ་དག་ཀྱང་འཐོབ་ལ། འཇུག་པ་དེ་ཡང་ཐོས་ནས་སླར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩོན་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། ཆོས་ཕུན་སུམ་ཚོགས་པ་ལས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་བརྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་སྤྱད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་སོ། །དགེ་བའི་རྩ་བ་བསྐྱེད་དོ། །ཟམ་མོའི་བཟོད་པ་དང་ལྡན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་དག་པར་ཞུགས་ཏེ། བསྐལ་པ་བརྒྱ་ཁྲི་བཞི་སྟོང་ལོན་ནས་དེའི་འོག་ཏུ་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས། ཀུན་དགའོ་།།།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས་ནི་གང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་དང་པོ་འཇུག་པ་འདི་ཐོས་ནས་སེམས་ཀྱི་རྒྱུད་བྱང་ཆུབ་ཏུ་གཞོལ་བ་དང་། བྱང་ཆུབ་ཏུ་མོས་པས་མོས་པར་བྱེད་དམ། འཛིན་

(༥༡༩)ཏམ། འཆང་ངམ་། ཀུན་ཆུབ་པར་བྱེད་དམ། བསྒོམ་འམ། གཞན་དག་ལ་རྒྱས་པར་ཡང་དག་པར་སྟོན་པར་བྱེད་པ་།།།འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་གསུངས་སོ། །མཐར་ཐུག་གི་དགོས་པ་ནི། མདོའི་དོན་རྟོགས་ནས་དེ་བཞིན་གཤེགས་པ་བྱམས་པ་ལྟར་མངོན་པར་རྫོགས་པར་འཚང་རྒྱའོ། །བསྡུས་པའི་དོན་ནི། བྱམས་པ་འདི་ཉིད་སྔོན་དེ་བཞིན་གཤེགས་པ་གསེར་བཟང་འོད་ཅེས་བྱ་བ་བྱུང་པའི་སྤྱན་སྔར་སྔོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གསེར་མདོག་ཅེས་བྱ་བར་གྱུར་པའི་ཚེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་དང་། དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཞེས་བྱ་བ་བྱུང་པའི་ཚེ་དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བར་གྱུར་ཏེ། བྱམས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འདི་ཉིད། བཅོམ་ལྡན་འདས་བྱམས་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་སོང་བ་ན་བྱང་ཆུབ་ཏུ་སེམས་བསྐྱེད་ཞེས་འབྱུང་ན། ཇི་ལྟར་ན་ཐུབ་པ་སྔོན་དུ་སངས་རྒྱས་ལ་བྱམས་པ་རྗེས་སུ་སངས་རྒྱས་ཞེ་ན། སློབ་པ་ལམ་གྱི་གནས་སྐབས་སུ་བྱམས་པ་བས། ཐུབ་པའི་དབང་པོ་འདི་ཉིད། སྤྱིར་བརྩོན་འགྲུས་དང་བློ་སྟོབས་ཆེ་ལ། ཁྱད་པར་དུ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་ཞིང་ཁམས་འདམ་པའི་དུས་ན། བྱམས་པས་སྙིགས་མ་སྔ་རྡོ་བའི་ཞིང་འདི་སྤངས་ཏེ། འདི་ཉིད་ཀྱི་རྗེས་སུ་སངས་རྒྱ་བར་སྨོན་ལམ་བཏབ་ཅིང་། ཐུབ་པའི་དབང་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན། སྙིགས་མའི་དུས་ཀྱི་ཞིང་འདི་འཛིན་པའི་སྨོན་ལམ་བཏབ་པའི་དབང་གིས་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་

(༥༢༠)མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱམས་པའི་རྣམ་ཐར་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇིག་རྟེན་གྱིས་རྗེས་སུ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས། འཁོར་དང་། ཞུ་བ་པོ་དང་། སྟོན་པ་དང་། ཞུ་པའི་ཚུལ་རྣམས་སྟོན་པ་ནི། ཐུབ་པའི་རྒྱལ་པོ་རི་ལ་བཞུགས། བྱང་ཆུབ་སེམས་དཔའ་ཆེན་པོ་དང་། ཉན་ཐོས་རྣམས་ཀྱིས་མདུན་གྱིས་བལྟས། དེ་ནས་མཁས་པ་འཇམ་དབྱངས་ཀྱིས། བཏུད་དེ་རྒྱལ་བ་འདི་སྐད་གསོལ། སླད་མའི་སྐྱེ་བོ་རྣམས་སླད་དུ། དཔའ་བོ་ཆེན་པོས་བཤད་དུ་གསོལ། སངས་རྒྱས་ཀུན་གྱི་ཡོན་ཏན་འབྱུང་། ཟབ་ཅིང་རྒྱ་ཆེ་ཕུན་སུམ་ཚོགས། མདོ་སྡེ་དམ་པ་བློ་རབ་ཀྱིས། སྨྲ་བའི་མཆོག་གིས་བཤད་དུ་གསོལ་ཞེས་པས་བསྟན་ཏོ། །དེའི་ལན་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། འཇིག་རྟེན་མགོན་པོའི་ཐུགས་སྐྱེས་སྲས། ཅེས་འཛིན་མཆོག་ལ་བཀའ་སྩལ་པ། བརྩེ་གཅིག་སེམས་སུ་ཡིད་བྱོས་ཤིག །ཉོན་གཅིག །ད་ནི་བཤད་པར་བྱ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་ནི། གང་དག་མདོ་སྡེ་འདི་འདྲ་འདི། ཕྱི་མའི་དུས་ན་ཐོས་འགྱུར་ཞིང་། ཐེ་ཚོམ་མེད་ལ་ཤེས་འགྱུར་བ། དེ་དག་སྔོན་གྱི་རྒྱལ་བ་མཐོང་ཞེས་པ་ལྟ་བུའི་ཕན་ཡོན་ཐོབ་པ་དང་། མཐར་ཐུག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །བསྡུས་པའི་དོན་ནི། སངས་རྒྱས་ཀྱི་མཛད་པ་ངེས་པའི་དོན་དུ་གནས་པ་དང་། དྲང་བའི་དོན་དུ་གནས་པ་གཉིས་ལས། བདེ་བར་གཤེགས་པ་རྣམས་ཀྱི་སྐུ། འཁྲིག་པ་ལས་ནི་བྱུང་མིན་ལ་ཞེས་སོགས་

(༥༢༡)ཞེ་བདུན་གྱིས་ནི་ངེས་པའི་དོན་གྱི་མཛད་པ་སྟོན་ལ། ཡབ་དང་ཡུམ་ཡང་སྟོན་མཛད་པ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན་ཞེས་སོགས་ཞེ་བདུན་གྱིས་དྲང་དོན་གྱི་མཛད་པ་བསྟན་ཏོ། །ཚིག་གྱི་དོན་ནི་གཞུང་ཇི་ལྟ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི་འགའ་ཞིག་གི་བསམ་པ་ལ། དྲང་དོན་ནི་དོན་མེད་པ་དང་། ངེས་དོན་ནི་དོན་ཡོད་པ་ཡིན་ནོ་སྙམ་དུ་སེམས་པ་དག་ནི་དེ་བཞིན་མ་ཡིན་ཏེ། དྲང་དོན་གྱི་དོན་ནི། གནས་སྐབས་སུ་ཉེ་བར་འཁོ་བའི་དོན་ཡོད་ལ། མཐར་ཐུག་གི་སྐབས་སུ་དོར་བར་བྱ་བ་མང་བ་ཡིན་ནོ། །བརྗོད་བྱ་མེད་པའི་དྲང་དོན་ནི་སྲིད་པ་ཙམ་མོ། །ངེས་དོན་གྱི་དོན་ནི་ཡོད་ལ། མཐར་ཐུག་གི་སྐབས་སུ་དོར་བར་མི་བྱ་བས་ཁྱབ་པ་ཡིན་ནོ། །སངས་རྒྱས་ཀྱི་སར་ཡང་དྲང་དོན་ཡོང་པ་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་དང་། སངས་རྒྱས་ཐབས་ལ་མཁས་པའི་སྟོབས་ཀྱིས་སྟོན་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ངེས་པའི་དོན་དང་དྲན་དོན་གྱི། སྟོན་པའི་རྣམ་ཐར་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།འདི་ཡང་ཕལ་ཆེན་དང་འཐུན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གནས་ན་ཆོས་ཀྱི་བས་མཐའ་དགོན་པ་ཀུན་ནས་འོད་ཀྱི་ཁང་པ་བསོད་ནམས་ཆེན་པོའི་རྒྱན་ཚོགས་བསགས་པ་ཞེས་པ་ནས། ལྷའི་མེ་ཏོག་ཡིད་དུ་འོང་བ་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མེ་ཏོག་

(༥༢༢)ཆེན་པོ་གཏོར་བ་ན་བཞུགས་ཏེ། ཆགས་པ་མེད་པར་བཀོད་པའི་སྙིང་པོའི་སེང་གེའི་ཁྲི་ལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་བློ་ཤིན་དུ་རྣམ་པར་དག་པ། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་ཤིན་དུ་གཞོལ་བ། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་པ་ནས། མ་ཆགས་པའི་ཡེ་ཤེས་མངའ་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་བྱ་དབྱེར་མེད་ཅིང་མི་གནས་པ། དུས་ཅིག་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་བཅོམ་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཆོས་གནས་པ་དང་། ཆོས་ནུབ་པ་སྟོན་པ་ལ་མཁས་པ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་རྣམ་པར་བརྩེ་ན། ལུས་ཀྱི་ཁ་དོག་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུངས་ཐོབ་པ། སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བ་སྟོན་པ་ལ་མཁས་པ། ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་སྦྱོང་བ་ཤ་སྟག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་གྲངས་མེད་

(༥༢༣)དཔག་ཏུ་མེད་པ་དག་དང་ཡང་ཐབས་གཅིག་གོ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དབུགས་འབྱིན་པ་སྙེད་པ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་པོ་ཡོངས་སུ་སྦྱོང་པར་འགྱུར་བ་དག་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། བདག་ནི་བསམ་པ་ལ་གནས་ཀྱིས། གཞན་དག་ཀྱང་བསམ་པ་ལ་འགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་པ་ནི་གང་དགེ་བའི་རྩ་བ་གཞན་བརྩམ་པའི་བྱེ་བྲག་ལ་དད་པ་མི་ཕྱེད་པའོ། །བདག་ནི་ལྷག་པའི་བསམ་པ་ལ་གནས་ཀྱིས་གཞན་དག་ཀྱང་ལྷག་པའི་བསམ་པ་ལ་འགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལྷག་པའི་བསམ་པ་ནི་གང་སངས་རྒྱས་ཀྱིས་ཆེ་བ་ཉིད་ཀྱི་ཁྱད་པར་དུ་འགྲོ་བའི་ཆོས་རྣམས་ལ་ལྷག་པར་དམིགས་པའོ། །བདག་ནི་དད་པ་ལ་གནས་ཀྱིས། གཞན་དག་ཀྱང་དད་པ་ལ་འགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དད་པ་ནི་ཤེས་རབ་ཀྱི་རྩ་བ་ལས་འབྱུང་བའི་ལས་ལ་གནས་པའོ། །བདག་ནི་མཆོག་ཏུ་དགའ་བ་ལ་གནས་ཀྱིས། གཞན་དག་

(༥༢༤)ཀྱང་མཆོག་ཏུ་དགའ་བ་ལ་འགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མཆོག་ཏུ་དགའ་བ་ནི་ལུས་དང་སེམས་རབ་ཏུ་སྦྱངས་པ་གང་ཡིན་པའོ། །བདག་ནི་བདུད་ཀྱི་ལས་དང་དབྱེར་མེད་པའི་སངས་རྒྱས་ཀྱི་ལས་ལ་གནས་ཀྱིས། གཞན་དག་ཀྱང་བདུད་ཀྱི་ལས་དང་དབྱེར་མེད་པའི་སངས་རྒྱས་ཀྱི་ལས་ལ་འགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདུད་ཀྱི་ལས་ནི་གང་ཕྱིན་ཅི་ལོག་ཀུན་ནས་ལྡང་བ་ལས་བྱུང་བའི་ལྟ་བ་དང་། ལྟ་བ་ཀུན་ནས་ལྡང་བ་ལས་བྱུང་བའི་བདུད་ཀྱི་ལས་འདི་སངས་རྒྱས་ཀྱི་ལས་དང་དབྱེར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདུད་ཀྱི་ལས་ཀྱི་རང་བཞིན་ལས་གཞན་མ་ཡིན་བའི་ཕྱིར་ཏེ། བདུད་ཀྱི་ལས་ཀྱི་རང་བཞིན་ལས་སངས་རྒྱས་ཀྱི་ལས་གཞན་མེད་པས་བདུད་ཀྱི་ལས་ཀྱི་རང་བཞིན་ཉིད་སངས་རྒྱས་ཀྱི་ལས་ཏེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་གཉིས་ཏེ། དགོས་པ་དང་ཉིད་དགོས་སོ། །དགོས་པ་ནི། མདོ་འདི་ཉིད་ཀྱི་ཞབས་ལས། གྲོང་ཁྱེར་ཆེན་པོ་དེ་ན་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཡོད་ན་དེའི་ལས་ནི་བསྐལ་པ་གྲངས་མེད་པར་མཚམས་མེད་པའི་གནས་སྐབས་སུ་སྐྱེ་བར་མི་འགྱུར། གྲོང་ཁྱེར་དེར་འཁྲུག་པར་མི་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ལས་རྒྱལ་པོས་འཁྲུགས་པར་འགྱུར་བའི་ལས་མི་འབྱུང་། ཆུས་འཁྲུགས་པར་འགྱུར་བའི་ལས་མི་འབྱུང་། ཚོམ་རྐུན་གྱིས་འཁྲུགས་པར་འགྱུར་བའི་ལས་མི་འབྱུང་། མུ་སྟེགས་འཁྲུགས་པར་འགྱུར་བའི་ལས་མི་འབྱུང་། མེས་འཁྲུགས་པར་འགྱུར་བའི་ལས་མི་འབྱུང་། ཀླ་ཀློས་འཁྲུགས་པར་འགྱུར་བའི་ལས་མི་འབྱུང་། ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའི་བསྐལ་པ་རྒྱ་མཚོ་གྲངས་མེད་

(༥༢༥)པར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེ་བར་འགྱུར་བ་ཡོད་ན་དེར་འཁྲུགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ལས་བསྐལ་པ་གྲངས་མེད་བརྗོད་དུ་མེད་པར་མཚམས་མེད་པར་སྐྱེ་བར་འགྱུར་བ་དང་། དེའི་ལས་བསྐལ་པ་བཅུ་དང་། ཉི་ཤུ་དང་། སུམ་བཅུར་ངན་སོང་མྱོང་བར་འགྱུར་བ་ཡང་ཚེ་འདི་ལ་མྱོང་སྟེ། འཁྲུགས་པས་བྱང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཆེན་བོའི་ཚོགས་བསགས་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བརྒྱར་དཔག་ཚད་བརྒྱ་པའི་རྫིང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་ལ་འདུག་སྲང་སྟོང་ཡང་མི་འདུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆུའི་ཕུང་པོ་ཆེན་པོས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་བཞིན་དུ་བསྐལ་པ་གྲངས་མེད་པར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་ནང་དུ་གནས་པར་འགྱུར་བའི་ལས་རབ་ཏུ་མང་བ་ཡང་རྣམ་པར་སྨིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པའི་ཕྱིར་རོ། །ཞེས་པས་བསྟན་ཏོ། །ཉིད་དགོས་ནི། མདོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ས་དང་པོའི་ཡོངས་སྦྱོངས་གི་ཆོས་ལྔ་ཚན་བདུན་བཅུ་ཐམ་པ་བསྟན་པ་དང་། འཇམ་དཔལ་གྱིས་ཀུན་དུ་བཟང་པོ་ལ། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྟོན་པ་ཐོགས་པ་མེད་པ་གང་ཡིན་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་མི་འཇིགས་པ་རྣམས་གང་ཡིན་ཞེས་པའི་བར་གྱིས་དྲི་བ་བཅོ་ལྔ་པོ་རྣམས་ཀྱི་ལན་ཀུན་དུ་བཟང་པོས་བསྟན་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གཅིག་གོ །གོ་རིམས་ནི། ས་དང་པོའི་ཡོངས་སྦྱོངས་ཀྱི་རྒྱུའི་ཐེག་ཆེན་བསྟན་ལ། འཇམ་དཔལ་

(༥༢༦)དང་། ཀུན་དུ་བཟང་པོའི་དྲིས་ལན་བཅོ་ལྔས་འབྲས་བུའི་ཐེག་ཆེན་སངས་རྒྱས་ཀྱི་སྤངས་རྟོགས་ཡོན་ཏན་བསྟན་པས་ན། རྒྱུ་འབྲས་དོན་གྱི་གོ་རིམས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སའི་ཡོངས་སྦྱོང་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་བཅུ་ལ་འདི་སྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། སྨན་གྱི་རྒྱལ་པོ་དང་། སྨན་གྱིས་ཡང་དག་འཕགས་དང་། མཆོད་རྟེན་མངོན་པར་བསྒྲགས་པའི་སྒྲ་སྐད་རྒྱལ་པོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་བཅུ་ཐམས་ཅད་ཀྱང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལ་གནས་པ། ཟབ་ཅིང་བརྟན་པའི་ཆུའི་རྒྱ་མཚོའི་དུས་རླབས་ཀྱི་ཏིང་ངེ་འཛིན་ཐོབ་པ། དབང་བསྐུར་བའི་གཟུངས་ཐོབ་པ། སངས་རྒྱས་ཀྱི་སྐུ་མདོག་མཐའ་ཡས་པ་ཡོངས་སུ་འགྲུབ་པའི་གཟུགས་ཐོབ་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་དང་ཞུ་བ་པོ་ནི། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། བཅོམ་ལྡན་འདས་གང་ཕྱག་རྒྱ་གང་གིས་བྱང་ཆུབ་

(༥༢༧)སེམས་དཔའ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལོག་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པའོ་ཞེས་གྱི་བར་བདག་གིས་འཚལ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པ་པོས་དཔེའི་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པའོ། །གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས། འཇམ་དཔལ་གང་ལ་ལ་ཞིག་གིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་ཐ་ན་ཆུ་རའི་ཆུ་ཙམ་བྱིན་ན། ཡང་ལས་དེས་དེ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དུ་མ་མྱོང་བར་འགྱུར་ན། བྱང་ཆུབ་སེམས་དཔའ་ཀློག་པ་དང་། ཁ་ཏོན་བྱེད་པ་ལ་མོས་པ་ལྟ་ཅི་སྨོས་ཞེས་པས་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤེས་ནས་རྫོགས་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་

(༥༢༨)ཏོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་དང་། གླང་པོ་ཆེའི་རྟས་འགྲོ་བ་ལྟ་བུ་དང་། ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་སྟེ། འཇམ་དཔལ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ཡིན་ནོ། །འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའ་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པའི་འགྲོ་བ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གསུམ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་འགྲོ་བ་པ་ཡིན་ནོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པའི་འགྲོ་བ་པ་བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་སླར་ལྡོག་པ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་དང་། གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་ཡིན་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་པ་ཡིན་ནོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་འདི་གསུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ་བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་གཞུང་ཇི་ལྟ་བ་

(༥༢༩)བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་གཞན་དཀོན་མཆོག་སྤྲིན་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ལན་གཅིག་ཐོས་པས་ཀྱང་། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་ལ། མདོ་འདི་ཉིད་དུ། རའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་གཉིས་བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུའི་མཚན་ཐོས་པས་ཕྱིར་མི་ལྡོག་པར་གསུངས་པའི་དོན་ནི། སངས་རྒྱས་ཀྱི་མཚན་ལན་གཅིག་ཐོས་པས། སངས་རྒྱས་ཀྱི་ས་བོན་གསར་དུ་བཞག་པ་དེ་ཉིད་ནམ་ཡང་ཟད་མི་སྲིད་པར་བསྟན་པ་ཡིན་ལ། འདིར་བྱང་ཆུབ་སེམས་དཔའ་ར་དང་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་གཉིས་བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་པར་བསྟན་པ་ནི་གནས་སྐབས་སུ་ཐེག་ཆེན་གྱི་ལམ་བར་མ་ཆད་དུ་ཉམས་སུ་ལེན་པ་ལས་ཉམས་ཏེ་ཉན་རང་གི་སར་ལྷུང་བ་ཡིན་གྱིས། སངས་རྒྱས་ཀྱི་ས་བོན་གསར་དུ་བཞག་པ་ལས་ཉམས་ཏེ་ཕྱིར་ལྡོག་པ་མ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སངས་རྒྱས་རྫུ་འཕྲུལ་ཇི་ལྟ་བར། འགྲོ་ཀུན་ཐེག་ཆེན་མྱུར་བགྲོད་ནས། རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཐེག་པ་ཆེན་པོ་སོ་སོ་ཐར་པ་སྟོན་པས་བཀའ་ཐ་མའི་འདུལ་བའི་སྡེ་སྣོད་དུ་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་

(༥༣༠)དགའ་ར་བ་ཞེས་པས་སོ། །འཁོར་ནི། དགེ་སློང་ལྔ་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་ཚུལ་ནི་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་མཐུས་བསྟན་ལས་ལངས་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་བྱུང་པ་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དགེ་སློང་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ལགས་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སོ་སོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོས་པ་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་པ་འཕགས་པའི་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ་དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་པ་ཡིན་ནོ། །ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ངེས་པའི་དོན་གྱི་རབ་བྱུང་དང་དགེ་སློང་ཐོབ་པ་ལ་བརྟེན་ནས་ངེས་པའི་དོན་གྱི་མྱ་ངན་ལས་འདས་པ་ཐོབ་པའོ། །བསྡུས་པའི་དོན་ནི། དོན་དམ་པའི་རབ་བྱུང་དང་དོན་དམ་པའི་དགེ་སློང་བསྟན་པའོ། །ཚིག་གི་

(༥༣༡)དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། དོན་དམ་པའི་རབ་བྱུང་དང་། དོན་དམ་པའི་དགེ་སློང་སྲིད་ན། བདེན་དངོས་སྲིད་པར་འགྱུར་རོ་ཞེ་ན། འོ་ན་དོན་དམ་པའི་སེམས་བསྐྱེད་དང་། དོན་དམ་པའི་བྱང་ཆུབ་སེམས་དཔའ་དང་། དོན་དམ་པའི་མྱང་འདས་དང་། དོན་དམ་པའི་སྐུ་རྣམས་སྲིད་པའི་ཕྱིར་ན་བདེན་དངོས་སྲིད་པར་མཚུངས་སོ། །དེ་ནས་དོན་དམ་པའི་རབ་བྱུང་དང་། དོན་དམ་པའི་དགེ་སློང་སྲིད་ན། བདེན་དངོས་མི་སྲིད་པས་ཁྱབ་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། དོན་དམ་སློང་ཐོབ་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་མར་མེ་འབུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་སོ། །འཁོར་ནི་རྗེས་སུ་ཡི་རང་བའི་སྐབས་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་ཞེས་པས་བསྟན་ཏོ། །སྟོན་པ་དང་ཞུ་བ་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། ཤཱ་རིའི་བུ་དཔག་ཏུ་མེད་པ་བཞི་པོ་འདི་དག་ནི་ལེགས་པར་ཡོངས་སུ་སྦྱངས་པའི་ཆོས་རྣམས་དང་ལྡན་པ། རྣམ་པར་སྨིན་པ་དཔག་ཏུ་མེད་པ། སྣང་བ་དཔག་ཏུ་མེད་པ། བསོད་ནམས་ལ་ཡང་དག་པར་གཞོལ་བ་

(༥༣༢)དཔག་ཏུ་མེད་པ། གཟུགས་དཔག་ཏུ་མེད་པ། བདེ་བ་ལ་ཡང་དག་པར་གཞོལ་བ་དཔག་ཏུ་མེད་པ་དག་སྟེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། སངས་རྒྱས་དོན་གཉེར་གྱི་བསམ་པས་སངས་རྒྱས་དང་། སངས་རྒྱས་ཀྱི་མཆོད་རྟེན་སྐུ་གཟུགས་གླེགས་བམ་སོགས་ལ་མར་མེ་ཕུལ་བས་མཚོན་ནས་མཆོད་པ་ཅི་འབྱོར་བ་ཕུལ་ན་གནས་སྐབས་སུ་བསོད་ནམས་དཔག་ཏུ་མེད་པ་འཕེལ་ཞིང་མཐར་ཐུག་ཏུ་སངས་རྒྱ་བའོ། །བསྡུས་པའི་དོན་ནི། སངས་རྒྱས་དོན་གཉེར་གྱི་བསམ་པས་སངས་རྒྱས་ལ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་པར་བསམས་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་མར་མེས་མཚོན་ཏེ་མཆོད་པ་ཕུལ་ན། བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པས་འགྲོ་བ་ཀུན། སངས་རྒྱས་དོན་གཉེར་བསམ་པ་ཡིས། མཆོད་པའི་ལས་ལ་བརྩོན་བྱས་ཏེ། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་གྲོང་ཁྱེར་གྱིས་མཚོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་དང་། བློན་པོ་དང་། བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། ཞེས་པ་ནས། པད་མ་ཆུས་མ་གོས་པ་བཞིན་དུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་

(༥༣༣)ཕུན་སུམ་ཚོགས་པ་ནི། དེ་ནས་དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་སྟོན་ཟླ་ཐ་ཆུང་ཟླ་བ་ཉ་བ་ཚེས་བཅོ་ལྔ་ལ། འབྲུ་མར་གྱིས་ཟངས་པོ་ཆེ་སྟོང་བཀང་སྟེ་དངར་ནས་མེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར་བྱས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པས་ཀུན་ནས་བསླངས་པའི་མཆོད་པ་ནི། ཅུང་ཟད་ཙམ་ཡིན་ཀྱང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་དགེ་རྩ་ཆེན་པོ་ལས་ཁྱད་པར་དུ་འཕགས་པར་རྟོགས་ཏེ་ཉམས་སུ་བླངས་པས་སངས་རྒྱས་འཐོབ་པའོ། །བསྡུས་པའི་དོན་ནི། གྲོང་ཁྱེར་གྱི་འཚོ་བ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མར་མེ་ཅུང་ཟད་གཅིག་གིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་མཆོད་པ་རྒྱ་ཆེན་པོ་ཟིལ་གྱིས་མནན་པ་གླེང་གཞིར་བྱས་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་ཀུན་ནས་བླངས་པའི་དགེ་བའི་བྱ་བ་ཆུང་ངུ་ཡང་དགེ་རྩ་ཆེན་པོར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དགེ་བས་འགྲོ་བ་མ་ལུས་པ། སེམས་བསྐྱེད་མཆོད་པ་ཆུང་ངུ་ཡང་། དགེ་རྩ་ཆེན་པོར་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟས་ཀྱི་འཚོ་བ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་འོད་མའི་ཚལ་ན་ཞེས་པས་བསྟན་ཏོ། །འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། གཞན་ཡང་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། ལྷ་ཀླུ་སྡེ་བརྒྱད་དང་། བྱང་ཆུབ་སེམས་དཔའ་མང་པོ་དང་།

(༥༣༤""ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་མཽ་འགལ་གྱི་བུ་ཆེན་པོ་འདུག་པ་ལས་ལངས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། བཅོམ་ལྡན་འདས་བདག་སྔོན་གྲོང་ཁྱེར་དུ་བསོད་སྙོམས་ལ་མཆིས་པའི་བཤུལ་ལོགས་སུ་མི་གྲངས་སྟོང་སྙེད་མཆིས་ཏེ། དེ་དག་གི་མགོ་བོ་ནི་དེ་བཞིན་དུ་ཆེ། ཁོག་པ་ནི་རི་རབ་ལྷུན་པོ་ཙམ་འདྲ། མགྲིན་པ་ནི་ཁབ་བཞིན་དུ་ཕྲ། ཕན་ཚུན་བསྐྱོད་ཅིང་མཆི་བ་ན་ཤིང་རྟ་ལྔ་བརྒྱ་ཤིན་དུ་འཁྲོལ་བའི་སྒྲ་བྱུང་སྟེ། དེ་ཡང་མི་ཟད་པའི་གཞོབ་ཀྱི་དུད་པ་ཀུན་ནས་འཐུལ་ལོ། །དེ་ཅིའི་དངོས་ལགས་པ་དང་། ཅི་ལས་གྱུར་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། ཞེས་པས་བསྟན་ཏོ། །དེའི་ལན་གྱི་ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽ་འགལ་གྱི་བུ་དེ་དག་ནི་འདྲེ་བཀྲེན་ལྟོགས་པ་ཡིན་ཏེ། སྔོན་འདས་པའི་དུས་ན་མཆོད་རྟེན་བཤིག་པ་དང་། མཆོད་རྟེན་སྦྱར་བ་བཤིག་པས་དེ་ལྟ་བུའི་སྡིག་པ་རྣམ་པར་སྨིན་པ་ཡིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། མ་དག་པའི་འཚོ་བ་སྤངས་ནས། ཡང་དག་པའི་འཚོ་བ་རྟེན་པ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རབ་བྱུང་རྣམས་ཀྱིས་ཟ་གཅིག་པར་བྱས་པའི་ཕན་ཡོན་དང་། མ་བྱས་པའི་ཉེས་དམིགས་དང་། དགེ་འདུན་གྱི་འཚོ་བ་འབགས་པའི་ཉེས་དམིགས་དང་། གཙང་སྦྲ་སོགས་བྱས་པའི་ཕན་ཡོན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་ཀུན་ལོག་འཚོ་ཀུན་སྤངས་ཏེ། གཙང་སྦྲའི་སྤྱོད་ལ་གནས་པ་ཡིས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་

(༥༣༥)ལ་ཕྱག་འཚལ་ལོ། །གླང་པོའི་སྩལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་མངོན་པར་གྲགས་པ་གཟུངས་ཐོབ་པ་ཞེས་པ་ནས་དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་ཁྲི་རྣམས་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཕྱི་དྲོའི་དུས་ན་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་ཞེས་པས་བསྟན་ཏོ། །སྟོན་པ་ནི། ཡང་དེའི་ཚེ་བཅོམ་ལྡན་འདས་ཤིང་གཞན་ཞིག་གི་དྲུང་ན་རབ་ཏུ་ཞི་བ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཆོས་ཞུ་བའི་རྟོག་པ་སྐྱེས་པའི་ཚུལ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་སྤྱོད་ལམ་རབ་ཏུ་ཞི་བ་མཐོང་བ་དང་མྱུར་དུ་རྩ་བསྡུས་ནས་ཕྱོགས་གཅིག་ཏུ་དཀྱིལ་མོ་དཀྲུང་བཅས་ལུས་བསྲང་སྟེ་དྲན་པ་མངོན་དུ་བྱས་ནས་འདུག་གོ་ཞེས་པ་ནས་སེམས་ཅན་གང་དག་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པར་རབ་ཏུ་ཤེས་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ་སྙམ་དུ་སེམས་ལ་སེམས་ཀྱི་རྟོག་པ་དེ་ལྟ་བུ་སྐྱེས་སོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་previous hit ་ནི། དེ་ནས་བཅོམ་ལྡན་འདས་དགོངས next hit་ཤིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མགུར་གསལ་བའི་སྒྲ་བྱུང་ངོ་། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པ་གཉིས་ལས། གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་

(༥༣༦)ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཆོས་ཀྱི་རྣམ་གྲངས་འདི་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་གྱིས། ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ཤིག །ཀུན་དགའ་བོ་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ་དག་གླང་པོའི་རྩལ་དང་། གླང་པོ་ཆེན་པོའི་རྩལ་གྱིས་གནོན་པར་འགྱུར། ཀུན་དགའ་བོ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ་དག་སེང་གེའི་འགྲོས་དང་། ཁྱུ་མཆོག་གི་འགྲོས་སུ་འགྲོ་བར་འགྱུར་རོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་དང་། བྱང་ཆུབ་སེམས་དཔའ་འབྱུང་བར་བྱེད་པར་འགྱུར་རོ། །ང་འདས་པའི་ཕྱི་ནས་བྱང་ཆུབ་སེམས་དཔའི་ལག་ཏུ་འོང་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་གླེགས་བམ་དུ་འོང་བ་དང་། བྱང་ཆུབ་སེམས་དཔའི་སྒྲོམ་དུ་འོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གདོལ་པ་རྣམས་ཀྱི་ལག་ཏུ་འོང་པར་མི་འགྱུར། གླེགས་བམ་དུ་འོང་པ་དང་། སྒྲོམ་དུ་འོང་བའི་མི་འགྱུར་རོ་ཞེས་གསུངས་སོ། །མཐར་ཐུག་གི་དགོས་པ་ནི་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་སྣང་བ་དང་། བདེན་མེད་ཟུང་དུ་འཇུག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྲ་རྟོག་གིས་བརྟགས་པ་ལས་འདས་པ་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཟབ་མོ་སྟོང་ཉིད་དོན་རྟོགས་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སེང་གེའི་སྒྲ་སྒྲགས་པ་

(༥༣༧)ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཆོས་མངོན་པ་དང་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཉི་ཟླའི་གནས་རྣམ་པར་རྒྱལ་བྱེད་ཀྱི་ཁང་བཟང་ཀྱི་ནང་ན་ཞེས་པས་སོ། འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་། དགྲ་བཅོམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་དང་ཞུ་བ་པོ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། རྣམ་པར་རྒྱལ་བའི་ཕུང་པོ་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་ན་གང་གའི་ཀླུང་དྲུག་བཅུའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་བརྡུལ་ཕྲ་རབ་རྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་འཕགས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། མཆོད་པ་བྱ་བའི་ཕྱིར་སོང་ཤིག་ཅེས་པ་ནས་མདོ་སྡེ་འདི་སེམས་ཅན་གང་གི་རྣ་བར་ཐོས་པར་འགྱུར་པ་དེ་ནི་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ལགས་སོ་ཞེས་པ་ནས། དེ་དག་གིས་ང་ཡི་བྱང་ཆུབ་ཕྲག་པ་ལ་ཁྱེར་བ་ཡིན་ནོ། །གང་སྙིགས་མ་ལྔ་དག་ལ་བབ་པའི་ཚེ། མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་དག་ནི་ངས་ཡོངས་སུ་སྨིན་པར་བྱས་པ་ཡིན་ཏེ། ཚེ་རབས་བཞན་དུ་ཡང་མི་ཕབ་པས་ཡོངས་སུ་འཛིན་པར་འགྱུར་དེའི་སྐྱེ་བའི་རྒྱ་མཚོ་སྐམས་པ་ཡིན་ནོ། །བདུད་ཕམ་པར་བྱས་པ་ཡིན་ནོ། །ཉོན་མོངས་པ་རྣམས་བསལ་བ་ཡིན་ནོ། །ཆོས་ཀྱི་རྔ་ཤིན་དུ་བརྡུངས་པ་ཡིན་ནོ། །སྲིད་པ་གསུམ་རྣམ་པར་བཟློག་པ་ཡིན་ནོ། །ཕྱིར་རྒོལ་བ་རྣམས་ལ་ངེས་པར་རྒྱལ་བ་ཡིན་

(༥༣༨)ནོ། །ཉོན་མོངས་པའི་ཚོགས་བཅོམ་པ་ཡིན་ནོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཕྲག་བཅུའི་རྡུལ་ཕྲ་རབས་ཀྱི་རྡུལ་བསྙེད་ཀྱི་བསྐལ་པར་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བསྐུར་བྱེད་ཀྱང་། དེ་བཞིན་གཤེགས་པའི་སྔོན་གྱི་རྣམ་པར་འཕྲུལ་པ་འདི་ཐོས་ནས་དད་པར་མི་བྱེད་ན་དེ་ཉེས་པ་ཆེ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་བཀས་རིགས་ཀྱི་བུ་དེ་དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱེད་པ་དང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་དེ་བཞིན་གཤེགས་པས་ཡང་དག་པར་བསྟན་པ་འདི་ཐོས་ནས་དད་ཅིང་སེམས་རབ་ཏུ་དང་བས་ལེགས་སོ་ཞེས་བྱ་བ་འབུལ་ན། གང་དེ་བཞིན་གཤེགས་པ་ལ་མཆོད་ཅིང་བསྙེན་བཀུར་བྱས་པ་དེ་བས་འདི་བསོད་ནམས་ཆེས་ལྷག་པར་བརྒྱ་ཕྲག་སྟོང་སོགས་པར་འགྱུར་རོ་ཞེས་པས་གནས་སྐབས་ཀྱི་ཕན་ཡོན་བསྟན་ཏོ། །མཐར་ཐུག་གི་ཕན་ཡོན་ནི་མདོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཆོས་ཐམས་ཅད་སྨྲ་བསམ་བརྗོད་བྲལ་དུ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དགེ་བས་སེམས་ཅན་ཐམས་ཅད་ཀྱིས། ཆོས་ཀུན་སྨྲ་བསམ་བརྗོད་མེད་དུ། རྟོགས་ནས་རྣམ་རྟོག་དང་བྲལ་ཏེ། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ས་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་སྟོན་པ་དང་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་

(༥༣༩)སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ཕྱོགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕན་ཚུན་ཡང་དག་པར་དགའ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་འདུས་ཏེ་གཉིས་ཀ་རྡོ་ལེབ་ལ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་། ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་། དེ་སྐད་ཅེས་སྨྲས་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཙུན་པ་ཤ་རིའི་བུ་འདི་ལ་བཅོམ་ལྡན་འདས་ཆོས་ཀྱི་བདག་པོ་ཐམས་ཅད་མཁྱེན་པས་དགེ་སློང་དག་སུས་།།།རྟེན་ཅིང་འབྲེལ་པར་འབྱུང་པ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་པ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་པ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་བྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེས་པས་ཏེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱི་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་

(༥༤༠)རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་པར་འགྱུར་རོ། །དེ་ལ་མ་རིག་པ་འགགས་པའི་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགག་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་རྟེན་ཅིང་འབྲེལ་པར་འབྱུང་པ་ཞེས་གསུངས་སོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་།།།པའི་དོན་ནི། རྟེན་ཅིང་འབྲེལ་པར་འབྱུང་པའི་དོན་རྟོགས་ཏེ། འཇིག་རྟེན་ན་དགེ་སྦྱོང་ངམ་། བྲམ་ཟེ་དག་གི་ལྟ་བྲ་སོང་བ་ཐ་དད་པ་གང་དག་ཡོད་པ་འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པ་འམ། སེམས་ཅན་དུ་སྨྲ་བ་དང་ལྡན་པ་འམ། སྲོག་ཏུ་སྨྲ་བ་དང་ལྡན་པ་འམ། གང་ཟག་ཏུ་སྨྲ་བ་དང་ལྡན་པ་འམ། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར་གཡོ་བ་དང་བྲལ་གཡོ་བ་དེ་དག་དེའི་ཚེ་ན་དེས་སྤངས་པར་འགྱུར་ཏེ། ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཏ་ལའི་མགོ་བཞིན་མི་སྣང་པའི་རང་

(༥༤༡)བཞིན་དུ་ཕྱིས་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ། །བཙུན་པ་ཤཱ་རིའི་བུ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་པ་འདི་ཡང་དག་པར་ཁོང་དུ་ཆུད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྐྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། གང་རྟེན་ཅིང་འབྲེལ་པར་འབྱུང་པ་མཐོང་བ་དེས་ཆོས་མཐོང་། གང་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་པའི་དོན། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ནི་ཞེས་པའི་དོན་ནི། ཡོད་མེད་སོགས་ཀྱི་མཐའ་དང་བྲལ་བའི་རྟེན་འབྱུང་མཐོང་བ་སྟེ། དེ་མཐོང་ན། འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པའི་ཟག་པ་མེད་པའི་ཆོས་རྒྱུད་ལ་སྐྱེ་བས་ན་ཆོས་མཐོང་བ་ཡིན་ནོ། །གང་ཆོས་མཐོང་བས་ནི་སངས་རྒྱས་མཐོང་ཞེས་པའི་དོན། ཟག་པ་མེད་པའི་ལམ་རྒྱུད་ལ་སྐྱེས་པ་ལ་རྟེན་ནས། ཆོས་ཀྱི་སྐུ་ཐོབ་པས་ན་སངས་རྒྱས་མཐོང་ཞེས་པའི་དོན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། འཕགས་པ་སློབ་པ་རྣམས་ཀྱིས་མཉམ་བཞག་ཏུ་ཆོས་ཉིད་ཁོ་ན་མཐོང་ལ། ཆོས་ཅན་མི་མཐོང་ཞིང་། རྗེས་ཐོབ་ཏུ་ཆོས་ཅན་ཁོ་ན་མཐོང་བ་ཡིན་གྱི་ཆོས་ཉིད་མི་མཐོང་། ཆོས་ཅན་དང་ཆོས་ཉིད་ལྷན་ཅིག་མཐོང་བ་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན་ནོ་ཞེས་སྨྲ་ཞིང་། མཉམ་

(༥༤༢)བཞག་ཏུ་ཆོས་ཅན་མི་མཐོང་བའི་ཤེས་བྱེད་དུ། དཔལ་ལྡན་ཨ་ཏི་ཤས། མ་མཐོང་བས་ནི་དེ་མཐོང་བར། ཤིན་དུ་ཟབ་པའི་མདོ་ལས་གསུངས། དེ་ལ་མཐོང་བྱ་མཐོང་བྱེད་མེད་ཞེས་གསུངས་པའི་ཕྱིར་རོ། །ཞེས་སྨྲ་བ་མང་ནའང་དེ་ལྟ་བུ་ནི་previous hit དགོངས next hit་མ་ཡིན་ཏེ། འཕགས་པ་སློབ་མའི་མཉམ་བཞག་ཡིན་ན། བདེན་པ་མཐོང་བའི་མཉམ་བཞག་ཡིན་པས་ཁྱབ་ལ། བདེན་པ་མཐོང་བའི་མཉམ་བཞག་ཡིན་ན། རྟེན་འབྲེལ་མཐོང་བའི་མཉམ་བཞག་ཡིན་པས་ཁྱབ་པའི་ཕྱིར་དང་། དེས་ན་རྟེན་འབྲེལ་མ་མཐོང་ན་ཆོས་ཉིད་མ་མཐོང་བས་ཁྱབ་ཅིང་ཆོས་ཉིད་མཐོང་བའི་མངོན་སུམ་སྣང་སྟོང་ཟུང་འཇུག་མཐོང་བ་ཡིན་ནོ། །དཔེར་ན་སངས་རྒྱས་ཀྱི་ཡེ་ཤེས་བཞིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་དང་། འཕགས་པ་སློབ་པའི་མཉམ་བཞག་གཉིས་སྣང་སྟོང་ཟུང་འཇུག་གི་མཐོང་བ་རྒྱ་ཆེ་ཆུང་མ་གཏོགས་མཐོང་ཚུལ་རིགས་མཐུན་པ་ཡིན་ནོ། །འཕགས་པ་སློབ་པའི་མཉམ་བཞག་གི་སྣང་སྟོང་ཐ་དད་དུ་འཛིན་པའི་ཤེས་སྒྲིབ་མ་སྤངས་པའི་ཕྱིར། སྣང་སྟོང་ལྷན་ཅིག་ཏུ་མཐོང་བ་མེད་དོ་ཞེ་ན། འཕགས་པ་སློབ་པའི་མཉམ་བཞག་གིས་བདག་མེད་གསུམ་ལྷན་ཅིག་ཏུ་མཐོང་བ་དང་། སྟོང་ཉིད་ཉི་ཤུ་ལྷན་ཅིག་ཏུ་མཐོང་བ་མི་སྲིད་པར་འགྱུར་ཏེ་དེ་དག་ཐ་དད་དུ་འཛིན་པའི་ཤེས་སྒྲིབ་མ་སྤངས་པའི་ཕྱིར་རོ། །ཡང་འཕགས་པ་སློབ་པའི་རྗེས་ཐོབ་ཀྱིས་ཀྱང་ཀ་བུམ་སོགས་ལྷན་ཅིག་ཏུ་རྟོགས་པ་མི་སྲིད་སྲིད་པར་འགྱུར་ཏེ། ཀ་བུམ་སོགས་ཐ་དད་དུ་འཛིན་པའི་ཤེས་སྒྲིབ་མ་སྤངས་པའི་ཕྱིར་རོ་ཞེས་པ་བསྐལ་པའི་བར་དུ་ཡང་མཚུངས་སོ། །དེས་ན་འཕགས་པ་སློབ་པའི་མཉམ་བཞག་གིས་སྟོང་ཉིད་རྟོགས་པ་ན་ལས་འབྲས་ཞིབ་མོ་ལ་ངེས་པ་འདྲེན་ཅིང་ལས་འབྲས་ཞིབ་མོ་རྟོགས་པ་ན། ཟབ་མོ་སྟོང་པ་ཉིད་ལ་ངེས་པ་འདྲེན་པ་གཅིག་ཁས་བླང་དགོས་པ་ཡིན་ནོ། །མདོར་ན། བྱང་སེམས་མཐོང་ལམ་པས། ཆོས་ཉིད་ལ་བརྩེ་གཅིག་ཏུ་

(༥༤༣)མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་བདེན་བཞི་མཐོང་བ་ཡིན་ཏེ། ཁྱོད་བདེན་བཞིའི་ཆོས་ཉིད་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཡེ་ཤེས་གང་ཞིག་མི་རྟག་སོགས་བཅུ་དྲུག་ལ་ངེས་པ་དོན་མཐུན་འདྲེན་ནུས་པ་ཡིན་པའི་ཕྱིར་ཞེས་པའི་རིགས་པས་གྲུབ་བོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཐོས་བསམ་བསྒོམ་པ་གང་དུ་ཡང་། སྣང་སྟོང་འགག་མེད་རྟོགས་གྱུར་ནས། ཟུང་འཇུག་གོ་འཕང་ཐོབ་པར་ཤོག །འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་པ་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ། ཡེ་དྷརྨའི་གཟུངས་ཡོད་པ་འདི་སྔ་རབས་པས་བྱ་རྒྱུད་དུ་འཆད་པ་ལྟར་ལེགས་པར་མངོན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སོར་མོའི་ཕྲེང་པ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་ཤ་སྟག་མང་པོ་དང་འཁོར་བཞི་དང་ཞེས་པ་ནས་བདུད་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་ཆོས་ངེས་པར་སྒྲོལ་བ་ཤིན་དུ་རྒྱས་པ་ཆེན་པོའི་མདོ་སྡེ་ཆེན་པོ་མཚན་ཆ་ཐོགས་པ་ཞེས་བྱ་བ་སྟོན་ཏེ་ཞེས་པ་ནས་གང་གི་ཚེ་མདོ་སྡེ་ཆེན་པོ་མཚོན་ཆ་ཐོགས་པ་མཐར་ཕྱིན་པར་གྱུར་བ་དེའི་ཚེ་དེའི་དུས་ན་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་སོར་ཕྲེང་ཅན་བྱུང་པའི་ཚུལ་ནི། མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ནས་བྱང་ཕྱོགས་ལོགས་སུ་རྒྱང་མི་རིང་བ་ཞིག་ན། བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ཞེས་བྱ་བ། རི་སྟིང་ཞེས་བྱ་བའི་གྲོང་ཁྱེར་ནས་སྐྱེས་པ། ཤིན་དུ་དབུལ་པོ་བྲམ་ཟེ་མོ་

(༥༤༤)བཟང་མོ་ཞེས་བྱ་བའི་བུ་ཕས་བོར་བ་ལོ་བཅུ་གཉིས་ལོན་པ། གཟུགས་དང་། མདོག་དང་། སྟོབས་དང་། ཁོང་དཔའ་བ་ཕུན་སུམ་ཚོགས་པ། ཤིན་དུ་བལྟ་ན་སྡུག་པ། ཚིག་འཇམ་པ་ཞིག་ཡོད་དེ་ཞེས་པ་ནས། དགེ་སྦྱོང་བརྟུལ་ཞུགས་ཁྲིམས་འཛིན་ན། ཤོ་གམ་གནས་ལས་མ་འདའ་ཤིག །བདག་ནི་སོར་མོའི་ཕྲེང་བ་ཏེ། སོར་མོའི་ཤོ་གམ་བདག་རྩོལ་ཅིག་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་བཞིན་དུ་གོམ་པ་བདུན་གཤེགས་ཏེ། སེང་གེའི་ལྟ་བས་ཀུན་དུ་གཟིགས་ནས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། ཡང་དག་ཉིད་ཀྱི་མཐའ་ལ་ང་གནས་ཏེ། དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ཤོ་གམ་སྦྱིན་གྱིས་ཆོས་ཁུ་ཞིམ་པོ་འཐུང་། འདུག་ཤིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཤིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀྱི་ཁྱད་པར་དང་། རང་སྟོང་གཞན་སྟོང་གི་ཁྱད་པར་དང་། བདེ་བར་གཤེགས་པའི་སྙིང་པོ་བསྟན་པའི་དགོས་པ་རྟོགས་ནས་ཐེག་པ་ཆེན་པོ་ཞུགས་ཏེ་བླ་ན་མེད་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ཐེག་པ་ཆེ་ཆུང་གི་བར་ཁྱད་ཤེས་པའི་ཕྱིར་དུ་བཅོམ་ལྡན་འདས་ཀྱིས་གཞན་སྟོང་དང་། སོར་ཕྲེང་གིས་བདེ་བར་གཤེགས་པའི་སྙིང་པོ་དང་། འཇམ་དཔལ་དབྱངས་སོགས་ཀྱིས་རང་སྟོང་གི་རྣམ་གཞག་བསྟན་པ་སྟེ། དེ་བཞིན་གཤེགས་པས་གཞན་སྟོང་བསྟན་པ་མིང་གི་རྣམ་གྲངས་ནི། མདོ་འདི་ཉིད་ལས། ཡང་དག་པ་ཉིད་ཀྱི་མཐའ་

(༥༤༥)དང་། མ་བྱས་པའི་མཐའ་དང་། ཞི་བའི་མཐའ་དང་། མ་སྐྱེས་པའི་མཐའ་དང་། འདུས་མ་བྱས་པའི་མཐའ་དང་། ནད་མེད་པའི་མཐའ་དང་། འཆི་བ་མེད་པའི་མཐའ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་མཐའ་དང་། ཟག་པ་མེད་པའི་མཐའ་དང་། གནོད་པ་མེད་པའི་མཐའ་དང་། བདེན་པའི་མཐའ་དང་། ཆོས་ཀྱི་མཐའ་དང་། ཤེས་པའི་མཐའ་དང་། བདེན་པའི་མཐའ་དང་། མྱ་ངན་མེད་པའི་མཐའ་དང་། མྱ་ངན་དང་བྲལ་བའི་མཐའ་དང་། རྟུལ་མེད་པའི་མཐའ་དང་། རྟུལ་དང་བྲལ་བའི་མཐའ་དང་། ཤག་ཤིག་མེད་པའི་མཐའ་དང་། ཡམས་ཀྱི་ནད་མེད་པའི་མཐའ་དང་། གཙེ་བ་མེད་པའི་མཐའ་དང་། ཅི་ཡང་མེད་པའི་མཐའ་དང་། དཔག་ཏུ་མེད་པའི་མཐའ་དང་། ཚད་མེད་པའི་མཐའ་དང་། གཙོ་བོའི་མཆོག་གི་མཐའ་དང་། རབ་ཀྱི་མཐའ་དང་། དམ་པའི་ཆོས་ཀྱི་མཐའ་དང་། བླ་ན་མེད་པའི་མཐའ་དང་། ཐེར་ཟུག་པའི་མཐའ་དང་། གཞོམ་དུ་མེད་པའི་མཐའ་དང་། འཇིགས་མེད་ཆོས་ཀྱི་མཐའ་དང་། མཐའ་ཡས་ཆོས་ཀྱི་མཐའ་དང་། བསྟན་མེད་ཆོས་ཀྱི་མཐའ་དང་། ཟབ་མོའི་ཆོས་ཀྱི་མཐའ་དང་། ཕྲ་བའི་ཆོས་ཀྱི་མཐའ་དང་། མཁས་པའི་ཆོས་ཀྱི་མཐའ་དང་། མཐོང་བར་དཀའ་བའི་མཐའ་དང་། ཀུན་གཞི་མེད་པའི་མཐའ་དང་། ཐ་བ་མེད་པའི་མཐའ་དང་། ཉོན་མོངས་པ་མེད་པའི་མཐའ་དང་། དག་པའི་མཐའ་དང་། རྣམ་པར་གྲོལ་བའི་མཐའ་དང་། ཞི་བའི་མཐའ་དང་། ཚུལ་ཁྲིམས་ཀྱི་མཐའ་དང་། ཉེ་བར་ཞི་བའི་མཐའ་དང་། ཉེ་བར་ཆད་པའི་མཐའ་དང་། གྱ་ནོམ་གྱི་མཐའ་དང་། སྤྲོས་པ་མེད་པའི་མཐའ་དང་། གནས་མེད་པའི་མཐའ་དང་། ང་རྒྱལ་འདུལ་བའི་མཐའ་དང་། སྒྱུ་མ་འདུལ་བའི་མཐའ་དང་། མ་རིག་པ་འདུལ་བའི་མཐའ་དང་། རྣམ་པར་བཏང་པའི་མཐའ་དང་། ངེས་པར་སྤངས་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱི་མཐའ་དང་། སྐྱེ་མཆེད་མེད་པའི་མཐའ་དང་། དགེ་བའི་མཐའ་དང་། འཇིག་རྟེན་འདས་པའི་མཐའ་དང་། མི་གཡོ་བའི་མཐའ་དང་། གནས་ཀྱི་མཐའ་དང་། ཁང་པའི་མཐའ་

(༥༤༦)མཐའ་དང་། འགྱོད་པ་མེད་པའི་མཐའ་དང་། རབ་ཏུ་སྦྱངས་པའི་མཐའ་དང་། མཐའ་གཏུགས་པའི་མཐའ་དང་། ཁྲོ་བ་སྤངས་པའི་མཐའ་དང་། གླེན་པ་སྤངས་པའི་མཐའ་དང་། ངེས་པར་སྤངས་པའི་མཐའ་དང་། འདོད་པ་སྤངས་པའི་མཐའ་དང་། ཉོན་མོངས་སྤངས་པའི་མཐའ་དང་། ཕུང་པོ་སྤངས་པའི་མཐའ་དང་། ཁྲོ་བ་ཟད་པའི་མཐའ་དང་། གླེན་པ་ཟད་པའི་མཐའ་དང་། འདོད་པ་ཟད་པའི་མཐའ་དང་། འགོག་པའི་མཐའ་དང་། རྟེན་གྱི་མཐའ་དང་། མགོན་གྱི་མཐའ་དང་། སྐྱོབས་ཀྱི་མཐའ་དང་། དཔུང་གཉེན་གྱི་མཐའ་དང་། གླིང་གི་མཐའ་དང་། གོ་སྐབས་རིག་པའི་མཐའ་དང་། སེར་སྣ་འདུལ་བའི་མཐའ་དང་། ཕྲག་དོག་འདུལ་བའི་མཐའ་དང་། སྐོམ་པ་འདུལ་བའི་མཐའ་དང་། ང་དང་ངའི་མེད་པའི་མཐའ་དང་། ཕུང་པོ་སྤངས་པའི་མཐའ་དང་། ཞི་གནས་ཀུན་གྱི་མཐའ་དང་། ལམ་སྤྱོད་པའི་མཐའ་དང་། སྟོང་ཆེན་སྒོ་ཡི་མཐའ་དང་། ཉོན་མོངས་ཀུན་སྤངས་པའི་མཐའ་དང་། སྲེད་པ་ཟད་པའི་མཐའ་དང་། འདོད་ཆགས་བྲལ་བའི་མཐའ་དང་། འགོག་པའི་མཐའ་དང་། བདེ་མཆོག་གྱི་མཐའ་དང་། མྱ་ངན་ལས་འདས་པའི་མཐའ་དང་། རྟག་པའི་མཐའ་དང་། བརྟན་པའི་མཐའ་དང་། མཆོག་གི་མཐའ་དང་། ཞི་བའི་མཐའ་དང་། རབ་བསིལ་མཐའ་དང་། གཡུང་དྲུང་གི་མཐའ་དང་། མི་གནས་མྱ་ངན་འདས་པའི་མཐའ་དང་། ཞེས་པའི་མིང་གི་རྣམ་གྲངས་ཀྱི་སྒོ་ནས་གཞན་སྟོང་བསྟན་པ་ཡིན་ཏེ་བློ་བུར་དྲི་བྲལ་བསྟན་པའི་ཕྱིར་རོ། །རིག་པའི་དགག་བྱར་གྱུར་པའི་ཡོད་མེད་ཀྱི་མཐའ་ལྟ་བུ་ནི་མ་ཡིན་ཏེ། མཐའ་བྲལ་གྱི་བལྟ་བ་མཐར་ཕྱིན་པའི་ཕྱིར་རོ། །འོ་ན་མཐའ་ཇི་ལྟ་བུ་ཞེ་ན། ཡང་དག་མཐའ་མངོན་དུ་བྱས་ཞེས་པ་དང་། དོན་གཉིས་མཐའ་རུ་ཕྱིན་ཞེས་པ་ལྟ་བུའི་མཐའ་

(༥༤༧)ཚད་མས་གྲུབ་པ་རྣམས་ཡིན་ནོ། །སོར་ཕྲེང་གི་བདེ་གཤེགས་སྙིང་པོ་བསྟན་པ་ནི། དེ་བཞིན་གཤེགས་པ་དོན་དམ་པའི་སྐུ་དང་། བསམ་གྱིས་མི་ཁྱབ་པའི་སྐུ་དང་། ཆོས་ཀྱི་སྐུ་དང་། ཞི་བའི་སྐུ་དང་། དེ་ཁོ་ན་ལས་སྐྱེས་པའི་སྐུ་དང་། རྟག་པའི་སྐུ་དང་། གཡུང་དྲུང་གི་སྐུ་དང་། ཐེར་ཟུག་པའི་སྐུ་དང་། མཆོག་ཏུ་རྟག་པའི་སྐུ་དང་། ཐོས་པའི་བསོད་ནམས་ཀྱི་སྐུ་དང་། ནད་མེད་པའི་སྐུ་དང་། བརྩེ་བ་མེད་པའི་སྐུ་དང་། ཚེ་རིང་བའི་སྐུ་དང་། འགྲོ་བ་ཐམས་ཅད་ལ་དགའ་བའི་སྐུ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་དང་། འཆི་བ་མེད་པའི་སྐུ་དང་། ཐོས་པ་ཐམས་ཅད་འབྱོར་ཅིང་ཡུན་རིང་དུ་སྲ་བའི་སྐུ་དང་། རོལ་པ་ཡིན་པའི་སྐུ་དང་། འཁྲིག་པ་ལས་བྱུང་བ་མ་ཡིན་པའི་སྐུ་དང་། བདེ་བའི་རྣམ་པའི་མཆོག་གི་སྐུ་དང་། ཡང་དག་པ་ཉིད་ཀྱི་སྐུ་དང་། མ་བྱུང་བའི་དབྱིངས་ཀྱི་སྐུ་དང་། སངས་རྒྱས་ཀྱི་དབྱིངས་ཀྱི་སྐུ་དང་། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་དབྱིངས་ཀྱི་སྐུ་དང་། ནད་མེད་པའི་དབྱིངས་ཀྱི་སྐུ་དང་། རྒ་ཤི་མེད་པའི་དབྱིངས་ཀྱི་སྐུ་དང་། མི་འཇིགས་པའི་དབྱིངས་ཀྱི་སྐུ་དང་། མི་ཤིགས་པའི་དབྱིངས་ཀྱི་སྐུ་དང་། སེམས་ཅན་ཐམས་ཅད་ལ་བྲི་བ་མེད་པའི་དབྱིངས་ཀྱི་སྐུ་དང་། བསམ་གྱིས་མི་ཁྱབ་ཅིང་བསམ་དུ་མེད་པའི་སྐུ་དང་། སྟོབས་སོགས་མཐའ་ཡས་པའི་སྐུ་དང་། མདོ་སྡེ་མཐའ་ཡས་པ་ལྡེམ་པོ་ངག་ཏུ་སྟོན་པའི་སྐུ་དང་། ཐེག་པ་གཅིག་པའི་སྐུ་དང་། སྐྱབས་གཅིག་པའི་སྐུ་དང་། བདེན་པ་གཅིག་པའི་སྐུ་དང་། ཁམས་གཅིག་པའི་སྐུ་དང་། འགྲོ་བ་གཅིག་པའི་སྐུ་དང་། ཁ་དོག་གཅིག་པའི་སྐུ་དང་། མ་བྱུང་བའི་སྐུ་དང་། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང་། དོན་དམ་པའི་སྐུ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྐུ་དང་། སྙིང་པོ་རྒ་བ་མེད་པའི་སྐུ་དང་། མ་བྱུང་

(༥༤༨)པའི་དབྱིངས་ཀྱི་སྐུ་དང་། རྟག་པའི་དབྱིངས་ཀྱི་སྐུ་དང་། ཐེར་ཟུག་པའི་དབྱིངས་ཀྱི་སྐུ་དང་། གཡུང་དྲུང་གི་དབྱིངས་ཀྱི་སྐུ་དང་། ནད་མེད་པའི་དབྱིངས་ཀྱི་སྐུ་དང་། རྒ་ཤི་མེད་པའི་དབྱིངས་ཀྱི་སྐུ་དང་། མི་འཇིགས་པའི་དབྱིངས་ཀྱི་སྐུ་དང་། མི་ཤིགས་པའི་དབྱིངས་ཀྱི་སྐུ་དང་། དྲི་མ་མེད་པའི་དབྱིངས་ཀྱི་སྐུ་དང་། ཐམས་ཅད་དུ་སྐྱེ་བ་སྟོན་པའི་སྐུ་དང་། ཞེས་པ་རྣམས་ཀྱི་སྒོ་ནས། དེ་བཞིན་གཤེགས་པའི་སྙིང་པོ་དང་། སངས་རྒྱས་ཀྱི་སྐུ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཡང་དག་པའི་མཐའ་སོགས་ལ་གནས་པ་དང་དོན་གཅིག་ཅིང་མིང་དང་ལྡོག་པ་ཐ་དད་པ་ཙམ་ཡིན་ནོ། །དེ་རྣམས་ལ་ནི་གཞན་སྟོང་གི་ཐ་སྙད་བྱེད་དེ། བློ་བུར་དྲི་བྲལ་གྱི་སྐུ་ཡིན་པའི་ཕྱིར་རོ། །འཇམ་དབྱངས་ཀྱིས་རང་སྟོང་བསྟན་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པས་སྨྲས་པ། སངས་རྒྱས་ནམ་མཁའ་ལྟ་བུས་ཏེ། ནམ་མཁའ་མཚན་ཉིད་མེད་པའོ། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་མཚན་མ་མེད་ལས་སྐྱེས། སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་གཟུགས་མེད་གྱུར་པའོ། །ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། ཡེ་ཤེས་ནམ་མཁའ་ལྟ་བུ་སྟེ། དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། བཟུང་དུ་མེད་ཅིང་རེག་ཏུ་མེད། ཆགས་མེད་ཡེ་ཤེས་དེ་བཞིན་གཤེགས། ཐར་པ་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། ཐར་པ་སངས་རྒྱས་དེ་བཞིན་གཤེགས། སྟོང་པ་ཅི་ཡང་མེད་པ་དག །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། ཞེས་གསུངས་པ་ཡིན་ནོ། །དེ་དག་གིས་ནི་སངས་རྒྱས་པའི་རང་སྟོང་བསྟན་པ་ཡིན་ཏེ། བདེ་གཤེགས་སྙིང་པོ་རང་སྟོང་མ་ཡིན་ཞེས་པ་བཀག་པ་ཡིན་ནོ། །དེ་དག་གི་ཞར་ལ། སོར་མོའི་ཕྲེང་བ་དང་འཇམ་དབྱངས་གཉིས་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་སངས་རྒྱས་ཡིན་པར་གོ་རིམས་བཞིན་དུ་ལུང་བསྟན་

(༥༤༩)པ་ནི། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་གང་གཱའི་ཀླུང་དྲུག་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་གེ་རྟེན་ཐམས་ཅད་མཐོང་ན་དགའ་བ་མཐོང་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བ་ད་ལྟར་བཞུགས་པ་མཚོ་ཞིང་བཞེས་ཏེ། ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་དེ་ལ་ཐལ་མོ་སྦྱར་ལ་རྗེས་སུ་ཡི་རང་བར་གྱིས་ཤོག །དེ་བཞིན་གཤེགས་པ་དེ་ནི་སོར་མོའི་འཕྲེང་བ་འདི་ཉིད་ཡིན་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆེ་བ་དེ་འདྲ་སྟེ་སངས་རྒྱས་ཡུལ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་པ་དང་། བྱང་ཕྱོགས་ལོགས་སུ་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྟག་པར་རབ་ཏུ་དགའ་བ་སྡུག་ཅིང་མོས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་ད་ལྟར་བཞུགས་ཏེ་ཞེས་པ་ནས་མཚོ་ཞིང་བཞེས་པ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱར་ཏེ་རྗེས་སུ་ཡི་རང་བར་བྱོས་ཤོག །དེ་བཞིན་གཤེགས་པ་དེ་གཞན་མ་ཡིན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་པ་ཡིན་ནོ། །མདོར་ན་དེ་དག་གི་ཐེག་པ་ཆུང་ངུའི་སྡེ་སྣོད་ནས་དགྲ་བཅོམ་བཅོམ་པ་གསུམ་ཀ་ལྷག་མེད་དུ་མྱ་ངན་ལས་འདས་ན། འདུས་བྱས་འཇུག་པ་རྒྱུན་ཆད་ལ་སོང་བ་ལྟ་བུར་བསྟན་པ་ལ། མངོན་པར་ཞེན་པ་རྣམས་ཀྱི་ལོག་རྟོགས་བསལ་བའི་ཕྱིར་དུ་སངས་རྒྱས་བརྟག་ཏུ་བཞུགས་པར་བསྟན་པས། ཐེག་པ་ཆེན་

(༥༥༠)པོའི་སྡེ་སྣོད་ཀྱི་ཁྱད་པར་གྱི་ཆོས་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ལ་གཉིས་ཏེ། གཞན་སྟོང་ལ་སྒྲོ་བསྐུར་གསལ་བ་དང་། རང་སྟོང་ལ་སྒྲོ་སྐུར་བསལ་བའོ། །གཞན་སྟོང་ལ་སྒྲོ་སྐུར་བསལ་བ་ལ་གཉིས་ཏེ། སྒྲོ་འདོགས་བསལ་བ་དང་སྐུར་འདེབས་བསལ་བའོ། །སྒྲོ་འདོགས་བསལ་བ་ནི། ཁ་ཅིག་ན་རེ། སེམས་ཅན་གྱི་རྒྱུད་ལ་རང་གི་ངོ་བོས་མི་སྟོང་བའི་གཞན་སྟོང་བདེ་བར་གཤེགས་པའི་སྙིང་པོ་སྟོབས་སོགས་ཀྱིས་བརྒྱན་པ་གདོད་མ་ནས་ཡོད་པ་ཡིན་ནོ་ཞེས་སྨྲ་བ་ནི། མདོའི་previous hit དགོངས next hit་ལ་ཡིན་ཞིང་རིག་པས་གནོད་དེ། མདོའི་previous hit དགོངས next hit་ནི། འབྲས་བུ་ཆོས་ཀྱི་སྐུ་བློ་བུར་གྱི་དྲི་མ་མཐའ་དག་གིས་དབེན་པ་གཞན་སྟོང་དུ་སྟོང་པ་ཡིན་ཏེ། མདོ་འདི་ཉིད་ལས། ཅི་ཆུ་ཀླུང་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་བའི་མིང་དང་། ལྷག་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ་ཞེས་གསུངས་པ་དང་། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། བློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། བླ་མེད་ཆོས་ཀྱིས་སྟོང་མ་ཡིན་ཞེས་གསུངས་པ་ལྟར། བློ་བུར་དྲི་མ་མཐའ་དག་གིས་དབེན་པའི་བྲལ་འབྲས་ཆོས་སྐུ་ཉིད་གཞན་སྟོང་མཚན་ཉིད་པ་ཡིན་པར་བསྟན་པ་ཡིན་གྱི། ས་

(༥༥༡)བཅུ་རྒྱུན་མཐའ་མན་ཆད་དུ་སྤང་བྱ་ཕྱོགས་རེས་སྟོང་པ་ཡོད་ཀྱང། བློ་བུར་དྲི་མའི་ལྷག་མ་དང་བཅས་པའི་ཕྱིར་གཞན་སྟོང་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེ་ལྟ་བུའི་གཞན་སྟོང་དེ་ཡང་། ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་ཏེ། ཚོགས་གཉིས་ཀྱི་རྐྱེན་ལས་གྲུབ་པའི་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་གྲུབ་པར་ཁས་བླངས་ན་དབུ་ཚད་ཀྱི་རིགས་པས་གནོད་པ་ཡིན་ཏེ། དབུ་ཚད་ཀྱི་རིགས་པའི་དགག་བྱ་རང་ལུགས་ཀྱི་དམ་འཆའི་དོན་དུ་ཁས་བླངས་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་གཞན་སྟོང་དེ། སྟོབས་སོགས་ཀྱིས་བརྒྱན་པའི་བདེར་གཤེགས་སྙིང་པོ་ཡིན་མདོ། གཞི་སེམས་ཅན་གྱི་དུས་ཀྱི་ཆོས་ཉིད་ལ་སྟོབས་སོགས་རང་བཅས་སུ་ཡོད་པ་ཡང་མ་ཡིན་ཏེ། སྟོབས་སོགས་ནི། ཚོགས་གཉིས་ཡོངས་སུ་རྫོགས་པས་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་གཞན་སྟོང་གི་དོན། སེམས་ཙམ་པ་མན་གྱིས་དགག་བྱའི་ལྷག་མ་བཞག་ནས། དགག་བྱ་ཕྱོགས་རེ་ཙམ་གྱིས་དབེན་པའི་སྟོང་ཉིད་བསྟན་པ་ནི། གཞན་སྟོང་ཡིན་ནོ། །ཞེས་པ་ཡང་རིགས་པ་མ་ཡིན་ཏེ། དགག་བྱ་ཕྱོགས་རེས་དབེན་པ་ནི་རང་སྟོང་གི་ཆ་ཤས་ཡིན་ཏེ། རིག་པའི་དགག་བྱ་མཐའ་དག་གིས་དབེན་པ་ནི་རང་སྟོང་གི་མཚན་ཉིད་པ་ཡིན་པའི་ཕྱིར་དང་། དགག་བྱ་ཕྱོགས་རེས་དབེན་པ་རྣམས་དྲི་མ་མཐའ་དག་གིས་དབེན་པ་མ་ཡིན་པའི་ཕྱིར་རོ། །གཞན་སྟོང་ལ་སྐུར་འདེབས་བསལ་བ་ནི། ངེས་དོན་གྱི་མདོའི་previous hit དགོངས next hit་མི་ཤེས་པ་ཁ་ཅིག །གཞན་སྟོང་ཞེས་པའི་མིང་ཐོས་པ་ཙམ་གྱིས་སྐྲག་ཅིང་ཐེག་པ་ཆེན་པོའི་ཆོས་སྤོང་བ་ལ་འཇུག་པ་རྣམས་ནི་བློ་བུར་དྲི་བྲལ་ཉིད། གཞན་སྟོང་ཡིན་པའི་གནད་མ་ཤེས་པར་གཞན་གྱིས་ཀུན་རྟགས་པ་རྣམས་གཞན་སྟོང་མཚན་ཉིད་པ་ཡིན་ནོ་སྙམ་དུ་བསམ་པར་སྣང་ངོ་། །རང་སྟོང་ལ་སྒྲོ་སྐུར་

(༥༥༢)བསལ་བ་ལ་གཉིས་ལ། རང་སྟོང་ལ་སྒྲོ་འདོགས་བསལ་བ་ནི། མུ་སྟེགས་བྱེད་ཀྱིས་གང་ཟག་གི་བདག་ཏུ་སྒྲོ་བརྟགས་པ་དང་། ཉན་ཐོས་སྡེ་གཉིས་ཀྱིས་གཟུང་བ་ཆོས་ཀྱི་བདག་ཏུ་སྒྲོ་བཏགས་པ་དང་། སེམས་ཙམ་རྣམ་གཉིས་ཀྱིས་འཛིན་པ་ཆོས་ཀྱི་བདག་ཏུ་སྒྲོ་བརྟགས་རྣམས་ཀྱིས་དབེན་པ་ཡིན་ཏེ། གང་ཟག་དང་གཟུང་འཛིན་རྣམས་རང་བཞིན་མེད་པའི་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །རང་སྟོང་ལ་སྐུར་འདེབས་བསལ་བ་ནི། གང་ཟག་དང་གཟུང་འཛིན་གྱི་བདག་མེད་པར་གཏན་ལ་འབེབས་པ་ན། དགག་བྱའི་ཚད་མ་ཟིན་པར་དགག་བྱ་བཟུང་འཛིན་གྱི་བདག་འགོག་པ་ན། གང་ཟག་དང་གཟུང་འཛིན་རྟེན་འབྲེལ་ཙམ་ཡང་བཀག་སྟེ། རང་སྟོང་གི་དོན་རང་མེད་པ་ཡིན་ཞེས་ཟེར་བ་སོགས་ནི་མི་རིགས་པ་མ་ཡིན་ཏེ། རྟེན་འབྲེལ་འགོག་པ་ཆད་ལྟ་མཐར་ཐུག་ཡིན་པའི་ཕྱིར་རོ། །དེས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རྟག་ཆད་དུ་བརྟགས་པས་སྟོན་པའི་རྟེན་འབྲེལ་ནི་རང་སྟོང་གི་དོན་ཡིན་ལ། དེ་རྟོགས་པས་དྲི་མ་མཐའ་དག་གིས་སྟོང་པའི་ཆོས་སྐུ་ཐོབ་པ་ནི་གཞན་སྟོང་གི་དོན་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རང་སྟོང་རྟེན་འབྲེལ་རྟོགས་གྱུར་ནས། གཞན་སྟོང་ཆོས་སྐུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་། འཁོར་སྟོན་པ་རྣམས་ནི། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་བདར་ན་སེ་ན་འཁོར་རྣམས་ལ་ཆོས་སྟོན་པ་ན། བད་ས་ལའི་རྒྱལ་པོ་འཆར་བྱེད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་འཁོར་དང་བཅས་པ་བད་ས་ལའི་ཡུལ་དུ་གཤེགས་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱུང་བའི་ཚུལ་ནི།

(༥༥༣)བད་ས་ལའི་རྒྱལ་པོ་འཆར་བྱེད་གྲོང་ཁྱེར་ཆེན་པོ་གསེར་ཅན་ཞེས་བྱ་བ་གཞོམ་པའི་ཕྱིར་དམག་བཞི་དང་བཅས་པ་དང་ཕྲད་པས་རྒྱལ་པོ་འཆར་བྱེད་ཁྲོས་ཏེ། འདི་འདྲ་བ་བཀྲ་མི་ཤིས་པ་དང་ཕྲད་པས་གསད་པར་རིགས་སོ་ཞེས་ན་མདའ་མདེའུ་ཁ་ཉག་ལྔ་མ་བླངས་ཏེ། བཅོམ་ལྡན་འདས་ལ་འཕངས་སོ། །དེ་ནས་མདའ་དེ་ནམ་མཁའ་ལ་འཁོར་ཞིང་འདི་སྐད་ཅེས་གྲག་གོ །ཞེ་སྡང་གིས་ནི་སྡུག་བསྔལ་བསྐྱེད། འདིར་ཡང་ཤ་ཐང་འཐབ་དང་རྩོད། ཕྱི་མར་དམྱལ་བའི་སྡུག་བསྔལ་འབྱུང་། དེས་ན་ཞེ་སྡང་འཐབ་རྩོད་སྤང་ཞེས་པའི་ཚིག་དེ་རྒྱལ་པོ་འཆར་བྱེད་ཀྱིས་ཐོས་པར་གྱུར་པ་དང་། བཅོམ་ལྡན་འདས་ལ་མོས་པར་གྱུར་ཏེ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་ཡང་དག་པར་ན། བདག་རང་བཞིན་མེད་པར་རྟོགས་ཏེ་སངས་རྒྱས་ཐོབ་པའོ། །བསྡུས་པའི་དོན་ནི། འཁོར་བའི་རྩ་བ་བདག་ཏུ་འཛིན་པ་སྤངས་པའི་ཕྱིར་དུ་ཡང་དག་པར་ན་དག་རང་བཞིན་མེད་པར་བསྟན་པའོ། །ཚིག་གི་དོན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འཐབ་རྩོད་ནི་འདིར་ཤ་ཐང་ལ་ཕྱི་མར་ངན་སོང་དུ་སྐྱེ་ན་ཅིའི་ཕྱིར་རྟག་ཏུ་འཐབ་རྩོད་འབའ་ཞིག་བྱེད། རྒྱལ་པོས་གསོལ་པ། གཽ་ཏ་མ་བདག་གིས་གང་དང་འཐབས་ཀྱང་ཕམ་མ་མྱོང་སྟེ་རྒྱལ་བས་བདག་ནི་དམག་དང་འཐབ་པ་ལ་མོས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགྲ་འདི་ནི་ཆུང་ངུ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདི་མ་ཡིན་པའི་དགྲ་ཆེན་པོ་ཤར་གཉེར་བ་ཞིག་ཡོད་དོ། །རྒྱལ་པོས་གསོལ་པ་དགྲ་དེ་གང་

(༥༥༤)ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགྲ་ཆེན་པོ་ཉོན་མོངས་པ་བདག་ཏུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ། །རྒྱལ་པོས་གསོལ་པ། དགྲ་དེ་ཇི་ལྟ་བུ་ལགས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་ཆེན་འདི། འདི་ནི་རྒྱུ་བཞིན་དངོས་པོ་མེད་བཞིན་དུ། ཐོག་མ་མེད་ནས་བདག་ལ་གནས་ནས་ནི། བདག་གི་ཆོས་སྐུ་ཡིད་བཞིན་རིན་ཆེན་དེ། བཟོད་མའི་མུ་ནས་དགྲ་ཡིས་བརྐུས་ནས་སུ། མཚན་མའི་ཚང་ཚིང་གསེབ་ཏུ་སྦས་ནས་བདག །ད་དུང་འཆིང་ཞིང་འཁོར་བར་འཁྱམ་དུ་འཇུག །འཇིག་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ། དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས། དགྲ་འདིས་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད། དེ་བསྟེན་བསོད་ནམས་འཁོར་བར་འདམ་དུ་འཆིང་། རྒྱལ་པོས་གསོལ་པ། དགྲ་ཆེན་པོ་དེ་དང་ཇི་ལྟར་འཐབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་། དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ། དགེ་བའི་དཔུང་བྱས་བཟོད་པའི་གོ་གྱོན་ལ། བརྩོན་འགྲུས་ལྕག་ཐོགས་བསམ་གཏན་གཞུ་བརྡུངས་ཏེ། བདག་མེད་སྟོང་པའི་མདའ་ཡིས་བདག་འཛིན་གསད། རྒྱལ་པོས་གསོལ་པ། བདག་མེད་པ་ཞེས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་བདག་མེད་རྒྱལ་པོ་ཉན་པར་གྱིས། གང་ཟག་ཕུང་ལྔ་རྒྱུན་ཡིན་ཅི་ཕྱིར་ན། རྒྱུ་ནི་ལས་དང་ཉོན་མོངས་པས་གང་ནས། འབྲས་བུ་ཕུང་པོར་ཟག་སྟེ་དེ་ཡི་བདག །བདག་ནི་སེམས་ཅན་སོ་སོའི་ལུས་འདི་ལ། ང་དང་བདག་ཏུ་བཟུང་ནས་ཆགས་གྱུར་ཏེ། བདག་ནི་ན་དང་ཤི་བཀྲེས་གང་གིས་དོགས། བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སྟེ། དེ་

(༥༥༥)ལ་དམིགས་ནས་མུ་སྟེགས་ལྷ་རྣམས་འཇུག །ང་འམ་བདག་སྟེ་ཡོད་པ་མ་ཡིན་ཏེ། ཕུང་པོ་འདི་ལ་བརྟགས་ནས་འཁྲུལ་བ་ཡིན། མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ། ལུས་ནི་བདག་མ་ཡིན་ཏེ་ཤ་རུས་རྣམས། འབྱུང་ཆེན་འདུས་པ་ཕྱི་རོལ་ཅིག་པ་འདྲ། སེམས་ཀྱང་བདག་མ་ཡིན་ཏེ་དངོས་པོ་མེད། ཆོས་ལ་བདག་མེད་རྒྱལ་པོས་མཉན་པར་གྱིས། ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན། བྱེད་པ་མེད་ལ་མཚན་ཉིད་འཛིན་ཕྱིར་རོ། །དེ་དག་ལོག་རྟོག་མཚན་མར་བཅས་པ་དང་། ལྷ་མི་མཐུན་པ་ཡིན་ཏེ་དེ་མེད་དོ། །ཅི་ཕྱིར་ཞེ་ན་ཕྱི་ནང་ཆོས་འདི་ལ། དངོས་འདི་སྤངས་ནས་སྟོང་ཉིད་མི་བཙལ་གྱི། སྣང་བ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར། གཞིག་བཅོམ་མི་རྟག་ཙམ་ལ་སྟོང་མི་གདགས། སྣང་ལ་རང་བཞིན་མེད་པར་ཅིས་མངོན་ན། ཡོད་མེད་དབུས་དང་གསུམ་དུ་མི་གནས་ཏེ། ཡོད་པར་གྲགས་པ་འཁོར་བ་མྱ་ངན་འདས། འཁོར་བའི་རང་བཞིན་ཡུལ་སེམས་རྣམ་གཉིས་ཏེ། ཡུལ་འདི་དངོས་པོ་མེད་པར་ཇི་ལྟར་བརྟག །རང་སྣང་རྡུལ་བཤིག་རྡུལ་ཡང་ཆས་གཞིགས་མེད། དངོས་སྣང་ཐམས་ཅད་སེམས་ཡིན་རྨི་ལམ་བཞིན། སེམས་ཀྱང་ཁ་དོག་དབྱིབས་སོགས་རྣམས་དང་བྲལ། དེ་ནས་འཁོར་བ་སྟོངས་ཞིང་བདག་མེད་དོ། །འཁོར་བ་མེད་པས་མྱ་ངན་འདས་པའང་མེད། ཡོད་པ་མ་གྲུབ་པས་ན་མེད་པ་མེད། མཐའ་གཉིས་མེད་ཕྱིར་དབུས་ཀྱང་མེད་པ་ཡིན། དེ་ལྟར་རྒྱལ་པོས་བདག་མེད་བསྒོམ་བྱས་ན། བདག་འཛིན་འཁོར་བ་རྩད་ནས་ཆོད་པར་འགྱུར། རྒྱལ་པོས་གསོལ་པ། སྔ་གོང་ཡན་ཆད་དགྲ་མ་ཡིན་པ་ལ་དགྲར་གཟུང་སྟེ་བདག་ཞེ་སྡང་གིས་མནར་བར་གྱུར་ཏོ། །ད་ནི་བདག་གིས་ཡང་དག་པའི་དགྲ་ངོ་ཤེས་པས་དགྲ་དེ་

(༥༥༦)དེ་དང་འཐབ་པའི་ཕྱིར་བདག་མེད་པ་ལ་མོས་པར་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ། །བདག་ཏུ་འཛིན་པའི་དགྲ་ཕབ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་སོགས་པ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ་རྒལ་ལན་ནི། མདོ་འདི་ཉིད་ལས། ཅིའི་ཕྱིར་ཞེ་ན་ཕྱི་ནང་ཆོས་འདི་ལ། དངོས་འདི་སྤངས་ནས་སྟོང་ཉིད་མི་ཙལ་གྱི། སྣང་བ་ཉིད་ནས་སྟོང་པ་ཉིད་ཡིན་ཕྱིར། གཞིག་བཅོམ་མི་རྟག་ཙམ་ལ་སྟོང་མི་གདགས། སྣང་ལ་རང་བཞིན་མེད་པར་ཅིས་མངོན་ན། ཡོད་མེད་དབུས་དང་གསུམ་དུ་མི་གནས་ཏེ་ཞེས་གསུངས་པའི་ཕྱིར་ཆོས་རྣམས་རིགས་པས་བརྟགས་ན་མ་རྙེད་པ་སྟོང་ཉིད་ཀྱི་དོན་མ་ཡིན་ཏེ། གལ་ཏེ་ཡིན་ན། ཆོས་རྣམས་མ་རྙེད་པ་ཉིད་ཀྱང་སྟོང་ཉིད་ཀྱི་དོན་ཡིན་པར་མཚུངས་སོ། །འོ་ན་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བུ་ཞེ་ན། ཆོས་ཐམས་ཅད་རིགས་པས་བརྟགས་ན། ཡང་དག་པར་རང་བཞིན་མེད་པ་ཉིད་སྟོང་པ་ཉིད་ཀྱི་དོན་ཏོ། །སྤྱོད་འཇུག་ལས་ཀྱང་། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། བདེན་པར་རྟོག་པ་བཟློག་བྱ་ཡིན། ཞེས་གསུངས་པ་ལྟར་རོ། །སྟོང་པ་ཉིད་བསྒོམ་པའི་ཚེ་ན་ཡང་། སྣང་བ་བསལ་ནས་སྣང་མེད་སྒོམ་པ་མ་ཡིན་གྱི། འོ་ན་ཇི་ལྟར་བསྒོམ་ཞེ་ན། གཡག་སྡེ་པ་ཆེན་གྱིས། སྟོང་ཉིད་སྣང་པའི་འགྲོས་ལ་བལྟོས། སྟོང་པ་ཟབ་མོ་སྣང་བས་བསྟན། སྣང་སྟོང་འགལ་བ་མེད་པར་ཤེས། ཤེས་རབ་ཅན་

(༥༥༧)གྱི་རྣམ་ཐར་ཡིན་ཞེས་བཤད་པ་ལྟར་སྒོམ་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྣང་སྟོང་འགལ་མེད་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་མ་སྐྱེས་དགྲའི་འགྱོད་པ་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ལྷག་པར་བརྒྱ་ཁྲི་བཞི་སྟོང་དང་ཞེས་པ་ནས་སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་གནས་སོ། །དགའ་ལྡན་གྱི་རིགས་ཀྱི་ལྷའི་བུ་བཞི་ཡང་ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་འབྲང་བར་གྱུར་ཏེ། ལྷའི་བུ་ཀུན་ནས་མེ་ཏོག་ཅེས་བྱ་བ་དང་། ལྷའི་བུ་མེ་ཏོག་འོད་ཟེར་ཅན་ཞེས་བྱ་བ་དང་། ལྷའི་བུ་མེ་ཏོག་མན་དྷ་ར་བའི་དྲི་ཞེས་བྱ་བ་དང་། ལྷའི་བུ་ཆོས་ལ་གནས་པར་རྟག་ཏུ་བརྩོན་པ་ཞེས་བྱ་བ་དེ་དག་དང་། ལྷའི་བུ་མང་པོ་གཞན་དག་ཀྱང་འདི་ལྟ་སྟེ། ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་འདུས་པ་རྣམས་ཀྱིས་གླེང་གླེངས་པ་ནི། འདི་ལྟ་སྟེ། སྐྱེས་བུ་དམ་པ་དེ་དག་དང་། ལྷའི་བུ་དེ་དག་ཚོགས་ཤིང་འཁོད་པ་ལས་བར་སྐབས་སུ་ཀྱེ་གྲོགས་པོ་དག་སངས་རྒྱས་ཀྱི་ཡེ་ཤེས་ནི་རྒྱ་ཆེ་བ། དཔག་ཏུ་མེད་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ། གཞལ་དུ་མེད་པ། མི་རྟོགས་པ། མི་མཉམ་པ་དང་། མཉམ་པ་དང་། བླ་

(༥༥༨)ན་མེད་པ་ཡིན་ཏེ། དེ་ནི་གོ་ཆ་དམན་པ་ཡིན་པས་རྟོགས་པར་མི་ནུས་ན་གོ་ཆ་ཇི་ཙམ་ཞིག་ལ་བགོས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་ཤེས་དེ་ལྟ་བུའི་གཏམ་བརྗོད་པར་གྱུར་པ་དང་ཞེས་པ་ནས་ལས་ཀྱི་རྣམ་པར་སྨིན་པའི་འགྲོ་བ་ནི་འོང་བ་མེད་པ་ཅན་འགྲོ་བ་མེད་པ་ཅན་ཡིན་ཏེ། དེ་བཞིན་ཉིད་ཀྱིས་འགྲོས་ལས་འདའ་བར་མི་འགྱུར་རོ། །སྟོན་པས་འདི་བསྟན་པའི་ཚེ་སངས་རྒྱས་ཀྱི་མཐུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཉན་ཐོས་ཆེན་པོ་གཞན་དག་ཀྱང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔ་ན་བསྟན་པ་འདི་ལ་ཉན་ཏོ། །བམ་པོ་གཉིས་པ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཉིད་ནི་གཅིག་པ་ཁོ་ན་ལགས་ན། སྐྱེས་བུ་དམ་པ་སྐྱེས་བུ་ཆེན་པོ་དེ་དག་བརྗོད་པ་སྣ་ཚོགས་ཀྱིས་སྟོན་ཀྱང་ཆོས་ཉིད་དང་མི་འགལ་བར་བགྱིད་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དག་ནི་དེ་ལྟར་མ་ཆགས་པའི་སློབ་པ་ལ་སློབ་ཅིང་། མི་ཆགས་བཞིན་དུ་སྟོན་ཏེ་ཤཱ་རིའི་བུ་ས་བོན་ཇི་ལྟ་བ་བཞིན་བསྐྱེད་ཀྱང་དེ་བཞིན་ནོ། །ཤཱ་རིའི་བུ་དེ་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པ་ཇི་བཞིན་དུ་དེ་དག་གི་ཡེ་ཤེས། དེ་བཞིན་དུ་དེ་དག་གི་བསྟན་པའོ། །ཤཱ་རིའི་བུ་ཁྱོད་ཀྱིས་བསླབ་པ་ཇི་ལྟ་བུ་ལ་བསླབ་པ་ཁྱོད་ཀྱི་ཡེ་ཤེས་ཀྱང་དེ་བཞིན་ནོ། །སྤོབས་པ་ཡང་དེ་འདྲ་བར་ཁྱོད་ཀྱིས་ཐོབ་པོ་ཞེས་པ་ནས་བརྩམས་ཏེ་གཞུང་

(༥༥༩)རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་བས་ན་རིགས་ཀྱི་བུ་དག་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ཏམ། དགེ་བསྙེན་མ་འདུག་ཀྱང་རུང་། འགྲེང་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་འདྲི་བ་དང་། ཀློག་གམ། ཁ་ཏོན་བྱེད་ཏམ། ཁ་སྟོན་ཞུ་འམ། འཆད་ན་འོག་གི་ཆུའི་ཕུང་པོ་ནས་སའི་ཕྱོགས་དེའི་བར་གྱི་རྡུལ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཟོད་པ་ཐོབ་པར་འགྱུར་བའོ། །རིགས་ཀྱི་བུ་དག་ཁྱེད་ལ་བསྒོའོ། །ཁྱེད་ཀྱིས་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་རྒྱུན་མ་ཆད་ཅིང་ལས་གཞན་མི་བྱེད་པར་ཉིན་ལན་གསུམ་མཚན་ལན་གསུམ་འབུལ་བ་བས། གང་གིས་རྒྱལ་པོ་མ་སྐྱེས་དགྲའི་ལེའུ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ། འགྱོད་པ་ཐམས་ཅད་སེས་།།།བར་བྱེད་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ལེན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆང་ངམ། ཉན་ཏམ། མོས་པར་བྱེད་དམ། ཆུང་ངུ་ན་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གླེགས་བམ་དུ་བྲིས་ཏེ་འཆང་ན་འདི་ནི་དེ་བས་ཤིན་དུ་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་དག་གིས་སྐལ་པའམ་བསྐལ་བའི་ལྷག་མ་ལུས་པའི་བར་དུ་ཚུལ་ཁྲིམས་བསྲུང་ཞིང་སྦྱངས་པའི་ཡོན་ཏན་དང་ཆོག་ཤེས་པ་ཐམས་ཅད་ལ་དགའ་བར་འགྱུར་བ་བས་གང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་

(༥༦༠)ཏུ་མོས་པར་བྱེད་པ་འདི་ནི་དེ་བས་བསོད་ནམས་ཤིན་དུ་མང་དུ་འཕེལ་ལོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་བཟོད་པ་བསྒྲུབ་ཅིང་སེམས་ཅན་ཐམས་ཅད་ཀྱི་ངན་དུ་སྨྲ་བ་དང་། རྡེག་པར་བྱེད་པ་བཟོད་པ་བས། གང་གིས་ཆོས་ཀྱི་རྣམས་གྲངས་འདི་ལ་ཆོས་ལ་བཟོད་པ་དེ་ནི་བཟོད་པ་དེ་བས་བསོད་ནམས་ཀྱི་ཕུང་པོ་ཤིན་དུ་འཕེལ་བར་འགྱུར་རོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཉོན་མོངས་ཤིང་། ལུས་དང་སྲོག་ལ་མི་ལྟ་བར་བསྙེན་བཀུར་བྱེད་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཤིང་ཐེ་ཚོམ་མི་སྐྱེད་ན་བརྩོན་འགྲུས་འདི་ནི་དེ་བས་ཁྱད་དུ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་བསམ་གཏན་དང་། ཏིང་ངེ་འཛིན་དང་། མཉམ་པར་བཞག་པ་ལ་གནས་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་རྟོག་ཅིང་སེམས་མ་ཞུམ་པ་འདི་ནི་དེ་བས་ཁྱད་དུ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་གང་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་ཤེས་རབ་ཀྱིས་རྟོག་ཅིང་། དེའི་ཚུལ་གྱིས་རྟོག་པ་དང་ལྡན་པར་གྱུར་པ་བས་གང་གིས་ཤིན་དུ་དབེན་པ་རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་པར་བྱེད། མོས་པར་བྱེད། ལེན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཁ་ཏོན་དུ་བྱེད། གཞན་ལ་རྒྱ་ཆེར་སྟོན་པར་བྱེད་ན་དེ་བས་འདི་ཉིད་བསོད་ནམས་ཤིན་དུ་མང་དུ་འཕེལ་ལོ། །མྱུར་དུ་ཐམས་ཅད་མཁྱེན་པར་འབྱུང་

(༥༦༡)བར་ཡང་འགྱུར་རོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་བཀོད་པས་ཞུས་པ་དང་། འཇམ་དཔལ་བོས་ཏེ་ཆོས་ཀྱི་གཏམ་གླེང་དུ་བཅུག་པའི་ཚུལ་དང་། བཅོམ་ལྡན་འདས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ་ན། ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱིས་ཉན་ཐོས་སུ་སེམས་བསྐྱེད་པ་ལས་ཐོག་མར་བཅོམ་ལྡན་འདས་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་མྱུར་བ་བྱུང་པ་སོགས་བསྟན་པ་དང་། འཇམ་དཔལ་གྱིས་རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་དང་། ཁྱེའུ་ཟླ་བའི་དཔལ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སོགས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་པ་ཁ་ཅིག་ན་རེ། འཚམས་མེད་བྱས་པའི་གང་ཟག་གི་རྒྱུད་ལ་སྡོམ་པ་མི་སྐྱེ་ཞིང་བདེན་པ་མཐོང་བ་མི་སྲིད་དོ། །ཞེས་ཟེར་བ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་མ་ཐོས་པའི་སྐྱོན་ཡིན་ཏེ། མདོ་སྡེ་འདི་ཉིད་ལས། མ་བསད་པའི་འཚམས་མེད་བྱས་པའི་གང་ཟག་འཇམ་དཔལ་གྱི་སྤྲུལ་པ་ཕ་མ་གཉིས་ཀ་བསད་པ་ལྟ་བུར་བསྟན་པས་ཁ་གྲངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པས་ཚུར་ཤོག་ཞེས་པས་བསྙེན་པར་རྫོགས་ཤིང་ཆོས་བསྟན་པས་བདེན་པ་མཐོང་ཏེ། བརྩོན་པས་བསྒྲུབས་པས་མྱུར་དུ་དགྲ་བཅོམ་པ་ཐོབ་ཏེ་ལྷག་མེད་དུ་མྱ་ངན་ལས་འདས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བས་མདོ་སྡེ་འདི་བསླབས་ཏེ། སྒྲིབ་པ་མ་ལུས་ཀུན་བསལ་

(༥༦༢)ཞིང་། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡངས་པ་ཅན་གྱི་ཨ་མྲ་བསུང་པའི་ཚལ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་ཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་བྱུང་པའི་ཚུལ་ནི། དེ་ནས་དེའི་ཚེ་དགེ་སློང་དྲི་མེད་འོད་ཅེས་བྱ་བ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་རྒྱུ་སྟེ་ཞེས་པ་ནས་དེ་ནས་དགེ་སློང་དྲི་མེད་འོད་ངོ་ཚ་སྟེ་བཅོམ་ལྡན་འདས་ལ་གསོལ་མ་ནུས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཇི་ལྟར་གྱུར་པ་དེ་ཐམས་ཅད་གསོལ་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲི་མེད་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་ཀྱིས་དེ་ལྟ་བུ་བྱས་པ་བདེན་ནམ་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་ཅི་བདག་གིས་

(༥༦༣)འདོད་ཆགས་སྤྱད་དོ་སྙམ་དུ་སྔ་ནས་བསམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདོད་ཆགས་ཡིད་ལ་བྱེད་པ་མ་སྐྱེས་པར་ཁྱོད་ཀྱིས་འདོད་ཆགས་ཇི་ལྟར་སྤྱད་གསོལ་པ། བཅོམ་ལྡན་འདས་བདག་གི་འདོད་ཆགས་ཀྱི་སེམས་ནི་སླད་ཀྱིས་སྐྱེས་ལགས་སོ། །བཀའ་སྩལ་པ། དགེ་སློང་སེམས་དེས་ཁྱོད་ཀྱི་འདོད་ཆགས་སྤྱད་དམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཅི་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ལ། སེམས་རྣམ་པར་དག་པས་རྣམ་པར་དག་པར་འགྱུར་རོ་ཞེས་ངས་ཆོས་མ་སྟན་ཏམ་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟ་ལགས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པའོ། །གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས། དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་མན་དྷ་ར་བ་དག་གིས་གཏོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བདུད་སྡིག་ཅན་ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་བགྱིད་པའི་སླད་དུ་རྩོལ་བར་གྱུར་ན། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་གྱི། བཅང་བར་བགྱི། ཀུན་ཆུབ་པར་བགྱིའོ། །བཅོམ་ལྡན་འདས་དང་བཙུན་པ་ཀུན་དགའོ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་བདག་གི་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་བར་བགྱིའོ། །ཆོས་སྨྲ་བ་དེ་ལ་ཡང་རྒྱལ་པོ་ཆེན་པོ་བཞི་གནོད་སྦྱིན་

(༥༦༤)གྱི་ཚོགས་ཀྱི་འཁོར་དང་བཅས་པ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིད་དུ་སྩལ་བར་འཚལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་གང་ལགས་པ་དེ་ལ་བདག་གིས་ཀྱང་བསྲུང་པ་དང་། བསྐྱབ་པ་དང་། སྦ་བར་འཚལ་ལོ་ཞེས་པས་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། དགེ་སློང་དྲི་མེད་དང་། དགེ་སློང་དཔལ་སྦྱིན་ལ་སོགས་པ་ལ་ཡང་དག་པའི་དོན་བསྟན་པས། ཚུལ་ཁྲིམས་འཆལ་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་སྦྱངས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། དགེ་སློང་དྲི་མེད་དང་། དགེ་སློང་དཔལ་སྦྱིན་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་བྱུང་པའི་ལས་ཀྱི་སྒྲོག་།།།པ་ཡང་དག་པའི་དོན་རྟོགས་པས་སྦྱངས་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་གླེང་གཞིར་བྱས་ཏེ། ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་ཡང་དག་པའི་དོན་སྒོམ་པ་ཟབ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ལས། དགེ་སློང་དྲི་མེད་ལ་ཡང་དག་པའི་དོན་བསྟན་པའི་ཚུལ་ནི། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་སྒྲོལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་སྒོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེའི་ལུས་ལས་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་མངའ་བ་དེ་དག་འབྱུང་ངོ་། །དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་ཀྱང་གནས་སྟུག་པོ་དེ་དག་ཐམས་ཅད་ཁྱབ་པར་ཏེ། དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་གསུང་མཐུན་པར་ཚིགས་སུ་བཅད་པ་དག་གསུངས་སོ། །ཆོས་རྣམས་འདི་དག་གཟུགས་བརྙན་འདྲ་བ་སྟེ། ཆུ་ནང་ཟླ་བ་སྣང་ལ་མེད་པ་བཞིན། བྱིས་པའི་སེམས་ནི་རྨོངས་ཤིང་

(༥༦༥)སྐྲག་གྱུར་ནས། འདོད་ཆགས་དུག་དང་དེ་བཞིན་ཞེ་སྡང་རྟོག །ཆོས་རྣམས་མཁའ་འདྲ་རྟག་ཏུ་དག་ཅིང་གསལ། མྱ་ངན་འདས་ཤིང་གནས་མེད་ཞི་བ་ཡིན། འདི་ནི་ཚོར་བ་པོ་དང་བྱེད་པོ་མེད། ཆོས་རྣམས་འདི་དག་ཞི་གསོག་སྙིང་པོ་མེད། ནང་དུ་བརྩལ་ཀྱང་འདོད་ཆགས་མ་རྙེད་དེ། ཞེ་སྡང་སུས་ཀྱང་རྙེད་པར་མ་གྱུར་ན། བྱིས་པའི་སྐྱེ་བོ་དག་ནི་ཆགས་སྙམ་སེམས། སུ་ཡང་འདི་ན་ཆགས་པར་གྱུར་བ་མེད། རྨི་ལམ་དུ་ནི་བདག་གི་གཟུགས་མཐོང་སྙམ། དེ་ལ་ཆགས་ཤིང་སྡང་ལ་རྨོངས་པར་གྱུར། མཚོན་ཆ་ཐོགས་ཤིང་གསད་པར་གསོལ་བ་ན། གསོད་པ་པོ་དང་མཚོན་ཆ་ཅི་ཡང་མེད། དེ་བཞིན་འདི་ན་བྱིས་པ་འདོད་པ་སྤྱོད། འཐབ་མོ་དག་ཀྱང་འགྱེད་ཅིང་བསོད་པར་བྱེད། གཏི་མུག་དབང་གིས་སྐྲག་ཅིང་རྨོངས་པར་གྱུར། བདག་ནི་ཆགས་སོ་སྙམ་སྟེ་དགའ་བར་འཛིན། འཇིག་རྟེན་འདི་དག་ཐམས་ཅད་རྨི་ལམ་བཞིན། ཆོས་རྣམས་གསོག་སྟེ་སྟོང་ཞིང་སྙིང་པོ་མེད། སྨིག་སྒྱུ་འདྲ་ཞིང་སྤྲིན་དང་མཚུངས་པ་སྟེ། འདོད་ཆགས་མཚན་ཉིད་མེད་ཅིང་གཏི་མུག་ཞི། ཆོས་རྣམས་འདི་དག་སྦྲ་དང་རྩིག་པ་བཞིན། སེམས་ནི་ནང་ན་མེད་ཅིང་ཕྱི་རོལ་མེད། འདོད་ཆགས་སྲོག་དང་སེམས་ཅན་གསོ་བ་མིན། ཞེ་སྡང་གང་ཟག་མ་ཡིན་དངོས་པོ་མེད། ཆོས་རྣམས་འདི་དག་སྐྱེན་དང་རྒྱུ་ལས་གྲུབ། རྒྱུ་དེ་ལ་ནི་རྨོངས་ཤིང་བྱེད་པ་མེད། ཆུ་ཟླ་འདྲ་བར་བྱས་པ་མ་ཡིན་ཏེ། ལུས་ཀྱང་མེད་དེ་འདོད་ཆགས་གསོག་ཡིན་ནོ། །སྒྱུ་མས་བསྒྲུབས་པ་ཡིན་ཏེ་སྟོང་པ་ཉིད། བྱིས་པ་དངོས་པོར་འཛིན་པས་སྤྱད་ཅིང་བརྟགས། སྒྱུ་མ་སོག་སྟེ་མེད་ཅིང་སྟོང་པ་ཡིན། འདི་ན་འདོད་ཆགས་ཞེ་སྡང་གཏི་མུག་མེད། ཆོས་འདི་ཐམས་ཅད་མཚན་ཉིད་མེད་པ་ཏེ། རྩ་བ་མི་དམིགས་བཟོད་ནས་རབ་ཏུ་ཞི།

(༥༦༦)མཐའ་མ་གཟུང་མེད་དབེན་ཞིང་སྙིང་པོ་མེད། འདོད་ཆགས་འོད་གསལ་གཏི་མུག་རབ་ཏུ་ཞི། འདི་ན་བྱིས་པ་གཟུགས་བརྙན་མཐོང་བ་ན། འདི་ནི་བདག་ཡིན་སྙམ་དུ་སེམས་པར་བྱེད། གསོག་དང་གཟུང་དུ་མེད་མ་ཡོད་མིན་དང་། སྙིང་པོ་མེད་པ་དེ་ལ་ལོག་པར་རྟོག །ཆོས་རྣམས་འདི་དག་མིག་གཡོར་འདྲ་བ་སྟེ། འདོད་ཆགས་གཏི་མུག་ཞེ་སྡང་གཟུང་དུ་མེད། སྒྱུ་མ་རྨི་ལམ་ཆུ་ཟླ་ལྟ་བུ་སྟེ། འདི་ལ་སུ་ཡང་ཆགས་ཤིང་སྤོང་བ་མེད། ཡུལ་འདི་དག་ནི་དུག་མེད་སྟོང་པ་སྟེ། དངོས་པོར་དམིགས་པ་ཐམས་ཅད་གཟུང་དུ་མེད། འདི་དག་བརྟགས་པའི་ཆོས་ཅན་ཡོད་མ་ཡིན། དངོས་པོ་མི་དམིགས་རྩ་ནས་རབ་ཏུ་ཞི། སྒྱུ་མ་འདོད་ཆགས་ཞེ་སྡང་གཏི་མུག་མེད། འདི་ལ་རྣམས་ཀྱང་ཡོད་པར་འགྱུར་མ་ཡིན། ཆོས་རྣམས་སྒྱུ་མ་འདྲ་ཞིང་རྨི་ལམ་འདྲ། ཐོག་མ་མི་དམིགས་ཐམས་ཅད་ཡོད་མ་ཡིན། ཇི་ལྟར་ཆུ་ལ་ཟླ་བ་སྣང་བཞིན་དུ། དེར་ནི་ནམས་ཀྱང་ཞུགས་པར་གྱུར་བ་མེད། དེ་བཞིན་བྱིས་པ་སྡང་ཞིང་ཆགས་གྱུར་ཀྱང། འདི་ན་འདོད་ཆགས་མེད་ཅིང་ཞེ་སྡང་མེད། འདོད་ཆགས་གཟུང་དུ་མེད་ཅིང་ཞེ་སྡང་མེད། གཏི་མུག་འོད་གསལ་རྐྱེན་རྣམས་སྟོང་པ་སྟེ། སེམས་ཅན་གཉིས་སུ་མེད་ཅིང་སྲོག་ཀྱང་མེད། ཆོས་འདི་གསོག་སྟེ་ཞི་ལ་སྙིང་པོ་མེད། མིག་ཀྱང་མེད་དེ་རྣ་བ་མེད་པ་ཡིན། སྣ་ཡང་མི་སྣང་ལྕེ་ཡང་དེ་བཞིན་དེ། འདི་དག་བེམས་པོའི་ཆོས་ཅན་སྙིང་པོ་མེད། བྱིས་པའི་སྐྱེ་བོ་རྨོངས་བྱེད་མྱོས་པར་བྱེད། ནམ་མཁའ་ལ་ནི་ཇི་ལྟར་མཐའ་མེད་ཅིང་། ཟད་པར་མི་འགྱུར་སྐྱེས་བ་མེད་པ་བཞིན། ཆོས་རྣམས་འདི་དག་ཐམས་ཅད་དེ་བཞིན་ཏེ། ནམ་མཁའི་ཆུ་ལྟར་དག་ཅིང་རྣམ་པར་དག །ཆོས་རྣམས་རྣམ་པ་སྣ་ཚོགས་བརྟགས་པ་སྟེ། བརྟགས་ན་དེ་ཡང་ནམ་ཀྱང་ཡོད་མ་ཡིན། བྱིས་པ་ཕུང་པོ་འདི་དག་འདྲ་བར་

(༥༦༧)འཛིན། དེ་ཡང་དེ་ལ་ནམས་ཀྱང་ཡོད་མ་ཡིན། ཤེས་ལྡན་དངོས་དང་དངོས་མེད་རྣམ་འཇིག་ཅིང་། ཆོས་ཉིད་འདི་དག་ཐམས་ཅད་ཞི་བར་མཐོང་། ཐམས་ཅད་མ་སྐྱེས་གཟུང་དུ་མེད་པར་མཐོང་། དེའི་ལུས་ནི་ནམས་ཀྱང་ཡོད་པ་མིན། ཆོས་རྣམས་འོད་གསལ་གྲོལ་ཞིང་རབ་ཏུ་གྲོལ། ཞི་ཞིང་མི་གནས་མྱ་ངན་འདས་གྱུར་ལ། དེ་ལ་ནམས་ཀྱང་གཟུང་དུ་མེད་པ་སྟེ། ཤེས་ལྡན་དེ་ལྟར་རྟོགས་ན་གྲོལ་བར་འགྱུར་ཞེས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ནི་དབུ་མའི་དོན་རྟོགས་པ་མ་ཡིན་ཏེ། སྒྱུ་མ་ལྟ་བུར་རྟོགས་པ་ལ་སྒྱུ་མར་འཛིན་པའི་དྲི་མ་ཡོད་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་དུ་རྟོགས་པ་དབུ་མའི་ལྟ་བ་རྟོགས་པ་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། མིང་རྐྱང་བརྟགས་ཡོད་དུ་རྟོགས་པ་ཡང་དབུ་མའི་དོན་རྟོགས་པ་མ་ཡིན་པར་འགྱུར་ཏེ། དེ་ལ་ཡང་མིང་འཛིན་གྱི་དྲི་མ་ཡོད་པའི་ཕྱིར་རོ། །ཞེས་པ་རྣམས་པ་ཀུན་དུ་མཚུངས་སོ། །ལུང་དང་ཡང་འགལ་ཏེ། མདོ་འདི་ཉིད་ལས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་གསུམ་པ་ཐམས་ཅད་ཡང་དག་པ་མ་ཡིན་པར་ཤེས་ཤིང་སེམས་ཅན་ཐམས་ཅད་མིག་ཡོར་དང་འདྲ་བར་ཤེས་པའི་ཕྱིར་རོ། །འཇམ་དཔལ་སྒྱུ་མ་ལྟ་བུའི་སེམས་ལ་གནས་པ་ལ་ནི་ཆོས་གང་ཡང་སྒྲིབ་པ་མེད་དོ། །འཇམ་དཔལ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་རང་གི་རྟོག་པས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་འགྱུར་ཏེ། མེད་པའི་ཆོས་རྣམས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ་འབུམ་ཕྲག་མང་པོ་ཉམས་སུ་མྱོང་པར་འགྱུར་རོ། །ཞེས་པ་དང་ཡང་འགལ་ལོ། །དེ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་

(༥༦༨)གྲུབ་པ། སྒྱུ་མ་ལྟ་བུར་གཏན་ལ་ཕབ་པའི་དམིགས་པ་ལ། མཐའ་གང་དུའང་མི་ཞེན་པའི་ཚུལ་དུ་རྩེ་གཅིག་ཏུ་བསྒོམས་པས་ཞི་གནས་གྲུབ་པ་ན། འཇིག་རྟེན་པའི་བསྒོམ་བྱུང་གི་མངོན་སུམ་ལ། སྒྱུ་མ་ལྟ་བུའི་གསལ་སྣང་ཅུང་ཟད་དང་བཅས་ཏེ་བདེན་བཞི་རྟོགས་ལ་མཐོང་ལམ་སྐྱེས་པའི་ཚེ་ན། འཇིག་རྟེན་ལས་འདས་པའི་བསྒོམ་བྱུང་མངོན་སུམ་གྱིས། གཉིས་སྣང་ནུབ་པའི་ཚུལ་གྱིས་བདེན་བཞི་སྔར་མ་མཐོང་བ་རྣམས་གསར་དུ་མཐོང་ལ། བསྒོམ་ལམ་མཉམ་བཞག་ཏུ་གཉིས་སྣང་ནུབ་པའི་ཚུལ་གྱིས་བདེན་བཞི་མཐོང་ཟིན་གོམས་པར་བྱས་པས་སངས་རྒྱས་པའི་ཚེ་ན། གཉིས་སྣང་གཏན་ཟད་པས་ཤེས་བྱ་མ་ལུས་པ་མངོན་སུམ་དུ་གཟིགས་པ་ཡིན་ནོ། །ཁོ་ན་རེའོ་ན། སློབ་ལམ་དུ་མཉམ་པར་བཞག་པའི་ཚེ་ན། བདེན་གཞི་མཐོང་ན་གཉིས་སྣང་ནུབ་པའི་ཚུལ་དུ་མཉམ་པར་བཞག་པ་འགལ་ཞིང་། སངས་རྒྱས་ནས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་ནས་གཉིས་སྣང་ཟད་པ་འགལ་ལོ་ཞེ་ན། འདི་ནི་གཉིས་སྣང་གཉིས་སྣང་ཞེས་པའི་མིང་ཙམ་ཐོས་པ་མ་གཏོགས་གཉིས་སྣང་གི་དོན་ལ་གོ་བ་མ་རྙེད་པ་ཡིན་ཏེ། གཉིས་སྣང་ཞེས་པའི་དོན་ནི་ཡོད་མེད་ལ་སོགས་པ་གཉིས་པའི་ཆོས་རྣམས་ལ་ངོ་བོ་ཉིད་དུ་སྒྲོ་བརྟགས་པས་དེའི་བག་ཆགས་ཡོངས་སུ་སྨིན་ཏེ་རྣམ་པར་ཤེས་པ་ལ་གཉིས་པའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟ་བུར་སྣང་བ་ལ་གཉིས་སྣང་ཟེར་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་གྲུབ་པ་དང་། བདེན་གྲུབ་ལྟར་སྣང་བའི་བདེན་སྣང་མེད་པའི་ཡུལ་ཅན་དང་། གཞལ་བྱ་འཇལ་བྱེད་ཡོད་ཙམ་ལ་ཟེར་བ་མ་ཡིན་ནོ། །གལ་ཏེ་ཡིན་ན་སངས་རྒྱས་ཀྱང་གཉིས་སྣང་མ་སྤངས་པར་འགྱུར་ཏེ། ཡུལ་ཡུལ་ཅན་དང་། གཞལ་བྱ་འཇལ་བྱེད་ཡོད་པའི་ཕྱིར་རོ། །འདོད་པ་མི་རིགས་ཏེ། སངས་རྒྱས་རྣམས་ནི་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་

(༥༦༩)བསྒོམས་པས་བདེན་ཞེན་བག་ཆགས་དང་བཅས་པ་སྤངས་ཤིང་། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་བསྒོམ་པས་གཉིས་སུ་སྣང་བའི་བག་ཆགས་དྲུང་ཕྱུང་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་ཏེ། རྣམ་མཁྱེན་མངོན་སུམ་མཚན་ཉིད་ཅན་སྐྱེས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། མདོ་འདི་རྣལ་འབྱོར་སྤྱོད་པའི་དབུ་མར་འཆད་མི་རིགས་སྟེ། འདི་ཉིད་ལས། འདི་དག་བེམས་པོའི་ཆོས་ཅན་སྙིང་པོ་མེད་ཞེས་གསུངས་པས་བེམས་པོ་བསྟན་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། ཁྱེད་རང་རྣམས་སེམས་ཙམ་གྱི་གཞུང་དུ་འདོད་པའི་མངོན་པ་ཀུན་ལས་བཏུས་ལས་མ་ཟིན་པའི་ཕུང་པོ་བཤད་པ་བཞིན་ནོ། །དགེ་འདིས་འགྲོ་བ་ཐམས་ཅད་ཀྱིས། སྒྱུ་མ་ལྟ་བུའི་དོན་རྟོགས་ནས། ལས་ཀྱི་སྒྲིབ་པ་སྤངས་པ་དང་། གཉིས་སྣང་བག་ཆགས་དྲུངས་ཕྱུང་སྟེ། གཉིས་མེད་རྣམ་མཁྱེན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་པས་སོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་ཚུལ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་

(༥༧༠)ལྡན་འདས་ལ་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ལས་ཀྱི་སྒྲིབ་པ་རྣམས་ནི་ལྟར་སོ་སོར་བཤགས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། སྟོན་པ་ཕུན་སུམ་ཚོགས་པས་ཞུ་བ་པོ་ལ་བཀའ་སྩལ་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པའོ། །གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་མདོ་འདི་ལེན་ཏམ། ཀུན་ཆུབ་པར་བྱེད་དམ་འཛིན་ཏམ། ཀློག་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན་དེ་ནི་བསོད་ནམས་ཀྱི་ཕུང་པོ་

(༥༧༡)ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། སྔ་ཕྱི་མེད་པར་མིའི་ལུས་ཐོབ་ནས་ཀྱང་རང་བྱང་ཆུབ་ཐོབ་པར་གྱུར་ཏེ། དེ་དག་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སྟི་སྟང་དང་། ཕུ་དུད་དུ་བྱ་བའི་ཕྱིར། གོས་དང་། ཟད་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོད་བྱད་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱས་ཏེ། རིམ་གྲོར་བྱ་བ་ལ་ལན་གཅིག་བཞིན་ཡང་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་རིན་པོ་ཆེ་རྣམས་ཡོངས་སུ་ཟད་པར་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ཏེ། གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་ཌུརྱ་དང་། ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་ལས་འཕང་དུ་དཔག་ཚད་བཅུ་པ་བྱས་ཏེ། དེ་དག་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བ་དན་ཕྲ་མོ་རྣམས་ཀྱིས་མཆོད་པ་བྱས་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་། མདོ་འདི་འཛིན་ཏམ། ཀུན་ཆུབ་པར་བྱེད་དམ། འདོན་པར་བྱེད་དམ། ཀློག་གམ། སྐྱེ་བོ་མང་པོ་ལ་ཡང་དག་པར་རབ་ཏུ་སྟོན་ཏམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དེ། བསོད་ནམས་ཀྱི་ཕུང་པོ་སྔ་མས། བསོད་ནམས་ཀྱི་ཕུང་པོའི་རྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །

(༥༧༢)དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སྒྲུབས་པ་འདི་ལ་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཕྱིར་རོ། །ཤཱ་རིའི་བུ་སྦྱིན་པ་རྣམས་ཀྱི་ནང་ན་ནི་འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་ནི་མཆོག་ཅེས་ངས་བཤད་དོ་ཞེས་པས་བསྟན་ཏོ། །མཐར་ཐུག་གི་འབྲས་བུ་ནི། མདོའི་དོན་ཚུལ་བཞིན་ཉམས་སུ་བླངས་ཏེ། ལས་ཀྱི་སྒྲིབ་པ་ལ་སོགས་སྒྲིབ་པ་རྒྱུན་བཅད་དེ། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ནས། དཀོན་མཆོག་གསུམ་དང་དེའི་སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་ཀྱི་སྤྱན་སྔར་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་དང་། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་རྣམས་ལ་འབད་ན། བྱང་ཆུབ་གསུམ་ཅི་རིགས་པར་ཐོབ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་བལྟ་བ་བཞིན་ནོ། །རྒལ་ལན་ནི། མཁས་པ་འགའ་ཞིག་མདོའི་ཆོ་ག་མི་བཞེད་པ་ནི་མི་འཐེད། མདོ་འདི་ཉིད་མདོའི་ཆོ་ག་ཡིན་པའི་ཕྱིར་དང་། མདོའི་ཆོ་ག་གཞན་ཡང་གསུངས་པ་དང་། མདོ་ཐམས་ཅད་མདོའི་ཆོ་གར་འདུས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མདོ་སྡེའི་ཆོ་ག་ལ་རྟེན་ནས། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་བཅད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

(༥༧༣)བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་བཱ་ར་ན་སཱིའི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་ཟག་པ་ཟད་པ་ཞེས་པ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བཀུ་ལ་དང་། ཚེ་དང་ལྡན་པ་བྱམས་པའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་རྣམས་ཕྱེམ་རེད་ཀྱི་དུས་སུ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་འདུས་མ་བགྱིས་པ་དང་། བསྟན་དུ་མ་མཆིས་པའི་བར་དུ་ལེགས་པར་བཤད་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མངོན་པར་འདུས་མ་བགྱིས་པ་དང་། འབྱུང་བ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། མཚན་ཉིད་མ་མཆིས་པ་དང་། འདུས་མ་བགྱིས་པ་དང་། བསྟན་དུ་མ་མཆིས་པའི་བར་དུ་ལེགས་པར་བཤད་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་

(༥༧༤)བར་གཤེགས་པ་ངོ་མཚར་ལགས་སོ་ཞེས་དེ་སྐད་སྨྲས། གསོལ་པ་བཅོམ་ལྡན་འདས་འདི་ལ་བདག་གཅིག་བུ་དབེན་པར་ཞུགས་ཏེ། ནང་དུ་ཡང་དག་བཞག་ན་སེམས་ལ་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་འདི་སྐྱེས་པར་གྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མ་མེད་པའི་ཆོས་རྣམས་ལ་མིང་དང་མཚན་མ་འདི་བཤད། ཤིན་དུ་བརྗོད་དུ་མེད་པའི་ཆོས་རྣམས་ལ་བརྗོད་པ་གསུངས་སྙམ་དུ་བཅོམ་ལྡན་འདས་དོན་གྱི་དབང་འདི་ཉིད་རབ་ཏུ་སེམས་པ་ན། བདག་ངོ་མཚར་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་འདི་མཐོང་ནས་འདི་སྐད་ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མཁྱེན་པར་འདུས་མ་བགྱིས་པ་དང་། འབྱུང་བ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། མཚན་ཉིད་མ་མཆིས་པ་དང་། འདུས་མ་བགྱིས་པ་དང་། བསྟན་དུ་མཆིས་པའི་བར་དུ་གསུངས་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ། །ཞེས་གསོལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་རང་བཞིན་མེད་པར་རྟོགས་པའི་ངང་ནས་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་འཆལ་པ་སྤངས་ཏེ་ཡང་དག་པའི་ཚུལ་ཁྲིམས་ལ་གནས་པ་དང་། ཆོས་ལོག་པར་སྟོན་པ་སྤངས་ཏེ། ཆོས་ཡང་དག་པ་སྟོན་པ་དང་། ལོག་པར་བལྟ་བ་སྤངས་ཏེ། ཡང་དག་པའི་ལྟ་བ་ལ་གནས་པ་དང་བཅས་པས་ལམ་ཉམས་སུ་བླངས་ཏེ་བྱང་ཆུབ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ལེའུ་དགུ་སྟེ། གླེང་གཞིའི་ལེའུ་སྟེ་དང་པོ་དང་། རང་བཞིན་མེད་པའི་ཚུལ་དུ་སངས་རྒྱས་རྗེས་སུ་དྲན་པའི་ལེའུ་སྟེ་གཉིས་པ་དང་། ཆོས་རང་བཞིན་མེད་པར་ཤེས་པའི་ངང་ནས་ཆོས་རྗེས་སུ་དྲན་པ་སྟོན་

(༥༧༥)པའི་དགེ་བའི་བཤེས་གཉེན་གྱི་ལེའུ་སྟེ་གསུམ་པ་དང་། དགེ་འདུན་རང་བཞིན་མེད་པར་ཤེས་ནས་རྗེས་སུ་དྲན་པར་བྱེད་པ་འཕགས་པའི་དགེ་འདུན་གྱི་ལེའུ་སྟེ་བཞི་པ་དང་། འཆལ་པའི་ཚུལ་ཁྲིམས་ཚར་བཅད་པའི་ལེའུ་སྟེ་ལྔ་པ་དང་། ཡོངས་སུ་མ་དག་པའི་ཆོས་བསྟན་པའི་ཉེས་དམིགས་བསྟན་པའི་ལེའུ་སྟེ་དྲུག་པ་དང་། ཆོས་ལོག་པར་བསྟན་པའི་སྔོན་གྱི་སྦྱོར་བའི་ལེའུ་སྟེ་བདུན་པ་དང་། དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། རྗེད་པར་བྱས་པ་དང་། མཆོད་པ་དང་། མཉེས་པར་བྱས་ཀྱང་། རང་བཞིན་གྱིས་གྲུབ་པ་མེད་པར་མ་རྟོགས་པའི་བར་དུ་ལུང་མ་བསྟན་པའི་ལེའུ་སྟེ་བརྒྱད་པ་དང་། ལེའུ་ཐ་མ་སྟེ་དགུ་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི་གང་ཟག་དང་། གཟུང་བ་དང་། འཛིན་པ་རྣམས་རང་བཞིན་དུ་གྲུབ་པར་ལྟ་བ་ནི་རྟག་པར་ལྟ་བ་དང་། འཇིགས་ཚོགས་ལ་འཇིག་ཚོགས་མ་ཡིན་པར་ལྟ་བ་ཡིན་པས་སྤངས་པར་བྱ་ཞིང་། གང་ཟག་དང་། གཟུང་བ་དང་། འཛིན་པ་རྣམས་མེད་པར་ལྟ་བ་ནི་ཆད་པར་ལྟ་བ་ཡིན་པས་སྤངས་ཏེ། མི་རྟོག་པའི་ཏིང་ངེ་འཛིན་ལ་ཆོས་རྣམས་གཟུགས་བརྙན་ལྟར་སྣང་ཞིང་སོ་སོར་རྟོགས་པའི་ཤེས་རབ་ཀྱི་རང་བཞིན་མེད་པའི་རྟེན་འབྲེལ་དུ་ངེས་པར་བྱེད་པ་ནི་ཡང་དག་པའི་དོན་བསྒོམ་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཡང་དག་དོན་ལ་གནས་བྱ་ཞིང་། ཚུལ་ཁྲིམས་ངན་དང་ཆོས་ལོག་སྟོན། ལོག་པར་ལྟ་བ་རྣམས་སྤངས་ཏེ། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག། ༈ །།

(༥༧༦)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྒྱལ་པོ་ལ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་གྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་སྟོང་ཉིས་རྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་ལྟ་བ་དང་ཞེས་པ་ནས་བཅོམ་ལྡན་འདས་ཅི་ནས་བདག་གི་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་ཀྱིས་བདག་ལ་གདམས་དུ་གསོལ། དེ་ལྟར་བདེ་བར་གཤེགས་པས་བདག་ལ་རྗེས་སུ་བསྟན་དུ་གསོལ་དེ་སྐད་ཅེས་གསོལ་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་ལ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཆོས་ཀྱིས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་མཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་མཐུན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་གང་ལ་ལ་ཞིག་ཆོས་སྤངས་ནས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་ན་དེའི་ཚེ་འདི་ཉིད་ལ་ཡ་རབས་ཀྱིས་སྨད་པར་བྱ་བ་ཡིན་ནོ། །ཕྱིས་ཀྱང་འགྱོད་པར་འགྱུར་རོ། །ལུས་ཞིག་ཏེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་

(༥༧༧)འགྱུར་རོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་གང་ལ་ལ་ཞིག་ཆོས་མ་ཡིན་པ་སྤངས་ཏེ། ཆོས་ཀྱིས་རྒྱལ་སྲིད་བྱེད་ཀྱིས་ཆོས་མ་ཡིན་པས་མི་བྱེད་ན། དེ་ཚེ་འདི་ཉིད་ལ་ཡ་རབས་ཀྱིས་བསྔགས་པར་བྱ་བ་ཡིན་ནོ། །ཕྱིས་འགྱོད་པར་ཡང་མི་འགྱུར་རོ། །ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཕ་མ་ནི་བུ་ལ་སྙིང་བརྩེ་བས་རྟག་ཏུ་བདེ་ཞིང་འཚེ་བ་མེད་པར་འདོད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒྱལ་པོས་ཀྱང་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་ཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་རྟག་ཏུ་བསྡུ་བ་རྣམ་བཞིས་བསྡུ་བར་བྱའོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱད་པ་དང་། དོན་མཐུན་པར་འགྱུར་རོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་འཆི་བ་མི་རྟག་པ་རྗེས་སུ་དྲན་ཏེ། ལམ་ཉམས་སུ་བླངས་ལ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་ཉིད་འདི་ནི་འགྲོ་བར་འགྱུར། འཆི་བདག་རབ་ཏུ་མི་བཟད་དོ། །ཁྱོད་ཀྱི་ཚེ་འདི་མི་བརྟན་གྱིས། རྒྱལ་པོ་བག་མེད་མ་བྱེད་ཅིག །ནོར་ནི་བཏང་གི་ལུས་ནི་བསྲུང་བར་བྱ། ཡན་ལག་བཏང་གི་སྲོག་ནི་བསྲུང་པར་བྱ། ནོར་དང་ཡན་ལག་རྣམས་དང་དེ་བཞིན་སྲོག །ཐམས་ཅད་བཏང་གི་འདིར་ནི་ཆོས་སྲུང་ངོ་། །ཆོས་སྤྱོད་པ་ནི་ཆོས་ལ་བསྲུང་བར་བྱེད། དཔེར་

(༥༧༨)ན་དབྱར་དུས་གདུགས་ཆེར་བསྲུང་བ་བཞིན། ཆོས་སྤྱོད་པ་ཡི་ཕན་ཡོན་འདི་ཡིན་ཏེ། ཆོས་སྤྱོད་པ་ནི་ངན་འགྲོར་མི་འགྲོའོ། །ཆོས་མ་ཡིན་པ་སྤྱོད་ཅིང་བག་མེད་པ། འདི་ནས་ཤི་འཕོས་ངན་འགྲོ་མི་ཟད་འགྲོ། གང་དུ་གནས་ན་འཆི་བས་མི་ཚུགས་པ། ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། བར་སྣང་མ་ཡིན་རྒྱ་མཚོའི་ནང་མ་ཡིན། རིའི་ཕུག་ཏུ་ཞུགས་ཀྱང་མི་ཕན་ནོ། །འཆི་བས་འཇིགས་པ་ཆེན་པོ་དེ་དག་ནི། ཕུང་པོ་འཇིག་ཅིང་སྲོག་འགག་ཤེས་གྱིས་ལ། འཆི་མེད་ཐོབ་པར་ཁྱོད་ནི་མོས་པར་གྱིས། མྱ་ངན་འདས་ཐོབ་ཕྱིན་ཆད་འཆི་མི་འགྱུར། ཞེས་གསུངས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་མི་རྟག་པར་བལྟ་ཞིང་ཟད་པ་དང་། ངེས་པའི་སྒོར་བལྟ་བར་བྱ་སྟེ་འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱིས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་མི་བྱའོ། །ཁྱོད་ཀྱིས་ཆོས་དང་མཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་མཐུན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། འཕན་མེད་པ། ཤིན་དུ་མཁྲེགས་པ། གཅིག་ཏུ་སྟུག་པ། གཞི་གནམ་ལ་རེག་ཅིང་ས་ཟློག་སྟེ། རྩྭ་དང་། ཤིང་དང་། ཤིང་གེལ་པ་དང་། ཡལ་ག་དང་། ལོ་མ་ཐམས་ཅད་དང་། སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་པ་དེ་དག་ལས་ནི་མགྱོགས་པས་འབྲོས་པ་འམ། ནོར་གྱིས་བཟློག་པ་འམ། སྔགས་དང་། རྫས་དང་། སྨན་རྣམས་ཀྱིས་བཟློག་པར་བྱ་བར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། དེ་དག་ལས་

(༥༧༩)མགྱོགས་པས་འགྲོས་པ་འམ། སྟོབས་ཀྱིས་བཟློག་པ་འམ། ནོར་གྱིས་བཟློག་པ་འམ། རྫས་དང་། སྔགས་དང་། སྨན་རྣམས་ཀྱིས་བཟློག་པར་བྱ་བར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཞིང་འོང་ན་ནི་ནད་མེད་པ་འཇོམས་ཞིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཞིང་འོང་། འཆི་བ་ནི་སྲོག་འཇོམས་ཞིང་འོང་སྟེ། དེ་དག་ལས་འགྱོགས་པར་བྲོས་པ་འམ། སྟོབས་ཀྱིས་བཟློག་པ་འམ། ནོར་གྱིས་བཟློག་པ་འམ། རྫས་དང་སྔགས་དང་། སྨན་རྣམས་ཀྱིས་ཞི་བར་བྱ་བར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཚོགས་ཀྱི་ནང་དུ་ཞུགས་ནས་རི་དགས་གཟུང་སྟེ། ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དགས་དེ་ནི་སྟོབས་པོ་ཆེའི་ཁ་མི་ཟད་པས་གཟུང་པས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་དག་གིས་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག །ཚིགས་ནི་བྱེ་བྲལ། ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འཕགས། སྐྱིགས་བུ་ནི་འབྱུང་སྒྲ་ངར་ངར་པོ་ནི་འཐོབ། སྨན་པས་ནི་བོར། སྨན་དང་ཁ་ཟས་དང་། བཟའ་བ་དང་། ཐུག་པ་ཐམས་ཅད་ཀྱིས་ནི་གླེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ།

(༥༨༠)ཐོག་མ་མེད་པའི་སྐྱེ་བ་དང་རྒ་བ་དང་། ན་བ་དང་། འཆི་བའི་འཁོར་བའི་རྒྱུན་དུ་ནི་ནུབ། སྲོག་ནི་ཅུང་ཟད་གཅིག་ལུས། གཤིན་རྗེའི་མིང་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང་། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཟིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་ཡང་སྲིད་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱབས་།།།ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་གདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་ཟིན། ནམ་མཁའ་ནི་འཆེལ། ཕ་མ་དང་། ཕོ་ནུ་དང་། སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ། ཀྱི་བུད་ཕ། ཀྱི་ཧུད་བུ་ཞེས་ནི་ཟེར་སྐྲ་ནི་ཞིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་པ་གཏོགས་པར་སྐྱབས་གཞན་མེད་དོ། །མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་། གནས་དང་། མགོན་དང་། སྟོན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། མི་རྟག་པ་ཡིས་དོན་རྟོགས་ནས། བྱང་ཆུབ་མྱུར་དུ་བསྒྲུབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྔ་བོ་ཆེ་ཞེས་བྱ་བ་ཐེག་པ་

(༥༨༡)ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་དག་དང་ཐབས་གཅིག་གོ །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་མང་པོ་དང་ཡང་ཐབས་གཅིག་གོ་ཞེས་པ་དང་། དགེ་བསྙེན་མ་དང་བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཆོས་སྟོན་པ་ནི་འདི་ལྟ་སྟེ། འཁོར་བཞི་པོ་རྣམས་ཀྱི་ནང་དུ་འདི་ལྟ་བུའི་ཆོས་ཀྱི་གཏམ། སྲིད་ཡོད་བདེ་དང་སྡུག་བསྔལ་ཏེ། ཟད་དང་རྟེན་ཡོད་མ་ཡིན་ནོ། །དེ་ལྟས་བདེ་སྡུག་སྤངས་པའི་ཕྱིར། མྱ་ངན་འདས་པ་མཆོག་ཏུ་བདེ། ཞེས་སྟོན་པར་མཛད་དོ་ཞེས་པས་བསྟན་ཏོ། །འཁོར་གྱི་གྲངས་ཀྱི་འགལ་སྤོང་ནི། འདིར་སྨྲས་པ། ཅིའི་ཕྱིར་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་དགེ་སློང་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་བྱ་བ་དེའི་གཏན་ཚིགས་བརྗོད་པར་བྱ་སྟེ། ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་མང་པོ་དང་འཁོར་མང་པོའི་གཙོ་བོ་དང་ལྡན་པ། འཁོར་རྟག་ཏུ་མི་ཕྱེད་པ། སྨད་དུ་བྱུང་པའི་ཆོས་དང་ཆོ་འཕྲུལ་མང་པོ་མངའ་བ་འོ་ཞེས་སྒྲ་གྲགས། གལ་ཏེ་དེ་ལྟར་ན་ནི་འཁོར་ལྔ་བརྒྱར་ཟད་ན། བཅོམ་ལྡན་འདས་འཁོར་བྱེ་བ་ཅན་དུ་འགྱུར་རོ། །ཡང་འདིར་སྨྲས་པ། འདུལ་བ་ཐམས་ཅད་ལ་མངའ་བསྒྱུར་བའི་སྟོབས་མངའ་བས་མཉན་ཡོད་ན་དེ་བཞིན་གཤེགས་པ་དགེ་སློང་ལྔ་བརྒྱ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་ཚིག་ཏུ་གསུངས་པ། ཅི་དཔེར་ན་མས་བུ་ཁུར་དུ་ཐོགས་ཏེ་རང་གི་ཡུལ་ནས་ཡུལ་གཞན་དུ་འགྲོ་བ་ན་

(༥༨༢)རང་གི་བུ་སྤྲོ་བ་སྤྲིང་པའི་ཕྱིར་བུ་གྲོང་ཉེའོ་ཞེས་བྱ་བའི་ཚིག་སྨྲ་བ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་འགྲོ་བ་རྗེས་སུ་བསྲུང་བ་རྣམས་དགེ་སློང་ལྔ་བརྒྱ་ཙམ་དང་ཐབས་གཅིག་གོ་ཞེས་བྱ་བ་ཡིན་ནམ་ཞེ་ན། དེ་དག་ལ་སྨྲས་པ། དགེ་སློང་དག་ཆོས་ཀྱི་གཏམ་འདི་ནི་ལན་གསུམ་དུ་བཟླས་པ་ཡིན་ཏེ། དེ་བས་ན་དགེ་སློང་ལྔ་བརྒྱ་ཙམ་ཞེས་བྱ་བ་དེ་དག་ནི་སྐྱེས་བུའི་གཙོ་བོ་རྣམས་ཡིན་པར་རིག་པར་བྱ་སྟེ། དོན་གཞན་ནི་མ་ཡིན་ནོ། །དཔེར་ན་ཁྱུ་མཆོག་རེ་རེ་ལ་ཡང་བ་ལང་གི་ཚོགས་ཡོད་པ་བཞིན་དུ་སྐྱེས་བུའི་གཙོ་བོ་ལ་ཡང་སློབ་མ་ལྔ་བརྒྱ་ཡོད་དེ། རེ་རེ་ལ་ཡང་སློབ་མ་ལྔ་བརྒྱ་ལྔ་བརྒྱ་ཡོད་དེ། དེ་ལྟ་བས་ན་ཉན་ཐོས་ཆེན་པོ་ལྔ་བརྒྱ་ཙམ་ཞེས་བྱ་སྟེ། ཡང་གླེང་གཞི་གཉིས་པ་ནི། འདི་ལྟ་སྟེ། འོད་བསྲུངས་ཆེན་པོ་དང་། དེ་བཞིན་དུ་ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་ཆེན་པོ་ལྔ་བརྒྱ་ཙམ་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་པ་ནས། ཁྱིམ་བདག་བཟང་སྦྱིན་ལ་སོགས་དགེ་བསྙེན་དུ་མ་དག་སྟེ་ཞེས་པའི་བར་གྱིས་འཁོར་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་མང་པོ་དེ་དག་ཐམས་ཅད་ཀྱི་གུང་ལ་བཞུགས་ནས་བཅོམ་ལྡན་འདས་ཆོས་ཀྱི་སྒོ་སྟོན་ཏོ་ཞེས་པས་སྟོན་པ་དང་། དེ་ནས་དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ། རང་གི་མལ་ནས་ལངས་ཏེ་བསམས་པ་ཞེས་པ་ནས་བཀའ་སྩལ་པ་ཀུན་དགའ་བོ་ཅིའི་ཕྱིར་རྔ་བོ་ཆེའི་སྒྲ་འབྱིན་གསོལ་པ། རྒྱལ་པོ་ཤཱཀྱའི་མགོན་པོ་བལྟ་ཞིང་མཆི་བ་དེས་རང་གི་དཔུང་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདེང་གིས་ཆོས་ཤིག་ཅེས་གོ་བར་བགྱིད་པ་ལགས་སོ་ཞེས་པས་འཁོར་དང་། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་ཆོས་ཀྱི་རྔ་བོ་ཆེ་བརྡུངས་ལ་ཆོས་ཀྱི་དུང་བུས་ཤིག་དང་། ངས་དེ་ནས་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་མདོ་བཤད་དོ། །ཞེས་

(༥༨༣)པ་ནས། གཞུང་རྫོགས་པའི་བར་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཀྱིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་། དེ་བཞིན་གཤེགས་པ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་ལས་གྲོལ་བས་ན། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། ཞི་བ་དང་། གཡུ་དྲུང་གི་སྐུའོ། །སྙམ་དུ་རྟོགས་པ་དང་། མཐར་ཐུག་ཐེག་པ་གཅིག་ཏུ་རྟོགས་ནས་ཐེག་པ་ཆེན་པོ་ལ་ཞུགས་ཏེ། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ལེའུ་དྲུག་སྟེ། འོད་བསྲུངས་འོང་པ་ཞེས་བྱ་བའི་ལེའུ་སྟེ་དང་པོ་དང་། འོད་བསྲུངས་ལ་དེ་བཞིན་གཤེགས་པའི་སྐུ་རྟག་པར་བསྟན་པ་ལ་དད་པ་དང་ཡིད་ཆེས་པར་གྱིས་ཤིག་ཅེས་བསྐུལ་བའི་ལེའུ་སྟེ་གཉིས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ལ་དད་པ་དེ་ཉིད་ཀྱིས་ལག་ཏུ་མདོ་སྡེ་རིན་པོ་ཆེ་འོང་པར་བསྟན་པའི་ལེའུ་སྟེ་གསུམ་པ་དང་། ཉན་ཐོས་ཐེག་པ་ཆེན་པོར་རྗེས་སུ་གཟུང་རན་པའི་དུས་བསྟན་པའི་ལེའུ་སྟེ་བཞི་པ་དང་། ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དང་། རྔ་དཀར་གྱི་དྲི་ལན་གྱི་ལེའུ་སྟེ་ལྔ་པ་དང་། གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་མདོ་འདི་རྒྱས་པར་བྱེད་པར་འགྱུར་བར་ལུང་བསྟན་པའི་ལེའུ་སྟེ་དྲུག་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ནི་ཕ་མའི་ཁུ་ཁྲག་ལས་སྐྱེས་པའི་སྐུར་ཞེན་པ་དང་། བསོད་སྙོམས་སྤྱོད་པའི་རྣམ་པར་བསྟན་པས། ཟས་ཀྱིས་

(༥༨༤)འཚོ་བར་ཞེན་པ་དང་། ལྷ་སྦྱིན་གྱིས་སྒྱོགས་འཕངས་པའི་ཚལ་པ་ཞབས་ཀྱི་མཐེའུ་ཆུང་ལ་ཕོག་སྟེ་ཁྲག་ཟགས་པའི་ཚུལ་བསྟན་པ་དང་། ང་རོ་རྒྱབ་ནའོ་ཞེས་གསུངས་པས་ནད་ལས་མ་ཐར་བར་ཞེན་པ་དང་། ས་ལ་ཟུང་གི་ཚལ་དུ་སྲོག་གི་དབང་པོ་འགགས་པར་འགྱུར་རོ་ཞེས་གསུངས་པས་འཆི་བ་ལས་མ་ཐར་བར་ཞེན་པ་དང་། ཤིང་ཟད་པའི་མེ་བཞིན་དུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་པས། འདུས་བྱས་འཇུག་པ་རྒྱུན་ཆད་ལ་འགྲོ་བར་བཞེན་པ་རྣམས་ནི་སངས་རྒྱས་ཀྱི་ཐབས་ལ་མཁས་པའི་མཛད་པ་ཁོང་དུ་མ་ཆུད་ཅིང་། ཐེག་པ་ཆུང་ངུའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་པ་ལ་བརྟེན་ནས། ཐེག་པ་ཆེན་པོ་ལས་ཉམས་ཤིང་ལས་ངན་པ་སོག་པར་འགྱུར་བས་དེ་སྤང་བར་བྱ་བའི་ཕྱིར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་སྙིང་པོའི་མདོ་རྣམས་སུ། ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དབང་གིས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒྱུན་ཆད་པ་ལ་སོགས་པ་ལས་འདས་པའི་ཆ་ནས། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། གཡུ་དྲུང་དང་། རྡོ་རྗེའི་སྐུ་ལ་སོགས་པར་བསྟན་པ་ཡིན་ཏེ། རྒྱུད་བླ་མ་ལས། བསམ་མི་ཁྱབ་རྒྱུར་འཆི་འཕོ་ཡིས། དེ་ནི་མི་འཆི་རྟན་པའི་ཕྱིར། དེ་ནི་ཡིད་ཀྱི་རང་བཞིན་གྱི། ལུས་ཀྱིས་སྐྱེ་མེད་རྟག་པའི་ཕྱིར། བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། ཟག་མེད་མངོན་པར་འདུ་བྱེད་ཀྱིས། གཡུང་དྲུང་ཕྱིར་ན་རྒ་བ་མེད་ཅེས་གསུངས་པ་ལྟར་རོ། །དེས་ན་ཐེག་པ་ཆེན་པོ་སྡེ་སྣོད་ནས། སངས་རྒྱས་ཀྱི་སྐུ་རྟག་པ་ཡོངས་སུ་བསྟན་པ་རྣམས་ནི་རྟག་ན་མ་བྱས་པས་ཁྱབ་པ་ལྟ་བུའི་རྟག་པར་སྟོན་པ་མ་ཡིན་ཞིང་། ཐེག་པ་ཆུང་ངུའི་སྡེ་སྣོད་ནས་དེ་བཞིན་གཤེགས་པའི་སྐུ་མི་རྟག་པར་

(༥༨༥)གསུངས་པའི་previous hit དགོངས next hit་ཡང་། ལྷག་མེད་དུ་མྱ་ངན་ལས་འདས་ན། འདུས་བྱས་འཇུག་པ་རྒྱུན་ཆད་ལ་སོང་བ་ལྟ་བུར་བསྟན་པ་རྣམས་སྒྲ་ཇི་བཞིན་པར་ཞེན་པའི་དོན་ལ་previous hit དགོངས next hit་ཡིན་གྱི། བྱས་ན་མི་རྟག་པས་ཁྱབ་པ་ལྟ་བུའི་མི་རྟག་པ་ལ་previous hit དགོངས next hit་མ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཤེས་ན། དྲང་བའི་དོན་གྱི་མདོ་དང་། ངེས་པའི་དོན་གྱི་མདོ་གཉིས་ཕུགས་ཀྱི་previous hit དགོངས next hit་མི་འགལ་བར་ཤེས་ཤིང་། མདོ་ཕན་ཚུན་སྒྲ་ཇི་བཞིན་པར་བཞེན་པ་ལ་རྟེན་ནས། ཕན་ཚུན་ཆོས་སྤོང་བའི་ཉེས་པས་མི་གོས་པའི་དགོས་པ་ཆེར་ཡོད་པ་ཡིན་ཏེ། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་འཆི་བྱེད་པའི་མི་རྟག་པ་ཡང་མ་ཡིན་ཞིང་། ཚོགས་གཉིས་ལས་བྱུང་པའི་བྱས་པ་ཡང་ཡིན་ལ་དོན་བྱེད་མི་ནུས་པའི་རྟག་པ་ཡང་མ་ཡིན་ཏེ། རྒྱུད་བླ་མ་ལས། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། བརྩེ་དང་འཕྲུལ་དང་མཁྱེན་པ་ཕུན་ཚོགས་དང་། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། ངོ་བོ་མེད་ཅིང་འཇིག་རྟེན་མགོན་པོ་རྟག་ཅེས་གསུངས་པ་ལྟ་བུའི་རྟག་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དམན་པའི་འདུ་ཤེས་རབ་སྤངས་ཏེ། ཐེག་ཆེན་previous hit དགོངས next hit་རྟོགས་གྱུར་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་སྔ་རབས་པས། བཀའ་ཐ་མར་བྱས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི་དགེ་སློང་སྟོང་ཉིས་

(༥༨༦)བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཅིག་པུ་དབེན་པར་འདུག་པ་ན། སེམས་ཀྱིས་སེམས་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་སོ། །སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར་ན། བདེ་བར་གཤེགས་པ་ཆོས་ཀྱི་རྗེའི་སྤྱན་སྔར་བདག་སོང་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་སོང་བའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅིག་སོགས་པར་འགྱུར་བའི་དོན་དེ་ཞུ་བར་བྱའོ་སྙམ་དུ་སེམས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱི་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་ཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་འཇོག་ལ་མཆིས་པ་ན་སེམས་ཀྱིས་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། རིགས་ཀྱི་བུ་འམ་རིགས་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆི་བའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅིག་སོག་པར་འགྱུར་སྙམ་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཕལ་

(༥༨༧)པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུ་བ་ལེགས་སོ་ལེགས་སོ། །གང་ཁྱོད་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ཏེ། དོན་འདི་ཡོངས་སུ་ཞུ་བར་སེམས་དཔའ་དེ་ནི་ཤཱ་རིའི་བུ་དོན་དེ་ཉིད་རྣམ་པར་ཤེས་པར་བྱ་བའི་ཕྱིར་དཔེས་བསྟན་པར་བྱ་སྟེ། སྐྱེས་བུ་གང་ཟག་འགའ་ཞིག་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་བས་གང་འདི་འཛམ་བུའི་གླིང་དང་ཉེ་བའི་གླིང་ཞེས་དང་སྲིད་དུ་དཔག་ཚད་བདུན་སྟོང་ཡོད་པའི་འཛམ་བུའི་གླིང་དེ་ན་གང་སྲོག་ཆགས་གནས་པ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་བཀོད་དེ། ལག་མཐིལ་ལྟར་མཉམ་པར་བྱས་པ་རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། ཡུག་རྣམས་ལ་འཛམ་བུའི་གླིང་ཙམ་གྱི་མཆོད་རྟེན་སྲིད་དུ་ཚངས་པའི་འཇིག་རྟེན་གྱི་བར་ལ་ཐུག་པར་བཙིགས་ཏེ། མཆོད་རྟེན་དེ་ལ་ལྷའི་སྤོས་དང་། ལྷའི་མེ་ཏོག་དང་། ལྷའི་ཕྲེང་བ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱི་མཆོད་པ་བྱས་ལ། དེ་ནས་སྐྱེས་བུ་དེ་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས་གང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བྱ་སྟེ། མ་དྷུ་ཀའི་ཏིལ་མར་གྱིས་རྒྱ་མཚོ་ཆེན་པོ་བཞི་ལྟར་བཀང་བའི་ནང་དུ་སྙིང་པོ་རི་རབ་ཙམ་བཙུགས་ལ། བསྐལ་པ་མང་པོའི་མཐའི་ཇི་སྲིད་པར་མར་མེའི་རྒྱུན་མི་འཆད་པར་བུས་ན། ཤ་རིའི་བུ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་བཞི་དེ་ལས་བསོད་ནམས་མང་དུ་སོག་སྙམ་འམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་འདས་པ་ལགས་ཏེ། བཅོམ་

(༥༨༨)ལྡན་འདས་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ལོ། བདེ་བར་གཤེགས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ལོ། །བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་དང་། རྒྱ་སྟོང་གི་ཆ་དང་། གྲངས་དང་། རྒྱུ་དང་། བགྲང་བར་ཡང་ཉེ་བར་མི་འགྲོའོ། །དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ །དེའི་ཚེ་དེར་གློག་གི་རྒྱུན་ཆེན་པོ་བྱུང་ངོ་། །ལྷ་རྣམས་ཀྱི་རྔ་སྒྲ་སྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པ་བསྒྲུབ་པ་ཞེས་བྱ་བར་ཟུང་ཤིག །དེའི་དོན་ནི་དེ་ལྟར་བལྟ་བར་བྱ་སྟེ། དེ་དེ་བཞིན་དུ་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དགེ་སློང་གཞན་དག་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། དཀོན་མཆོག་གསུམ་གྱིས་སྐྱབས་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།

(༥༨༩)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་པ། ཡང་དག་པར་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱུང་ནས་ཇི་ལྟར་ཞུས་པའི་ཚུལ་ནི། དེའི་ཚེ་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་འོད་མའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་ནས་ཡུལ་མ་ག་དྷའི་རྒྱལ་པོ་གཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་ལས་བགྱིས་ཤིང་བསགས་པ་འགགས་ནས་ཡུན་རིང་དུ་འགགས་པ་འགུམ་པའི་དུས་ཀྱི་ཚེ་ཉེ་བར་གནས་ཤིང་ཡིད་ལ་མངོན་དུ་འགྱུར་ལགས། འདུ་བྱེད་ཐམས་ཅད་སྟོང་པ་ལ་ཇི་ལྟར་ལས་རྣམས་ཆབ་མི་འཚལ་བར་གདའ་དེ་སྐད་ཅེས་གསོལ་

(༥༩༠)པ་དང་ཞེས་པས་བསྟན་ཏོ། །དེའི་ལན་སྟོན་པས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་སྲིད་པ་འཕོ་ཚུལ་དང་། ལས་འགགས་པའི་འབྲས་བུ་མྱོང་ཚུལ་རྟོགས་པས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་ཏེ། བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ལས་འགགས་པའི་འབྲས་བུ་མྱོང་ཚུལ་ནི། རྨི་ལམ་རྨིས་པ་སད་དུས་དྲན་པའི་སེམས་བསྟན་པ་དང་། སྲིད་པ་འཕོ་ཚུལ་རྟེན་འབྲེལ་ཙམ་དུ་བསྟན་པའོ། །ཚིག་གི་དོན་ནི། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་མི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་རྨིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དེ་དྲན་ན་རྒྱལ་པོ་འདི་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དེ་ཡོད་དམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། འོ་ན་གང་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་ལ་མངོན་པར་ཞེན་པའི་མི་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་ཡང་ཤིན་དུ་མ་མཆིས་ཤིང་དམིགས་ལགས་ན། དེ་དང་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། འདི་ལྟར་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་

(༥༩༡)པ་ཡང་མིག་གི་གཟུགས་རྣམས་མཐོང་ན་ཡིད་བདེ་བར་འགྱུར་བའི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་ནས་ཀུན་དུ་ཆགས་པར་འགྱུར་རོ། །ཀུན་དུ་ཆགས་ནས་འདོད་ཆགས་ལས་བྱུང་པ་དང་། ཞེ་སྡང་ལས་བྱུང་པ་དང་། གཏི་མུག་ལས་བྱུང་པའི་ལས་ལུས་དང་། ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་དེ། ལས་དེ་མངོན་པར་འདུས་བྱས་པར་གྱུར་ནས་འགག་གོ །འགག་པ་ན་ཤར་ཕྱོགས་སུ་བསྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་སུ་མ་ཡིན། ནུབ་ཕྱོགས་སུ་མ་ཡིན། བྱང་ཕྱོགས་སུ་མ་ཡིན་ཏེ། སྟེང་དུ་མ་ཡིན། འོག་ཏུ་མ་ཡིན། ཕྱོགས་འཚམས་སུ་བརྟེན་ཏེ་གནས་པ་མ་ཡིན་ནོ། །དུས་གཞན་ཇི་ཙམ་ཞིག་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་དེ་དང་། བསྐལ་པ་འདྲ་བའི་ལས་ཟད་ནས་རྣམས་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན། ཉལ་ཉལ་བ་ལས་ཨད་པའི་མིའི་ཡུལ་གྱི་བུད་མེད་བཟང་མོ་ལྟ་བུར་ལས་དེ་ཡིད་ལ་མངོན་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་རྣམ་པར་ཤེས་པ་ཐ་མ་འགག་ཅིང་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་ལྷའི་ནང་དུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷ་མ་ཡིན་གྱི་ནང་དུ། ཡང་ན་ནི་སེམས་ཅན་དམྱལ་བ་རྣམས་སུ། ཡང་ན་ནི་དུད་འགྲོ་རྣམས་སུ། ཡང་ན་ནི་ཡི་དགས་རྣམས་སུ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་རྔོན་པ་དེ་དང་བསྐལ་པ་འདྲ་བའི་སེམས་ཀྱི་རྒྱུད་འབྱུང་ངོ་། །རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ་འཆི་འཕོ་དང་། སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་

(༥༩༢)ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། སྐྱེ་བའི་ཆར་གཏོགས་པ་འབྱུང་བའི་ཚེ་ཡང་གང་ནས་ཀྱང་མི་འོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ་ལས་རྣམས་ཆུད་མི་ཟ་བར་མངོན་པ་ཡང་ཡོད་དོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོའི་སྐྱེ་བའི་ཆར་གཏོགས་པ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་པ་མངོན་པའི་སེམས་ཀྱི་རྒྱུད་འབྱུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏེ། འདི་དག་ཐམས་ཅད་མིང་ཙམ་སྟེ། འདུ་ཤེས་ཙམ་དུ་གནས་པ་ཡིན། བརྗོད་པ་ལས་ནི་གཞན་གྱུར་པ། བརྗོད་པར་བྱ་བ་ཡོད་མ་ཡིན། མིང་ནི་གང་དང་གང་གིས་སུ། ཆོས་རྣམས་གང་དང་གང་བརྗོད་པ། དེ་ལ་དེ་ནི་ཡོད་མ་ཡིན། འདི་ནི་ཆོས་རྣམས་ཆོས་ཉིད་དོ། །མིང་གིས་མིང་ཉིད་སྟོང་པ་སྟེ། མིང་ནི་མིང་གིས་ཡོད་མ་ཡིན། མིང་མེད་པ་ཡི་ཆོས་རྣམས་ཀུན། མིང་གིས་ཡོངས་སུ་བརྗོད་པར་བྱ། ཆོས་རྣམས་འདི་དག་ཡོད་མིན་ཏེ། རྟོག་པ་ལས་ནི་ཀུན་དུ་འབྱུང་། གང་གིས་སྟོང་བར་རྣམ་རྟོག་པ། རྟོག་པ་དེ་ཡང་འདི་ན་མེད། མིག་གིས་གཟུགས་ནི་མཐོང་ངོ་ཞེས། ཡང་དག་

(༥༩༣)གཟིགས་པས་གང་གསུངས་པ། འཇིག་རྟེན་ལོག་པའི་ང་རྒྱལ་ཅན། ཀུན་རྫོབ་བདེན་པར་དེ་གསུངས་སོ། །ཚོགས་ནས་མཐོང་ཞེས་གང་དག་ཏུ། འདྲེན་པར་རབ་ཏུ་བསྟན་མཛད་པ། དེ་ནི་དོན་དམ་དག་པའི་བར། བློ་དང་ལྡན་པས་བཀའ་སྩལ་ཏོ། །མིག་གིས་གཟུགས་རྣམས་མི་མཐོང་ཞིང་། ཡིད་ཀྱིས་ཆོས་རྣམས་མི་རིག་པ། དེ་ནི་བདེན་པ་མཆོག་ཡིན་ཏེ། དེ་ལ་འཇིག་རྟེན་མི་དཔོགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། ལས་འགགས་ནས་ཡུན་རིངས་ལོན་པས་འབྲས་བུ་བསྐྱེད་པར་འདོད་པ་དབུ་མ་ཐལ་འགྱུར་བའི་ཁྱད་ཆོས་ཡིན་ཞེས་སྨྲ་བ་མི་རིགས་ཏེ། མདོ་འདི་ནས་ལས་འགགས་པས་འབྲས་བུ་བསྐྱེད་པ་བསྟན་པ་དང་མཐུན་པར་གྲུབ་མཐའ་སྨྲ་བ་བཞི་ཁ་འདོད་པའི་ཕྱིར་རོ། །ཐེག་པ་ཆུང་ངུའི་མདོ་དུ་མ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟད། ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར་ཞེས་པའི་དོན་གྲུབ་མཐའ་སྨྲ་བ་བཞི་ཁ་འདོད་པའི་ཕྱིར་རོ། །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་ནི། ཐོབ་པ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་ཅིང་། ཉན་ཐོས་གཉིས་ཀས་ཐུན་མོང་དུ་

(༥༩༤)ཞིག་པ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ལས་དང་སྲིད་འཕོ་རྟོགས་པ་ཡི། ཡང་དག་ལྟ་བ་ལ་རྟེན་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྣམ་པར་འཐག་པ་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་བཅུ་དང་། ལྷ་དྲུག་ཁྲི་དང་། དགེ་སློང་སྟོང་ཕྲག་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ལ་བབ་སྟེ། འདི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་དབྱར་གནས་ཤིང་བཞུགས་པའི་ཐ་མ་ཡིན་ནོ་ཞེས་པ་ནས། པད་མ་འདབ་མ་སྟོང་ཕྲག་བརྒྱ་པས་ཁེབས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གླེང་གཞི་གཉིས་པའི་འཁོར་གསར་དུ་འདུས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཚངས་པ་བྱེ་བ་ཕྲག་སྟོང་ཇི་སྙེད་ཡོད་པའི་ཚངས་པ་དེ་དག་རེ་རེ་ཞིང་ཡང་གཡོག་འཁོར་བྱེ་བ་ཕྲག་སྟོང་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་ཞེས་པ་ནས། དབང་ཆེ་བར་གྲགས་པ་དག་གིས་གང་པར་མ་གྱུར་པ་ནི་ཐ་ན་འཁར་བའི་རྩེ་མོ་གཟུགས་པའི་ཕྱོགས་ཙམ་ཡང་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་སྟོན་previous hit ་ནི། དེ་ནས་བཅོམ་ལྡན་འདས་དགོངས next hit་ཤིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བཞེངས་ནས་ཀྱང་འཁོར་ལ་ལན་

(༥༩༥)གསུམ་གཟིགས་སོ། །ཞེ་པ་ནས། སྟོང་སུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་ལན་གསུམ་ཁྱབ་པར་མཛད་ཅིང་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེས་ཁྱབ་པར་མཛད་ནས་ཡང་རྣམ་པར་གཟིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ལ་གཉིས་ཏེ། བྱམས་པ་ལ་བཀའ་ཡས་སྩལ་དུ་མཛད་པ་དང་། སླར་ཞུས་པའི་ཚུལ་ནི། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་བསྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་རྣམ་པ་ཇི་ལྟ་བུས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་འདི་ཡུན་རིང་དུ་གནས་པར་འགྱུར་བ་དེ་ལྟ་བུར་ཆོས་ལེགས་པར་བསྟན་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དབང་ཕྱུག་ཆེན་པོས་ཞུས་པ་ནི། དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོས་གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་ཕྲག་བརྒྱད་བཅུའི་གཡོག་འཁོར་དང་ལྡན་བས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། དེ་བཞིན་གཤེགས་པའི་བསྟན་པ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་དུ་གསོལ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་བར་རིག་ནས་ཕྱོགས་གཅིག་ཏུ་འདུག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་

(༥༩༦)སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། མི་ཕམ་པ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མ་གསུངས་པ་དེ་མི་བཞུགས་སོ། །མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བ་གང་ཆོས་ཀྱི་རྣམ་གྲངས་འདི་གསུངས་བར་མི་འགྱུར་བ་གང་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཆོས་འདི་ལ་སྦྱངས་བ་མ་བྱས་པར་ཆོས་སྟོན་པ་དེ་ནི་དེ་བཞིན་གཤེགས་པ་ལ་བཀུར་བ་འདེབས་པ་ཡིན། ཆོས་སྤོང་བ་ཡིན། དགེ་འདུན་ལ་སྨོད་པ་ཡིན་ནོ། །སུ་དཀོན་མཆོག་གསུམ་ལ་ལོག་པར་ཞུགས་པ་དེ་ནི་ངས་ངན་སོང་ལ་སེམས་ཅན་དམྱལ་བ་པར་གསུངས་སོ། །བྱམས་པ་དེ་ལྟ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་གང་དག་བདག་ལ་འཁྲུལ་པ་མེད་པར་འདོད་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་ཁོང་དུ་ཆུད་པར་བྱས་ལ་དེ་ནས་གདོད་ཆོས་བསྟན་པར་བྱའོ། །བྱམས་པ་ཕྱི་མའི་དུས་ན་དམ་པའི་ཆོས་བསྡུ་བ་འདི་ཁྱོད་ཀྱི་ལས་ཡིན་གྱིས་སོམས་ཤིག་ཅེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཏེ། སངས་རྒྱས་བཅོམ་ལྡན་འདས་གང་འགའི་ཀླུང་གི་བྱེ་མ་སྙེད་ལ་ཉིན་གཅིག་བཞིན་དུ་དབུལ་བ་ཕུལ་བ་བས། གང་ཞིག་གིས་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོའི་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་ཐ་ན་ལན་གསུམ་ཀླགས་ན། འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གང་རྣམ་པར་འཐག་པ་ཐམས་ཅད་བསྡུས་

(༥༩༧""པའི་མདོ་འདི་ལ་བསླབས་པའི་བསོད་ནམས་ཀྱི་ཕུང་པོ་དང་མཉམ་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མེད་དོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་དག་ནན་ཏན་གྱིས་བསྒྲུབས་ན་ཆོས་ཀྱི་རྣམ་གྲངས་འདི་དེ་ལྟར་དོན་ཆེ་ཞིང་དེ་ལྟར་འབྲས་བུ་ཆེ་སྟེ་ཕན་ཡོན་ཆེ་ལ་གསལ་བ་ཆེ་ཞིང་རྒྱས་པ་ཆེའོ། །འཇམ་དཔལ་དེ་ལྟ་བས་ན་ཁྱེད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བསླབས་ཏེ་ཕྱི་མའི་དུས་ན་ཆོས་གཟུང་བར་བྱའོ། །དེ་ལྟར་ན་ཁྱེད་མ་སྨས་པར་ཐར་བར་འགྱུར་ཞེས་པའི་བར་གྱིས་གནས་སྐབས་ཀྱི་དགོས་པ་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། གདུལ་བྱ་རྣམས་ཆོས་སྤོང་གི་ལས་ཀྱིས་མི་གོས་པར་ཆོས་གཟུང་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི། ཆོས་དང་ཆོས་སྨྲ་བ་ལ་སྨད་པ་དང་། སྤངས་པ་ནི། སྡིག་པ་དང་། ཉེས་དམིགས་ཆེ་བར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྙིགས་དུས་ཀྱི་སྐྱེ་བོ་རྣམས་ཐེག་པ་ཆུང་ངུའི་སྡེ་སྣོད་ལ་ཞེན་ཅིང་། ཐེག་པ་ཆེན་པོའི་སྡེ་སྣོད་སྤོང་བ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ལ་ཞེན་ཅིང་ཐེག་པ་ཆུང་ངུའི་སྡེ་སྣོད་སྤོང་བ་དང་། མཚན་ཉིད་ལ་ཞེན་ཅིང་སྔགས་ལ་སྨོད་པ་དང་། སྔགས་ལ་ཞེན་ཅིང་མཚན་ཉིད་ལ་སྨོད་པ་དང་། བཤད་རྒྱུད་ལ་ཞེན་ཅིང་བསྒྲུབ་རྒྱུད་ལ་སྨོད་པ་དང་། བསྒྲུབ་རྒྱུད་ལ་ཞེན་ཅིང་བཤད་བརྒྱུད་ལ་སྨོད་པ་དང་། རང་གི་གྲུབ་མཐའ་ལ་མི་བདེན་ཀྱང་ཞེན་ཅིང་། གཞན་གྱི་གྲུབ་མཐའ་ལ་བདེན་ཀྱང་སྨོད་པ་ལ་སོགས་པ་ཆོས་ལུགས་གཅིག་གཟུང་ནས་གཞན་

(༥༩༨)སྤོང་བ་རྣམས་རུང་བ་ཡིན་ནམ་ཞེ་ན། དེ་ནི་རུང་བ་དང་རིགས་པ་མ་ཡིན་ཏེ། དེ་དག་ནི་ལས་ཀྱི་སྒྲིབ་པ་རྒྱ་ཆེར་སོག་པ་ཡིན་པའི་ཕྱིར། མདོ་སྡེ་འདི་ཉིད་ནས་རྒྱ་ཆེར་བཀག་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་དང་ཆོས་སྨྲ་སྤོང་བ་སོགས། ལས་ཀྱི་སྒྲིབ་པ་ཀུན་སྤངས་ཏེ། འགྲོ་ཀུན་དམ་ཆོས་འཛིན་རྒྱུར་ཅིག །འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་བྱ་རྒྱུད་ཡིན་ནོ།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་ག་ཡ་ན་ག་ཡའི་གོ་རི་ལ་ཞེས་པས་སོ། །འཁོར་ལ་གསུམ་ལས། ཐེག་པ་ཐུན་མོང་བའི་འཁོར་ནི་དགེ་སློང་བདུན་ཁྲི་ཉིས་སྟོང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས། གང་ཟག་གཅིག་མ་གཏོགས་པ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་སློབ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་གཅིག་སྟེ་ཞེས་པ་ནས་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟན་པའི་ཚུལ་འཛིན་པའི་འཇིག་རྟེན་པའི་འཁོར་ནི། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་གསུམ་བཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་རྣམས་དང་ཞེས་པ་ནས་

(༥༩༩)མི་དང་མི་མ་ཡིན་པ་དག་གིས་མ་གང་བར་གྱུར་བའི་སའི་ཕྱོགས་སམ། བར་སྣང་གི་ཕྱོགས་དེ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། འཁོར་དེ་ལྟ་བུ་འདུས་ཤིང་འཁོད་པའི་དབུས་ན་བཅོམ་ལྡན་འདས་སེང་གེའི་ཁྲི་འཕང་དུ་དཔག་ཚད་གཅིག །ཁོ་ན་འཁོར་ཡུག་ཏུ་དཔག་ཚད་ཕྱེད་པ་ལ་ལྷའི་གདན་བརྒྱ་སྟོང་དུ་མ་ནི་བཏིང་ཞེས་པ་ནས། དེའི་ཚེ་ན་འོད་ཟེར་དེ་དག་ཞུགས་ཀྱང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ཕྱེ་བ་འམ་བཙུམས་པར་མི་མངོན་ནོ། །འདི་ལྟ་སྟེ་དཔེར་ན། བྱེ་མའི་ཕུང་པོ་ལ་མར་རམ་འབྲུ་མར་རམ། ཆུ་ཞུགས་ན་མི་མངོན་པ་དེ་བཞིན་དུ། དེའི་ཚེ་ན་འོད་ཟེར་དེ་དག་ཞུགས་ཀྱང་ཕྱེ་བ་འམ་བཙུམས་པར་མི་མངོན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་བྱང་ཆུབ་སེམས་དཔའ་པའི་སྙིང་པོ་ཇི་ལྟར་བྱུང་བའི་ཚུལ་ནི། དེ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་པད་མ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན། པད་མའི་སྤྱན་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟ་སྟེ། ཐེག་པ་གཅིག་ལ་བརྩམས་ནས་ཆོས་སྟོན་ཏེ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ་པད་མའི་སྙིང་པོ་

(༦༠༠)ཕྱོགས་གཅིག་ཏུ་འདུག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་གནང་ནས་པད་མའི་སྙིང་པོ་ལ་སོ་སོ་ཅི་རིགས་པར་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་སྐབས་ཕྱེ་བར་གསོལ་ཞིང་། སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བསྟན་ལས་ལངས་ཏེ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་དངོས་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་དེ་སྐད་ཅེས་གསོལ་པ་དང་། ཞེས་པས་བསྟན་ཏོ། །སྟོན་པས་ལན་གསུངས་པ་ལ། ལན་གསུངས་པར་ཞལ་གྱིས་བཞེས་ཤིང་ཉན་པར་གདམས་པ་དང་། ལན་དངོས་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཡང་རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཤིང་། དེ་ལྟར་དེ་བཞིན་གཤེགས་པ་ལ་ཁྱོད་འདི་ལྟ་བུའི་དོན་འདྲི་བར་སེམས་པ་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་ཤིན་དུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་པས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་ཞེས་པས་

(༦༠༡)བསྟན་ཏོ། །གཉིས་པ་ལན་དངོས་ཀྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བགྱིད་དམ། ཁ་ཏོན་བགྱིད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་བགྱིད་ན། དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྟོགས་པའི་སེམས་ཅན་རྣམས་ལ་སྦྱིན་པ་ལྷུག་པར་བྱིན་ཏེ་དེ་ལྟར་སྦྱིན་པ་བསྐལ་པ་བརྒྱ་སྟོང་མང་པོར་བྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བྲིས་ལེགས་པར་ཞུས་ཏེ། སེམས་དད་པས་སེམས་ཅན་དད་པ་ལ་བྱིན་ན། དེ་བས་ཀྱང་འདི་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། ཟང་ཟིང་གི་སྦྱིན་པ་ནི་ཕྲན་ཚེགས་ཏེ། ཆོས་ཀྱི་སྦྱིན་པ་ནི་རྫུ་འཕྲུལ་ཆེ་བའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འཁོར་བ་ན་འཁོར་བའི་སེམས་ཅན་རྣམས་ཀྱིས་ཟང་ཟིང་ནི་རྣམ་པ་དུ་མར་མྱོང་གི །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རོ་ནི་ནམ་ཡང་མ་མྱོང་སྟེ། འཇིག་རྟེན་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་གང་ལ་ལས་སྟོང་གསུམ་སྟོང་ཆེན་པོའི་འཇིག་རྟེན་གྱི་

(༦༠༢)ཁམས་སུ་གཏོགས་པའི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་བཀོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ན། དེ་བས་འདི་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ནི་འདི་ལས་བྱུང་ངོ་། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་བཀོད་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ན། དེ་བས་འདི་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་འདི་ཉིད་ལ་བརྟེན་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་སྣང་བར་འགྱུར་རོ། །ཆོས་འདི་ཉིད་ལ་རྟེན་ན་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་འགྱུར་རོ། །ཆོས་འདི་ཉིད་ལ་བརྟེན་ན། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་པར་འགྱུར་ཏེ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་གཟུང་བ་དང་། ཀླག་པ་དང་། སྤེལ་བ་དང་། ཁ་ཏོན་བྱས་པས་མདོ་སྡེ་ཐམས་ཅད་གཟུང་བ་དང་། ཀླག་པ་དང་། སྤེལ་བ་དང་། ཁ་ཏོན་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ། རིགས་ཀྱི་བུ་འདི་ནི་ཆོས་ཐམས་ཅད་ཀྱི་མ་མོ་སྟེ། རིགས་ཀྱི་བུ་ཆོས་ཉིད་འདི་མ་ཐོབ་པར་ཆོས་ཉིད་རྒྱ་ཆེན་པོ་འཐོབ་པར་མི་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ་བླ་གོས་

(༦༠༣)ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བདག་ཅག་གིས་ཆོས་ཉིད་འདི་ཐོབ་པས་སྐྱེ་བའི་འཁོར་བ་ཆེན་པོ་བས་པར་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་དང་། སྟོན་པའི་སའི་ཕྱོགས་དེ་བྱང་ཆུབ་ཀྱི་སྙིང་པོར་གཟུང་བར་བྱའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གཟུང་བར་བྱའོ། །མཆོད་རྟེན་ཆེན་པོར་གཟུང་བར་བྱའོ། །བདག་ཅག་གི་སྟོན་པ་གནས་འདི་ན་བཞུགས་པར་གཟུང་བར་བྱའོ། །རིགས་ཀྱི་བུ་དག་དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་འདི་ནི་བྱང་ཆུབ་བོ། །ཆོས་ཉིད་འདི་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། རིགས་ཀྱི་བུ་དག་ཆོས་འདི་མཆོད་པས་དེ་བཞིན་གཤེགས་པ་རྣམས་མཆོད་པར་འགྱུར་རོ། །ས་ཕྱོགས་གང་ན་ཆོས་སྨྲ་བ་དེ་གནས་པ་དེ་ལ་ཡང་མཆོད་རྟེན་དུ་འདུ་ཤེས་བསྐྱེད་པར་བྱ་སྟེ། ཆོས་སྨྲ་བ་དེ་ལ་ཡང་བླ་མར་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་པར་བྱའོ། །ལམ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་སྨྲ་བ་དེ་མཐོང་ན་དགའ་བ་དང་། དད་པ་དང་། རངས་པ་བསྐྱེད་པར་བྱའོ། །རིམ་གྲོར་བྱས་ཏེ་སྟན་ལ་བདར་བར་བྱའོ། །ཆོས་སྨྲ་བ་དེའི་བསྔགས་པ་བརྗོད་པར་བྱའོ། །ལེགས་སོ་ཞེས་བརྗོད་པ་མང་བར་བྱའོ། །རིགས་ཀྱི་བུ་གང་ངས་བསྐལ་པ་འམ། བསྐལ་

(༦༠༤)པ་ལས་ལྷག་པར་ཆོས་སྨྲ་བ་དེའི་བསྔགས་པ་བརྗོད་ཀྱང་། ཆོས་སྨྲ་བ་དེ་ལ་ཅུང་ཟད་ཀྱང་ཕན་པར་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་འདི་ལྟ་སྟེ། བཀུར་སྟིར་བྱ་བ་དང་། བཙུན་པར་བྱ་བ་དང་། བསྔགས་པ་བརྗོད་པ་ནི་གྱི་ན་ཅུང་ཟད་དུ་ཟད་དོ། །རིགས་ཀྱི་བུ་དག་གལ་ཏེ་ཆོས་འདི་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་ཆོས་སྨྲ་བ་དེ་འོང་བའི་ལམ་བདག་གི་ཁྲག་གིས་ཆག་ཆག་བྱས་ནས་ཀྱང་ཆོས་སྨྲ་བ་དེ་ལ་ཕན་པ་ཅུང་ཟད་ཀྱང་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་གཟུང་བ་འདི་ནི་དཀའ་བའོ། །རིགས་ཀྱི་བུ་དག་ཆོས་སྨྲ་བ་དེས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དང་། བསྟན་པ་དང་། ཡང་དག་པར་སྟོན་པའི་ཚེ་འཇིགས་པ་མེད་པར་བྱའོ། །མ་ཞུམ་པ་དང་། དཔའ་མ་གོང་བ་དང་། ཞེས་མ་འགྲས་པའི་སེམས་དང་། གོས་གཙང་མ་བགོས་ཏེ་དད་པ་བསྐྱེད་པར་བྱའོ། །བདག་གི་བསྔགས་པ་བརྗོད་ཀྱང་མི་བསྙེམས་པ་དང་། ང་རྒྱལ་དུ་མི་གཟུང་བར་བྱ་སྟེ། བདག་མི་བསྟོད། གཞན་ལ་མི་སྨོད་ཅིང་། དེས་ཟང་ཟིང་མེད་པའི་སེམས་ཀྱིས་རི་མོར་བྱས་ཏེ་ཆོས་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་འམ། བསྟན་པར་འགྱུར་བའི་ས་ཕྱོགས་དེར་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཆོས་སྨྲ་བ་དེ་ལ་སྨན་པར་བགྱིད་པའི་སླད་དུ་བདག་ཅག་དཔུང་དང་བཅས་འཁོར་དང་བཅས་ཏེ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཉིད་ཡོངས་སུ་བསྲུང་པར་བྱའོ་ཞེས་པས་གནས་སྐབས་ཀྱི་ཕན་ཡོན་

(༦༠༥)དང་། མཐར་ཐུག་གི་དགོས་པ་ནི་མདོའི་དོན་རྟོགས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་དྲི་བ་བརྒྱ་ཐམ་པའི་དོན་རེ་རེ་ལ་དོན་བཅུ་བཅུའི་སྒོ་ནས་ལན་གནང་པས་བསྟན་ཏོ། །དྲི་བ་བརྒྱ་ནི་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་བརྩོན་འགྲུས་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་བསམ་གཏན་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་ཐབས་ལ་མཁས་པ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་སྟོབས་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ས་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན་ཆུ་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན་མེ་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན་རླུང་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན་ནམ་མཁའ་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན་ཟླ་བ་ལྟ་བུ་རྣམས་ལགས། ཇི་ལྟར་ན་ཉི་མ་ལྟ་བུ་རྣམས་ལགས། ཇི་ལྟར་ན་སེང་གེ་ལྟ་བུ་རྣམས་ལགས། ཇི་ལྟར་ན་དུལ་བ་རྣམས་ལགས། ཇི་ལྟར་ན་ཅང་ཤེས་པ་རྣམས་ལགས། ཇི་ལྟར་ན་པད་མ་ལྟ་བུ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་རྒྱ་ཆེ་བ་རྣམས་ལགས། ཇི་ལྟར་སེམས་རྣམ་པར་དག་པ་རྣམས་ལགས། ཇི་ལྟར་ན་སེམས་ནེམ་ནུར་མ་མཆིས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལྟ་བུ་

(༦༠༦)རྣམས་ལགས། ཇི་ལྟར་ན་བློ་ཞིབ་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤོབས་པ་ཅན་རྣམས་ལགས། ཇི་ལྟར་ན་གྲོལ་བའི་སྤོབས་པ་ཅན་རྣམས་ལགས། ཇི་ལྟར་ན་རྣམ་པར་དག་པའི་སྤོབས་པ་ཅན་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཐམས་ཅད་མགུ་བར་བྱེད་པའི་སྤོབས་པ་ཅན་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོ་ག་གཟུང་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་བརྗོད་པ་རྣམས་ལགས། ཇི་ལྟར་ན་ཆོས་རྗེས་སུ་འབྲང་བ་རྣམས་ལགས། ཇི་ལྟར་ན་ཆོས་ཀྱི་དབྱིངས་ལ་མཁས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་བ་རྣམས་ལགས། ཇི་ལྟར་ན་མཚན་མ་མེད་པ་ལ་གནས་པ་ལགས། ཇི་ལྟར་ན་སྨོན་ལམ་ལ་གནས་པ་ཐམས་ཅད་དང་བྲལ་བ་རྣམས་ལགས། ཇི་ལྟར་ན་བྱམས་པའི་བདག་ཉིད་ཅན་རྣམས་ལགས། ཇི་ལྟར་ན་སྙིང་རྗེའི་བདག་ཉིད་ཅན་རྣམས་ལགས། ཇི་ལྟར་ན་དགའ་བ་ལ་གནས་པ་རྣམས་ལགས། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་རྣམ་པར་རོལ་པ་རྣམས་ལགས། ཇི་ལྟར་ན་མི་ཁོམ་པ་བརྒྱད་རྣམ་པར་སྤངས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་མ་སྟོར་བ་རྣམས་ལགས། ཇི་ལྟར་ན་སྐྱེ་བ་དྲན་པ་རྣམས་ལགས། ཇི་ལྟར་ན་དགེ་བའི་བཤེས་གཉེན་དང་མ་བྲལ་བ་རྣམས་ལགས། ཇི་ལྟར་ན་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་འགྱུར་བ་ཐོབ་པར་འགྱུར་བ་རྣམས་ལགས། ཇི་ལྟར་གཅིག་ལུས་རྡོ་རྗེ་ལྟར་སྲ་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་

(༦༠༧)སེམས་དཔའ་དེད་དཔོན་ཆེན་པོ་རྣམས་ལགས། ཇི་ལྟར་ན་ལམ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ལམ་མ་ལོག་པར་སྤྱོད་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སེམས་མཉམ་པར་བཞག་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཕྱག་དར་ཁྲོད་པ་རྣམས་ལགས། ཇི་ལྟར་ན་ཆོས་གོས་གསུམ་པ་རྣམས་ལགས། ཇི་ལྟར་ན་ཕྱིང་པ་ཅན་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསོད་སྙོམས་པ་རྣམས་ལགས། ཇི་ལྟར་ན་སྟན་གཅིག་པ་རྣམས་ལགས། ཇི་ལྟར་ན་ཟས་ཕྱིས་མི་ལེན་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དགོན་པ་བ་རྣམས་ལགས། ཇི་ལྟར་ན་ཤིང་དྲུང་བ་རྣམས་ལགས། ཇི་ལྟར་ན་བླ་གབ་མེད་པ་རྣམས་ལགས། ཇི་ལྟར་ན་དུར་ཁྲོད་པ་རྣམས་ལགས། ཇི་ལྟར་ན་ལྕོག་བུ་བ་རྣམས་ལགས། ཇི་ལྟར་ན་གཞི་ཇི་བཞིན་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྤྱོད་པ་རྣམས་ལགས་སམ། ཇི་ལྟར་ན་མདོ་སྡེ་འཛིན་པ་རྣམས་ལགས། ཇི་ལྟར་ན་འདུལ་བ་འཛིན་པ་རྣམས་ལགས། ཇི་ལྟར་ན་ཆོ་ག་དང་སྤྱོད་ཡུལ་དང་། སྤྱོད་པ་དང་། སྨོན་ལམ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན་སེར་སྣ་དང་ཕྲག་དོག་དང་བྲལ་བ་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་རྣམས་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བགྱིད་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ང་རྒྱལ་བཅོམ་པ་རྣམས་ལགས། ཇི་ལྟར་ན་དད་པ་མང་བ་རྣམས་ལགས། ཇི་ལྟར་ན་ཀུན་རྫོབ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་དོན་དམ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་

(༦༠༨)བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བདག་ཤེས་པ་རྣམས་ལགས། ཇི་ལྟར་ན་འཇིག་རྟེན་ཤེས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་རྣམས་ལགས། ཇི་ལྟར་ན་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བ་རྣམས་ལགས། ཇི་ལྟར་ན་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ལགས། ཇི་ལྟར་ན་འཚོ་བ་ཡོངས་སུ་དག་པ་རྣམས་ལགས། ཇི་ལྟར་ན་ཡིད་ཡོངས་སུ་མི་སྐྱོ་བ་རྣམས་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བགྱིད་པ་རྣམས་ལགས། ཇི་ལྟར་ན་འཛུམ་ཞིང་ཁྲོ་གཉེར་མ་མཆིས་པ་རྣམས་ལགས། ཇི་ལྟར་ན་མང་དུ་ཐོས་པ་རྣམས་ལགས། ཇི་ལྟར་ན་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ལགས། ཇི་ལྟར་ན་ཆོས་ཀྱི་རྒྱལ་པོའི་སྲས་རྣམས་ལགས། ཇི་ལྟར་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བས་བསུ་བ་རྣམས་ལགས། ཇི་ལྟར་ན་བསམ་པ་དང་། བག་ལ་ཉལ་འཚལ་བ་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་ཆོ་ག་འཚལ་བ་རྣམས་ལགས། ཇི་ལྟར་ན་དེས་པ་རྣམས་ལགས། ཇི་ལྟར་ན་འགྲོགས་ན་བདེ་བ་རྣམས་ལགས། ཇི་ལྟར་ན་བསྡུ་བའི་དངོས་པོ་རྣམས་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ཚུལ་དུ་ཤིས་པ་རྣམས་ལགས། ཇི་ལྟར་ན་གནས་བཅའ་བ་རྣམས་ལགས། ཇི་ལྟར་ན་རྩིའི་རྒྱལ་པོའི་ཤིང་ཆེན་པོ་ལྟ་བུ་རྣམས་ལགས། ཇི་ལྟར་ན་བསོད་ནམས་བགྱི་བ་ལ་བརྩོན་པ་རྣམས་ལགས། ཇི་ལྟར་ན་སྤྲུལ་པ་ལ་མཁས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་

(༦༠༩)ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཐེག་པ་ཆེན་པོའི་སྡེ་སྣོད་འདི་ཉིད་ལས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་བསྐལ་པ་གྲངས་མ་མཆིས་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་འགྲུབ་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མ་ཡིན་ནོ། །རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ཡུལ་བསྒྲུབ་པར་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་མི་ནུས་ཀྱི། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་འགྱུར་བ་དེའི་ཚེ་ནས་བརྩམས་ཏེ་བསྐལ་པ་བགྲངས་པར་བྱའི། ཐོག་མའི་སེམས་ནས་བརྩམས་ཏེ་དེ་ནི་མ་ཡིན་ནོ་ཞེས་གསུངས་ལ། ཐེག་པ་ཆུང་ངུའི་སྡེ་སྣོད་ནས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱ་བར་གསུངས་པའི་ཕྱིར། ཐེག་པ་ཆུང་ངུའི་ལམ་གྱི་རིམ་པ་རྣམས་སངས་རྒྱ་བ་མྱུར་བ་ཡིན་ནམ་ཞེས་འགའ་ཞིག་སེམས་པར་གྱུར་ན། དེ་ནི་མ་ཡིན་ཏེ། ཐེག་པ་ཆུང་ངུའི་སྡེ་སྣོད་ནས་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱ་བར་གསུངས་པ་ནི། བློ་དམན་པའི་གང་ཟག་དངང་པ་སྤང་བའི་ཕྱིར། དུས་ཐུང་ངུར་བསྟན་པ་ཡིན་པས་དྲང་བའི་དོན་ཡིན་ལ། ཐེག་པ་ཆེན་པོའི་ལུགས་ནི་ངེས་པའི་དོན་ཡིན་ནོ། །ཡང་སྔ་རབས་པ་ཁ་ཅིག །གཞི་གྲུབ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་གསུང་བ་ནི་མི་རིགས་ཏེ། དེ་ལྟར་ཡིན་ན། དོན་དམ་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་

(༦༡༠)འགྱུར་བ་ལས་དེ་ལྟར་མ་ཡིན་ནོ། །ཡང་འགའ་ཞིག་གིས་ཆོས་ཅན་དང་ཆོས་ཉིད་གཉིས་སུ་བྱས་པའི་ཆོས་ཅན་གྱི་ཆ་རྣམས་ཀུན་རྫོབ་བདེན་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལ་ཆོས་ཉིད་ཀྱང་ཆོས་ཅན་ཡིན་པས་སྐྱོན་སྔ་མ་ལྟར་གནས་ཤིང་། ཁྱད་པར་རྒྱུ་དང་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་རྣམས་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་རྟོག་བརྟགས་འབའ་ཞིག་པ་ཡིན་ལ། དེ་ཡང་གྲུབ་མཐའ་ངན་པས་བརྟག་པའི་རྟོག་བརྟགས་དང་། ལྷན་སྐྱེས་མ་རིག་པས་བརྟགས་པའི་རྟོག་བརྟགས་གཉིས་ལས། སློབ་དཔོན་ཟླ་བ་གྲགས་པ་ནི་རྟོག་བརྟགས་ཕྱི་མ་ཁོ་ན་ཀུན་རྫོབ་བདེན་པར་འདོད་པ་ཡིན་ནོ། །ལང་ཀར་གཤེགས་པའི་མདོ་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། རྒྱུ་ལས་སྐྱེས་དང་གསུམ་དུ་འདོད། བརྟགས་པ་དག་ནི་ཀུན་རྫོབ་སྟེ། དེ་ཆད་འཕགས་པའི་སྤྱོད་ཡུལ་ལོ་ཞེས་གསུངས་པ་ལྟར། སྒྲོ་བརྟགས་ཀུན་རྫོབ་ཀྱི་བདེན་པ་དང་། དེས་བདེན་པ་དོན་དམ་གྱི་བདེན་པ་དང་། རྒྱུ་རྐྱེན་ལས་སྐྱེས་པ་རྣམས་བདེན་པ་གཉིས་ཀ་མ་ཡིན་པའི་རྟེན་འབྲེལ་དུ་མདོ་འདི་ཉིད་ལས་རྒྱ་ཆེར་བསྟན་ཏེ། སྒྲོ་བརྟགས་ཀུན་རྫོབ་ཀྱི་བདེན་པར་སྟོན་པ་ནི། མདོ་འདི་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་སུའང་འདོགས་ལ་དོན་དམ་པར་ན་གཟུགས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འདོགས་ལ། དོན་

(༦༡༡)དམ་པར་ན་རྣམ་པར་ཤེས་པ་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སའི་ཁམས་སུ་ཡང་འདོགས་ལ། དོན་དམ་པར་ན་སའི་ཁམས་སུ་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སུ་ཡང་འདོགས་ལ། དོན་དམ་པར་ན་རྣམ་པར་ཤེས་པའི་ཁམས་སུ་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །མིག་གི་སྐྱེ་མཆེད་དུ་ཡང་འདོགས་ལ། དོན་དམ་པར་ནི་མིག་གི་སྐྱེ་མཆེད་དུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །དེ་བཞིན་དུ་རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དུའང་འདོགས་ལ། དོན་དམ་པར་ན་ཡིད་ཀྱི་སྐྱེ་མཆེད་དུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །བདག་ཏུ་འང་འདོགས་ལ་དོན་དམ་པར་ན་བདག་ཏུ་འང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སེམས་ཅན་དུའང་འདོགས་ལ་དོན་དམ་པར་ན་སེམས་ཅན་དུ་འང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་ཡང་འདོགས་ལ། དོན་དམ་པར་སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །འཇིག་རྟེན་དུ་འང་འདོགས་ལ་དོན་དམ་པར་ན་འཇིག་རྟེན་དུ་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །འཇིག་རྟེན་གྱི་ཆོས་རྣམས་སུ་འང་འདོགས་ལ། དོན་དམ་པར་ན་འཇིག་རྟེན་གྱི་ཆོས་རྣམས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སངས་རྒྱས་རྣམས་སུའང་འདོགས་ལ་དོན་དམ་པར་ན་སངས་རྒྱས་ཀྱི་ཆོས་རྣམས་སུ་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །བྱང་ཆུབ་ཏུ་ཡང་འདོགས་ལ་དོན་དམ་པར་ན་བྱང་ཆུབ་པར་བྱེད་པ་ཡང་མི་

(༦༡༢)དམིགས་ཤིང་དེ་ལ་མངོན་པར་མི་ཆགས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་གང་མིང་དང་། འདོགས་པ་དང་། ཐ་སྙད་འདི་ནི་ཀུན་རྫོབ་ཅེས་བྱ་སྟེ། ཀུན་རྫོབ་ཀྱི་ཆོས་རྣམས་ལ་ནི་དོན་དམ་པ་མེད་མོད་ཀྱི་ཀུན་རྫོབ་ཀྱི་ཆོས་རྣམས་མེད་པར་ཡང་དོན་དམ་པ་བསྟན་པ་ཡང་མི་ནུས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་གནས་དེ་དག་ལ་ཀུན་རྫོབ་ཏུ་མཁས་ཤིང་དོན་དམ་པར་མ་ཡིན་པ་དེ་ནི་ཀུན་རྫོབ་ལ་མཁས་པ་ཞེས་བྱའོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །སྒྲོ་བརྟགས་དེ་ལྟ་བུས་དབེན་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དོན་དམ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མི་སྐྱེ་བའི་ཆོས་ཉིད་དང་ལྡན་པ་རྣམས་ཡིན། མི་འགག་པའི་ཆོས་ཉིད་དང་། མི་འཇིགས་པའི་ཆོས་ཉིད་དང་། མི་ལེན་མི་འདོར་བའི་ཆོས་ཉིད་དང་། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཆོས་ཉིད་དང་། སྨྲར་མེད་པའི་ཆོས་ཉིད་དང་། སྤྲོས་པ་མེད་པའི་ཆོས་ཉིད་དང་། བརྗོད་དུ་མེད་པའི་ཆོས་ཉིད་དང་། ཞི་བའི་ཆོས་ཉིད་དང་། འཕགས་པའི་ཆོས་ཉིད་དང་ལྡན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་མི་སྐྱེ་བའོ། །མི་འགག་གོ །མི་འཇིག་གོ །མི་ལེན་ཏོ། །མི་འདོར་རོ། །ཡི་གེ་དག་གིས་སྨྲ་བར་བྱ་བ་མ་ཡིན་ནོ། །ཡི་གེ་རྣམས་ཀྱིས་མི་བརྗོད་དོ། །སྤྲོས་པས་མི་རྟོགས་སོ། །རིགས་ཀྱི་བུ་དོན་དམ་པར་ནི་བརྗོད་དུ་མེད་པ་སྟེ་ཞི་བའོ། །འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའོ། །རིགས་ཀྱི་བུ་དོན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་མི་འཇིགས་པ་སྟེ་རིགས་ཀྱི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་

(༦༡༣)ངུར་སྨྲིག་གྱོན་ལ་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་ཆོས་འདི་ཁོ་ན་ཐོབ་པར་བྱ་བའི་ཕྱིར་མགོ་བོའི་ཐོབ་པ་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཤིང་གནས་སོ། །རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལས་མཁས་པ་ཞེས་བྱའོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་རྣམས་ཡིན་ནོ། །རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་ཅིང་འབྲེལ་བར་འབྱུང་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཞིང་། དོན་དམ་པའི་བདེན་པ་ཡང་མ་ཡིན་ལ། ཀུན་རྫོབ་བདེན་པའི་སྒྲོ་བརྟགས་བཞི་དང་། དོན་དམ་བདེན་པའི་ཆོས་ཅན་ཡིན་ཏེ། དེས་ན་བདེན་གཉིས་ལས་ལོག་པར་སྟོན་པ་ནི་མདོ་འདི་ཉིད་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་གསོག་ཉིད་དུ་རབ་ཏུ་ཤེས། གསོབ་ཉིད་དང་། སྙིང་པོ་མེད་པ་ཉིད་དང་། མིག་ཡོར་ལྟ་བུ་ཉིད་དང་། གཟུགས་བརྙན་ལྟ་བུ་ཉིད་དང་། སྒྲ་བརྙན་ལྟ་བུ་ཉིད་དང་། སྒྱུ་མ་ལྟ་བུ་ཉིད་དང་། མི་གནས་པ་ཉིད་དང་། གཡོ་བ་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུའང་རབ་ཏུ་ཤེས་སོ། །དེ་དག་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་ནི་འདི་ལྟར་གསོག །འདི་ལྟར་གསོབ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་མིག་ཡོར་ལྟ་བུར། འདི་ལྟར་གཟུགས་བརྙན་ལྟ་བུར། འདི་ལྟར་སྒྲ་བརྙན་ལྟ་བུ། འདི་ལྟར་སྒྱུ་མ་ལྟ་བུ། འདི་ལྟར་མི་གནས་པ། འདི་ལྟར་གཡོ་བ།

(༦༡༤)འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཡང་འདི་དག་སྐྱེ་བར་སྣང་ངོ་། །གནས་པ་དང་འཇིག་པར་ཡང་སྣང་ངོ་སྙམ་མོ། །དེ་དག་འདི་ལྟར་སེམས་ཏེ། ཡང་ཆོས་འདི་རྣམས་སྐྱེ་བའི་རྐྱེན་ནི་གནག་རྣམས་ཡིན། ཆོས་འདི་རྣམས་འགག་པའི་རྐྱེན་ནི་གང་རྣམས་ཡིན་སྙམ་མོ། །དེ་དག་འདི་ལྟར་སེམས་ཏེ། མ་རིག་པའི་རྐྱེན་གྱིས་ཆོས་འདི་དག་སྐྱེས་ཏེ། མ་རིག་པ་ལས་བྱུང་པའོ། །མ་རིག་པ་སྔོན་དུ་འགྲོ་བའོ། །མ་རིག་པ་ལ་རྟེན་ནས་འདུ་བྱེད་རྣམས་འབྱུང་བ་ཡིན། འདུ་བྱེད་ལ་རྟེན་ནས་རྣམ་པར་ཤེས་པ་སྣང་པར་འགྱུར་རོ། །རྣམ་པར་ཤེས་པ་ཡོད་ན་མིང་དང་གཟུགས་སུ་འདོགས་པར་འགྱུར་རོ། །མིང་དང་གཟུགས་སུ་བཏགས་ན། སྐྱེ་མཆེད་དྲུག་རྣམས་སུ་འདོགས་པར་འགྱུར་རོ། །སྐྱེ་མཆེད་དྲུག་རྣམས་ཡོད་ན་རེག་པར་འགྱུར་རོ། །རེག་པ་ཡོད་ན་ཚོར་བ་རྣམས་འབྱུང་བར་འགྱུར་ཏེ། ཚོར་བའི་རྒྱུས་བྱིས་པ་རྣམས་སྲེད་པས་ཉེན་པར་འགྱུར་རོ། །སྲེད་པས་ཉེན་ན་ལེན་པ་འཛིན་ཏོ། །ལེན་པ་གཟུང་ན་སྲིད་པའི་མཚམས་སྦྱོར་བར་འགྱུར་རོ། །སྲིད་པ་ཡོད་ན་སྐྱེ་བར་འགྱུར་རོ། །སྐྱེ་བ་ཡོད་ན་དགའ་བར་འགྱུར་རོ། །སྐྱེས་བུ་གང་ཟག་རྒ་བའི་ཆོས་ནི་འཆི་བར་འགྱུར་རོ། །ཤི་བ་ལ་གནས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡི་མུག་པ་དང་། འཁྲུག་པ་རྣམས་འབྱུང་སྟེ། འདི་ལྟ་སྟེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་པར་འགྱུར་རོ། །དེ་ལྟ་བས་ན་མཁས་པའི་རང་བཞིན་ཅན་གྱིས་མ་རིག་པ་སྤང་བར་ནན་ཏན་དུ་བྱའོ། །མ་རིག་པ་ཞིག་པ་དང་། མ་རིག་པ་རྩ་བ་ནས་དབྱུང་བ་དང་། མ་རིག་པ་དགག་པའི་ཕྱིར་ནན་ཏན་བྱའོ། །མ་རིག་པ་འགགས་པས་མ་རིག་པའི་རྐྱེན་ལས་སྐྱེས་པ། མ་རིག་པ་ལས་བྱུང་པ། མ་རིག་པ་སྔོན་དུ་འགྲོ་བ། མ་རིག་པ་ལ་རྟེན་པའི་

(༦༡༥)ཆོས་འདི་དག་འགག་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་ལྷག་མ་རྣམས་ཀྱང་འགག་པར་འགྱུར་རོ། །དེ་བཞིན་དུ་མ་རིག་པ་འགགས་ན། མི་ཤེས་པ་སྤངས་པས་ཉོན་མོངས་པ་རྣམས་ཀྱང་མི་འབྱུང་ངོ་། །འགྲོ་བ་རྣམས་ཀྱང་མི་འབྱུང་ངོ་། །འཁོར་བའི་རྒྱུ་རྣམས་ཀྱང་འགག་པར་འགྱུར་རོ། །མྱ་ངན་ལས་འདས་པ་དང་ཡང་ཉེ་བར་འགྱུར་རོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བདེན་པ་གཉིས་གང་ཡང་མ་ཡིན་པར་ཤེས་པར་བྱ་ཞིང་། ཀུན་རྫོབ་ཀྱི་བདེན་པ་ནི་རིགས་ཤེས་ཀྱི་དགག་བྱ་དང་། དོན་དམ་བདེན་པ་ནི་རིགས་ཤེས་ཀྱི་སྙེད་དོན་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རིགས་ཤེས་དང་སྒྲོ་འདོགས་གཉིས་ཀའི་ཐུན་མོང་གི་དམིགས་པ་ཡིན་པར་ཤེས་པར་བྱ་སྟེ། ངེས་དང་སྒྲོ་འདོགས་ཞེན་ཡུལ་ཅིག །ཞེན་སྟངས་ཐ་དད་ཕྱིར་ན་སེལ་ཞེས་པ་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཟབ་ཅིང་རྒྱ་ཆེའི་མདོ་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ཕུན་སུམ་ཚོགས་པ་ལ་གསུམ་ལས། ཐེག་པ་ཐུན་མོང་བའི་དགེ་སློང་གི་དགེ་འདུན་གྱི་ཚུལ་འཛིན་པའི་འཁོར་ནི། གནས་བསྟན་འོད་བསྲུངས་ཆེན་པོ་ལ་སོགས་པ་དགེ་སློང་ས་ཡང་ཕྲག་དགུ་དང་བརྒྱད་

(༦༡༦)འབུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་། དགྲ་བཅོམ་པ་ཞེས་པ་ནས། ཡང་དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏཱ་མཱི་ལ་སོགས་པ་དགེ་སློང་མ་ས་ཡ་ཕྲག་དྲུག་དང་ལྔ་འབུམ་ཡང་ཕྱེམ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་དང་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པས་སོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་དགེ་སློང་གི་དགེ་འདུན་གྱི་འཁོར་ནི། ཡང་དེའི་ཚེ་སྤྲིན་ཆེན་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་གཙོ་ཆེན་པོ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་དང་ཞེས་པ་ནས། དེ་ལ་སོགས་ཏེ་བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དྲུག་དང་། བརྒྱད་འབུམ་ཡང་ཕྱེམ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། ཡང་དེའི་ཚེ་སེང་གེ་སྒྲོན་མ་སོགས་པའི་ལི་ཙ་བྱི་གཞོན་ནུ་ས་ཡ་ཕྲག་ལྔ་དང་། བརྒྱད་འབུམ་ལ་འདི་ལྟ་སྟེ། ལི་ཙ་བྱི་གཞོན་ནུ་ཆོས་བྱིན་ཞེས་བྱ་བ་དང་ཞེས་པ་ནས་ཡང་དེའི་ཚེ་དེ་དག་དང་གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་

(༦༡༧)དང་། སྲིན་པོ་དང་། གྲུལ་བུམ་དང་། འབྱུང་པོ་དང་། གཅོད་བྱེད་ཀྱི་བུ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་དང་། ཚངས་པ་དང་། ནགས་ཀྱི་ལྷ་དང་། བྱ་དང་། རིག་སྔགས་འཆང་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་གྱི་ལྷ་མོའི་ཚོགས་དུ་མ་དག་ཀྱང་ཆོས་ཀྱི་འདུ་སྟོན་གྱི། མཆོག་གི་དཀྱིལ་འཁོར་ཆེན་པོ་ཐོས་ཏེ། རབ་ཏུ་དགའ་བར་གྱུར་ནས་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཐེག་པ་ཆེན་པོ་རྒྱས་པར་བྱ་བར་འདོད་པ། མཚུངས་པ་མེད་པའི་མདོ་ཆེན་པོའི་བསྒྲུབ་པ་གཟུང་བར་འདོད་པ། དམ་པའི་ཆོས་ཀྱི་ཕྱོགས་སུ་གཏོགས་པའི་སེམས་ཅན་རྣམས་ཡུན་རིང་དུ་གནས་པར་འདོད་པ་མ་འོངས་པའི་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་རྒྱ་ཆེན་པོ་སྐྱེད་པ་དང་། དམ་པའི་ཆོས་གནས་པར་འདོད་པ་རྣམས་ཕྱེམ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཆོས་ཀྱི་འདུ་སྟོན་ལ་མཆོད་པ་བྱས་ཏེ། མཚན་མཐའ་ཡས་པས་ཡང་དག་པར་བརྒྱན་པ། སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཉ་བ་ལྟ་བུའི་རྒྱལ་བའི་ཟླ་བའི་ཞབས་ལ་མགོ་བོས་ཡུན་རིང་དུ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་སྐབས་ཕྱེ་བར་ཞུས་ཤིང་སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནས། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་

(༦༡༨)པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མདོ་གང་དང་ལྡན་ན། ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་བ་དང་། ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་བ་དང་ཞེས་པ་ནས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མ་མཆིས་པ། དཔེ་མ་མཆིས་པ། གྲངས་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། བགྲངས་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་བའི་བྱང་ཆུབ་སེམས་དཔའི་མདོ་གང་ལགས་དེ་སྐད་ཅེས་གསོལ་ནས་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོའི་ཞུ་བ་ལ་རྗེས་སུ་ཡི་རང་བར་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །སྤྲིན་ཆེན་སྙིང་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་ཞེས་པ་ནས། སྤྲིན་ཆེན་སྙིང་པོ་ཁྱོད་དང་འཚམ་ཞིང་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་པ་ནི་ལེགས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་རྗེས་སུ་ཡི་རངས་བ་མཛད་དོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་སླར་ཡང་ཆོས་གསུང་བར་གསོལ་བ་བཏབ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཞུ་བ་ལུང་བསྟན་པའི་སླད་དུ་དམ་བཅས་ཤིང་སྨོན་

(༦༡༩)ལམ་བཏབ་པ་ལགས་ཀྱི་ཞེས་པ་ནས་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། དམ་པའི་ཆོས་བསྟན་པའི་གཏེར་གནས་པར་མཛད་དུ་གསོལ། འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་སྐད་ཅེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་སླར་ཡང་བཤད་པར་ཞལ་གྱིས་བཞེས་ཤིང་། ཞུ་བ་པོ་ལ་ཉན་པ་དང་བཤད་པར་གདམས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ་ཞེས་པ་ནས། སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་ཀྱིས་མངོན་པར་དད་པར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ལྟ་བ་ཐམས་ཅད་བསྐྱུག་པ་དང་། བཀྲུ་བ་དང་། སྨན་སྣར་བླུག་པའི་ཆོ་ག་ཆེན་པོ་ཐམས་ཅད་ཀྱི་ནད་ཆེན་པོ་རྣམས་བཞོམ་པའི་ཕྱིར་མཚུངས་པ་མེད་པའི་རྒྱལ་པོ་ཆེན་པོ། མདོ་ཐམས་ཅད་ཀྱི་བདག་པོ་འཁོར་ལོ་ཐམས་ཅད་བསྐོར་བ། དམ་པའི་ཆོས་རིན་པོ་ཆེའི་མཆོག་བསྟན་པའི་གཏེར་སེམས་ཅན་ཐམས་ཅད་ཀྱི་ཡུལ་མ་ཡིན། ཟབ་མོའི་ཚིག་གི་དོན་དེ་བཞིན་གཤེགས་པ་ལ་དྲིས་ལ། དམ་པའི་ཆོས་བསྟན་པའི་གཏེར་རབ་ཏུ་གནས་པར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལྟོས་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་དངོས་ནི། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས་ཀྱི་

(༦༢༠)ཆོས་ཀྱི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་ཡོད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྤྲིན་ཆེན་སྙིང་པོའི་མདོའི་དོན་རྟོགས་པ་ལ་བརྟེན་ནས་སྤྲིན་ཆེན་སྙིང་པོའི་དྲི་བ་བརྒྱ་དང་བརྒྱད་བཅུའི་དོན་རྣམས་རྫོགས་པར་ཐོབ་པའོ། །བསྡུས་པའི་དོན་ནི། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས་ཀྱི་ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་ཡེ་ཤེས་མཐའ་ཡས་པའི་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་སུམ་བཅུ་རྩ་དྲུག་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྡེམ་པོའི་ངག་གི་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཅན་གྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གསུམ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲིད་པར་སྐྱེ་བས་བརྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་བའི་ཉོན་མོངས་པའི་

(༦༢༡)ཞིང་གི་ལས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་སེས་ཀྱིས་ཡང་དག་པར་ལེན་པའི་རྣམ་པར་གྲོལ་བའི་སྨོན་ལམ་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་མ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་གཟུད་པའི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཟབ་མོ་བསྟན་པ་འཐོབ་པ་ལ་འཇུག་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྲིན་ཆེན་པོའི་སྙིང་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་བོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་འབྱུང་ཞིང་འདུལ་བའི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་གློག་གི་འོད་སྣང་བའི་སྒོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་

(༦༢༢)རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྲིན་ཆེན་པོའི་གློག་འགྱུ་བ་དང་ལྡན་པ་ལ་འཇུག་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་ཞེས་བྱ་བ་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་བསྲུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པ་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ལམ་གྱི་རྣམ་པ་མངོན་པར་མཚོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་

(༦༢༣)པོའི་མདོ་ལས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེང་གེའི་རྣམ་པར་བརྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཚམས་སྦྱར་བ་སྣ་ཚོགས་པའི་རྣམ་པ་འཇིག་རྟེན་དང་འཐུན་པར་འཇུག་པར་བྱ་བ་ལ་འཇུག་པའི་མདོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་བརྩེ་བའི་རིན་པོ་ཆེའི་མཛོད་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནམ་མཁའ་ལྡིང་གི་རྩལ་ཆེན་པོའི་སྟོབས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲ་ཆེན་པོའི་དུས་རྣམ་པར་བསྒྲགས་པ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པའི་ཆོ་ག་

(༦༢༤)ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམག་ཆེན་པོ་དཔའ་བའི་རྒྱལ་པོའི་སྟོབས་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟང་པོའི་རྣམ་པར་འཕྲུལ་བའི་རྒྱལ་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་དཔུང་ཆེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་།་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་བསྒྲུབས་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་མཆོད་སྦྱིན་ལ་ཕན་པའི་ཆོ་ག་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡང་དག་པའི་ས་བོན་རབ་ཏུ་བསྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ནའི་སྙིང་པོའི་ཚུལ་གྱིས་མངོན་པར་

(༦༢༥)བརྩེ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་ཡུལ་བསམ་གྱིས་མི་ཁྱབ་པའི་རྣམ་པའི་ཡོན་ཏན་གྱིས་ཡོངས་སུ་བརྒྱན་པ་དང་། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིན་པོ་ཆེའི་མཛོད་ཀྱི་གཏེར་ཆེན་པོའི་ཡུལ་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་བསྟན་ཞིང་མི་ཟད་པའི་གཏེར་ལ་ལྟོས། སྤྲིན་ཆེན་སྙིང་པོ་གཞན་ཡང་སྤྲིན་ཆེན་པོའི་མདོ་ལ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལྟོས། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཚུལ་ཞེས་བྱ་བའི་གསང་བའི་ཆོས་ཀྱི་སྒོ་དག་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་ཟབ་མོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྒྱ་མཚོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་གཞུང་ལུགས་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་བསྲུང་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་

(༦༢༦)བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པ་ཡང་དག་པར་བརྗོད་པ་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་དམིགས་པ་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཉི་མ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཏོག་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་མཚམས་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཟབ་མོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་གནོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ངེས་པའི་མུ་སྟེགས་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །

(༦༢༧)སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་དགྱེས་པ་དང་ལྡན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་མཛོད་ཅེས་བྱ་བའི་གསང་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཀྱི་ཚུལ་དང་། སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ལ་ལྟོས། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལྟོས། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་ཡང་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་རྣམ་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཐོབ་པ་བརྒྱ་སྟོང་དུ་མ་དང་། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འཇིག་རྟེན་གྱི་རྗེས་སུ་འཇུག་པའི་མཛད་པ་དུ་མ་དང་། དེ་བཞིན་གཤེགས་པའི་གསང་བ་བྱེ་བ་བརྒྱ་སྟོང་ཁྱོད་དང་འདྲ་བ་དག་གིས་ཀྱང་རྟོགས་པར་དཀའ་ཞིང་ཟབ་ལ་ཕྲ་སྟེ་བརྡ་འཕྲད་པར་དཀའ་བའི་ཚིག་གི་དོན་དུ་སྦས་པ་དང་། དེ་བཞིན་གཤེགས་པའི་ཡུལ་ཤིན་དུ་བྱང་ལ་ཟབ་མོའི་ཚིག་དང་། དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་གི་ཚིག་ཁྱེད་ཀྱིས་ཀྱང་སྔོན་གྱི་ཚིག་དང་ཡི་གེ་གཅིག་ཀྱང་མ་ཐོས་པའི་ཚིག་ཡོད་དེ་རིམ་བཞིན་དུ་ཕྱིས་བཤད་པར་བྱའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་སྟན་

(༦༢༨)ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོགཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་མིག་མཆི་མས་གང་བཞིན་དུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་བག་ཆགས་གཏན་ནས་མེད་པ་ཡིན་ནོ་ཟེར་བ་ནི། ཀུན་ནས་ཉོན་མོངས་པའི་བག་ཆགས་དང་། རྣམ་བྱང་གི་བག་ཆགས་མ་ཕྱེད་པ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཀུན་ནས་ཉོན་མོངས་ཀྱི་བག་ཆགས་མ་ལུས་པ་སྤངས་པ་ཡིན་མོད། རྣམ་བྱང་གི་བག་ཆགས་རྒྱས་ཤིང་ཡོངས་སུ་སྨིན་པ་ཡིན་ཏེ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་པ་ཡིན་པའི་ཕྱིར། ཟག་མེད་ཀྱི་བག་ཆགས་དང་། རྣམ་སྨིན་གཉིས་ཀ་ཡོད་དེ། མདོ་འདི་ཉིད་ཀྱི་བམ་པོ་བདུན་པ་ལས། དེ་བཞིན་གཤེགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་བག་ཆགས་ཀྱི་ཚོགས་ཀྱིས་བསྒོས་པ་ཡིན་པས་ཞེས་གསུངས་པའི་ཕྱིར་དང་། ཡུམ་མདོ་རྒྱས་པ་ལས་ཟག་པ་མེད་པའི་རྣམ་པར་སྨིན་པའི་གཟུགས་དང་། ཟག་པ་མེད་པའི་རྣམ་པར་སྨིན་པའི་ཚོར་བ་དང་ཞེས་སོགས་ཕུང་ཁམ་སྐྱེ་མཆེད་ལ་སྦྱར་ནས་སངས་རྒྱས་ལ་མངའ་བར་གསུངས་པའི་ཕྱིར་རོ། །ཡང་དྲངས་དོན་གྱི་མདོ་སྒྲ་ཇི་བཞིན་པར་ཞེན་པ་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མི་སྲིད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་ན། འདུས་བྱས་ཐམས་ཅད་ཞིག་ཟིན་པའི་དུས་སྲིད་པར་འགྱུར་རོ་ཞེས་ཟེར་བ་ནི་ངེས་དོན་གྱི་མདོའི་དོན་

(༦༢༩)མ་རྟོགས་པ་ཡིན་ཏེ། མདོ་འདི་ཉིད་ཀྱི་བམ་པོ་བརྒྱད་པ་ལས། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་ཐམས་ཅད་དང་ཐུན་མོང་བའི་ཚད་ནི་རྟོགས་པར་ནུས་ཀྱི། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ནི་གཅིག་གིས་ཚད་ཀྱང་རྟོགས་པར་ནུས་སོ། །སྨྲས་པ། བཙུན་པ་འོད་བསྲུངས་ཆེན་པོ་ཡུན་ཇི་སྲིད་གཅིག་ན་དེ་བཞིན་གཤེགས་པ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། སྨྲས་པ། གང་གི་ཚེ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དེའི་ཚེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྨྲས་པ། བཙུན་པ་འོད་བསྲུངས་ཆེན་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ངོ་མཚར་ཆེ་སྟེ། འདི་ལྟ་བུ་ཐོས་ནས་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མི་བྱེད་ཞེས་གསུངས་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་ཡང་མ་དག་པའི་སེམས་ཅན་འདུལ་བྱེད་ཀྱི་སྤྲུལ་སྐུ་དང་ལོངས་སྐུ་གཞན་དོན་དུ་ཀུན་དུ་སྟོན་པའི་གཟུགས་ཅན་དང་གསུང་རྡོ་རྗེ་བསྡུས་པ་ཡིན་གྱི། སྐུ་རྡོ་རྗེ་མེད་པ་ནི་མ་ཡིན་ནོ། །དེས་ན་འཁོར་བའི་མཐའ་ཡོད་པ་དང་། ལོག་སྲེད་ཅན་ཡང་སངས་རྒྱ་བ་དང་། དམ་པའི་ཆོས་སྤངས་པ་སོགས་བྱས་པ་ཡང་གསོ་རུང་བ་དང་། ཉན་རང་སློབ་མི་སློབ་ཀུན་འཚང་རྒྱ་བ་དང་། ཉན་རང་ལྷག་མེད་དུ་མྱ་ངན་ལས་འདས་པར་རློམ་པ་རྣམས་ཀྱང་ཐེག་པ་ཆེན་པོར་འཇུག་པ་དང་། མཐར་ཐུག་ཐེག་པ་གཅིག་ཡིན་པ་དང་། དེ་བཞིན་གཤེགས་པ་གདུལ་བྱ་ལ་ལའི་ངོར་མྱ་ངན་

(༦༣༠)ལས་འདས་ཀྱང་། སྐྱེ་རྒ་ན་འཆི་ལས་གྲོལ་བའི་རྡོ་རྗེའི་སྐུ་རྟག་བརྟན་ཞི་བ་གཡུང་དྲུང་གི་སྐུར་བཞུགས་པ་རྣམས་ངེས་དོན་གྱི་མདོའི་previous hit དགོངས next hit་ཡིན་ཅིང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གནས་སྐབས་སུའང་། ཞི་བགྲོད་ཕྱོགས་གཅིག་པར་མ་ངེས་པའི་རིགས་ཅན་གསུམ་ཐེག་པ་ཆེན་པོར་རྗེས་སུ་གཟུང་བ་དང་། མཐར་ཐུག་ལ་previous hit དགོངས་ནས་བསྟན་ next hit་ཡིན་ནོ། །དེ་དག་ལས་བཟློག་པའི་དོན་རྣམས་ནི། གནས་སྐབས་སུ་ཐེག་པ་དམན་པར་རིགས་ངེས་པའི་གང་ཟག་རང་གི་བྱང་ཆུབ་ཏུ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུ་གནས་སྐབས་ལ་previous hit དགོངས་ནས་ཐེག་ next hit་གསུམ་དུ་བསྟན་པའི་དྲངས་དོན་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་ཀྱི་སྒོ་རྣམས་ཀུན་རྟོགས་ནས། སྤྲིན་ཆེན་སྙིང་པོས་དྲིས་པའི་དོན། འགྲོ་བ་ཀུན་གྱིས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་བརྩེ་བ་ཞེས་བྱ་བའི་ལེའུ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །ཐེག་པ་ཐུན་མོང་པའི་སོ་སོ་ཐར་པ་ལ་སློབ་པའི་དགེ་འདུན་ནི། འོད་བསྲུངས་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་ས་ཡ་ཕྲག་བརྒྱད་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ས་ཡ་ཕྲག་དྲུག་དང་ལྔ་འབུམ་དང་ཞེས་པས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་སོ་སོ་ཐར་པ་ལ་སློབ་པའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ་ལ་སོགས་པ་བྱང་ཆུབ་

(༦༣༡)སེམས་དཔའ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་དང་ཞེས་པས་བསྟན་ཏེ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་དགེ་འདུན་མདོ་སྡེ་རྣམས་ལ་འབྱུང་བ་ནི་རབ་ཏུ་བྱུང་པའི་རྟགས་ཅན་ཏེ། འགའ་ཞིག་ལྷའི་བུ་ཡིན་ནོ་སྙམ་དུ་སེམས་པ་ནི། མདོའི་དོན་ལ་མ་འདྲིས་པའི་སྐྱོན་ནོ། །ཁྱིམ་པ་དང་། ལྷའི་བུ་ལ་སོགས་འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། སེང་གེ་ལ་སོགས་པ་ལི་ཙ་བྱི་གཞོན་ནུ་ས་ཡ་ཕྲག་ལྔ་དང་ཞེས་པ་ནས་ལྷ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་བརྩེ་བ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་བསམ་པ་བསྟན་པ་ནི། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོའི་འཁོར་རྣམས་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ་ཞེས་པ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ནི་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱིས་མཚམས་སྦྱོར་བའི་འཇིག་རྟེན་གྱི་སྤྱོད་པ་རྣམས་དང་། ཡེ་ཤེས་དང་། གཟིགས་པ་དང་། ཁམས་དང་། རྒྱུ་དང་། དམིགས་པ་དང་། ངེས་པའི་ཚིག་དང་། གདགས་པ་དང་། རྣམ་པར་བཞག་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ལ་སྦྱོར་བ་དག་གིས་སེམས་ཅན་རྒྱ་མཚོ་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛོད་ཅིག་གོ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་གྱིས་བརློབས་པའི་སྟོན་པ་པོ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་ཆོས་སྣང་བའི་སྒོ་རྣམས་མདོར་བསྟན་པ་ཙམ་ཞིག་སྟོན་པ་ནི། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སངས་རྒྱས་ཀྱིས་གནང་སྟེ། མི་འཇིགས་པ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་

(༦༣༢)ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་ལྡན་གྱི་གནས་སུ་སྐྱེ་བ་རྣམ་པར་བཞག་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ་ཞེས་པ་ནས་སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་རྣམ་པར་བཞག་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྣང་བའི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་འོད་ཟེར་གྱིས་ཞུ་བ་པོ་ཀུན་དུ་བཟང་པོ་བསྐུལ་ཏེ། ཀུན་ཏུ་བཟང་པོས་ཞུས་པའི་ཚུལ་གྱིས་འཁོར་བཅུ་པ་རྒྱས་པར་བསྟན་པ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱི་མཛོད་པུ་ནས་འོད་ཟེར་ཆགས་པ་མེད་པའི་རིགས་ཤེས་བྱ་བ་འོད་ཟེར་གྱི་འཁོར་གྲངས་མེད་པ་དག་བྱུང་སྟེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་ནས་སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་བསྟན་ཏེ། སེམས་ཅན་ཀྱི་ཁམས་མཐའ་ཡས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ནས་ཕྱིར་ལོག་སྟེ་དེ་བཞིན་གཤེགས་པ་ལ་ལན་གྲངས་མེད་པར་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་ཀྱང་དུ་བཟང་པོའི་ལུས་ལ་ཕོག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བློས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་

(༦༣༣)སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་སུ་སྐྱེ་བ་རྣམ་པར་བཞག་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདི་བསྡུ་བར་གསོལ་ཞེས་པ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱིས་མཚམས་སྦྱོར་བའི་འཇིག་རྟེན་གྱི་སྤྱོད་པ་རྣམས་དང་། ཡེ་ཤེས་དང་གཟིགས་པ་དང་། ཁམས་དང་། རྒྱུ་དང་། དམིགས་པ་དང་། ངེས་པའི་ཚིག་དང་། གདགས་པ་དང་། རྣམ་པར་བཞག་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ལ་སྦྱོར་བས་སེམས་ཅན་རྒྱ་མཚོ་ཇི་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པའི་བྱང་ཆུབ་སེམས་དཔའ་གང་ལགས་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱིས་བྱང་ཆུབ་སེམས་དཔའི་འཁོར་བསྡུས་པ་ནི། དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་དེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་བར་འདོད་པ་མཁྱེན་ནས་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་བསྡུ་བར་བྱ་བའི་ཕྱིར་ཞབས་གཉིས་ཀྱི་མཐིལ་ནས་འོད་ཟེར་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཕྱུང་ངོ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་

(༦༣༤)ལྟ་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲིས་པའི་ཆོས་དང་ལྡན་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་རྣམས་བཅོམ་ལྡན་འདས་ཀྱི་གདུལ་བྱའི་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་སམ་མ་འདུས་སྙམ་ཐེ་ཚོམ་དུ་གྱུར་པའི་ཚུལ་སྟོན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་འཁོར་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱིས་མཚམས་སྦྱོར་བའི་འཇིག་རྟེན་གྱི་སྤྱོད་པ་རྣམས་དང་། ཡེ་ཤེས་དང་། གཟིགས་པ་དང་། ཁམས་དང་། རྒྱུ་དང་། དམིགས་པ་དང་། ངེས་པའི་ཚིག་དང་། གདགས་པ་དང་། རྣམ་པར་བཞག་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ལ་སྦྱོར་བ་དག་གིས་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པ་དག་ཅི་ཐམས་ཅད་འཁོར་འདིར་འདུས་སམ། འོན་ཏེ་གཞན་ཡང་གང་དག་མ་འདུས་པ་དག་ཀྱང་ཡོད་དམ་ཞིག་གུ་སྙམ་མོ་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་གདུལ་བྱའི་བྱང་ཆུབ་སེམས་དཔའི་འཁོར་ཅུང་ཟད་འདུས་པར་སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱི་མཁྱེན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ་ཞེས་པ་ནས་དེ་དག་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་དང་། སངས་རྒྱས་ཀྱི་སྐུའི་ཁ་དོག་ཡོངས་སུ་གྲུབ་པ་མཐའ་ཡས་པ་ལ། སྒྲུབས་པའི་གཟུངས་ཐོབ་པ་དང་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དུ་མར་སངས་རྒྱས་འབྱུང་བ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ནས་

(༦༣༥)ཉོན་མོངས་པ་ཅན་ཡོངས་སུ་སྦྱོང་བ་དང་། སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་དང་ལྡན་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་འཁོར་རྣམས་བྱང་ཆུབ་སེམས་དཔའ་དེ་དག་ལས་ཁ་ཅིག་མཐོང་ན་སྙམ་པ་དང་། བཅོམ་ལྡན་འདས་ཀྱི་སེ་གོལ་གྱི་སྒྲས་བྱང་ཆུབ་སེམས་དཔའ་རྣམས་བསྡུས་ནས་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ལ་འདི་སྙམ་དུ་སེམས་ཏེ། བདག་ཅག་བྱང་ཆུབ་སེམས་དཔའ་དེ་དག་གི་ནང་ནས་ཁ་ཅིག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་མཐོང་ན་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་འཁོར་དེའི་ནང་དུ་བསྡུ་བ་དང་། དེ་དག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་དུ་གྱུར་པ་བསྟན་པའི་སེ་གོལ་གྱི་སྒྲ་མཛད་དོ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་དག་ནས་བྱུང་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་འཁོར་རྣམས་བཅོམ་ལྡན་འདས་ཀྱི་སྐུའི་ནང་ན་ཡོད་པའི་ཞིང་ཁམས་མཐོང་ན་སྙམ་པ་དང་དེ་བསྟན་པ་ནི། དེ་ནས་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་རྣམས་སངས་རྒྱས་ཀྱི་མཐུས་བདག་ཅག་གིས་མཐོང་ན་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱི་མཁྱེན་ནས་གཙུག་ཏོར་ནས་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་སྟོན་

(༦༣༦)པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་པ་དག་བྱུང་སྟེ་ཞེས་པ་ནས་དེ་བཞིན་དུ་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་གཅིག་ནས་གཅིག་ཏུ་རྒྱུད་པ་བསྐལ་པ་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་བར་དུ་བསྟན་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐུ་དང་ཡེ་ཤེས་ཆགས་པ་མེད་པ་བརྙེས་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པ་འམ་ཕན་ཡོན་ནི་དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པར་བྱེད་ཅིང་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། འདོན་དུ་འཇུག་པ་དང་། མར་མེ་དང་། བདུག་པ་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་མཆོད་པ་དེ་དག་གི་བསོད་ནམས་ཇི་སྙེད་ཅིག་འཕེལ་བར་འགྱུར་ཞིག་གུ་སྙམ་མོ་ཞེས་པ་ནས་རྗེས་སུ་ཡི་རང་བའི་བར་གྱིས་བསྟན་ཏོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། འཁོར་ཚོགས་རྒྱ་མཚོ་འདུལ་བ་ལ། ཐུབ་ཆེན་ཉིད་དང་མཚུངས་པར་ཤོག །འཕགས་པ་སྤྲིན་ཆེན་པོ་ཀླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་བྱ་རྒྱུད་ཡིན། འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས་ཆར་དབབ་པ་ཀླུང་གི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་དྲུག་བཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་ནི་བྱ་རྒྱུད་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱི་

(༦༣༧)གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པའི་གསང་བ་བསྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་དཔའ་བར་འགྲོ་བའི་མདོ་ལེའུ་སྟོང་ཕྲག་བཅུ་པ་ལས་ལེའུ་བཅུ་པ་ཁོལ་དུ་ཆུང་པ་བཀའ་ཐ་མར་གཏོགས་པ་འདི། ཁོལ་ཆུང་ཡིན་པའི་ཕྱིར་གནས་དང་འཁོར་ཕུན་སུམ་ཚོགས་པ་རྣམས་རྒྱ་ཆེར་མ་གསུངས་ལ་མདོར་བསྡུས་པ་སྟོན་པ་ནི། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྐུ་གསེར་གཙོ་མའི་རི་ལྟ་བུ་དམ་པའི་ཆོས་ཀྱི་གདན་སེང་གེའི་ཁྲི་ལས་སླར་ནུར་ནས་རིན་པོ་ཆེའི་སྐུ་རྟེན་དྲངས་ཏེ་དེ་ལ་སྐུ་བརྟེན་ནས་དགའ་བོ་ལ་སོགས་པའི་འཁོར་ཐམས་ཅད་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཕུན་སུམ་ཚོགས་པ་ནི་ཁྱེད་ལ་སོགས་པ་སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་དེ། ཚོར་བ་དམ་པ་བླང་བར་བྱའོ། །ངས་ད་ཡང་དག་པར་སྒྲུབས་པའི་ཆོས་བཤད་ཟིན་ན། ཁྱེད་ཀྱི་ད་དུང་དུ་ཁོང་དུ་མ་ཆུད་དོ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་བསྒོམས་ན་ཕྲ་བའི་ཡང་ཕྲ་བའི་བདུད་ཀྱི་ལས། བདུད་ཀྱི་ཁམས་མངོན་སུམ་དུ་སྣང་སྟེ། ཁྱེད་ཀྱིས་དེ་རིག་པར་མ་ནུས་ན། སེམས་ཡང་དག་པར་སྦྱངས་པར་མི་གདགས་ཏེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བདུད་ཀྱི་ལས་སྤངས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཏིང་ངེ་འཛིན་བསྒོམ་པ་ལ་བླ་མའི་མན་ངག་གིས་ཉམས་སྐྱོན་ཡོད་མེད་དང་། དྲོད་རྟགས་ཀྱི་ཁྱད་པར་ལེགས་པར་ཕྱེད་དེ་ཏིང་ངེ་འཛིན་ངོ་ཤེས་པར་མ་བྱས་ན་བདུད་ལས་འཇུག་ཚུལ་རྒྱ་ཆེར་བསྟན་ཅིང། ཏིང་ངེ་འཛིན་

(༦༣༨)ངོ་ཤེས་ནས་བདུད་ལས་གྲོལ་བར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ཤུགས་ལ་ཡོད་པ་ནི་སྔ་མ་བཞིན་ནོ། །དགེ་བས་འགྲོ་བ་ཐམས་ཅད་ཀྱིས། ཏིང་འཛིན་དམ་པ་ངོ་ཤེས་ཤིང་། བདུད་ཀྱི་སྤྱོད་ཡུལ་རྣམས་སྤངས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཙུག་ཏོར་ཆེན་པོའི་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་བ་འབྱུང་བ་བཀའ་ཐ་མར་གཏོགས་པ་འདི་ཁོལ་ཆུང་ཡིན་པའི་ཕྱིར། གནས་དང་འཁོར་རྣམས་མི་གསལ་ལ། སྟོན་པས་ཆོས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ཡས་ཁྱོད་ཀྱིས་འདི་ལྟར་ཤེས་པར་གྱིས་ཤིག་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་པའོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཏིང་ངེ་འཛིན་ངོ་ཤེས་ནས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། སྤོང་བ་བསམ་གཏན་པ་རྣམས་ཀྱིས། འདོད་སེམས་རྩེ་གཅིག་པ་ནས་སྲིད་རྩེ་མན་གྱི་ཏིང་ངེ་འཛིན་ཅི་རིགས་པ་སྐྱེས་པ་དང་། ཟག་བཅས་ཀྱི་སྤྱན་མངོན་ཤེས་ཅི་རིགས་པ་སྐྱེས་པའི་ཚེ། དྲོད་ཉམས་དང་ཏིང་ངེ་འཛིན་ངོ་ཤེས་པས་ཉམས་སྐྱོན་མེད་ལེགས་པར་ཕྱེད་ཅིང་བདུད་ལས་རྣམས་ངོ་ཤེས་པར་བྱ་བའི་ཕྱིར་བདུད་ལས་ངོས་འཛིན་རྒྱ་ཆེར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི། བཀའ་མཐ་མ་གཞན་རྣམས་དང་མཐུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་ཀུན་བདུད་ལས་སྤོང་བ་དང་། སྐྱོན་ཅན་ཉམས་ལས་

(༦༣༩)གྲོལ་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་ཡང་དག་པར་བསྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཁང་པ་རྩེགས་པ་དཔེ་མེད་པ། ནམ་མཁའི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཐ་མི་དད་པས་ཀུན་ནས་ཡངས་པ། རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྫུ་འཕྲུལ་གྱིས་སྤྲུལ་པ། གནས་གསུམ་གྱི་མངོན་པར་འདུ་བྱེད་པ་དང་མི་འདྲ་བ། དཔེ་ཐམས་ཅད་ལས་ཤིན་དུ་འདས་པ། དེ་བཞིན་གཤེགས་པའི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ལས་བྱུང་པ་ན་ཞེས་པས་སོ། །འཁོར་ལས་ཐེག་པ་ཐུན་མོང་བའི་དགེ་འདུན་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཕལ་ཆེར་དགྲ་བཅོམ་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཤ་སྟག་དང་ཞེས་པས་བསྟན་ཏོ། །ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་སློབ་པའི་དགེ་སློང་གི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་ཞེས་པ་ནས་གཟུངས་དང་བཟོད་པ་དང་སོ་སོ་ཡང་དག་པར་རིག་པ་རྟོགས་པར་ཁོང་དུ་ཆུད་པ་ཤ་སྟག་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། ལྷ་དང་། ཀླུ་དང་། གནོད་སྦྱིན་ཞེས་པ་ནས་གཡོག་སྟོང་དུ་མ་དང་ཡང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་ན་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གོ་རིམས་ཀྱི་ཚུལ་གྱི་སྒོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་

(༦༤༠)གྲངས་ཆེན་པོ་སྟོན་ཏེ། འདི་ལྟ་སྟེ་འཕགས་པ་རྣམས་མཐོང་བས་དད་པ་ཐོབ་པར་འགྱུར་རོ། །ཞེས་པ་ནས་སྨོན་པ་མེད་པ་བསྒོམས་པས་ཆོས་ཐམས་ཅད་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཞེས་དེ་ལྟར་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གོ་རིམས་ཀྱི་སྒོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་སྟོན་ཏོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པའི་གླེང་གླེང་བ་པོ་ནི། འཁོར་དེ་ན་བྱང་ཆུབ་སེམས་དཔའ་གཉིས་ཁང་པ་བརྩེགས་པའི་ནང་ན་གཡོག་མང་པོ་དང་གནས་ཤིང་འཁོད་དེ། གཅིག་ནི་རྩོམ་པ་མེད་ཅེས་བྱ། གཅིག་ནི་བློ་གྲོས་རྣམ་པར་གནོན་ཅེས་བྱའོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ཉིད་དེར་འདུས་ཏེ་བློ་འདི་སྙམ་དུ་གྱུར་ཏེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་མདོ་འདི་ཉིད་ལས། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་གང་དད་པ་རྙེད་པ་དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ངོ་། །དེ་དག་གིས་ཆོས་མངོན་སུམ་དུ་གྱིས་སོ། །བཅོམ་ལྡན་འདས་དེ་དག་བདུད་བཏུལ་ཏོ། །བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་པ་དེ་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལགས་སོ། །བཅོམ་ལྡན་འདས་གང་དག་གིས་ཆོས་ཀྱི་རྣམས་གྲངས་འདི་ཁོང་དུ་ཆུད་པ་དེ་དག་རྟོགས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་བཟང་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཟང་སེམས་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ་བཟང་སེམས་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་

(༦༤༡)བྱང་ཆུབ་ནི་ཆོས་ཀྱི་རྣམས་གྲངས་འདི་ལས་རབ་ཏུ་བསྟན་ཏོ། །གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་previous hit དགོངས next hit་དེ་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལས་བཤད་དོ། །བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲང་འདི་ཐོས་པར་གྱུར་པ་དེ་དག་ནི་རྙེད་པས་ཆེན་པོ་འབྱོར་བར་འགྱུར། །ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་ལག་ཏུ་སོང་བ་དེ་དག་ནི་ཆོས་ཀྱི་གཏེར་ཆེན་པོ་ཐོབ་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་འཛིན་པ་དེ་དག་ནི་དེ་བཞིན་གཤེགས་པས་ཡིད་བསྟན་པའོ། །དེ་དང་དེ་དག་ནི་གསང་བ་འཛིན་པའོ། །དེ་དང་དེ་དག་ནི་དེ་བཞིན་གཤེགས་པ་ལ་བླ་ན་མེད་པའི་མཆོད་པས་མཆོད་པར་བྱེད་པའོ། དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཤིང་ཐོས་ནས་ཀྱང་མོས་པ་དེ་དང་དེ་དག་ནི་ལྷའི་བུ་ང་ལ་ལན་དུ་ཕན་འདོགས་པའོ། །ལྷའི་བུ་དེ་དག་ནི་ཕྱོགས་ཐམས་ཅད་དུ་མུན་པ་མེད་པར་བྱེད་པར་འགྱུར་བའོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་དྲིས་ཤིང། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་གྱིས་དྲིས་ཤིང། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་གནོན་གཉིས་ཀྱིས་ཞུས་པ་ལ་བཅོམ་ལྡན་འདས་ཀྱི་རྗེས་སུ་ཡི་རང་བ་དང་། ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ལ་དྲིས་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་གནོན་གྱིས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཤཱ་

(༦༤༢)རིའི་བུས་གསོལ་པ་དང་། བཅོམ་ལྡན་འདས་ལ་མཽ་གལ་གྱི་བུ་ཆེན་པོས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མ་འགགས་པས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་འཛིན་གྱིས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་གསོལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ་དང་། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཐོང་དགས་གསོལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མིག་བཟངས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་རྟོག་གིས་གསོལ་བ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་གསོལ་བ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་བ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ་དང་། བྱང་ཆུབ་སེམས་དཔའ་ཚུལ་བཟངས་ཀྱིས་གསོལ་པ་དང་། བྱང་ཆུབ་སེམས་ནམ་མཁའ་མཛོད་ཀྱིས་གསོལ་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་མུ་ཏིག་གི་དོ་ཤལ་ཕུལ་ནས་སྨོན་ལམ་བཏབ་པས་བྱང་ཆུབ་ཏུ་

(༦༤༣)ལུང་བསྟན་པ་དང་། ལྷའི་བུ་བཟངས་སེམས་ཀྱིས་ཞུས་ཤིང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་འཛིན་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་གཅིག་ན་རེ། གཞི་གྲུབ་ན་བདེན་གཉིས་གང་རུང་ཡིན་ཞིང་། ཆོས་ཅན་གྱི་ཆ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟར་འགྲེལ་པ་ནི་མདོ་རྒྱུད་ཕལ་མོ་ཆེ་དང་མི་མཐུན་ཞིང་། ཁྱད་པར་དུ་མདོ་འདི་ཉིད་ལས། ཀུན་རྫོབ་ཀྱི་བདེན་པ་ནི་ཡུལ་ཡོངས་སུ་ཆད་པ་ཞེ་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་ཡིན་པར་གསུངས་པའི་ཕྱིར་ཏེ། མདོ་འདི་ཉིད་ལས། བདེན་པ་གཉིས་སུ་གྲངས་མ་ངེས་པའི་ཚུལ་བསྟན་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་གྱི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་དབྱེ་བའི་བདེན་པ་དང་། ཕྱེ་ཏེ་རྟོགས་པའི་བདེན་པ་དང་། དངོས་པོའི་བདེན་པ་དང་། ནུས་པའི་བདེན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་དང་། ལམ་ལ་འཇུག་པ་ཤེས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། འདི་དག་ནི་བདེན་པ་བཅུའོ། །འདི་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཚད་དང་འབྲེལ་བ། ཡུལ་ཡོངས་སུ་ཆད་པ་ཀུན་དུ་ཐ་སྙད་གདགས་པའི་ཕྱིར་གཞན་གྱི་རྐྱེན་གྱི་དབང་གིས་སྟོན་པ། ཆུང་བ་རྒྱ་ཆེན་པོ་མ་ཡིན་པ་སྟེ་འདི་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལ་དོན་དམ་པའི་བདེན་པ་

(༦༤༤)ནི་ཟབ་པ། སྟོང་པ་ཉིད་དང་རབ་ཏུ་ལྡན་པ། ཡུལ་ཡོངས་སུ་མ་ཆད་པ། གཞན་གྱིས་རྐྱེན་གྱིས་མ་ཡིན་པ། མཉམ་པ་དང་མི་མཉམ་པ་མེད་པ། མ་འཁྲུགས་པ། རྩོད་པ་མེད་པའི་མཚན་ཉིད་དང་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ། །འདི་ནི་དོན་དམ་པའི་བདེན་པའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་ནི་གནོད་པའི་མཚན་ཉིད་ནི་སྡུག་བསྔལ་བ། རབ་ཏུ་སྐྱེ་བའི་མཚན་ཉིད་ནི་ཀུན་འབྱུང་བ། ཞི་བའི་མཚན་ཉིད་ནི་འགོག་པ། ངེས་པར་འབྱིན་པའི་མཚན་ཉིད་ནི་ལམ་སྟེ། འདི་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །གཞན་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་བ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་མཚན་ཉིད་དང་། རང་བཞིན་གྱིས་བདེན་པའི་མཚན་ཉིད་དང་། རང་བཞིན་གྱིས་སྟོང་པའི་མཚན་ཉིད་དང་། རང་བཞིན་གྱིས་མི་སྐྱེ་མི་འགག་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་འགྱུར་བ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་རྣམ་པར་དབྱེ་བའི་མཚན་ཉིད་ནི་ཆོས་ཐམས་ཅད་མཚན་ཉིད་ཅིག་པ་ལས་གཞན་གྱི་དབང་གིས་རྣམ་པར་ཕྱེ་སྟེ་བསྟན་པའོ། །མཚན་ཉིད་གཅིག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། ཆོས་ཐམས་ཅད་མཚན་མ་མེད་པ། སྨོན་པ་མེད་པ། མངོན་པར་འདུ་མི་བྱེད་པ། མ་སྐྱེས་པ། མ་བྱུང་བ། མ་འགགས་པ་འདི་ནི་སྟོང་པ་ཉིད་དེའི་རྣམ་པར་དབྱེ་བ་སྟེ། རྣམ་པར་དབྱེ་བ་དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་སྟོང་པ་ཉིད་ལ་བསླུ་བར་མི་བྱེད་པ་དེའི་ཕྱིར་རྣམ་

(༦༤༥)པར་དབྱེ་བའི་བདེན་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱའོ། །དེ་ལ་ཕྱེ་སྟེ་རྟོགས་པའི་བདེན་པ་གང་ཞེ་ན། ཕྲལ་ནས་རྟོགས་པ་ནི་ཕྱེ་སྟེ་རྟོགས་པ་སྟེ། ངེས་པར་སེམས་པ། རིག་པ་མཐོང་བ། ཁོང་དུ་ཆུད་པ། མངོན་པར་རྟོགས་པ། ཤེས་པ་ཤེས་བྱ་ལ་མི་བསླུ་བ་སྟེ། དེའི་ཕྱིར་ཕྱེ་སྟེ་རྟོགས་པའི་བདེན་པ་ཞེས་བྱའོ། །དེ་ལ་དངོས་པོའི་བདེན་པ་ནི་དངོས་པོ་ཤེས་པས་སྟེ། དངོས་པོ་དེ་དག་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྟོང་པ་དང་དངོས་པོ་མེད་པར་ཤེས་པ་སྟེ། དེ་ལྟར་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་པས་དེའི་ཕྱིར་དངོས་པོའི་བདེན་པ་ཞེས་བྱའོ། །དེ་ལ་ནུས་པའི་བདེན་པ་ནི་ཡེ་ཤེས་དེ་དང་། སྤོང་བ་དེ་དང་ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དང་པོ་ཉིད་ཁོང་དུ་ཆུད་པར་ནུས་པ་སྟེ། དེའི་ཕྱིར་ནུས་པའི་བདེན་པ་ཞེས་བྱའོ། །དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ནི་འདུས་བྱས་ཐམས་ཅད་ཟད་པ་ཅན་དུ་སྟོན་སྟེ། ཟད་པ་དེ་ཡང་མི་ཟད་ལ། ཟད་པ་ལ་ཟད་པ་མེད་དོ། །གལ་ཏེ་ཟད་པ་ལ་ཟད་པ་ཡོངས་སུ་ཟིན་ན་འགོག་པ་ཡང་ཟད་པར་འགྱུར་ཏེ། དེའི་ཕྱིར་ཟད་པ་ཟད་པར་མི་འགྱུར་རོ། །གང་ཟད་པར་མི་འགྱུར་བ་དེ་ནི་མི་སྐྱེ་སྟེ། འདི་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ཞེས་བྱའོ། །དེ་ལ་ལམ་ལ་འཇུག་པ་ཤེས་པའི་བདེན་པ་གང་ཞེ་ན། ཡེ་ཤེས་ཀྱི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གང་གིས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཤེས་པ་དེས་འཇུག་

(༦༤༦)ཅིང་འཛུད་པ་སྟེ། དེའི་ཕྱིར་ལམ་ལ་འཇུག་པ་ཤེས་པའི་བདེན་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཆོས་ཀྱི་སྤྲིན་གྱི་ས་དང་། དེ་བཞིན་གཤེགས་པའི་སའི་བར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། དེ་བསྟན་པའི་ལམ་གྱི་མངོན་པར་རྟོགས་པའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུའོ་ཞེས་གསུངས་པའི་ཕྱིར། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་ནི། ཀུན་རྫོབ་ཀྱི་བདེན་པ་དང་། དེས་དབེན་པའི་ཆ་དོན་དམ་པའི་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ནི་བདེན་པ་ལྷག་མ་རྣམས་སུ་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཐེག་ཆེན་ཆོས་བསྡུད་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་འདས་འདས་རི་ཁ་ལ་དེ་ཡ་བྱ་བ་དྲང་སྲོང་ཐུབ་པ་མང་པོའི་སྤྱོད་ཡུལ་གྱི་གནས་ན་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཉན་ཐོས་ཀྱི་དགེ་འདུན་པོ་ཤ་སྟག་གོ །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཤ་སྟག་སྟེ་ཞེས་པས་ཞུ་

(༦༤༧)བ་པོ་སའི་སྙིང་པོ་འོང་པའི་ལྟས་རྣམས་བསྟན་པ་ནི། ཟླ་བའི་སྙིང་པོ་ཞེས་བྱ་བ་བཤད་མ་ཐག་ཏུ། དེའི་ཚེ་ལྷོ་ཕྱོགས་ནས་དྲི་གསུང་གི་སྤྲིན་ཆེན་པོ་འདུས་པ་ལས་དྲི་གསུང་གི་ཆར་ཆེན་པོ་རབ་ཏུ་འབབ་པོ་ཞེས་པ་ནས་རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དེ་ནི་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཚད་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་འཁོར་དང་བཅས་ཏེ་གནས་འདིར་ཕྱིན་དུ་ཉེ་བས་འོད་ལས་འདི་ལྟ་བུའི་ཆོ་འཕྲུལ་དང་ལྟས་སྔར་བསྟན་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འོངས་པའི་ཚུལ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་ཡོན་ཏན་མང་པོ་བཤད་མ་ཐག་ཏུ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་དང་བཅས་ཏེ། རྫུ་འཕྲུལ་གྱི་མཐུས་དགེ་སྦྱོང་གི་གཟུགས་སུ་སྟོན་ཅིང་ལྷོ་ཕྱོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ་ཞེས་པ་ནས་དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེར་འདུས་པའི་འཁོར་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་མཐོང་ནས་ངོ་མཚར་རྨད་དུ་གྱུར་ཏེ། སོ་སོ་ནས་རྣམ་པ་སྣ་ཚོགས་ཀྱི་ལྷ་རྫས་ཀྱི་སྤོས་དང་། མེ་ཏོག་རིན་པོ་ཆེའི་རྒྱན་དང་། ན་བཟའ་དང་། རྒྱ་མཚན་དང་། བ་དན་དང་། གདུགས་ལ་སོགས་པ་ཕུལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་རྙེད་པ་རབ་ཏུ་རྙེད་དོ། །བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་མངོན་དུ་སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་མངོན་ནས་

(༦༤༨)སྟི་བཏང་དང་བཅས་ཏེ་མཆོད་པ་བྱས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ཞིང་ཁམས་གང་ནས་བྱོན་པ་དང་། ཡོན་ཏན་ཇི་ལྟ་བུ་དང་ལྡན་པ་དྲིས་པ་དང་། དེའི་དོན་བཅོམ་ལྡན་འདས་ཀྱིས་བསྟན་པ་དེ་ནི་དེ་ནས་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་པར་ཐེ་ཚོམ་འདྲི་ཞེས་བྱ་བ་ཞིག་འདུག་པ་སྟན་ལས་ལངས་ནས་གོས་ཚགས་བཅོས་ཏེ་ཕྲག་པ་གཡས་པ་ཕྱུང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། འདུས་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུས་ཤིང་། སྟོན་པའི་ལན་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བམ་པོ་གཉིས་པ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་བསྟན་ལས་ལངས་ཏེ་བླ་གོས་ཕྱོགས་ཅིག་ཏུ་བྱས་ཏེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ངས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཤེས་པ་བརྡ་སྤྲོད་པ་ཆེན་པོ་ཆོས་ཀྱི་སྒོ་མོ་འདི་ཁྱོད་ཀྱི་ལག་ཏུ་གཏད་ཀྱིས་ཁྱོད་གཟུངས་སུ་ཟུང་ལ་ཤིན་ཏུ་རྒྱས་པ་གྱིས་ཤིག་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཀླག་གམ། འདོན་དམ་

(༦༤༩)ཡིད་ལ་བྱེད་དམ། གཞན་ལ་རྒྱ་ཆེར་འཆད་དམ། ཡང་དག་པའི་སྤྱོད་པ་ལ་གནས་པ་དག་ལ་ཁྱོད་ཀྱིས་ཆོས་རྣམས་པ་འདི་བཅུས་བསྲུངས་ཏེ། ཡུན་རིང་པོར་ཕན་པ་དང་བདེ་བའི་དོན་ཐོབ་པར་གྱིས་ཤིག །བཅུ་གང་ཞེ་ན། འདི་ལྟ་སྟེ། དེའི་ཐབས་དང་བདོག་པའི་ནོར་ཐམས་ཅད་བསྲུངས་ཏེ་ཉམས་པར་མི་བྱ་བ་དང་། གནོད་པ་ཐམས་ཅད་ལས་བསྲུངས་ཏེ་མེད་པར་བྱ་བ་དང་། ལོག་པར་ལྟ་བ་དང་། ལོག་པར་ཕྱོགས་པ་ལ་བསྲུངས་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བར་བྱ་བ་དང་། དེའི་ལུས་དང་ངག་ལ་གནོད་པ་ཐམས་ཅད་ལས་བསྲུངས་ཏེ་མེད་པར་བྱ་བ་དང་། འཕྱ་བ་དང་། སྐུར་བ་ཐམས་ཅད་ལས་བསྲུངས་ཏེ་མེད་པར་བྱ་བ་དང་། ཚུལ་ཁྲིམས་དང་སྤྱོད་པ་ཐམས་ཅད་ཉམས་པར་མི་འགྱུར་བར་བསྲུང་བ་དང་དེ་ལ་མི་མ་ཡིན་པ་ཐམས་ཅད་དང་། འབྱུང་བ་ཆེན་པོ་འཁྲུགས་པ་དང་། དུས་མ་ཡིན་པའི་ནད་དང་། མི་དགེ་བ་ཐམས་ཅད་ཡོངས་སུ་སེལ་བར་བསྲུང་བ་དང་། དེ་ལ་དུས་མ་ཡིན་པ། ཚུལ་མ་ཡིན་པ། ལྟས་ངན་པ། རིམས་ཐམས་ཅད་མི་འབྱུང་བར་བསྲུང་བ་དང་། དེ་ལ་འཆི་བའི་དུས་བྱེད་པ་ན་ཡང་སངས་རྒྱས་ཐམས་ཅད་མཐོང་བར་བསྲུང་བ་དང་། དེའི་ཚེ་འཕོས་ནས་ཀྱང་བདེ་འགྲོར་སྐྱེ་བ་དང་། ཕན་པ་དང་། བདེ་བའི་དོན་ཐོབ་པར་ཡོངས་སུ་བསྲུང་བར་བྱེད་དོ། །རིགས་ཀྱི་བུ་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ཀློག་པ་དང་། འདོན་པ་དང་། དོན་ཡིད་ལ་བྱེད་པ་དང་། གཞན་ལ་རྒྱ་ཆེར་འཆད་དམ། ཡང་དག་པའི་སྤྱོད་པ་ལ་གནས་པ་དག་ལ་ཁྱོད་ཀྱིས་ཆོས་རྣམ་པ་འདི་བཅུས་ཤིན་དུ་བསྲུངས་ཤིང་བྱིན་གྱིས་བརླབས་ཏེ། ཆོས་རྣམས་པ་འདི་བཅུས་ཡུན་རིང་པོར་ཕན་པ་དང་བདེ་བར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་

(༦༥༠)དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་དེ་བཞིན་ནོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུངས་སུ་འཛིན་ཅིང་ཤིན་ཏུ་རྒྱས་པར་བགྱིའོ། །སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཀློག་པ་དང་། འདོན་པ་དང་། དོན་ཡིད་ལ་བགྱིད་པ་དང་།ཕ་རོལ་པོ་ལ་རྒྱ་ཆེར་སྟོན་པ་དང་ཡང་དག་པའི་སྤྱོད་པ་ལ་གནས་པ་དག་ལ་བདག་གིས་ཆོས་རྣམ་པ་འདི་བཅུས་ཤིན་དུ་བསྲུངས་ཏེ་ཡུན་རིང་པོར་ཕན་པ་དང་བདེ་བར་བགྱིའོ། །ཞེས་པས་གནས་སྐབས་ཀྱི་ཕན་ཡོན་དང་། མཐར་ཐུག་སངས་རྒྱ་བའོ། །བསྡུས་པའི་དོན་ནི། ལེའུ་བརྒྱད་ལས། གླེང་གཞིའི་ལེའུ་སྟེ་དང་པོ་དང་། འཁོར་ལོ་བཅུའི་ལེའུ་སྟེ་གཉིས་པ་དང་། གནས་ཤིང་སྤྱད་པར་མི་བྱ་བའི་ལེའུ་སྟེ་གསུམ་པ་དང་། གནས་པ་དང་སྤྱད་པའི་ལེའུ་སྟེ་བཞི་པ་དང་། ཆད་པར་ལྟ་བ་ལ་སོགས་པའི་སེམས་ཀྱི་སྒྲིབ་པ་བཤགས་པའི་ལེའུ་སྟེ་ལྔ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བའི་ལེའུ་སྟེ་དྲུག་པ་དང་། བསོད་ནམས་ཀྱི་ཞིང་གི་མཚན་ཉིད་ཀྱི་ལེའུ་སྟེ་བདུན་པ་དང་། བདེ་བའི་དོན་ཐོབ་པ་ཡོངས་སུ་གདམས་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག །བཅོམ་ལྡན་འདས་ཀྱི་གསུང་རབས་ལས་ཆོས་ཐམས་ཅད་སྟོང་previous hit ་ཉིད་དུ་བསྟན་པའི་དགོངས next hit་པའི་དོན་འདུས་པའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དང་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པར་བསྟན་

(༦༥༡)པའི་previous hit དགོངས next hit་མི་ཤེས་པར། སྟོང་པ་ལ་སྒྲ་ཇི་བཞིན་པར་ཞེན་སྟེ། ཆོས་ཐམས་ཅད་མེད་ཅེས་སྨྲ་བ་དང་། ཆོས་ཐམས་ཅད་ཡོད་པ་མ་ཡིན་ཞེས་སྨྲ་བ་དང་། ཆོས་ཐམས་ཅད་རིགས་པས་བརྟགས་ན་མེད་ཞེས་སྨྲ་བ་དང་། ཆོས་ཐམས་ཅད་རིགས་ཤེས་དང་མཉམ་བཞག་གི་ངོ་ན་མེད་ཞེས་སྨྲ་བ་དང་། ཆོས་ཐམས་ཅད་དོན་ལ་མེད་ཞེས་སྨྲ་བ་དང་། ཆོས་ཐམས་ཅད་གནས་ཚུལ་ལ་མེད་ཞེས་སྨྲ་བ་དང་། ཆོས་ཐམས་ཅད་ཡུལ་སྟེངས་ན་མེད་ཞེས་སྨྲ་བ་རྣམས་ནི་རིགས་པ་མ་ཡིན་ཏེ། དེ་དག་ནི་ཆད་པར་ལྟ་བ་དང་རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལྟ་བ་ཆེན་པོ་ཡིན་པའི་ཕྱིར། སྔར་བྱས་ལ་འགྱོད་པ་དང་། ཕྱིས་མི་བྱེད་པ་སོགས་ཀྱི་སྒོ་ནས་བཤགས་པར་བྱ་བར་རིགས་ཏེ། མདོ་འདི་ཉིད་ཀྱི་ལེའུ་ལྔ་པ་ལས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་པ་ན་འཁོར་གྱི་དཀྱིལ་འཁོར་དེའི་ནང་ནས་ནི་ཚད་མེད་པ་བརྒྱ་སྟོང་སྙེད་སྔོན་ཆོས་ཐོས་པ་ལས་ཡིད་གོལ་ཏེ། སྟོང་པ་ཡིན་པར་གོ་ནས་རྒྱུ་དང་འབྲས་བུ་མེད་པར་ལྟ་ཞིང་དགེ་བའི་རྩ་བ་ཡོངས་སུ་བཅད་ནས་ངན་སོང་དུ་ལྷུང་བར་འགྱུར་བ་དག་མདོ་འདི་ཉིད་བཤད་པ་ཐོས་ནས་ཕྱིས་ཡང་དག་པའི་ལྟ་བ་དང་ལྡན་པར་གྱུར་ཏོ། །དེ་ནས་དེ་དག་འདུག་པ་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་ཤིན་དུ་མཛེས་པ་བསྐྱེད་དེ། སོ་སོར་བཤགས་པ་བྱ་བའི་ཕྱིར་ཐལ་མོ་སྦྱར་བ་བཏུད་དེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་ཉན་ཐོས་ཀྱི་ཐེག་པའི་རིགས་སུ་སུ་དགེ་བའི་རྩ་བ་བསྐྱེད་པ་ལས་ཉན་ཐོས་ཀྱི་ཐེག་པ་དེ་ཡང་ཡོངས་སུ་མ་

(༦༥༢)སྨིན་པར་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ཐོས་སོ། །དེ་ལའང་རྨོངས་ཤིང་མངོན་དུ་མ་གྱུར་པས་སྟོང་པར་བལྟ་ཞིང་རྒྱུ་དང་འབྲས་བུ་ཡང་མེད་པར་འཛིན་ཏོ། །དེའི་རྒྱུ་དེའི་རྐྱེན་གྱིས་ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཚད་མེད་པ་བགྱིས་པས་ངན་སོང་དག་ཏུ་ལྟུང་བར་འགྱུར་བ་ལས་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདོ་སྡེ་འདི་བཤད་པ་ཐོས་ནས་སླར་ཡང་ཡང་དག་པའི་ལྟ་བ་རྙེད་དེ་ཤིན་དུ་འཛེམ་པ་དང་། ངོ་ཚ་བའི་སེམས་ཀྱིས་སོ་སོར་བཤགས་ཏེ། མ་བཅབས་པས་དེ་དག་ཡོངས་སུ་བྱང་བར་གྱུར་ཅིག །དེ་སླན་ཆད་ཇི་སྙེད་བསྒྲིབས་པར་འགྱུར་བའི་ལས་རྣམས་མི་བགྱིད་པར་ཡོངས་སུ་བསྲུང་བར་འཚལ་ལོ། །བདག་ཅག་གི་སྡིག་པ་དེ་དག་ཡོངས་སུ་སྦྱང་བ་དང་། སླན་ཆད་མི་བགྱིད་པར་བཅོམ་ལྡན་འདས་ཐུགས་བརྩེ་བར་རྗེས་སུ་གཟུང་དུ་གསོལ། བདག་ཅག་མ་འོངས་པ་ན་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་བ་ལས་ཐུགས་བརྩེ་བས་བསྐྱབ་དུ་གསོལ། བདག་ཅག་སླར་ཡང་སྔོན་སྤྱད་པའི་ཉན་ཐོས་ཀྱི་ཐེག་པ་ལ་སྤྱོད་ཅིང་ནན་ཏན་གྱིད་ཀྱིས་བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལེགས་སོ་ལེགས་སོ། །ཁྱོད་འདི་ལྟར་འཛེམ་པ་དང་། ངོ་ཚ་བས་སོ་སོར་བཤགས་པ་ལེགས་སོ། །ངའི་བསྟན་པ་ལ་མ་ཉམས་པའི་སྐྱེས་བུ་དམ་པ་གཉིས་ཡོད་དེ། གཅིག་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་ཐོག་མ་ནས་ཉེས་པ་མི་བྱེད་པའོ། །གཅིག་ནི་ཉེས་པ་བྱས་སུ་ཟིན་ཀྱང་འཛེམ་པ་དང་ངོ་ཚ་བས་སོ་སོར་འཆགས་པ་སྟེ་སྐྱེས་བུ་དམ་པ་འདི་གཉིས་ནི་ངའི་ཆོས་ལ་ཤིན་དུ་འདུན་པ་རྣམ་པར་དག་པ་ཞེས་བྱའོ། །དེ་ནས་བཅོམ་

(༦༥༣)ལྡན་འདས་ཀྱིས་དེ་དག་གི་མོས་པ་བཞིན་དུ་འཕགས་པའི་བདེན་པ་བཞིའི་ཆོས་བསྟན་ཏེ། འཁོར་དེའི་ནང་ན་ལ་ལས་ནི་བཟོད་པ་ཐ་མ་ཐོབ། ལ་ལས་ནི་བཟོད་པ་བར་མ་ཐོབ། ལ་ལས་ནི་བཟོད་པ་མཆོག་ཐོབ། ལ་ལས་ནི་འཇིག་རྟེན་གྱི་མཆོག་གི་ཆོས་ཐོབ། ལ་ལས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། ལ་ལས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ། ལས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །གཞན་ཡང་དགེ་སློང་བརྒྱད་ཁྲི་བཞི་སྟོང་ཟག་པ་ཐམས་ཅད་ཟད་པ། སེམས་རྣམས་པར་གྲོལ་བ། བློ་ཤིན་དུ་རྣམ་པར་དག་པའི་དགྲ་བཅོམ་པར་གྱུར་ནས་དགའ་བཞིན་དུ་སངས་རྒྱས་ལ་ཕྱག་འཚལ་ཏེ་ཕྱིར་ཡང་སོ་སོར་སྟན་ལ་འཁོད་དོ། །ཡང་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་རྩ་བདུན་གྱིས་སྔོན་ཐོབ་པའི་ཆོས་སྟོང་པ་ཡིན་པར་འཁྲུལ་ནས་རྒྱུ་དང་འབྲས་བུ་མེད་པར་ལྟ་ཞིང་། དགེ་བའི་རྩ་བ་ཡོངས་སུ་བཅད་ནས་ངན་སོང་དུ་ལྟུང་བར་འགྱུར་བ་ནས་མདོ་སྡེ་འདི་བཤད་པ་ཐོས་ནས་ཕྱིར་ཡང་ཡང་དག་པའི་ལྟ་བ་རྙེད་དེ་འདུག་པ་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་བཏུགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིན་དུ་འཛེམ་པ་དང་ངོ་ཚ་བ་དང་བཅས་པས་སོ་སོར་བཤགས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་རང་སངས་རྒྱས་ཀྱི་ཐེག་པའི་རིགས་སུ་དགེ་བའི་རྩ་བ་བསྐྱེད་པ་ལས་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་ཡང་ཡོངས་སུ་མ་སྨིན་པར་ཐེག་པ་ཆེན་པོའི་ཆོས་ཐོས་ནས་དད་པ་དང་མོས་པ་སྐྱེས་ཀྱང་མ་རིག་

(༦༥༤)པས་ལྡོངས་ཤིང་རྟོགས་པར་མ་གྱུར་ཏེ་སྟོང་པར་ལྟ་ཞིང་རྒྱུ་དང་འབྲས་བུ་མེད་པར་བཟུང་ངོ་། །དེའི་རྒྱུ་དེའི་སྐྱེན་གྱིས་ལུས་དང་། ངག་གིས་སྡིག་པ་མི་དགེ་བའི་ལས་ཚད་མེད་པ་དག་བགྱིས་པས་བསྐལ་པ་ཚད་མེད་པའི་བར་དུ་ཤིན་དུ་མི་ཟད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ཞིང་ངན་སོང་དུ་ལྟུང་བར་འགྱུར་བ་ལས། དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་མདོ་སྡེ་བཤད་པ་ཐོས་ནས་སླར་ཡང་དག་པའི་ལྟ་བ་བརྙེས་དེ། ཤིན་དུ་འཛེམ་པ་དང་ངོ་ཚ་བར་ལྡན་པ་མི་འཆབ་པའི་སེམས་ཀྱིས་སོ་སོར་འཆགས་ཏེ། དེང་སླན་ཆད་ཇི་སྙེད་སྒྲིབ་པར་འགྱུར་པའི་ལས་རྣམས་མི་བགྱིད་བར་ཡོངས་སུ་བསྲུང་བར་འཚལ་ལོ། །བཅོམ་ལྡན་འདས་ཐུགས་བརྩེ་བ་ཅན་གྱིས་བདག་ཅག་གི་སྡིག་པ་དེ་དག་ཡོངས་སུ་བྱང་བ་དང་། སླན་ཆད་མི་བགྱིད་པར་རྗེས་སུ་བྱང་བ་དང་། སླན་ཆད་མི་བགྱིད་པར་རྗེས་སུ་གཟུང་དུ་གསོལ། བདག་ཅག་མ་འོངས་པ་ན་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་བ་ལས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་བསྐྱབ་ཏུ་གསོལ། བདག་ཅག་ད་ཡང་སྔོན་སྤྱད་པའི་རང་སངས་རྒྱས་ཀྱི་ཐེག་པ་ལ་སྤྱོད་ཅིང་ནན་ཏན་བགྱིད་ཀྱིས། བཅོམ་ལྡན་འདས་ཐུགས་བརྩེ་བ་ཅན་གྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བཀའ་སྩལ་ཏེ་ལེགས་སོ་ལེགས་སོ། །ཁྱེད་འདི་ལྟར་འཛེམ་པ་དང་། ངོ་ཚ་བས་སོ་སོར་བཤགས་པ་ལགས་སོ། །ངའི་བསྟན་པ་ལ་མ་ཉམས་པའི་སྐྱེས་བུ་གཉིས་ཡོད་དེ། གཅིག་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་ཐོག་མ་ནས་ཉེས་པ་མི་བྱེད་པའོ། །གཅིག་ནི་ཉེས་པ་བྱས་སུ་ཟིན་ཀྱང་འཛེམ་པ་དང་ངོ་ཚ་བས་སོ་སོར་

(༦༥༥)འཆགས་པ་སྟེ། སྐྱེས་བུ་དམ་པ་འདི་གཉིས་ནི་ངའི་ཆོས་ལ་ཤིན་དུ་འདུན་པ་རྣམས་དག་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གིས་མོས་པ་བཞིན་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་བསྟན་ནས་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ཐེག་པ་ལ་ནན་ཏན་བྱས་ཏེ། ཐམས་ཅད་མཐར་གྱིས་རྒྱལ་མཚན་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་ནས་རང་སངས་རྒྱས་ཀྱི་ཐེག་པ་ལས་ཕྱིར་མི་ལོག་ཅིང་དགའ་བཞིན་དུ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཕྱིར་ཡང་སོ་སོའི་སྟན་ལ་འཁོད་དོ་ཞེས་གསུངས་པ་ལྟར་རོ། དགེ་འདིས་འགྲོ་བ་ཐམས་ཅད་ཀྱིས། སའི་སྙིང་པོ་ཇི་བཞིན་དུ། ཐེག་པ་ཆེན་པོ་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་ན་ཞེས་པས་སོ། །འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་ནི་དེ་ནས་བཅོམ་ལྡན་འདས་ནམ་གྱི་ཆ་སྨད་ཀྱི་ཐུན་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་དང་། ཆོས་སྟོན་པའི་སྔ་ལྟས་དང་། འཁོར་གསར་དུ་བསྡུས་པ་རྣམས་སྟོན་པ་ནི་དེ་ནས་འཇམ་དཔལ་གཞོན་

(༦༥༦)ནུར་གྱུར་པ་ནི་ཀུན་དུ་སྣང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པ་ནས་དེ་ནས་འཁོར་བཞི་པོ་དེ་དག་གིས་དཔག་ཚད་སྟོང་ཁོར་ཡུག་ཏུ་ཁྱབ་པར་གྱུར་ཏོ། །ལྷ་རྣམས་ཀྱིས་ཀྱང་དཔག་ཚད་ལྔ་ཁྲི་ཙམ་གྱི་སྟེང་གི་བར་སྣང་ཁྱབ་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་བཞི་པོ་འདི་ཡང་འདུས་ཤིང་མཆིས། ལྷ་རྣམས་ཀྱིས་ཀྱང་བར་སྣང་བལྟམས་ཤིང་མཆིས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱིར་མི་ལོག་པའི་འཁོར་ལོ་ལས་བརྩམས་ཏེ་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་འཁོར་འདི་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཀྱང་མང་། ལྷ་བརྒྱ་སྟོང་ཕྲག་མང་པོ་དེ་མ་ལགས་པ་གཞན་གང་དག་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས་པ་དང་། རང་སངས་རྒྱས་ཉིད་དུ་འདུ་ཤེས་པ་མང་དུ་མཆིས་ན། དེ་དག་གི་འདུ་ཤེས་རྣམ་པར་གྲོལ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གང་ལ་previous hit དགོངས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་བསྟན་ next hit་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་གང་ལ་previous hit དགོངས་ཏེ། རང་སངས་རྒྱས་ཉིད་བསྟན་ next hit་བཅོམ་ལྡན་འདས་

(༦༥༧)ཀྱིས་བཤད་དུ་གསོལ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བ་མཛད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་གང་ཞིག་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་པ་དེ་ནས་འཁོར་བ་ལ་བསྐལ་བ་དུ་མ་ཞིག་བསྙིལ་བར་བགྱིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཕྱིར་མི་ལྡོག་པའི་འཁོར་ལོ་ཡེ་ཤེས་ཆེན་པོ་བསྟན་པ་ཞེས་བྱ་བ་ཐོས་ལ། ཐོས་ནས་ཀྱང་མོས་པར་འགྱུར་བ་དེས་འཁོར་བ་ལས་བསྐལ་པ་སྟོང་བསྙིལ་བར་བྱས་པར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ཉིད་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །དེ་ནས་འཁོར་བཞི་པོ་དེ་དག་གི་མདུན་དུ་པད་མ་ཁ་དོག་སྣ་ཚོགས་པ། ཁ་དོག་དུ་མ་ཡོད་པ། ཁ་དོག་དཔག་ཏུ་མེད་པ། འདབ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་ཡོད་པ་སོ་སོར་བྱུང་ངོ། །དེ་ནས་འཁོར་བཞི་པོ་དེ་དག་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། པད་མ་དེ་དག་

(༦༥༨)བླངས་ནས་བཅོམ་ལྡན་འདས་ལ་མངོན་པར་གཏོར་རོ། །མངོན་པར་གཏོར་ནས་ཀྱང་ཚིག་འདི་སྐད་དུ་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་དེ་ལྟར་བསྟན་པར་བགྱིའོ། །དེ་ལྟར་རབ་ཏུ་དབྱེ་བར་བགྱིའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ་དེ་ནས་སིལ་སྙན་ཐམས་ཅད་ཀྱང་མ་དཀྲོལ་བར་སྒྲ་བྱུབ་ངོ་། །སྤོས་ཐམས་ཅད་ཀྱི་ངད་ཀྱང་ལངས་སོ། །ལྷ་བརྒྱ་སྟོང་མང་པོ་དག་གིས་ལྷའི་ཙན་དན་གྱི་ཕྱེམ་དང་། ལྷའི་འཛམ་བུའི་གླིང་གི་གསེར་ཕྱེ་དང་། ལྷའི་མེ་ཏོག་མན་ད་ར་བ་དང་། ལྷའི་ན་བཟའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་བཞི་པོ་འདི་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང་། གང་དག་ཕྱི་མའི་དུས་ན་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་ལྟ་ན་ང་སྟོན་པ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལྷག་ཆད་མེད་པར་སྟོན་པར་འགྱུར་རོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་ནས་ཉན་རང་ཞི་བགྲོད་ཕྱོགས་གཅིག་པའི་རིགས་ཅན་གནས་སྐབས་ཀྱི་འབྲས་བུ་ལ་དཀྲི་བའི་ཕྱིར་དུ་དད་པའི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་།རྒྱུན་དུ་

(༦༥༩)ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་དཔེའི་དགེ་འདུན་ཙམ་ཞིག་བསྟན་པ་ལ་དོན་གྱི་དགེ་འདུན་དུ་རློམ་པ་རྣམས་གཞིག་པར་བྱ་བའི་ཕྱིར་དང་། དོན་གྱི་དགེ་འདུན་ལ་དཀྲི་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་གྱི་དགེ་འདུན་གྱི་དབྱེ་བ་བསྟན་པ་ན་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་སུ་བསྟན་པས། སྤྱིར་ཉན་རང་གི་རིགས་ཅན་ལ་སོགས་སེམས་ཅན་ཐམས་ཅད་ཐེག་པ་དམན་པའི་གང་ཟག་ལ་དཔེའི་དགེ་འདུན་ཙམ་དུ་བསྟན་པ་ལ་ཆོག་པར་མི་འཛིན་པར་ཐེག་པ་ཆེན་པོའི་སྒོར་ཞུགས་ཏེ། དོན་གྱི་དགེ་འདུན་དོན་དུ་གཉེར་བའི་གནས་སྐབས་སུ་ཡང་ཉན་རང་གི་རིགས་ཅན་ཞི་བགྲོད་ཕྱོགས་གཅིག་པར་མ་ངེས་པའི་རིགས་ཅན་རྣམས་ཐེག་པ་ཆེན་པོར་དྲངས་ཏེ་ཐེག་པ་ཆེན་པོའི་དགེ་འདུན་ལ་བཀོད་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོར་རིགས་མ་ངེས་པ་འགའ་ཞིག་ཐེག་པ་དམན་པར་ལྟུང་བ་རྣམས། ཐེག་པ་ཆེན་པོར་རྗེས་སུ་གཟུང་སྟེ་ཕྱིར་མི་ལྡོག་པའི་ས་ལ་བཀོད་པས་ན་ཕྱིར་མི་ལྡོག་པ་འཁོར་ལོའི་མདོའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་གཅིག་ན་རེ། འབྲས་བུ་བཞི་ལ་ཞུགས་པ་དང་གནས་པའི་རྣམ་

(༦༦༠)གཞག་ནི། ཉན་ཐོས་ཁོ་ན་ལ་རྩི་བར་བྱ་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་ལ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མངོན་པ་ཀུན་ལས་བཏུས་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་རྒྱུན་དུ་ཞུགས་པ་མི་བཞག་ཞེ་ན། རྒྱུན་མ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་ལན་གཅིག་ཕྱིར་འོང་བ་མི་བཞག་ཅེ་ན། འདོད་པའི་ཁམས་སུ་སྐྱེ་བ་ཚད་མེད་པ་ལེན་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར་ཞེས་སྨྲ་བ་ནི་མངོན་པ་ཀུན་ལས་བཏུས་དང་། མདོ་འདི་དང་ཕ་རོལ་དུ་ཕྱིན་པའི་མདོ་བསྟན་བཅོས་ཀྱི་previous hit དགོངས next hit་མ་ལོན་པ་ཡིན་ཏེ། མདོ་བསྟན་བཅོས་འདི་དག་གི་previous hit དགོངས next hit་ནི། ཐེག་པ་དམན་པའི་སྡེ་སྣོད་ལས་ཉན་ཐོས་ཀྱི་འབྲས་བུ་ལ་ཞུགས་པ་དང་། གནས་པའི་མཚན་ཉིད་ཅན་གྱི་ཉན་ཐོས་ཀྱི་ཞུགས་པ་དང་གནས་པ་དག་དང་། མཚན་ཉིད་མཚུངས་པའི་ཞུགས་གནས་ཀྱི་རྣམ་བཞག་བྱང་ཆུབ་སེམས་དཔའ་མི་རྩི་བར་བསྟན་པ་ཡིན་གྱི་ཐེག་པ་ཆེན་པོའི་མདོ་བསྟན་བཅོས་ནས་བསྟན་པའི་འབྲས་བུ་ལ་ཞུགས་པ་དང་གནས་པའི་མཚན་ཉིད་མི་རྩི་བར་གསུངས་པ་མ་ཡིན་ནོ། །ཡང་ཁ་ཅིག་ན་རེ། ཐེག་པ་དམན་པའི་སྡེ་སྣོད་ལ་ཉན་ཐོས་ཀྱི་འབྲས་བུ་བཞི་ལ་ཞུགས་པ་དང་གནས་པའི་གང་ཟག་ནི་ཞུགས་གནས་མཚན་ཉིད་པ་ཡིན་ལ། ཐེག་པ་ཆེན་པོའི་སྡེ་སྣོད་ནས། བྱང་ཆུབ་སེམས་དཔའི་གང་ཟག་གི་འབྲས་བུ་ལ་ཞུགས་པ་དང་གནས་པའི་རྣམ་བཞག་བསྟན་པ་ནི་ཞུགས་གནས་བརྟགས་པ་ཡིན་ཏེ། དཔེར་ན་མདོ་འདི་ཉིད་ནས། བྱང་ཆུབ་སེམས་དཔའ་ལ་ཉན་ཐོས་དང་རང་སངས་རྒྱས་སུ་བསྟན་པ་དང་།

(༦༦༡)མངོན་པར་རྟོགས་པའི་རྒྱན་ལས་བྱང་ཆུབ་སེམས་དཔའ་ལ་བསེ་རུ་ལྟ་བུ་བཤད་པ་བཞིན་ནོ་ཞེས་ཟེར་བ་ཤིན་དུ་མང་ན་ཡང་། དེ་དག་གིས་ཐེག་previous hit ་ཆུང་ངུའི་སྡེ་སྣོད་ནས། ཉན་ཐོས་ལ་ཞུགས་གནས་བཤད་པའི་དགོངས next hit་གཞི་དང་previous hit དགོངས next hit་ཇི་ལྟར་ཡིན་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་འབྲས་བུ་ལ་ཞུགས་པ་དང་གནས་པའི་རྣམ་བཞག་བསྟན་པའི་previous hit དགོངས་གཞི་དང་དགོས་ next hit་གཉིས་ཁ་མི་ཤེས་པར་སྣང་བའི་ཕྱིར་རོ། །འོ་ན་འདི་དག་གི་previous hit དགོངས next hit་ཇི་ལྟར་ཡིན་ཞེ་ན། ཐེག་པ་ཆུང་ངུའི་སྡེ་སྣོད་ནས། ཐེག་པ་དམན་པའི་གང་ཟག་ལ་ཞུགས་གནས་ཀྱི་རྣམ་གཞག་གསུངས་པའི་previous hit དགོངས་གཞི། གནས་སྐབས་སུ་ཐེག་ next hit་གསུམ་པོ་སོ་སོར་ངེས་ཤིང་། ཉོན་མོངས་པ་ཙམ་སྤངས་པའི་གནས་སྐབས་ཀྱི་འབྲས་བུ་འཇོག་པ་བཞེད་པ་དང་། དགོས་པ་ཉན་རང་གི་རིགས་ཅན་ཞི་བ་བགྲོད་པ་ཕྱོགས་གཅིག་པའི་གང་ཟག་གནས་སྐབས་ཀྱི་འབྲས་བུ་དང་བྱང་ཆུབ་ལ་འགོད་པའི་ཕྱིར་དུ། ཉོན་མོངས་པ་སྤངས་པ་ཆེ་ཆུང་གི་སྒོ་ནས། ཞུགས་པ་དང་གནས་པའི་རྣམ་བཞག་བཞག་པ་ནི་གནས་སྐབས་ཐེག་པ་གསུམ་དུ་ངེས་པ་ལ་འགྲིག་ལ། མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པའི་དབང་དུ་བྱས་ན་རྣམ་བཞག་དེ་འཇིག་པས། དེ་ནི་གནས་སྐབས་ཀྱི་ཐེག་པ་ལ་བརྟེན་པའི་ཞུགས་གནས་དམན་པ་ཡིན་ནོ། །ཐེག་པ་ཆེན་པོའི་སྡེ་སྣོད་ལས། བྱང་སེམས་ཆེན་པོ་རྣམས་འབྲས་བུ་ལ་ཞུགས་པ་དང་གནས་པའི་རྣམ་བཞག་བསྟན་previous hit ་ནི། དགོངས next hit་གཞི་མཐར་ཐུག་ཐེག་པ་གཅིག་ཡིན་པ་དང་། ཉོན་སྒྲིབ་ཤེས་སྒྲིབ་གཉིས་ཀ་སྤངས་པའི་

(༦༦༢)སྤངས་རྟོགས་མཐོ་དམན་གྱི་སྒོ་ནས་འབྲས་བུའི་རྣམ་བཞག་འཇོག་པར་བཞེད་པ་དང་། དགོས་པ་གནས་སྐབས་སུ་ཡང་ཉན་རང་གི་རིགས་ཅན་ཞི་བ་བགྲོད་པར་ཕྱོགས་གཅིག་པར་མ་ངེས་པ་རྣམས་ཐེག་ཆེན་གྱི་ཞུགས་གནས་ལ་དྲང་བ་དང་། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོར་རིགས་མ་ངེས་པ་ཞུགས་གནས་ཀྱི་རྣམ་བཞག་ལ་མོས་པ་ཁ་ཅིག་ཐེག་པ་ཆེན་པོར་རྗེས་སུ་གཟུང་བ་དང་། མཐར་ཐུག་དུ་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་འབྲས་བུ་ལ་ཞུགས་པ་དང་གནས་པ་ལ་འགོད་པའི་ཕྱིར་དུ། ངེས་དོན་གྱི་ཐེག་པ་ལ་བརྟེན་པའི་ཞུགས་གནས་མཆོག་ཡིན་པར་བསྟན་པ་ཡིན་ནོ། །དཔེར་ན་དགྲ་བཅོམ་པ་ཐེག་པ་ཆེ་ཆུང་གི་སྒོ་ནས། གཉིས་གཉིས་དང་དམན་མཆོག་གི་སྒོ་ནས་གཉིས་གཉིས་འཇོག་པ་བཞིན་དུ་ཐེག་དམན་གྱི་ཞུགས་གནས་ལ་མཚོན་བྱེད་དཔེའི་དགེ་འདུན་དང་། ཐེག་ཆེན་གྱི་ཞུགས་གནས་ལ་མཚོན་ཆ་དོན་གྱི་དགེ་འདུན་ཟེར་བ་ལྟར། དཔེ་དོན་གྱི་ཉན་ཐོས་དཔེ་དོན་གྱི་རང་རྒྱལ་དཔེ་དོན་གྱི་བེས་རུ་ལྟ་བུ་ཞེས་བྱར་ཡང་རུང་ངོ་། །ཡང་ཁ་ཅིག་ཐེག་ཆེན་གྱི་སྡེ་སྣོད་ནས་བྱང་སེམས་ལ་ཞུགས་གནས་ཀྱི་རྣམ་བཞག་བསྟན་པ་ནི། ཞུགས་གནས་མཚན་ཉིད་པ་ཡིན་ལ་ཐེག་པ་དམན་པའི་སྡེ་སྣོད་ནས་ཉན་ཐོས་ལ་ཞུགས་གནས་ཀྱི་རྣམ་བཞག་བསྟན་པ་ནི་ཞུགས་གནས་བཏགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡང་མི་རིགས་ཏེ། དེ་ལྟར་ཡིན་ན། ཐེག་དམན་འཕགས་པ་ལ་འབྲས་བུ་དང་ཞུགས་གནས་མཚན་ཉིད་པ་མེད་པར་ཁས་ལེན་པ་ཧ་ཅང་ཐལ་བའི་ཕྱིར་རོ། །ཐེག་ཆེན་འཕགས་པ་ལ་ཞུགས་གནས་བཏགས་པ་བ་འཇོག་པ་ནི་སྔ་མ་

(༦༦༣)ལས་ཀྱང་ཧ་ཅང་ཐལ་ལོ། །དེས་ན་ཐེག་པ་ཆེ་ཆུང་གང་ཡང་ཞུགས་གནས་དངོས་བཏགས་འབྱེད་པ་མ་ཡིན་གྱི་དམན་པ་དང་མཆོག་གི་ཁྱད་པར་ཆེ་བས་གནས་སྐབས་སུ་ཞི་བགྲོད་ཕྱོགས་གཅིག་པར་མ་ངེས་པ་ཐེག་པ་ཆེན་པོར་དྲངས་པར་འགྱུར་བ་སོགས་དང་། མཐར་ཐུག་ཏུ་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོར་དྲངས་པར་འགྱུར་བའི་ཕྱིར་དང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་དྲང་ངེས་ལེགས་པར་ཕྱེ་བ་ཡིན་ནོ། །དེ་ལྟར་མཁྱེན་པར་མཛོད་ཅིག །དེ་ལྟར་བསྟན་པའི་དགེ་བ་ཡིས། དཔེ་དང་དོན་གྱི་དགེ་འདུན་དང་། འབྲས་བུའི་རྣམ་བཞག་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཏིང་ངེ་འཛིན་གྱི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་པས་སོ། །འཁོར་ནི་དགེ་སློང་གི་དགེ་འདུན་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ། །གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་འཁོར་སྣ་ཚོགས་པས་བསྐོར་ནས་ཆོས་སྟོན་པར་འགྱུར་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི་དེའི་ཚེ་བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་གྱུར་ཏོ། །སྣང་

(༦༦༤)བ་ཆེན་པོས་ཀྱང་ཐམས་ཅད་གསལ་བར་གྱུར་ཏོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པར་གྱུར་ཏེ། སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་འཁོར་ལོལ་སྙོམས་པར་ཞུགས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ཤིན་དུ་ངོ་མཚར་ལགས་སོ་ཞེས་པས་བསྟན་ཏོ།།ཆོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཡང་དག་པའི་མཐའ་ཤེས་སམ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་འཚལ་བ་ལགས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཏིང་ངེ་འཛིན་ལ་འཁོར་ལོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཡང་དག་པའི་མཐའ་དང་། བསྒོམ་པ་དང་། ཆོས་ཀྱི་དབྱིངས་དང་། རྡོ་རྗེའི་གཞི་རྣམས་རང་བཞིན་མེད་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི། གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཡང་དག་མཐའ་སོགས་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་

(༦༦༥)འཚལ་ལོ། །འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་རྡོ་རྗེའི་རི་ཟོམ་ལ་ཞེས་པས་སོ། །འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་དང་ཞུ་བ་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རིན་པོ་ཆེ་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ནི། རིགས་ཀྱི་བུ་གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བར་འདོད་པ་དང་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་ཅིང་ཉིན་མོ་ཡང་རུང་མཚན་མོ་ཡང་རུང་ཡོངས་སུ་བསྔོ་བའི་འཁོར་ལོ་ཆེན་པོ་འདི་ཀློག་ཅིང་འདོན་ན། དེའི་སྡིག་པ་མི་དགེ་བའི་ལས་འབྱང་ཞིང་ཉོན་མོངས་པ་ཐམས་ཅད་ཁད་ཀྱིས་སྦྱོང་བར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་སྔ་མ་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །ལན་གཅིག་ཀླགས་པ་ཙམ་གྱིས་ཀྱང་ཚངས་པ་བརྒྱའི་དཔལ་དང་ལྡན་ཞིང་རྨི་ལམ་ན་ཡང་རྟག་ཏུ་སངས་རྒྱས་མཐོང་བར་འགྱུར་རོ། །ཚེ་འདས་ཀྱང་ཡོངས་སུ་དག་པའི་ཞིང་དུ་སྐྱེའོ་བསྡུས་པའི་དོན་ནི། བདག་ཉིད་ཀྱི་དངོས་པོ་འབུལ་བ་དང་། སྐྱབས་སུ་གསོལ་བ་དང་། མཆོད་པ་འབུལ་བ་དང་། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་

(༦༦༦)ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། སྡིག་པ་མི་དགེ་བ་བཤགས་པ་དང་། གཟུངས་བཟླས་པ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་དབུ་མའོ། །ཐེག་པ་ནི་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བསྔོ་བའི་འཁོར་ལོ་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། དེའི་ཚེ་ན་སངས་རྒྱས་ཤིང་ས་ལ་གཉིས་ཀྱི་བར་ན་བཞུགས་ཏེ་ཞེས་པས་སོ། །འཁོར་ནི་མྱ་ངན་ལས་འདས་པར་གཤེགས་ཀར་སེམས་ཅན་ཐམས་ཅད་བརྒྱ་སྟོང་ཁྲི་འབུམ་ཕལ་མང་པོ་ཀུན་ཤིང་གི་དྲུང་ན་སངས་རྒྱས་འཁོར་བར་བསྐོར་ཏེ་འཁོད་ནས་མིག་ནི་ཡར་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་སྟེ། ཅུང་ཟད་ཀྱང་མི་གཡེངས་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་ཡང་དག་པར་གཤེགས་པས་འཕྲུལ་གྱི་སྟོབས་ཀྱིས་འོད་ཆེན་པོ་བཏང་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྣང་སྟེ། འོད་དེའི་ནང་ནས་ཆོས་ཀུན་མངོན་པར་བསྟན་ནས་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཅེས་བྱ་བ་སྟན་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་ནས་སླར་ངོས་གཅིག་ཏུ་འདུག་སྟེ་ཞེས་པ་ནས་བཅོམ་ལྡན་འདས་སེམས་ཅན་རྣམས་ཡང་

(༦༦༧)དག་པའི་སྨན་བཟང་པོ་ཐོབ་པར་བགྱིས་ཏེ། ནད་ཐམས་ཅད་སྨོས་པར་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་ཕྱིར་འདི་ལྟ་བུའི་དོན་ཆེན་པོ་འདྲི་ནུས་པ་བསོད་ནམས་ཆེན་པོ་ཐོབ་སྟེ་བསམ་གྱིས་མི་ཁྱབ་པོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཡང་དག་པའི་དོན་རྟོགས་ཏེ་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཕྱིར་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཆོས་ཀྱི་རྒྱལ་པོ་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་སྨྱུག་མ་ལ་བྱས་པའི་

(༦༦༨)འཁོར་གྱི་ཁྱམས་ན་བཞུགས་ཏེ་ཞེས་པས་སོ། །འཁོར་ནི། དེའི་ཚེ་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་སུ་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་པ་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ཇི་ལྟར་གནས་པར་བྱ། ཇི་ལྟར་རྣལ་འབྱོར་དུ་བྱ། ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་སྙམ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་གིས་བསམ་པ་མཁྱེན་ནས་སྨིག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་གདན་བཏིང་བ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རིགས་ཀྱི་བུ་དེ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་གང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྗོད་པར་བྱེད་དེ་ལྟ་བུའི་ཆོས་ཀྱི་ཚུལ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་

(༦༦༩)རིགས་ཀྱི་བུ་དག་དེ་ལྟ་བས་ན་མྱ་ངན་ལས་འདས་པའི་བསམ་པ་ཅན་དུ་གྱིས་ཤིག །འཁོར་བར་སྦྱོར་བ་ཅན་དུ་གྱིས་ཤིག །འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཡང་གནས་པར་མ་བྱེད་གཅིག་ཅེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཐེག་ཆེན་ཆོས་ཚུལ་རྟོགས་གྱུར་ནས། བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ག་ཡའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་མངོན་པར་ཞུགས་པ་མངོན་པར་ཞུགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས་རྒལ་བར་འདུན་པ་རྣམས་དང་ཡང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་རྫུ་འཕྲུལ་གྱིས་འཁོར་གསར་དུ་བསྡུས་པ་ནི། དེ་ནས་བཅོམ་ལྡན་འདས་རི་ནག་པོ་རྣམས་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་ལྟར་དྲང་སྲོང་རྣམས་ཀྱི་ནང་ན་ལྷམ་མེ། ལྷན་ནེ། ལྷང་ངེ་སྟེ། ལུག་རྣམས་ཀྱི་ནང་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་འདྲ་ལ། སྲིན་བུ་མེ་ཁྱེར་གྱི་དྲུང་ན་ཉི་ཟླ་དང་མཚུངས་ཤིང་། རྩྭ་

(༦༧༠)ཀུ་ཤའི་མེ་ཏོག་གི་དང་མན་ད་ར་བའི་ཡལ་ག་དང་འདྲ་ལ། ནམ་མཁའ་ལྡིང་གི་རྒྱལ་པོ་བྱ་རོག་གིས་བསྐོར་བ་དང་འདྲ་བར་བཅོམ་ལྡན་འདས་དྲང་སྲོང་རྣམས་ཀྱི་ནང་ན་ཉིས་འགྱུར་དུ་མཛེས་སོ་ཞེས་པ་ནས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྤྲུལ་པ་ཕྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤུའི་ཁུང་བུ་ཐམས་ཅད་དུ་ནུབ་བོ། །གང་དག་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཕྱུང་བ་དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམས་སུ་ནུབ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་ཕུང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་བདག་གིས་མངོན་པར་བསྟོད་དོ་ཞེས་པ་ནས། འདི་དག་ཆོས་ནི་གང་གི་ལྟས་ཤིག་ལགས། ཐུབ་པ་ཆོས་ནི་གང་ཞིག་གསུང་བར་བཞེད། འཁོར་འདི་ཐམས་ཅད་སྡོད་ཅིང་མཆིས་ལགས་ན། སེམས་ཅན་ཐུགས་བརྩེའི་སླད་དུ་བདག་ལ་གསུངས་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་གཉིས་པས་ཞུས་པ་ནི། དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འཁོར་འདིའི་ནང་ནས་དྲང་སྲོང་ཆེན་པོ་མེ་སྒྲོན་ཞེས་པ་གཅིག་གིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཕུང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གཞོན་ནུ་རེ་ཤིག་ཁ་རོག་ཤིག་ཁོ་བོས་དྲི་བ་དྲི་བར་བྱའོ། །གལ་ཏེ་ཁོ་བོའི་དྲི་བ་ཁོང་དུ་ཆུད་པར་བྱེད་ན་ནི་དེ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །མིང་དང་ཡང་འཐུན་

(༦༧༡)ནོ། །འོན་རེ་སྲེད་མེད་ཀྱི་བུ་དང་དབང་ཕྱུག་ཆེན་པོས་ཕྱུང་བའི་འགྲོ་ལྡིང་བ་རྣམས་ཀྱིས་སྤྲུལ་པ་བྱེད་དུ་བཅུག་ན་འདིར་ངོ་མཚར་ཡང་མི་ཆེ་སྟེ། སྐྱེས་བུ་ངན་པ་དང་། སྒྱུ་མ་མཁན་རྣམས་ཀྱིས་འདི་འགྲུབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པའི་ཞལ་གྱིས་དྲང་སྲོང་གི་ཚོགས་ལ་ཀུན་དུ་གཟིགས་ནས་དྲང་སྲོང་ཆེན་པོ་མེ་སྒྲོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚེ་དང་ལྡན་པ་དྲང་སྲོང་ཆེན་པོ་ཅི་ནུས་ཀྱིས་དྲི་བ་དྲིས་ཤིག་དང་རྣམ་པར་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་སེམས་ཅན་ཇི་ཙམ་ཞིག་ནང་ན་མཆིས་བཀའ་སྩོལ་གཅིག་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་མེ་སྒྲོན་ལ་དྲང་སྲོང་ཆེན་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ལུང་འབོགས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་སྤྱན་ལ་སྣང་བར་འགྱུར་བ་ཇི་སྙེད་པ་དེ་སྙེད་ལ་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་གང་ཞིག་གིས་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། ཡོངས་སུ་མྱ་

(༦༧༢)ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱེད་པ་དེ་བས་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ལུང་འབོགས་ན་འདིས་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ན་གང་ཞིག་དང་བའི་སེམས་ཀྱིས་ལེགས་སོ་ཞེས་བྱ་བ་སྦྱིན་པ་དེ་ལ། སངས་རྒྱས་ཐམས་ཅད་ཆོས་ཀྱི་བསྟོད་པར་འགྱུར་རོ། །གང་གིས་འདི་ལ་རིམ་འགྲོ་བྱས་པ་དེས་ང་ལ་རིམ་གྲོ་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་རྣམ་པར་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ང་ནི་བདེན་པར་སྨྲ་བ་སྟེ། ས་ཕྱོགས་གང་ཆོས་ཀྱི་རྣམ་གྲངས་འདི་གྲགས་པའི་ས་ཕྱོགས་ལ་སངས་རྒྱས་ཐམས་ཅད་དགོངས་པར་འགྱུར་རོ། །རིགས་ཀྱི་བུ་དག་ཆོས་ཀྱི་རྣམས་གྲངས་འདི་ནི་འཛམ་བུའི་གླིང་བའི་སེམས་ཅན་རྣམས་ཀྱི་སྨན་དུ་གྱུར་པར་འགྱུར་རོ། །གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལན་གསུམ་བརྗོད་དམ་བརྗོད་དུ་བཅུག་ན་དེས་སྟོན་པ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་བར་འགྱུར་རོ། །རབ་འབྱོར་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་པ་དེ་བདེ་བ་དང་བཅས་ཤིང་ཡིད་བདེ་བ་དང་བཅས་བཞིན་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །དེས་སངས་རྒྱས་ཐམས་ཅད་ཀྱི་མཛོད་ཀྱང་གཟུང་བར་འགྱུར་རོ། །རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་དམྱལ་བར་འགྲོ་བའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུར་རོ། །གང་དག་མིའི་སྐྱེ་གནས་ནས་ཤི་འཕོས་ཏེ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བ་དེ་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲགས་པར་འགྱུར་རོ། །རབ་འབྱོར་གང་གིས་སངས་རྒྱས་

(༦༧༣)སྟོང་ལ་དགེ་བའི་རྩ་བ་བསྐྱེད་པ་དེའི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲགས་པར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དད་དམ། འཆང་ངམ་། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེའི་ལག་ཏུ་བྱང་ཆུབ་སོང་ངོ་ཞེས་བཤད་པ་དེས་མིག་ལྔ་ཐོབ་པར་འགྱུར། དབང་པོ་མ་ཚང་བར་མི་འགྱུར། དྲན་པ་བརྗེད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར། སངས་རྒྱས་ཐམས་ཅད་བསྒྲུབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར། རྣམ་པར་སྣང་མཛད་རྣམ་པ་སྤྲུལ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྙིང་པོའི་ཏིང་ངེ་འཛིན་དང་། གཙུག་གི་ནོར་བུའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། དབང་བསྐུར་བའི་ཏིང་ངེ་འཛིན་དང་། སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར། ཡི་གེ་མེད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པར་འགྱུར། ཆོས་ཐམས་ཅད་ལ་རྣམ་པར་རྒྱལ་བ་ཐོབ་པའི་གཟུངས་དང་། ཐེ་ཚོམ་རྣམ་པར་སྦྱོང་བའི་གཟུངས་དང་། དོན་དམ་པའི་རྣམ་པར་ངེས་པའི་གཟུངས་ཐོབ་པར་འགྱུར་ཏེ། དེ་ལ་སོགས་པ་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་མཐའ་ཡས་པ་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །བསམས་བཞིན་དུ་མཆི་འཕོ་དང་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ཀྱེ་གཽ་ཏ་མ་སེམས་ཅན་གྱི་སྐྱེ་བ་གང་ནས་བྱུང་ཅིའི་སླད་དུ་བསྐལ་པས་བསྲེག་པར་འགྱུར། སེམས་ཅན་རྣམས་གནས་གང་དུ་འདུ་བར་འགྱུར། ནང་ན་སེམས་ཅན་

(༦༧༤)ཕྲ་བ་ཁྲུ་གང་ཙམ་འམ། མཐོ་གང་ཙམ་འམ། འཛུབ་མོ་ཙམ་འམ། མཐེ་བོང་ཙམ་འམ། ནས་དང་གྲོ་དང་། མོན་སྲན་རྡེའུ་དང་། མོན་སྲན་གྲེའུ་དང་། ཏིལ་དང་། ཡུངས་འབྲུ་ཙམ་འམ། སེམས་ཅན་ཇི་ཙམ་ཞིག་ནང་ན་མཆིས་བཀའ་སྩོལ་ཅིག་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དྲང་སྲོང་ཆེན་པོ་ཚེ་སྐལ་པ་དྲུག་བཅུ་པའི་དྲི་མ་འདི་ནི་འཐུན་པའོ། །དེ་ནས་དྲང་སྲོང་ཆེན་པོ་རྣམས་ངོ་མཚར་དུ་འགྱུར་ཏེ། དྲང་སྲོང་ཆེན་པོ་མེ་སྒྲོན་གྱི་ཚེའི་ཚད་ནི་མ་བརྗོད་པར་བདག་ཅག་ལྷན་ཅིག་གནས་པ་རྣམས་ཀྱིས་མ་ཤེས་ན་འདིས་ཇི་ལྟར་ཤེས་སྙམ་མོ་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། དོན་དམ་ཆོས་ཀྱི་རྣམ་རྒྱལ་དང་། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་གོ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་

(༦༧༥)སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། རིགས་ཀྱི་བུ་སྔོན་བྱུང་བའི་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་ཅིང་ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་ཤེས་བྱ་བ་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ་ཉམས་དགའ་བ་སྐྱེ་བོ་མང་པོ་དང་མི་རྣམས་ཀྱིས་གང་བ་ལག་མཐིལ་ལྟར་མཉམ་པར་གྱུར་བ་ཞིག་བྱུང་ངོ་། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་བཞེས་ལ་འཁོར་བཞི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ལ་ཆོས་ཀྱང་སྟོན་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་དེ་དག་གིས་མདོ་སྡེ་འདི་རྙེད་པར་འགྱུར་རོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་དག་གང་གི་རྣ་ལམ་དུ་གྲག་པར་གྱུར་ལ་ཐེ་ཚོམ་མི་ཟ་བའི་སེམས་ཅན་དེ་དག་འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་གང་ན་མདོ་སྡེ་འདི་ལྟ་བུ་དག་འཛིན་པའི་ས་ཕྱོགས་དེ་དག་ཕྱག་བྱ་བའི་འོས་སུ་འགྱུར་རོ། །རིགས་ཀྱི་བུ་ཕྱི་མའི་དུས་

(༦༧༦)ན་བུད་མེད་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། ཀློག་ན་དེ་བུད་མེད་ཀྱི་ལུས་རྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །མཐར་ཐུག་གི་དགོས་པ་ནི་གདུལ་བྱ་རྣམས་ཀྱིས་མདོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་པ་ཞེས་བྱ་བས། གཞོན་ནུ་རིན་ཆེན་འབྱུང་ཞེས་བྱ་བ་དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་མངོན་པར་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། དེའི་དུས་ཀྱི་དེ་བཞིན་གཤེགས་པ་མེ་ཏོག་ལས་བྱུང་བ་ནི་ད་ལྟར་གྱི་སངས་རྒྱས་འོད་དམག་མེད་ཡིན་ལ། གཞོན་ནུ་རིན་ཆེན་འབྱུང་གནས་ནི་སྤྱན་རས་གཟིགས་ཡིན་ནོ་ཞེས་པས་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ།།ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དགེ་བས་འགྲོ་བ་ཐམས་ཅད་ཀྱིས། སྤྱན་རས་གཟིགས་དབང་ཇི་བཞིན་དུ། ཐེག་ཆེན་སྤྱོད་པ་མཐར་ཕྱིན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཆོས་བཞི་བསྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མའི་འདུལ་བར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་

(༦༧༧""ཞེས་པས་སོ། །འཁོར་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽ་འགལ་གྱི་བུ་ལ་སོགས་པ་དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞེས་པ་ནས། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བདེན་པར་སྨེ་ཞིང་ཡང་དག་པར་སྨྲ་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལ་བསླབས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ཆོས་བཞི་ཚན་དགུས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཆོས་བཞི་དགུ་རྣམས་རྟོགས་གྱུར་ནས། རྫོགས་པའི་སངས་

(༦༧༨)རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་ལྷའི་ནང་ན་ལྷའི་བདུན་པ་ཆོས་བཟང་ན་ཞེས་པས་སོ། །འཁོར་ནི། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་དངོས་ནི། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྟོབས་བཞིའི་སྒོ་ནས་ལས་ཀྱི་སྒྲིབ་པ་སྦྱངས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། སྡིག་པ་ཡོངས་སུ་སྦྱོང་བའི་སྟོབས་བཞི་སྟེ་རྣམ་པར་སུན་འབྱིན་པའི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་རྣམས་སོ། །ཚིག་གི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་

(༦༧༩)པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པ་སུན་འབྱིན་པ་ཀུན་དུ་སྤྱོད་པ་དང་། གཉེན་པོ་ཀུན་དུ་སྤྱོད་པ་དང་། སོར་ཆུད་པར་བྱེད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་མི་དགེ་བའི་ལས་སྤྱད་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་དུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་སོར་ཆུད་པར་བྱེད་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པས་ཟིལ་གྱིས་ནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོས་མདོ་འདི་རྟག་ཏུ་ཀླག་པར་བྱའོ། །ཁ་སྟོན་དུ་བྱའོ། །བསམ་པར་བྱའོ། །བསྒོམ་པར་བྱའོ། །མང་དུ་བྱའོ། །དེས་ན་ཉེས་པར་སྤྱད་པ་འབྲས་བུ་འབྱིན་པར་མི་ནུས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་རྣམས་དང་།

(༦༨༠)ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པས་སོ། །རྒལ་ལན་ནི། ཁ་ཅིག་ན་རེ། ལུས་ཅན་རྣམས་ཀྱི་ལས་འདི་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་གསུངས་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ནི། ས་ལ་ཡང་མི་སྨིན། ཆུ་ལ་ཡང་མི་སྨིན། ཟིན་པའི་ཕུང་པོ་ཉིད་ལ་སྨིན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ལས་ཀྱི་རྣམ་སྨིན་ངེས་པ་ཁོ་ནར་མྱོང་དགོས་པ་ཡིན་ནོ་ཟེར་བ་ནི། ལས་མི་དགེ་བ་བསགས་པའི་གཉེན་པོ་སྟོབས་ལྡན་མ་རྙེད་ན་ནི་དེ་ལྟར་ཡིན་མོད། མདོ་འདི་ནས་བསྟན་པ་ལྟ་བུའི་སྟོབས་བཞི་ཚང་བ་ལྟ་བུའི་གཉེན་པོ་སྟོབས་ལྡན་རྙེད་ན། ལས་ཀྱི་རྣམ་སྨིན་ཟད་པར་འགྱུར་བ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བའི་ལས་སྒྲིབ་མ་ལུས་པ། སྟོབས་ལྡན་གཉེན་པོས་བཅོམ་ནས་ནི། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་ཅིག་གོ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་ཆོས་བསྟན་པ་དངོས་ནི།

(༦༨༡)དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཆོས་བཞི་ཉམས་སུ་བླངས་ཏེ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཆོས་བཞིའོ། །ཚིག་གི་དོན་ནི་དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་ཇི་སྲིད་མཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ངོ་། །བཞི་གང་ཞེ་ན། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་མཚོའི་བར་དུ་བྱང་ཆུབ་ཀྱི་སེམས་སྲོག་གི་ཕྱིར་ཡང་ཡོངས་སུ་མི་བཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡོངས་སུ་མི་བཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བསོད་པ་དང་དེས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་བཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་བཏང་བར་མི་བྱ་སྟེ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་ཆོས་བཞི་པོ་འདི་དག་སྲོག་གི་ཕྱིར་ཡང་ཡོངས་སུ་བཏང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །ཐམས་ཅད་མཁྱེན་ཉིད་སེམས་ནི་མི་གཏོང་ཞིང་། མཁས་པས་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིག །བཟོད་པ་དེས་པའི་སྟོབས་ལ་རབ་གནས་ཏེ། དགེ་བའི་བཤེས་གཉེན་ཡོངས་སུ་བཏང་མི་བྱ། རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ། མཁས་པས་དཀོན་གནས་རྟག་ཏུ་བརྟེན་པར་བྱ། ཆོས་འདི་དག་ལ་རྟག་ཏུ་རབ་གནས་ན། བདུད་རྣམས་བཅོམ་

(༦༨༢)ནས་བྱང་ཆུབ་དེ་འཚང་རྒྱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་ལྡན་པའི་འཁོར་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཆོས་བཞི་ཉམས་སུ་བླངས་ནས་ནི། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི་དགེ་སློང་བརྒྱ་ཕྲག་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཐམས་ཅད་ཀྱང་གོ་ཆ་ཆེན་པོ་བགོས་པ་ཤ་སྟག་དང་། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་གདུགས་དཔག་ཚད་ཙམ་ཐོགས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་འཛིན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་འཁོར་དེ་ཉིད་དུ་དགའ་ལྡན་གྱི་རིགས་ཀྱི་ལྷའི་བུ་དཔལ་བཟངས་ལྡན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གཡོག་དང་བཅས་ཏེ། འཁོར་

(༦༨༣)དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ད་དུང་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་མཛད་པས་ཚིམ་མམ་ཞེས་པས་བསྟན་ཏོ། །ལན་གྱི་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོ་ཆུ་ཐམས་ཅད་ལེན་པས་གཞར་ཡང་ཆོག་ཤེས་སམ། ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན། མདོ་འདི་ཉིད་ལས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཕྱོགས་གང་ན་གནས་པ་དང་། ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པ་དེར་ནི། སངས་རྒྱས་འབྱུང་བར་ལྟའོ། །དེ་ན་ནི་ཆོས་ཀྱི་འཁོར་ལོ་བསྐོར་བསྐོར་བར་ལྟའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་དེ་བཞིན་ནོ། །ལྷའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །ཕྱོགས་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ། གནས་པ་དེ་ནི་སྟོང་པ་མ་ཡིན་པར་མངོན་ནོ། །གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་ཉིད་བརྩོན་པར་མཛད་དོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་པར་བྱེད། མོས་པར་བྱེད་པའི་སེམས་ཅན་དེ་དག་ནི་ངའི་ཡིན་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མོས་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པས་འདུལ་བར་བལྟའོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། དེ་བཞིན་དུ་ནན་ཏན་བྱེད་པ་དེ་དག་ནི་བླ་ན་མེད་པ་ཡང་

(༦༨༤)དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། བཞི་ཚན་བཞི་བཅུ་ཞེ་གསུམ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་བཞིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བྱེ་བྲག་ལྟ་བུའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་མངོན་པར་འཕགས་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་བསྟན་པ་སྙིང་པོ་ཅན་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་གཉེན་དཀའ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་སྐྱེད་པ་བླ་ན་མེད་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱི་བོར་ཕྱིན་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ལམ་བསྟན་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་གྱ་ནོམ་པ་དམ་པ་མཆོག་ཡིན་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བཏང་བར་མི་བྱ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་དུ་གྱུར་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞལ་མེད་ཁང་གི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་མི་ཟད་པའི་ཆོས་བཞི་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་དགའ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་

(༦༨༥)མཆོག་ཏུ་དགའ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རྣམ་པར་དག་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་གི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ངོམས་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་སྤྱད་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་མེད་པའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་གི་ཕྱོགས་ཀྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྱོ་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཀྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཟུང་དུ་འབྲེལ་བར་འགྱུར་བའི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་མཚན་ཉིད་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་འདུལ་བའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་

(༦༨༦)ཀྱི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་ཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་གྱི་ཆོས་བཞི་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། །མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཆོས་བཞི་མ་ལུས་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་གསུམ་པ་ཞེས་བྱ་བའི་མདོ། བཀའ་ཐ་མའི་འདུལ་བར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་བཀའ་སྩལ་བས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་དམ་པའི་ཆོས་མ་ཡིན་པ་གསུམ་སྤངས་ཤིང་དམ་པའི་ཆོས་གསུམ་ཉམས་སུ་བླངས་ཏེ་གནས་སྐབས་སུ་མཐོ་རིས་དང་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། འདོད་ཆགས་དང་། སེར་སྣ་དང་། བག་མེད་པ་གསུམ་སྤངས་ཤིང་མ་ཆགས་པ། སེར་སྣ་མེད་པ་དང་། བག་ཡོད་པ་རྣམས་བསྟེན་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །ཚིག་གི་དོན་ནི། དགེ་སློང་དག་

(༦༨༧)འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན་སྦྱིན་པ་དག་མི་བྱིན་ཞིང་བསོད་ནམས་དག་མི་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་མི་བྱེད་དོ། །གསུམ་གང་ཞེ་ན། འདི་ལྟ་སྟེ་འདོད་ཆགས། སེར་སྣ་དང་། བག་མེད་པ་སྟེ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་པོ་དེ་དག་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་མ་བྱས་པས། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་སྐྱེས་བུ་དམ་པ་དམ་པའི་ཆོས་གསུམ་དང་ལྡན་པ་ནི་སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མ་བྱས་པས་གནས་པར་བྱེད་དོ། །གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། མ་ཆགས་པ་དང་། སེར་སྣ་མེད་པ་དང་། བག་མེད་པ་པའོ། །དགེ་སློང་དག་དམ་པའི་ཆོས་གསུམ་པོ་དེ་དག་དང་ལྡན་ན་སྐྱེས་བུ་དམ་པ་སྦྱིན་པ་དག་བྱིན་ཞིང་། བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཕྱིར་སེར་སྣ་བག་མེད་པས། སྦྱིན་པ་སྦྱིན་པར་མི་བྱ་སྟེ། དེ་ཕྱིར་བསོད་ནམས་འདོད་པ་ཡི། མཁས་པས་སྦྱིན་པ་སྦྱིན་པར་བྱ། སེར་སྣ་ཅན་གྱིས་འཇིགས་པ་ནི། བཀྲེས་དང་སྐོམ་པ་འདི་ཡིན་ན། གང་གིས་འཇིགས་པས་འདིར་མ་བྱིན། དེ་ཉིད་མི་ཡི་འཇིགས་པ་ཡིན། གང་གིས་

(༦༨༨)སེར་སྣའི་དབང་གིས་ན། ཡོངས་མ་བྱིན་པ་འཇིགས་པ་སྟེ། འཇིག་རྟེན་འདི་དང་ཕ་རོལ་དུ། དེ་ཡིས་བྱིས་པ་གོས་པར་འགྱུར། གང་དག་སེར་སྣ་སྤངས་ནས་ཀྱང་། དུས་སུ་སྦྱིན་པ་བྱིན་བྱེད་ན། ཤི་ཡང་དེ་ནི་ཤི་མ་ཡིན། རྒྱགས་བཟང་པོ་ཡི་འགྲོན་པོ་བཞིན། གང་དག་ཤིན་དུ་བཏང་དཀའ་བ། ཉུང་ངུ་འམ་མང་པོ་གཏོང་བྱེད་ན། བཏང་དཀའ་བཏོང་བ་དེ་དག་ནི། དཀའ་བའི་ལས་དག་བྱེད་པ་ཡིན། དམ་པ་མིན་པས་མི་རྟོག་ཏེ། དམ་པ་ཆོས་ལས་འདའ་མི་བྱེད། དེ་ཕྱིར་དམ་པ་དམ་པ་མིན། འདི་ནས་ཤི་བར་འགྱུར་པ་ནས། དམ་པ་མིན་པ་དམྱལ་བར་འགྲོ། དམ་པ་དག་ནི་མཐོ་རིས་འགྲོ། རྒ་བས་གཙེས་པ་ལ་ནི་སྐྱབས་མེད་དེ། ཚེ་ཐུང་བས་ནི་སྲོག་ཁྱེར་དུས་ཀྱང་ཉེ། འཆི་བའི་འཇིགས་པ་འདི་མཐོང་རྣམས་ཀྱིས་ནི། བསོད་ནམས་བདེ་འབྱོར་དག་ནི་བྱ་བའི་རིགས། བུ་མེད་སྤངས་འདིར་སྦྱོར་བས་འཚོ་བ་གང་། དཀའ་བས་སྦྱིན་པ་ཉུང་ངུ་སྦྱིན་ན་ཡང་། སྟོང་གི་མཆོད་སྦྱིན་བརྒྱ་སྟོང་བྱེད་པ་ནི། དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཅི་ཕྱིར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ། མཆོད་སྦྱིན་འཐུན་པ་དེ་ཡི་ལམ་མི་འགྲོ། ཇི་ལྟར་སྟོང་གི་མཆོད་སྦྱིན་ཆེ་རྣམས་ཀྱང། དེ་ཡི་བཅུ་དྲུག་ཆར་མི་འགྱུར་ཞེ་ན། བྱིས་པ་ལ་ལ་གསོད་ཅིང་འཆི་བྱེད་འདིར། གཞན་ནོར་མ་བྱིན་ལེན་བྱེད་བརླག་པར་འགྱུར། མཆི་བའི་གདོང་བཅས་ཆད་པར་བཅས་པ་ཡི། ཡོན་དེའི་མཆོད་སྦྱིན་འཐུན་པའི་ལམ་མི་འགྲོ། དེ་ལྟར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ། མཆོད་སྦྱིན་འཐུན་པའི་ལམ་དུ་མི་འགྲོ་ལ། དེ་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང། དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ལ་ལ་གང་དག་གཟུ་ལུམས་མ་ཡིན་པ། ཆོས་བཞིན་ནོར་རྣམས་ཐོབ་པ་གཏོང་བྱེད་པ། དེ་དག་གཏང་དཀའ་དེ་རྣམས་བཏང་བས་ན། རང་གི་བསོད་ནམས་ཀྱིས་ནི་ལྷ་རྣམས་འགྲོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་

(༦༨༩)དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོས་གསུམ་པ་ཞེས་བྱ་བའི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དམ་མིན་ཆོས་གསུམ་སྤངས་པ་དང་། དམ་པའི་ཆོས་གསུམ་བསྟེན་པ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ། ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་རྟོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་སོ། །འཁོར་གཞན་མ་སྨོས་ལ། ཞུ་བ་པོས་སྟོན་པ་ལ་ཞུས་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་འདུག་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ལགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །བཅུ་གང་ཞེ་ན། འདིར་ལྟར་བྱང་ཆུབ་སེམས་དཔའ་དད་པ་དང་ལྡན་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་བ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་མི་བཏང་བ་དང་། དགོན་པར་བརྟེན་ཅིང་འདུ་འཛི་སྤངས་བ་དང་། བླ་མ་དང་མཁན་པོའི་གདམ་ངག་ཡོངས་སུ་བརྩལ་བ་དང་། སྙིང་རྗེ་དང་ལྡན་པ་དང་། མང་དུ་ཐོས་པ་དང་ལྡན་པ་དང་། ཏིང་ངེ་འཛིན་དང་ལྡན་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པས་དོན་མ་ལུས་པར་བསྒྲུབ་པའོ། །བཅོམ་ལྡན་

(༦༩༠)འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། བྱང་ཆུབ་སེམས་དཔའི་ཆོས་བཅུ་བོ།།། །འགྲོ་བ་ཀུན་གྱིས་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་ཆོས་རྒྱ་མཚོ་ཞེས་བྱ་བ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱ་མཚོའི་གླིང་ཕྲན་པོ་གཅིག་ལ་ཀེའི་རི་ལ་ཞེས་པས་སོ། །འཁོར་ནི། རྒྱལ་བའི་སྲས་ཕྱིར་མི་ལྡོག་པ་ཕལ་པོ་ཆེས་བསྐོར་ཞིང་མདུན་དུ་བྱས་ཏེ་བཞུགས་སོ་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཞུ་བ་པོ་ལ་བཀའ་སྩལ་ཏེ་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། དེ་ནས་བྱང་ཆུབ་སེམས་དཔའ་མང་པོ་དེ་དག་གིས་ཚིག་མཐུན་པར་སྨྲས་པ། ཆོ་ཀྱི་གཞུང་འདི་གང་ན་སྤྱོད་པའི་ས་ཕྱོགས་དེ་རྡོ་རྗེ་ལྟ་བུ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པས་ན་སེམས་ཅན་དེ་མྱུར་དུ་མངོན་པར་ཤེས་པ་དང་། དབང་པོ་རྣོན་པོར་འགྱུར་བར་རིག་པར་བྱའོ། །གང་ཞིག་ཆོས་ཀྱི་གཞུང་འདི་ལ་བརྗོད་དམ། འཛིན་དམ། ཀློག་གམ། ཆུབ་པར་བྱེད་དམ། ཁ་ཏོན་དུ་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན་དེ་བདུད་ཀྱི་དབང་དུ་མི་འགྱུར་རོ་ཞེས་པས་གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པ་ནི་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་རྣམ་པ་

(༦༩༡)གཉིས་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་དབང་པོ་ལ་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ་གཉིས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་ཆུབ་སྤྱོད་པ་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནས་བཤད་པ་ལེའུ་བཅུ་སྟེ་ཞེས་པ་ཐེག་པ་ཆེན་པོའི་སོ་སོ་ཐར་པ་སྟོན་པ་བཀའ་ཐ་མར་གཏོགས་པ་འདི་མདོ་ཆེ་བ་གཅིག་གི་ཁོལ་ཆུང་ཡིན་པས་གླེང་གཞི་མི་གསལ་ཞིང་། དགོས་པའི་དོན་ནི་གདུལ་བྱ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སོ་སོ་ཐར་པའི་སྡོམ་མཐར་ཕྱིན་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་ཕས་ཕམ་བཅུ་དང་། ལྟུང་བ་བཞི་བཅུ་རྩ་བརྒྱད་འཁོར་བཅས་སྤོང་ཚུལ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བཞིན་ནོ། །རྒྱ་ནག་འགྱུར་ཡིན་པ་སྐད་གསར་ཆད་དང་བཏུན་ནས་འཆོས་དགོས་པར་སྣང་ངོ་། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཐེག་ཆེན་སོ་།།།ཐར་མཐར་ཕྱིན་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཤིན་དུ་རྒྱས་པ་ཆེན་པོའི་སྡེ། འཕགས་པ་འདུས་པ་ཆེན་པོ་ཞེས་ཀྱང་ཟེར། ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བཀའ་ཐ་མར་གཏོགས་པ་འདི་

(༦༩༢)གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ་ཞེས་པས་སོ། །འཁོར་ནི་། གང་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་གྲངས་མེད་དཔག་ཏུ་མེད་པ་དག་ན་དེར་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་བརྗོད་དུ་མེད་པ་དག་གིས་ཡོངས་སུ་བསྐོར་མདུན་གྱིས་བལྟས་སོ། །ཞེས་པ་ནས་བཅོམ་ལྡན་འདས་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་བལྟ་ཞིང་ཐལ་མོ་རབ་ཏུ་སྦྱར་ཏེ་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཚིགས་སུ་བཅད་དེ་གསོལ་བ་བཏབ་པ་ནི། དེའི་ཚེ་ཚངས་པ་ཆེན་པོ་པད་མ་འབར་བའི་དཔལ་ཞེས་བྱ་བ་སངས་རྒྱས་མང་པོ་ལ་ལྷག་པར་བྱ་བ་བྱས་པ་དགེ་བའི་རྩ་བ་བསྐྱེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། ཆོས་ལ་དམིགས་པའི་བྱམས་པ་ཤིན་དུ་ཡོངས་སུ་སྦྱང་བར་བྱས་པར་གྱུར་ཏོ། །དེ་ནས་ཚངས་པ་ཆེན་པོ་པད་མ་འབར་བ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པ་འདིས་ཆོས་བཤད་པར་གསོལ་བ་བཏབ་བོ། །ཞེས་པ་ནས་དེ་སླད་ཐུབ་པ་ཐུགས་བརྩེ་བ་ཡིས་རྒྱུས། སྲེད་པ་ཡི་ནི་ཆུ་ཀླུང་སྐེམས་མཛད་པ། མྱུར་དུ་བདེ་ཞིང་འཆི་བ་མ་མཆིས་པའི། ཆོས་ཀྱང་སྲེད་པ་གཅོད་པ་བཤད་པར་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་འབར་བའི་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི།

(༦༩༣)མདོ་འདི་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་མི་གཤེགས་སོ། །གསོལ་པ་བཙུན་པ་བཅོམ་ལྡན་འདས་སུ་ཞིག་སེམས་བརྩེ་གཅིག་པས་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཉན་པར་བགྱིད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བསོད་ནམས་མང་པོ་ཇི་སྙེད་ཅིག་བསྐྱེད་པར་བགྱིད་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་སེམས་ཅན་སུ་ལ་ལ་ཞིག་བྱུང་ནས་གླིང་བཞི་པ་འདི་ཐམས་ཅད་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བྱས་ནས་དེ་བཞིན་གཤེགས་པ་རྣམས་ལ་སྦྱིན་པར་བྱེད་པ་དང་། སྐྱེས་བུ་གཅིག་ཤོས་སུ་ཞིག་སེམས་བརྩེ་གཅིག་པས་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཐམས་ཅད་ཡོངས་སུ་རྫོགས་པར་ཉན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་ནི་བསོད་ནམས་ཀྱི་ཕུང་པོ་གཅིག་ཤོས་འདི་ལ་རྒྱ༔འི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བྱེ་བ་ཕྲག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །ལག་འགྲོའི་བདག་པོ་ཉི་མའི་སྙིང་པོ་འདི་ཐོས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་ཡང་དེ་ལྟར་ཟབ་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ད་རྒྱ་མཚོ་ཆེན་པོར་མི་གཤེགས་ལགས་ན་བདག་གིས་ཀྱང་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་མཉན་ནས་ཡི་གེར་བྲིས་ཏེ་བཅང་བར་བགྱི་ལགས་ན་རྒྱ་མཚོ་ཆེན་པོར་དགེ་བའི་ཆོས་ཇི་སྙེད་ཅིག་རྣམ་པར་འཕེལ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་གང་དང་གང་དུ་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་ཐམས་ཅད་བྲིས་ནས་འཆང་བར་འགྱུར་བ་དེ་དང་དེ་ཉིད་དུ་ཕན་ཡོན་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན། ཁྱིམ་དེ་དང་དེ་ཞེས་བྱ་བ་ནས་ཡུལ་ཞེས་བྱ་བའི་བར་དེར་ནོར་དང་། འབྲུ་དང་། ཉེ་བར་སྤྱོད་པ་དང་།

(༦༩༤)ལོངས་སྤྱོད་མང་པོ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་མ་ཚང་བ་མེད་པར་འགྱུར་རོ། །གཞན་ཡང་ཁྱིམ་འམ། ཡུལ་གང་ན་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་བྲིས་ནས་མཆོད་པར་འགྱུར་བ་དེ་དང་དེར་མཆོད་རྟེན་ཆེན་པོ་དེ་དག་ན་གང་དག་དེ་ལ་མཆོད་པ་བྱ་བའི་ཕྱིར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་དྲུག་བཅུ་པོ་དེ་དག་གིས་ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བའི་ཕྱིར་ལྷགས་ནས་དེར་འཐབ་པ་དང་། འཐབ་མོ་དང་། མི་ངས་དང་། ནད་དང་། མུ་གེ་དང་། དམག་ཚོགས་གཉི་ག་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ནད་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བྱེད་དོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་དྲུག་བཅུ་པོ་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བགྱིད་ལགས་སོ། །ཁྱིམ་འམ། ཞེས་པ་ནས་ཡུལ་འཁོར་གྱི་བར་གང་ན་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཡི་གེར་བྲིས་ཤིང་མཆོད་པར་འགྱུར་བ་དེར་བདག་ཅག་གིས་འཐབ་པ་དང་། འཐབ་མོ་དང་། མི་ངས་དང་། ནད་དང་། མུ་གེ་དང་། དམག་ཚོགས་གཉི་ག་དང་། དུས་མ་ལགས་པའི་རླུང་དང་། ཆར་པ་སྣ་ཚོགས་རབ་ཏུ་ཞི་བར་བགྱི་ལགས་སོ། །བཀའ་སྩལ་པ། གཞན་ཡང་ཁྱིམ་འམ་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་གང་ན་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཡི་གེར་བྲིས་པར་འགྱུར་བའི་ཡུལ་འཁོར་ཞེས་བྱ་བའི་བར་དེར་བརྒྱ་བྱིན་དང་ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པ་དང་ལྷ་མོ་ཆེན་མོ་དཔལ་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། སའི་ལྷ་མོ་བརྟན་མ་དང་། སྨན་

(༦༩༥)གྱི་ལྷ་མོ་གྲུབ་པ་འཁོར་དང་བཅས་པས་ཁྱིམ་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དེ་རྟག་པར་རྒྱུན་དུ་ཉིན་མཚན་དུ་བསྲུང་བར་འགྱུར་རོ། །ཡོངས་སུ་སྐྱོང་བར་འགྱུར་རོ། །དེའི་ཚེ་བརྒྱ་བྱིན་དང་། ཚངས་པ་ཞེས་བྱ་བ་ནས། སྨན་གྱི་ལྷ་མོ་གྲུབ་པ་ཞེས་བྱ་བའི་བར་འཁོར་དང་བཅས་པས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བགྱི་ལགས་ཏེ་ཞེས་བྱ་བ་ནས་གཞན་ཡང་ཞེས་བྱ་བའི་བར་དུ་སྟེ། ཁྱིམ་དང་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་གང་ན་བ་ཞེས་བྱ་བ་ནས་ཁྱིམ་དང་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དེ་དང་དེར་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པ་སྦྱིན་པ་དང་། དུལ་བ་དང་ཡང་དག་པར་སྡོམ་པ་ཕུན་སུམ་ཚོགས་པ་རྣམས་སྐྱེ་བ་ལེན་པར་བྱེད་དོ། །གཞན་ཡང་ཁྱིམ་དེ་དང་དེར་སེམས་ཅན་རྣམས་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་དང་། རྟག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་འགྱུར་རོ་ཞེས་པའི་བར་དུའོ། །གཞན་ཡང་སྣོད་དུ་གྱུར་པའི་སྦྱིན་གནས་དེ་དག་ཉིད་ལ་མངོན་པར་དགའ་བར་འགྱུར་རོ། །གཞན་ཡང་དེར་རྟག་པར་རྒྱུན་དུ་ཆོས་ཀྱི་རོ་རྣམ་པ་སྣ་ཚོགས་ཀྱི་ཆར་པས། ཁྱབ་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་དེར་སེམས་ཅན་རྣམས་རྟག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་མངོན་པར་བརྩོན་པར་འགྱུར་རོ། །གཞན་ཡང་དེར་སེམས་ཅན་རྣམས་རྟག་ཏུ་བྱམས་པའི་སེམས་དང་ལྡན་པ་དང་། སྙིང་རྗེའི་སེམས་དང་ལྡན་པ་དང་། འདོད་ཆགས་དང་བྲལ་བའི་སེམས་དང་ལྡན་བར་འགྱུར་རོ། །གཞན་ཡང་ཁྱིམ་དང་ཞེས་བྱ་བ་ནས། ཡུལ་འཁོར་ཞེས་བྱ་བའི་བར་དེ་དང་དེ་དག་ཏུ་སེམས་ཅན་རྣམས་ངན་སོང་གསུམ་སྤངས་པ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ལག་འགྲོའི་བདག་པོ་དེ་ལ་ཁྱིམ་བདག་དང་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དུ་ང་ལ་མཆོད་པ་བྱ་བའི་ཕྱིར། ཉི་མའི་སྙིང་པོ་ལུང་བསྟན་

(༦༩༦)པ་ཆེན་པོ་འདི་ཡི་གེར་བྲིས་ཤིང་ཡང་དང་ཡང་ཀློག་པའི་ཁྱིམ་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དེར་ཕན་ཡོན་དེ་དག་འབྱུང་བར་འགྱུར་ན་གང་དག་འདོན་པར་བྱེད་པ་དང་། ཆོས་དེ་དག་ལ་ཡང་དག་པར་སྣང་བར་བྱེད་པ་དང་། ཆོས་ཀྱི་གནས་པས་གནས་པར་བྱེད་པ་ལ་ལྟ་སྨོས་ཀྱང་ཅི་དགོས། བསོད་ནམས་ཀྱི་ཕུང་པོ་དེ་ནི་ངས་བསྐལ་པ་བརྒྱར་ཡང་བསྟན་པར་སླ་བ་མ་ཡིན་ཏེ། ལག་འགྲོའི་བདག་པོ་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་ཟབ་པོ། ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་ཡོན་ཏན་ཆེ་བའོ། །དེ་ལྟར་ཕོན་ཆེ་བའོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཉིས་སུ་གནས་པ་ལས། དམ་པའི་ཆོས་གསུངས་པའི་ལེའུ་སྟེ་དང་པོ་དང་། ཕོ་ཉའི་ལེའུ་སྟེ་གཉིས་པ་དང་། གཟུངས་སྔགས་ཀྱི་ལེའུ་སྟེ་གསུམ་པ་དང་། ལས་འབྱང་བའི་ལེའུ་སྟེ་བཞི་པ་དང་། ཀུན་ཏུ་བསྲུང་བའི་ལེའུ་སྟེ་ལྔ་པ་དང་། མི་འཇེད་འཇིག་རྟེན་ཁམས་ཐུབ་པའི་སྐུའི་ནང་དུ་ཆུད་པར་བསྟན་པའི་ལེའུ་སྟེ་དྲུག་པ་དང་། རྒྱུ་སྐར་གྱི་སྦྱོར་བ་རྣམ་པར་བཞག་པའི་ལེའུ་སྟེ་བདུན་པ་དང་། བཅོམ་ལྡན་འདས་ལ་ཀླུ་རྣམས་སྐྱབས་སུ་འགྲོ་བར་གསོལ་བའི་ལེའུ་སྟེ་བརྒྱད་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་ལེའུ་སྟེ་དགུ་པ་དང་། རི་རབ་ལ་གཤེགས་པའི་ལེའུ་སྟེ་བཅུ་པ་དང་། ཀླུ་སྐྱབས་སུ་འགྲོ་བའི་ལེའུ་སྟེ་བཅུ་གཅིག་པ་དང་། མཐར་ཕྱིན་པའི་ལེའུ་སྟེ་བཅུ་གཉིས་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བཞིན་ནོ། །གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །ཤིན་དུ་རྒྱས་པ་ཆེན་པོའི་ལེའུ་འབུམ་ཡོད་པ་ཞེས་ཀྱང་ཟེར། འདུས་པ་ཆེན་པོའི་སྡེ་ལེའུ་འབུམ་ཡོད་པ་ཞེས་ཀྱང་ཟེར་བ་འདི་གཞུང་རྫོགས་པར་ནི་མ་འགྱུར། ལོ་ཙཱ་བ་རིམ་པ་མི་གཅིག་པས་ཁ་འཐོར་དུ་བསྒྱུར་བ་འདི་རྣམས་ལས་ཚོགས་མང་དུ་སྟོན་པས་བྱ་རྒྱུད་དུ་བཀྲལ་རུང་དུ་འདུག་ནའང་། སྔ་རབས་པ་རྣམས་ཀྱིས་

(༦༩༧)མཚན་ཉིད་ཐེག་པའི་མདོར་བཀྲལ་བའི་རྗེས་སུ་འབྲངས་ཏེ་བཀྲལ་བའོ། །རྣམ་སྤྱོད་དང་ལྡན་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་སྡེབས་པ་བྱུང་ན་ལེགས་པར་སྣང་ངོ་། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། འདུས་པ་ཆེན་པོ་རྟོགས་གྱུར་ནས། བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་རྟོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་བཞེས་པ་དང་ཤིན་དུ་ཚ་བའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་རིན་པོ་ཆེའི་གདུགས་ཀྱི་ཁང་བཟངས་ཅན་གྱི་སྙིང་པོའི་ཁང་པ་བརྩེགས་པ་ན་ཞེས་པས་སོ། །འཁོར་ནི་སློབ་པ་དང་མི་སློབ་པའི་ཉན་ཐོས་ཀྱི་དགེ་སློང་འབུམ་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་ཕལ་པོ་ཆེར་དགྲ་བཅོམ་པ་ཞེས་པ་ནས་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། གྲོང་རྡལ་པ་དང་། ཡུལ་གྱི་མི་རྣམས་ཀྱིས་བསྟི་སྟང་བྱས། བླ་མར་བྱས་། རིམ་གྲོ་བྱས་ཤིང་མཆོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་སྟོན་པའི་ཕྱིར་དུ་ཆོ་འཕྲུལ་མཛད་དེ་འཁོར་བསྡུས་པ་ནི། དེའི་ཚེ་བཅོམ་ལྡན་འདས་བཤོས་གསོལ་བའི་འོག་ཏུ་ཙན་ལྡན་གྱི་སྙིང་པོའི་ཁང་པ་བརྩེགས་པ་དེ་ཉིད་ཀྱི་ནང་དུ་ཡང་དག་འཇོག་ལ་ཞུགས་པར་གྱུར་ཏོ་ཞེས་པ་ནས་དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དང་། འཁོར་བཞི་པོ་ཐེ་ཚོམ་དུ་གྱུར་པ་རྣམས་འདོང་བར་བྱ་བའི་མཚན་མ་བྱས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ནི། དེའི་ཚེ་ཙན་ལྡན་གྱི་སྙིང་པོ་ཁང་པ་བརྩེགས་པ་དེར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་བློ་གྲོས་ཞེས་

(༦༩༨)བྱ་བ་འདུས་པར་གྱུར་ཏེ་འདུག་གོ །སྟོན་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བློ་གྲོས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཅན་གྱི་གཏམ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོངས་སུ་ཞུ་བར་སྤོབས་པར་གྱིས་ཤིག་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་བློ་གྲོས་ལ་བཀའ་སྩལ་པ། རྡོ་རྗེའི་བློ་གྲོས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཁྱིམ་པའམ། རབ་ཏུ་བྱུང་པ་ཡང་རུང་སྟེ། གང་ཞིག་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གླེགས་བམ་དུ་བྱས་ཏེ་འཇོག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་འཆད་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དེ་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །རྡོ་རྗེའི་བློ་གྲོས་ཡང་བྱང་ཆུབ་སེམས་དཔའི་གཞན་གང་ཞིག་དེ་བཞིན་གཤེགས་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར་བརྩོན་པར་གྱུར་ལ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་སངས་རྒྱས་ཐམས་ཅད་ལ་མཆོད་པའི་རྫུ་འཕྲུལ་བསྒྲུབས་ནས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་གྱི་སྟོབས་སྐྱོད་པ་དེས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ཀླུང་གི་བྱེ་མ་བས་ཀྱང་མང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་ཤིང་གནས་པའི་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་ཁང་པ་བརྩེགས་པ་དུས་སུ་བདེ་བ། རྒྱར་དཔག་ཚད་ཙམ་ལ་འཕང་དུ་དཔག་ཚད་བཅུ་པ། རིན་པོ་ཆེ་ཐམས་ཅད་ལས་བྱས་པ། ལྷའི་དྲི་ཞིམ་པོ་དང་ལྡན་པ། མེ་ཏོག་སིལ་མ་སྣ་ཚོགས་བཀྲམ་པ། ལོངས་སྤྱོད་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་དང་ལྡན་པ་འབུམ་ཕྲག་གང་གཱའི་ཀླུང་ལྔ་

(༦༩༩)བཅུའི་བྱེ་མ་སྙེད་ཉིན་རེ་ཞིང་ཕུལ་ཏེ། བསྐལ་པ་འབུམ་དུ་ཚང་བའི་བར་གྱི་འདི་ལྟ་བུའི་མཆོད་པ་བྱེད་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་ཞིག་བྱང་ཆུབ་དུ་སེམས་བསྐྱེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་དཔེ་གཅིག་ཙམ་ལུས་ལ་འཆང་ངམ་གླེགས་བམ་དུ་གནས་པར་བྱེད་ན། རྡོ་རྗེའི་བློ་གྲོས་དེའི་བསོད་ནམས་མངོན་པར་འདུ་བྱེད་དེ་ལ་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མས་བརྒྱའི་ཆ་དང་། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མི་འགྲོ་སྟེ། རྒྱུར་ཡང་ཉེ་བར་མི་བཟོད་དོ། །རྡོ་རྗེའི་བློ་གྲོས་ཡང་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་བསྐལ་པ་འབུམ་ཚང་གི་བར་དུ་ཤིང་མན་ད་ར་བའི་མེ་ཏོག་ཁལ་བཞི་འབུལ་འཐོར་ལ། རྡོ་རྗེའི་བློ་གྲོས་དགེ་སློང་ངམ་། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐལ་མོ་ལྷན་ཅིག་སྦྱར་ཏེ་རྗེས་སུ་ཡི་རང་ངོ་ཞེས་ཚིག་གཅིག་སྨྲས་ན། རྡོ་རྗེའི་བློ་གྲོས་བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བ་མངོན་པར་འདུ་བྱ་བ་དེ་ལ་མེ་ཏོག་དང་། མེ་ཏོག་ཕྲེང་བ་ཕུལ་བ་དང་ལྡན་པ། དེ་བཞིན་གཤེགས་པ་ལ་བཞག་པའི་བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བ་མངོན་པར་འདུ་བྱ་བ་སྔ་མ་དེས་བརྒྱའི་ཆ་དང་། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མི་འགྲོ་སྟེ་སྒྱུར་ཡང་མི་བཟོད་དོ། །ཞེས་པ་གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པ་ནི་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་སེམས་ཅན་གྱི་རྒྱུད་ལས་

(༧༠༠)སངས་རྒྱས་ཀྱི་རིགས་སམ་ཁམས་ཡོད་པ་དཔེ་དགུས་སྟོན་ཏེ། པད་དན་གྱི་དབུས་ན་དེ་བཞིན་གཤེགས་པའི་སྐུ་ཡོད་པ་དང་། སྦྲང་མའི་ཚོགས་ཀྱི་དབུས་ན་སྦྲང་རྩི་ཡོད་པ་དང་། སྦུན་པའི་ནང་ན་འབྲུ་ཡོད་པ་དང་། འདབ་རྫབ་ཀྱི་གསེབ་ན་གསེར་གྱི་གོང་བུ་ཡོད་པ་དང་། དབུལ་པོའི་ཁྱིམ་གྱི་ས་འོག་ན་གཏེར་ཡོད་པ་དང་། ཤིང་གི་འབྲས་བུའི་སྐོགས་པའི་ནང་ན་ཤིང་གི་ས་བོན་ཡོད་པ་དང་། གོས་རྡུལ་གྱི་ཁུད་ན་རྒྱལ་བའི་སྐུ་ཡོད་པ་དང་། བུ་མེད་ངན་ལྟོ་ན། མི་བདག་གི་བུ་ཡོད་པ་དང་། འཇིམ་པའི་ནང་ན་གསེར་གྱི་གཟུགས་ཡོད་པའི་དཔེ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཁ་ཅིག་རྫོགས་པའི་སངས་རྒྱས་ངོས་སེམས་ཅན་གྱི་རྒྱུད་ལ་ཡོད་པར་སྟོན་པའི་དཔེ་དོན་དུ་སྦྱོར་བ་མདོའི་previous hit དགོངས next hit་མ་ཡིན་ཏེ། ངེས་དོན་འདི་དག་ནི་སངས་རྒྱས་ཀྱི་རྒྱུ་འམ་ཁམས་དྲི་མ་དང་བཅས་པ་སེམས་ཅན་གྱི་རྒྱུད་ལ་ཡོད་པར་སྟོན་པ་ཡིན་གྱིས། དྲི་མ་སྤངས་ཚར་བ་སེམས་ཅན་གྱི་རྒྱུད་ལ་རང་བཅས་སུ་ཡོད་པར་སྟོན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སངས་རྒྱས་རིགས་ཅན་ཐམས་ཅད་ཀྱིས། བློ་བུར་དྲི་མ་ཀུན་སྦྱངས་ནས། འབྲས་བུ་སྐྱབས་གསུམ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐམས་ཅད་ཀྱང་རྒྱ་ཆེན་པོ་ཤེས་ཞེས་པ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་པ་དེ་དག་རང་རང་གི་དེ་བཞིན་གཤེགས་པ་ལས་གནང་བ་མནོས་ཏེ། འཁོར་བཞི་དག་དང་ལྷན་ཅིག་དོང་ན། བཅོམ་ལྡན་འདས་དང་བྱང་ཆུབ་

(༧༠༡)སེམས་དཔའ་དེ་དག་ལ་ཡང་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ནས་རང་རང་གི་པད་མའི་སྟན་ལ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་སྐབས་ཕྱེ་བར་ཞུས་ཤིང་། སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་ལ་བཅོམ་ལྡན་འདས་ཀྱིས་གནང་ན་བཅོམ་ལྡན་འདས་ཡི་གེ་གཉིས་ཤིག་ཞུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནང་གིས་ཁྱད་པར་སེམས་ཁྱོད་ཅི་བསམས་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག །དེ་བཞིན་གཤེགས་པ་ནི་སེམས་ཅན་གཅིག་གི་དོན་གྱི་ཕྱིར་འདིར་བྱུང་པ་མ་ཡིན་གྱི་ང་ནི་ཁྱེད་ཀྱི་དོན་གྱི་ཕྱིར་འདིར་བྱུང་ངོ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདི་ཡི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོད་དེ་ལ་གཟིགས་ནས་བཀའ་བསྩལ་པ། གྲོགས་པོ་དག་ཤིན་དུ་རྒྱས་པ་བསྡུས་པ་ཡི་གེ་མེད་པའི་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་དག་ནི་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ང་ལ་སྐྱེས་བུ་དམ་པ་དེ་དག་གིས་བཀུར་སྟི་བྱས། བླ་མར་བྱས། བཙུན་པར་བྱས་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་དག་ནི་ངའི་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར་རོ། །དེ་དག་ནི་སྤོབས་པ་ཕུན་སུམ་ཚོགས་པ་རྒྱུན་མི་འཆད་པར་འགྱུར་རོ། །དེ་དག་གི་སངས་རྒྱས་ཀྱི་ཞིང་ཤིན་དུ་ཡོངས་སུ་དག་པར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའ་ཚོགས་ཀྱིས་མདུན་གྱིས་བལྟས་ནས་མདུན་དུ་བཞུགས་པར་འགྱུར་ཏེ། ང་ཡང་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་ཐབས་ཅིག་

(༧༠༢)ཏུ་རིའི་རྒྱལ་པོ་བྱ་རྒོད་ཕུང་པོ་ལ་གནས་པར་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དེ་དག་གི་ཆོས་ཀྱི་མཛོད་མི་ཟད་པར་འགྱུར་རོ། །དེ་དག་ཚེ་རབས་དྲན་པར་འགྱུར་རོ། །ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །རིགས་ཀྱི་བུ་ང་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཚིག་འདི་སྨྲས་ཏེ། རིགས་ཀྱི་བུ་དག་གལ་ཏེ་མཚམས་མེད་པ་ལྔ་བྱེད་པར་འགྱུར་ལ། ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་བཏགས་སམ། ཡི་གེར་འདྲི་བ་འམ། ཀློག་གམ། ཀུན་ཆུབ་པར་བྱེད་ན་དེ་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་ངས་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་མིག་ལྔ་ཐོབ་པར་འགྱུར་རོ། །དབང་པོ་ཉམས་པར་མི་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་ངོ་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་ངོ་། །དེའི་ལས་ཚད་མེད་པ་རྣམ་པར་དག་པར་འགྱུར་རོ། །རིགས་ཀྱི་བུ་ཚིག་འདི་ནི་ཐ་མར་སྨྲ་སྟེ། དེ་མངོན་པར་རྫོགས་པར་སངས་རྒྱས་པར་ངས་མཐོང་ངོ་། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི་མདོ་འདི་ཉིད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སྤང་བར་བགྱི་བའི་ཆོས་གཅིག་པོ་དེ་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་གང་བསྲུངས་ན་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་བའི་ཆོས་གཅིག་པོ་དེ་གང་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པོ་གང་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱད་པར་སེམས་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ་ཞེས་སོགས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། ཡི་གེ་མེད་པའི་ཟ་མ་ཏོག །རྣམ་སྣང་

(༧༠༣)སྙིང་པོ་རྟོགས་གྱུར་ནས། འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ནམ་མཁའ་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རི་ཁལ་ཏི་ཀ་ན་གནས་ཐུབ་པའི་དྲང་སྲོང་རྣམས་ཀྱི་གནས་ན་ཞེས་པས་སོ། །འཁོར་ནི་འདི་ལྟ་སྟེ། ཉན་ཐོས་ཆེན་པོ་བགྲང་བ་ལས་འདས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་གོ །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དཔག་ཏུ་མེད་གྲངས་མེད་པའི་བྱང་ཆུབ་སེམས་དཔའ་དགེ་འདུན་ཆེན་པོ་དང་ཡང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོ་འོང་བའི་ལྟས་ནི། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ལུང་བསྟན་པའི་མཐར་ཕྱིན་མ་ཐག་ཏུ་ཡང་དེའི་ཚེ་ན་ནུབ་ཕྱོགས་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་འབུམ་ཕྲག་དུ་མས་བསྐོར་ཞིང་མདུན་དུ་བདར་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣང་སྟེ་ཞེས་པ་ནས། གང་ལྷག་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། ཉན་ཐོས་དང་། ལྷ་དག་དང་། ཀླུ་དག་དང་། གནོད་སྦྱིན་དག་དང་དྲི་ཟ་དག་དང་། ལྷ་མ་ཡིན་དག་དང་། ནམ་མཁའ་ལྡིང་དག་དང་། མི་འམ་ཅི་དག་དང་། ལྟོ་འཕྱེ་ཆེན་པོ་དག་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། མི་དང་མི་མ་ཡིན་བ་འདུས་པ་དེ་དག་མ་ལུས་པར་འཇིགས་པར་གྱུར། དངས་པར་གྱུར། སྐྱོ་བར་གྱུར་ནས། ཚུ་རོ་དང་། ཕ་རོལ་རྨོངས་ཤིང་སེམས་འཁྲུགས་ནས་དེ་དག་གཅིག་གིས་གཅིག་ཀྱང་མི་མཐོང་། དེ་ན་འདི་ཅི་ཞིག །འདི་ཇི་ལྟ་བུ་ཞིག །འདི་ཅིའི་རང་

(༧༠༤)བཞིན་ཞེས་དྲི་བ་ཡང་གང་ཡང་མི་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །ལྟས་དེ་ལྟ་བུའི་མཚན་ཉིད་ཞུ་བ་པོས་བཅོམ་ལྡན་འདས་ལ་ཞུས་ཤིང་། བཅོམ་ལྡན་འདས་ཀྱིས་བསྟན་པ་ནི། ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་གཟེར་བུ་ཆེན་པོ་ཞེས་བྱ་བས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་གསོལ་པ་ཞེས་པ་ནས་འཁོར་དེར་ལྷགས་པ་ཐམས་ཅད་ཀྱང་སྔོན་གཟུགས་ཀྱི་སྣང་བ་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། རྟོགས་པ་དང་། ཤེས་པ་དང་། ཤེས་པ་དེ་བཞིན་དུ་འཁོར་དེར་མཐོང་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོའི་ཆེ་བའི་ཡོན་ཏན་བསྟན་ཅིང་འཁོར་རྣམས་བཀུར་སྟི་བྱེད་པར་བསྐུལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་བརྐྱང་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྒྱ་མཚོ་དང་མཚུངས་པ་ཞེས་པ་ནས། རིགས་ཀྱི་བུ་དེ་དེ་བཞིན་གཤེགས་པ་མ་གཏོགས་པར་སེམས་ཅན་ཐམས་ཅད་ཀྱིས་མཆོད་པའི་དམ་པ་ཐམས་ཅད་ཀྱིས་མཆོད་པ་བྱ་བ་ཡིན་གྱིས། ད་ཁྱེད་འདིར་ལྷགས་པ་ཐམས་ཅད་ཀྱིས་བསུ་བར་གྱིས་ཤིག །མཆོད་པ་དང་བཀུར་སྟི་ཐམས་ཅད་ཀྱིས་དེ་ལ་ཅི་ནུས་པར་རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ལྷའི་གོས་དང་། རྒྱན་དང་། སྣོད་སྣ་ཚོགས་པས་བཀུར་སྟིར་གྱིས་ཤོག །རིམ་གྲོར་གྱིས་ཤོག །སྟི་སྟང་གྱིས་ཤིག །མཆོད་པ་གྱིས་ཤིག །ལམ་བྱི་དོར་གྱིས་ཤིག །བརྒྱན་པར་གྱིས་ཤིག །བསྟོད་པ་སྣ་ཚོགས་ཀྱིས་བསྟོད་པར་གྱིས་ཤིག །ཁྱེད་ཐམས་ཅད་ཀྱང་དེ་ལྟ་བུའི་ཡོན་ཏན་ཐོབ་པ་དང་། སྣོད་དུ་གྱུར་པར་རིང་པོ་མི་ཐོགས་པར་འགྱུར་རོ། །ཞེས་པས་བསྟན་ཏོ། །འཁོར་རྣམས་ཀྱིས་བཀུར་སྟི་ཇི་ལྟར་བྱ་བ་བསམས་

(༧༠༥)པ་ནི། དེ་ནས་འཁོར་ལྷགས་པ་མ་ལུས་པར་མཐའ་དག་སྟན་ལས་ལངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཕྱོགས་གང་ལོགས་ན་སྣང་བའི་ཕྱོགས་དེ་ལོགས་སུ་མངོན་དུ་ཕྱོགས་ནས་ཐལ་མོ་སྦྱར་ཏེ་ཞེས་པ་ནས་བདག་ཅག་གིས་རིགས་ཀྱི་བུ་འདི་ལ་བཀོད་པའི་མཆོག་ཇི་ལྟ་བུ་ཞིག་གིས་བཀུར་སྟི་བྱ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བཀོད་པ་ཆེན་པོ་བསྟན་པ་ནི། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་སངས་རྒྱས་ཀྱི་ཞིང་མི་འཇེད་འདི་ཐམས་ཅད་མ་ལུས་པར་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་། ཞེས་པ་ནས། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་བཀོད་པ་ཆེན་པོ་དེ་མཐོང་སྟེ། ཤིན་དུ་ངོ་མཚར་དང་རྨད་དུ་བྱུང་པའི་ཆོས་ཐོབ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱེས་བུ་དམ་པ་དེའི་སྟེན་ཇི་ལྟ་བུར་བཤམ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོ་འཁོར་བཅས་སོ་སོའི་གདན་ལ་འཁོད་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིན་པོ་ཆེ་ལས་བྱས་པའི་མེ་ཏོག་པད་མ་སྡོང་བུ་ནི་དངུལ་ཞེས་པ་ནས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་གཡོག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེས་བརྒྱན་པ་འབུམ་ཕྲག་མང་པོ་རྣམས་ཀྱང་རང་རང་གི་པད་མའི་ཟེ་བའི་སྟན་ལས་འཁོད་པར་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་འཁོར་བཅས་ཀྱི་ཟབ་མོའི་སྤྱོད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་གཉིས་ཀྱིས་གླེངས་པ་ནི་དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

(༧༠༦)པོ་སྨན་གྱི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་པ་ནས། དོན་དམ་གྱིས་ནི་སྡུག་བསྔལ་བ། དེ་ཨག་རབ་ཏུ་གྲོལ་བའི་ཕྱིར། མཁས་པས་ཀུན་རྫོབ་བདེན་པ་ཡིས། འདི་འདྲ་བ་ཡི་བཀོད་པ་བསྟན། ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་ལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་གནང་ཞིང་སླར་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་ཆེ་བ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་ཞེས་པ་ནས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དེ་ནི་ཡོན་ཏན་གྱི་ཆོས་དང་རྟུལ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། །ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས། བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོའི་བུ་ལ་ནོར་བུ་ཕྱང་ཞིང་། བྱང་ཆུབ་སེམས་དཔའ་གཞན་ལ་མེད་པའི་རྒྱུ་མཚན་ཞུས་ཤིང་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འདི་ནི་ཤིན་དུ་དཔའ་བ་ལས་བྱུང་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡན་ལག་གི་དམ་པ་མགོ་ལ་འདུག་པར་སྣང་ངོ་། །དེ་ལྟ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཞན་ཡང་ཡོན་ཏན་དང་ལྡན་ཚུལ་ནི། རིགས་ཀྱི་བུ་གཞན་ཡང་སེམས་ཅན་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་མིང་ཐོས་སམ། གཟུགས་འདྲིར་འཇུག་གམ་ཞེས་པ་ནས། དེ་བས་ན་རིགས་ཀྱི་བུ་དེའི་ཡན་ལག་གི་མཆོག་མགོ་བོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་

(༧༠༧)འདུག་པར་སྣང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་རྣམས་ཀྱིས་ངོ་མཚར་དུ་གྱུར་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོ་ལ་མཆོད་པ་ཕུལ་བ་རྣམས་བཅོམ་ལྡན་འདས་ལ་ཕུལ་ཏེ་གསོལ་བ་ནི། དེ་ནས་དེའི་ཚེ་འཁོར་འདུས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ངོ་མཚར་ཐོབ་རྨད་དུ་བྱུང་པ་ཐོབ། བླ་མ་ལ་བཀུར་སྟི་དང་། སྟི་སྟང་དུ་བྱ་བ་ཐོབ་པར་གྱུར་ནས་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ་ཞེས་པ་ནས། བཙུན་པ་བཅོམ་ལྡན་འདས་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་མ་རིག་པའི་མུན་པ་ཆེན་པོས་རྨོངས་པ་རྣམས་ལ་སངས་རྒྱས་ཀྱི་དོན་བགྱི་བར་ཇི་ལྟར་རྔོ་ཐོག་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་ལན་དུ་སྟོན་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་ལྟ་སྟེ། རིགས་ཀྱི་བུ་ནམ་མཁའ་ནི་མ་བཅིངས་བ་གྲོལ་བའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ནམ་མཁའི་སྙིང་པོ་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འཕགས་པ་ཐབས་ལ་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། འཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་བརྒྱད་ཁྲི་བཞི་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་མངོན་པར་ཤེས་པ་གཟུངས་ཐོབ་པ་སྤོབས་པ་ཐོགས་པ་མེད་པ་ཁྲི་དྲུག་སྟོང་དང་ཡང་ཐབས་གཅིག་སྟེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། ཡང་དེའི་ཚེ་ན་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་པར་འགྱུར་ཏེ། འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་

(༧༠༨)དུ་བདར་ནས་ཆོས་འཆད་དོ། །ཞེས་པས་བསྟན་ཏོ། །ཇི་ལྟར་ཞུ་བ་པོས་ཞུ་བའི་སྐབས་ཕྱེ་བར་ཞུས་ཤིང་སྟོན་པས་སྐབས་ཕྱེ་བ་ནི། ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ཞེས་བྱ་བ་ཞིག་འཁོར་དེར་འོངས་ཏེ་འདུག་པར་གྱུར་ཏོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག །དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད་ཀྱིས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །ཞེས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་ཚུལ་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་མཁས་པ་ཐབས་མཁས་པ་ཞེས་བགྱི་བའི་ཐབས་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཟས་ཁམ་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་ནི་བྱོལ་སོང་དུ་གཏོགས་པ་ལ་ཟས་ཁམ་གཅིག་སྦྱིན་པར་བྱེད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ་ཡིན་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོའོ། །དེ་ནི་རྒྱུ་གཉིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ། །གཉིས་པོ་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བསྔོ་བའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ།

(༧༠༩)གནས་སྐབས་དང་མཐར་ཐུག་གི་དགོས་པ་ལ་གཉིས་ལས། གནས་སྐབས་ཀྱི་དགོས་པ་ནི་མདོ་འདི་ཉིད་ལས། རིགས་ཀྱི་བུ་ཁྱོད་ལ་བསྒོའོ། །ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཐབས་མཁས་པ་ནི་གང་ན་རྣམ་པར་གྲགས་པར་འགྱུར་ན། དཔག་ཚད་འབུམ་དུ་ཡང་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྟན་པ་འདི་ཐོས་ནས་གནང་བ་ཐོབ་པར་འགྱུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྱོད་པ་མེད་པར་འགྱུར། ཐེ་ཚོམ་དང་བྲལ་བར་འགྱུར་རོ་ཞེས་པས་བསྟན་ཏོ་མཐར་ཐུག་གི་དགོས་པ་ནི། གདུལ་བྱ་རྣམས་ཀྱིས་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འཐོབ་པའོ། །བསྡུས་པའི་དོན་ནི། ཐབས་ལ་མཁས་པ་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མཁས་པའི་ཐབས་ལ་མཁས་པ་དང་། སངས་རྒྱས་ཀྱི་མཛད་པ་མཛད་པའི་ཐབས་ལ་མཁས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི་འདུལ་བ་ལུང་ཕྲན་ཚེགས་དང་། མངོན་པར་འབྱུང་བའི་མདོ་དང་གཉིས་ལས། སངས་རྒྱས་ལ་ཟག་བཅས་ལས་ཀྱི་རྣམ་སྨིན་གྱི་ལྷག་མ་ཡོད་པ་ལྟ་བུའི་མཛད་པ་བསྟན་པ་ནི། གདུལ་བྱ་བློ་དམན་འགའ་ཞིག་དྲང་བར་བྱ་བའི་ཕྱིར་དུ་བསྟན་པ་ཡིན་པས། སྒྲ་ཇི་བཞིན་པར་མངོན་པར་ཞེན་པར་མི་བྱ་ཞིང་། འོན་ཀྱང་ཐེག་པ་ཆུང་ངུའི་གདུལ་བྱའི་རིགས་ཅན་ལས་འབྲས་ལ་ཡིད་ཆེས་བསྐྱེད་པར་བྱ་བའི་ཕྱིར་དུ་བསྟན་པར་བྱ་བ་ཡིན་ནོ། །རྒྱ་ཆེར་རོལ་པ་ནས། མཛད་པ་བཅུ་གཉིས་བསྟན་པའི་ཚུལ་རྣམས་དང་། འདིར་སངས་རྒྱས་ཀྱི་མཛད་པ་བསྟན་པ་རྣམས་ཀྱི་

(༧༡༠)previous hit དགོངས next hit་བཀྲལ་བ་རྣམས་ཐེག་པ་ཆེན་པོར་མཐུན་ན་ཡང་། རྒྱ་ཆེར་རོལ་པ་ནས་དྲང་དོན་མང་ཞིང་། འདི་ཉིད་ནས་བཀྲལ་བ་ངེས་དོན་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཐབས་ལ་མཁས་པ་མཐར་ཕྱིན་པའི། སངས་རྒྱས་མཛད་པ་བྱེད་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། བཀའ་ཐ་མར་གཏོགས་པ་གླེང་གཞི་མི་གསལ་ལོ། །འདིའི་དགོས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །རྒྱལ་བ་རྣམས་ཀྱི་མཚན་ནི་ཐོས་ནས་ནི། བག་ཡོད་རིམ་གྲོ་བསྐྱེད་ཅིང་རིག་པར་བྱ། ཕུན་སུམ་འདི་ལ་མ་དད་སྤོང་ན་ནི། ངན་སོང་སྡུག་བསྔལ་ཕྱིར་ཡང་མྱོང་ང་རེ། རི་མ་བཞིན་ཚུལ་ཁྲིམས་ལ་ནི་འདྲེན་ནས་སུ། ཐོས་པ་དད་ཅིང་རབ་ཏུ་དབེན་པར་ལྡན། ཟབ་མོ་བཟོད་པ་ཡོངས་སུ་བསྐངས་ནས་ནི། དེས་ནི་འཇིག་རྟེན་མགོན་པོ་འདི་ཀུན་མཐོང་། ལས་ཀྱི་འབྲས་བུ་རྣམ་སྨིན་མི་ཤེས་ཏེ། བསྐལ་པ་བྱེ་བར་སྡིག་པའི་ལས་བྱས་པས། རྒྱལ་བ་རྣམས་ལ་མོས་པས་མཚན་བརྗོད་ན། དེ་དག་ཀུན་གྱི་སྲས་སུ་དེ་འགྱུར་རོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། མཚན་རེ་རེ་ནས་ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་འབུལ་བའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་མདོ་གཞན་རྣམས་དང་བསྟུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སངས་རྒྱས་ཐམས་ཅད་མཉེས་བྱས་ཏེ། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག།

(༧༡༡)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ། སངས་རྒྱས་སུ་གྲུབ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཞེས་པས་བསྟན་ཏོ། །ཐེག་པ་ཐུན་མོང་པའི་དགེ་འདུན་ནི། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱད་ཁྲི་དང་། ཞེས་པས་བསྟན་ཏོ། །ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་པའི་དགེ་འདུན་སུམ་ཁྲི་དྲུག་སྟོང་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་དྲུག་སྟོང་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། མཐུ་སྟོབས་དང་ལྡན་པའི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱད་བཅུ་དང་། ཞེས་པ་ནས། བརྒྱ་བྱིན་ལ་སོགས་པ་སྟེ་གྲངས་མེད་དཔག་ཏུ་མེད་པའི་ལྷ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འཁོད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་རྣམས་ཀྱིས་མཆོད་པ་བཤམས་པའི་ཚུལ་ནི། ལྷའི་རིན་པོ་ཆེའི་མེ་ཏོག་གི་ཆར་ཕབ་ནས་རོལ་མོའི་སིལ་སྙན་ཡང་། གྲངས་མེད་དཔག་ཏུ་མེད་པ་སྒྲ་རང་འབྱིན་པ་བྱས་ཏེ། ཞེས་པ་ནས། དེ་ལྟར་ལྷ་རྣམས་ཀྱིས་མཆོད་པ་ཕུལ་ནས་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ཚོལ་བའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་གསུངས་པར་བཞེད་པའི་ཚུལ་ནི། དེ་ནས་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་འཁོར་ཆེན་པོ་གྲངས་མེད་དཔག་ཏུ་མེད་པས་བསྐོར་བ་དེ་དག་དང་ཐབས་ཅིག་ཏུ་ཤིང་ས་ལ་ཆེན་པོ་ག་ལ་བ་དེ་ལོགས་སུ་གཤེགས་ནས་

(༧༡༢)དཔྱིད་ཟླ་འབྲིང་པོའི་ཚེས་བཅྭ་ལྔ་ལ་མྱ་ངན་ལས་འདའ་ཁར་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་བསྡུད་ཅིང་སྐྱོབ་པར་previous hit དགོངས་ཏེ། ཞེས་ next hit་ནས། དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནས་འདིར་ནི་ཆོས་བཤད་པའི་སར་འོས་སོ་ཞེས་བཀའ་སྩལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་རྫུ་འཕྲུལ་གྱིས་འཁོར་བསར་དུ་བསྡུས་པའི་ཚུལ་ནི། དགེ་སློང་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་སྔོན་རྟག་ཏུ་རི་དང་། ཚལ་དང་། ཆབ་གཙང་མ་འབབ་པ་དང་། བཟའ་ཤིང་གི་ར་བ་དང་། མེ་ཏོག་དག་མཆིས་པ་ལ་དགྱེས་ན་དེ་དང་འདིར་ནི་ཆབ་འབབ་པ་ཡང་མ་མཆིས། ཤིང་དང་ཚལ་ཡང་མ་མཆིས། གྲོང་ཁྱིམ་དང་། བཟའ་ཤིང་གི་ར་བ་དང་། མི་ཕལ་པ་མ་མཆིས་པར་བཅོམ་ལྡན་འདས་འདིར་ཅི་ལ་དགྱེས་ཏེ་བཞུགས་ཤིང་ཆོས་བཤད་ཅེས་གསུངས་ཞེས་པ་ནས། བྱང་ཆུབ་སེམས་དཔའ་རེ་རེ་ཡང་རོལ་མོ་རྣམ་པ་བརྒྱ་སྟོང་ཐོགས་ཏེ། མེ་ཏོག་རིན་པོ་ཆེ་མཆོག་ཏུ་བཟང་པོའི་ཆར་ཕབ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་ཅིག་ཏུ་འདུག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་རྣམས་ཀྱིས་ཞུ་བའི་སྐབས་དབྱེ་བར་གསོལ་ཞིང་སྟོན་པས་སྐབས་དབྱེ་བ་ནི། དེ་ནས་སོ་སོ་ནས་ཚིག་ཅིག་དང་། ངག་ཅིག་དང་། སྒྲ་ཅིག་གིས། བཅོམ་ལྡན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གསོལ་ཞིང་ཞུ་བ་ཞིག་མཆིས་ན། སྐྱེ་བོ་རྣམས་ལ་སྨན་པ་དང་། བདེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་ཞིང་བཤད་པར་སྨོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕས་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཐེ་ཚོམ་ཡོད་ན་དེ་ཀུན་དྲིས་ཤིག་དང་།

(༧༡༣)ངས་ཁྱེད་རྣམས་ལ་བྱེ་བྲག་ཕྱེད་པར་བཤད་དོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་དེ་བཞིན་གཤེགས་པས་ནི་ཐེག་པ་ཅིག་ལས་མི་བཤད་ན། འདིར་བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཐེག་པ་གསུམ་དུ་བཤད་ཅེས་གསོལ་བ་དང་། ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་རྣམས་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་དོན་འདི་ལྟ་བུ་འདྲི་བ་ལེགས་ཀྱིས་ཉོན་ཅིག་རིགས་ཀྱི་བུ་རྣམས་དཔེར་ན་མི་གཅིག་ལ་མིང་གསུམ་ཡོད་པ་ལྟ་བུ་སྟེ། ཆུང་ངུའི་ཚེ་ན་བྱིས་པ་ཞེས་བྱ། ལོ་ཉི་ཤུ་ཡན་ཆད་ལ་སྐྱེས་བུ་ཞེས་བྱ། ལོ་བརྒྱ་བཅུ་ཡན་ཆད་འདས་པ་ནི་རྒན་པོ་ཞེས་བྱའོ། །ངའི་ཐེག་པ་གསུམ་ཡང་དེ་དང་འདྲ་སྟེ། སེམས་རྒྱ་ཆུང་ངུ་ཉན་ཐོས་ལ་ནི་ཐེག་པ་ཆུང་ངུ་བསྟན། སེམས་རྒྱ་འབྲིང་པོ་རང་སངས་རྒྱས་ལ་ནི་ཐེག་པ་འབྲིང་པོ་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་ཆེན་པོ་ལ་ཞུགས་པ་ལ་ནི་ཐེག་པ་ཆེན་པོ་བསྟན་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། འཇམ་དཔལ་ང་མྱ་ངན་ལས་འདས་པའི་འོག་ཏུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་དད་པ་སྐད་ཅིག་མའི་སེམས་བསྐྱེད་དེ། མདོ་འདི་ཡི་གེར་འདྲི་བ་འམ། ཀློག་པ་འམ། ཁ་ཏོན་དུ་སྐད་ཅིག་མར་དྲན་ཏེ། བསམ་པའི་འདུ་ཤེས་དང་། དྲན་པའི་འདུ་ཤེས་དང་། རྟོགས་པའི་འདུ་ཤེས་སུ་དད་པའི་སེམས་གྲུབ་ན་སྐད་ཅིག་མར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུའི་གང་

(༧༡༤)གཱའི་བྱེ་མ་སྙེད་ཀྱི་འཁོར་བའི་སྡིག་ཕྱིར་བསྙིལ་བར་འགྱུར་རོ། །མ་རིག་པའི་སྒྲིབ་པ་ཡང་གཏན་བྲལ་བར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་རྟག་ཏུ་འཚོ་སྐྱོང་ཞིང་བཞེས་ཏེ་མྱ་ངན་ལས་མི་འདའ་བར་མངོན་ནོ། །ཞེས་སོགས་རྒྱ་ཆེར་བསྟན་ཏོ། །བསྡུས་པའི་དོན་ནི། དུས་གསུམ་གྱི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་ཕྱག་འཚལ་མཆོད་པ་འབུལ་སྡིག་པ་བཤགས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་། མཐར་ཐུག་ཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྒྲིབ་པའི་ཚོགས་རྣམས་དག་གྱུར་ནས། བྲལ་འབྲས་ཆོས་སྐུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ནི་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་ཆོ་གའི་རིམ་པ་ཉིད་མདོར་བསྡུས་པ་ཡིན་པས། ཕུན་སུམ་ཚོགས་པ་ལྔ་དང་། དགོས་དོན་སོགས་ལྔ་ནི་མདོ་སྔ་མའི་ཁོངས་སུ་གཏོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྒྲིབ་པའི་ཚོགས་རྣམས་དག་གྱུར་ནས། བྲལ་འབྲས་ཆོས་སྐུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་དང་

(༧༡༥)བྱང་ཆུབ་སེམས་དཔའ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡང་བཅོམ་ལྡན་འདས་ད་ལྟར་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་འཚོ་ཞིང་བཞེས་པ་ཆོས་ཀྱང་སྟོན་པ་ཇི་སྙེད་ཅིག་བཞུགས། དེ་སྐད་ཅེས་གསོལ་པ་དང་། ཞེས་པས་བསྟན་ཏོ། །སྟོན་པས་ཆོས་གསུང་བར་ཞལ་བཞེས་ཤིང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེའི་ཕྱིར་ལེགས་པར་ཤིན་དུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །ཞེས་པས་བསྟན་ཏོ། །ཆོས་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་བྱེ་བ་ཕྲག་བརྒྱ་ཕྲག་སྟོང་གི་ཡང་ཐ་མ་ན་སངས་རྒྱས་ཀྱི་ཞིང་མར་མེ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཤེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱི་མཚན་གང་དག་ཉན་པར་འགྱུར་བ་དང་། དད་པ་ཡང་བསྐྱེད་པར་བྱེད་པ་དེ་དག་ཐམས་ཅད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་རྣམས་ཡོངས་སུ་འཛིན་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བསྐལ་པ་དྲུག་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མར་མེ་ཅན་གྱི་མེའི་ཉི་མ་སངས་རྒྱས་རིན་ཆེན་འབྱུང་

(༧༡༦)གནས་དེའི་མཚན་ཐོས་པར་དགའ་བ་ནི་བསྐལ་པ་དྲུག་བཅུར་འཁོར་བར་མི་འགྱུར་རོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པའི་ཕན་ཡོན་སོ་སོ་བརྒྱ་ཆེར་བསྟན་ཅིང་། ཁྱད་པར་འདི་ཉིད་ལས། གང་དག་ཕྱི་མའི་དུས་འབྱུང་བ། ཤིན་དུ་འཇིགས་པར་གྱུར་པའི་ཚེ། ཆོས་འདི་རབ་ཏུ་ཉན་འགྱུར་ཞིང་། ཐོས་ནས་དད་པར་བྱེད་པ་ནི། ཐེ་ཚོམ་མེད་པར་དེ་དག་གིས། ཤཱ་རི་ང་ལ་བསྙེན་བསྐུར་བྱས། ཇི་ལྟར་རིན་ཆེན་རིན་ཐང་མེད། དབུལ་པོས་མཐོང་ན་ཞུམ་གྱུར་ཏེ། གང་གི་རིན་ཆེན་རྙེད་འགྱུར་བ། དེ་ལྟའི་ནོར་ནི་ག་ལ་འོང་། དེ་བཞིན་བླ་མེད་སངས་རྒྱས་ཀྱང། བསོད་ནམས་ཆུང་ངུས་ཐོས་ནས་ནི། མིག་ལ་གནོད་བྱེད་བློ་ཅན་རྣམས། དེ་དག་དད་པར་ག་ལ་འགྱུར། ནོར་དང་མཛོད་རྣམས་མང་པོ་དག །ནོར་བུ་རིན་ཆེན་ཐོས་ནས་ནི། ཤིན་དུ་རྒྱན་པར་བྱའོ་ཞེས། དེ་དག་ཡང་དང་ཡང་ཚོལ་ལོ། །དེ་བཞིན་ཤེས་རབ་ཆེན་པོ་ཡང་། སངས་རྒྱས་ཀྱི་ནི་མཚན་ཐོས་ནས། ཇི་ལྟར་བྱང་ཆུབ་རེག་འགྱུར་ཞེས། དེ་དག་ཡོངས་སུ་ཚོལ་བར་བྱེད། དམན་པའི་ལས་དང་ལྡན་པ་དང་། སྡིག་པ་འདོད་དང་གཡོ་ཅན་དང་། ཤེས་རབ་བསོད་ནམས་མེད་པ་ལ། འདི་ལྟ་བུ་ཡི་ཐོས་པ་མེད། འདོད་ཆགས་ཀྱིས་ནི་ཆགས་གྱུར་དང་། གཏི་མུག་གིས་ནི་རྨོངས་པ་འམ། ཆགས་པས་ཟིལ་གྱིས་ནོན་པ་ལ། འདི་ལྟ་བུ་ཡི་ཐོས་པ་མེད། ང་རྒྱལ་ཅན་དང་ཁེངས་པ་དང་། ལེ་ལོ་ཅན་དང་བློ་ཆུང་དང་། མུ་སྟེགས་གཞན་ལ་བརྩོན་པ་ལ། འདི་ལྟ་བུ་ཡི་ཐོས་པ་མེད། བྱེ་བ་སྟོང་གི་ལྷ་རྣམས་ནི། ཀྱེ་མ་སངས་རྒྱས་ཀྱེ་མ་ཆོས། ཀྱེ་མ་

(༧༡༧)དགེ་འདུན་བླ་ན་མེད། དེ་ཞེས་དེ་ཚེ་སྒྲ་ཡང་སྒྲོག །མེ་ཏོག་གི་ཡང་ཆར་འབེབས་ཤིང་། སྟོང་གསུམ་འདིར་ནི་རབ་ཏུ་གཏོར། སིལ་སྙན་བྱེ་བ་དཀྲོལ་བར་བྱེད། སྤོས་ཀྱིས་ས་ལ་ཆག་ཆག་བཏབ། ཞིང་འདི་སྣང་བར་བྱས་ནས་ནི། རྣམ་པ་དྲུག་ཏུ་གཡོ་བར་བྱ། མེ་ཏོག་བསགས་པ་དམ་པ་ཡི། མདོ་སྡེ་འདི་ནི་རབ་བཤད་པ། དེ་ནི་འཁོར་སུ་གང་དག་ནི། སངས་རྒྱས་མཚམས་གནས་མ་གཏོགས་པར། གང་གཞན་ཐོས་པ་ཐམས་ཅད་ནི། སངས་རྒྱས་བླ་ན་མེད་པར་འགྱུར། ཕྱོགས་བཅུ་དག་ནི་ཐམས་ཅད་དུ། གང་གཱའི་བྱེ་སྙེད་ཞིང་ནས་ནི། བྱང་ཆུབ་སེམས་དཔའ་ལྷགས་ནས་སུ། ཉན་ནས་ཕྱིར་ནི་སོ་སོར་དོང་། མདོ་སྡེ་འདི་ནི་བཤད་པའི་ཚེ། དགེ་སློང་བྱེ་བ་མང་ཆད་པ། དེ་དག་ཐམས་ཅད་དགྲ་བཅོམ་འགྱུར། དེ་དག་གིས་ནི་འདྲེན་པ་མཐོང་། དགེ་སློང་དག་ནི་བརྒྱ་སྟོང་དང་། དགེ་སློང་མ་ཡང་དེ་བཞིན་ཏེ། སྟོང་ཕྲག་དྲུག་བཅུར་ཚང་བ་ཡིས། དེ་ཚེ་ཆོས་ལ་བཟོད་པ་ཐོབ། མི་སྐྱེ་བ་ཡི་ཆོས་རྣམས་ལ། བཟོད་པ་བླ་ན་མེད་ཐོབ་ནས། དེ་དག་སངས་རྒྱས་རྣམས་བལྟ་ཞིང་། སྲོག་ཆགས་རྣམས་ལ་ཆོས་ཀྱང་འཆད། དགེ་སློང་མ་ནི་ལྔ་བརྒྱ་དང་། དགེ་སྙེན་མ་ནི་བཞི་བཅུ་དག །རང་རང་གིས་ནི་ཆོས་རྣམས་ཀྱིས། དེ་བཞིན་གཤེགས་ཀྱི་སྐུ་ལ་གསོལ། ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་མཚན་ཐོས་ཤིང་གུས་པར་བྱས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྐལ་ལན་ནི། དེ་བཞིན་གཤེགས་པ་

(༧༡༨)དེ་དག་གི་མཚན་ཐོས་ནས་དེ་ལྟ་བུའི་ཕན་ཡོན་ཡོད་པ་མི་བདེན་སྙམ་ན། དེ་ལྟར་སེམས་པར་མི་བྱ་སྟེ། དེ་ལྟར་སེམས་ན་ལས་ངན་པ་དཔག་ཏུ་མེད་པ་སོག་པར་འགྱུར་བའི་ཕྱིར་དང་། སངས་རྒྱས་རེ་རེའི་མཚན་ཐོས་པའི་ཡོན་ཏན་ཀྱང་བརྗོད་ཀྱིས་མི་ལང་བའི་ཕྱིར་གཞུང་དུ་སྨོས་པ་རྣམས་ཅུང་ཟད་ཙམ་བསྟན་པ་ཡིན་པར་ཡིད་ཆེས་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་སྙམ་འགྲོ་བ་ཐམས་ཅད་ཀྱིས། སངས་རྒྱས་མཚན་རྣམས་ཐོས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔང་སྐོང་ཕྱག་རྒྱ་པ་ཞེས་བྱ་བ་འགའ་ཞིག་གིས་བྱ་རྒྱུད་དུ་འགྲེལ་པ་འདུས་པ་ཆེན་མོའི་ཕྱོགས་སུ་གཏོགས་པའི་མདོའི་ཆོ་ག་ཡིན་པས་གླེང་གཞི་མེད་པ་འདིའི་དགོས་པའི་དོན་ནི། ཆོ་གའི་སྟོབས་ཀྱིས་ཚོགས་རྫོགས་པར་བྱས་ཏེ་བྱང་ཆུབ་ཐོབ་པར་བྱེད་པའོ། །བསྡུས་པའི་དོན་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་གཤགས་པ་དང་སྐྱབས་སུ་འགྲོ་བ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བྱིན་གྱིས་བརླབས་ནོད་པ་དང་། དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ་བ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་དབུ་མའོ། །དེ་ལས་བྱུང་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཞེས་

(༧༡༩)བྱ་བ་ཐེག་པ་ཆེན་པོའི་མདོ་ཕལ་པོ་ཆེའི་མདོའི་ཕྱོགས་སུ་རྟོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་ཆོས་ཀྱི་དབྱེ་དགོན་པ་ན། བྱང་ཆུབ་ཀྱི་སྙིང་པོ་ན་སེང་གེའི་ཁྲི་རྡོ་རྗེ་དང་ནོར་བུ་རིན་པོ་ཆེས་སྤྲས་པའི་པད་མའི་སྙིང་པོའི་གདན་ལ་བཞུགས་སོ། །ཞེས་པས་བསྟན་ཏོ། །འཁོར་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སྨྲས་པ། ཞེས་པས་བསྟན་ཏོ། །ཆོས་ནི། ཀྱེ་རྒྱལ་བའི་སྲས་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཞིང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་ཉིན་ཞག་གཅིག་གི །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཞིང་རྣམས་ཀྱི་ཞག་དང་ལོ་དང་བསྐལ་པའི་ཆེ་ཆུང་རྟོགས་ཤིང་དེ་བཞིན་གཤེགས་པ་དེ་དག་གི་མཚན་ཐོས་ཏེ་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི་སངས་རྒྱས་ཀྱི་ཞིང་འདི་ལ་སོགས་པ་ཞིང་ཁམས་བཅུ་གཅིག་གི་ཞག་དང་བསྐལ་པའི་ཚད་དང་དེ་བཞིན་གཤེགས་པའི་མཚན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས།

(༧༢༠)མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རྒྱལ་བ་འདི་དག་མཉེས་བྱས་ནས། ཆོས་སྐུ་མངོན་དུ་བྱེད་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་རྟོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན། སེར་སྐྱའི་གནས་ཤིང་ནྱ་གྲོ་དའི་ཀུན་དགའ་ར་བ་ན། ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་གསོལ་ནས། ལྷུང་གཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཞིང་། དགེ་སློང་གི་དགེ་འདུན་གྱི་བདུན་དུ་བདར་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེའི་ཚེ་ན་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ཞེས་བྱ་བ་འགའ་ཞིག་གི་ཕྱིར་ཤིང་རྟ་ལ་ཞོན་ནས་སེར་སྐྱའི་གནས་གྲོང་ཁྱེར་ཆེན་པོ་ནས་ཕྱིར་བྱུང་བ་དང་ཞེས་པ་ནས། དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅི་ནས་ཀྱང་བདག་ལ་མི་འམ། མི་མ་ལགས་པ་དང་། དུད་འགྲོ་སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཚོ་བར་མི་བགྱིད་པ་དེ་ལྟར་བདག་ལ་ལེགས་པར་བསྲུང་བ་མཛད་དུ་གསོལ། བསྲུང་བའི་ཆོ་ག་ཡང་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་།

(༧༢༡)ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་ཉིད་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། འཛིན་པར་བྱེད་དམ། འཆང་བར་བྱེད་དམ། ཀློག་པར་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་ན། ཀུན་དགའ་བོ་དེ་ཙམ་གྱིས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་དམ་པ་དང་། བླ་མར་བྱ་བ་དམ་པ་དང་། རི་མོ་དམ་པ་དང་། མཆོད་པ་དམ་པས་བཀུར་སྟི་བྱས་པ་ཡིན་ནོ། །བླ་མར་བྱས་པ་ཡིན། རི་མོར་བྱས་པ་ཡིན། མཆོད་པར་བྱས་པ་ཡིན་ནོ། །ཞེས་གསུངས་པས། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཕྱོགས་བཅུ་གང་དུ་འགྲོ་བའི་ཕྱོགས་འདིའི་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱས་པས། གནས་སྐབས་སུ་ཕྱོགས་དེར་དོན་བསྒྲུབ་པ་ལ་བར་ཆད་མི་འབྱུང་ཞིང་། མཐར་ཐུག་ཏུ་སངས་རྒྱས་འཐོབ་པར་བསྟན་པའོ། །ཚིག་གི་དོན་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་གཞུང་སྔ་མ་རྣམས་དང་མཐུན་ནོ། །དེ་ལས་བྱུང་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། ཕྱོགས་བཅུའི་རྒྱལ་བས་བྱིན་བརླབས་ནས། དུས་གསུམ་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་

(༧༢༢)བདུན་པ་ཞེས་བྱ་བ་འདུས་པ་ཆེན་པོའི་ཕྱོགས་འཐུན་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཏི་སིའི་རིའི་རྩེ་མོ་ལྷའི་གནས་ན་དྲང་སྲོང་གི་སྤྱོད་པ་དང་ཧ་ཅང་མི་རིང་པ་ཞིག་ན། ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ་དང་། མཐའ་ཡས་མེ་ཏོག་དང་། ཀུན་ནས་མེ་ཏོག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རིའི་རྩེ་མོའི་ནགས་ཁྲོད་དེ་ཉིད་ན་དགེ་སློང་ཞིག་འབྱུང་པོས་ཟིན་ནས་བསྡོལ་ཅིང་གཅེར་བུ་གོས་མེད་པ་ལག་པ་སྒྲེང་སྟེ་ངུ་ཞིང་འདུག་པ་གཟིགས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་མཁའི་དཀྱིལ་ན་ཀྱི་ཧུད་ཅེས་སྒྲ་འབྱིན་པ་འདི་དང་། དགེ་སློང་གཅེར་བུ་གོས་མ་མཆིས་པ་ལག་པ་སྟོད་པ་ཅིག་ཤོས་འདི་ཡང་སུ་ཞིག་ལགས། ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་པའོ། །ཆོས་འདིའི་དགོས་པའི་དོན་ནི་སངས་རྒྱས་བདུན་གྱི་གཟུངས་ལ་བརྟེན་ནས་སངས་རྒྱས་སོགས་

(༧༢༣)དངོས་གྲུབ་བསྒྲུབ་པའོ། །བསྡུས་པའི་དོན་ནི། སངས་རྒྱས་བདུན་གྱི་གཟུངས་ཀྱི་ལས་ཚོགས་ཀྱི་ཆོ་ག་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། སྔ་རབས་པ་དག་གིས་བཀའ་ཐ་མའི་མདོར་བསྡུས་ནའང་། འདིའི་དགོས་པ་བྱ་རྒྱུད་དུ་གནས་སོ། །མདོར་བྱེད་ན་འདུས་པ་ཆེན་མོ་དང་ཕྱོགས་འཐུན་ནོ། །དེ་ལྟར་བསྟམ་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སངས་རྒྱས་བདུན་པོར་འགྲུབ་གྱུར་ནས། སངས་རྒྱས་མཛད་པ་མཐར་ཕྱིན་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། ཞེས་པས་བསྟན་ཏོ། །འཁོར་ན་དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པ་ནས། གང་ཟག་གཅིག་མ་གཏོགས་པ་འདི་ལྟ་སྟེ་ཚེ་དང་ལྡན་པ་ཀུན་དགའ་བོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ནི། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ཞེས་པས་བསྟན་ཏོ། །ཤར་ཕྱོགས་ཀྱི་སངས་རྒྱས་བརྒྱད་གསར་དུ་བྱོན་པའི་ཚུལ་ནི་དེ་ནས་དེའི་མདོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས། མ་བཀྲོལ་བར་བར་སྣང་ལས་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སྒྲ་དག་ཀྱང་བྱུང་། ཞེས་པ་ནས། སེང་གེའི་ཁྲི་ཐམས་ཅད་ཀྱི་སྟེང་ན་དེ་བཞིན་གཤེགས་པའི་སྐུ་དག་ཀྱང་བཞུགས་པར་ཡང་སྣང་སྟེ། མཛེས་པ་ལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་དམ་པ་བརྙེས་

(༧༢༤)པ། དབང་པོ་བསྲུང་ཞིང་ཐུབ་པ། གླང་པོ་ཤིན་དུ་དུལ་བ་ལྟ་བུ། འཚོ་ལྟར་དང་ཞིང་རྙོག་པ་མེད་པ་ལ་གསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དེ་དག་གིས་སྐུ་ལེགས་པར་བརྒྱན་པ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་གྱིས་མནན་ཏེ་བཞུགས་པ། སྤྱོད་ལམ་བརྒྱ་སྟོང་དུ་མ་དང་ལྡན་པ། སྐུ་མདོག་ལྟ་བས་ཆོག་མི་ཤེས་པ་དག་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་སངས་རྒྱས་ཀྱིས་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། དེ་བཞིན་གཤེགས་པའི་སྐུ་དག་བཞུགས་པར་ཡང་གདའ་སྟེ། མཛེས་པ་བལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་། ཞི་གནས་མཆོག་མཉེས་པ་དུལ་བ་དང་ཞི་གནས་དམ་པ་མཉེས་པ། དབང་པོ་བསྲུངས་ཤིང་ཐུལ་བ། གླང་པོ་ཆེ་ཤིན་དུ་དུལ་བ་ལྟ་བུ་མཚོ་ལྟར་དང་ཞིང་རྙོག་པ་མེད་པ་གསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དག་གིས་སྐུ་ལེགས་པར་བརྒྱན་པ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ཉི་མ་དང་། ཟླ་བའི་གཟི་བརྗིད་ཟིལ་གྱིས་མནན་ཏེ་བཞུགས་པ། སྤྱོད་ལམ་བརྒྱ་སྟོང་དུ་མ་དང་ལྡན་པ། སྐུ་མདོག་བལྟ་བས་ཆོག་མི་ཤེས་པ་དག་གདའ་བའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཤཱ་རིའི་བུ་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ། །ཚེ་དང་ལྡན་པ་

(༧༢༥)ཤཱ་རིའི་བུས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། བདེ་བར་གཤེགས་པ་བརྒྱད་པོ་འདི་དག་གི་མཚན་ཐོས་པ་དང་གཟུང་བ་ལ་བརྟེན་ནས་མདོར་ཇི་ལྟར་བསྟན་པའི་ཕན་ཡོན་རྣམས་འཐོབ་པའོ། །བསྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་བདེ་བར་གཤེགས་པ་བརྒྱད་ཀྱི་ཞིང་ཁམས་དང་མཚན་དང་ཐོས་པའི་ཕན་ཡོན་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམས་འགྲོ་བ་ཐམས་ཅད་ཀྱིས། སངས་རྒྱས་མཚན་རྣམས་ཐོས་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྟོང་ཕྲག་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་གསོལ་ཞིང་སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་དུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་ཅག་གིས་ཞུ་བ་ཞུས་པས་བཅོམ་ལྡན་འདས་ཀྱི་ཐུགས་རངས་པ་ལྟ་ན། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

(༧༢༦)སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་ཏོག་རིན་ཆེན་མེ་ཏོག་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གང་དང་གང་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །ཞུ་བ་པོའི་ཞུ་བ་དངོས་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་འཇིག་རྟེན་གྱི་ཁམས་གཞན་དག་ན་ད་ལྟར་བཅོམ་ལྡན་འདས་བཞུགས་ཏེ། འཚོལ་བ་ཞེས་ཤིང་ཆོས་ཀྱང་སྟོན་པ་གང་དག་གི་མཚན་གཟུང་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་བ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང་། ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གྱི་སྒོ་ནས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་བཅུའི་མཚན་ཡིད་ལ་གཟུང་ཞིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དང་མཐུན་པར་སྒོམས་པས། ཚེ་གཉིས་སམ་གསུམ་ལ་རྫོགས་པའི་སངས་རྒྱས་ཐོབ་པ་ལ་སོགས་པ་མདོ་ལས་བྱུང་པའི་ཕན་ཡོན་ཐོབ་པའོ། །བསྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བསྐལ་པ་དཔག་ཏུ་མེད་པ་ལས་འདས་པ་ཞེས་བྱ་

(༧༢༧)བ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཡོན་ཏན་བཀོད་པའི་དཔལ་གཟི་བརྗིད་ཀྱི་ཕུང་པོ་བསྐལ་བ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཡང་དག་པར་སྤྱོད་པ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་འབྲུག་སྒྲ་སྒྲ་དབྱངས་སྟོང་པ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་འོད་དམ་པ་དཔལ་གྱི་གཟི་བརྗིད་འབྱུང་བ་ལ་ཕྱག་འཚལ་ལོ། །ནུབ་བྱང་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་མང་པོའི་གཟི་བརྗིད་ཀྱི་རྒྱལ་པོ་དཔལ་འབྱུང་བ་ལ་ཕྱག་འཚལ་ལོ། །བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་ཀུན་ཏུ་འབྱུང་བ་ལ་ཕྱག་འཚལ་ལོ། །སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བ་གསེར་ནམ་མཁའ་ངེས་པར་སྒྲོགས་པ་བཀོད་པ་དཔལ་གྱི་གཟི་བརྗིད་འབྱུང་བ་ལ་ཕྱག་འཚལ་ལོ། །འོག་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་འཕྲུལ་པའི་གཟི་བརྗིད་འབྱུང་བ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་

(༧༢༨)རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་འདི་ཉིད་ལས། སངས་རྒྱས་དེ་དག་གི་མཚན་ཐོས་པ་ལ་བརྟེན་ནས། སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་རོ་ཞེས་པ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་དེ་དག་གི་མཚན་ཐོས་པ་ལ་བརྟེན་ནས། ཉན་རང་གི་བྱང་ཆུབ་དོན་དུ་གཉེར་ན་སྐྱེ་བ་ཡང་ཕྱི་ལ་མྱ་ངན་ལས་འདས་པ་ཐོབ་ལ། རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ན་སྐྱེ་བ་ཡང་ཕྱི་ལ་རྫོགས་པའི་སངས་རྒྱས་ཐོབ་པའོ། །དེ་ཇི་ལྟར་སྲིད་སྙམ་ན། ཚེ་འདིར་སངས་རྒྱས་དེ་དག་གི་མཚན་ཡིད་ལ་གཟུང་ཞིང་གོམས་པ་ལ་རྟེན་ནས། ཚེ་ཕྱི་མ་ལ་དག་པའི་ཞིང་ཁམས་བདེ་བ་ཅན་ལ་སོགས་པར་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་ལ། དེར་ལམ་ལྷག་མ་རྣམས་གོམས་པས་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་འགྱུར་ཞིང་། དེའི་སྐྱེ་བ་ཕྱི་མ་ལ་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ནས་སངས་རྒྱས་ཀྱི་མཛད་པ་བྱེད་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སངས་རྒྱས་མཚན་ཀུན་ཐོས་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་དུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་མི་ཕམ་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ། ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་

(༧༢༩)པོ་བྱམས་པ་ལ་ཆོས་ཕུན་སུམ་ཚོགས་པ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་པ། ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་བཞིན་གཤེགས་པ་འདི་རྣམས་ཀྱི་མཚན་འཛིན་པ་སོགས་མདོ་འདི་ལ་སླབས་པ་ལ་རྟེན་ནས་བསྐལ་པ་ཆེན་པོའི་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པར་འཁོར་བ་ལས་ལྡོག་པ་སོགས་མདོ་ལས་བྱུང་བའི་ཕན་ཡོན་རྣམས་ཐོབ་པའོ། །བསྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་མེ་ཏོག་གི་འོད་མེ་ཏོག་པདྨ་བཻ་ཌཱུརྱའི་འོད་ཟེར་རིན་པོ་ཆེའི་གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤྲོས་མཆོག་དམ་པས་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་རྒྱན་པ་བཙུག་ཏོག་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་མེད་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་པ། ལྷ་དང་མི་རྣམས་ཀྱིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆུ་ལྷ་གཞོན་ནུ་ཉི་མའི་སྒྲོན་མ་ཟླ་བའི་མེ་ཏོག་རིན་ཆེན་པད་མ་གསེར་སྡུག་ནམ་མཁའ་ལྟ་བུའི་སྐུ་ལྡན་རྣམ་པར་སྣང་མཛད་འོད་ཟེར་རབ་རྒྱན་ཐོགས་མེད་འཁོར་ལོ་དཀྱིལ་འཁོར་ཕྱོགས་བཅུར་འོད་ཟེར་རབ་འབྱིན་འཇིག་རྟེན་ཁམས་ཀུན་དུ་སྣང་བྱེད་ཏོག་གི་རྒྱལ་མཚན་རྒྱལ་པོ་ལ་ཕྱག་འཚལ་ལོ། །

(༧༣༠)དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བགྲོད་པ་ཐམས་ཅད་དྲི་མེད་འོད་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པའི་རྒྱན་ལ་previous hit དགོངས next hit་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་ཟླ་བའི་ཏོག་གི་རྒྱལ་པོ་གྲགས་ལྡན་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཛད་ཅེས་བྱ་བ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མཆོག་གི་གྲགས་ལྡན་ལ་ཕྱག་འཚལ་ལོ། །ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་འཇིགས་མེད་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་བྲལ་བག་ཚ་བ་མི་མངའ་སྤུ་ཟིང་མི་བྱེད་པ་ལ་ཕྱག་འཚལ་ལོ། །འོག་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་བསྒྱིངས་པའི་མིད་།།།པ་ལ་ཕྱག་འཚལ་ལོ། །སྟེང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་གསེར་འོད་གཟི་བརྗིད་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། སངས་རྒྱས་རྣམས་ཀྱིས་རྗེས་གཟུང་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག།

(༧༣༡)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཆོས་ཀྱི་རྣམ་གྲངས་ཆེན་པོ་བཀའ་འཁོར་ལོ་ཐ་མར་གཏོགས་པ་འདིའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་རྣམས་དང་ཡང་ཐབས་ཅིག་གོ །བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། དྲང་སྲོང་དང་། རིག་སྔགས་འཆང་དང་། ལྷའི་བུ་མོའི་ཚོགས་དུ་མ་རྣམས་དང་ཡང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ནོ། །སྟོན་པས་ཞུ་བ་པོ་འོད་བསྲུངས་ཆེན་པོ་ལ་བཀའ་ཡས་སྩལ་དུ་གནང་ཞིང་། འོད་བསྲུངས་ཀྱིས་ཉན་པར་གསོལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་བསྲུངས་ཆེན་པོ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་རྒྱུ་རབ་ཏུ་བསྟན་པར་བྱས། དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་དང་ངས་ཁྱོད་ལ་བཤད་དོ་བཅོམ་ལྡན་འདས་ལེགས་སོ། །ཞེས་གསོལ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བཅོམ་ལྡན་འདས་ལ་ལྟར་ཉན་པ་དང་། ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཕུན་སུམ་ཚོགས་པ་དངོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ནས་བཤད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་དང་གཟུང་བ་ལ་རྟེན་ནས། སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །བསྐལ་པ་བརྒྱར་

(༧༣༢)འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡང་ཡོངས་སུ་གཟུང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་འཐོབ་པར་འགྱུར་རོ། །ཞེས་སོགས་ཕན་ཡོན་རྒྱ་ཆེར་བསྟན་པ་རྣམས་ཐོབ་པར་འགྱུར་བའོ། །སྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་འཛིན་གླང་པོ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་དཔལ་དམ་པ་ཐམས་ཅད་རྫོགས་པ་མཚན་དམ་པའི་ལུས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གདུགས་ཅིག་པ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་དམ་པ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་དཀྱིལ་འཁོར་གཟི་བརྗིད་ཀྱིས་མངོན་པར་འཕགས་པའི་རྒྱལ་པོ་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

(༧༣༣)པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གོ་འཕང་མཐའ་ཡས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་མཆོག་མཐའ་ཡས་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་སྣང་ཆེ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོ། །ཞེས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་མདོ་སྔ་མ་རྣམས་དང་འཐུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། རྒྱལ་བ་རྣམས་ཀྱིས་བྱིན་བརླབས་ནས། མྱུར་དུ་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་ཀྱིས་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ་ཞེས་པ་ནས། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་ཆེན་པོའི་པད་མའི་རྒྱལ་པོ་

(༧༣༤)ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པའི་བཀོད་པ་ལ་རྟེན་པ་ན་བཞུགས་ཏེ། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་པ་ནས་ཆོས་ཀྱི་དབྱིངས་དམ་པ་ཅན། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཕྱི་མའི་མཐའི་མར་ཐུག་པ་དེ། ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་ནི། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་པ་ནས། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་དང་ཐབས་ཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོ་བྱང་ཆུབ་སེམས་དཔའ་ཤིན་དུ་འདུས་ལ་བཀའ་ཡས་རྩལ་དུ་མཛད་ནས་ཆོས་བསྟན་པ་དངོས་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤིན་དུ་འདུས་ལ་བཀའ་སྩལ་པ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་སངས་རྒྱས་པའི་ཡེ་ཤེས་ལྔ་གཏན་ལ་ཕབ་སྟེ་བསྒོམས་པས། སངས་རྒྱས་ཀྱི་ཡེ་ཤེས་ལྔ་མངོན་དུ་གྱུར་པའོ། །སྡུས་པའི་དོན་ནི། ཤིན་དུ་འདུས་སངས་རྒྱས་ཀྱི་ས་ནི་ཆོས་ལྔས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི་སྔ་རབས་པ་ཁ་ཅིག་སངས་རྒྱས་ལ་ཡེ་ཤེས་མེད་ཅེས་པ་དང་།

(༧༣༥)ཆོས་ཉིད་ལ་མཉམ་པར་བཞག་པའི་ཚེ་ན་ཡེ་ཤེས་མེད་ཅེས་པ་དང་། ཆོས་ཉིད་ལ་མཉམ་པར་བཞག་པའི་ཡེ་ཤེས་ཀྱིས་ཆོས་ཅན་མི་མཁྱེན་ཞེས་པ་དང་། ཆོས་ཅན་སོ་སོ་མཁྱེན་པའི་ཡེ་ཤེས་ཀྱིས་རང་ཡུལ་སོ་སོ་སྣ་རེ་མ་གཏོགས་ཤེས་བྱ་མ་ལུས་པ་མི་མཁྱེན་ཞེས་སྨྲ་བ་རྣམས། མདོ་འདི་ཉིད་ཀྱིས་ཡེ་ཤེས་ལྔ་རྒྱ་ཆེར་བསྟན་པའི་སྟོབས་ཀྱིས་ལེགས་པར་བཀག་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཡེ་ཤེས་ལྔ་རྣམས་རྫོགས་གྱུར་ཏེ། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་མི་སྤོང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། ཞེས་པས་སོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པས་སོ། །བློ་བུར་འདུས་པའི་འཁོར་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ཞེས་པ་ནས། རིགས་ཀྱི་བུ་བཅུ་པོ་ཁྱིམ་ན་གནས་པའི་སྐྱོན་ཁས་བླངས་པ་བསྟན་པ་འདི་ལས་ཕྱིར་དོང་བ་དེ་དག་ཀྱང་འཁོར་དེ་ཉིད་དུ་ལྷགས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པ་ཞེས་བྱ་བ་གཟུངས་ཐོབ་པ་ཞེས་པ་ནས་བཅོམ་ལྡན་འདས་རིགས་ཀྱི་བུ་བཅུ་པོ་འདི་དག་ནི་དགུང་

(༧༣༦)ལོ་བདུན་དུ་གཟུངས་ཀྱི་དོན་ལ་བརྩོན་པར་གྱུར་ན་དེ་དག་བསམ་པ་ལ་གྲུབ་ཅིང་བསྟན་པ་འདི་ལས་སླར་མཆིས་པ་ཁྱིམ་ན་གནས་པར་ཁས་བླངས་པ་ལགས་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་ལ་ཅི་ནས་མྱུར་བ་ཁོ་ནར་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ལྟར་ལགས་པར་ལུང་སྟོན་པར་མཛད་དུ་གསོལ། ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལྟར་དེ་དག་གིས་སངས་རྒྱས་མི་སྤོང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་ལ། སངས་རྒྱས་སྤོང་བ་ནི་རྗེས་སུ་ཐོབ་སྟེ། དེས་ན་རིགས་ཀྱི་བུ་དེ་དག་མྱུར་དུ་ཤེས་པ་འདི་ལ་མ་སྐྱེས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་སླར་ཡང་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པས་ཚིགས་སུ་བཅད་པ་འདི་དག་གིས་ཞུས་སོ། །ཞེས་པ་ནས། སྤྱོད་པ་མཁས་པ་ཡིད་གཉིས་རྣམས་སྤངས་པ། སྐྱོན་ཚོགས་དྲི་མ་གསུམ་གྱི་ཐ་བ་བྲལ། འགྲོ་བ་ཐམས་ཅད་དུ་ཡང་རབ་ཤེས་པ། མགོན་པོ་བྱང་ཆུབ་མཆོག་གི་ཚུལ་བཤད་གསོལ། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་སླར་ཡང་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་མདོ་ཉིད་ལས། གང་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་

(༧༣༧)ནས་དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་པར་བྱེད་ལ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན། དེ་ནི་དེ་དག་ལས་མཆོག་ཏུ་བཀྲབས་པའོ། །གང་ཞིག་བསྐལ་པ་སྟོང་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་གཏོགས་པར་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་བྱེད་ལ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན་འདི་ནི་དེ་དག་ལས་མཆོག་དུ་བཀྲབས་པའོ། །གང་ཞིག་སངས་རྒྱས་སྟོང་ལ་སྔ་དྲོ་དང་། ཉི་མ་ཕྱེ་དང་། ཕྱི་མ་རེད་ཀྱི་དུས་སུ་བསྙེན་བསྐུར་བྱེད། གུས་པར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ལ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན། འདི་ནི་དེ་དག་ལས་མཆོག་ཏུ་བཏུ་བའོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང་། བཅང་བ་དང་། ཀླག་པ་དང་། བསྟན་པ་དང་། ཡི་གེར་བྲི་བར་བྱ་བའི་ཕྱིར། ཁྱེད་ཅག་ལ་གཏད་ཀྱིས། ངའི་བསྟན་པ་འདི་ལུས་དང་སྲོག་ཡོངས་སུ་བཏང་བ་དང་ཡང་བསྔོ་ཞིང་ཡོངས་སུ་བསྲུང་བར་བྱའོ། །ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ཆོས་སྨྲ་བ་ལ་བསྐུར་བ་འདེབས་པ་དང་། མ་གུས་པར་བྱེད་པ་ཉེས་དམིགས་ཤིན་དུ་ཆེ་བ་དང་། ཆོས་སྨྲ་བ་ལ་དད་ཞིང་གུས་པར་བྱས་ན་ཕན་ཡོན་ཆེ་བར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཆོས་སྨྲ་རྣམས་ལ་གུས་བྱེད་ཅིང་། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་

(༧༣༨)ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་སོ། །འཁོར་ནི་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པ་ནས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཆེ་བ་དབང་ཆེ་བར་གྲགས་པ་ཤ་སྟག་དང་ཐབས་ཅིག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་སྩལ་པས་ཆོས་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བདེ་བར་གཤེགས་པ་བརྒྱད་ཀྱི་མཚན་ཐོས་པ་ལ་རྟེན་ནས་མདོ་ལས་ཇི་སྐད་གསུངས་པའི་ཕན་ཡོན་ཐམས་ཅད་འཐོབ་པའོ། །སྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ཤིན་ཏུ་ཡོངས་སྒྲགས་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྣང་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་པ་སྣང་བའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མེད་པར་སྟོན་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རྣམ་པར་གནོན་པར་བཞུགས་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པའི་རི་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་

(༧༣༩)བ་ཡིས། མཁའ་མཉམ་འགྲོ་བ་མ་ལུས་པ། རྒྱལ་བ་རྣམས་ཀྱིས་རྗེས་གཟུང་སྟེ། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཨསྨྲ་བསྲུང་བའི་ཚལ་ན་བཞུགས་སོ། །ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། ལི་ཙ་བྱིའི་བུ་རྩལ་རབ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་དེ་ལས་བདེ་བར་ཡང་འགྱུར་བ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡོངས་སུ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་ནས། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ལི་ཙ་བྱིའི་བུ་རྩ་བར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ནོ། །previous hit དགོངས་པའི་དོན་ནི། དེ་བཞིན་གཤེགས་ next hit་འདི་རྣམས་ཀྱི་མཚན་ཐོས་པ་ལ་རྟེན་ནས་ཕན་ཡོན་ཇི་སྐད་འབྱུང་བར་བསྟན་པ་རྣམས་གདུལ་བྱ་རྣམས་ཀྱིས་ཐོས་པའོ། །སྡུས་པའི་དོན་ནི། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོལ་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྩལ་བརྟན་དོན་གྲུབ་དགོས་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ལ་previous hit དགོངས next hit་རྒྱ་ཆེར་གྲགས་པ་ཅན་

(༧༤༠)ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་རྒྱན་གྱི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བར་གྲགས་པ་དཔལ་དམ་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོ་ལྟར་འཕགས་པ་རྩལ་རབ་ཏུ་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་previous hit ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས next hit་པར་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཞེས་པས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་མདོ་གཞན་ལ་ལྟོས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རྒྱལ་བ་འདི་དག་འགྲུབ་གྱུར་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་སུམ་རྗེས་སུ་དྲན་པའི་མདོ་སྔ་རབས་པས་བཀའ་ཐ་མར་བསྡུས་པ་འདི་གསུམ། མདོ་གཞན་གྱི་ནང་ནས་ཁོལ་བྱུང་ཡིན་པས་ན་གླེང་གཞི་མི་གསལ་ཞིང་། དགོས་པའི་དོན་ནི། རྗེས་སུ་དྲན་པ་དྲུག །ཉམས་སུ་ལེན་པའི་ཆ་ཤས་ཀྱི་གཙོ་བོ་སྡུས་པ་ཡིན་ཞིང་། འདི་སྒོམས་པ་ལ་རྟེན་ནས་གནས་སྐབས་སུ་དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་། མཐར་ཐུག་སངས་རྒྱས་ཀྱི་འཕངས་མཉེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། འཕགས་པའི་དགེ་འདུན་གྱི་འཁོར་རྒྱ་ཆེན་པོ་སྡུད་པར་འགྱུར་བ་ཡིན་ནོ། །

(༧༤༡)བསྡུས་པའི་དོན་ཉམས་སུ་ལེན་པའི་ཚུལ་ནི། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་མདོ་འདི་གསུམ་ནས་བསྟན་པས་མཚོན་ནས་དཀོན་མཆོག་གི་ཆེ་བའི་ཡོན་ཏན་མདོ་སྡེ་མཐའ་དག་ལས་ཇི་ལྟར་འབྱུང་བ་རྣམས། དམིགས་པའི་ཡུལ་དུ་བཞག་སྟེ། ཉིན་མཚན་དུས་དྲུག་དུ་ཡང་དང་ཡང་དུ་དྲན་པར་བྱས་པས། དྲན་ཡུལ་དུ་དཀོན་མཆོག་སུམ་གྱི་ཡོན་ཏན་གཟུགས་བརྙན་གྱི་རྣམ་པ་འཆར་བར་འགྱུར་བ་ལ་གཟུགས་བརྙན་དེ་ཉིད་ལ་སེམས་རྩེ་གཅིག་དུ་གཏད་དེ་ཡང་དང་ཡང་དུ་གཟུགས་བརྙན་གྱི་རྣམ་པ་དེ་གསལ་གཏབ་ནས་ཡིད་ལ་བྱས་པས། སྔར་གྱི་དྲན་ཡུལ་དང་། ཏིང་ངེ་འཛིན་ལ་ཤར་བའི་རྣམ་པ་གཉིས་ཅིག་ཏུ་འདྲེས་ཏེ། དྲན་པས་དྲན་ཙམ་ན་དཀོན་མཆོག་གསུམ་གྱི་རྣམ་པ་གསལ་བར་སྣང་བའི་ཏིང་ངེ་འཛིན་སྐྱེ་ལ། ཏིང་ངེ་འཛིན་དེའི་ཡུལ་དུ་ཤར་བའི་གཟུགས་བརྙན་དེ་ཉིད། མདོ་ལས་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་གསུངས་ལ། གཟུགས་བརྙན་དེ་ཉིད་མ་དམིགས་ནས། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པའི་དྲན་པ་དང་ཤེས་བཞིན་ཡང་དང་ཡང་དུ་ཡིད་ལ་བྱེད་པའི་ལྷག་མཐོང་ལ་ཤར་བའི་གཟུགས་བརྙན་འབྱུང་བ་དེ་ཉིད་ལ་རྣམ་པར་རྟོག་པའི་གཟུགས་བརྙན་ཞེས་མདོ་ལས་འབྱུང་ཞིང་། དེ་ཉིད་མི་རྟོག་པའི་གཟུགས་བརྙན་དང་བསྲེས་ཏེ་ཡང་དང་ཡང་དུ་བསྒོམས་པ་དང་སྦྲེལ་ནས་བསྒོམས་པས། འགོག་པ་དང་ལམ་མཐོང་བའི་རྣལ་འབྱོར་མངོན་སུམ་དུ་སྐྱེ་ལ། འགོག་པ་དང་ལམ་མཐོང་ན་སྡུག་ཀུན་ཡང་མཐོང་བས། བདེན་བཞི་མངོན་སུམ་དུ་མཐོང་བའི་མཐོང་ལམ་མཚན་ཉིད་པ་དངོས་སུ་སྐྱེ་བ་ཡིན་ནོ། །ལམ་ལྷག་མ་རྣམས་ནི་དེ་ཉིད་ཀྱི་རྒྱུན་གོམས་པས་འཐོབ་བོ། །ཚིག་གི་དོན་ནི་གཞུང་ཇི་

(༧༤༢)ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་མདོ་གཞན་དང་སྦྲེལ་ལོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དཀོན་མཆོག་གསུམ་པོ་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། དེ་ཡི་ས་ལ་འཁོད་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསླབ་པ་གསུམ་གྱི་མདོ་བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་སྤོང་བྱེད་ན་ལྗོངས་རྒྱུ་ཞིང་གཤེགས་པ་དང་། གྲོང་སྤྱིལ་བུ་ཅན་དུ་བྱོན་ཏེ། གྲོང་སྤྱིལ་བུ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་ཤིང་ས་ལའི་ཚལ་ན། ཞེས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་ཐབས་ཅིག་ཏུ་བཞུགས་སོ། །ཞེས་པས་སོ། །སྟོན་པས་འཁོར་རྣམས་ལ་ཆོས་ཕུན་སུམ་ཚོགས་པ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བསླབ་པ་གསུམ་རིམ་ཅན་དུ་ཉམས་སུ་བླངས་པས་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །སྡུས་པའི་དོན་ནི། དགེ་སློང་དག་འདི་དག་ནི་ཚུལ་ཁྲིམས་ཡིན་ནོ། །འདི་ནི་ཏིང་ངེ་འཛིན་ཡིན་ནོ། །འདི་ནི་ཤེས་རབ་ཡིན་ནོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དགེ་སློང་དག་ཚུལ་ཁྲིམས་ལ་གོམས་པར་བྱས་ནས་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་གོམས་པར་བྱས་ན་ཤེས་རབ་ཐོབ་པར་འགྱུར། ཤེས་རབ་ལ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་འདི་ཟད་དོ། །ཚངས་པར་སྤྱོད་པ་ནི་

(༧༤༣)བསྟན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བསླབ་པ་གསུམ་གྱི་མདོ་རྫོགས་སོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བསླབ་གསུམ་རྣམ་པར་དག་བྱས་ཏེ། བླ་མེད་བྱང་ཆུབ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྐུ་གསུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་ནི་བྱང་ཆུབ་སེམས་དཔའ་ཚད་མེད་དྲངས་མེད་པ་དང་། ལྷ་དང་ཀླུ་དང་། འཁོར་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་ཏེ། བཅོམ་ལྡན་འདས་ལ་བཀུར་སྟིར་གྱིད་ཅིང་མཆོད་དོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འདུག་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་སྐུ་དུ་མངའ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསན་ཏོ། །དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་གསུམ་གྱི་མཚན་ཉིད་རྟོགས་ནས་བསྒོམས་པས་སྐུ་གསུམ་མངོན་དུ་གྱུར་པའོ། །བསྡུས་པའི་དོན་ནི། སའི་སྙིང་པོ་བཅོམ་ལྡན་འདས་

(༧༤༤)དེ་བཞིན་གཤེགས་པ་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་གསུམ་ནི་རང་བཞིན་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ། །ཏིང་ངེ་འཛིན་རྣམ་པར་དག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྱོད་པ་རྣམ་པར་དག་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་རང་བཞིན་མེད་པའི་དོན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྲིན་ལྟར་འབྱུང་བའི་དོན་ནོ། །སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཏེ། ཆར་པ་ལྟ་བུ་སྟེ་ཐོད་བདུས་པའི་དོན་ནོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐུ་གསུམ་གྱི་བཤད་པ་ཇི་ལྟར་བལྟ་བར་བགྱི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་གསུམ་ནི་འདི་ལྟར་བལྟ་བར་བྱའོ་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་ངོ་གང་ལ་བལྟ་བར་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་ངོ་གང་ལ་བལྟ་བར་བྱའོ། །སྤྲུལ་པའི་སྐུ་ནི་མོས་པར་སྤྱོད་པའི་སོ་སོ་སྐྱེ་བོའི་ངོ་གང་ལ་བལྟ་བར་བྱའོ། །རིགས་ཀྱི་བུ་ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་རང་བཞིན་འཐུན་པར་གནས་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་དང་ཏིང་ངེ་འཛིན་འཐུན་པར་གནས་སོ། །སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་མཐུན་པར་གནས་སོ། །རིགས་ཀྱི་བུ་ཀུན་གཞི་གནས་སུ་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུའོ། །ཉོན་མོངས་པའི་ཡིད་གནས་སུ་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སྤྲུལ་པའི་

(༧༤༥)སྐུའོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ལ་དམ་པའི་ཆོས་ཐོས་པ་ནི་རབ་ཏུ་ལེགས་སོ། །བདེ་བར་གཤེགས་པ་རབ་ཏུ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ལ་ཁྱོད་ཀྱིས་ཐོས་པའི་ཆོས་ཀྱི་རྣམ་གྲངས་འདི་གང་གིས་རབ་ཏུ་འཛིན་པ་དེས་བསོད་ནམས་ཚད་མེད་བརྗོད་དུ་མེད་གྲངས་མེད་ཅིང་དཔག་ཏུ་མེད་པ་འཐོབ་པོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྐུ་གསུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །རིགས་ཤེས་དང་མཉམ་བཞག་ནི་སྣང་སྟོང་ཟུང་འཇུག་གོ །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གི །རྒལ་ལན་ནི། འགའ་ཞིག་དབུ་མ་པའི་ལུགས་ལ། ཀུན་གཞི་དང་ཉོན་ཡིད་མེད་ཞེས་སྨྲ་བ་ནི་མི་རིགས་ཏེ། གལ་ཏེ་དེ་ལྟར་ཡིན་ན། འདི་ལྟ་བུའི་མདོ་སེམས་ཙམ་པའི་མདོ་ཡིན་པར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་འདོད་ན་མདོ་སྡེ་འདི་ཉིད་ལས་རང་བཞིན་གྱིས་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ་ཞེས་པའི་དོན་དང་འགལ་ཏེ། སེམས་ཙམ་པ་ནི་བཟུང་འཛིན་གཉིས་སྟོང་གི་རང་རིག་རང་གསལ་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པའི་ཕྱིར། རང་བཞིན་གྱིས་རྣམ་པར་དག་པ་མ་གཏོགས་སོ། །རང་བཞིན་གྱིས་རྣམ་པར་དག་ཞེས་པའི་ཆ་ཤས་གཟུང་བ་ཕྱི་རོལ་གྱི་དོན་བདེན་པ་དང་། དེ་འཛིན་པའི་བློ་མ་འཁྲུལ་བ་གཉིས་ཀྱིས་སྟོང་པའི་རང་བཞིན་རྣམ་དག་འདོད་དོ་ཞེས་པས་སྐྱོན་མེད་དོ་ཞེ་ན། དེ་ཙམ་

(༧༤༦)གྱི་རང་བཞིན་རྣམ་དག་ནི་འདིར་རང་བཞིན་གྱིས་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ། །ཞེས་པའི་དོན་མ་ཡིན་ཏེ། འདིའི་རང་བཞིན་རྣམ་པར་དག་པ་ནི་སྤྲོས་པ་མཐའ་དག་གིས་དབེན་པའི་རང་བཞིན་རྣམ་དག་རྟོགས་པའི་སྟོབས་ཀྱིས། དྲི་མ་མཐའ་དག་གིས་དབེན་པའི་མཚན་ཉིད་ཅན་གྱི་རང་བཞིན་གྱིས་རྣམ་པར་དག་པ་ཆོས་སྐུར་བསྟན་པའོ། །དེས་ན་སེམས་ཙམ་པས་འདོད་པ་ཙམ་གྱི་ཆོས་སྐུ་མ་ཡིན་ཅིང་ཆོས་སྐུ་མཚན་ཉིད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་། ཀུན་གཞི་གནས་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་སྐུར་གསུངས་པའི་ཕྱིར་ཏེ། མདོ་འདི་ཉིད་ལས། རིགས་ཀྱི་བུ་ཀུན་གཞི་གནས་སུ་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུའོ། །ཉོན་མོངས་པའི་ཉིད་གནས་སུ་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ནས། སྐུ་གསུམ་ལྷུན་གྲུབ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་མདོ་གཞན་གྱི་ནང་ནས་ཁོལ་དུ་ཕྱུང་པ་ཡིན་པས་གླེང་གཞི་མི་གསལ་ལ། དགོས་པའི་དོན་ནི་གདུལ་བྱ་རྣམས་ཀྱི་ཡན་ལག་དྲུག་པ་སྔོན་དུ་བཏང་བ་དེས་བྱང་ཆུབ་དུ་སེམས་བསྐྱེད་དེ་དགེ་རྩ་བྱང་ཆུབ་ཏུ་བསྔོས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པོ། སྡུས་པའི་དོན་ལ་གཉིས་ཏེ། ཡན་ལག་དྲུག་པ་སྔོན་དུ་བཏང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་སྔོ་བ་དང་། ཕུང་པོ་གསུམ་རྒྱས་པར་བསྟན་པའོ། །ཡན་ལག་བདུན་པ་སྔོན་དུ་བཏང་སྟེ་བྱང་ཆུབ་དུ་སེམས་བསྐྱེད་ཅིང་

(༧༤༧)བསྔོ་བ་ནི། བཅོམ་ལྡན་འདས་ཆོས་ཀྱི་དབྱེ་དགོན་པ་ན་བཞུགས་ཏེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས་ལེགས་པར་ཐུགས་སུ་ཆུད་པའི་བློ་མངའ་བ་ཞེས་པ་ནས། འདི་ལྟར་བདག་གི་དོན་དུ་ཡོངས་སུ་བསྔོ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན། སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིགས་ན་མ་མཆིས་པ་སེམས་ཅན་གྱི་ཁམས་དགེ་བ་ཐམས་ཅད་ཀྱི་ཕྱེད་དུ་ཡང་ཡོངས་སུ་བསྔོའོ། །རིག་པའི་རྩ་བ་འདི་ལས་སུ་དག་ཤས་ཀྱིས་འཛིན་པར་འདོད་པ་དེ་དག་གིས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཕུང་པོ་གསུམ་རྒྱས་པར་བཤད་པར་བསྟན་པ་ལ། དྲི་བ་དང་ལན་གཉིས་ལས་དྲི་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དམ་འཆའ་བར་གནས་པས་འཇམ་དཔལ་གཞོན་ནུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆགས་པ་ཁ་ན་མ་ཐོ་བ་མེད་པ་ཡིན། རྗེས་སུ་ཡིད་རང་བ་ཁ་ན་མ་ཐོ་བ་མེད་པ་དང་། བསྐུལ་བ་ཁ་ན་མ་ཐོ་བ་མེད་པ་དང་། གསོལ་པ་འདེབས་པ་ཁ་ན་མ་ཐོ་བ་མེད་པ་དང་། ཡོངས་སུ་བསྔོ་བ་ཁ་ན་མ་ཐོ་བ་མེད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་ཞེས་པས་བསྟན་ཏོ། །ལན་ནི། འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་དམ་འཆའ་བར་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་ཐ་མ་གཞན་རྣམས་དང་བསྟུན་ནོ། །རྒལ་ལན་ནི། ཕུང་པོ་གསུམ་པའི་མདོ་ཞེས་གསུངས་པ་ལ། ཡན་ལག་བདུན་འཆད་པ་ཅི་ཞེ་ན། འགལ་བ་མེད་དེ། སྤྲོས་ན་ཡན་ལག་བདུན་དུ་བྱས་པ་དེ་ཉིད་བསྡུས་ན་ཕུང་པོ་

(༧༤༨)གསུམ་དུ་འདུས་པའི་ཕྱིར་རོ། །ཇི་ལྟར་འདུས་ན། ཕྱག་འཚལ་བ་དང་མཆོད་པ་འབུལ་བ་ནི་སྡིག་པ་གཤེགས་པའི་ཕུང་པོར་བསྡུ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འད་བར་གསོལ་པ་གབ་པ་གཉིས་དགེ་བ་ལ་རྗེས་སུ་ཡི་རང་བའི་ཕུང་པོར་བསྡུ་ཞིང་། དགེ་བའི་རྩ་བ་བསྔོ་བའི་ཕུང་པོ་དང་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཡན་ལག་དྲུག་པ་སྔོན་བཏང་སྟེ། བྱང་ཆུབ་དུ་ནི་སེམས་བསྐྱེད་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ཡོངས་སུ་བསྔོ་བ་བཀའ་ཐ་མར་གཏོགས་པ་འདི་མདོ་གཞན་གྱི་ཁོལ་ཕྱུང་ཡིན་པས་གླེང་བཞི་མི་གསལ་ཞིང་། དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་དགེ་བའི་རྩ་བ་སྒྲུབ་པ་རྣམས་བྱང་ཆུབ་དང་གཞན་དོན་གྱི་ཡན་ལག་དུ་བསྒྱུར་བར་བྱེད་པའོ། །སྡུས་པའི་དོན་ནི། སྡིག་པ་གཤེགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་བའི་རྩ་བ་བྱང་ཆུབ་དང་གཞན་དོན་དུ་བསྔོ་བ་རྣམས་ལས། སྡིག་པ་གཤེགས་པ་ནི། ཕྱོགས་བཅུ་བརྗོད་ཀྱིས་མི་ལང་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བདག་ལ་previous hit དགོངས་སུ་གསོལ། ཞེས་ next hit་ནས་ཇི་ལྟར་འཆལ་པའི་ཤེས་རབ་ཀྱི་རང་བཞིན་ཅན་དེ་ལྟར་ནོངས་པ་ནོངས་པར་བཤགས་པར་བགྱིའོ། །ནོངས་པ་ནོངས་པར་བཤགས་ནས་ཕྱིས་སྡོམ་པ་བླངས་ཤིང་ཡང་དེ་ལྟར་མི་བགྱི་སྟེ། དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུའོ། །ཞེས་པའི་བར་གྱིས་བསྟན་པའོ། །དགེ་བ་

(༧༤༩)ལ་རྗེས་སུ་ཡི་རང་བ་ནི། ཡང་བཅོམ་ལྡན་འདས་དགེ་བ་དག་ལ་previous hit དགོངས་སུ་གསོལ་ཞེས་ next hit་ནས། ཐ་ན་ཕྱག་གཅིག་འཚལ་བ་དང་། ཐལ་མོ་གཅིག་སྦྱོར་བ་དང་། མེ་ཏོག་གཅིག་འབུལ་བ་དང་། སེམས་དང་བ་གཅིག་ཙམ་བསྐྱེད་པའི་སེམས་ཅན་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡིད་རང་སྟེ། རྗེས་སུ་ཡིད་རང་བའི་མཆོག་གིས་རྗེས་སུ་ཡིད་རང་ངོ་། །གཙོ་བོ་དང་། དམ་པ་དང་། རབ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་། མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་དག་ཅིང་ཡོངས་སུ་དག་པའི་རྗེས་སུ་ཡིད་རང་བས་རྗེས་སུ་ཡི་རང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འཁོར་བསྐོར་བར་བསྐུལ་བ་ནི། གང་དག་གིས་ཆོས་ཐམས་ཅད་ཡང་དག་པར་ཐུགས་སུ་ཆུད་ནས་ཆོས་ལ་དགྱེས་པ་དང་ཆོས་ལ་ངེས་པ་དང་། དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་པ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་སྐྱོང་ཞིང་ཡོངས་སུ་བསྔོ་བ་དང་། ཆོས་ཀྱི་ཕུང་པོ་སྟོང་ཕྲག་ཀུན་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་དང་། དམ་བཅས་པ་དང་། སྨོན་ལམ་དང་། ཟག་པ་ཟད་པ་ཤེས་པ་དང་། སྣོན་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཤེས་པ་ཡང་དག་པར་ཐུགས་སུ་ཆུད་ལ། ཆུད་ནས་ཀྱང་སེམས་ཅན་ཁམས་དཀའ་བློ་མི་བདེ་བར་མཁྱེན་ནས་ཐུགས་ཁྲལ་ཆུང་ངུར་ཐུགས་འཇོག་པར་མཛད་ཅིང་ཆོས་སྟོན་པར་མི་མཛད་པ་དེ་དག་ལ་བདག་བསྐུལ་མ་འདེབས་ཏེ། ཞེས་པ་ནས། ཆོས་ཀྱི་དུང་ཀུན་ནས་བུད་དུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་དུ་གསོལ། ཆོས་དང་མཐུན་པར་ཆོས་སྒྲུབ་པ་དག་ལ་སེམས་ཅན་གྱི་ཁམས་རབ་ཏུ་

(༧༥༠)དགོད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་ནི། གང་དག་ཚེ་ལ་དབང་པ། སྤྲུལ་པ་ལ་དབང་པ། བྱིན་གྱིས་བརླབས་པ་ལ་དབང་པ། རྫུ་འཕྲུལ་ལ་དབང་པ། སེམས་ཅན་འདུལ་བའི་ཚོགས་སྨིན་པར་མཛད་པ་དབང་དུ་གྱུར་པ། དབང་དུ་མ་གྱུར་པ་རྣམས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཐུགས་གཞོལ་ཞིང་སྐུ་ཚེ་འདོར་བར་མཛད་པ་དེ་དག་ལ་བདག་གསོལ་བ་འདེབས་ཏེ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་པ་ལ་ཐུགས་བརྩེ་བ་དང་། སྐྱེ་བོའི་ཚོགས་མང་པོའི་དོན་དང་། ལྷ་དང་མི་རྣམས་ལ་སྨན་པ་དང་། བདེ་བའི་སླད་དུ་སྐུ་ཚེའི་འདུ་བྱེད་རྣམས་བྱིན་རླབ་དུ་གསོལ་ཞེས་པས་བསྟན་ཏོ། །དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ་བ་ནི། གང་དག་གིས་འཁོར་བའི་སྔོན་གྱི་མཐའ་མ་འཚལ་བ་ནས་དགེ་བའི་རྩ་བ་བགྱིས་ཤིང་བསགས་པ་ལུས་དང་ངག་དང་། ཡིད་ཀྱིས་བགྱིས་པ་དང་། བགྱིད་དུ་རྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་སྦྱིན་པ་ལས་འབྱུང་པོའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་པའི་བསོད་ནམས་བྱ་བའི་དངོས་པོ་དང་། ཐ་ན་སེམས་ཅན་གཅིག་གི་སེམས་དང་བ་གཅིག་ཙམ་བསྐྱེད་པར་གྱུར་པ་གང་ལགས་དེ་དག་ཐམས་ཅད་སེམས་ཅན་ལ་ཡོངས་སུ་བཏང་བར་བགྱིའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཚིག་གི་དོན་ནི། ཕྱོགས་བཅུ་བརྗོད་ཀྱིས་མི་ལང་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། གང་བདག་ལ་previous hit དགོངས་སུ་གསོལ། གང་གི་སྐྱེ་བ་འདི་དང་། སྐྱེ་བ་གཞན་དུ་ཁྱིམ་ next hit་འམ། རབ་དུ་བྱུང་བ་ཇི་ཙམ་དུ་འཁོར་བའི་སྔོན་གྱི་མཐའ་མ་འཚལ་བ་ནས་སྡིག་པ་མི་དགེ་བའི་ལས་

(༧༥༡)བགྱིས་ཤིང་བསར་བ་དང་། ལུས་དང་། ངག་དང་། ཡིད་ཀྱིས་བགྱིས་པ་དང་། བགྱིད་དུ་རྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡིད་རང་པ་ཤེས་པའམ། མི་ཤེས་པ་འམ། བསམ་པ་འམ། མ་བསམ་པ་འམ། དྲན་པ་འམ། མི་དྲན་པ་འམ། འདོད་ཆགས་ཀྱི་དབང་ངམ། ཞེ་སྡང་གི་དབང་ངམ། དགེ་བའི་གཤེས་གཉེན་མ་ལགས་པ་དང་འབྲེལ་བའི་དབང་ངམ། མི་ཤེས་པའི་དབང་ངམ། ཡུལ་གྱི་དབང་ངམ། དུས་སུ་སྐྱེ་བའི་དབང་ངམ། ཡང་དག་པའི་ཚུལ་ཁྲིམས་འཆལ་པ་འམ། སྦྱོར་བས་ཚུལ་ཁྲིམས་འཆལ་པ་འམ། དངོས་པོའི་ཚུལ་ཁྲིམས་འཆལ་པ་འམ། ལུས་ཀྱི་རྣམ་གསུམ་དང་། ངག་གི་རྣམ་པ་བཞི་དང་། ཡིད་ཀྱི་རྣམ་གསུམ་གྱིས། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཕ་མ་དང་། མཁན་པོ་དང་། སློབ་དཔོན་ནམ། བླ་མ་གཞན་དག་ལ་ཉེས་པ་བགྱིས་པ་པ་འམ། སེམས་ཅན་གྱི་ཁམས་ལྟ་བ་ལོག་པ་ལ་བཙུད་པ་འམ། སེམས་ཅན་ཡང་དག་པ་སྒྲུབ་པ་ལ་གནས་པ་རྣམས་ཀྱི་བར་ཆད་བགྱིས་པ་འམ། དགེ་བའི་རྩ་བ་རྣམས་ལོག་པར་བསྔོ་བས་ཡོངས་སུ་བསྔོས་པའམ། དེ་བཞིན་གཤེགས་པ་ལ་ཡང་དག་པ་མ་ཡིན་པ་སྨྲས་པ་འམ། ཆོས་མ་ཡིན་པ་ཆོས་སུ་བསྟན་པ་འམ། ཆོས་ཆོས་མ་ཡིན་པར་བསྟན་པ་འམ། འདུལ་བ་མ་ཡིན་པ་འདུལ་བར་བསྟན་པ་འམ། འདུལ་བ་འདུལ་བ་མ་ཡིན་པར་བསྟན་པ་འམ། ལམ་མ་ཡིན་པ་ལམ་དུ་བསྟན་པ་འམ། ལམ་ལམ་མ་ཡིན་པར་བསྟན་པ་འམ། སྒྲིབ་པ་གང་གིས་སྒྲིབས་ནས། བདག་མི་དགེ་བའི་ཆོས་མངོན་དུ་འགྱུར་ཞིང་དགེ་བའི་ཕྱོགས་ལ་སེམས་ཡང་དག་པར་མི་གནས་པའམ། སྒྲིབ་པ་གཞན་གྱིས་སྒྲིབས་ནས་བློ་གཡེང་བར་གྱུར་པ་འམ། སེམས་གཡེང་བར་འགྱུར་བའི་ནོངས་པ་གང་ལགས་པ་དེ་དག་ཐམས་ཅད་ནོངས་པ་བཤགས་པར་བགྱིའོ། །

(༧༥༢)ཇི་ལྟར་བྱིས་པ་ཇི་ལྟར་བླུན་པ། ཇི་ལྟར་མི་གསལ་བ་དང་། ཇི་ལྟར་མི་མཁས་པ། ཇི་ལྟར་འཚལ་པའི་ཤེས་རབ་ཀྱི་རང་བཞིན་ཅན་དེ་ལྟར་ནོངས་པ་ནོངས་པར་བཤགས་པར་བགྱིའོ། །ནོངས་པ་ནོངས་པར་བཤགས་ནས་ཕྱིས་སྡོམ་པ་བླངས་ཤིང་ཡང་དེ་ལྟར་མི་བགྱི་སྟེ། དེ་ལྟར་ལན་གཉིས་ལན་གསུམ་དུའོ། །ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་previous hit དགོངས་སུ་གསོལ་ལོ། །གང་སངས་རྒྱས་ཐམས་ཅད་སྔོན་བྱང་ཆུབ་སེམས་དཔར་གྱུར་ next hit་རྣམས་ཀྱིས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་པ། འདི་ལྟ་སྟེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཆོས་ཀྱི་དུང་ཀུན་ནས་བུས། ཆོས་ཀྱི་རྔ་རབ་ཏུ་བརྡུངས། ཆོས་ཀྱི་སྒྲོན་མ་འབར་བར་མཛད། ཆོས་ཀྱི་འཐུན་པར་ཆོས་སྒྲུབ་པ་དག་ལ་སེམས་ཅན་གྱི་ཁམས་རབ་ཏུ་བཙུད། དམ་པའི་ཆོས་ཀྱི་ཚུལ་རབ་ཏུ་བསྟན་ཅིང་དགེ་བའི་རྩ་བ་གང་གིས་རང་སངས་རྒྱས་རྣམས་རང་སངས་རྒྱས་ཉིད་རྟོགས་པར་འགྱུར་བ་དང་། དགེ་བའི་རྩ་བ་གང་གིས་ཉན་ཐོས་རྣམས་ཉན་ཐོས་ཉིད་རྟོགས་པར་འགྱུར་ཞིང་། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་རྟོགས་པར་འགྱུར་པ་དང་། སོ་སོ་ཡང་དག་པར་རིག་པ་མངོན་དུ་གྱུར་ཞིང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། དགེ་བའི་རྩ་བ་གང་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ལས་ཡང་དག་པར་འདའ་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉོན་མོངས་པ་སྤོང་བ་དང་། ཚེ་རིང་པ་དང་། གནོད་པ་ཆུང་བ་དང་། མདོག་བཟང་བ་དང་། གཟུགས་

(༧༥༣)བཟང་བ་དང་། གཟི་བརྗིད་ཆེ་བ་དང་། དབང་ཆེ་བ་དང་། རིགས་མཐོ་བ་དང་། ལོངས་སྤྱོད་ཆེ་བ་དང་། ཤེས་རབ་ཆེ་བ་དང་། མི་དགེ་བའི་རྩ་བ་ཐམས་ཅད་སྤངས་པ་དང་། དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་དང་། ཐ་ན་ཕྱག་གཅིག་འཚལ་བ་དང་། ཐལ་མོ་གཅིག་སྦྱོར་བ་དང་། མེ་ཏོག་གཅིག་ཕུལ་བ་དང་། སེམས་དང་བ་གཅིག་ཙམ་བསྐྱེད་པའི་སེམས་ཅན་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡིད་རང་སྟེ། རྗེས་སུ་ཡིད་རང་བའི་མཆོག་གིས་རྗེས་སུ་ཡིད་རང་ངོ་། །གཙོ་བོ་དང་། དམ་པ་དང་། རབ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་དག་ཅིང་ཡོངས་སུ་དག་པའི་རྗེས་སུ་ཡིད་རང་བས་རྗེས་སུ་ཡིད་རང་ངོ་། །གང་དག་གིས་ཆོས་ཐམས་ཅད་ཡང་དག་པར་ཐུགས་སུ་ཆུད་ནས་ཆོས་ལ་དགྱེས་པ་དང་། ཆོས་ལ་ངེས་པ་དང་། དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་པ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་སྐྱོང་ཞིང་ཡོངས་སུ་བསྔོ་བ་དང་། ཆོས་ཀྱི་ཕུང་པོ་སྟོང་ཕྲག་ཀུན་དང་། བསམ་ཏན་དང། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་དང་། དམ་བཅས་པ་དང་། སྨོན་ལམ་དང་། ཟག་པ་ཟད་པ་ཤེས་པ་དང་། སྣོན་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཤེས་པ་ཡང་དག་པར་ཐུགས་སུ་ཆུད་ལ། ཆུད་ནས་ཀྱང་སེམས་ཅན་ཁམས་དཀའ་བློ་མི་བདེ་བར་མཁྱེན་ནས། ཐུགས་ཁྲལ་ཆུང་ངུར་ཐུགས་འཇོག་པར་མཛད་ཅིང་ཆོས་སྟོན་པར་མཛད་པ་དེ་དག་ལ་བདག་སྐུལ་མ་འདེབས་ཏེ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་།འཇིག་རྟེན་ལ་ཐུགས་

(༧༥༤)བརྩེ་བ་དང་། སྐྱེ་བོའི་ཚོགས་མང་པོའི་དོན་དང་། ལྷ་དང་། མི་རྣམས་ལ་སྨན་པ་དང་། བདེ་བའི་སླད་དུ་དམ་པའི་ཆོས་བཤད་དུ་གསོལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ། ཆོས་ཀྱི་དུང་ཀུན་ནས་འབུད་དུ་གསོལ། ཆོས་ཀྱི་རྔ་རྡུང་དུ་གསོལ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་དུ་གསོལ། ཆོས་དང་མཐུན་པར་ཆོས་སྒྲུབ་པ་དག་ལ། སེམས་ཅན་གྱི་ཁམས་རབ་ཏུ་དགོད་དུ་གསོལ། གང་དག་ཚེ་ལ་དབང་བ། སྤྲུལ་པ་ལ་དབང་པ། བྱིན་གྱིས་བརླབས་ལ་དབང་པ། རྫུ་འཕྲུལ་ལ་དབང་པ། སེམས་ཅན་འདུལ་བའི་ཚོགས་སྨིན་པར་མཛད་པ་ལ་དབང་དུ་གྱུར་པ། དབང་དུ་མ་གྱུར་པ་རྣམས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཐུགས་གཞོལ་ཞིང་སྐུ་ཚེ་འདོར་བར་མཛད་པ་དེ་དག་ལ་བདག་གསོལ་བ་འདེབས་ཏེ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོའི་ཚོགས་མང་པོའི་དོན་དང་། ལྷ་དང་མི་རྣམས་ལ་སྨན་པ་དང་། བདེ་བའི་སླད་དུ་སྐུ་ཚེའི་འདུ་བྱེད་རྣམས་བྱིན་གྱིས་རླབ་དུ་གསོལ། གང་བདག་གིས་འཁོར་བའི་སྔོན་གྱི་མཐའ་མ་མཚལ་བ་ནས་དགེ་བའི་རྩ་བ་བགྱིས་ཤིང་བསགས་པ་ལུས་དང་། ངག་དང་། ཡིད་ཀྱིས་བགྱིས་པ་དང་། བགྱིད་དུ་རྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡིད་རང་བ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཐ་ན་སེམས་ཅན་གཅིག་གི་སེམས་དང་བ་གཅིག་ཙམ་བསྐྱེད་པར་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །ཚེ་རིང་བ་དང་། གནོད་པ་ཆུང་བ་དང་། མདོག་བཟང་བ་དང་། གཟུགས་བཟང་བ་

(༧༥༥)དང་། གཟི་བརྗིད་ཆེ་བ་དང་། དབང་ཆེ་བ་དང་། རིགས་མཐོ་བ་དང་། ལོངས་སྤྱོད་ཆེ་བ་དང་། ཤེས་རབ་ཆེ་བ་དང་། རྫས་དང་། སྔགས་དང་། སྨན་རྙེད་པ་དང་། དགེ་བའི་གཤེས་གཉེན་དང་ཕྲད་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་དང་མཐུན་པའི་ཆོས་བསྒྲུབ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྤོང་བ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ངན་སོང་ལོག་པར་ལྟུང་བ་ལས་ཡང་དག་པར་འདར་བ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཐོབ་པ་དང་། ལུས་ལས་བྱུང་པ་དང་། སེམས་ལས་བྱུང་པའི་ཡིད་མི་བདེ་བ་ལས་ཡང་དག་པར་འདའ་བ་དང་། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་འཐོབ་པ་དང་། ཉན་ཐོས་ཀྱི་ཡོན་ཏན་གྱི་མཆོག་ཉིད་དང་། རང་སངས་རྒྱས་ཀྱི་ཡོན་ཏན་གྱི་མཆོག་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། བག་ཆགས་འཇོམས་པ་དང་། མཉེལ་བ་མི་མངའ་བའི་ཆོས་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཡེ་ཤེས་མི་ཟད་པ་ཉིད་དང་། ཤེས་རབ་མི་ཟད་པ་ཉིད་དང་། སྤོབས་པ་མི་ཟད་པ་ཉིད་དང་། བསོད་ནམས་མི་ཟད་པ་ཉིད་དང་། ནམ་མཁའ་མཛོད་ཉིད་དང་། ལག་ན་རིན་པོ་ཆེ་ཉིད་དང་། བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པ་དང་། གཞན་ཡང་འཇིག་

(༧༥༦)རྟེན་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་གང་དང་གང་ལགས་པ་དེ་དག་སེམས་ཅན་ཐམས་ཅད་ལ་ཡང་དག་པར་གྱུར་ཅིག །གང་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་བསྔོ་བ་བགྱིས་པ་དགེ་བའི་རྩ་བ་བསྔོས་པ་དེ་ལས་བསོད་ནམས་ཀྱི་འབྲས་བུ། ཡོད་པ་གང་ལགས་པའི་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་མ་རྒལ་བ་རྣམས་ནི་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་ནི་དགྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་ནི་དབུགས་འབྱུང་བར་བགྱིའོ། །མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །སྨན་པ་དང་བདེ་བའི་མཐའི་གནས་ཀྱི་གཞི་ལ་རབ་ཏུ་དགོད་པར་བགྱི་སྟེ། དེ་ལྟར་ལན་གཉིས་ལན་གསུམ་དུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའི་ཡོངས་སུ་བསྔོ་བ་རྫོགས་སོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་པར་བྱེད་པ་ཞེས་བྱ་བའི་ཡོངས་སུ་བསྔོ་བ་འདི་མདོ་གཞན་ནས་ཁོལ་ཕྱུང་ཡིན་པས་གླེང་གཞི་མི་གསལ་ལ། དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཚོགས་རྫོགས་ཏེ་བྱང་ཆུབ་མྱུར་དུ་ཐོབ་པའོ། །བསྡུས་པའི་དོན་ནི། དཀོན་མཆོག་གསུམ་ཅི་རིགས་པ་ལ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་གཤེགས་པ་དང་། དགེ་བ་ལ་རྗེས་སུ་ཡིད་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བའོ། །ཚིག་གི་དོན་ནི། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་བདག་ལ་previous hit དགོངས

(༧༥༧)སུ་གསོལ། བདག་སྡིག་ next hit་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡིད་རངས་སོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་སོ། །བསོད་ནམས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བགྱི་བའི་སླད་དུ་ཡོངས་སུ་བསྔོ་བར་བགྱིའོ། །བདེན་པ་དང་། བདེན་པའི་ཚིག་གང་གིས་བདེན་པ་གསུང་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་ཡང་དག་པ་ཇི་ལྟ་བ་ཡོངས་སུ་བསྔོ་བར་མཛད་པ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །བདེན་པ་དང་བདེན་པའི་ཚིག་དེས་གང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བ་ཉེས་པ་བྱས་པ་དང་། ལོག་པར་སྨྲ་བ་དང་། ངན་དུ་བསམས་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། སྒྲིབ་བ་གང་གིས་སྒྲིབས་ཤིང་གཡོགས་ཏེ། ཀུན་ནས་དཀྲིས་པ། བདག་ཉིད་དང་། གཞན་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་མ་འཚལ་བ་དང་། དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་དང་། དགེ་བ་དང་། མི་དགེ་བའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་མ་འཚལ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་མ་འཚལ་བ་དང་། སྐྱེས་བུ་དམ་པ་དང་ཕྲད་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བགྱིད་པ་དང་། ཆོས་དང་མཐུན་པའི་སྒྲུབ་པ་མི་སྒྲུབ་པར་འགྱུར་བ་དང་། སྒྲིབ་པ་གང་གིས་སྒྲིབས་ཤིང་གཡོགས་ཏེ། ཀུན་ནས་དཀྲིས་པ་རྣམས་སེམས་ཅན་འདུལ་བ་དང་། བདག་འདུལ་བ་དང་། གཞན་འདུལ་བ་དང་། གཉི་ག་འདུལ་བ་དང་། འཇམ་པོས་འདུལ་བ་དང་། ཁྲོ་

(༧༥༨)བས་འདུལ་བ་དང་། བཏང་བསྙོམས་ཀྱིས་འདུལ་བ་དང་། སྡིགས་པས་འདུལ་བ་དང་། བསྐྲད་པས་འདུལ་བ་དང་། རྨད་པས་འདུལ་བ་དང་། བསྟེན་པ་དང་། བསྙེན་པ་དང་། བསྙེན་བསྐུར་བྱ་བས་འདུལ་བ་དང་། ཆོས་བཤད་པས་འདུལ་བ་དང་། འཛུམ་པ་བསྟན་པས་འདུལ་བ་དང་། ནང་དུ་ཡང་དག་འཇོག་གིས་འདུལ་བ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་འདུལ་བ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྤྱོད་པས་འདུལ་བ་དང་། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། བསྒོམ་པས་འདུལ་བ་དང་། འདུལ་བ་གང་དང་གང་གིས་སེམས་ཅན་གྱི་ཁམས་འདུལ་བར་འགྱུར་བ་དེ་ཡང་དག་པ་ཇི་ལྟ་བུ་བཞིན་མ་འཚལ་བ་དང་། ཚུལ་ཁྲིམས་ཀྱི་རྒྱུ་མི་འབྱུང་བ་དང་། ཏིང་ངེ་འཛིན་གྱི་རྒྱུ་དང་བསམ་གཏན་གྱི་རྒྱུ་དང་། ཞི་གནས་ཀྱི་རྒྱུ་དང་། ལྷག་མཐོང་གི་རྒྱུ་དང་། མངོན་པར་ཤེས་པའི་རྒྱུ་དང་། ཟག་པ་ཟད་པའི་རྒྱུ་དང་། སོ་སོ་ཡང་དག་པར་རིག་པའི་རྒྱུ་རྣམ་པར་དག་པར་མི་འགྱུར་བ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་མངོན་སུམ་དུ་མི་འགྱུར་བ་དང་། སྣང་བ་སྐྱེས་ཤིང་སྐྱེས་མ་དག་ནུབ་པར་འགྱུར་བ་དང་། རྙེད་པ་འདོད་པ་དང་། སྙེན་བསྐུར་འདོད་པ་དང་། གྲགས་པ་འདོད་པ་དང་། འཁོར་འདོད་པའི་སེམས་འབྱུང་བ་དང་། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་

(༧༥༩)པ་དང་། མི་འཆི་བར་རྣམ་པར་རྟོག་པ་དང་། སྐྱེ་བོ་ལ་རྣམ་པར་རྟོག་པ་དང་། གཉེན་ལ་རྣམ་པར་རྟོག་པ་དང་། གོས་དང་། ཟས་དང་། མལ་བསྟན་དང་། ན་བའི་གསོས་སྨན་གྱི་རྐྱེན་ཡོ་བྱད་ལ། རྣམ་པར་རྟོག་པའི་སེམས་ལ་ཀུན་ནས་གནས་པ་དང་། ཚེ་ཐུང་བ་དང་གནོད་པ་མང་བ་དང་། མདོག་ངན་པ་དང་། གཟུགས་ངན་པ་དང་། དབང་ཆུང་པ་དང་། རིགས་དམའ་བ་དང་། ལོངས་སྤྱོད་ཆུང་པ་དང་། ཤེས་རབ་འཆལ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་སོང་ངན་འགྲོར་འགྲོ་བ་དང་། ལུས་ལས་བྱུང་པའི་སྡུག་བསྔལ་རྣམ་པ་དུ་མ་དང་། སེམས་ལས་བྱུང་པ་ཡིད་མི་བདེ་བ་ཉམས་སུ་མྱོང་བ་དང་། སྨོན་ལམ་ལོག་པ་ལ་དགའ་བ་དང་། ཡང་དག་པའི་སྨོན་ལམ་མ་གཏོགས་པ་དང་། གཞན་ཡང་སྒྲིབ་པ་གང་དང་གང་གིས་བསྒྲིབས་ཤིང་ཀུན་ནས་དཀྲ་ཤིས་པའི་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པར་འགྱུར་བ་དེ་དག་ཐམས་ཅད་བདག་ལ་སྨིན་ནས། སེམས་ཅན་ཐམས་ཅད་རྣམ་པར་གྲོལ་ཞིང་རྣམ་པར་དག་པར་གྱུར་ཅིག །སངས་རྒྱས་ཀྱི་ཁམས་ཇི་ཙམ་པ་དང་། ཆོས་ཀྱི་ཁམས་ཇི་ཙམ་པ་དང་། དགེ་འདུན་གྱི་ཁམས་ཇི་ཙམ་པ་དང་། ཡང་དག་པའི་མཐར་ཇི་ཙམ་པ་དང་། གཉིས་སུ་མེད་པ་ཇི་ཙམ་པ་དང་། དེ་བཞིན་ཉིད་ཇི་ཙམ་པ་དང་། མཉམ་པ་ཉིད་ཇི་ཙམ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཁམས་ཇི་ཙམ་པ་དང་། འཁོར་བར་གདགས་པ་དང་། འདོད་པར་གྱུར་པ་ཇི་ཙམ་པ་དེ་ཙམ་དུ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་། ཀུན་ནས་ཉོན་མོངས་པའི་ཁམས་གང་ཡིན་པ་དེ་བདག་ལ་སྨིན་ནས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་ཞིང་རྣམ་པར་དག་པར་གྱུར་ཅིག །བདག་གིས་ཇི་ཙམ་དུ་སྔོན་གྱིས་མཐའ་མ་འཚལ་བར་དགེ་བའི་རྩ་བ་བགྱིས་ཤིང་བསགས་པ་གང་ལགས་པ་དེ་

(༧༦༠)སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བདག་ནི་འདོད་ཆགས་ལ་ཆགས། ཞེ་སྡང་གིས་གདུངས། གཏི་མུག་གིས་རྨོངས་ཏེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་དང་ལྡན་ནས་ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བགྱི་བ་ཡང་དག་པ་ཇི་ལྟ་བ་བཞིན་མ་འཚལ་མ་མཐོང་མ་རིག་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཁྱེན་ཅིང་གཟིགས་ལ་ཐུགས་སུ་ཆུད་པས་ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་མཛད་པ་དེ་ལྟར་བདག་གི་ཡོངས་སུ་བསྔོ་བར་བགྱིའོ། །དེ་བཞིན་གཤེགས་པའི་ཐུགས་དང་འཐུན་པས་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་སེམས་ཅན་འདུལ་བ་དང་། ཇི་ལྟར་དགེ་བའི་རྩ་བ་སྨིན་པ་དང་། ཇི་ལྟར་དགེ་བའི་རྩ་བ་རྣམ་པར་འཕེལ་བ་དང་། ཇི་ལྟར་སྡུལ་ཤེས་པ་དང་། ཀུན་འབྱུང་བ་སྤང་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་བསྒོམ་པ་དང་། བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པ་དང་། མི་དགེ་བའི་རྩ་བ་ཐམས་ཅད་སྤངས་པ་དང་། དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་དང་། བག་ཆགས་འཇོམས་པ་དང་། སྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་པའི་སངས་རྒྱས་སྔོན་བྱང་ཆུབ་སེམས་པར་གྱུར་པ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །མཉམ་པ་ཉིད་ཀྱིས་ཡོངས་སུ་བསྔོ་བ་དང་། གཉིས་སུ་མེད་པས་ཡོངས་སུ་བསྔོ་བ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བར་བགྱི་སྟེ། དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུའོ། །སེམས་ཅན་གང་ཞིག་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེའི་སེམས་རྣམ་པར་རྟོག་པ་མེད་པས་བདག་མཐོང་བར་འགྱུར་ཞིང་། ཇི་ལྟ་ཇི་ལྟར་སེམས་ཅན་དག་པར་འགྱུར་པ་དེ་ལྟ་དེ་ལྟར་བདག་གི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་རྟག་དུ་འཇུག་པར་གྱུར་ཅིག །དུས་ཇི་ལྟ་བ་དང་། ཡུལ་ཇི་ལྟ་བ་དང་། སེམས་ཅན་རྣམས་ཀྱི་འདུལ་བ་ཇི་ལྟ་བ་དེ་ལྟར་ཆོས་ཀྱི་དབྱིངས་འཁྲུག་པ་མེད་པར་སྟོན་པར་གྱུར་ཅིག །འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པ་ཞེས་བྱ་བའི་ཡོངས་སུ་

(༧༦༡)བསྔོ་བ་ཞེས་བྱ་བ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བས་སངས་རྒྱས་མྱུར་ཐོབ་ཤོག། ༈ །།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ལྷ་མོ་དྲི་མ་མེད་པའི་མདོ་ལུང་བསྟན་པའི་མདོ་དང་ཕྱོགས་གཅིག་པ་འདི་མདོར་བྱེད་ན་འདུས་པ་ཆེན་པོར་གཏོགས་པ་འདི་གསུངས་པའི་གནས་ནི། ལྷའི་ཡང་ལྷ་སངས་རྒྱས་ཤཱཀྱ་ཐུབ་པ་བསྐལ་པ་གྲངས་མེད་པ་གསུམ་ནས་བསོད་ནམས་ཀྱི་ཚོགས་ཀྱི་རྣམ་པར་སྨིན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་བརྙེས་ཏེ། འཛམ་བུའི་གླིང་གི་ལྗོངས་ཀྱི་ཡུལ་གཞན་དུ་འདུ་བའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་ནས་ཡུལ་ཡངས་པ་ཅན་གྱི་ཕྱོགས་ཐུབ་པ་དྲང་སྲོང་ཆེན་པོའི་གནས་རྒྱལ་པོའི་ཁབ་ན་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བྱམས་པ་ལས་སོགས་བྱང་ཆུབ་སེམས་དཔའ་དུ་མ་དང་། གནས་བརྟན་ཤཱ་རིའི་བུ་དང་། མོ་འུ་འགལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། ཞེས་པ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་འཛམ་བུའི་གླིང་གི་མིའི་རྒྱལ་པོ་མང་པོའི་འཁོར་དུ་མ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་འཁོར་ལ་བཀའ་ཡས་སྩལ་གྱིས་ཆོས་བསྟན་པ་ནི། དེ་ནས་དེའི་ཚེ་ལྷའི་ཡང་ལྷ་ཤཱཀྱ་ཐུབ་པས་ཕྱི་མའི་དུས་ཀྱི་ཡུལ་དགེ་བ་ལ་རྗེས་སུ་previous hit དགོངས་ཤིང་མངོན་དུ་མཛད་ནས་འཁོར་མང་པོ་ལ་བཀའ་སྩལ་ next hit། རིགས་ཀྱི་བུ་བྱང་ཕྱོགས་ལོགས་ན། རི་གླང་རུ་དང་ཉེ་བར་ཆུ་བོ་གོ་མའི་འགྲམ་ན་ཐུབ་པ་དྲང་སྲོང་ཆེན་པོའི་ཕོ་བྲང་མཆོད་རྟེན་གོ་མ་ས་ལ་གནད་ཞེས་བྱ་བ་ཞིག་ཡོད་དེ། དེར་གདོན་མི་ཟ་བར་བྱ་དགོས་པའི་

(༧༦༢)ཕྲིན་ལས་ཤིག་ཡོད་པས། ད་གཤེགས་པའི་དུས་ལ་བབ་པོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མི་ཡུལ་དུ་བསྟན་པ་རྒྱས་པ་དང་། དེ་གསུང་པའི་ཐབས་བསྟན་པའོ། །བསྡུས་པའི་དོན་ནི། རི་གླང་རུ་དང་། མཆོད་རྟེན་གོ་མ་ས་ལ་ལུང་བསྟན་པ་མཚོན་ནས། འདིའི་ཡུལ་དུ་བསྟན་པ་འཕེལ་འགྲིབ་འབྱུང་ཚུལ་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །མདོ་འདི་དང་། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་གཉིས་རྒྱས་བསྡུས་དང་། རྒྱལ་རབས་ལོག་པ་རེ་སྟོན་པ་ཙམ་མ་གཏོགས། ཕལ་ཆེར་མཐུན་པར་སྣང་། འདི་ཉིད་བལ་ཡུལ་གྱི་ཕྱེད་ཚལ་ལྷོའི་ཕྱོགས་ཡིན་ཟེར་བ་བརྟག་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ལི་ཡུལ་ལ་སོགས་འཛམ་གླིང་དུ། ཐུབ་པའི་བསྟན་པ་རྒྱས་པ་དང་། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱེས་པ་རབས་གླེང་གཞི་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། གནས་བརྟན་ཆེན་པོ་དོན་མཐོང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། ཕྱག་བྱས་ཏེ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། བཙུན་པ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཆོས་ཐོས་པར་འཚལ་ལོ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་དངོས་ནི། བཀའ་སྩལ་པ་དོན་མཐོང་འདི་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ། །ཞེས་འབྱུང་ངོ། །ད་ཡང་འདིར་སྡུད་པར་བྱེད་པ་པོ་རབ་ཏུ་རྟོགས་

(༧༦༣)པའི་ཤེས་རབ་དང་ཞི་བའི་དགྲ་བཅོམ་པ་རྣམས་ཀྱི་སྐྱེས་པ་རབས་ཀྱི་གླེང་གཞིའི་དོན་གྱི་བསྔགས་པ་བརྗོད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསུམ་པ་ངེས་འབྱུང་གི་ཕ་རོལ་དུ་ཕྱིན་པ་དང་། བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལྔ་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། དྲུག་པ་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བདུན་པ་བདེན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྒྱད་པ་ལྷག་པར་གནས་པའི་ཕ་རོལ་ཏུ་ཕྱིན་པ་དང་། དགུ་པ་བྱམས་པའི་ཕ་རོལ་ཏུ་ཕྱིན་པ་དང་། བཅུ་པ་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་བྱང་རྣམས་ཉམས་སུ་བླངས་པས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའོ། །བསྡུས་པའི་དོན་ནི། ཇི་སྲིད་ཐམས་ཅད་སྒྲོལ་གྱི་ལུས་སྤངས་པའི་བར་དང་། དགའ་ལྡན་གྱི་གནས་སུ་འཁྲུངས་པའི་ཆོས་ཀྱི་གཏམ་གྱི་བར་གྱི་ལམ་ནི་རིང་པོའི་གླེང་བཞི་ཞེས་བྱ་བ་དང་། ཇི་སྲིད་དགའ་ལྡན་གྱི་གནས་ནས་འཕོས་ནས་བྱང་ཆུབ་ཀྱི་སྙིང་པོར་ཐམས་ཅད་མཁྱེན་པ་ཐོབ་ནས། ཆོས་ཀྱི་གཏམ་གྱི་བར་ནི། གླེང་གཞི་བར་བ་ཞེས་བྱ་བ་དང་། གང་དང་གང་དུ་ཞུགས་ནས་དེ་དང་དེ་ཐོབ་པ་རྣམས་ནི། ཉེ་བའི་གླེང་བཞིའི་ཞེས་བྱ་སྟེ། གླེང་བཞི་འདི་གསུམ་གྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྐྱེས་རབས་གསུམ་གྱི་དོན་རྟོགས་ནས། ཆོས་སྐུ་མངོན་དུ་བྱེད་

(༧༦༤)པར་ཤོག། ༈ །།འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་ཕོ་བྲང་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མ་འདུས་པ་ཆེན་པོའི་ཕྱོགས་སུ་གཏོགས་པ་འདི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་ནི། དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་གནོད་སྦྱིན་མང་པོའི་སྡེ་དང་། གྲུལ་བུམ་གྱི་སྡེ་མང་པོ་དང་། ཀླུའི་སྡེ་མང་པོ་རྣམས་ཕྱོགས་བཞི་བསྲུང་ཞིང་གནས་སོ་ཞེས་པ་ནས་གང་སུ་དག་གིས་མིང་དང་རིགས་གཅིག་ཅིང་ཕྱོགས་གཅིག་ཏུ་འཁོད་དུ་གང་སུ་དག་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། ཕྱོགས་གཅིག་དུ་འཁོད་ནས་དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་ལྕང་ལོ་ཅན་གྱི་ཕོ་བྲང་གིས་བསྲུང་དུ་གསོལ། དགེ་སློང་ངམ་། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་རྣམས་ལ་བསྲུང་བ་དང་། སྦ་བ་དང་། འཚེ་བ་མེད་པ་དང་བདེ་བ་དང་ལེགས་པར་གནས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བའི་ཚུལ་གྱིས་གནང་བ་དང་། ལྕང་ལོ་ཅན་གྱི་བསྲུང་པ་སྨྲས་པ་ནི། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས། བཅོམ་ལྡན་འདས་ཀྱི་གནང་པ་ཤེས་ཏེ། དེའི་ཚེ་འདི་ལྟར་ལྕང་ལོ་ཅན་གྱི་ཕོ་བྲང་གི་བསྲུངས་ཤིང་ཅེས་གསོལ་ཏོ་ཞེས་པ་ནས་དྲང་སྲོང་ཆེན་པོའི་ས་ལྕང་ལོ་ཅན་གྱི་ཕོ་བྲང་གིས་བསྲུངས་ཤིག །དགེ་སློང་དང་། དགེ་སློང་མ་དང་། དགེ་སྙེན་དང་དགེ་སྙེན་མ་རྣམས་ལ་བསྲུང་པ་དང་། སྦ་བ་དང་། འཚེ་བ་མེད་པ་དང་། བདེ་བ་དང་།

(༧༦༥)ལེགས་པར་གནས་སོ། །དྲང་སྲོང་ཆེན་པོ་ད་ནི་བདག་ཅག་རྣམས་འགྲོ་བར་བགྱིའོ། །བདག་ཅག་རྣམས་ནི་བྱ་བ་མང་པ་དང་བྱེད་པ་མང་པོས། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་རྣམས་ད་ནི་འགྲོ་བར་གྱིས་ཤིག་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། སྦྱིན་ལྡན་དཔལ་དང་ལྡན་པ་ཡི། རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་བརྩེ་བ་ཡིས། གཙུག་གཏོར་ཅན་ལ་ཕྱག་འཚལ་ལོ། །མགོན་མེད་རྣམས་ལ་གདུང་པ་ཡི། ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །བདུད་ཀྱི་སྡེ་རྣམས་འཇོམས་པ་ཡི། འཁོར་བ་འཇིག་ལ་ཕྱག་འཚལ་ལོ། །བྲམ་ཟེ་དཔལ་དང་ལྡན་པ་ཡི། གསེར་ཐུབ་ལ་ཡང་ཕྱག་འཚལ་ལོ། །སེམས་ཅན་རྣམས་གྲོལ་མཛད་པ་ཡི། འོད་བསྲུངས་ལ་ནི་ཕྱག་འཚལ་ལོ། །ཤཱཀྱའི་སྲས་ནི་དཔལ་དང་ལྡན། ཉི་མའི་རྒྱུད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟན་པའོ། །བསྡུས་པའི་དོན་ནི། རྣམ་ཐོས་ཀྱི་བུས་ཞུས་པའི་སྐབས་རབ་ཏེ་དང་པོ་དང་། སྟོན་པས་བཀའ་སྩལ་པའི་སྐབས་རབ་ཏེ་གཉིས་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ལྕང་ལོ་ཅན་གྱི་དོན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདུས་པ་ཆེན་པོ་

(༧༦༦)ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གཞིའི་ཚལ་ཆེན་པོ་ན་དགེ་སློང་གི་དགེ་འདུན་ཆེན་པོ་ལྔ་བརྒྱ་སྟེ། དེ་དག་ཐམས་ཅད་ཀྱང་དགེ་བཅོམ་པ་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ཏོ། །འཁོར་རྣམས་འདུས་པ་དང་། འདུས་པའི་དགོས་པ་ནི། འཇིག་རྟེན་གྱི་ཁམས་བཅུའི་ལྷ་རྣམས་དེ་མ་ཐག་ཏུ་འདུས་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་རྣམས་བལྟ་བའི་ཕྱིར་རོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་རྣམས་ཀྱིས་རིམས་བཞིན་ཞུས་པ་ནི། དེ་ནས་གནས་གཙང་མ་རིས་ཀྱི་ལྷའི་རིས་བཞི་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་དེ་ནས་ལྷ་གཞན་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཐད་དུ་ཚིགས་སུ་བཅད་པ་འདི་གསོལ་ཏོ། །གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། དེ་ནི་ངན་སོང་མི་འགྲོ་འགྱུར། མིའི་ལུས་ནི་སྤངས་ནས་སུ། ལྷའི་ལུས་ནི་ཡོངས་རྫོགས་འགྱུར། ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཆོས་ཉན་པར་བསྐུལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བོས་ཏེ་དེ་མ་ཐག་དུ་དགེ་སློང་དག་འཇིག་རྟེན་གྱི་ཁམས་བཅུའི་ལྷ་རྣམས་འདུས་ཏེ། ཞེས་པ་ནས་དགེ་སློང་དག་ལྷའི་ཚོགས་སྟོན་པར་བྱེད་པ་ཞེས་བྱའོ། །དེ་ཐོས་ནས་ལེགས་པར་ཡིད་ལ་བཟུང་ཤིག་དང་ངས་བཤད་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །དགེ་སློང་རྣམས་ཀྱིས་ཉན་པར་གསོལ་བ་ནི། དེ་ལྟར་བཙུན་པ་བཅོམ་ལྡན་འདས་ལ་དགེ་སློང་དེ་རྣམས་ཀྱིས་སོ་སོར་ཞུགས་ནས་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚིགས་སུ་བཅད་པ་སོ་སོར་བཤད། གང་དུ་ས་གཞི་མཐོང་གྱུར་ན། རིའི་ཕུག་དུ་གང་གནས་པ། དེ་རུ་མཉམ་པར་འཇོག་པར་

(༧༦༧)བྱེད། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འདུས་པ་དང་། འདུས་པ་ཆེན་པོའི་འཁོར་རྣམས་ལ་ཆོས་བསྟན་པས་རྫོགས་པའི་བྱང་ཆུབ་ཐོབ་པར་བསྟན་པའོ། །བསྡུས་པའི་དོན་ནི། སྟོང་ཕྲག་བདུན་གྱི་གནོད་སྦྱིན་རྣམས་དང་། སྟོང་ཕྲག་དྲུག་གི་གནོད་སྦྱིན་རྣམས་དང་། སྣ་ཚོགས་བཤེས་གཉེན་ལྔ་བརྒྱ་པ་རྣམས་དང་། གནོད་སྦྱིན་ཁ་དོག་སྣ་ཚོགས་རྣམས་དང་། རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་འབུམ་ཕྲག་ཅིག་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་དང་། དྲི་ཟ་སྣ་ཚོགས་པའི་སྡེ་རྣམས་དང་། མི་རྒྱལ་པོ་ནས་དྲི་ཟའི་རྒྱལ་པོའི་བར་རྣམས་དང་། ནམ་མཁའི་ཀླུ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཚོགས་རྣམས་ཀྱི་བར་རྣམས་དང་། ཁྱབ་འཇུག་དང་། ལྷ་དང་། ཟླ་བའི་འཁོར་གྱི་ལྷ་དང་། ཉི་མའི་འཁོར་གྱི་ལྷ་དང་། རྒྱུ་སྐར་དང་དེའི་འཁོར་རྣམས་དང་། བརྒྱ་བྱིན་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཚོགས་རྣམས་དང་། ཉེར་སྤྱོད་གྱི་ལྷ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཚོགས་ཀྱི་བར་དང་། མི་དང་མིའི་མཆོག་ནས་གྲགས་ཆེན་ལྷའི་མདུན་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཚོགས་རྣམས་ལ་སོགས་པ་འདུས་པ་དང་འདུས་པ་ཆེན་པོའི་འཁོར་རྣམས་འདུས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་དང་། འདུས་དང་འདུས་པ་ཆེན་པོའི་འཁོར། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱམས་པ་བསྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་ཐ་མར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་གྱི་ཚལ་

(༧༦༨)མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བོས་ནས། དགེ་སློང་དག་བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོར་འོངས་པ་ལ་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་ལ་གཉིས་ལས་བྱམས་པ་བསྒོམ་ཚུལ་བསྟན་པ་དང་། དེའི་ཕན་ཡོན་བསྟན་པའོ། །བྱམས་པ་བསྒོམ་ཚུལ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བྱམས་པ་བསྒོམ་པར་བྱའོ། །བསམ་པ་བསྟན་པར་བྱ་བའི་ཕྱིར་རོ། །མང་དུ་བྱེད་པ་དང་། ཞི་བར་བྱེད་པ་དང་། གཞིར་བྱེད་པ་དང་། རྗེས་སུ་གནས་པར་བྱེད་པ་དང་། འདྲིས་པར་བྱ་བ་དང་། ཤིན་ཏུ་བརྩོན་པར་བྱའོ། །ཞེས་པས་བསྟན་ཏོ། །བསྒོམ་པའི་ཕན་ཡོན་ནི་བཅུ་གཅིག་གང་ཞེ་ན། བདེ་བར་ཉལ་བ་དང་། བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་མཐོང་བ་དང་། དེ་ལ་མི་རྣམས་དགའ་བ་དང་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པ་གཉིས་ལས། དང་པོ་ནི། ཁ་ཟས་དུ་མ་ཐོབ་པ་དང་། རང་གི་ཡུལ་དུ་ཉེ་བར་གནས། མང་པོ་རྣམས་ནི་འཚོ་བ་ནི། གང་གིས་བྱམས་པ་མ་སྤངས་ནའོ། །གྲོང་རྡལ་གང་གང་འགྲོ་བ་དང་། གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་དང་། ཐམས་ཅད་དུ་ནི་མཆོད་པར་འགྱུར། གང་གིས་བྱམས་པ་མ་སྤངས་ནའོ། །དེ་ལ་ཆོས་རྐུན་མི་འབྱུང་ཞིང་། དེ་ལ་རྒྱལ་པོ་གནོད་མི་བྱེད། སེམས་ཅན་ཐམས་ཅད་ཤེས་སུ་འགྱུར། གང་གིས་བྱམས་པ་མ་སྤངས་ནའོ། །ཁྲོ་མེད་རང་ཡུལ་བདེ་བར་གནས། སྐྱེ་བོའི་མདུན་པར་སྨོད་མེད་དགའ། མཆོག་གི་གཉེན་དང་ལྡན་པར་འགྱུར། གང་གིས་བྱམས་པ་མ་སྤངས་ནའོ། །མཆོད་ན་མཆོད་པ་ཐོབ་པར་འགྱུར།

(༧༦༩)འདུད་ན་སོ་སོར་འདུད་པར་བྱེད། སྙན་དང་གྲགས་པ་ཐོབ་པར་འགྱུར། གང་གིས་བྱམས་པ་མ་སྤངས་ནའོ། །བཀུར་སྟི་བྱས་ནས་བཀུར་སྟི་ཐོབ། གུས་པར་བྱས་ན་གུས་པ་ཐོབ། ཁ་དོག་གཟི་བརྗིད་ལྡན་པར་འགྱུར། གང་གིས་བྱམས་པ་མ་སྤངས་ནའོ། །དེ་ལྟར་རབ་ཏུ་འབར་བ་ཡི། ལྷ་ཡི་ལུས་དང་འདྲ་བར་འགྱུར། དཔལ་དང་བྲལ་བར་མི་འགྱུར་རོ། །གང་གིས་བྱམས་པ་མ་སྤངས་ནའོ། །ཕྱུགས་རྣམས་མང་པོ་ཐོབ་པ་དང་། ཞིང་ལ་འབྲུ་མ་སྐྱེ་བ་དང་། བུ་དང་བུ་མོ་མང་བར་འགྱུར། གང་གིས་བྱམས་པ་མ་སྤངས་ནའོ། །རི་ལས་ཐུར་དུ་ལྷུང་བ་དང་། ཤིང་ལས་འོག་ཏུ་ལྷུང་བ་དང་། ལྟུང་བར་མི་འགྱུར་གནས་པ་ཐོབ། གང་གིས་བྱམས་པ་མ་སྤངས་ནའོ། །བ་ཊའི་ཤིང་སྟེངས་འཛེགས་གྱུར་ན། རླུང་གིས་བསྐྱོད་པར་མི་ནུས་བཞིན། དགྲ་བོས་ཅུང་ཟད་བྱ་མི་ནུས། གང་གིས་བྱམས་པ་མ་སྤངས་ནའོ། །ཞེས་པས་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། སེམས་བསྐྱེད་གསུམ་གྱི་སྒོ་ནས་བྱམས་པ་བསྒོམས་པས་སངས་རྒྱས་ཐོབ་པའོ། །བསྡུས་པའི་དོན་ནི། བྱམས་པ་བསྒོམ་ཚུལ་དང་། བྱམས་པ་བསྒོམ་པའི་ཕན་ཡོན་བཅུ་ཅིག་དང་། བྱམས་པ་བསྒོམས་པའི་ཕན་ཡོན་ཉི་ཤུ་རྩ་ལྔ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་ཐ་མའི་མདོ་གཞན་མ་རྣམས་དང་མཚུངས་སོ། །དགེ་འདིས་འགྲོ་བ་ཐམས་ཅད་ཀྱིས། བསམ་པས་བྱམས་པ་བསྒོམ་པ་པ་དང་། སྦྱོར་བས་ཀུན་སྤྱོད་ཉམས་བླངས་ཏེ། ཆོས་སྐུ་མངོན་དུ་བྱེད་པར་ཤོག། ༈ འདི་ནས་བཀའ་བར་པ་ཡིན་ལགས། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀའ་ཐ་མའི་སྐབས་སུ་ཟུང་

(༧༧༠)འཇུག་རྟོགས་པ་ནི། བཀའ་བར་པ་ནས་བསྟན་པའི་སྟོང་ཕྱོགས་ཤེས་པ་ཡར་ལྡན་དུ་དགོས་པས། སྟོང་ཕྱོགས་གཙོ་བོར་སྟོན་པ་བཀའ་བར་པའི་ཆོས་འཁོར་གསུངས་པ་ཡིན་ལ། བཀའ་བར་པའི་གཙོ་བོ་ཡང་ཡུམ་དྲུག་དང་སྲས་བཅུ་གཅིག་ལ་སོགས་པར་གྲགས་པ་རྣམས་ཡིན་ལ། དེའི་ཡང་མཆེ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་ཉིད་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལ་གསུམ་ལས། ཐེག་པ་ཐུན་མོང་པའི་སོ་སོ་ཐར་པ་ཙམ་ལ་སློབ་པའི་དགེ་འདུན་ནི། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས་སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཤ་སྟག་སྟེ། གང་ཟག་ཅིག་མ་གཏོགས་པ་ནི་འདི་ལྟར་སློབ་པ་རྒྱུན་དུ་ཞུགས་པ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །དགེ་སློང་མ་གྲགས་འཛིན་པ་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ལྔ་བརྒྱ་ཙམ་དང་། དགེ་བསྙེན་པ་དང་། དགེ་བསྙེན་མ་ཤིན་དུ་མང་པ་ཀུན་ཀྱང་ཆོས་མཐོང་པ་ཤ་སྟག་དང་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་བསྟན་བཅོས་སུ་ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིར་མཛད་གང་ཡིན་དང་ཞེས་པས་བསྡུས་སོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་སོ་སོ་ཐར་པ་ལ་སློབ་པའི་དགེ་འདུན་ནམ། བྱང་ཆུབ་སེམས་དཔའ་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་པ་ནས་ཡོན་ཏན་བརྗོད་པ་བསྐལ་པ་མཐའ་ཡས་པར་མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་གཅིག་སྟེ་ཞེས་པའི་བར་གྱི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དགེ་འདུན་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་

(༧༧༡)དང་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། གཞན་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་བསྟན་བཅོས་སུ་འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་གྲུབ་མཛད་པ་གང་ཞེས་པར་བསྡུས་སོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། འཁོར་གསར་དུ་བསྡུས་པའི་སྐབས་ནས་འབྱུང་བ་ལྟར་རོ། །སྟོན་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོན་པ་དངོས་བསྟན་པ་དང་། དེའི་ཆོ་འཕྲུལ་གསུམ་བསྟན་པའོ། །སྟོན་པ་དངོས་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ཏེ། སྐུ་དྲང་པོར་སྲང་སྟེ། previous hit དགོངས next hit་མངོན་དུ་བཞག་ནས་དཀྱིལ་མོ་དཀྲུང་བཅས་ཏེ་བཞུགས་སོ་ཞེས་པས་བསྟན་ཏོ། །གཉིས་པ་ཆོ་འཕྲུལ་གསུམ་བསྟན་པ་ལ་གསུམ་སྟེ། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཁོར་གསར་དུ་བསྡུས་པའི་ཚུལ་དང་། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་མཁྱེན་པར་མཛད་པའི་ཚུལ་དང་། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དང་པོ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་མཉམ་པར་བཞག་སྟེ་སྐུ་དང་ལྗགས་ལས་འོད་འགྱེད་པ་དང་། སྤྲུལ་པའི་སྐུ་སྤྲོས་ཏེ་ཆོས་བསྟན་པ་དང་། ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ལ་མཉམ་པར་བཞག་སྟེ་རྫུ་འཕྲུལ་གྱིས་འཁོར་བསྡུས་པའོ། །དང་པོ་ནི། དེར་ཞུགས་ནས། ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང་། ཁོངས་སུ་ཆུད་པ་དང་། རྗེས་སུ་འབྲང་བ་དང་། འདུ་བར་གྱུར་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་མཉམ་པར་བཞག་གོ །དེ་ནས་བཅོམ་ལྡན་འདས་དགོངས་ཤིང་ཡང་དག་པར་མཁྱེན་པས། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ།

(༧༧༢)འཕྲུལ་གྱི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ། །དེ་ལྟར་གཟིགས་ནས་སྐུ་ཐམས་ཅད་ནས་འོད་རབ་ཏུ་བཀྱེ་སྟེ། དེའི་ཞབས་ཀྱི་མཐིལ་གཉིས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ལས། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་བཅུ་བྱུང་ངོ་ཞེས་པ་ནས་འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་གང་གིས་ཆོས་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ལ་མཉམ་པར་བཞག་སྟེ་རྫུ་འཕྲུལ་གྱིས་འཁོར་བསྡུས་པ་ལ་གཉིས་ཏེ། མ་དག་པའི་འགྲོ་བ་རྣམས་རྫུ་འཕྲུལ་གྱིས་བཏུས་ཏེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉན་པའི་སྣོད་དུ་བྱས་པ་དང་། དག་པའི་ཞིང་གི་གདུལ་བྱ་རྣམས་འཁོར་དུ་བསྡུས་ཤིང་ཞིང་འདི་དག་པའི་ཞིང་དུ་བྱིན་གྱིས་བརླབས་པའོ། །དང་པོ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་ལ་བཞུགས་བཞིན་དུ། སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ། རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །རྫུ་འཕྲུལ་དེ་མངོན་པར་འདུ་མཛད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་རབ་ཏུ་གཡོས་སོ། །ཀུན་དུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ །རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་དུ་ཤིག་ཤིག །མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་སྟེ། དལ་བུས་བགས་ཀྱིས་ཉམས་སུ།

(༧༧༣)བདེ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྐྱེད་པར་གྱུར་ཏོ། །དེ་ནས་དེའི་ཚེ་སྐད་གཅིག་ཡུད་ཙམ་ཐང་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མི་དང་ལྷར་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་བཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། བསྐལ་པ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་ནས་ལྷ་དེ་དག་དང་། མི་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏོ། །རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག །བཅོམ་ལྡན་འདས་གང་ན་བ་དེར་དོང་ཞིང་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་བར་གྱུར་ཏོ། །ཞེས་པ་ནས་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལྟ་བས་མཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དག་པའི་ཞིང་གི་གདུལ་བྱ་རྣམས་འཁོར་དུ་བསྡུས་ཤིང་

(༧༧༤)ཞིང་འདི་ཉིད་དག་པའི་ཞིང་དུ་བྱིན་གྱིས་བརླབས་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ། འོད་རབ་ཏུ་དགྱེ་བ་མཛད་དེ། ཡང་འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་སྣང་བར་གྱུར་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་ཕྱེ་མ་སྙེད་ཀྱང་རབ་ཏུ་སྣང་བར་གྱུར་ཏོ་ཞེས་པ་ནས་དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། མེ་ཏོག་སིལ་མ་སྣ་ཚོགས་ཀྱིས་ཀུན་དུ་གང་པ་དང་། དར་གྱི་ལྡ་ལྡི་དང་ཆུན་པོ་ཀུན་ནས་བྲེས་པ་དང་། སྣོད་སྣ་ཚོགས་ནས་བདུག་སྤོས་སྣ་ཚོགས་འཐུལ་བ་དང་། དཔག་བསམ་གྱི་ཤིང་གི་རྒྱན་དང་། འབྲས་བུ་སྣ་ཚོགས་ཀྱི་ཡལ་གའི་རྩེ་མོ་གཡུར་ཟ་བ་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྤོས་ཀྱི་ཤིང་དང་། ཕྲེང་བའི་ཤིང་དང་། ཕྱེ་མའི་ཤིང་དང་། བདུག་སྤོས་ཀྱི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་རྒྱན་པ། ཀུན་ནས་གནས་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ནས་རྒྱས་པའི་སངས་རྒྱས་ཀྱི་ཞིང་གང་ན། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷའི་བུ་བློ་གྲོས་ཤིན་ཏུ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གཟི་བརྗིད་ཆེན་པོ་དག་འཁོད་པའི་འཇིག་རྟེན་གྱི་ཁམས་པད་མོ་ཅན་བཞིན་དུ་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་འདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་མཁྱེན་པར་མཛད་པའི་ཚུལ་ནི་དེའི་ཚེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མི་དང་

(༧༧༥)ལྷ་མ་ཡིན་དང་བཅས་པ་མང་པོ་ཚོགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་མང་པོ་དེ་དག་འདུས་པར་ཐུགས་སུ་ཆུད་ནས་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་ན་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་གསུམ་གྱིས་བསྟན་ཏོ། །གསུམ་པ་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ཆོ་འཕྲུལ་གསུམ་དང་ལྡན་པ་ནི་བསྟན་བཅོས་སུ་གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་པར་བསྡུས་སོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བར་འཚལ་བས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི། དེ་སྐད་ཅེས་གསོལ་བ་དང་ཞེས་པས་བསྟན་ཏོ། །དེའི་ལན་སོགས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་། གཏོང་བ་དང་། ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར། ཡོངས་སུ་

(༧༧༦)བཏང་པ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ནས་འབུམ་གྱི་ཞབས་དུམ་རྒྱ་ནག་འགྱུར་གྱིས་ཁ་བཀང་བ་ན། བྱམས་ཞུས་ཀྱི་ལེའུ་དང་། རྟག་ཏུ་ངུའི་ལེའུ་དང་། ཆོས་འཕགས་ཀྱི་ལེའུ་དང་། ཡོངས་སུ་གཏད་པའི་ཕྱི་མའི་ལེའུ་རྣམས་ཡོད་པས་དེའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པའི་ཕན་ཡོན་ཇི་སྐད་བསྟན་པ་རྣམས་ཐོབ་པ་དང་། ཁྱད་པར་དུ་གདུལ་བྱ་རིགས་ཅན་གསུམ་ལ། བཀའ་དང་པོའི་སྐབས་སུ་སྣང་ཕྱོགས་ལས་བརྩམས་ཏེ་བདེན་བཞིའི་བླང་དོར་སོགས་རྒྱུ་འབྲས་ཀྱི་ཆོས་རྒྱ་ཆེར་བསྟན་པ་རྣམས་དངོས་པོའི་ངོ་བོ་ཉིད་དུ་མངོན་པར་ཞེན་སྲིད་པས་དེ་བཟློག་པའི་ཕྱིར་དུ། གཟུགས་སོགས་ངོ་བོ་ཉིད་མེད་པར་བསྟན་པས་མངོན་པར་ཞེན་པ་བཟློག་པའོ། །བསྡུས་པའི་དོན་ནི། ལེའུ་ལྟར་ན། གླེང་གཞིའི་ལེའུ་ནས་ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུའི་བར་དུ་ལེའུ་བདུན་བཅུ་རྩ་གཉིས་སམ། ཡང་ན་ཡོངས་སུ་གཏད་པ་ཕྱི་མའི་བར་དུ་བདུན་བཅུ་རྩ་དྲུག་དང་། ཤུགས་བསྟན་མངོན་པར་རྟོགས་པ་ལྟར་ན། དངོས་པོ་བརྒྱད་དང་། དོན་བདུན་བཅུ་དང་། དམིགས་པ་འམ། འགྲེས་རྐད་ལྟར་ན། ཕུང་ལྔ་དབང་དྲུག་ཡུལ་དྲུག་དང་། ཤེས་དྲུག་རེག་དྲུག་ཚོར་བ་དྲུག །ཁམས་དྲུག་རྟེན་འབྲེལ་བཅུ་གཉིས་ཏེ། ཀུན་ནས་ཉོན་མོངས་ལྔ་བཅུ་གསུམ། ཕ་རོལ་ཕྱིན་དྲུག་སྤྱོད་པའི་ལམ། སྟོང་ཉིད་བཅྭ་བརྒྱད་ལྟ་བའི་ལམ། སྡེ་ཚན་བདུན་པོ་རྣལ་འབྱོར་ལམ། བདེན་པ་བཞི་པོ་དམིགས་པའི་ལམ། བསམ་གཏན་བཞི་དང་ཚད་མེད་བཞི། གཟུགས་མེད་བཞི་དང་རྣམ་ཐར་བརྒྱད། སྙོམས་འཇུག་དགུ་དང་ཟད་པར་བཅུ། ཟིལ་གནོན་བརྒྱད་རྣམས་ཞི་གནས་ལམ། རྣམ་ཐར་སྒོ་བཞི་ལྷག་མཐོང་ལམ། མངོན་ཤེས་ཏིང་ངེ་འཛིན་གཟུངས་ཀྱི་སྒོ། ཡོན་ཏན་ཁྱད་པར་ཅན་གྱི་ལམ། སྟོབས་ ཟད་པར་ཟིལ་གནོན་གཉིས་བགྲངས་ན་མངས་ཡོང་ངོ་། །

(༧༧༧)བཅུ་མི་འཇིགས་པོར་རིག་བཞི། བྱམས་ཆེན་སྙིང་རྗེ་ཆེན་པོ་དང་། མ་འདྲེས་བཅྭ་བརྒྱད་འབྲས་བུའི་ལམ། རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་། དགྲ་བཅོམ་རང་རྒྱལ་ཐམས་ཅད་ཤེས། ལམ་ཤེས་རྣམ་མཁྱེན་གང་ཟག་ལམ། རྣམ་བྱང་འགྲེས་རྐང་ལྔ་བཅུ་ལྔ། དེ་ལྟར་འགྲེས་རྐང་བརྒྱ་རྩ་བརྒྱད། ཤེར་ཕྱིན་མདོའི་སྤྱི་སྡོམ་ཡིན། འགྲེས་རྩ་སུམ་བརྒྱ་དྲུག་བཅུར་གྲགས་ཞེས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །མཚམས་སྦྱར་བ་ནི། གདུལ་བྱ་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་པོར་བསྟན་ལ། དེ་ཐོབ་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས། དེའི་འོག་ཏུ་ལམ་ཤེས་པ་ཉིད་ཉམས་སུ་ལེན་པ་ལ། གཉེན་པོ་དང་མི་མཐུན་ཕྱོགས་ཀྱི་བླང་དོར་འབྱེད་པའི་སྒོ་ནས་གཞི་ཤེས་པ་ཉིད་བསྟན་ཏེ། དེ་གསུམ་ནི་བཤད་པའི་གོ་རིམས་སོ། །དེ་ལྟར་མཁྱེན་པ་གསུམ་གཏན་ལ་ཕབ་པའི་དོན་སྦྱོར་བ་བཞིའི་སྒོ་ནས་བསྒོམས་པས་འབྲས་བུ་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་མངོན་དུ་འགྱུར་བ་ནི། རྒྱུ་འབྲས་དོན་གྱི་གོ་རིམས་སོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་སྟོང་ཟུང་འཇུག་གོ །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། ཡུམ་མདོ་རྣམས་ཀྱི་previous hit དགོངས next hit་ཆོས་ཐམས་ཅད་གཏན་མེད་དུ་བསྟན་པ་དང་། ཡོད་པ་མ་ཡིན་པར་བསྟན་པ་དང་། བརྟགས་ཤིང་དཔྱད་ན་མེད་པར་བསྟན་པ་དང་། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོ་ན་མེད་པ་དང་། འཕགས་པ་སློབ་པའི་མཉམ་བཞག་གི་ངོ་ན་མེད་པ་དང་། སངས་རྒྱས་སོགས་ཀྱི་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱི་ངོ་ན་ཆོས་གང་ཡང་མེད་པར་བསྟན་པ་ཡིན་ཏེ། དེ་རྣམས་གང་རུང་དུ་ཡོད་ན་ངོ་བོ་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་

(༧༧༨)གྱིས་གྲུབ་པ་དང་། བདེན་གྲུབ་སོགས་རིགས་པའི་དགག་བྱར་འགྱུར་དགོས་ལ། དེ་ལྟ་བུའི་དགག་བྱ་རྣམས་མི་སྲིད་པའི་ཕྱིར་ཡོད་previous hit ་སོགས་སུ་མི་རིགས་སོ་ཞེས་ཟེར་རོ། །ཡུམ་མདོ་སོགས་ཀྱི་དགོངས next hit་བ་ནི་དེ་ལྟར་མ་ཡིན་ཏེ། ཡུམ་མདོ་སོགས་ཀྱི་previous hit དགོངས next hit་ནི། འཇིག་ཚོགས་ལ་ལྟ་བའི་འཛིན་སྟངས་ཀྱི་ཐུན་མོང་མ་ཡིན་པའི་གཟུང་དོན་དང་གཟུང་འཛིན་གྱིས་བསྡུས་པའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པར་ལྟ་བའི་འཛིན་སྟངས་ཀྱི་ཐུན་མོང་མ་ཡིན་པའི་གཟུང་དོན་བཀག་ནས་གཟུགས་སོགས་ཀྱི་ཆོས་རྣམས་རྨི་ལམ་དང་སྒྱུ་མ་ལྟ་བུའི་རྟེན་འབྲེལ་དུ་བསྟན་པ་ཡིན་ནོ། དེ་ལྟར་མ་ཡིན་པར་ཆོས་ཅན་འགོག་ན། འཇིག་ཚོགས་ལ་ལྟ་བ་ལས་ཉེས་དམིགས་ཆེ་བའི་ཆད་པར་ལྟ་བར་འགྱུར་བར་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་སོགས་མདོ་རྒྱུད་དུ་མ་ལས་བསྟན་པ་ཡིན་ནོ། །སློབ་དཔོན་འཕགས་པ་ཀླུ་བསྒྲུབ་ཀྱིས་ཀྱང་། སྟོང་པ་ཉིད་ལ་ལྟ་ཉེས་ན། ཤེས་རབ་ཆུང་རྣམས་ཕུང་པར་འགྱུར། རིག་སྔགས་ལོག་པར་བཟླས་པ་དང་། སྦྲུལ་གདུག་ལ་ནི་བཟུང་ཉེས་བཞིན་ཞེས་གསུངས་པ་ཡིན་ནོ། །འདི་དག་གི་དགག་བསྒྲུབ་རྒྱས་པར་ནི། ཁོ་བོས་བྱས་པའི་གྲུབ་མཐའ་སྤྱིའི་རྣམ་བཞག་ལས་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་བར་པར་གཏོགས་པ་ཡུམ་དང་སྲས་གཉིས་སུ་གྲགས་པའི་ཡུམ། རྒྱས་པ་རྒྱས་འབྲིང་གསུམ། བསྡུས་པ་རྒྱས་འབྲིང་གསུམ་ལས། རྒྱས་པའི་འབྲིང་པོ་

(༧༧༩)འདི་ལ། ཕུན་སུམ་ཚོགས་པ་ལྔ་ལས། གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ནས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ལས་ཐེག་པ་ཐུན་མོང་པའི་འཁོར་ནི། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་པ་ནས་སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཤ་སྟག་སྟེ། གང་ཟག་ཅིག་མ་གཏོགས་པ་ནི་འདི་ལྟར་སློབ་པ་རྒྱུན་དུ་ཞུགས་པ་ཀུན་དགའ་བོ་འོ། །དགེ་སློང་མ་གྲགས་འཛིན་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ལྔ་བརྒྱ་ཙམ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཤིན་དུ་མང་པ་ཀུན་ཀྱང་ཆོས་མཐོང་བ་ཤ་སྟག་དང་ཞེས་པའི་བར་གྱིས་བསྟན་ཏེ། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། ཉན་ཐོས་བྱང་ཆུབ་སེམས་དཔའ་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ཞེས་པའི་དོན་ཏོ། །གཉིས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་སོ་སོ་ཐར་པ་ལ་སློབ་པའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ཞེས་པ་ནས་ཡོན་ཏན་བརྗོད་པ་བསྐལ་པ་མཐའ་ཡས་པར་མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། རིན་ཆེན་འབྱུང་གནས་དང་། རིན་ཆེན་སྙིང་པོ་དང་། རིན་ཆེན་བྱིན་པ་དང་། དེད་དཔོན་དམ་པ་དང་། སྐྱེས་བུས་བྱིན་པ་དང་། སྐྱོབས་སྦེད་དང་། ཆུ་བདག་ལྷ་དང་། དབང་པོས་བྱིན་དང་། བཟང་སྐྱོང་དང་། བློ་གྲོས་དམ་པ་དང་། འཕགས་པའི་བློ་གྲོས་དང་། བློ་གྲོས་འཕེལ་དང་། བློ་གྲོས་མཐའ་ཡས་དང་། དོན་

(༧༨༠)ཡོད་མཐོང་བ་དང་། སྒྲིབ་མེད་བློ་གྲོས་དང་། རབ་ཏུ་ཞུགས་པ་དང་། མཐུ་དམ་པས་རྣམ་པར་གནོན་པ་དང་། བརྩོན་འགྲུས་མཐའ་ཡས་དང་། རྟག་ཏུ་བརྩོན་པ་དང་། རྟག་ཏུ་སྦྱོར་བ་དང་། མི་གཏོང་བརྩོན་པ་དང་། ཉི་མའི་སྙིང་པོ་དང། ཟླ་བའི་སྙིང་པོ་དང་། བློ་གྲོས་དཔེ་མེད་དང་། སྤྱན་རས་གཟིགས་ཀྱི་དབང་པོ་དང་། མཐུ་ཆེན་པོ་ཐོབ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་དང་། རྡོ་རྗེ་བློ་གྲོས་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། རྟག་ཏུ་ལག་བརྐྱང་དང་། སྙིང་རྗེ་ཆེར་སེམས་དང་། རྒྱ་ཆེན་པོ་དང་། རྣམ་པར་བཀོད་པའི་རྒྱལ་པོ་དང་། རི་བོའི་ཟོམ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏེ། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། བྱང་ཆུབ་སེམས་དཔའི་ཚོགས་བཅས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ཞེས་པའི་དོན་ཏོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ལ། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཁོར་གསར་དུ་བསྡུས་པའི་ཚུལ་དང་། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་མཁྱེན་པའི་ཚུལ་དང་། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དང་གསུམ་ལས། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཁོར་གསར་དུ་བསྡུད་པའི་ཚུལ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས་སྐུ་དྲང་པོར་བསྲང་སྟེ། previous hit དགོངས next hit་མངོན་དུ་བཞག་ནས་དཀྱིལ་མོ་དཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་བཞུགས་ནས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང་། ཁོངས་སུ་ཆུད་པ་དང་།

(༧༨༡)རྗེས་སུ་འབྲང་བ་དང་། འདུ་བར་འགྱུར་བའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་མཉམ་པར་བཞག་གོ །དེ་ནས་བཅོམ་ལྡན་འདས་previous hit དགོངས་ཤིང་། ཡང་དག་པར་མཁྱེན་ next hit་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། འཕྲུལ་གྱི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ། །དེ་ལྟར་གཟིགས་ནས་སྐུ་ཐམས་ཅད་ནས་འོད་རབ་ཏུ་བཀྱེ་སྟེ། དེའི་ཞབས་ཀྱི་མཐིལ་གཉིས་ཀྱི་འཁོར་ལོའི་རྩིབས་སྟོང་དང་ལྡན་པ་གཉིས་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་བཅུ་དྲུག་བཅུ་བྱུང་ངོ་ཞེས་པ་ནས། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ནས་རྒྱས་པའི་སངས་རྒྱས་ཀྱི་ཞིང་གང་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་དང་། ལྷའི་བུ་བློ་གྲོས་ཤིན་དུ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གཟི་བརྗིད་ཆེན་པོ་དག་འཁོད་པའི་འཇིག་རྟེན་གྱི་ཁམས་པད་མོ་ཅན་བཞིན་དུ་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་ནི། དེའི་ཚེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ་ཚངས་པ་དང་བཅས་པ། དགེ་སློང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་མང་པོ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་མང་པོ་དེ་དག་འདུས་པར་ཐུགས་སུ་ཆུད་ནས་ཞེས་པས་བསྟན་ཏོ། །གསུང་རྗེས་སུ་སྟོན་པའི་ཆོ་འཕྲུལ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏེ་ཆོས་ཕུན་སུམ་ཚོགས་

(༧༨༢)པ་ཡང་དེ་ཉིད་དོ། །འདི་ཉིད་མངོན་པར་རྟོགས་པའི་རྒྱན་དུ། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། སངས་རྒྱས་ཚོགས་བཅས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ཞེས་པའི་དོན་ཏོ། །འགའ་ཞིག །འཕགས་སེང་གིས། གླེང་གཞི་དང་། མཆོད་བརྗོད་མ་སྦྱར་བའི་ཕྱིར། སྦྱོར་བར་མི་རིགས་སོ་ཞེས་ཟེར་བ་ནི་མི་འཐད་དེ། འཕགས་སེང་གིས། གླེང་གཞི་དང་མཆོད་བརྗོད་མ་སྦྱར་བ་ནི་གོ་སླ་བར་previous hit དགོངས next hit་ཡིན་ལ། བསྟན་བཅོས་རིན་ཆེན་སྒྲོན་མ་ལས། གླེང་གཞི་རྒྱས་པར་བཀའ་སྩལ་དོན་མཆོག་རྣམས། ལེགས་པར་བསྡུས་པ་ཕྱག་འཚལ་ཚིགས་བཅད་ཡིན། ཞེས་གསུངས་པའི་ཕྱིར་གླེང་གཞི་དང་མཆོད་བརྗོད་སྦྱོར་བ་ལེགས་སོ། །འགའ་ཞིག་གླེང་གཞི་དང་། མཆོད་བརྗོད་གོ་རིམས་མི་མཐུན་ནོ་ཞེས་ཟེར་བ་ནི་གླེང་གཞི་ལ་མ་དཔྱད་པའོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི་དངོས་བསྟན་ལེའུ་བདུན་བཅུ་རྩ་དྲུག་དང་། ཤུགས་བསྟན་དངོས་བརྒྱད་དོན་བདུན་བཅུའི་སྒོ་ནས་དངོས་བརྟགས་མ་ཕྱེ་བའི་ཤེས་ཕྱིན་མཐའ་དག་བདེ་བླག་ཏུ་རྟོགས་ནས། ཤེས་ཕྱིན་མཐའ་དག་མངོན་དུ་གྱུར་པའོ། །བསྡུས་པའི་དོན་ནི། ལེའུ་བདུན་བཅུ་རྩ་དྲུག་ལས། གླེང་གཞིའི་ལེའུ་སྟེ་དང་པོ་དང་། ཤཱ་རིའི་བུའི་ལེའུ་སྟེ་གཉིས་པ་དང་། ལེའུ་གསུམ་པ་དང་། ལེའུ་བཞི་པ་དང་། ལེའུ་ལྔ་པ་དང་། ལེའུ་དྲུག་པ་དང་། ལེའུ་བདུན་པ་དང་། ལེའུ་བརྒྱད་པ་དང་། ལེའུ་དགུ་པ་དང་། ལེའུ་བཅུ་པ་དང་། ལེའུ་བཅུ་གཅིག་པ་དང་། ལེའུ་བཅུ་གཉིས་པ་དང་། རབ་འབྱོར་གྱི་ལེའུ་སྟེ་བཅུ་གསུམ་པ་དང་། ལེའུ་བཅུ་བཞི་པ་དང་། ལེའུ་བཅྭ་ལྔ་པ་དང་། ལེའུ་བཅུ་དྲུག་པ་དང་། ལེའུ་བཅུ་བདུན་པ་དང་། ལེའི་བཅྭ་བརྒྱད་པ་དང་། ལེའུ་བཅུ་དགུ་པ་དང་། ལེའུ་ཉི་ཤུ་པ་དང་། ལེའུ་ཉི་ཤུ་རྩ་གཅིག་པ་དང་། ལེའུ་ཉི་ཤུ་

(༧༨༣)རྩ་གཉིས་པ་གཉིས་པ་དང་། ལེའི་ཉི་ཤུ་རྩ་གསུམ་པ་དང་། ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བཞི་པ་དང་། ལེའུ་ཉི་ཤུ་རྩ་ལྔ་པ་དང་། སེམས་ཅན་དམྱལ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པ་དང་། ཆོས་ཐམས་ཅད་རྣམ་པར་དག་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་དང་། ལེའུ་ཉི་ཤུ་རྩ་བརྒྱད་པ་དང་། ལེའུ་ཉི་ཤུ་རྩ་དགུ་པ་དང་། ལེའུ་སུམ་བཅུ་པ་དང་། ལེའུ་སུམ་བཅུ་སོ་གཅིག་པ་དང་། ལེའུ་སུམ་བཅུ་སོ་གཉིས་པ་དང་། ལེའུ་སུམ་བཅུ་སོ་གསུམ་པ་དང་། ལེའུ་སུམ་བཅུ་སོ་བཞི་པ་དང་། ལེའུ་སུམ་བཅུ་སོ་ལྔ་པ་དང་། ལེའུ་སུམ་བཅུ་སོ་དྲུག་པ་དང་། ལེའུ་སུམ་བཅུ་སོ་བདུན་པ་དང་། ལེའུ་སུམ་བཅུ་སོ་བརྒྱད་པ་དང་། ལེའུ་སུམ་བཅུ་སོ་དགུ་པ་དང་། ཕྱིར་མི་ལྡོག་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་པ་དང་། ལེའུ་བཞི་བཅུ་རྩ་གཅིག་པ་དང་། ལེའུ་བཞི་བཅུ་རྩ་གཉིས་པ་དང་། གང་གཱའི་ལྷ་མོའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་གསུམ་པ་དང་། ལེའུ་བཞི་བཅུ་རྩ་བཞི་པ་དང་། ལེའུ་བཞི་བཅུ་རྩ་ལྔ་པ་དང་། ལེའུ་བཞི་བཅུ་རྩ་དྲུག་པ་དང་། ལེའུ་བཞི་བཅུ་རྩ་བདུན་པ་དང་། ལེའུ་བཞི་བཅུ་རྩ་བརྒྱད་པ་དང་། ལེའུ་བཞི་བཅུ་རྩ་དགུ་པ་དང་། ལེའུ་ལྔ་བཅུ་པ་དང་། ལེའུ་ང་གཅིག་པ་དང་། ལེའུ་ལྔ་བཅུ་ང་གཉིས་པ་དང་། ལེའུ་ལྔ་བཅུ་ང་གསུམ་པ་དང་། ལེའུ་ལྔ་བཅུ་ང་བཞི་པ་དང་། ལེའུ་ལྔ་བཅུ་ང་ལྔ་པ་དང་། ལེའུ་ལྔ་བཅུ་ང་དྲུག་པ་དང་། ལེའུ་ལྔ་བཅུ་ང་བདུན་པ་དང་། ལེའུ་ལྔ་བཅུ་ང་བརྒྱད་པ་དང་། ལེའུ་ལྔ་བཅུ་ང་དགུ་པ་དང་། ལེའུ་དྲུག་བཅུ་པ་དང་། ལེའུ་དྲུག་བཅུ་རྩ་གཅིག་པ་དང་། མཚན་དང་དཔེ་བྱད་བཟང་པོ་མངོན་བར་བསྒྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ་དྲུག་བཅུ་རྩ་གཉིས་པ་དང་། མཉམ་པ་ཉིད་བསྟན་པའི་ལེའུ་སྟེ་དྲུག་བཅུ་རྩ་གསུམ་པ་དང་། ལེའུ་དྲུག་བཅུ་རྩ་བཞི་པ་དང་། ལེའུ་དྲུག་བཅུ་རྩ་ལྔ་པ་དང་། ལེའུ་དྲུག་བཅུ་

(༧༨༤)རྩ་དྲུག་པ་དང་། ལེའུ་དྲུག་བཅུ་རྩ་བདུན་པ་དང་། ལེའུ་དྲུག་བཅུ་རྩ་བརྒྱད་པ་དང་། ལེའུ་དྲུག་བཅུ་རྩ་དགུ་པ་དང་། ལེའུ་བདུན་བཅུ་པ་དང་། ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བདུན་བཅུ་རྩ་གཅིག་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་རབ་ཏུ་ཕྱེ་བའི་ལེའུ་སྟེ་བདུན་བཅུ་རྩ་གཉིས་པ་དང་། བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་ངུ་བས། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པའི་ལེའུ་སྟེ་བདུན་བཅུ་རྩ་གསུམ་པ་དང་། རྟག་པར་རབ་ཏུ་ངུ་བའི་ལེའུ་སྟེ་བདུན་བཅུ་རྩ་བཞི་པ་དང་། ཆོས་འཕགས་ཀྱི་ལེའུ་སྟེ་བདུན་བཅུ་རྩ་ལྔ་པ་དང་། ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་བཅུ་རྩ་དྲུག་པ་རྣམས་ཀྱིས་བསྟན་པའོ། །ཤུགས་བསྟན་གྱིས་བསྡུས་པའི་དོན་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། དེ་ནས་ཐམས་ཅད་ཤེས་པ་ཉིད། རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། རྩེ་མོར་ཕྱིན་དང་མཐར་གྱིས་པ། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། ཅེས་གསུངས་པའི་ཕྱིར། ཉི་ཁྲི་ལེ་བརྒྱད་ལྟར་སྐབས་བརྒྱད་དང་སྦྱར་རོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །ལེའུའི་གོ་རིམས་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་སོ། །མངོན་པར་རྟོགས་པའི་གོ་རིམས་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། སྦྱོར་བ་བཞིའི་བདག་ཉིད་དང་། ཆོས་སྐུ་ཕྲིན་ལས་འབྲས་བུ་སྟེ། དོན་བསྡུས་གཞན་དེ་རྣམ་པ་གསུམ་ཞེས་གསུངས་པ་ལྟར་རོ། །རྒལ་ལན་ནི། འགའ་ཞིག་གི་བསམ་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དྲུག་པོ་རྣམས་བཅོམ་ལྡན་འདས་ཀྱིས་འདབ་སྐྱོར་གྱི་ཚུལ་དུ་གསུངས་པ་ཡིན་ནམ། གཅིག་

(༧༨༥)གསུངས་པས་སོ་སོར་གོ་བ་ཡིན་ནམ་ཞེ་ན། ཡུམ་མདོ་གཞན་རྣམས་གསུངས་པའི་རྗེས་སུ་སུ་མདོའི་དོན་རྣམས་བསྡུས་ནས་དབྱངས་སུ་སྙད་པ་ཡིན་པའི་ཕྱིར། ཡོན་ཏན་རིན་ཆེན་བསྡུད་པ་ནི། འདབ་སྐྱོར་གྱི་ཚུལ་དུ་གསུངས་པ་ཡིན་ལ། ཡུམ་གཞན་རྣམས་ནི། བསྡུ་བ་པོས། ཡུམ་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྟོབས་ཀྱིས་གདུལ་བྱ་སྣ་ཚོགས་རྣམས་འདུལ་བའི་ཕྱིར། རྒྱས་བསྡུས་སྣ་ཚོགས་སུ་བསྡུས་པ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་འདབ་སྐྱོར་གྱི་ཚུལ་གྱིས་གསུངས་པ་མ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། ཕ་རོལ་ཕྱིན་པའི་ཚུལ་རྟོགས་ནས། ཐམས་ཅད་མཁྱེན་པ་འགྲུབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོའི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ལ། ཡུམ་དང་སྲས་གཉིས་སུ་གྲགས་པའི། ཡུམ་ལ། ཡུམ་རྒྱས་པ། རྒྱས་འབྲིང་བསྡུས་གསུམ་དང་། བསྡུས་པ་རྒྱས་འབྲིང་བསྡུས་གསུམ་སྟེ་དྲུག་ཏུ་གྲགས་པ་ལས། རྒྱས་པའི་བསྡུས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལ་གསུམ་ལས། ཐེག་པ་ཐུན་མོང་པའི་འཁོར་ནི་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས། དགེ་བསྙེན་དང་། དགེ་བསྙེན་མ་རབ་ཏུ་མང་པོ་ཐམས་ཅད་ཀྱང་ཆོས་མཐོང་བ་ཤ་སྟག་དང་

(༧༨༦)ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་བསྟན་བཅོོས་སུ་བྱམས་པས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་ཞེས་པར་བསྡུས་སོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་གཟུངས་ཐོབ་པ་སྟོང་པ་ཉིད་ལ་གནས་པ། མཚན་མ་མེད་པའི་སྤྱོད་ཡུལ་བ་མ་བརྟགས་པའི་སྨོན་ལམ་དང་ལྡན་པ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་དག་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་གཅིག་གོ་ཞེས་པས་བསྟན་ཏེ། དེ་ཉིད་བསྟན་བཅོས་སུ་བྱམས་པས། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་ཞེས་པར་བསྡུས་སོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། འཐུན་གྱུར་གྱི་སྐབས་ནས། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་ལ་མངོན་པར་བསྟོད་དོ་ཞེས་པས་བསྟན་ཏེ། བསྟན་བཅོས་སུ་སྔ་མ་གཉིས་ཀྱི་ཁོངས་སུ་འདུས་པར་previous hit དགོངས་སོ། །སྟོན་ next hit་ཕུན་སུམ་ཚོགས་པ་ལ། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་དང་། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་ལས། དང་པོ་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས་དཀྱིལ་མོ་དཀྲུང་བཅས་ཏེ། སྐུ་དྲང་པོར་བསྲང་ནས་དྲན་པ་མངོན་དུ་བཞག་སྟེ་བཞུགས་སོ། །དེར་བཞུགས་ནས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་ཆུད་པ་དང་འདུས་པ་དག་འུབ་ཅིང་ཡང་དག་པར་གཞོལ་བ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ།

(༧༨༧)ལྷའི་སྤྱན་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྣམ་པར་གཟིགས་སོ་ཞེས་པས་བསྟན་ཏོ། །གཉིས་པ་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཁོར་བསྡུས་པ་ནི། རྣམ་པར་གཟིགས་ནས་སྐུ་ཐམས་ཅད་ཀྱིས་འཛུམ་པ་མཛད་དེ། དེའི་ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་བཅུ་དྲུག་བཅུ་བྱུང་ངོ་ཞེས་པ་ནས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་ཀུན་ནས་མེ་ཏོག་གི་སངས་རྒྱས་ཀྱི་ཞིང་གང་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་དང་། ལྷའི་བུ་བློ་གྲོས་རབ་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་གཞན་དག་ཀྱང་གནས་པའི་འཇིག་རྟེན་གྱི་ཁམས་པད་མ་ཅན་བཞིན་དུ་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟའི་སྐྱེ་དགུ་དང་བཅས་པ། ལྷ་དང་མིར་བཅས་པ་འདུས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་དེ་དག་འདུས་པར་ཐུགས་སུ་ཆུད་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏེ་ཆོས་ཕུན་སུམ་ཚོགས་པ་ཡང་དེ་ཉིད་ཡིན་ཅིང་། བསྟན་བཅོས་སུ་བྱམས་པས། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་ཞེས་པར་བསྡུས་སོ། །དེ་དག་བསྟན་བཅོས་སུ་མཆོད་ཡུལ་དང་མན་ངག་ཏུ་སྐྱབས་སུ་འགྲོ་བའི་

(༧༨༨)ཡུལ་དུ་བསྟན་ཏེ། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ཞེས་པ་དང་། རྒྱུད་བླ་མ་ལས། གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ་ཞེས་གསུངས་པ་ལྟར་རོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། སྙིང་པོའི་དོན་མཐའ་དག་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་བསྡུས་པའི་ཆོས་རྣམས་རང་བཞིན་མེད་པའི་རྣམ་པ་ཅན་དུ་གཏན་ལ་ཕབ་སྟེ་བསྒོམས་པས། མངོན་པར་རྟོགས་པ་མཐའ་དག་དངོས་པོ་བརྒྱད་དུ་བསྡུས་པའི་དོན་རྣམས་བདེ་བླག་ཏུ་རྟོགས་ཏེ་མངོན་དུ་འགྱུར་བའོ། །བསྡུས་པའི་དོན་ནི། ལེའུ་བརྒྱད་བཅུ་རྩ་བདུན་ལས། གླེང་གཞིའི་ལེའུ་ཞེས་བྱ་སྟེ་དང་པོ་དང་། སེམས་བསྐྱེད་ཀྱི་ལེའུ་ཞེས་བྱ་སྟེ་གཉིས་པ་དང་། ཉེ་བར་བརྟགས་པའི་ལེའུ་ཞེས་བྱ་སྟེ་གསུམ་པ་དང་། མི་མཉམ་པ་དང་མཉམ་པའི་ལེའུ་ཞེས་བྱ་སྟེ་བཞི་པ་དང་། ལྗགས་ཀྱི་དབང་པོའི་ལེའུ་ཞེས་བྱ་སྟེ་ལྔ་པ་དང་། རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་དྲུག་པ་དང་། སྐྱོན་མེད་པ་ལ་འཇུག་པའི་ལེའུ་ཞེས་བྱ་སྟེ་བདུན་པ་དང་། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ་ཞེས་བྱ་སྟེ་བརྒྱད་པ་དང་། མཚན་མའི་ལེའུ་ཞེས་བྱ་སྟེ་དགུ་པ་དང་། སྒྱུ་མ་ལྟ་བུའི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། ཁྲེལ་ཡོད་པའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པ་དང་། ལྟ་བ་སྤང་བའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པ་དང་། མ་བཅིངས་མ་གྲོལ་བའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པ་དང་། ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པ་དང་། གཟུངས་ཀྱི་སྒོར་འཇུག་པའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པ་དང་། ས་ཡོངས་སུ་སྦྱང་པ་བྱས་པའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པ་དང་། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་བསྟན་པའི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པ་དང་། ཟིལ་གྱིས་གནོན་

(༧༨༩)པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པ་དང་། གཉིས་སུ་མེད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པ་དང་། གནས་བརྟན་རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པ་དང་། བརྒྱ་བྱིན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པ་དང་། རྟོགས་པར་དཀའ་བ་ཞེས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གསུམ་པ་དང་། མཐའ་ཡས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བཞི་པ་དང་། བརྒྱ་བྱིན་གྱིས་ལེའུ་གཉིས་པ་ཞེས་བྱ་སྟེ་ཉི་ཤུ་རྩ་ལྔ་པ་དང་། ཡོངས་སུ་གཟུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པ་དང་། མཆོད་རྟེན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བརྒྱད་པ་དང་། གཞན་མུ་སྟེགས་ཅན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པ་དང་། རི་མོ་བྱེད་པའི་ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པ་དང་། སྐུ་གདུང་གི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གཅིག་པ་དང་། བསོད་ནམས་ཀྱི་ཁྱད་པར་གྱི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གཉིས་པ་དང་། ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གསུམ་པ་དང་། མངོན་པར་བསྒྲུབ་པའི་ཡོན་ཏན་ཡང་དག་པར་བསྔགས་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་བཞི་པ་དང་། སེམས་ཅན་དམྱལ་བའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་ལྔ་པ་དང་། ཐམས་ཅད་རྣམ་པར་དག་པར་ལྡན་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་དྲུག་པ་དང་། གནས་མེད་པ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་བདུན་པ་དང་། དམིགས་སུ་མེད་པ་ཞེས་བྱ་སྟེ་སུམ་བཅུ་རྩ་བརྒྱད་པ་དང་། བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་དགུ་པ་དང་། བདུད་ཀྱི་ལེའུ་ཞེས་བྱ་སྟེ་བཞི་བཅུ་པ་དང་། བདུད་ཀྱི་ཚོགས་པ་དང་མི་ལྡན་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་གཅིག་པ་དང་། འཇིག་རྟེན་སྟོན་པའི་ལེའུ་ཞེས་བྱ་སྟེ་

(༧༩༠)བཞི་བཅུ་རྩ་གཉིས་པ་དང་། བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་གསུམ་པ་དང་། འདུས་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་བཞི་པ་དང་། གྲུའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་བསྟན་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་དྲུག་པ་དང་། འདོད་ཆགས་འདུལ་བའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་བདུན་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་རྣམ་པར་བཞག་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་བརྒྱད་པ་དང་། ཕྱིར་མི་ལྡོག་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་དགུ་པ་དང་། ཕྱིར་མི་ལྡོག་པའི་རྟགས་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་པ་དང་། ཐབས་ལ་མཁས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་གཅིག་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསླབ་པ་ཡོངས་སུ་རྟོགས་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་གཉིས་པ་དང་། གང་གཱའི་ལྷ་མོ་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་གསུམ་པ་དང་། ཐབས་ལ་མཁས་པ་བསྒོམ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་བཞི་པ་དང་། རྣམ་པར་རྟོག་པ་སྤང་བར་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་ལྔ་པ་དང་། བསླབ་པ་མཉམ་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་དྲུག་པ་དང་། སྤྱོད་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་བདུན་པ་དང་། རྣམ་པར་མི་རྟོག་པ་བསྟན་པའི་དཔེ་བརྗོད་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་བརྒྱད་པ་དང་། ཆགས་པ་མེད་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་དགུ་པ་དང་། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་པ་དང་། མི་ཟད་པའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་གཅིག་པ་དང་། ཐོལ་རྒལ་དུ་སྙོམས་པར་འཇུག་པའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་གཉིས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། མངོན་པར་བསྒྲུབ་པ་དང་། བསྒོམ་པའི་ཕན་

(༧༩༡)ཡོན་གྱི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་གསུམ་པ་དང་། ཡང་དག་པར་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་བཞི་པ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་པ་དང་། བསྙེན་བཀུར་བྱ་བའི་ཐབས་ཀྱི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་ལྔ་པ་དང་། ཐབས་ལ་མཁས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་དྲུག་པ་དང་། ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་བདུན་པ་དང་། རྣམ་པར་འཕེལ་བ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་བརྒྱད་པ་དང་། ལམ་བསྒོམ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་དགུ་པ་དང་། མཐར་གྱིས་བྱ་བ་དང་། བསླབ་པ་དང་། བསྒྲུབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་པ་དང་། མཚན་མ་མེད་པ་དང་། དམིགས་སུ་མེད་པའི་ཆོས་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་གཅིག་པ་དང་། མཚན་ཉིད་མེད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་གཉིས་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། ཡི་གེ་མངོན་པར་བསྒྲུབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་གསུམ་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་བཞི་པ་དང་། མི་འཁྲུག་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་ལྔ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་གོ་ཆའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་དྲུག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་བདུན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་བརྒྱད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་བཅུ་རྩ་དགུ་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་

(༧༩༢)པར་བྱང་བ་མེད་པའི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་པ་དང་། དོན་དམ་པའི་རྣལ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་རྩ་གཅིག་པ་དང་། ཆོས་ཉིད་འགྱུར་བ་མེད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་རྩ་གཉིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་རྩ་གསུམ་པ་དང་། བསྡུད་པའི་ཚིགས་སུ་བཅད་པའི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་རྩ་བཞི་པ་དང་། རྟག་ཏུ་ངུའི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་རྩ་ལྔ་པ་དང་། ཆོས་འཕགས་ཀྱི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་རྩ་དྲུག་པ་དང་། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ་བརྒྱད་བཅུ་རྩ་བདུན་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་རྣམས་ཀྱི་འགྲེལ་ཚུལ་མི་མཐུན་པས་ཕྱེ་ན། ཐལ་འགྱུར་བའི་ལུགས་དང་། རང་རྒྱུད་པའི་ལུགས་གཉིས་སུ་འབྱེད་དོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །གོ་རིམས་ནི་ཞུ་བ་པོའི་བསམ་པའི་དབང་གིས་དངོས་བསྟན་གྱི་གོ་རིམས་དང་། ཤུགས་བསྟན་མངོན་པར་རྟོགས་པའི་རྒྱན་ནས་འབྱུང་བ་བཞིན་ནོ། །རྒལ་ལན་ནི། རྒྱས་པར་གྲུབ་མཐའ་ཤན་འབྱེད་ནས་བསྟན་པ་ལྟར་རོ། །རྣལ་འབྱོར་སྤྱོད་པའི་དབུ་མའི་དོན་ནི། དྲང་དོན་འཆད་པ་ན། སེམས་ཙམ་པ་དང་། ཐུན་མོང་དུ་འཆད་ལ། ངེས་དོན་སྟོན་པ་ན་དབུ་མར་འཆད་པ་ནི་ཐེག་previous hit ་ཆེན་པོའི་སྡེ་སྣོད་ཀྱི་དགོངས next hit་པའོ། །ཉན་ཐོས་སྤྱོད་པའི་དབུ་མ་ནི། དྲང་དོན་འཆད་པ་ན། ཉན་ཐོས་དང་སྒོ་བསྟུན་ལ། ངེས་དོན་དབུ་མར་སྟོན་པའོ། །དྲང་དོན་ཉན་ཐོས་དང་བསྟུན་པ་ནི། དྲང་དོན་གྱི་ཡང་དྲང་དོན་ཡིན་ལ། དྲང་དོན་སེམས་ཙམ་པ་དང་བསྟུན་པ་ནི། དྲང་དོན་གཞིར་བྱས་

(༧༩༣)ཀྱི་ངེས་དོན་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་འདིས། སྙིང་པོའི་དོན་ཀུན་བསྒོམས་པ་ཡིས། མངོན་རྟོགས་རིམ་པ་ཀུན་སྐྱེས་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོའི་གཙོ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ལ། ཡུམ་དང་སྲས་གཉིས་སུ་གྲགས་པའི། ཡུམ་ལ། ཡུམ་རྒྱས་པ། རྒྱས་འབྲིང་བསྡུས་གསུམ་དང་། བསྡུས་པ་རྒྱས་འབྲིང་བསྡུས་གསུམ་སྟེ་དྲུག་ཏུ་གྲགས་པ་ལས། བསྡུས་པའི་རྒྱས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ལ་གསུམ་ལས། ཐེག་པ་ཐུན་མོང་བའི་འཁོར་ནི། དགེ་སློང་སྟོང་ཕྲག་དུ་མའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པ་ནས། དགེ་སློང་མ་ལྔ་བརྒྱ་ཙམ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཐམས་ཅད་ཀྱང་བདེན་པ་མཐོང་བ་ཤ་སྟག་དང་ཞེས་པས་བསྟན་ཏེ། དེ་ཉིད་བསྟན་བཅོས་སུ་ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱི་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་ཞེས་པར་བསྡུས་སོ། །བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལ་བསླབ་པའི་ཐེག་པ་ཆེན་པོའི་འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་ཕྲག་ཏུ་མ་ཐམས་ཅད་ཀྱང་གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ་ཞེས་སོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་

(༧༩༤)དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཉིད་བསྟན་བཅོས་སུ། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་ཞེས་པར་བསྡུས་སོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་པ་ཐམས་ཅད་ཀྱི་གཟི་བརྗིད་ཟིལ་གྱིས་མནན་ནས་ཞེས་པས་བསྟན་ཏེ་སྔ་མ་གཉིས་ཀྱི་ཆར་གཏོགས་སོ། །སྟོན་པ་ཕུན་སུམ་ཚོགས་པའི་ཆོ་འཕྲུལ་རྣམ་པ་གསུམ་ལ་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་ནི་ཤུགས་ལ་བསྟན། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་འཁོར་བཞི་པོ་དེ་དག་གི་མདུན་ན་ལྷམ་མེ་ལྷན་ནེ་ལྷང་ངེ་ཞིང་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་རྣམ་པ་དུ་མ་དག་ཡང་དག་པར་བསྟན་ཏོ། །སྤུའི་ཁུང་བུ་རྣམས་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་བྱུང་བར་གྱུར་ཏོ་ཞེས་པས་བསྟན་ཏོ། །གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལ། ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བ་དང་། ཞུ་བ་པོས་ཞུ་བའི་ཚུལ་དང་། བཅོམ་ལྡན་འདས་ཀྱིས་ལེགས་སོ་གནང་ཏེ་གསུང་པར་ཞལ་གྱིས་བཞེས་པ་དང་། ཞུ་བ་པོས་ཉན་པར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དངོས་ལས། ཞུ་བ་པོས་སྐབས་དབྱེ་བར་གསོལ་པ་ནི། ཡང་དེའི་ཚེ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འཁོར་དེར་འདུས་པར་གྱུར་ཏེ། འདུག་པ་དེས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དེ་ལྟ་བུ་མཐོང་ནས། དགའ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་

(༧༩༥)པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཙུན་པ་བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་སྐབས་དབྱེ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་ཞུ་བའི་ཕྱིར་རྟག་ཏུ་སྐབས་ཕྱེ་ཟིན་གྱིས། ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག །དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཞེས་པས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ན། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གང་ལགས། ཆོས་གང་གིས་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ཏུ་སོན་པ་ལགས་ཤིང། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལེགས་སོ་གནང་སྟེ་གསུང་པར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །འདི་

(༧༩༦)ལྟར་ཁྱོད་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཞུ་བ་ཞུས་པ་མཛེས་སོ། །ཁྱོད་ཀྱིས་ཡོངས་སུ་རྟོག་པ་བཟང་ངོ་། །དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཤིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱའོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཉན་པར་གསོལ་བ་ནི། བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་ཏོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དངོས་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་མངོན་པར་ཞེན་པ་མེད་པ་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ཏུ་སོན་པ་ཡིན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་པས་བསྟན་ཏོ། །ཅུང་ཟད་རྒྱས་པར་བཤད་པ་ལ་ཞུ་བ་དང་ལན་གཉིས་ལ། ཞུ་བ་ནི། གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གང་ལ་མངོན་པར་ཞེན་པར་མི་བགྱི་བའི་ཆོས་དེ་དག་ཐམས་ཅད་གང་ལགས་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དང་། འཕགས་པའི་བཞེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་

(༧༩༧)པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འདུ་ཤེས་དགུ་དང་། རྗེས་སུ་དྲན་པ་བཅུ་དང་། འདུ་ཤེས་ཀྱི་རྣམ་པ་དྲུག་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཇི་ལྟ་བ་བཞིན་དུ་ཤེས་པ་དང་། དེ་བཞིན་དུ་རྟོག་པ་དང་བཅས། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་པའི་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། སྟོང་པ་ཉིད་བཅྭ་བརྒྱད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། མངོན་པར་ཤེས་པ་ལྔ་དང་། མིག་ལྔ་དང་། སྐྱེས་བུ་ཆེན་པོའི་མཚན་

(༧༩༨)སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་པོ་དག་སྟེ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མངོན་པར་ཞེན་པར་མི་བྱ་བའི་ཆོས་ཐམས་ཅད་ནི་དེ་དག་ཡིན་ནོ། །མངོན་པར་ཞེན་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ཏུ་སོན་པ་ཡིན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པས་བསྟན་ཏོ། །ཤིན་དུ་རྒྱས་པར་བསྟན་པ་ལ། ཞུ་བ་དང་ལན་གཉིས་ལས། ཞུ་བ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཕུང་པོ་ལྔ་གང་ལགས་ཞེས་བྱ་བ་ནས། དཔེ་བྱད་བཟང་པོ་བརྒྱད་བཅུ་དག་ཅེས་བྱ་བའི་བར་དུ་དེ་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །དེའི་ལན་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་ཕུང་པོ་ལྔ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའོ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་ཐ་དད་པར་མཐོང་མོད་ཀྱི། མངོན་པར་ཞེན་པར་མི་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་དྲི་ཟའི་གྲོང་ཁྱེར་མཐོང་ན། དེ་དེ་ལ་གྲོང་ཁྱེར་ཡིན་ནོ་སྙམ་དུ་མངོན་པར་ཞེན་པར་མི་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི་མངོན་པར་ཞེན་པར་མི་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་མེ་ལོང་གི་ནང་དུ་བཞིན་གྱི་གཟུགས་བརྙན་མཐོང་པ་འདི་བཞིན་ཡིན་ནོ་སྙམ་དུ་མངོན་པར་ཞེན་པར་མི་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི་མངོན་པར་ཞེན་པར་མི་བྱེད་དོ། །

(༧༩༩)ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི། ཆོས་དེ་དག་ལ་མངོན་པར་ཞེན་པར་མི་བྱེད་དོ། །ཆོས་རྣམས་ལ་མངོན་པར་མ་ཞེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་སོན་པ་ཡིན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་པའི་བར་ལ་སོགས་པ་གཞུང་རྫོགས་པའི་བར་གྱིས་བསྟན་ཏེ་ཆོས་ཕུན་སུམ་ཚོགས་པ་ཡང་དེ་ཉིད་ཡིན་ནོ། །དེ་ཉིད་བསྟན་བཅོས་སུ། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་པར་བསྡུས་སོ། །དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་ནི། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ཞེས་མཆོད་བརྗོད་ཀྱི་ཡུལ་དུ་བསྡུས་ཏེ། བསྟན་བཅོས་རིན་ཆེན་སྒྲོན་མ་ལས། གླེང་གཞི་རྒྱས་པར་བཀའ་སྩལ་དོན་མཆོག་རྣམས། ལེགས་པར་བསྡུས་པ་ཕྱག་འཚལ་ཚིགས་བཅད་ཡིན་ཞེས་པ་ལྟར་རོ། །དེ་ཉིད་མན་ངག་ཏུ་སྐྱབས་འགྲོའི་ཡུལ་དུ་བྱེད་པ་ཡིན་ཏེ། རྒྱུད་བླ་མ་ལས། གོ་རིམས་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར། གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། སྙིང་པོའི་དོན་ཆོས་ཐམས་ཅད་རང་བཞིན་མེད་པའི་རྣམ་པ་ཅན་དུ་གཏན་ལ་ཕབ་སྟེ་བསྒོམས་པས་མངོན་པར་རྟོགས་པའི་རིམ་པ་སྐྱེས་པའི་ཚུལ་ངོ་སྤྲད་པ་འམ། མངོན་པར་རྟོགས་པའི་རིམ་པའི་སྒོ་ནས། སྙིང་པོའི་དོན་ཆོས་ཐམས་ཅད་རང་བཞིན་མེད་པའི་རྣམ་པ་ཅན་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་བརྟགས་མཐའ་དག་བདེ་བླག་ཏུ་རྟོགས་ཏེ་འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བའོ། །བསྡུས་པའི་དོན་ནི།

(༨༠༠)ལེའུ་སུམ་བཅུ་རྩ་གསུམ་ལས། གླེང་གཞི་ལེའུ་ཞེས་བྱ་སྟེ་དང་པོ་དང་། ཆོས་ཐམས་ཅད་ཀྱི་ལེའུ་ཞེས་བྱ་སྟེ་གཉིས་པ་དང་། མངོན་པར་ཞེན་པའི་ལེའུ་ཞེས་བྱ་སྟེ་གསུམ་པ་དང་། རྣལ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་བཞི་པ་དང་། བྱང་ཆུབ་སེམས་དཔའི་ཚིག་བླ་དགས་ཀྱི་ལེའུ་ཞེས་བྱ་སྟེ་ལྔ་པ་དང་། ལེའུ་དྲུག་པ་བཙལ་རྒྱུའོ། །མི་དམིགས་པའི་ལེའུ་ཞེས་བྱ་སྟེ་བདུན་པ་དང་། སྐྱོན་མེད་པའི་ལེའུ་ཞེས་བྱ་སྟེ་བརྒྱད་པ་དང་། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་དགུ་པ་དང་། མངོན་པར་ཤེས་པའི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། མི་གནས་པའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པ་དང་། ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པ་དང་། ནམ་མཁའ་ལྟ་བུ་ཞེས་བྱ་སྟེ་ལེའུ་བཅུ་གསུམ་པ་དང་། འོང་བ་དང་འགྲོ་བ་མེད་པའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པ་དང་། རྣམ་པར་རྟོག་པའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པ་དང་། ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པ་དང་། རྣམ་པར་དག་པའི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པ་དང་། བྱེད་པ་པོ་དང་། བྱེད་པ་པོ་མེད་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པ་དང་། ཡོན་ཏན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པ་དང་། སྔ་ལྟས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པ་དང་། བསྒོམ་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པ་དང་། ཡོངས་སུ་གཟུང་བ་མེད་པ་དང་། སྤང་བ་མེད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གསུམ་པ་དང་། དང་པོ་འཇུག་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བཞི་པ་དང་། ཐབས་ལ་མཁས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་ལྔ་པ་དང་། རྗེས་སུ་ཡི་རང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སྡུ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་དང་། མཚན་ཉིད་མི་འདྲ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བརྒྱད་པ་དང་། ཆོས་ཀྱི་སྦྱིན་པའི་ལེའུ་ཞེས་

(༨༠༡)བྱ་སྟེ་ཉི་ཤུ་རྩ་དགུ་པ་དང་། རང་བཞིན་གྱི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པ་དང་། ཕྱིར་མི་ལྡན་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གཅིག་པ་དང་། མངོན་པར་བྱང་ཆུབ་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གཉིས་པ་དང་། མཇུག་བསྡུད་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གསུམ་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གོ་རིམས་ལ་དངོས་བསྟན་ལེའུའི་གོ་རིམས་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་རིམ་པའོ། །ཤུགས་བསྟན་མངོན་པར་རྟོགས་པའི་རིམ་པ་དངོས་པོ་བརྒྱད་ཀྱི་རིམ་པ་ནི་མངོན་པར་རྟོགས་པའི་རྒྱན་གྱི་རིམ་པ་བཞིན་ནོ། །རྒལ་ལན་ལ་གཉིས་ལས། སྙིང་པོའི་དོན་གྱི་རྒལ་ལན་ནི། རིགས་ཚོགས་ཀྱི་རྒལ་ལན་མཐའ་དག་དང་། མངོན་པར་རྟོགས་པའི་རྒལ་ལན་ནི། མངོན་པར་རྟོགས་པའི་རྒྱན་གྱི་རྒལ་ལན་མཐའ་དག་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཆོས་ཀུན་སྟོང་པའི་དོན་རྟོགས་ནས། མངོན་པར་རྟོགས་པ་ཀུན་རྫོགས་ཏེ། འབྲས་བུ་ཤེས་ཕྱིན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀའ་བར་པའི་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། དངོས་བརྒྱད་རྫོགས་པར་བསྟན་པ་ཡུམ་དུ་གྲགས་པ་དང་། དངོས་བརྒྱད་དངོས་སུ་མི་གསལ་བ་སྲས་སུ་གྲགས་པ་དང་། གཉིས་སུ་གྲགས་པ་ལས། ཡུམ་ལ་རྒྱས་པ་རྒྱས་འབྲིང་བསྡུས་གསུམ་དང་། བསྡུས་པ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། བསྡུས་པའི་འབྲིང་པོ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་འདི། གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་

(༨༠༢)བསྟན་ཏོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པ་ནས་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་པའི་བར་གྱིས་བསྟན་ཏེ། ཐེག་པ་ཐུན་མོང་མ་ཡིན་པའི་འཁོར་ནི་ཤུགས་ལ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་སྟོན་པ་པོ་ལ་ཆོས་ཕུན་སུམ་ཚོགས་པ་སྟོན་པར་སྤོབས་པ་བསྐྱེད་ཅིག་པར་བཀའ་ཡས་སྩལ་དུ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་སྤོབས་པར་བྱོས་ཤིག་ཞེས་པས་བསྟན་ཏེ་དེ་སྐད་ཅེས་བཀའ་བསྩལ་པ་ན། ཤཱ་རིའི་བུ་ཐེ་ཚོམ་དུ་གྱུར་པ་རབ་འབྱོར་གྱིས་སེམས་ཀྱིས་ཤེས་ནས། ཐེ་ཚོམ་སེལ་བ་སྨྲས་པས་གླེང་སླངས་ཀྱིས་མཚམས་སྦྱར་བ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་རབ་འབྱོར་འདི་བདག་རང་གི་ཤེས་རབ་ཀྱི་སྤོབས་པའི་སྟོབས་བསྐྱེད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འགྱུར་རམ་འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་པར་འགྱུར་སྙམ་པ་དང་ཞེས་པ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་འདི་ལྟར་ཆོས་ཉིད་དེ་སྟོན་པ་རྣམས་ཆོས་ཉིད་དང་མི་འགལ་བ་དེ་ཡང་། དེ་བཞིན་གཤེགས་པ་ཆོས་བསྟན་པའི་རྒྱུ་མཐུན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་གིས་གླེང་གཞི་གླེང་

(༨༠༣)སླངས་ཀྱིས་མཚམས་སྦྱོར་དང་བཅས་པ་དངོས་སུ་བསྟན་ལ། སེམས་བསྐྱེད་ནས་མངོན་ཤེས་དྲུག་ལ་ འདོམས་པའི་བར་རྣམས་ཤུགས་ལ་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོས། མཐོང་ལམ་ལ་འདོམས་པའི་གདམ་ངག་ནས་བརྩམས་ཏེ། ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩམས་ཏེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ། ཁྱོད་སྤོབས་པར་བྱོས་ཤོག་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་འདི། ཆོས་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བསྡུས་པ་ལ་དགའ་བའི་གདུལ་བྱ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་དང་། རྣམ་མཁྱེན་ལ་སོགས་མངོན་པར་རྟོགས་པའི་རིམ་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་བརྟགས་མཐའ་དག་བདེ་བླག་ཏུ་རྟོགས་ཏེ་དོན་གཉིས་མཐར་ཕྱིན་པའི་འབྲས་བུ་ཤེས་ཕྱིན་མངོན་དུ་འགྱུར་བའོ། །བསྡུས་པའི་དོན་ནི། ལེའུ་སུམ་བཅུ་རྩ་གཉིས་ལས། རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་དང་པོ་དང་། བརྒྱ་བྱིན་གྱི་ལེའུ་ཞེས་བྱ་སྟེ་གཉིས་པ་དང་། མཆོད་རྟེན་ལ་རི་མོར་བྱེད་པའི་ལེའུ་ཞེས་བྱ་སྟེ་གསུམ་པ་དང་། ཡོན་ཏན་

(༨༠༤)ཡོངས་སུ་རྫོགས་པའི་ལེའུ་ཞེས་བྱ་སྟེ་བཞི་པ་དང་། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་ཞེས་བྱ་སྟེ་ལྔ་པ་དང་། རྗེས་སུ་ཡི་རང་པ་དང་ཡོངས་སུ་བསྔོ་བ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་དྲུག་པ་དང་། སེམས་ཅན་དམྱལ་བའི་ལེའུ་ཞེས་བྱ་སྟེ་བདུན་པ་དང་། རྣམ་པར་དག་པ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་བརྒྱད་པ་དང་། བསྟོད་པའི་ལེའུ་ཞེས་བྱ་སྟེ་དགུ་པ་དང་། འཛིན་པའི་ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། བདུད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པ་དང་། འཇིག་རྟེན་བསྟན་པའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པ་དང་། བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པ་དང་། དཔེའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པ་དང་། དེ་བཞིན་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པ་དང་། ཕྱིར་མི་ལྡོག་པའི་རྣམ་པ་དང་། རྟགས་དང་། མཚན་མའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པ་དང་། སྟོང་པ་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པ་དང་། གང་གཱའི་ལྷ་མོའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པ་དང་། ཐབས་མཁས་པ་ལ་སྤྱོད་པ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པ་དང་། བདུད་ཀྱི་ལས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པ་དང་། དགེ་བའི་བཤེས་གཉེན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པ་དང་། ལྷའི་དབང་པོའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གསུམ་པ་དང་། མངོན་པའི་ང་རྒྱལ་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བཞི་པ་དང་། མྱུར་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་ལྔ་པ་དང་། སྒྱུ་མའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པ་དང་། སྙིང་པོའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་དང་། མེ་ཏོག་བཀྲམ་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བརྒྱད་པ་དང་། རྗེས་སུ་རིག་པར་པར་བྱ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པ་དང་། རྟག་ཏུ་ངུའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པ་

(༨༠༥)དང་། ཆོས་འཕགས་ཀྱི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གཅིག་པ་དང་། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གཉིས་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གོ་རིམས་ལ་ལེའུའི་གོ་རིམས་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་ཡིན་ལ། ཤུགས་བསྟན་མངོན་རྟོགས་ཀྱི་གོ་རིམས་ནི། མངོན་པར་རྟོགས་པའི་གོ་རིམས་བཞིན་ནོ། །རྒལ་ལན་ནི། མདོའི་དངོས་བསྟན་གྱི་ཚིག་གསལ་བྱེད་སྦྱར་དགོས་རྣམས་མ་སྦྱར་བར་སྒྲ་ཇི་བཞིན་པར་ཞེན་པ་ཁ་ཅིག་ན་རེ། མདོའི་དངོས་བསྟན་གྱི་དོན་ཆོས་ཐམས་ཅད་མེད་ཞེས་པ་འམ། ཡོད་པ་མ་ཡིན་ཞེས་པ་འམ། བརྟགས་ཤིང་དཔྱད་ན་མི་རྙེད་ཞེས་པ་དང་། འཕགས་པའི་མཉམ་བཞག་ལ་མི་སྣང་ཞེས་སོགས་སྨྲ་བ་ནི། མདོའི་previous hit དགོངས next hit་མ་ཡིན་ཏེ། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པའི་མདོ་ལས། ཤིན་ཏུ་རྒྱས་པའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་པ་ལ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ་ཞེས་སོགས་མདོར་བསྟན་རྒྱས་བཤད་གཉིས་ཀྱི་སྒོ་ནས་རྒྱ་ཆེར་བསྟན་པ་ལྟར་ཆད་པར་ལྟ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཕ་རོལ་ཕྱིན་པའི་ཚུལ་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀའ་འཁོར་ལོ་བར་པའི་གཙོ་བོ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ། ཡུམ་དང་སྲས་སུ་གྲགས་པ་ལས། ཡུམ་བསྡུས་པའི་བསྡུས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུད་པ་ཚིགས་སུ་བཅད་པ་ཞེས་བྱ་བ་འདི། གནས་བྱ་རྒོད་ཕུང་པོའི་རིར། ཡུམ་མདོ་རྣམས་རྒྱས་

(༨༠༦)བསྟན་ཟིན་པ་དེ་ནས་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་འཁོར་བཞི་པོ་དེ་དག་རབ་ཏུ་དགའ་བར་མཛད་པའི་ཕྱིར་སྔར་བཤད་ཀྱི་དོན་དེ་རྣམས་ཡང་དབྱངས་ཀྱིས་སྙད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་སོགས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པའི་དགོས་པའི་དོན་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། སྟོན་པས་འདི་ལ་བཤད་པ་གང་། གཞན་གྱིས་མྱོང་བ་མ་ཡིན་ཏེ། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། མདོ་དོན་དྲན་པ་ལ་བཞག་ནས། བློ་དང་ལྡན་པས་མཐོང་གྱུར་ཕྱིར། བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་བསྟན་པའི་དགོས་པ་ཡིན་ཞེས་པའོ། །བསྡུས་པའི་དོན་ནི། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། འགྲོ་དོན་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་ཕྱིན། གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས་ཞེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་སྣོད་བསྟན་པ་ནས་བརྩམས་ཏེ། འགྲོ་བའི་ནད་གོས་མཛད་པ་སྨན་པའི་མཆོག་གྱུར་པ། ཤེས་རབ་བསྟན་པ་བྱང་ཆུབ་ལམ་བསྟན་འདི་གསུངས་ཏེ། མིང་ནི་ཡོན་ཏན་རིན་ཆེན་བསྡུད་པ་བྱང་ཆུབ་ལམ། ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། ཞེས་པའི་བར་གྱིས་ཡུལ་མི་རྣམ་པ་གསུམ་པོ་རྒྱུ། སྦྱོར་བ་བཞིའི་བདག་ཉིད་དང་། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། དོན་བསྡུས་གཞན་དེ་རྣམ་པ་གསུམ་ཞེས་པའི་དོན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས།

(༨༠༧)མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རབ་འབྱོར་གྱི་བརྩལ་གྱིས་རྣམ་པར་གནོན་པས་ཞུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་དྷ་ཀ་གནས་པ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ལས་ཐུན་མོང་པ་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པས་བསྟན་ཏོ། །བྱང་སེམས་ཆེན་པོའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་སྐྱེ་བ་གཅིག་གིས་ཐོགས་པ་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུ་བར་སྐབས་དབྱེ་བར་གསོལ་ཞིང་སྟོན་པས་སྐབས་ཕྱེ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་གྱི་བརྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་

(༨༠༨)ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་གྱི་བརྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་གནས་པ་ཇི་ལྟ་བུས་གནས་ན་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་དགོས་བྱེད་ཅིའི་ཕྱིར་ཞུ་བར་བྱེད་དྲིས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་གྱི་བརྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། རབ་གྱི་བརྩལ་གྱིས་རྣམ་པར་གནོན་པ་ཁྱོད་དོན་གྱི་དབང་གང་མཐོང་ནས་དེ་བཞིན་གཤེགས་པ་ལ་དོན་འདི་ལྟ་བུ་འདྲི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་སེམས་ཅན་ཕལ་པ་དང་ཉན་ཐོས་དང་། རང་སངས་རྒྱས་མན་གྱི་སྤྱོད་ཡུལ་མ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ཕྱིར་དུ་འདྲི་བར་སྟོན་པ་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡང་

(༨༠༩)དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དང་། ཆོས་ཐམས་ཅད་བསྡུད་པ་ལགས་པའི་སླད་དུའོ་ཞེས་པ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་འདི་ཡང་དག་པར་མཐོང་བས་བདག་གི་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་བར་ཞལ་གྱིས་བཞེས་ཤིང་། ཞུ་བ་པོས་ཉན་པར་གསོལ་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ཟེར་བ་ནི། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚིག་ཐམས་ཅད་ལས་འདས་པའོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདོའི་དངོས་བསྟན་སྙིང་པོའི་དོན། མཐའ་བྲལ་དབུ་མའི་ཚུལ་དང་། ཤུགས་བསྟན་མངོན་པར་རྟོགས་པའི་རིམ་པ་དང་། རབ་བརྩལ་རྣམ་གནོན་གྱིས་དྲིས་པའི་དོན་རྣམས་བདེ་བླག་ཏུ་རྟོགས་ནས་མངོན་པར་རྫོགས་པར་སངས་རྒྱས་ཐོབ་པའོ། །བསྡུས་པའི་དོན་ནི། ལེའུ་བདུན་ལས། གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ་དང་པོ་དང་། ཀུན་དགའ་བོའི་ལེའུ་ཞེས་བྱ་བ་སྟེ་གཉིས་པ་དང་། དེ་བཞིན་ཉིད་ཀྱི་ལེའུ་སྟེ་གསུམ་པ་དང་། དཔེའི་ལེའུ་ཞེས་བྱ་སྟེ་བཞི་པ་དང་། རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་ལྔ་པ་དང་། སྤྱོད་པའི་ལེའུ་ཞེས་བྱ་སྟེ་དྲུག་པ་དང་། ཕན་ཡོན་གྱི་ལེའུ་

(༨༡༠)ཞེས་བྱ་སྟེ་བདུན་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། རབ་ཀྱི་བརྩལ་གྱིས་ཞུས་པ་ལྟར། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །ཤེས་རབ་ཀྱི་ཕྲོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ནི། དཀོན་མཆོག་བརྩེགས་པའི་འདུས་པ་གཅིག་ཡིན་པས་དེ་ཉིད་ཀྱི་སྐབས་སུ་བཀྲལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་བར་པར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གཟུགས་ནི་དངོས་པོ་མེད་པ་དང་། དངོས་པོ་ངན་པ་དང་། དངོས་པོ་ཡོད་པའོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི། དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ། །ཞེས་པ་ནས། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པའི་ཕྱིར་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱི་རྣམ་པར་དག་པ་ཞི་བའི་དོན་དང་། དོན་གསུམ་

(༨༡༡)གྱི་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་རབ་འབྱོར་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་མི་དེ་དག་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རིགས་ཅན་གསུམ་གྱིས་རྟག་ཆད་ཀྱི་ལྟ་བ་སྤངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རྟོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་གྱུར་པའོ། །བསྡུས་པའི་དོན་ནི། གཟུགས་སོགས་ཀྱི་ཆོས་རྣམས་ལ། དངོས་པོ་མེད་པ་ཞེས་སོགས་ཀྱིས་ཀུན་བརྟགས་བསྟན་ལ་དངོས་པོ་ངན་པ་ཞེས་སོགས་ཀྱིས་གཞན་དབང་བསྟན་ཅིང་། དངོས་པོ་ཡོད་པ་ཞེས་སོགས་དང་། དངོས་པོ་ཞི་བ་ཞེས་སོགས་ཀྱིས་ཡོངས་གྲུབ་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི། སྔ་རབས་པ་ཁ་ཅིག །མཚན་ཉིད་གསུམ་གྱི་སྒོ་ནས་བསྟན་པའི་མདོ་རྣམས། སེམས་ཙམ་གྱི་མདོ་ཡིན་ཞེས་སྨྲ་བ་ནི། མདོ་སྡེ་འདི་ལྟ་བུ་དང་། ཡུམ་རྒྱས་པའི་བྱམས་ཞུས་སོགས་དབུ་མར་འགྲེལ་མ་ཤེས་ཤིང་། དབུ་མ་འགྲེལ་པའི་ཚེ་ན། དགག་བྱ་ཚད་འཛིན་མ་ཤེས་པའི་སྐྱོན་ཡིན་པས་སྤངས་ལ། དབུ་མ་ལུགས་ཀྱི་མཚན་ཉིད་གསུམ་འགྲེལ་ལུགས་ལ་མཁས་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། རྟག་ཆད་ལྟ་བ་སྤོང་བ་དང་། མཚན་ཉིད་གསུམ་ལ་མཁས་གྱུར་ཏེ། འབྲས་བུ་ཤེས་ཕྱིན་ཐོབ་པར་ཤོག།

(༨༡༢)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་བར་པར་གཏོགས་པ་ཤེས་ཕྱིན་སུམ་བརྒྱ་པ་ཞེས་བྱ་བ་འདི། གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་བསྣམས་ནས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས། བསོད་སྙོམས་ཀྱི་ཞལ་ཟས་མཇུག་ཏུ་གསོལ་ཏེ། ཞལ་ཟས་ཀྱི་བྱ་བ་མཛད། ལྷུང་བཟེད་དང་ཆོས་གོས་བཞག་ནས་ཞལ་བསིལ་ཏེ། གདན་གཤམས་པ་ལ་དཀྱིལ་མོ་དཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པ་ནི། དེ་ནས་དགེ་སློང་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་

(༨༡༣)ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་སེམས་རབ་ཏུ་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་ལན་གྱི་སྒོ་ནས་ཆོས་སྟོན་པར་ཞལ་གྱི་བཞེས་ཤིང་ཞུ་བ་པོས་ཉན་པར་གསོལ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། རབ་འབྱོར་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར་བྱ་བ་དང་། ཇི་ལྟར་སེམས་རབ་ཏུ་གཟུང་པར་བྱ་བ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས། འདི་སྙམ་དུ་བདག་གིས་ཅི་ཙམ་དུ་སེམས་ཅན་དུ་བསྡུ་བར་བསྡུས་པ་སྒོ་ང་ལས་སྐྱེས་པ་འམ། མ་ལ་ལས་སྐྱེས་པ་འམ།དྲོད་གཤེར་ལས་སྐྱེས་པ་འམ། རྫུས་ཏེ་སྐྱེས་པ་འམ། གཟུགས་ཅན་ནི། གཟུགས་མེད་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ། སེམས་ཅན་གྱི་ཁམས་ཇི་ཙམ་སེམས་ཅན་དུ་གདགས་པས་བཏགས་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི

(༨༡༤)དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ། །དེ་ལྟར་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་མེད་དོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་ལ་སེམས་དད་པ་གཅིག་ཙམ་རྙེད་པར་འགྱུར་བ་དེ་དག་ནི། རབ་འབྱོར་དེ་བཞིན་གཤེགས་པས་མཁྱེན་ཏོ། །རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་ཏེ། རབ་འབྱོར་སེམས་ཅན་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་ཅིང་རབ་ཏུ་བསྡུད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བདག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་ཞིང་། སེམས་ཅན་དུ་འདུ་ཤེས་པ་མ་ཡིན། སྲོག་ཏུ་འདུ་ཤེས་པ་མ་ཡིན། གང་ཟག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་བའི་ཕྱིར་རོ་ཞེས་པ་དང་། ཡང་རབ་འབྱོར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་པར་བྱས་ཏེ། སྦྱིན་པ་བྱིན་པ་བས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་གཅད་པ་གཅིག་ཙམ་བཟུང་ནས་གཞན་དག་ལ་ཡང་འཆད་ཅིང་ཡང་དག་པར་རབ་ཏུ་བསྟོན་ན། དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་གྲགས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་བྱུང་སྟེ། སངས་རྒྱས་

(༨༡༥)བཅོམ་ལྡན་འདས་རྣམས་ཀྱང་འདི་ལས་སྐྱེས་པའི་ཕྱིར་རོ། །ཞེས་པ་དང་། ཡང་རབ་འབྱོར་སྐྱེས་པ་འམ་བུད་མེད་གང་གིས་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གཏོང་པ་བས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་སྟེ། གཞན་དག་ལ་ཡང་བསྟན་ན་དེ་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ་ཞེས་པ་དང་། ཡང་རབ་འབྱོར་སྐྱེས་པ་འམ་བུད་མེད་གང་ཞིག་སྔ་དྲོའི་དུས་ཀྱི་ཚེ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གཏོང་ལ། ཕྱེད་ཀྱི་དུས་དང་། ཕྱི་དྲོའི་དུས་ཀྱི་ཚེ་ཡང་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གཏོང་སྟེ། རྣམ་གྲངས་འདི་ལྟ་བུར་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལུས་ཡོངས་སུ་གཏོང་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མི་སྤོང་ན་དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་ན། གང་གིས་ཡི་གེར་བྲིས་ནས་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཡང་རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་ནི་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་དེ། ཆོས་ཀྱི་རྣམ་གྲངས་འདི་ནི་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་དང་། ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པས་གསུངས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི། བསོད་ནམས་ཀྱི་

(༨༡༦)ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་དང་ལྡན་པར་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ངའི་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམན་པ་ལ་མོས་པ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་མི་ནུས་ཏེ། བདག་ཏུ་ལྟ་བ་རྣམས་ཀྱིས་མ་ཡིན། སེམས་ཅན་དུ་ལྟ་བ་རྣམས་ཀྱིས་མ་ཡིན། སྲོག་དུ་ལྟ་བ་རྣམས་ཀྱིས་མ་ཡིན། གང་ཟག་ཏུ་ལྟ་བ་རྣམས་ཀྱིས་མཉན་པ་དང་། བླངས་པ་དང་། གཟུང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱེད་མི་ནུས་ཏེ། དེ་ནི་གནས་མེད་པའི་ཕྱིར་རོ། །ཡང་རབ་འབྱོར་ས་ཕྱོགས་གང་ན་མདོ་སྡེ་འདི་སྟོན་པའི་ས་ཕྱོགས་དེ་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པར་འགྱུར་རོ། །ས་ཕྱོགས་དེ་ཕྱག་བྱ་བར་འོས་པ་དང་། བསྐོར་བ་བྱ་བར་འོས་པར་འགྱུར་ཏེ། ས་ཕྱོགས་དེ་མཆོད་རྟེན་ལྟ་བུར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་དུ་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེས་པར་འགྱུར་བ་གང་དག་བྱས་པ་དག་ཚེ་འདི་ཉིད་ལ་མནར་བས་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འཐོབ་པར་འགྱུར་བའི་ཕྱིར་རོ། །རབ་འབྱོར་ངས་མངོན་པར་ཤེས་ཏེ། འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

(༨༡༧)པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ཕ་རོལ་ཡང་ཆེས་ཕ་རོལ་ན། སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དག་བྱུང་པ་ངས་མཉེས་པར་བྱས་ཏེ། མཉེས་པར་བྱས་ནས་ཐུགས་མ་བྱུང་པར་བྱས་ཏེ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ངས་མཉེས་པར་བྱས་ནས་ཐུགས་བྱུང་བར་མ་བྱས་པ་གང་ཡིན་པ་དང་། ཕྱི་མའི་དུས་ལྔ་བརྒྱ་ཐ་མར་གྱུར་པ་ན། མདོ་སྡེ་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་གང་ཡིན་པ་ལས། རབ་འབྱོར་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མས་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། ཟླ་དང་། རྒྱུར་ཡང་མི་བཟོད་དོ། །རབ་འབྱོར་གལ་ཏེ་དེའི་ཚེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་རབ་ཏུ་འཛིན་པར་འགྱུར་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་བསོད་ནམས་ཀྱི་ཕུང་པོ་བརྗོད་ན། སེམས་ཅན་རྣམས་མྱོ་མྱོ་པོར་འགྱུར་ཏེ། སེམས་འཁྲུགས་པར་འགྱུར་རོ། །ཡང་རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་བསམ་གྱིས་མི་ཁྱབ་སྟེ། འདིའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །ཞེས་སོགས་ཀྱིས་བསྟན་པ་ཡིན་ནོ། །བསྡུས་པའི་དོན་ནི། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་སེམས་རབ་ཏུ་བཟུང་བར་བགྱི་ཞེས་དྲིས་པའི་དོན་ལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བས་གནས་པར་བགྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པས་བསྒྲུབ་པར་བགྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

(༨༡༨)བསྒོམ་པས། སེམས་རབ་ཏུ་གཟུང་པར་བགྱི་ཞེས་པའི་དོན་རྒྱ་ཆེར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི་ཁ་ཅིག་ན་རེ། མདོ་འདི་ཉིད་ལས། གང་དག་ང་ལ་གཟུགས་སུ་མཐོང་། གང་དག་ང་ལ་སྒྲར་ཤེས་པ། ལོག་པའི་ལམ་དུ་ཞུགས་པ་སྟེ། སྐྱེ་བོ་དེ་དག་ང་མི་མཐོང་། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཉིད་ཤེས་པར་བྱ་མིན་པས། དེ་ནི་རྣམ་པར་ཤེས་མི་ནུས། ཞེས་གསུངས་པའི་ཕྱིར། ཆོས་ཉིད་ཤེས་བྱ་མ་ཡིན་ནོ་ཞེས་པ་དང་། ཆོས་ཉིད་ཡོངས་དཔྱོད་དུ་ཤེས་བྱ་མིན་ནོ་ཞེས་ཟེར་བ་ནི། གཞུང་སྒྲ་ཇི་བཞིན་པར་ཞེན་པ་ཡིན་གྱི་གཞུང་གི་previous hit དགོངས next hit་ནི་མིན་ཏེ། གཞུང་འདིའི་previous hit དགོངས next hit། ཆོས་ཉིད་བློ་གཏི་མུག་ཅན་གྱི་ཤེས་བྱ་མ་ཡིན་པར་སྟོན་པ་ཡིན་གྱི། ཡེ་ཤེས་ཀྱི་ཤེས་བྱ་མ་ཡིན་པར་སྟོན་པ་མ་ཡིན་པའི་ཕྱིར་རོ། །ཡང་ཆོས་ཉིད་དང་། དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོའི་སྒྲས་བསྟན་པའི་ཆོས་ཉིད་ནི། ཡོངས་དཔྱོད་དུ་ཤེས་པར་བྱ་བ་ཡིན་ཅིང་། བདག་མེད་དང་། བདེན་མེད་ཀྱི་སྒྲས་བསྟན་པ་རྣམས་ནི་མཐའ་གཞན་བཀག་པའི་སྒོ་ནས་སམ། རྣམ་བཅད་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་ནོ། །རྣམ་བཅད་དང་ཡོངས་དཔྱོད་གང་ནས་དཔྱད་ཀྱང་། ཆོས་ཉིད་ཡོད་ངེས་སུ་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། རྣམ་མཁྱེན་མྱུར་དུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། རྣམ་མཁྱེན་མྱུར་དུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་

(༨༡༩)བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་རྒྱ་ལྔ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་རྟོགས་པ་འདི་གསུངས་པའི་གནས་དང་། འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་དུ་བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིིག་རྟེན་སྐྱོང་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དུ་མ་དག་དང་ཡང་ཐབས་གཅིག་གོ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་པ། རབ་འབྱོར་ལ་ལ་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་དང་། རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་། ལྡན་པས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བསླབ་པར་བྱ་བ་དང་། རྣལ་འབྱོར་དུ་བྱ་བ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་པའོ། །དགོས་པའི་དོན་སོགས་ཆོས་ལྔ་དང་། གྲུབ་པའི་མཐའ་དང་ཐེག་པ་རྣམས། ཤེས་ཕྱོགས་ཀྱི་མདོ་སྔ་མ་

(༨༢༠)རྣམས་དང་འཐུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། འབྲས་བུ་ཤེས་ཕྱིན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དུ་མ་དང་ཡང་ཐབས་ཅིག་གོ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་སྩལ་ཏོ། །ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གང་ལ་ལ་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་དང་། རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་ལྡན་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་རྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བསླབ་པར་བྱ་བ་དང་། རྣལ་འབྱོར་དུ་བྱ་བ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་

(༨༢༡)ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྦྱིན་པ་ནས། རྣམ་མཁྱེན་གྱི་བར་ཅི་རིགས་པ་ལ་བསླབས་ཏེ་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ་བསྡུས་པའི་དོན་ནི། བྱང་ཆུབ་གསུམ་གང་དོན་དུ་གཉེར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ། འཕགས་པ་བཞིས་བསླབ་པར་བྱ་བའི་ཐམས་ཅད་འདུས་པའི་ཕྱིར་རོ་ཞེས་སྟོན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །འབྲས་བུ་ཤེར་ཕྱིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། གདུལ་བྱ་རིགས་ཅན་གསུམ་པོ་རྣམས། ཤེས་ཕྱིན་ཟབ་མོ་འདི་བསླབས་ཏེ། མྱུར་དུ་རྣམ་མཁྱེན་ཐོབ་པར་ཤོག། ༈ །།ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་ཉིད་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། ། སྟོན་པས་ཞུ་བ་པོ་ལ་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་

(༨༢༢)དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་བྱ་བ་འདི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཟུང་ཤིག །འདི་ལྟ་སྟེ། ཨ་ཞེས་པས་བསྟན་ཏོ། །འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་ཕུལ་བ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྟོགས་ཤིང་ཡིད་རངས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སྐྱེ་བ་མེད་པའི་དོན་རྟོགས་ནས། ཟབ་མོའི་སྤྱོད་པ་མཐར་ཕྱིན་ཏེ། འགྲོ་ཀུན་ཤེས་ཕྱིན་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མའི་སྙིང་པོ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་ཏ་།།།ཆོས་ཀྱི་དགོན་པ་ན་དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ནས་འདུས་པ་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་གསོལ་ཞིང་སྟོན་པས་སྐབས་དབྱེ་བ་ནི། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་དེ་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

(༨༢༣)བདག་དེ་བཞིན་གཤེགས་པ་ལ་ཞུ་བ་མཆིས་ཏེ། བཅོམ་ལྡན་འདས་གནང་བའི་སྐབས་དབྱེ་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་བཤད་པར་བྱའོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ཞེས་པ་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལྟར་ཐབས་མཁས་པའི་ཉི་མའི་ཏིང་ངེ་འཛིན་ནི་རྣམ་པ་བདུན་ཡོད་དེ། གང་ཞེ་ན། དང་པོ་འདི་ལྟར་ཉི་མས་མྱུ་གུ་སྨིན་པར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཉི་མ་ལྟ་བུས་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་མཛད་དོ། །གཉིས་པ་ནི། ཉི་མ་བྲི་བཀོལ་མེད་པ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཐུགས་རྗེ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པར་མཛད་དོ། །གསུམ་པ་ནི་ཉི་མས་ཉལ་ཉིལ་བསྲེག་པ་ལྟར་བྱང་ཆུབ་སེམས་དཔའི་ལྷག་མཐོང་གི་ཤེས་རབ་ཀྱིས་ཉོན་མོངས་པའི་ཉལ་ཉིལ་རྣམས་བསྲེག་པར་བྱེད་དོ། །བཞི་པ་ནི་ཉི་མས་འཁྱགས་པ་འཇུ་བ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གཉེན་པོ་ཡེ་ཤེས་དང་ལྡན་པས་ཉོན་མོངས་པ་འཁྱགས་པ་ལྟ་བུ་འཇུ་བར་བྱེད་དོ། །ལྔ་པ་ནི་ཉི་མས་མུན་པ་སེལ་བ་ལྟར་བྱང་ཆུབ་སེམས་དཔའི་སོ་སོར་ཀུན་ཏུ་ཏོག་པའི་ཡེ་ཤེས་ཀྱིས་གཟུང་བ་དང་། འཛིན་པའི་མུན་པ་

(༨༢༤)སེལ་བར་བྱེད་དོ། །དྲུག་པ་ནི་ཉི་མས་གླིང་བཞི་འཁོར་བ་ལྟར་བྱང་ཆུབ་སེམས་དཔའ་ཕྲིན་ལས་ཕུན་སུམ་ཚོགས་པས་སྡུག་བསྔལ་གྱི་ཆུ་བོ་བཞི་ལས་ཐར་བར་མཛད་དོ། །བདུན་པ་ནི་ཉི་མས་ཀུན་ལ་སྙོམས་པ་དྲོ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་ལ་རབ་ཏུ་དགའ་བར་མཛད་པའི་ཐབས་ནི་དྲོ་བའི་ལས་ལྟ་བུའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ་དེས་འདི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། མཚན་མ་མེད་པ་དང་། མཚན་མ་ཐམས་ཅད་དང་རབ་ཏུ་བྲལ་བ་དང་། དངོས་པོ་ཐམས་ཅད་དང་བྲལ་བ་དང་། གང་ཟག་མེད་པ་དང་། གང་ཟག་ཐམས་ཅད་དང་བྲལ་བ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལ་བསླབ་པར་བྱའོ། །རིགས་ཀྱི་བུ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། བདེན་པ་དང་། དེ་ཁོ་ན་ཉིད། དོན་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་ལ་བསླབ་པར་བྱའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་བསླབ་པར་བྱའོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པར་ཤེས་པར་བྱའོ། །ངོ་བོ་ཉིད་ཀྱིས་དབེན་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རིགས་ཀྱི་བུ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འཛིན་པར་བྱེད་ན་དེ་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ། །

(༨༢༥)དེ་བསོད་ནམས་ཀྱི་ཚོགས་སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱི་ཚོགས་ཚད་མེད་པ་དང་ལྡན་པར་འགྱུར་རོ། །དྲན་པ་དང་ལྡན་པ་དང་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པས་བསྟན་ནོ། །བསྡུས་པའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མང་ཐོས་དམ་པའི་ཆོས་ལ་བརྩོན། སེམས་ཅན་ཀུན་ལ་བྱམས་པར་ལྡན། བརྩོན་འགྲུས་གོ་ཆ་ཕུན་སུམ་ཚོགས། བདག་དང་གཞན་གྱི་དོན་ལ་མོས། བསམ་གཏན་ཏིང་འཛིན་བསྒོམ་ལ་བརྩོན། བདག་དང་སེམས་ཅན་འདུ་ཤེས་མེད། ཡང་དག་ཐེག་པའི་ལམ་དུ་ཞུགས། སྔོན་གྱི་རྒྱལ་སྲས་དེ་ལྟར་སྤྱོད། མཁས་པས་མ་ནོར་དེ་བཞིན་སློབ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །འཁོར་རྣམས་ཀྱིས་རྗེས་སུ་ཡི་རངས་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང་། བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་དང་། ལྷ་དང་མི་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཉི་མའི་སྙིང་པོ་ཇི་བཞིན་དུ། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། འགྲོ་ཀུན་རྣམ་མཁྱེན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཟླ་བའི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཚད་མེད་གྲངས་མེད་པ་དང་། བྱང་

(༨༢༦)ཆུབ་སེམས་དཔའ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྙིང་པོ་འདུག་པ་བསྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བའི་སྙིང་པོ་ཆོས་ཐམས་ཅད་དངོས་པོ་དང་བྲལ་བར་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ནི་རྟོག་པ་མེད་ཀྱང་གླིང་བཞིར་འཁོར་བར་བྱེད་ཅིང་མུན་པ་རྣམས་རབ་ཏུ་སེལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྟོག་པ་མེད་ཀྱང་ཕྱིན་ཅི་ལོག་བཞི་རྣམས་ལ་ཐུགས་རྗེས་འཁོར་ཞིང་རང་བཞིན་གྱིས་ཉོན་མོངས་པ་རྣམ་པར་སེལ་བར་བྱེད་ཀྱང་མི་རྟོག་པའི་ཕྱིར་རོ། །ཟླ་བའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དུ་མཆིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །རིགས་ཀྱི་བུ་དེ་ལ་ཟག་པ་དང་བཅས་པའི་ཤེས་རབ་ནི་མོས་པ་སྤྱོད་པའི་གནས་སྐབས་ན་གཟུང་པར་རྟོག་པ་དང་། འཛིན་པར་རྟོག་པ་སྟེ། དེ་སྤོང་བར་བྱེད་པ་ནི་ཟག་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཀྱི་བུ་དེ་ལ་ཟག་པ་མེད་པའི་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་

(༨༢༧)ནི་མཐོང་བའི་ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་མི་རྟོག་པའི་ཕྱིར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་དང་ཚུར་རོལ་གྱི་མཐའ་གང་ལ་ཡང་མི་གནས་པའི་ཕྱིར་རོ། །ཤེས་རབ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་པར་ཤེས་པར་བྱའོ། །གཟུགས་ལ་སོགས་པའི་ཆོས་རྣམས་དུས་གསུམ་དུ་མི་དམིགས་ཤིང་མ་བཅིངས་མ་གྲོལ་བར་ཤེས་པར་བྱའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་འགག་པ་མེད་པ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པའོ། །ཆོས་ཐམས་ཅད་མཚན་མ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མེད་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པའོ། །ཆོས་ཐམས་ཅད་ཆད་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆད་པ་མེད་པའོ། །ཆོས་ཐམས་ཅད་འོང་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོང་བ་མེད་པ་འོ། །ཆོས་ཐམས་ཅད་འགྲོ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲོ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རྟག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་ཐ་དད་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐ་དད་མེད་པ་ཉིད་དོ། །ཆོས་ཐམས་ཅད་དོན་ཅིག་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །མདོར་ན་ཐམས་ཅད་མཚན་མ་དང་། རང་བཞིན་དང་།

(༨༢༨)ངོ་བོ་ཉིད་ལས་འདས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སོ། །ཏརྒྱ་ཐཱ། ཨོམ་པྲཛྙཱེ་པྲཛྙཱེ་མ་ཧཱ་པྲཛྙཱེ་ཙནྡྲ་པྲཛྙཱེ་པརྦ་ཤཱ་པ་ཀ་རི་སྭཱ་ཧཱ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། དེ་ཉིད་ཀུན་རྫོབ་བདེན་པ་སྟེ། རང་བཞིན་མེད་ཅིང་སྤྲོས་མེད་པ། དེ་ཉིད་དོན་དམ་སྤྱོད་ཡུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒལ་ལན་ནི། སྔ་རབས་པ་ཁ་ཅིག །ཀུན་རྫོབ་ཀྱི་བདེན་པ་གཟུགས་སོགས་རྟེན་འབྲེལ་ལ་འདོད་པ་རྣམས་ཀྱི་རྒྱབ་རྟེན་དུ་མདོ་འདི་ནས་བཤད་པའི་བདེན་གཉིས་སྟོན་ཚུལ་འདི། ཁ་གསལ་ཤོས་སུ་སྣང་ནའང་། མདོ་ཕལ་མོ་ཆེ་དང་། ཤིང་རྟ་ཆེན་པོའི་སྟོལ་འབྱེད་ཀྱི་བསྟན་བཅོས་ཆེན་པོ་རྣམས་དང་མ་མཐུན་པས། ལོ་ཙཱ་བས་རང་གི་འདོད་དང་བསྟུན་ནས་དོན་འགྱུར་བྱས་པ་ཡིན་ནམ་བརྟག་པ་བྱའོ། །མདོ་འདིར་ཕལ་ཆེ་བའི་ནང་ནས། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་བྲིས་ཡོད་པ་འདིར་ཆད་བྱུང་ནའང་། འཕགས་པ་ཀླུ་གྲུབ་ཀྱིས་མདོ་འདིར་བྱུང་པའི་ཚིགས་བཅད་དེ་ཉིད་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་དུ་བླངས་པར་ཤེས་པར་བྱ་ཡི། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་མདོ་རུ་བླངས་པ་བསམ་པར་མི་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཤེས་ཕྱིན་ཟབ་མོའི་དོན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་

(༨༢༩)ཏུ་ཕྱིན་པ་ཀུན་ཏུ་བཟང་པོ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་ཏ་ཡི་དགོན་པ་ཆོས་ཀྱི་སྙིང་པོ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་དང་མཉམ་པ་དང་ཐབས་ཅོག་གོ །ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་མངའ་བརྙེས་པ་སྤྱོད་པ་ལ་གནས་པའོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེའི་མཐུས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་དང་མཉམ་པ་ཐམས་ཅད་གཡོས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱིན་གྱིས་བརླབས་ཏེ་ཞུ་བར་བསྐུལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་དབུ་ལ་ཕྱག་གིས་རེག་པར་གྱུར་ཏོ། །དེ་ལྟར་རེག་པས་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་རབ་ཏུ་གཡོས་པར་གྱུར། ལྷ་རྣམས་ཀྱིས་འཐུན་པར་ཚིགས་སུ་བཅད་པས་བསྟོད་དོ། །འཇིག་རྟེན་སྒྲོན་མ་ལྷ་མིའི་དཔེ་ལས་འདས། ཡོན་ཏན་རྒྱ་མཚོ་ལྟ་བུ་ཕ་རོལ་ཕྱིན། སྲིད་པའི་མཚོ་ལས་འགྲོ་བ་ཁྱོད་ཀྱིས་སྒྲོལ། དེད་དཔོན་ཁྱོད་ཀྱིས་རབ་ཏུ་བསྐྱབ་པར་གསོལ། ཞུ་བ་པོའི་ཞུ་བས་བསྡུས་དོན་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བསླབ་པར་བྱ་བའི་དོན་ཤེས་རབ་འདྲ་བ་དང་ཤེས་རབ་ཡིན་པ་ལ་བསླབ་པར་བྱའོ། །སྟོན་པའི་ལན་གྱིས་ཚིག་

(༨༣༠)དོན་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་བཟང་པོ་ཤེས་རབ་འདྲ་བ་ནི་འཇིག་རྟེན་ཚོགས་ཀྱི་ལམ་པ་རྣམས་ཀྱི་ཤེས་རབ་གང་ཡིན་པའོ། །ཤེས་རབ་ཡིན་པ་ནི་ས་དང་པོ་ཡན་ཆད་ཀྱི་ཤེས་རབ་གང་ཡིན་པའོ། །དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་རྟོགས་ཤིང་ཐོབ་པའོ། །འཁོར་རྣམས་ཀྱིས་རྗེས་སུ་ཡིད་རངས་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ལྷ་དང་། མིར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་ལ་མངོན་པར་བསྟོད་དོ། །འཕགས་པ་ཀུན་ཏུ་བཟང་པོ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདན་རྡོ་རྗེ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་དང་ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདུག་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་སུ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་བྱེད་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཆོས་རྣམས་གཟུང་བར་འགྱུར་རོ། །དེ་སྐྱེ་བ་དྲན་པར་འགྱུར་རོ། །མི་ཁོམ་པ་ཐམས་ཅད་སྤངས་པར་འགྱུར་རོ། །བསོད་ནམས་

(༨༣༡)ཀྱིས་འབྲས་བུ་ཚད་མེད་པ་ཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་དུས་རྟག་ཏུ་འགྲོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་རོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ལྟར་བསླབ་པར་བྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཚིག་གི་དོན་ནི། གཞན་ཡང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། དངོས་པོ་དང་བྲལ་བ་དང་། མི་དམིགས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལག་ན་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་སྟེ། རིག་པ་ཆེན་པོའི་སྔགས་ཀྱི་ཚིག་ནི་འདི་དག་གོ །ཏརྒྱ་ཐཱ། ཨོམ་མུ་ནི་མུ་ནི། མ་ཧཱ་མུ་ན་ཡེ་སྭཱ་ཧཱ། རྗེས་སུ་ཡིད་རངས་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལག་ན་རྡོ་རྗེའི་མདོ་ཐེག་པ་ཆེན་པོ་རྫོགས་སོ། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་རྟོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན་

(༨༣༢)བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ་ཐམས་ཅད་དང་ལྡན་པའི་འཁོར་དང་། ཐབས་གཅིག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་འདུག་པ་དེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་གང་དང་ལྡན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམིགས་རྣམ་རྟོགས་ནས་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་པའོ། །བསྡུས་པའི་དོན་ནི། དངོས་མེད་ངོ་བོ་ཉིད་དུ་བསྒོམ། ཤེས་རབ་སྐྱེ་བའི་རྒྱུ་ལ་མོས། མཚན་མ་ཐམས་ཅད་དང་བྲལ་བའི། ཤེས་རབ་དོན་ལ་བསླབ་པར་བྱ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་རྡོ་རྗེ་རྒྱལ་མཚན་ཆོས་རྣམ་པ་བཞི་དང་ལྡན་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བར་ཤེས་པ་དང་། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་དུ་བསྟན་པ་དང་། ཐམས་ཅད་དུ་མི་རྟོག་མི་དམིགས་པར་བསྒོམ་པའོ། །གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་ན་ཤེས་རབ་སྐྱེ་བའི་རྒྱུ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དང་པོ་གང་ཟག་ཆོས་སྨྲ་བའི་མཁན་པོ་བསྟེན་པ་དང་། གཉིས་པ་དེའི་དམ་པའི་ཆོས་ཉན་པ་དང་། གསུམ་པ་དོན་ལ་འཇུག་ཅིང་སེམས་པ་དང་། བཞི་པ་གཞན་ལ་ཚུལ་བཞིན་དུ་སྟོན་པར་མོས་པ་སྟེ། འདི་ནི་ཤེས་རབ་སྐྱེ་བའི་རྒྱུའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དང་། བདག་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། མཚན་

(༨༣༣)མ་མེད་པ་དང་། མ་བཅིངས་པ་དང་། མ་གྲོལ་བ་དང་། སྣང་བ་མེད་པ་དང་། མུན་པ་མེད་པའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། སྙིང་པོའི་དོན་དང་མངོན་པར་རྟོགས། ལེགས་པར་རྟོགས་ནས་འགྲོ་བ་རྣམས། འབྲས་བུ་ཤེས་ཕྱིན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་བར་པ་འདིའི་ཕུན་སུམ་ཚོགས་པ་ལྔ་ནི་གོ་སླའོ། །དགོས་པའི་དོན་ནི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག ཆོས་བདུན་ལ་བསླབ་པར་བྱ་སྟེ། ཐེག་པ་ཆེན་པོ་མཐར་ཕྱིན་པར་བྱེད་པའོ། །བསྡུས་པའི་དོན་ནི་ཆོས་བདུན་ཏེ། འཁྲིག་པའི་ཆོས་སྤོང་བ་དང་། མི་དགེ་བའི་བཤེས་གཉེན་སྤོང་བ་དང་། ཡོངས་སུ་འཛིན་པ་མེད་པར་བྱ་བ་དང་། ང་དང་ང་ཡི་འཛིན་པ་མེད་པར་བྱ་བ་དང་། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་བརྟན་པོ་དང་ལྡན་པར་བྱ་བ་དང་། འཁོར་བ་ལ་མངོན་པར་དགའ་བར་བྱ་བ་མ་ཡིན་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་པ་གདབ་པར་མི་བྱ་བ་སྟེ་བདུན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བས་ཆོས་བདུན་རྟོགས་གྱུར་ཏེ། སྤྱན་རས་གཟིགས་དང་མཚུངས་

(༨༣༤)གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ་བཀའ་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་བཀའ་བར་པ་དང་ཆོས་སྐད་འཐུན་པ་འདིའི་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། འཁོར་ཕུན་སུམ་ཚོགས་པ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞུ་བ་པོ་ཕུན་སུམ་ཚོགས་པ་སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་དང་། ཚོང་དཔོན་གྱི་བུ་འཇིག་སྦྱིན་ནོ། །སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་ཞེས་བྱ་བ་ལ། དངོས་སུ་སྟོན་པ་པོ་འཕགས་པ་འཇམ་དཔལ་ལོ། །དེ་ཉིད་སྟོན་པ་པོ་ཡིན་ན། ཤཱཀྱ་ཐུབ་པ་སྟོན་པ་པོར་ཇི་ལྟར་འགྱུར་ཞེ་ན། འཇམ་དཔལ་གྱིས་དངོས་སུ་བསྟན་ཀྱང་། སྟོན་པ་དང་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབ་པའི་བཀའ་ཡིན་པས་སངས་རྒྱས་ཉིད་སྟོན་པ་ཕུན་སུམ་ཚོགས་པའོ། །ཆོས་ཕུན་སུམ་ཚོགས་པ་ནི། འཇམ་དཔལ་གྱིས་སྨྲས་པ། གལ་ཏེ་བུ་མོ་ཁྱོད་ནི་བྱང་ཆུབ་ཞུགས་གྱུར་ན། ཁོ་བོས་དེ་རིང་གོས་ནི་ཁྱོད་ལ་སྦྱིན་པར་བྱ། གང་དག་གཡོ་བ་མེད་པར་བྱང་ཆུབ་སེམས་ལ་གནས། དེ་དག་འདི་ན་ལྷར་བཅས་འཇིག་རྟེན་མཆོད་འོས་ཡིན་ཞེས་པ་ནས་བརྩམས་ཏེ་བུ་མོ་གསེར་མཆོག་འོད་དཔལ་ལ་བསྟན་པ་རྣམས་ནི་བྱིན་གྱིས་བརླབས་པའི་བཀའ་ཡིན་ལ། བཅོམ་ལྡན་འདས་ཉིད་ཀྱིས་ཚོང་དཔོན་གྱི་བུ་འཇིག་སྦྱིན་ལ་བཀའ་སྩལ་པ་རྣམས་ནི་ཞལ་ནས་གསུངས་

(༨༣༥)པའི་བཀའ་ཡིན་ནོ། །བཀའ་དེ་གཉིས་ནི་ཆོས་ཕུན་སུམ་ཚོགས་པའོ། །དེའི་དགོས་པའི་དོན་ནི། དངོས་སུ་བུ་མོ་གསེར་མཆོག་འོད་དཔལ་དང་། ཚོང་དཔོན་གྱི་བུ་འཇིག་སྦྱིན་གཉིས་ཀྱིས་གཙོ་བྱས་པའི་དངོས་ཀྱི་གདུལ་བྱ་རྣམས་ཡང་དག་པའི་གནས་ལུགས་རྟོགས་པའི་སྒོ་ནས་སྨིན་གྲོལ་ལ་འགོད་པའོ། །བསྡུས་པའི་དོན་ནི། བུ་མོ་གསེར་མཆོག་འོད་དཔལ་ལ་འཇམ་དཔལ་གྱིས་རང་བཞིན་མེད་པའི་དོན་བསྟན་པས། བཟོད་པ་གསུམ་གྱི་ནང་ནས་ཆོས་ཀྱི་རྗེས་སུ་འཐུན་པའི་བཟོད་པ་ལ་བཀོད་པའི་ཚུལ་དང་། ཚོང་དཔོན་གྱི་བུ་འཇིག་སྦྱིན་ལ་བཅོམ་ལྡན་འདས་ཉིད་ཀྱིས་རང་བཞིན་མེད་པའི་དོན་བསྟན་པས། ཆོས་ཀྱི་རྗེས་སུ་འཐུན་པའི་བཟོད་པ་ལ་བཀོད་པའི་ཚུལ་དང་གཉིས་སོ། །འབྲེལ་པ་འམ་མཚམས་སྦྱར་བ་ནི། བུ་མོ་གསེར་མཆོག་འོད་དཔལ་གྱི་མཐུས་བསྐུལ་བ་ལ་བརྟེན་ནས། ཚོང་དཔོན་གྱི་བུ་འཇིག་སྦྱིན་གྱིས་ཆོས་དང་འཐུན་པའི་བཟོད་པ་ཐོབ་པ་ཡིན་པས། རྒྱུ་འབྲས་ཀྱི་རིམ་པའོ། །རྒལ་ལན་ནི། མདོ་འདི་བཀའ་བར་པར་གཏོགས་པའི་རྒྱུ་མཚན་ཅི་ཞེ་ན། དགག་བྱ་སྤྲོས་པ་རྣམས་དངོས་སུ་འགོག་པའི་ལྡོག་པ་ནས་གཙོ་བོར་བསྟན་པའི་ཕྱིར་རོ། །དགེ་འདིས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་རིམ་པ་གསུམ་ལས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དུ་གཏོགས་པའི་རྒྱུ་མཚན་ནི། དགག་བྱ་དངོས་སུ་བཀག་པ་གཙོ་ཆེ་བའི་ཕྱིར་རོ། །འདིའི་སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་སོ། །གནས་ཕུན་སུམ་ཚོགས་པ་

(༨༣༦)མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནའོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་ང་།།།དུ་མ་དག་དང་ཡང་ཐབས་གཅིག་གོ །དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དོན་ནི། གང་ཟག་ལྔ་སྟོང་གི་བཞི་བཞི་སྡོམས་ནས་དགེ་འདུན་དུ་བཅས་པའི་གྲངས་སོ། །གླེང་གླེང་བ་པོ་ཕུན་སུམ་ཚོགས་པ་ནི། འཕགས་པ་འཇམ་དཔལ་དང་ལྷའི་བུ་འོད་མང་པོ་དང་བདུད་སྡིག་ཅན་དང་། དགེ་སློང་འོད་བསྲུངས་ཆེན་པོ་དང་། གནས་བརྟན་རབ་འབྱོར་དང་། ཤཱ་ར་དྭ་ཏིའི་བུ་དང་། མོའུ་གལ་གྱི་བུ་ཆེན་པོ་དང་། ཉེ་བ་འཁོར་དང་། ལྷའི་བུ་མཚམས་བཟངས་ལ་སོགས་པའོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ་ཞེས་པ་ནས་གཞུང་ཡོངས་སུ་རྫོགས་པའི་བར་རོ། །འདིའི་དགོས་པའི་དོན་ནི། མདོའི་དངོས་དང་རྒྱུད་པའི་གདུལ་བྱ་རྣམས་བྱང་ཆུབ་གསུམ་ཅི་རིགས་པ་ལ་འགོད་པའོ། །བསྡུས་པའི་དོན་ནི། གླེང་གླེང་བ་པོ་རྣམས་ཀྱིས་ཟབ་མོའི་དོན་གླེངས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གོ་རིམས་སམ་མཚམས་སྦྱར་བ་ནི། གླེང་པ་པོ་རྣམས་ཀྱི་སྤོབས་པ་སྐྱེས་པའི་གོ་རིམས་ཡིན་གྱིས། དོན་གྱི་གོ་རིམས་མ་ཡིན་ནོ། །རྒལ་ལན་ནི། འགའ་ཞིག་གི་བསམ་པ་ལ། བདུད་ཀྱི་སྨྲས་པ་རྣམས་བདུད་ཀྱི་ཚིག་ཡིན་པས། ཆོས་རྣམ་དག་མ་ཡིན་ནོ་སྙམ་ན། དེ་ལྟ་བུའི་སྐྱོན་ཡོད་པ་མ་ཡིན་ཏེ། བཅོམ་ལྡན་འདས་དང་།

(༨༣༧)འཇམ་དཔལ་དབྱངས་ཀྱིས་བདུད་བྱིན་གྱིས་བརླབས་པའི་སྟོབས་ཀྱིས། ཐེག་པ་ཆེན་པོའི་གཏམ་མ་ནོར་བ་སྨྲས་པའི་ཕྱིར་བྱིན་གྱིས་བརླབས་པའི་བཀའ་ཡིན་ནོ། །དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བའི་རྒྱན་ཅེས་བྱ་བ་འདི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ་དང་། བཀའ་འཁོར་ལོ་གསུམ་གྱི་ནང་ནས་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོར་གཏོགས་ཏེ། སྤྲོས་པ་ཐམས་ཅད་བཀག་པའི་དེ་བཞིན་ཉིད་གཙོ་བོར་གཏན་ལ་འབེབས་ཤིང་སྟོང་ཕྱོགས་ནས་གཙོ་བོར་བསྟན་པས་སོ། །མདོ་འདིའི་སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་སོ། །གནས་ཕུན་སུམ་ཚོགས་པ་ནི། རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རིའི་རྩེ་མོ་བཞིའི་ཤིང་དྲུང་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟངས་ནའོ། །འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་ཆེན་པོ་བརྒྱད་དང་ཞེས་སོགས་ཉན་ཐོས་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ཞེས་པ་ནས་ཐམས་ཅད་ཀྱང་མངོན་པར་ཤེས་པ་ཡོངས་སུ་སྦྱངས་པས་ངེས་པར་འབྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ལ་གནས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་ཞིང་འདི་ཉིད་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྣམས་དང་། དེའི་ཚེ་ན་བཅོམ་ལྡན་འདས་འདི་སྙམ་དུ་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མྱུར་བ་དང་སྟོབས་དང་ཤུགས་ཆེན་པོ་ཡང་དག་པར་བསྐྱེད་པར་བྱ་བའི་ཕྱིར་ཆོས་ཀྱི་གཏམ་བརྗོད་པར་བྱ་ཞིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནས་བྱང་ཆུབ་སེམས་དཔའ་

(༨༣༨)སེམས་དཔའ་ཆེན་པོ་གཟི་བརྗོད་ཆེ་བ་གཟི་བརྗིད་ཆེ་བ་དག་བསྡུ་བར་ཡང་བྱ། བདག་གིས་ཆོས་བསྟན་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་བཤད་པའི་ལྟས་སྣང་བ་ཆེན་པོའང་བསྟན་པར་བྱ། བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྷགས་ནས། བདག་ལ་ཆོས་བསྟན་པ་ཆེན་པོ་ཡོངས་སུ་ཞུ་བར་འགྱུར་བར་ཡང་བྱའོ་སྙམ་དུ་previous hit དགོངས་སོ་ཞེས་ next hit་ནས་བརྩམས་ཏེ། ཁ་ཅིག་ནི་རྒྱ་མཚོའི་རྟེན་རྣམ་པར་དག་པའི་རིན་པོ་ཆེའི་བཀོད་པ་སྟོང་ལྟ་བུ་རིན་པོ་ཆེ་ཆེན་པོ་ཀུན་ནས་འོད་ཟེར་སྣང་བ་ལས་བྱས་པའི་ཁང་པ་བརྩེགས་པ་དག་ལ་འཁོད་ལ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པའི་གླུ་དབྱངས་དང་རོལ་མོའི་སྒྲ་འབྱིན་པ་དག་ལྷགས་སོ། །ལྷགས་ནས་ཀྱང་བཅོམ་ལྡན་འདས་ལ་བསམ་གྱིས་མི་ཁྱབ་པ་དང་མཚུངས་པ་མེད་པ་དང་དཔག་ཏུ་མེད་པ་ལས་ཀྱང་ཤིན་དུ་འདས་པའི་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་གི་སྨོན་ལམ་གྱི་སྟོབས་ལས་བྱུང་པའི་སྟན་དག་ལ་འཁོད་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམས་པས་བལྟ་ཞིང་སྡོད་པར་གྱུར་ཏོ་ཞེས་པའི་བར་གྱིས་ཕྱོགས་བཅུ་ནས་གསར་དུ་ལྷགས་པའི་འཁོར་དང་དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཛམ་བུའི་ཆུ་བོའི་གསེར་ལས་གྲུབ་པར་ཀུན་ཏུ་གནས་པར་གྱུར་ཏོ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་དག་ཕུལ་གྱིས་ཆོས་བསྟན་པའི་བལྟས་མཛད་དོ། །ཞེས་པ་ཡན་གྱིས་འཁོར་བསྡུད་པའི་ཆོ་འཕྲུལ་བསྟན་པའོ། །དེའི་ཚེ་ན་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་འདི་སྙམ་དུ་སེམས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

(༨༣༩)དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཅག་གིས་ཐོས་ནས་ཡུན་རིང་དུ་ལོན་པ་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཆོས་ཀྱི་རྣམ་གྲངས་དེ་ཡོངས་སུ་ཞུས་ན་ཅི་མ་རུང་སྙམ་མོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་མང་པོ་འདུས་པ་འདི་དག་ནི། འཇིག་རྟེན་རྣམ་པར་འདྲེན་པ་རྣམས་ཀྱིས་བཀྱེ་ལགས་ཏེ། ཡེ་ཤེས་འཚལ་ཞིང་ཁྱོད་ལ་ཕྱག་འཚལ་མཆིས་ལགས་ན། དམ་ཆོས་རྒྱ་ཆེན་དམ་པ་བཤད་པ་མཛད་དུ་གསོལ་ཞེས་པའི་བར་གྱིས། ཞུ་བ་པོ་ཕུན་སུམ་ཚོགས་པ་འཕགས་པ་འཇམ་དཔལ་གྱིས་ཇི་ལྟར་ཞུས་པའི་ཚུལ་བསྟན་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པའི་དོན་བསྟན་པས་ཡེ་ཤེས་མཐར་ཐུག་པའི་བར་དུ་ཡོན་ཏན་རྣམས་བསྐྱེད་པའོ། །བསྡུས་པའི་དོན་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པའི་དོན་རྣམས་དཔེ་དང་གཏམ་ཚིགས་ཀྱི་སྒོ་ནས་རྒྱ་ཆེར་གཏན་ལ་ཕབ་པའོ། །ཚིག་གི་དོན་ནི། གཞུང་རྫོགས་པ་ལས་རྟོགས་པར་བྱའོ། །རྒལ་ལན་ནི། སྐྱེ་བ་མེད་པ་དང་འགག་པ་མེད་པའི་དོན་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་རྒྱ་ཆེར་བསྟན་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཁས་བླང་དགོས་ལ་དེ་ལྟར་ཡིན་ན་ནི། ཆད་པར་ལྟ་བ་དང་། མེད་པ་པོར་འགྱུར་རོ་ཞེ་ན། སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་སོགས་སྒྲ་ཇི་བཞིན་པར་ཁས་ལེན་ན་དེ་ལྟར་འགྱུར་བ་བདེན་མོད་ཀྱི། འོན་ཀྱང་འདིར་སྐྱེ་བ་མེད་པ་དང་འགག་པ་མེད་པ་སྒྲ་ཇི་བཞིན་པར་ཁས་ལེན་པ་མ་ཡིན་གྱི། རྟེན་འབྱུང་གི་ཆོས་

(༨༤༠)རྣམས་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་དང་འགག་པ་མེད་པར་སྟོན་པ་ཡིན་ཏེ། དཔེ་དང་གཏན་ཚིགས་རྣམས་ཀྱིས་དེ་ལྟར་བསྒྲུབས་པའི་ཕྱིར་རོ། །དགེ་བ་འདི་ཡིས་འགྲོ་ཀུན་སངས་རྒྱས་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ག་ཡ་གོ་རི་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་མདོ། ཆོས་འཁོར་གསུམ་གྱི་ནང་ནས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དུ་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོ་མ་ལོན་པར་བཅོམ་ལྡན་འདས་རི་ག་ཡ་ན། ག་ཡ་གོ་རིའི་མཆོད་རྟེན་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་ཞེས་པ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཅིག་ཏུ་དབེན་པར་གཤེགས་པ་ནང་དུ་ཡང་དག་བཞག་ནས་ཆོས་ཀྱི་དབྱིངས་ཉིད་ལ་བརྟགས་ཏེ་ཞེས་པ་ནས་བྱང་ཆུབ་ནི་འགྱུར་བ་མེད་པ་མི་འགྱུར་བ་མཚན་ཉིད་མེད་པའོ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ནོ། །ཞུ་བ་པོ་ཕུན་སུམ་ཚོགས་པས་ཇི་ལྟར་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ལགས་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཇི་ལྟར་བྱང་ཆུབ་ཀྱི་སླད་དུ་འཇུག་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་

(༨༤༡)ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་དེ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ཕྱིར་འཇུག་པར་བྱའོ་ཞེས་པ་ནས་བརྩམས་ཏེ། གཞུང་རྫོགས་པའི་བར་རོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། མདོ་དོན་མ་ལུས་པ་གདུལ་བྱ་རྣམས་ཀྱིས་རྟོགས་ནས་ཉམས་སུ་ལེན་པའོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་བསྩལ་པས་ནི། ཆོས་ཐམས་ཅད་སྤྲོས་པས་སྟོང་པར་བསྟན་ལ། འཇམ་དཔལ་གྱིས་ལྷའི་བུ་ཟླ་བ་དྲི་མ་མེད་པའི་གཟི་བརྗིད་འོད་ཟེར་གྱི་འོད་ལ་བསྟན་པ་རྣམས་ཀྱིས་ནི་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དེ། སྙིང་རྗེ་ཆེན་པོ་སོགས་ཐབས་ཤེས་ཟུང་སྦྲེལ་གྱི་སྒོ་ནས་བསྒོམས་ན་མངོན་པར་རྟོགས་པའི་རིམ་པ་སྐྱེ་བར་བསྟན་ཅིང་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བསྒྲུབ་པ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་པས་འབྲས་བུ་བསྟན་པ་ཡིན་ནོ། །མཚམས་སྦྱར་བའི་གོ་རིམས་ནི། ལྟ་བ་བསྒོམ་པ་འབྲས་བུ་གསུམ་ཉམས་སུ་ལེན་པའི་རིམ་པའོ། །རྒལ་ལན་ནི། ལྟ་བའི་སྐབས་སུ། ཆོས་ཐམས་ཅད་བརྟགས་ཤིང་དཔྱད་ན་མེད་པ་ལྟ་བུར་བསྟན་པ་འདི་སྒྲ་ཇི་བཞིན་པར་ཁས་བླངས་པར་བྱ་བ་ཡིན་ནམ་ཞེ་ན། སྒྲ་ཇི་བཞིན་པར་ཁས་བླང་པར་བྱ་བ་མ་ཡིན་ཅིང་ཆོས་ཐམས་ཅད་བརྟགས་ཤིང་དཔྱད་ན། སྤྲོས་པ་མཐའ་དག་གིས་དབེན་པའི་རྟེན་འབྲེལ་ཙམ་དུ་རྟོགས་པར་བྱའོ། །དེ་ལས་བྱུང་པའི་དགེ་བ་འདིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཀོན་མཆོག་གི་ཟ་མ་ཏོག་ཅེས་བྱ་བ་ཐེག་པ་ཆེ་ཆུང་

(༨༤༢)གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོགས་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། ཡང་དེའི་ཚེ་བཅོམ་ལྡན་འདས་སྨིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ན་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷན་ཅིག་ཏུ་ཞེས་པ་ནས། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟ་ཅིའི་བཀའ་མཆིད་ཅིག་མཛད། བཅོམ་ལྡན་འདས་བཀའ་མཆིད་དེ་ཉིད་ཀྱི་རྗེས་རྒྱུན་མི་འཆད་པར་མཛད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི། སྙིང་པོའི་དོན་དངོས་སུ་བསྟན་ནས་མངོན་པར་རྟོགས་

(༨༤༣)པའི་རིམ་པ་ཤུགས་ལ་བསྟན་པའོ། །ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། །གོ་རིམས་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་གོ་རིམས་སོ། །རྒལ་ལན་ནི། དགེ་སློང་དམིགས་པ་ཅན་རྣམས་དང་། འཇམ་དཔལ་གྱི་དྲི་ལན་ལ་ཤེས་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། སེམས་ཅན་མ་ལུས་ཐམས་ཅད་ཀྱང་། དམིགས་པའི་འདུ་ཤེས་སྤངས་ནས་ནི། འཇམ་དཔལ་ཉིད་དང་མཚུངས་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རིན་པོ་ཆེ་མཐའ་ཞེས་བྱ་བ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་གྱི་ནང་ནས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དུ་གཏོགས་པ། འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་ལྔ་བརྒྱ་ཐམས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་མཚན་མོ་སྲོད་ལ་བཅོམ་ལྡན་འདས་ཀྱི་བཞུགས་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཞུགས་ཁང་གི་སྒོ་དྲུག་ན་འགྲེང་སྟེ་བཅོམ་ལྡན་འདས་ལ་སྡོང་ངོ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་བཅོམ་ལྡན་འདས་རིན་པོ་ཆེའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དྲན་པ་དང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་སྒོ་ན་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་འཇམ་དཔལ་ཁྱེད་ནང་དུ་ཤོག་ཅེས་བཀའ་སྩལ་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་

(༨༤༤)ཏོ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ནས་ཞེས་པ་ནས་བརྩམས་ཏེ་བཅོམ་ལྡན་འདས་སྡོད་ཏིང་ངེ་འཛིན་གང་གིས་བཞུགས་བཞུགས་པ་ལས་བཞེངས་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་རིན་པོ་ཆེའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་སང་ད་།།།སྡོད་གནས་གནས་པ་ལས་ལངས་སོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །མདོ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ། སེམས་ཅན་རྣམས་ཀྱིས་རིན་པོ་ཆེའི་མཐའ་སྟེ་ཡང་དག་པའི་མཐའ་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། སྙིང་པོའི་དོན་དངོས་སུ་སྟོན་ཅིང་མངོན་པར་རྟོགས་པའི་རིམ་པ་ཤུགས་ལ་བསྟན་པའོ། །གོ་རིམས་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའི་རིམ་པའོ། །རྒལ་ལན་ནི། འགའ་ཞིག་མདོའི་དོན་སྒྲ་ཇི་བཞིན་པར་ཞེན་ནས་ཆོས་ཐམས་ཅད་མེད་པར་བསྟན་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་གསུམ་དུ་འདུས་previous hit ་ལ་དགོངས next hit་ནས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་མེད་པར་བསྟན་པ་ཡིན་གྱི། གཏན་མེད་དུ་བསྟན་པ་མ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས། ཉི་ཤུ་པར། ངོ་བོ་ཉིད་མེད་རྣམ་གསུམ་ལ། previous hit དགོངས་ན་ཆོས་རྣམས་ཐམས་ཅད་ཀྱི། ངོ་བོ་ཉིད་མེད་བསྟན་ next hit་ཡིན་ཞེས་གསུངས་པ་ལྟར་རོ། །འདི་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་previous hit ་བློར་མ་ཤོང་ནས། སེམས་ཙམ་གྱི་ལྟ་བ་ལ་འཁྱོག་པའི་ཕྱིར་དུ་དགོངས next hit་གཞི་རྩལ་བའི་ལུགས་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དབུ་མ་པའི་ལུགས་ལ་ཡང་། ཆོས་ཐམས་ཅད་ངོ་

(༨༤༥)བོ་ཉིད་མེད་པར་བསྟན་པའི་previous hit དགོངས་པའི་གཞི། ངོ་བོ་ཉིད་མེད་ next hit་གསུམ་ལ་previous hit དགོངས next hit་མ་གཏོགས། previous hit དགོངས་གཞི་ཟུར་ next hit་མེད་དོ། །དེས་ན་དབུ་མ་པའི་ལུགས་ལ། ཆོས་ཐམས་ཅད་མེད་པར་ལྟ་བར་བྱ་བ་མ་ཡིན་ཞིང་། ངོ་བོ་ཉིད་མེད་པའི་རྟེན་འབྲེལ་དུ་ཤེས་པར་བྱའོ། །དེ་ལྟར་བཤད་པའི་དགེ་བ་ཡིས། འགྲོ་བས་ཡང་དག་དོན་རྟོགས་ཏེ། དངོས་པོར་འཛིན་པ་སྤངས་ནས་སུ། བླ་མེད་བྱང་ཆུབ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་གསུམ་ལས་བར་པར་གཏོགས་པ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་བཞིན་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་མཁར་གྱི་རྒྱལ་བའི་ཁབ་ཀྱི་རི་ཁུམས་མཐའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། ཀུན་ཀྱང་ཕལ་གྱི་ཤེས་རིག་པ་དང་མུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་སྟེ་དཔག་ཏུ་མེད་གྲངས་མེད་དོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་ཤཱ་རིའི་བུ་ཏིང་ངེ་འཛིན་ནས་བྱུང་སྟེ་ཞེས་པ་ནས་མི་རྣམས་ཡིད་ཆེས་ཤིང་ཤེས་པར་བགྱིས་པ་ཡོད་པ་དཀོན་མཆོག་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། ཁྱོད་ཀྱིས་བསོད་ནམས་ཅི་ཞིག་མཐོང་ན་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ཀྱིས་སྙིང་པོའི་དོན་དངོས་སུ་བསྟན་པ་དང་། མངོན་

(༨༤༦)རྟོགས་ཀྱི་རིམ་པ་ཤུགས་ལ་ཡོད་པ་རྣམས་རྟོགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཅིག་སྟེ། ཆོས་སོ་ཅོག་གི་བདེན་པའི་མཚན་མའི་ལེའུ་སྟེ་དང་པོ་དང་། སངས་རྒྱས་གསན་པའི་ལེའུ་སྟེ་གཉིས་པ་དང་། ཆོས་གསན་པའི་ལེའུ་སྟེ་གསུམ་པ་དང་། དགེ་འདུན་གསན་པའི་ལེའུ་སྟེ་བཞི་པ་དང་། ཚུལ་ཁྲིམས་གཙང་མའི་ལེའུ་འོག་མ་སྟེ་ལྔ་པར་གཏོགས་སོ། །གཙང་མའི་ཆོས་ཀྱི་ལེའུ་སྟེ་དྲུག་པ་དང་། མནའ་འདས་པའི་ལེའུ་སྟེ་བདུན་པ་དང་། གཙང་མ་མཐོང་བའི་ལེའུ་འོག་མ་ནི་བརྒྱད་པར་གཏོགས་སོ། །དོགས་པ་བྱེ་བྲག་ཕྱེད་པའི་ལེའུ་སྟེ་དགུ་པ་དང་། ཐབས་བཅོམ་པའི་ལེའུ་སྟེ་བཅུ་པ་དང་། ལེའུ་བཅུ་གཅིག་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། འགྱུར་ཤིན་ཏུ་ངན་པར་འདུག་ནའང་དོན་གཙོ་བོར་བྱས་སོ། །དེ་ལས་མྱུང་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་ཉིད་གྱུར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་བར་པར་གཏོགས་པ་འདིའི་ཕུན་སུམ་ཚོགས་པ་ལྔ་ནི་གོ་སླའོ། །བསྡུས་པའི་དོན་ནི་ཟང་ཟིང་གི་མཆོད་པ་ལས། ཆོས་ཀྱི་སྦྱིན་པ་ཕན་ཡོན་ཆེ་བར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་འཁོར་ལོ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །ཐེག་པ་ཐུན་

(༨༤༧)མོང་བའི་འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས་སེམས་ཅན་ཐམས་ཅད་ལ་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་པ་ནས་ཕྱིར་མི་ལྡོག་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་ཞེས་པ་ནས། བཅོམ་ལྡན་འདས་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་བསྒྱུར་པ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རྙེད་ལས་བརྩམས་པ་ནས་འཁོར་བཞི་པོ་དག་ལ་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པ་པོ་ལ་བཅོམ་ལྡན་འདས་ཀྱིས་བཀའ་ཡས་སྩལ་དུ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་བསྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མངོན་པར་འདུ་བྱེད་པ་མེད་པར་སྦྱིན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། ཤཱ་ར་དྭ་ཏིའི་བུ་ངས་ཁྱོད་ལ་བཅོལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཁྱོད་སྤོབས་པར་གྱིས་ཤིག་ཞེས་པའི་བར་གྱིས་བསྟན་ཏོ། །བྱིན་

(༨༤༨)གྱིས་བརླབས་པའི་སྟོན་པ་པོས་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལས་གོ་སྐབས་གནང་པ་ཐོབ་ནས་བཅོམ་ལྡན་འདས་ཀྱི་མཐུས་ཐོག་མ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་ཏེ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཐོག་མ་ཉིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་བགྱི་ཞིང་སྦྱིན་པ་སྦྱིན་པར་བགྱིའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་པའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་བགྱིས་ནས་སྦྱིན་པ་སྦྱིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ལྟ་བར་ལྷུང་པས་སྦྱིན་པ་སྦྱིན་པ་ནི་མི་བསྔོའོ། །ཉན་ཐོས་ཀྱིས་།།།འམ་རང་སངས་རྒྱས་ཀྱི་སར་བསྔོས་པ་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེའི་འཇིགས་པ་ནི་དེ་ལགས་པར་འཚལ་བར་བགྱི་བའི་སླད་དུའོ་ཞེས་སོ། །ཞུ་བ་པོས་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཅིའི་ཕྱིར་ན་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིགས་པ་ཡིན་པར་ཤེས་པར་བྱ། ལན་སྨྲས་པ་སོགས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། སྨྲས་པ། ཉན་ཐོས་རྣམས་དང་འབྲས་བུ་མཉམ་པར་འགྱུར་དུ་འོང་པས་ན་དེའི་ཕྱིར་དེའི་འཇིགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་ཕུན་སུམ་ཚོགས་པ་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་ཏུ་ཕ་ཏོལ་ཏུ་ཕྱིན་པ་དང་པོ་ལྔ་ལ་བསླབས་ཏེ་བླ་ན་མེད་པའི་བྱང་ཆུབ་དུ་མངོན་པར་རྫོགས་

(༨༤༩)པར་སངས་རྒྱས་པའོ། །བསྡུས་པའི་དོན་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྔ་ལས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལེའུ་དགུ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་རྗེས་སུ་ཡི་རང་པའི་ལེའུ་སྟེ་དང་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཐབས་ལ་མཁས་པའི་ལེའུ་སྟེ་གཉིས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་དཔེའི་ལེའུ་སྟེ་གསུམ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་མཚན་མ་མེད་པའི་ལེའུ་སྟེ་བཞི་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་སྒྱུ་མ་ལྟ་བུར་བསྟན་པའི་ལེའུ་སྟེ་ལྔ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སངས་རྒྱས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མི་ལྡོག་པའི་ལེའུ་སྟེ་བདུན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱོང་བར་བྱ་བའི་ལེའུ་སྟེ་བརྒྱད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྦྱིན་པ་ལས་མཆོག་ཏུ་བསྟན་པ་ཞེས་བྱ་བ་ལེའུ་དགུ་པ་རྣམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕུན་སུམ་ཚོགས་པ་ལྔ་དང་། དགོས་པའི་དོན་ནི་གོ་སླ་ལ། བསྡུས་པའི་དོན་ལ་ལེའུ་བདུན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་སྦྱིན་པ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡིན་མིན་དང་སྤྱོད་ཡུལ་ཡིན་མིན་བསྟན་པ་ཞེས་བྱ་བ་ལེའུ་དང་པོ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉན་ཐོས་ཀྱི་ཚུལ་ཁྲིམས་ཟིལ་གྱིས་གནོན་པ་ཞེས་བྱ་སྟེ་ལེའུ་གཉིས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སངས་རྒྱས་ཀྱི་ཚུལ་ཁྲིམས་མ་གཏོགས་

(༨༥༠)བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མཆོག་དང་། གོང་ན་མེད་པ་ཞེས་བྱ་སྟེ་ལེའུ་གསུམ་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྤྱོད་ཡུལ་མ་ཡིན་བ་སྤང་བ་ཞེས་བྱ་སྟེ་ལེའུ་བཞི་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་པ་སྤང་བ་ཞེས་བྱ་སྟེ་ལེའུ་ལྔ་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཚུལ་ཁྲིམས་ཡོངས་སུ་བསྔོ་ན་ཚུལ་ཁྲིམས་འཕེལ་བ་ཞེས་བྱ་སྟེ་ལེའུ་དྲུག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉན་ཐོས་ཀྱི་ཚུལ་ཁྲིམས་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དམ་པར་གྱུར་པ་ཞེས་བྱ་སྟེ་ལེའུ་བདུན་པ་རྣམས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཕུན་སུམ་ཚོགས་པ་ལྔ་དང་དགོས་པ་ནི་གོ་སླ་ལ། བསྡུས་པའི་དོན་ལ་ལེའུ་གསུམ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པའི་མངོན་པར་གྲུབ་པ་ཞེས་བྱ་བའི་ལེའུ་སྟེ་དང་པོ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས། བཟོད་པའི་སེམས་སྐྱེས་སོ་ཅོག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་ཞེས་བྱ་སྟེ་ལེའུ་གཉིས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་བཟོད་པ་ཚད་མེད་པ་དང་དཔག་ཏུ་མེད་པ་ཞེས་བྱ་སྟེ་ལེའུ་གསུམ་པ་རྣམས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕུན་སུམ་ཚོགས་པ་ལྔ་དང་། དགོས་པ་ནི་གོ་སླ་ལ། བསྡུས་པའི་དོན་ལ་ལེའུ་གཅིག་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་སྟེ་ལེའུ་གཅིག་གོ །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕུན་སུམ་ཚོགས་པ་ལྔ་དང་། དགོས་པ་ནི་གོ་སླ་ལ། བསྡུས་པའི་དོན་ལ་ལེའུ་བཞི་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐབས་ལ་མཁས་པའི་ལེའུ་སྟེ་དོང་

(༨༥༡)དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་མི་མཐུན་ཕྱོགས་སྤོང་བའི་ལེའུ་སྟེ་གཉིས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་འཇིག་རྟེན་ཐམས་ཅད་ལ་ཕན་པར་འདོད་པའི་ལེའུ་སྟེ་གསུམ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་བསམ་གཏན་ལ་གནས་ཤིང་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་ལ་འགོག་པའི་སྙོམས་པར་འཇུག་པར་ཡང་མི་ལྟུང་བའི་ལེའུ་ཞེས་བྱ་སྟེ་བཞི་པ་རྣམས་སོ། །ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། མདོ་འདི་སྔ་རབས་པ་དག་གིས་བཀའ་ཐ་མར་བགྲངས་ན་ཡང་། བཀའ་བར་པར་གྲང་པར་རིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཁ་བསྐང་པར་འགྱུར་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆ་ལག་དང་བཅས་པ་རྟོགས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཕ་རོལ་ཕྱིན་པ་ཀུན་རྟོགས་ནས། འབྲས་བུ་ཤེས་ཕྱིན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པ་མཚན་ཉིད་མེད་པར་གཏོགས་པའི་ཆོས་འཁོར་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཉིད་ཀྱི་རྩ་ལག་དང་། ཡུལ་གྱི་མི་རྣམས་ལ་ཕན་གདགས་པའི་ཕྱིར། སེར་སྐྱེའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་

(༨༥༢)ཟས་གཙང་གི་ཀུན་དགའ་ར་བ། མཚན་མོའི་ལྷ་དང་། ལྷའི་བུ་མོ་དང་། འཇིག་རྟེན་སྐྱོང་བ་ཆུ་ལྷ་དང་། ཞི་བ་དང་། གཤིན་རྗེ་དང་། འཕགས་སྐྱེས་པོ་དང་། ལུས་ངན་པོ་དང་། བརྒྱ་བྱིན་དང་། མིག་མི་བཟང་དང་། ཡུལ་འཁོར་བསྲུང་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འབུམ་དག་གནས་པ་ན་རྟེན་ཅིང་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་ལས་ཐེག་པ་ཐུན་མོང་བའི་འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་བདུན་ཁྲི་བདུན་སྟོང་ལ་འདི་ལྟ་སྟེ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་ཞེས་པ་ནས། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་ཐབས་གཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ནི། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་བྱང་ཆུབ་སེམས་དཔའ་བྱེ་བ་འབུམ་ཕྲག་དུ་མ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཞེས་པ་ནས། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཤ་སྟག་དང་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་གཙོ་བོའི་ཚུལ་འཛིན་པའི་འཁོར་ནི། འཇིག་རྟེན་སྐྱོང་པ་བཞི་པོ་འདི་ལྟ་སྟེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་ཞེས་པ་ནས། ཕོ་བྲང་འཁོར་གྱི་མི་དང་། སྒོ་དཔོན་གྱི་འཁོར་རྣམས་ཀྱིས་བསྐོར་ཅིང་མདུན་གྱིས་བལྟས་ནས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་སྨན་དང་། ཡོ་བྱད་མང་པོ། གྱ་ནོམ་པ་དག་བརྙེས་ཤིང་ཕྱོགས་

(༨༥༣)བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་དཔག་ཏུ་མེད་པ། གྲངས་མེད་པ་དག་ཏུ་ཡང་། བཅོམ་ལྡན་འདས་ཀྱི་གྲགས་པས། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེར་མངོན་པར་གྲགས་སོ་ཞེས་པ་ནས། རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པ་བསམ་གྱིས་མི་ཁྱབ་པ། རྨད་དུ་བྱུང་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྟོན་ཅིང་འཆད་དེ། རྣམ་པར་འབྱེད་ལ་འགྲེལ་ཅིང་གསལ་བར་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་ཞུས་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང་། ཟོམ་དང་། རི་སུལ་དང་། གསེབ་དང་། སྨན་ལྗོངས་ནས་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ཞེས་བྱ་བ། གཟུགས་བཟང་པ་ཞེས་པ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་གིས་ཞུས་ནས་ཞུ་བ་ལན་གདབ་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགེ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། སྟོན་པས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང་། ཟོམ་དང་། རིའི་སུལ་དང་། གསེབ་དང་། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། ངས་དྲིས་པ་དེ་དང་དེའི་ལན་བཏབ་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོའི་ཞུ་བ་དངོས་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང་། ཟོམ་དང་། རིའི་སུལ་དང་། གསེབ་དང་། སྨན་

(༨༥༤)ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཞིང་། ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དང་པོ་སེམས་བསྐྱེད་པས་གང་ལ་མངོན་པར་བརྩོན་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་གསུངས་པར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང་། ཟོམ་དང་། རིའི་སུལ་དང་། གསེབ་དང་། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་། ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་དྲི་བར་སེམ་པ་ནི་ཁྱོད་ཡང་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ངས་བཤད་དོ་ཞེས་པ་ནས། ཞུ་བ་པོས་ཉན་པར་ཁས་བླངས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང་། ཟོམ་དང་། རི་སུལ་དང་། གསེབ་དང་། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུས། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་པས་བསྟན་ཏོ། །ཆོས་དངོས་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་མངོན་པར་བརྩོན་པར་བྱའོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དགེ་བ་བཅུ་དང་སྦྱིན་པ་ལ་སོགས་ཕར་ཕྱིན་བཅུ་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །བསྡུས་པའི་

(༨༥༥)དོན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགེ་བ་བཅུ་དང་སྦྱིན་སོགས་ཕར་ཕྱིན་བཅུ་ལ་བསླབ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་དབུ་མའོ། །རྒལ་ལན་ནི། མདོར་བསྟན་དུ་ཕར་ཕྱིན་བཅུ་བྱུང་ལ། རྒྱས་བཤད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་མ་བྱུང་པ་ཅི་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱན་དང་། སྡུད་པ་དང་། ལྷབ་ལྷུབ་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ལེའུ་བཅུ་པ་དང་། བཅུ་གཅིག་པ་གཉིས་ཁོལ་དུ་ཕྱུང་པ་ཡིན་པས་མདོ་ལྷག་མ་རྣམས་མ་ཚང་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དགེ་བ་བཅུ་དང་ཕར་ཕྱིན་བཅུ། བསྒྲུབས་ནས་སེམས་ཅན་ཐམས་ཅད་ཀྱིས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འཕགས་པ་སུམ་བཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་ན་ཤིང་ཡོངས་འདུའི་དྲུང་ན། ཨར་མོ་ལིག་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ་ཞེས་པས་སོ། །འཁོར་ནི་སྐུ་སྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་ཕྱིར་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེན་པོ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མངོན་པར་ཤེས་པ། བཟོད་པ་བཟོད་པ་ཐོབ་པ། སྤོབས་པ་ཐོགས་པ་མེད་པ་ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ཤ་སྟག་དང་ཐབས་

(༨༥༦)གཅིག་ཏུ་དབྱར་གནས་པར་ཞལ་གྱིས་བཞེས་ནས་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ་ཞེས་པས་སོ། །ཞུ་བ་པོས་སྐབས་ཕྱེ་བར་ཞུས་པ་ནི། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ཞེས་བྱ་བ་དང་། ཟླ་མཆོག་ཅེས་བྱ་བ་གཉིས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་གོ་ཞེས་པ་ནས་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་སྐབས་ཕྱེ་བ་ནི། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཟླ་བ་ཁྱོད་སུའི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་འདོད་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་ཚིགས་སུ་བཅད་དེ་གསོལ་བ་ཞེས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ལྷའི་བུ་ཟླ་བས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་

(༨༥༧)པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པའོ། །གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང་། ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་བསོད་ནམས་ཇི་ཙམ་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དང་ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་བདག་ཉིད་ཀྱང་འཆང་ལ་གཞན་དག་ལ་ཡང་སྟོན་པ་དེ་ནི་དཀོན་མཆོག་གསུམ་རྒྱུན་མི་འཆད་པའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་སེམས་བསྐྱེད་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་རྒྱ་ཆེན་པོ་ལ་མོས་པ་དབང་པོ་རྣོན་པོ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་བསྐྱེ་བར་འགྱུར་གྱི། ཆུང་ངུ་ལ་མོས་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །ལྷའི་བུ་རྣམ་གྲངས་འདིས་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་རྣམས་ནི་ཅི་ནས་དཀོན་མཆོག་གསུམ་གྱི་རྒྱུན་མི་ཅད་པའི་ཕྱིར་གནས་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །ལྷའི་བུ་འདི་ཇི་སྙམ་དུ་སེམས། གང་དཀོན་མཆོག་གསུམ་

(༨༥༨)རྒྱུན་མི་བཅད་པའི་ཕྱིར་གནས་པ་དེའི་བསྔགས་པའི་མཐའ་འམ། བསོད་ནམས་ཀྱི་མཐའ་སངས་རྒྱས་འབུམ་སྐུ་ཚེའི་ཚད་བསྐལ་པར་ཞུགས་པས་ཀྱང་བསྟན་པ་འམ། བཤད་པར་སྤྱོད་དམ། གསོལ་པ་། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། ལྷའི་བུ་རྣམ་གྲངས་འདིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་འམ། གཞན་དག་མ་སྟོན་པ་དེ་བསོད་ནམས་ཚད་མེད་པ་སྐྱེད་པར་འགྱུར་བར་མཁས་པས་དེ་ལྟར་རིག་པར་བྱའོ་ཞེས་པས་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། མདོ་འདི་ཉིད་ཐོས་པ་ལ་བརྟེན་ནས་ཐེག་པ་ཆེན་པོ་ལ་བསླབས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ལ་རྣམ་པ་གཉིས་ཏེ། ལྷའི་བུ་ཟླ་བ་དང་། ཟླ་མཆོག་གཉིས་ཀྱིས་རྒྱུའི་ཐེག་ཆེན་ལས་བརྩམས་ཏེ་དྲིས་པའི་ལན་བསྟན་པ་དང་། མོ་གལ་གྱི་བུ་ཆེན་པོས་འབྲས་བུའི་ཐེག་ཆེན་སངས་རྒྱས་ཀྱི་ཆོ་འཕྲུལ་མཐོང་བ་ལས་བརྩམས་ཏེ་དྲིས་པའི་ལན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་པ་ཁ་ཅིག་གི་བསམ་པ་ལ། བཅོམ་ལྡན་འདས་ནི་ཡུམ་སྒྱུ་འཕྲུལ་མའི་ཤ་ཁྲག་གིས་བསྐྲུན་པའི་སྐུའོ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་དེ་ལྟར་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཡུམ་སྒྱུ་འཕྲུལ་མའི་སྲས་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་སྐྱོན་ཀྱང་མེད་དེ། ཡུམ་སྒྱུ་འཕྲུལ་མ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྲུལ་པའི་སྐུ་ཡིན་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས།

(༨༥༩)མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཐེག་ཆེན་ཆོས་ལ་བསླབས་གྱུར་ནས། སངས་རྒྱས་རྣམ་འཕྲུལ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ལྷག་པའི་བསམ་པ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་བ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་ནང་བར་སྔར་ཤམ་ཐབས་དང་། ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་སོང་ངོ་ཞེས་པ་ནས་དེ་ནས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་བགྲོད་དཀའ་བ་དེ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཞེས་པའི་བར་གྱིས་བསྟན་ཏོ། སྟོན་པ་ནི། དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་བཅོམ་ལྡན་འདས་ཀྱི་བཀའ་རྫོགས་པར་རིག་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་རང་བཞིན་ཐམས་ཅད་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་

(༨༦༠)བཀའ་སྩལ་པ། རིགས་ཀྱི་བུ་གང་ལམ་གྱིས་འབྱུང་བ་ཡོངས་སུ་ཚོལ་བ་དེ་ནི་དེ་བཞིན་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཆགས་པར་འགྱུར་བའི་ཆོས་རྣམས་སྤངས་པས་འདོད་ཆགས་སྤོངས་པར་མ་གསུངས་སོ། །དེ་བཞིན་དུ་ཞེ་སྡང་བར་འགྱུར་བ་དང་། གཏི་མུག་པར་འགྱུར་བའི་ཆོས་རྣམས་སྤངས་པས་དེ་བཞིན་གཤེགས་པས་གཏི་མུག་སྤོངས་པར་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་གང་ཡང་དོར་བར་བྱ་བ་འམ། ཐོབ་པར་བྱ་བའི་ཕྱིར་ཆོས་མི་སྟོན་ཏོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པའོ། །གནས་སྐབས་ཀྱི་དགོས་པ་ནི། མདོ་འདི་ཉིད་ལས། ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག།།།འི་བསྟན་པ་འདི་ལ་རབ་ཏུ་བྱུང་པ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ། ཀུན་ཆུབ་པར་བྱེད་པ་འམ། མོས་པ་བྱེད་པ་དེ་དག་གིས་ནི་ཡུལ་འཁོར་གྱི་ཟས་ལེགས་པར་ཟོས་སོ། །དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་རབ་ཏུ་བྱུང་ངོ་། །དེ་དག་གིས་ནི་མིའི་ལུས་ཐོབ་པ་ལེགས་པར་ཐོབ་པོ། དེ་དག་གིས་ནི་བདུད་སྡིག་ཅན་བཏུལ་ལོ། །དེ་དག་གིས་ནི་ངའོ་སྙམ་པའི་ང་རྒྱལ་ངེས་པར་བཅོམ་མོ། །དེ་དག་གིས་ནི་སྦྱིན་གནས་སྦྱངས་སོ། །དེ་དག་གིས་ནི་ཡོན་གནས་སུ་གཟུང་པར་བྱའོ། །དེ་དག་གིས་ནི་བསོད་ནམས་ཀྱི་ཞིང་དུ་ལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་མངོན་པའི་ང་རྒྱལ་ཅན་རྣམས་དང་། འབྲས་བུ་ལ་དམིགས་པ་རྣམས་དང་། བྱང་ཆུབ་ལ་དམིགས་པ་རྣམས་དང་། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་མ་བྱས་པ་རྣམས་

(༨༦༡)ཀྱིས་བཟོད་པར་མི་ནུ་པའི་ཕྱིར་རོ་ཞེས་པས་བསྟན་ཏོ། །མཐར་ཐུག་གི་དགོས་པ་ནི། གདུལ་བྱ་རྣམས་ཀྱིས་མདོའི་དོན་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི་ཉོན་མོངས་པ་དང་། དེའི་གཉེན་པོ་བདེན་དངོས་སུ་རློམ་སྟེ་བསྒོམས་པས་སྤང་བྱ་སྤོང་མི་ནུས་ཀྱི་ཉོན་མོངས་པ་དང་། གཉེན་པོ་རང་བཞིན་མེད་པར་ཤེས་ནས་བསལ་བཞག་བདེན་པ་བ་མེད་པའི་ཚུལ་དུ་བསྒོམས་པས་ཉོན་མོངས་པ་ལས་གྲོལ་བར་བསྟན་པའོ། །མངོན་པར་རྟོགས་པའི་རྒྱན་དང་། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། བཞག་པར་བྱ་བ་ཅུང་ཟད་མེད། ཡང་དག་ཉིད་ལ་ཡང་དག་ལྟ། ཡང་དག་མཐོང་ནས་རྣམ་པར་གྲོལ། ཞེས་གསུངས་པ་དང་དོན་གཅིག་གོ །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། ཕ་མར་གྱུར་པའི་སེམས་ཅན་རྣམས། ཡང་དག་དོན་ལ་མཁས་པ་ཡིས། ཉོན་མོངས་ཞི་ནས་གྲོལ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་དབུས་གྱུར་འཆང་ན་ཡུལ་དབུས་གྱུར་འཆང་བ་རྣམས་ཀྱི་ཤིང་ཨས་མྲ་སྟུག་པོའི་ཚལ་གྱི་གྲོང་འདབ། རི་བཟང་པོ་བེ་དེ་ཧའི་དབང་པོའི་བྲག་ཕུག་ན་ཞེས་པས་སོ། །འཁོར་ཕུན་སུམ་ཚོགས་པ་ནི། དགེ་སློང་ལྔ་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་

(༨༦༢)ཆུབ་སེམས་དཔའ་ཉི་ཁྲི་ལྔ་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱམས་པ་ལ་སོགས་པ་དང་ཐབས་ཅིག་གོ །ལྷའི་བུ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་གཅིག་སྟེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ཤ་སྟག་གོ་ཞེས་པས་བསྟན་ཏོ། །སྟོན་པ་ནི་རེ་ཤིག་འཁོར་བཞི་པོ་རྣམས་ལ་ཆོས་མི་སྟོན་པར་སངས་རྒྱས་ནང་ཕན་ཚུན་འགྲོ་བར་previous hit དགོངས next hit་ནི་ཡང་དེའི་ཚེ་ན་འཇིག་རྟེན་དུ་རྙོག་པ་ལྔ་དག་བྱུང་སྟེ། འདི་ལྟ་སྟེ་ཚེའི་རྙོག་པ་དང་། བསྐལ་པའི་རྙོག་པ་དང་། ཉོན་མོངས་པའི་རྙོག་པ་དང་། སེམས་ཅན་གྱི་རྙོག་པ་དང་། ལྟ་བའི་རྙོག་པ་བྱུང་བའི་ཕྱིར་འཁོར་བཞི་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་དུ་འདི་ལྟ་སྟེ། ཆོས་ཉན་པའི་ཕྱིར་ཤིན་ཏུ་འོང་པར་མ་གྱུར། འོངས་ནས་ཀྱང་ཆོས་ལ་འཐུན་པར་མི་བྱེད། དེ་བཞིན་གཤེགས་པ་ལའང་བཀུར་སྟི་མི་བྱེད། སེམས་ཅན་དག་ཆོས་བཤད་པས་སྐྱོ་ཞིང་འཁོད་ནས་བྲེལ་པ་སྣ་ཚོགས་ཀྱིས་བྲེལ་ན། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་previous hit དགོངས་ཏེ་ཞེས་ next hit་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་དུ་འདུ་བར་འགྱུར་ཞེས་previous hit དགོངས next hit་ལས་དེ་འདི་སྙམ་དུ་གྱུར་ཏེ་ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་འདུ་བར་འགྱུར་ཏེ། འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་བཞི་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཀུན་དུ་སྣང་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇུག་སྲེད་ཀྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུ་བར་འགྱུར་རོ། །སྙམ་མོ་ཞེ་བའི་བར་གྱིས་བསྟན་ཏོ། །ཀུན་དགའ་བོ་སྒོ་བསྲུང་པ་དང་།

(༨༦༣)ཆོས་སྟོན་པར་བསྐོར་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་དེ་རིང་དེ་བཞིན་གཤེགས་པ་དབང་པོའི་བྲག་གི་ཕུག་ཏུ་གཤེགས་སོ། །གཤེགས་ནས་ཀྱང་ཟླ་བ་གསུམ་དུ་ནང་དུ་ཡང་དག་འཇོག་པར་འགྱུར་གྱིས། དེ་དགའ་བོ་ཁྱོད་ཀྱིས་ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་ལ་སོགས་པ་གང་ཡང་དབང་པོའི་བྲག་གི་ཕུག་ཏུ་ཟླ་བ་གསུམ་གྱི་བར་ཏུ་མ་བཏང་ཤིག་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས་སྟོན་པས་འདི་བསྟན་པའི་ཚེ་དགེ་སློང་ལྔ་བརྒྱ་ནི་ཟག་པ་ལས་མ་ལུས་པར་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་བཞི་ཁྲི་ཉིས་སྟོང་གིས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་གསུམ་སྟོང་ནི་ཟག་པ་ལས་མ་ལུས་བར་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་ཁྲག་ཁྲིག་ཕྲག་བདུན་གྱིས་ནི་འདོད་ཆགས་དང་བྲལ་བ་ཐོབ་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་ཀུན་དགའ་བོ་བཅོམ་ལྡན་འདས་བསམ་གཏན་ལ་བཞུགས་པའི་སྟན་བཤམ་པར་བསྐུལ་ཞིང་སྟན་བཤམས་པའི་ཚུལ་སྟོན་པ་ནི། དེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་དེ་འདྲ་བར་བསྟན་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ལོངས་ཏེ། དབང་པོའི་བྲག་གི་ཕུག་ཏུ་སོང་ལ་དེ་བཞིན་གཤེགས་པ་ལ་རྩྭའི་གདིང་བ་ཐིང་ཤིག །དེ་བཞིན་གཤེགས་པ་ནི་རྩྭའི་གདིང་པ་ལ་བཞུགས་ཏེ། ཟླ་བ་གསུམ་དུ་ནང་དུ་ཡང་དག་འཇོག་ལ་བཞུགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་

(༨༦༤)ཏེ། དབང་པོའི་ཕྲག་གི་ཕུག་ཏུ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས་སིལ་སྙན་ཐམས་ཅད་ཀྱང་མ་དཀྲོལ་བར་སྒྲ་བྱུང་ངོ་། །མེ་ཏོག་གི་ཆར་དག་ཀྱང་བབ་སྟེ། མེ་ཏོག་གི་ཆར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དབང་པོའི་བྲག་གི་ཕུག་ཏུ་གཤེགས་ནས་དཀྱིལ་མོ་དཀྲུང་བཅས་ཏེ། སྐུ་དྲང་པོར་བསྲང་ནས་དྲན་པ་མངོན་པར་བཞག་སྟེ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་དབང་པོའི་བྲག་ཕུག་ཏུ་བྱིན་གྱིས་བརླབས་ཏེ། དེ་ཉིད་བཞུགས་པའི་ཚུལ་བསྟན་པའི། སྤྲུལ་དཔའི་སྐུ་བཞག་ནས། དེ་བཞིན་གཤེགས་པ་འཇུག་སྲེད་རྒྱལ་པོ་འི་ཞིང་དུ་བྱོན་པར་སྟོན་པ་ནི། ཡང་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་དབང་པོའི་བྲག་གི་ཕུག་བི་དུརྱ་ལས་བྱས་པ་ལྟ་བུར་གྱུར་པ་དེ་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱས་སོ་ཞེས་པ་ནས། ཅིའི་ཕྱིར་ན། འཇིག་རྟེན་གྱི་ཁམས་ཀུན་ཏུ་འོད་ཅེས་བྱ་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ན། ཉན་ཐོས་དང་རང་སངས་རྒྱས་དག་གི་མིང་ཡང་མི་གྲག་སྟེ། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་ཡོངས་སུ་གང་ལ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་འོད་རང་ལས་བྱུང་ཞིང་ལུས་ཀྱི་མདོག་གསེར་གྱི་ཁ་དོག་ལྟ་བུ་དང་། མཚན་ཡོངས་སུ་རྫོགས་པ་སྣ་ཚོགས་ཀྱི་རིགས་དང་ལྡན་ཞིང་ཀུན་ཏུའང་བྱང་ཆུབ་སེམས་དཔའ་དེའི་འོད་འབྱུང་བས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཀུན་ཏུ་འོད་ཅེས་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པས་སངས་རྒྱས་བགྲོ་བ་དངོས་ནི། དེ་ལ་སངས་རྒྱས་བགྲོ་བ་གང་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའོ། །ཞེས་པ་

(༨༦༥)ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། མ་ཕམ་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ད་ལྟ་ཕྱོགས་བཅུའི་འཇིག་རྟེན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་འཚོ་ཞིང་བཞེས་པ་ཇི་སྙེད་པ་དང་། མ་འོངས་པའི་དུས་ན་སྤྱད་པ་སྤྱོད་པ་དང་། སྤྱོད་པར་འགྱུར་བ་དང་། ཡོངས་སུ་བརྟག་པ་བཟུང་ན། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། སྟོབས་བཅུ་དང་ལྡན་པར་གྱུར། གང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ཀྱང་ཡོངས་སུ་བརྟག་པ་བཟུང་ན། ཉན་ཐོས་དང་། རང་སངས་རྒྱས་དང་བཅས་ཏེ་སླར་བཞུགས་པར་གྱུར་ལ། དེ་སྙེད་ཀྱི་དེ་བཞིན་གཤེགས་པ་མང་པོ་ལ་ཕྱི་མའི་མཐར་ཐུག་གི་བར་དུ་བདེ་བའི་ཡོ་བྱད་ཀྱིས་བཀུར་སྟི་བྱས། རིམ་གྲོ་བྱས། སྟི་སྟང་བྱས། མཆོད་པར་བྱས་ཤིང་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཡུན་དེ་སྲིད་དུ་མཆོད་པར་བྱས་ན། བྱང་ཆུབ་སེམས་དཔའ་བསོད་ནམས་མང་དུ་འཕེལ་བར་འགྱུར་རམ། མ་ཕམ་པས་གསོལ་པ། བཅོམ་ལྡན་འདས་བདག་གིས་འདི་ཐོས་ནས་སེམས་ཀྱང་རྨོངས་པར་གྱུར་ཏེ། དེ་ལྟར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། མ་ཕམ་པ་གང་ཆོས་ཀྱི་རྣམ་གྲངས་འདི་ལེན་པར་བྱེད། འཛིན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་རྒྱ་ཆེར་སྟོན་པར་བྱེད་ཅིང་། ཆུང་ངུ་ན་ཐོས་ནས་མོས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བས་ཀྱང་ཤིན་ཏུ་བསོད་ནམས་འཕེལ་བར་འགྱུར་རོ། །མ་ཕམ་པ་དང་

(༨༦༦)མྱ་ངན་ལས་འདས་ནས་གང་བུ་མེད་ལ་ལ་ཞིག་གིས་སྲིང་མོ་ཐེ་ཚོམ་སེལ་བ་དེ་འམ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་འམ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་དེའི་མཚན་ཐོས་སམ། ཆུང་ངུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དེ་ཉིད་དེའི་ལུས་ཐ་མར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་མྱུར་ཏུ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །ཚེ་འདས་ནས་ཀྱང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་འགྱུར་རོ། །མི་ཁོམ་པ་བརྒྱད་ཀྱང་ཡོངས་སུ་སྤོང་བར་འགྱུར་རོ། །ཚེ་རབས་ཀྱང་དྲན་པར་འགྱུར་རོ། །གཟུངས་ཀྱང་ཐོབ་པར་འགྱུར་རོ། །སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱང་ཐོབ་པར་འགྱུར་རོ། །གཞན་ཡང་མངལ་དུ་མི་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་ནི་བུ་མེད་གང་དག་བདག་ཅག་གི་མིང་ཐོས་པ་དེ་ཡོན་འདི་དག་དང་ལྡན་པར་གྱུར་ཅིག །ཅེས་སྨོན་ལམ་འདེབས་པའི་ཕྱིར་རོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། སངས་རྒྱས་འགྲོ་བའི་དོན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཚུལ་དང་། སེམས་དང་པོ་བསྐྱེད་པ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་ཅིང་། ས་བཅུ་ཡོངས་སུ་སྦྱོང་བ་ནི་སངས་རྒྱས་བགྲོ་བ་ཡིན་པ་དང་། ཡང་ཡི་གེ་མཉམ་པ་ཉིད་དང་། སྐད་མཉམ་པ་ཉིད་དང་། ཡི་གེའི་རྣམ་པའི་སྒོར་འཇུག་པ་རྣམས་རྒྱ་ཆེར་བསྟན་པ་ནི། སངས་རྒྱས་བགྲོ་བ་ཡིན་པ་དང་། ཡང་སངས་རྒྱས་རྣམས་ནི་སྨྲས་བསམ་བརྗོད་ལས་འདས་པར་བསྟན་པ་སངས་རྒྱས་བགྲོ་བ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་ཞིང་ཀུན་དུ་འོད་དུ་ཕྱིན་པ་ན། ཞིང་དེ་ནས་ཕྱིར་བསྐྲད་དེ། ཞིང་དེར་མ་ཚུད་པའི་

(༨༦༧)བསྟན་པ་དང་། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་བྱིན་གྱིས་བརླབས་པས། འཇམ་དཔལ་ཞིང་དེར་ཚུད་པའི་ཚུལ་བསྟན་པ་དང་། སྲིང་མོ་ཐེ་ཚོམ་སེལ་བ་ཞིང་དེ་ནས་མ་བསྐྲད་པའི་རྒྱུ་བསྟན་པ་དང་། སྲིང་མོ་ཐེ་ཚོམ་སེལ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ཀྱི་དྲི་ལན་གྱི་དོན་བསྟན་པའི་ཕྱིར་དུ་ཏིང་ངེ་འཛིན་ལས་སློང་ཚུལ་བསྟན་པ་དང་། སྲིང་མོ་ཐེ་ཚོམ་སེལ་བ་བྱང་ཆུབ་ཏུ་ལུང་བསྟན་པའི་ཚུལ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་ཅིག་གོ །རྒལ་ལན་ནི། ཁ་ཅིག་ན་རེ། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་རྣམས་ནི་ཧ་ཤང་གི་བསྒོམ་ཡིན་པས་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །ཞེས་ཟེར་བ་ནི་མི་རིགས་ཏེ། མདོ་འདི་ཉིད་ནས། འདི་ལྟ་སྟེ། ཆོས་ཐམས་ཅད་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ། ཆོས་ཐམས་ཅད་མི་གནས་པ། ཆོས་ཐམས་ཅད་གནས་པ་མེད་པ་སྟེ། ཅིའི་ཕྱིར་མི་གནས་ཤེ་ན། འཁྲོ་བ་མེད་པའི་ཕྱིར་ཏེ། ཆོས་གང་ཡང་ཤིན་དུ་ཡོད་པ་མེད་དེ། དེའི་ཕྱིར་དེ་དག་མི་འགྲོའོ། །གང་མི་འགྲོ་བ་དེ་ནི་མི་གནས་སོ། །འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་སྟོན་པ་དང་། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི། འཇམ་དཔལ་གྱི་དྲན་པ་ཉེ་བར་འཇོག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྒྲ་དོན་འདྲེ་རུང་འཛིན་པའི་རྟོག་པ་མེད་པའི་མངོན་སུམ་གྱི་ཏིང་ངེ་འཛིན་བསྒོམ་པ་ནི། ཟབ་དོན་གྱི་མན་ངག་ཐམས་ཅད་ཀྱི་previous hit དགོངས next hit་ཡིན་ནོ། །དེའི་ཆ་ལག་ཏུ་དངོས་པོའི་གནས་ཐབས་ངེས་པའི་ཤེས་རབ་སྤོང་བ་ནི་མ་

(༨༦༨)ཡིན་ནོ། །དེས་ན་དངོས་པོའི་གནས་ཐབས་ཅིར་ཡང་མི་བདེན་བ་ལ་དམིགས་ནས། བློའི་བཞག་ཐབས་ཅིར་ཡང་མི་རྟོག་པའི་མངོན་སུམ་རྟོག་བྲལ་མ་འཁྲུལ་བ་བསྒོམ་པ་ཡིན་ཏེ། འདི་ནི་མངོན་སུམ་ཚད་མ་ལམ་དུ་བྱེད་པ་ཡིན་ནོ། །དེས་ན་རྗེས་དཔག་གི་རྗེས་སུ་འབྲངས་པའི་རྟོག་བསྒོམ་ཙམ་ལ་དད་པ་རྒྱུན་མཚན་དུ་བྱས་ནས། མངོན་སུམ་ལམ་དུ་བྱེད་པའི་རྣམ་པར་མི་རྟོག་པ་བསྒོམ་པ་ལ་མི་དད་ཅིང་སྤོང་བ་ནི་ཤིན་དུ་ལྕི་བའི་ཆོས་སྤོང་ཡིན་པས། ངན་སོང་གི་གཡང་སར་འཕྱོངས་པ་ཡིན་ནོ། །ཤེས་ལྡན་དག་གིས་ལེགས་པར་སོམས་ཤིག །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སངས་རྒྱས་བགྲོ་བའི་དོན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །གཉུག་མར་གནས་པའི་འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་སོ། །སྟོན་པ་ནི་དེའི་ཚེ་དེ་བཞིན་གཤེགས་པ་བསོད་སྙོམས་གཅིག་གིས་ཟླ་བ་གསུམ་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཟླ་བ་གསུམ་པོ་འདས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །

(༨༦༩)འཁོར་གསར་དུ་འདུས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཟླ་བ་གསུམ་པོ་འདས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་ཞེས་པ་ནས། དེ་ནས་ལྷའི་བུ་ཉི་མ་དང་། ལྷའི་བུ་ཟླ་བ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་བཅོམ་ལྡན་འདས་ཀྱི་གནས་པ་དྲིས་པ་ནི། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་གནས་པ་གང་གིས་དགུང་ཟླ་བ་གསུམ་བཞུགས་ཤིང་། བཅོམ་ལྡན་འདས་ཀྱི། དབང་པོ་རྣམས་ནི་ཡོངས་སུ་དང་། ཞལ་མདོག་ནི་ཡོངས་སུ་དག །སྐུ་མདོག་ནི་ཡོངས་སུ་དཀར་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་གནས་པ་གང་ལ་བཞུགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ང་ནི་སངས་རྒྱས་བགྲོ་བས་ཟླ་བ་གསུམ་གནས་ཤིང་། འཇམ་དཔལ་ང་ནི་དེ་བཞིན་གཤེགས་པ་བགྲོ་བ་དང་། ཆོས་འགྲོ་བས་ཟླ་བ་གསུམ་གནས་སོ་ཞེས་པས་བསྟན་ཏོ། །གནས་པ་དེའི་དོན་གཞུ་བ་པོས་ཞུས་པ་ནི། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བགྲོ་བ་དང་། དེ་བཞིན་གཤེགས་པ་བགྲོ་བ་དང་། ཆོས་བགྲོ་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱི་སངས་རྒྱས་བགྲོ་བ་དང་། དེ་བཞིན་གཤེགས་པ་བགྲོ་བ་དང་། ཆོས་བགྲོ་བ་དེའི་ངོ་བོ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པ་ཐབས་ཅིག་ཏུ་མོལ་

(༨༧༠)བ་མཛད་པ་ཇི་ལྟ་བུ་ལགས་པའི་བཀའ་མཆིད་དེའི་སྣོད་དུ་བདག་ཀྱང་གྱུར་ན་ལེགས་སོ་ཞེས་པས་བསྟན་ཏོ། །དེའི་ལན་གསུངས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དེ་དག་དང་། ཐབས་ཅིག་ཏུ་བགྲོ་བའི་ངོ་བོ་གང་ཡིན་པའི་དོན་འདི་ཉིད་འདྲི་བར་སེམས་པ་ནི་འཇམ་དཔལ་ཁྱོད་ཡང་ལེགས་སོ། །འཇམ་དཔལ་ཁྱོད་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང་སངས་རྒྱས་འབུམ་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད། སངས་རྒྱས་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་སུ་ཟིན་ཀྱང་། འཇམ་དཔལ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་མཐུས་ན་ཆོས་བགྲོ་བ་ལ་ཁྱོད་སྤོབས་སོ་ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི། མདོ་འདི་ཉིད་ལས། ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀུན་ཆུབ་པར་བྱེད་དམ། འཇུག་པར་བྱེད་པ་དེ་ལ་ནི་ཚེ་འདི་ལ་ཡོན་ཏན་ལྔ་བརྒྱ་འབྱུང་བར་འགྱུར་རོ། །ལྔ་བརྒྱ་གང་ཞེ་ན། ལུས་ལ་ཡོན་ཏན་བརྒྱ་དང་། ངག་གི་ལས་ཀྱི་ཡོན་རན་བརྒྱ་དང་། ཡིད་ཀྱི་ལས་ཀྱི་ཡོན་ཏན་བརྒྱ་དང་། ཀུན་དུ་བསྲུང་བའི་ཡོན་ཏན་བརྒྱ་དང་། ཆོས་ཀྱི་ཡོན་ཏན་བརྒྱ་པོ་དག་གོ །ཀུན་དགའ་བོ་དེ་ལ་ལུས་ལ་གནས་པའི་སྲིན་བུའི་རིགས་གང་དག་ཡིན་པ་དེ་དག་དེའི་ལུས་ལ་འབྱུང་པར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟར་ན་དེ་དག་ལ་མིག་ནད་མི་འབྱུང་ཞིང་རྣ་བའི་ནད་མེད། སྣའི་ནད་མེད། ལྕེའི་ནད་མེད་ཅིང་ལུས་ཀྱི་ན་

(༨༧༡)ཀྱང་མི་འབྱུང་ངོ་། །མིག་ལ་སྡུག་བསྔལ་མི་འབྱུང་ཞིང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་སྡུག་བསྔལ་མི་འབྱུང་ངོ་། །མིག་ལ་ཀུན་ནས་གནོད་པ་མི་འབྱུང་ངོ་། །མིག་མི་གསལ་བར་མི་འགྱུར་རོ། །མིག་ཟུམ་པར་མི་འགྱུར་རོ། །མིག་འཁྲུལ་པར་མི་འགྱུར་རོ། །མིག་འཇིགས་འཇིགས་ལྟ་བུར་མི་འགྱུར་རོ། །མིག་ལོང་པར་མི་འགྱུར་རོ། །མིག་ཡོན་པོར་མི་འགྱུར་རོ། །མིག་ཟུར་གྱིས་བལྟ་བར་མི་འགྱུར་རོ། །མིག་གསལ་བར་འགྱུར་རོ། །མིག་ཀུན་ཏུ་བལྟ་བར་འགྱུར་རོ། །མིག་མ་ཉམས་ཤིང་གཞོན་བག་ཅན་དུ་འགྱུར་རོ། །མིག་རྨ་བྱའི་མགྲིན་པ་ལྟ་བུ་དང་། མིག་གླང་པོའི་རྒྱལ་པོ་འགྱིང་ཞིང་འགྲོ་བ་ལྟ་བུར་འགྱུར་རོ། །གསང་བ་སྦ་བར་འགྱུར་རོ། །ཡན་ལག་བཅུ་རྣམ་པར་དག་པར་འགྱུར་རོ། །ཉིང་ལག་བཅུ་རྣམ་པར་དག་པར་འགྱུར་རོ། །ཉིང་ལག་མེད་པ་བཅུ་རྣམ་པར་དག་པར་འགྱུར་རོ། །རྣ་བ་བཅུ་རྣམ་པར་དག་པར་འགྱུར་རོ། །ལྕེ་བཅུ་རྣམ་པར་དག་པར་འགྱུར་རོ། །བ་སྤུའི་ཁུང་བུ་འཁོར་ལྔ་པོ་རྣམ་པར་དག་པར་འགྱུར་རོ། །འབྲས་ཆན་ལ་ཡོད་པའི་རོ་བྲོ་བ་ཉི་ཤུ་རྩ་གཅིག་མྱང་བ་རྣམ་པར་དག་པར་འགྱུར་ཏེ། ལུས་ཀྱི་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་ལ་དག་གི་ལས་ཀྱི་ཡོན་ཏན་བརྒྱ་ཐོབ་པར་འགྱུར་བ་གང་ཞེ་ན། དབྱངས་ཀྱིས་བསྒྱུར་པའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང་། གཞན་བསྲུངས་པའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང་། མ་འོངས་པའི་སྐྱོན་བསྲུངས་པའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང་། ད་ལྟར་བྱུང་པའི་སྐྱོན་བསྲུངས་པའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང་། སངས་རྒྱས་ཀྱིས་གནང་བའི་ངག་གི་ལས་བཀྲ་ཤིས་པ་བཅུ་དང་། ལས་ཀྱི་རྗེས་སུ་

(༨༧༢)འབྲེལ་པའི་ངག་གི་ལས་བཅུ་དང་། ལྷས་གནང་བའི་ངག་གི་ལས་དང་ཞིང་ཕན་པ་བཅུ་དང་། བསླབ་པ་ཡོངས་སུ་བཟུང་བའི་ངག་གི་ལས་བཅུ་དང་། ངོ་བོ་ཉིད་ཀྱིས་ཡོན་ཏན་དང་ལྡན་པའི་ངག་གི་ལས་བཅུ་སྟེ། ངག་གི་ལས་ཀྱི་ཡོན་ཏན་བརྒྱ་པོ་འདི་དག་འཐོབ་པར་འགྱུར་རོ། །དེ་ལ་ཡིད་ཀྱི་ཡོན་ཏན་བརྒྱ་ཐོབ་པར་འགྱུར་བ་གང་ཞེ་ན། ཡིད་ཀྱི་ལས་གཅིག་པོ་མི་མཐུན་པ་དེ་དང་བྲལ་བར་འགྱུར་བ་སྟེ། གང་ཞེ་ན། དེས་སྨྲ་བ་སྔོན་དུ་བཏང་སྟེ་ཚིག་བརྗོད་པ་ན་གང་ཡིད་ཀྱི་ལས་མི་མཐུན་པའི་རྗེས་སུ་འཇུག་པ་དང་བྲལ་བར་འགྱུར་བ་ཡིན་ནོ། །སེམས་གཡེངས་པར་མི་འགྱུར་རོ། །སེམས་ལ་གནོད་པར་མི་འགྱུར་རོ། །སེམས་འདུ་ཤེས་ཅན་དུ་མི་འགྱུར་རོ། །དེའི་སེམས་ལ་མི་མཐུན་པ་མེད་པར་འགྱུར་རོ། །བློ་དང་ལྡན་པར་འགྱུར་རོ། །རྟོགས་པ་དང་ལྡན་པར་འགྱུར་རོ། །ངེས་པར་འགྱུར་རོ། །སྤྱོད་པ་དང་ལྡན་པར་འགྱུར་རོ། །ཆོ་ག་ལ་མཁས་པར་འགྱུར་རོ། །རྟགས་ཕུན་སུམ་ཚོགས་པར་འགྱུར་རོ། །གཡོག་ཕུན་སུམ་ཚོགས་པར་འགྱུར་རོ། །སྤྱོད་ལམ་ཕུན་སུམ་ཚོགས་པར་འགྱུར་རོ། །དྲན་པ་དང་ལྡན་ཞིང་མི་གཡོ་བར་འགྱུར་རོ། །སེམས་མི་སྒུལ་ཞིང་བརྟན་པར་འགྱུར་རོ། །ཡོན་ཏན་བསྒྲུབ་པར་འགྱུར་རོ། །སེམས་འཇམ་པར་འགྱུར་རོ། །ཕྱིར་མི་ལྡོག་པར་འགྱུར་རོ། །སེམས་མི་གཡོ་བར་འགྱུར་རོ། །སེམས་དང་མཐུན་པར་འགྱུར་ར་ཏེ། སེམས་བརྟན་པ་དེ་དང་། ཕྱིར་མི་ལྡོག་པ་དེ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གཟིགས་བཞེད་པར་འགྱུར་ལ། ལྷ་རྣམས་ཀྱང་བལྟ་འདོད་པར་འགྱུར་ཞིང་ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། དྲི་ཟའ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱང་བལྟ་འདོད་པར་འགྱུར་རོ། །དེ་ལ་ལྷ་རྣམས་ཀྱང་སྙན་

(༨༧༣)པར་སྨྲ་ཞིང་ཀླུ་རྣམས་དང་། དྲི་ཟ་རྣམས་དང་། གནོད་སྦྱིན་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱང་སྙན་པར་སྨྲ་ལ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྙན་པ་གསུང་པར་འགྱུར་རོ། །ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། མི་མ་ཡིན་པ་རྣམས་ཀྱིས་བསྔགས་པར་བྱ་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བསྔགས་པར་བྱ་བ་སྟེ། དེ་ཉིད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉེ་བར་བསྒྲུབ་པར་མཛད་དོ། །ཀུན་དགའ་བོ་གང་ལ་ལ་དག་མདོ་སྡེ་འདི་འཆང་ངམ་། སྟོན་པ་དེ་དག་གིས་ནི་ཡོན་ཏན་བརྒྱ་པོ་མང་པོ་ལ་རེ་བར་བྱའོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདིར་ནི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་བསྡུས་སོ། །ཀུན་དགའ་བོ་དེ་ཅིའི་ཕྱིར་ཞེ་ན། འདིར་ནི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་ཏེ། དེ་ནི་སངས་རྒྱས་བགྲོ་བ་འདི་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་བགྲོ་བ་དང་། དེ་བཞིན་གཤེགས་པ་བགྲོ་བ་དང་། ཆོས་བགྲོ་བ་འདི་ནི་སྐྱེས་བུ་དམན་པ་རྣམས་ཀྱི་ལག་ཏུ་འོང་བར་མི་འགྱུར་ཞིང་ལེ་ལོ་ཅན་རྣམས་ཀྱི་ལག་ཏུ་འོང་པར་མི་འགྱུར་ཏེ། སེམས་ཅན་དེ་དག་ནི་དམན་པར་མི་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་སངས་རྒྱས་བགྲོ་བ་གང་དག་གི་ལག་ཏུ་འོང་པར་འགྱུར་བའི་སེམས་ཅན་དེ་དག་ནི་བརྩོན་འགྲུས་བརྩམས་པར་འགྱུར་ལ། སེམས་ཞུམ་པ་མེད་པ་རྣམས་དང་། སེམས་ཚར་བཅད་པ་རྣམས་ཀྱི་ལག་ཏུ་འོང་བར་འགྱུར་རོ། །ཀུན་དགའ་བོ་སངས་རྒྱས་བགྲོ་བ་འདི་སེམས་ཅན་ཚར་མ་བཅད་པ་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་འདི་ནི་བདུད་རྣམ་པར་འཇོམས་པར་རིག་པར་བྱའོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་གྱིས་

(༨༧༤)མ་གྲུབ་པ་ལ་བརྟེན་ཅིང་། ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་ལ་བརྟེན་ནས་བྱུང་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། འགའ་ཞིག་ན་རེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དེ་བཞིན་ཉིད་ལ་བརྟེན་པར་བསྟན་པའི་དོན་སངས་རྒྱས་ཀྱི་ཆོས་ཉིད་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། དེ་ལ་སངས་རྒྱས་ཐམས་ཅད་བརྟེན་པ་ཡིན་ནོ། །ཞེས་ཟེར་བ་མདོའི་དོན་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཉིད་ནི་སངས་རྒྱས་ཀྱི་སྐུ་མ་ཡིན་པའི་ཕྱིར་ཏེ་ངོ་བོ་ཉིད་ཀྱི་སྐུ་ནི་དག་པ་གཉིས་ལྡན་གྱི་ཡེ་ཤེས་ཀྱི་སྐུ་ཡིན་ལ། དེ་ཉིད་ནི་ཚོགས་གཉིས་ཀྱི་སྐྱེད་འབྲས་ཡིན་ཅིང་། སངས་རྒྱས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་གི་ཆ་ནི་སེམས་ཅན་གྱི་དུས་ཉིད་ནས་རང་ཆས་སུ་ཡོད་པ་ཡིན་ལ། སྐུའི་མཚན་ཉིད་དང་མི་ལྡན་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཉིད། སངས་རྒྱས་ཀྱི་སྐུ་ཡིན་ན། སེམས་ཅན་གྱི་ཆོས་ཉིད་སེམས་ཅན་གྱི་ལུས་ཡིན་པར་མཚུངས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དེ་བཞིན་གཤེགས་རྣམས་འགྲོ་བ་ཡི། ཆོས་ཉིད་ཟབ་མོ་རྟོགས་གྱུར་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཀའ་བར་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བྱེད་པ་ཅན་ན་རྙོག་པ་སེལ་བ་ཞེས་བྱ་བའི་བྱེད་པ་ཅན་གྱི་གྲོང་རྡལ་དུ་སྣང་བ་འཕེལ་བ་ཞེས་བྱ་བའི་རི་ལ་དྲང་སྲོང་རྟ་རླུང་ཞེས་བྱ་བ་དཀའ་ཐུབ་ལ་གནས་པ་ན་ཞེས་པས་བསྟན་ཏོ། །འཁོར་ལ་གསུམ་ལས། ཐེག་པ་ཐུན་མོང་བའི་འཁོར་ནི། དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་

(༨༧༥)དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཆགས་པ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་སྤྲུལ་པ་ཚད་མེད་པའི་བྱམས་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་སྟོབས་རྗེས་སུ་ཐོབ་པ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་བྱམས་པ་དང་དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དང་ཞེས་པའི་བར་གྱིས་བསྟན་ཏོ། །དྲང་སྲོང་གི་འཁོར་ནི། སྔོན་དུ་འགྲོ་བ་དྲང་སྲོང་རྟ་རླུང་དང་། དྲང་སྲོང་སྟོང་ཕྲག་སུམ་བཅུ་དང་ལྷ་ཕྲན་བརྒྱ་སྟོང་ཕྲག་བཅྭ་བརྒྱད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཡོངས་སུ་བསྐོར་ནས་ལྷན་ཅིག་ཏུ་འཁོད་དོ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་ལ་གདན་བཤམས་པར་བསྐུལ་ཏེ་གདན་ལ་བཞུགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལེགས་པར་འོངས་པ་ལ་བཀའ་སྩལ་པ་ཞེས་པ་ནས། ཕོ་བྲང་ཟླུམ་པོར་བཤམས་པ་ཉིད་དུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་དགེ་སློང་གཞན་དག་ཀྱང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། བཅོམ་ལྡན་འདས་གདན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་ཞེས་བགྱི་ན་བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་ཞེས་བགྱི་བ་ནི་གང་ལགས། དེ་བཞིན་གཤེགས་པས་འཇིག་རྟེན་དུ་བཏགས་པས་བཏགས་པ་ནི་ཇི་ལྟ་བུ་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་འཇིག་རྟེན་འཇིག་རྟེན་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་འཇིག་རྟེན་དུ་བརྟགས་པས་བཏགས་པ་ནི་ཇི་ཙམ་ཞེས་དགེ་སློང་ཁྱོད་དེ་སྐད་འདྲི་འམ། བཅོམ་ལྡན་འདས་དེ་བཞིན་ནོ། །

(༨༧༦)དེའི་ཕྱིར་དགེ་སློང་ཁྱོད་ལེགས་པར་ཉོན་ལ་ཤིན་དུ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མདོ་ཉིད་ལས། རིགས་ཀྱི་བུ་ཡུལ་གང་ན། ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་རབ་ཏུ་འཆད་པའི་ཡུལ་དེར་ཡོན་ཏན་གྱི་ཁྱད་པར་དང་། དཔལ་ཕུན་སུམ་ཚོགས་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དེའི་རྒྱལ་པོ་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། རྒྱལ་པོ་ནད་མེད་པར་འགྱུར་བ་དང་། གནོད་པ་ཉུང་ཞིང་ཚེ་རིང་པར་འགྱུར་བ་དང་། རྡུལ་དང་བྲལ་ཞིང་རྒོལ་བ་དང་དགྲ་མེད་པར་འགྱུར་བ་དང་། སྟོབས་དང་བརྩལ་ཐགས་ཐོགས་མེད་ཅིང་དགའ་བ་མང་ལ་ཆོས་འདོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀླུ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་པ་དང་། གནོད་སྦྱིན་གྱི་བདག་པོ་རྣམས་ཀྱི་རབ་ཏུ་བསྲུང་པར་འགྱུར་རོ། །བཞིན་བཟངས་དག་དང་དེ་ལ་དེ་ལྟར་མཉམ་པ་མེད་དོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་པ་དང་། གནོད་སྦྱིན་གྱི་བདག་པོ་རྣམས་ཀྱིས་ཚིག་འཐུན་པར་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ཏེ། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་རྒྱལ་པོར་འགྱུར་བ་དེའི་སླད་བཞིན་དུ་བདག་ཅག་འབྲང་ཞིང་གནོད་པ་ལས་བསྐྱབ་པར་བགྱིའོ། །བྲོ་ནད་ཞི་བར་བགྱིའོ། །དེའི་ཚེ་བསྐྱང་པར་བགྱིའོ། །དེ་དགྲ་ལས་སྐྱབ་པར་བགྱིའོ། །དཔལ་དང་བསྐལ་པ་བཟང་པོ་དང་ཆོས་ལ་དགའ་བ་ཉེ་བར་བསྟན་པར་བགྱིའོ། །སྟོབས་དང་རྩལ་ཐགས་ཐོགས་མ་མཆིས་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་ལེགས་སོ་ལེགས་སོ། །ཁྱོད་ཇི་སྐད་སྨྲས་པ་བཞིན་དུ་ཉམས་སུ་ལོང་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འོས་

(༨༧༧)པ་དང་ལྡན་པའི་རྒྱལ་པོ་ཡུལ་གང་དུ་ཆོས་དང་ལྡན་པར་འགྱུར་བར་བདག་ཅག་མ་དངས་དང་། སྟོབས་དང་། གཟི་བརྗིད་དང་། འཁོར་འཕེལ་བར་འགྱུར་རོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ཏེ། ཡུལ་གང་དུ་བཟོད་པ་འདི་རབ་ཏུ་འཆད་པར་འགྱུར་བའི་ཡུལ་དེར་རྒྱལ་པོའི་ཞམ་རིང་བ་དང་། བློན་པོ་རྣམས་ཀྱི་ཡོན་ཏན་དང་ལེགས་པ་བཞི་འབྱུང་སྟེ་བཞི་གང་ཞེ་ན་ཡུལ་དེར་རྒྱལ་པོའི་ཞམ་རིང་བ་དང་བློན་པོ་རྣམས་ཕན་ཚུན་བཟོད་པ་དང་། དེས་པ་དང་། དགའ་བ་དང་། གུས་པའི་སེམས་སུ་འགྱུར་བ་དང་། རྒྱལ་པོ་ཡང་བྱམས་པར་འགྱུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་སྐྱེས་པ་དང་། བུད་མེད་དང་། ཁྱིའུ་དང་། བུ་མོ་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང་། ཆོས་འདོད་པར་འགྱུར་གྱི་རྙེད་པ་མི་འདོད་དེ། ཕྱོགས་བཅུར་གྲགས་པའི་སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེར་གྲགས་ཤིང་ཚེ་རིང་བ་དང་། བདེ་བ་དང་། ཡིད་བདེ་བ་མང་པོར་འགྱུར་པ་སྟེ། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དེ་ནི་རྒྱལ་པོའི་ཞམ་རིང་བ་དང་། བློན་པོ་རྣམས་ཀྱི་ཡོན་ཏན་དང་བསྔགས་པར་འགྱུར་བ་ནི་དེ་དག་གོ །གཞན་ཡང་ཡུལ་གང་དུ་བཟོད་པ་འཆད་པར་འགྱུར་བའི་ཡུལ་དེར་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། ཡུལ་དེར་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་རྙེད་པར་འགྱུར་བ་དང་། བསམ་གཏན་བྱེད་པ་ལ་བརྩོན་པར་འགྱུར་བ་དང་། རི་ལ་མངོན་པར་དགའ་ཞིང་རབ་ཏུ་དབེན་པར་འགྱུར་བ་དང་། སེམས་ལས་བྱུང་བའི་བདེ་བ་བཞི་ལ་གནས་པ་རྙེད་པར་འགྱུར་རོ། །ཡུལ་གང་དུ་བཟོད་པ་འདི་འཆད་བར་འགྱུར་བའི་ཡུལ་དེའི་གྲོང་རྡལ་དང་ལྗོངས་ཀྱི་མི་རྣམས་ཀྱི་ལེགས་པ་བཞི་འབྱུང་པར་

(༨༧༨)འགྱུར་ཏེ། བཞི་གང་ཞེ་ན། ཁྲོན་པ་དང་ཆུ་མིག་དང་ལྡན་པར་འགྱུར་པ་དང་། གནོད་པ་མེད་པར་འགྱུར་བ་དང་། ལས་ཀྱི་མཐའ་གྲུབ་པར་འགྱུར་བ་དང་། སྦྱིན་པའི་གནས་སྣོད་དུ་གྱུར་པ་རྣམས་དང་མི་འབྲལ་བར་འགྱུར་བའོ། །གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེར་བུད་མེད་རྣམས་ཀྱི་ལེགས་པ་བཞི་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། ཡུལ་དེའི་བུད་མེད་ཕྲག་དོག་དང་། ཁྲོ་བ་རྣམས་པར་སྤོང་བར་འགྱུར་བ་དེང་། སྐྱེ་བོ་ཐམས་ཅད་ལ་བཟོད་པར་འགྱུར་བ་དང་། བུ་རྙེད་པར་འགྱུར་བ་དང་། ནད་ཉུང་པར་འགྱུར་པའོ། །གཞན་ཡང་བུད་མེད་གང་བཟོད་པ་འདི་ཉན་པ་དེ་ལ་དད་པ་རྙེད་ཅིང་ཆོས་སྨྲ་བ་ལ་ཕན་ཟེར་བ་དེ་ནི་བུད་མེད་དུ་གྱུར་པའི་ཐ་མ་ཡིན་ཏེ། སྙིང་པོ་བྱང་ཆུབ་ཀྱི་བར་དུ། བུད་མེད་ཐ་མར་མི་འགྱུར་ཏེ། གཞན་དུ་ན་བདག་ཉིད་ཀྱིས་འདོད་པ་ནི་མ་གཏོགས་སོ། །གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དག་ན་གཞན་གྱི་འཁོར་དང་། ནང་གི་འཁོར་གྱིས་ཡུལ་གནོད་པར་མི་འགྱུར་རོ། །ཆར་མི་འབབ་པ་དང་། མུ་གེ་འབྱུང་བ་དང་། དུས་མ་ཡིན་པའི་རླུང་དང་། ཆར་དང་། གྲོང་རྡལ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་སྙུང་དང་། སྦྲང་མ་དང་། བྱི་བ་དང་། འགྲོ་བ་ཁྲོ་བོ་དང་། སྦྲུལ་ཁྲོ་བོ་དང་། གཅན་ཟན་ཁྲོ་བོ་དང་། རོ་བྲོ་བ་མེད་པ་དང་། རྩུབ་པ་དང་། བདེ་མོ་དང་། མི་བདེ་བར་རེག་པ་དང་། བཟའ་བ་དང་། བཏུང་པ་དང་། གོས་དང་། ལྕགས་སྒྲོག་དང་། དབྱིག་ པ་དང་། གཤེ་བ་དང་། མི་སྙན་པ་ཟེར་བ་དང་། རྡེག་པ་དང་། དུས་མ་ཡིན་པར་འཆི་བ་དང་། ནད་ཀྱིས་གནོད་པ་ཡུལ་དེ་ན་མེད་པར་འགྱུར་རོ། །ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དག་གིས་ཀྱང་ཡུལ་

(༨༧༩)དེ་ཤིན་ཏུ་བསྲུང་ཞིང་སྐྱོབ་པར་འགྱུར་རོ། །རིགས་ཀྱི་བུ་དག་ཡུལ་གང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་འཆད་ཅིང་སྟོན་པར་འགྱུར་བའི་ཡུལ་དེར་གནོད་པ་བཅུ་པོ་དེ་དག་གི་ཡུལ་ཐམས་ཅད་མི་གཙེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བཟོད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནས་སངས་རྒྱས་ཀྱི་previous hit དགོངས next hit་མཐའ་དག་ཡོངས་སུ་ཐོབ་པར་བྱེད་པའོ། །བཟོད་པ་འདིའི་མིང་འགའ་ཞིག་གི་རྣ་ལམ་དུ་ཐོས་པ་ཡང་སྙིང་པོ་བྱང་ཆུབ་ཀྱི་བར་དུ་གང་ཟག་དེ་མི་ཁོམ་པ་བརྒྱད་དང་བྲལ་བར་འགྱུར་རོ། །གང་གིས་བཟོད་པ་བསྒོམས་པ་འདི་ཐོག་ཐག་ཉན་པ་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་ལྟར་མཐུ་ཆེ་བའོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཉིས་ལས། ཉན་ཐོས་རྣམས་ཀྱི་བསམ་གཏན་གྱི་ལེའུ་སྟེ་དང་པོ་དང་། དྲང་སྲོང་གི་ལེའུ་སྟེ་གཉིས་པ་དང་། བྱང་ཆུབ་སེམས་དཔའི་གོ་ཆ་བསྟན་པའི་ལེའུ་སྟེ་གསུམ་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་པ་དང་། སེམས་ཅན་ཉེ་བར་འཚོ་བའི་བཟོད་པ་བསྟན་པའི་ལེའུ་སྟེ་ལྔ་པ་དང་། བརྩོན་འགྲུས་དང་། སྟོབས་ཀྱི་བཟོད་པ་རབ་ཏུ་བསྟན་པའི་ལེའུ་སྟེ་དྲུག་པ་དང་། ཞི་བ་དང་། བདེ་བ་དང་། མྱ་ངན་ལས་འདས་པའི་ལམ་བསྟན་པའི་ལེའུ་སྟེ་བདུན་པ་དང་། བདེན་པ་བཞི་བསྟན་པས། དགྲ་བཅོམ་པའི་བར་གྱི་འབྲས་བུ་ཐོབ་པར་བསྟན་པའི་ལེའུ་སྟེ་བརྒྱད་པ་དང་། རྟེན་འབྲེལ་བསྟན་པས་རང་སངས་རྒྱས་སོགས་ཀྱི་འབྲས་བུ་ཐོབ་

(༨༨༠)པར་བསྟན་པའི་ལེའུ་སྟེ་དགུ་པ་དང་། བྱང་ཆུབ་སེམས་དཔའི་འདུལ་བའི་བཟོད་པ་བསྒོམ་པའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་པ་དང་། ཀུན་དུ་རྒྱུ་ཤིན་དུ་རྣམ་པར་ཕྱེ་བའི་འོད་ཟེར་འཆང་ལ་སོགས་པའི་མུ་སྟེགས་ཅན་སྟོང་ཕྲག་བཅུ་གསུམ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ་དང་། བྱང་ཆུབ་སེམས་དཔའི་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པ་མཐར་ཕྱིན་པའི་ལེའུ་སྟེ་བཅུ་གཉིས་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་སྟོང་ཟུང་འཇུག་གོ །ཐེག་པ་ནི་གནས་སྐབས་གསུམ་དང་། མཐར་ཐུག་ཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཡང་དག་གཟོད་པ་ལ་བརྟེན་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ བཀའ་དང་པོའི་སྐོར་ཡོད། །།སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱིས་བསྐོར་བ་ལ་ཕྱག་འཚལ་ལོ། །སྟོན་པས་བཀའ་འཁོར་ལོ་རིམ་པ་གསུམ་དུ་གསུངས་པའི་བཀའ་ཐ་མ་སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལ། སྟོང་ཕྱོགས་ཤེས་པ་ཡར་ལྡན་དུ་ཉམས་སུ་ལེན་དགོས་པ་ལྟར། སྟོང་ཕྱོགས་ཤེས་པ་ལ་ཡང་། སྟོང་ཕྱོགས་ཀྱི་ཁྱད་གཞི། སྣང་ཕྱོགས་

(༨༨༡)ལ་མཁས་པ་ཡར་ལྡན་དུ་ཉམས་སུ་ལེན་དགོས་པས། དེའི་ཕྱིར་དུ། བཀའ་དང་པོ་སྣང་ཕྱོགས་ནས་ཤས་ཆེར་བསྟན་པའི་སྙིང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་སྙིང་པོ་ནི་ཆོས་ཀྱི་འཁོར་ལོའི་མདོ་འདི་ཉིད་ཡིན་པས། འདི་སྟོན་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བཱ་རཱ་་སཱི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་ཏེ་ཞེས་པས་སོ། །སྟོན་པས་ལྔ་སྡེ་སོགས་འཁོར་ལ་བཀའ་ཡས་རྩལ་དུ་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བདེན་གཞི་མངོན་སུམ་དུ་རྟོགས་པའི་མཐོང་ལམ་སོགས་སྐྱེས་ཏེ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཚེ་དང་ལྡན་པ། ཀུན་ཤེས་ཀཽ་དི་ནྱ་དང་། ལྷ་བརྒྱད་ཁྲི་ལ་སོགས་པ་བདེན་པ་མཐོང་བར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི། ཉན་ཐོས་དང་ཐུན་མོང་པ་འམ། ཉན་ཐོས་སྤྱོད་པའི་དབུ་མའོ། །རྒལ་ལན་ནི། བྱེ་བྲག་སྨྲ་བའི་བཙུན་པ་དབྱངས་སྒྲོགས་དང་དབྱིག་ཤེས་སོགས་ཁ་ཅིག་མདོ་འདི་ལས། ཚེ་དང་ལྡན་པ་ཀོའུ་དི་ནྱས་ཆོས་ཀུན་ཤེས་པས་དེའི་ཕྱིར་ཚེ་དང་ལྡན་པ་ཀཽ་དི་ནྱས་ཀུན་ཤེས་ཀཽ་ད་ནྱ་ཞེས་ཚིག་བླ་དགས་སོ། །

(༨༨༢)ཚེ་དང་ལྡན་པ་ཀཽ་དི་ནྱས་ཆོས་ཀུན་ཤེས་སོ་ཞེས་པ་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་བཱ་རཱ་་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ་ཞེས་འབྱུང་བའི་ཕྱིར། མཐོང་ལམ་ཁོ་ན་ཆོས་ཀྱི་འཁོར་ལོ་ཡིན་ཏེ་ཞེས་འདོད་ཅིང་། མི་མཐུན་པའི་ཁྱད་པར་མྱུར་བར་འགྲོ་སོགས་དང་། རྩིབས་སོགས་ཀྱིས་ཆོས་འཐུན་སྦྱོར་ཚུལ་གྱིས་གཉིས་སུ་སྨྲ་སྟེ། དེའི་དོན་ཀྱང་དེ་བཞིན་དུ་ཡང་མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་པའི་ལམ། མྱུར་བར་འགྲོ་སོགས་རྩིབས་སོགས་ཕྱིར། ཞེས་བསྟན་པ་ནི་མདོའི་previous hit དགོངས next hit་རྫོགས་པར་བསྟན་པ་མ་ཡིན་ཏེ། བདེན་བཞི་སྟོན་པའི་མདོ་དང་། བདེན་བཞིའི་སྟོགས་པའི་བྱེ་བྲག་ཐམས་ཅད་བདེན་བཞིའི་ཆོས་འཁོར་ཡིན་དགོས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བདེན་བཞིའི་གནས་ལུགས་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྙིང་རྗེ་ཆེན་པོ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་ནང་ནས་ཐེག་པ་ཐུན་མོང་གི་མདོ། ཆོས་ཀྱི་འཁོར་ལོ་དང་པོར་

(༨༨༣)གཏོགས་པ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་རྣམས་ཉེ་བར་གནས་ཤིང་ས་ལའི་ཚལ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི་དངོས་སུམ་སྨོས་སོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་བསྩལ་པ་ཞེས་པ་ནས་བརྩམས་ཏེ། ཀུན་དགའ་བོ་མྱ་ངན་ལས་འདའ་བ་མ་གཏོགས་པར་ཕྱིས་བྱ་བ་ང་ལ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་གསུང་རྣམ་པ་དེ་ལྟ་བུ་དེ་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། མི་དགའ་ཞིང་མྱ་ངན་ཆེན་པོའི་ཟུག་རྔུས་ཟུག་པར་གྱུར་ནས་རབ་ཏུ་ངུས་ཏེ་མཆི་མ་ཟག་བཞིན་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་མྱུར་བར་མྱ་ངན་ལས་འདའ་ཞིང་བདེ་བར་གཤེགས་པ་རབ་ཏུ་མྱུར་བར་མྱ་ངན་ལས་འདའ་སྟེ། འཇིག་རྟེན་གྱི་མིག་རབ་ཏུ་མྱུར་བར་མི་སྣང་པར་འགྱུར་རབ་ཏུ་མྱུར་བར་འཇིག་རྟེན་མགོན་མ་མཆིས་པ་དང་སྐྱབས་མ་མཆིས་པ་དང་ཡོངས་སུ་འདྲེན་པ་མ་མཆིས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པ་ནི། ཀུན་དགའ་བོ་ལ་སོགས་པ་གདུལ་བྱ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་བཀའ་བསྡུ་པ་བྱས་ཏེ། བསྟན་པ་ཡུན་ཏིང་དུ་གནས་པར་མཛད་པའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གསུམ་དུ་གནས་པ་ལས། ཚངས་པ་བཏུལ་བའི་ལེའུ་སྟེ་དང་པོ་དང་། བདུད་ཀྱི་བུ་དེད་དཔོན་གྱི་ལེའུ་སྟེ་གཉིས་པ་དང་། བརྒྱ་བྱིན་གྱི་ལེའུ་སྟེ་གསུམ་པ་

(༨༨༤)དང་། སྒྲ་གཅན་ཟིན་གྱི་ལེའུ་སྟེ་བཞི་པ་དང་། འོད་བསྲུངས་ཀྱི་ལེའུ་སྟེ་ལྔ་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་ལེའུ་སྟེ་དྲུག་པ་དང་། སྐུ་གདུང་མེད་པར་མི་འགྱུར་བའི་ལེའུ་སྟེ་བདུན་པ་དང་། ཕྱག་འཚལ་བའི་ལེའུ་སྟེ་བརྒྱད་པ་དང་། དགེ་བའི་རྩ་བའི་ལེའུ་སྟེ་དགུ་པ་དང་། ཡོན་ཏན་གྱི་བསོད་ནམས་ཀྱི་ལེའུ་སྟེ་བཅུ་པ་དང་། དགེ་བའི་རྩ་བ་བསྐྱེད་པའི་ལེའུ་སྟེ་བཅུ་གཅིག་པ་དང་། དམ་པའི་ཆོས་ཡོངས་སུ་གཏད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པ་དང་། སྙིང་རྗེ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། བཅོམ་ལྡན་འདས་ཀྱི་མདོ་རྣམས་ཀྱི་ནང་དུ། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་མ་ཡིན་པའི་དུས་དང་གནས་དང་འཁོར་དང་མཐར་རྗེས་སུ་ཡིད་རང་པ་ལ་སོགས་པ་བཀོད་པ་ཅི་ཡིན་ཞེ་ན། མདོ་རྣམས་ཀྱི་ནང་དུ་དེ་ལྟར་བཀོད་པའི་རྒྱུ་མཚན་ནི་མདོ་འདིའི་གཤམ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ཀུན་དགའ་བོ་ལ་མགོར་འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱིས། གནས་གང་དུ་གསུངས་པ་སོགས་དང་། བར་དུ་འཁོར་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་ལ་སོགས་པ་ལེའུའི་གྲངས་དང་མཐར་རྗེས་སུ་ཡིད་རང་བ་ལ་སོགས་པ་བཀོད་པ་བཀའ་བསྡུ་པ་བགྱིས་ཞེས་རྗེས་སུ་གནང་བའི་བཀའ་ཡིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལས་བྱུང་བའི་དགེ་བ་ཡིས། འགྲོ་ཀུན་དམ་པའི་ཆོས་འཛིན་ཅིང་། དཀར་ཕྱོགས་སྐྱོང་རྣམས་སྟོབས་འཕེལ་ནས། བསྟན་པ་ཡུན་རིངས་གནས་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

(༨༨༥)འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ། བཀའ་དང་པོར་གཏོགས་པ་འདི་གསུངས་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་མཉན་དུ་ཡོད་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་ཚུལ་ནི། དེའི་ཚེ་ཚོང་དཔོན་སྤོབས་པའི་བློ་གྲོས་ཤེས་བྱ་བ་ཞིག་ཚོང་དཔོན་གྱི་བུ་ལྔ་བརྒྱ་ཙམ་སོ་སོའི་གཡོག་ལྔ་བརྒྱ་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བ་དང་ལྷན་ཅིག་ཏུ་གཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ་ཞེས་པ་ནས། བཅོམ་ལྡན་འདས་དེའི་སླད་དུ་སེམས་ཅན་འདི་དག་ཡོངས་སུ་སྨིན་པར་བགྱི་བ་དང་། ངན་འགྲོའི་ལམ་ལས་རྣམ་པར་ཟློག་ནས་བསོད་ནམས་ཀྱི་གཞལ་མེད་ཁང་ཐོབ་པར་བགྱི་བའི་ཆོས་རྣམས་གང་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་ཀྱིས་བསྟན་ཏོ། །ཆོས་དངོས་ནི། བཅོམ་ལྡན་འདས་ཀྱིས་སྤོབས་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །འདིའི་དགོས་པའི་དོན་ནི། འཁོར་ཆེན་པོ་རྣམས་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་ཇི་ལྟར་ཞུས་པའི་དོན་རྣམས་རྟོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའོ། །བསྡུས་པའི་དོན་ནི། ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་དྲིས་པའི་དོན་བཅུས་བསྟན་ཏོ། །ཚིག་གི་

(༨༨༦)དོན་ནི་བཅོམ་ལྡན་འདས་ཀྱིས་ལན་བཅུའི་དོན་གྱིས་བསྟན་ཏོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དགེ་བ་འདི་ཡིས་འགྲོ་བ་རྣམས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བའི་མདོ་ཆེན་མོ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་བཞེས་པས་སོ། །འཁོར་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་སྟན་ལས་ལངས་ཏེ་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་དག །ཅིག་ལགས་དེ་སྐད་ཅེས་གསོལ་པ་དང་། འདིའི་ལན་གསུངས་པའི་ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནས་སོ། །དེ་ལ་དགེ་སློང་གི་གནས་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཀྱིས་དགེ་སློང་གི་གནས་རྣམས་བསྟེན་ཅིང་ལྷོད་པའི་གནས་རྣམས་སྤངས་ཏེ། བྱང་ཆུབ་གསུམ་ཅི་རིགས་པ་ཐོབ་པའོ། །བསྡུས་པའི་དོན་ནི། དགེ་སློང་གི་གནས་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པ་བླང་བ་དང་། ལྷོད་པའི་གནས་ཚུལ་ཁྲིམས་འཆལ་

(༨༨༧)པའི་ཕྱོགས་གང་ཡིན་པ་སྤང་བར་བསྟན་པའོ། །ཚིག་གི་དོན་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལས་བྱུང་པའི་དགེ་བ་ཡིས། འགྲོ་ཀུན་ཚུལ་ཁྲིམས་རྣམ་དག་སྟེ། དགེ་སྦྱོང་དྲི་མ་ལས་འདས་ནས། མི་གནས་མྱང་འདས་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་ཞེས་བྱ་བའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པ་དང་འཁོར་ནི། བཅོམ་ལྡན་འདས་ཀྱིས་དེ་ནས་དགེ་སློང་རྣམས་ལ་བཀའ་སྩལ་པས་བསྟན་ཏོ། །ཆོས་དངོས་ནི་དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་བཅུ་རྩ་བདུན་སྦྱིན་པ་སྦྱིན་ནོ། །སུམ་བཅུ་རྩ་བདུན་གང་ཞེ་ན་ཞེས་པ་ནས། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་བཅུ་རྩ་བདུན་པོ་དག་གིས་སྦྱིན་པ་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དགེ་སློང་རྣམས་ལ་སོགས་པ་གདུལ་བྱ་རྣམས་སྦྱིན་པ་སུམ་བཅུ་རྩ་བདུན་ལ་བསླབས་ཏེ། བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། སྦྱིན་པ་སུམ་བཅུ་རྩ་བདུན་གཏོང་བའི་ཕན་ཡོན་སུམ་བཅུ་རྩ་བདུན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་

(༨༨༨)ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྦྱིན་པ་པོ་བདུན་གཏོང་བ་དང་། སྲིད་པའི་འཆིང་བ་ལས་གྲོལ་ནས། བྱང་ཆུབ་དམ་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བའི་མདོ། ཆེན་པོ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པའི་ཚུལ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བསྒོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ་ཞེས་པ་ནས། བཙུན་པ་བདག་མཉན་ཡོད་དུ་བསོད་སྙོམས་ལ་མཆི་བ་ན་ཁང་པ་བརྩེགས་པ་ཆེན་པོ་སླད་ན་བྱུགས་ཤིང་བྱི་དོར་བགྱིས་པ། སྒོ་གཏན་ལེགས་པར་བརྩལ་བ། སྐར་ཁུང་བཀུམ་པ་ཞིག་མཐོང་ལགས་སོ། །མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བགྱིས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བགྱིད་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུང་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་རྩམ་གྱི་ནང་དུ་སྩལ་ཏེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་པ་ཙམ་ཞིག་བགྱིད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་སྙམ་པ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ཞུ་

(༨༨༩)ལགས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལེགས་སོ་ལེགས་སོ། །ཀུན་དགའ་བོ་ཁྱོད་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ་སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་ཞེས་པ་ནི་ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེགས་ཏེ་དཔྱོད་པ་དགེའོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ། །ཀུན་དགའ་བོ་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུང་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཙུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་

(༨༩༠)ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པ་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། སངས་རྒྱས་ཡོན་ཏན་ཚད་མེད་པ་དང་ལྡན་པར་ཤེས། སངས་རྒྱས་ཀྱི་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་བཞེངས་པ་ཕན་ཡོན་ཤིན་དུ་ཆེན་པོ་དང་ལྡན་པར་རྟོགས་ནས། མཆོད་རྟེན་བཞེངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའོ། །རིང་བསྲེལ་ནི་གསུམ་སྟེ། དབུ་སྐྲ་ཕྱག་སེན་ལྟ་བུ། སྐུ་བལ་གྱི་རིང་བསྲེལ་དུ་གྲགས་པ་དང་། སྐུ་གདུང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང་། ཆོས་སྐུའི་རིང་བསྲེལ་ལོ། །ཆོས་སྐུའི་རིང་བསྲེལ་ནི་གཟུངས་རྣམས་སོ། །བསྡུས་པའི་དོན་ནི། དེ་ལྟ་བུའི་དགེ་འདུན་གྱི་ཀུན་དགའ་ར་བ་བཞེངས་པ་དང་། འཛམ་གླིང་ཆུང་ངུ་དང་ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་གླང་སྤྱོད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་རིམ་ཅན་དུ་རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཀྱིས་འབྲས་ས་ལུའི་ཞིང་ལ་སོགས་པ་ལྟར་གང་པའི་དགེ་འདུན་ལ་འཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པའི་དགེ་བ་དེས་དེ་བཞིན་གཤེགས་པའི་རིགས་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་སྐྱུ་རུ་རའི་སྡོང་པོ་ཙམ་ཅིག་བཞེངས་པའི་དགེ་བའི་བརྒྱའི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེར་ཡང་རྒྱུར་ཡང་ཉེ་བར་མི་འགྲོ་ཞེས་པས་

(༨༩༡)བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བུ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རྒྱལ་བའི་མཆོད་རྟེན་བཞེངས་པ་དང་། མཐར་ཐུག་མཆོད་རྟེན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་ཞེས་བྱ་བའི་མདོ། བཀའ་འཁོར་ལོ་དང་པོ་དང་ཆོས་མངོན་པར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པས་སོ། །ཞུ་བ་པོ་དང་འཁོར་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། དགེ་སློང་དག་ཁྱེད་ལ་བརྟེན་ཅིང་འབྲེལ་པ་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་གྱི་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཤིག་དང་བཤད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དགེ་སློང་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་རྟེན་འབྲེལ་བཅུ་གཉིས་རྟོགས་ཏེ་བྱང་ཆུབ་གསུམ་ཅི་རིགས་པ་ཐོབ་པའོ། །བསྡུས་པའི་དོན་ནི། རྟེན་འབྲེལ་བཅུ་གཉིས་དང་། དེའི་སོ་སོའི་དབྱེ་བ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བས་རྟེན་འབྲེལ་རྟོགས་པ་ཡིས། ཟབ་མོའི་དེ་ཉིད་མཐོང་གྱུར་ནས། བྱང་ཆུབ་དམ་པ་ཐོབ་པར་ཤོག།

(༨༩༢)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཐུན་མོང་བའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། དེ་རིང་རྒྱལ་པོ་གཟུགས་ཅན་སྙིང་པོ་གདུལ་བར་བྱ་བའི་དུས་ལ་བབ་ཀྱིས་ཡུལ་མ་ག་དྷར་འགྲོ་བར་བྱའོ་ཞེས་གསུང་ནས། འཁོར་དང་བཅས་པ་ངན་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་ལྡིངས་ཏེ། གཤེགས་པ་བློན་པོ་ཟླ་བ་བཟང་པོས་མཐོང་ནས་རྒྱལ་པོ་ལ་སྨྲས་པ། ལྷ་ལགས་སངས་རྒྱས་འཁོར་དང་བཅས་པ་འོ་སྐོལ་གྱི་ཡུལ་དུ་བྱོན་ནས་གྲོང་ཁྱེར་རྒྱན་པ་དང་བསྙེན་བཀུར་བྱ་བར་རིགས་སོ། །རྒྱལ་པོས་སྨྲས་པ། འཛམ་བུའི་གླིང་ན་ང་ལས་ཆེ་བ་མེད་པར་སུ་ལ་བསྙེན་བཀུར་བྱེད་ཅེས་སླར་ཉིད་དུ་དྲེགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་གི་སྒོར་གདན་བཤམས་པ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེ་ལྟར་བཞུགས་པར་ཤེས་ནས་རྒྱལ་པོས་བརྒྱད་ཆེན་པོའི་འདེགས་ཞེས་བྱ་བ་རྦད་དེ་རྡོ་ཤིན་དུ་ཆེ་བ་བཅོམ་ལྡན་འདས་ལ་འཕངས་སོ། །རྡོ་དེ་ནམ་མཁའ་ལ་ལྡིང་ཞིང་དེ་ལས་སྒྲ་འདི་སྐད་ཅེས་གྲག་གོ །ཀྱེ་མ་འདུས་བྱས་རྟག་པ་མེད། སྐྱེ་ཞིང་འགོག་པའི་ཆོས་ཅན་ཡིན། སྐྱེ་བ་ཡོད་ན་འཆི་བ་

(༨༩༣)ཡོད། འདུས་པ་ཡོད་ན་འབྲལ་བ་ཡོད། བསགས་པ་ཡོད་ན་མཛད་པ་ཡོད། ལང་ཚོའི་མདོག་ཀྱང་ནད་ཀྱིས་འཕྲོག འཚོ་བའི་ཚེ་ཡང་འཆི་བས་འཕྲོག །ཆགས་པར་གྱུར་ན་སྡུག་བསྔལ་འཕེལ། སྐྱོ་བར་བྱས་ན་ཐར་བར་འགྱུར། ཞེས་པ་དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་པས་མོས་པར་གྱུར་ཏེ། ཐད་དུ་སོང་ནས་ཐལ་མོ་སྦྱར་ཏེ་འཁོད་པ་ལ་ཞེས་པས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆོས་ལ་མོས་པར་བྱ། ཁོང་དུ་ཆུད་པར་བྱ་བསྒོམ་པར་བྱ། འབྱུང་པར་བྱའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་འཆི་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་དང་། ཐར་པའི་ཕན་ཡོན་རྟོགས་ཏེ་ཐེག་པ་གསུམ་གང་རུང་ཉམས་སུ་བླངས་པས་བྱང་ཆུབ་གསུམ། ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་གང་ལ་སྐྱོ་བར་བགྱི། ཡིད་འབྱུང་བར་བགྱི་ཞེས་པ་ནས། བཙན་ཕྱུག་འཛོམ་པ་སྡུག་ཕོངས་ཅན་དུ་འགྱུར། སྡུག་ཕོངས་ཅན་ཡང་བཙན་ཕྱུག་འཛོམ་པར་འགྱུར། ལང་ཚོ་ལོངས་སྤྱོད་ན་རྒ་འཆི་བས་འཇོམས། འཇིག་རྟེན་ཆོས་འདི་ཐམས་ཅད་མི་རྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་བ་སྡུག་བསྔལ་བ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལགས་ཞེས་པ་ནས། བདག་ཉིད་གར་འགྲོ་རྟོལ་མེད་བར་དོ་འབྱུང་། མི་རྟག་སྡུག་བསྔལ་མི་ཟད་ཡུན་རིང་འདི། ཐོག་མ་མེད་ནས་ད་ལྟའི་བར་དུ་ཡང་། འཕགས་ལམ་མ་ཐོབ་བར་དུ་རྟག་ཏུ་བརྡུང་

(༨༩༤)ཞེས་པའི་བར་གྱིས་བསྟན་ཏོ། །ཐར་པའི་ཕན་ཡོན་ནི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་ནི་ཤིན་དུ་སྡུག་བསྔལ་བ་ལགས་ན་བདེ་ལེགས་དང་ལྡན་པ་གང་ལགས་ཞེས་པ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བ་ལས་ཡིད་བྱུང་ནས་རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟར་བོར་ཏེ། མྱ་ངན་ལས་འདས་པ་བསྒྲུབ་པ་ལ་གཞོལ་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚིག་གི་དོན་ནི། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་གང་ལ་སྐྱོ་བར་བགྱི། ཡིད་འབྱུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་ལ་སྐྱོ་ཞིང་ཡིད་འབྱུང་བར་བྱའོ། །རྒྱལ་པོས་གསོལ་པ་ཅིའི་ཕྱིར་འཁོར་བ་ལས་སྐྱོ་ཞིང་ཡིད་འབྱུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་འདི་ནི་མི་རྟག་པ་དང་སྡུག་བསྔལ་བའི་ཕྱིར་རོ། །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདི་ཇི་ལྟར་མི་རྟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་ལ། བཅུད་ཀྱི་སེམས་ཅན་ཡང་ནི་མི་རྟག་གོ །རྒྱལ་པོས་གསོལ་པ། སྣོད་ཀྱི་འཇིག་རྟེན་ཇི་ལྟར་མི་རྟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་ཀྱི་འཇིག་རྟེན་རི་རབ་གླིང་ཁམས་ཀྱང་། འཇིག་པའི་དུས་ཚེ་བསྐལ་པའི་མེ་བྱུང་ནས། ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་སོ། །ཆུ་དང་རླུང་གིས་འཇིག་པ་དེ་བཞིན་ནོ། །གཞན་ཡང་དབྱར་དྲོད་སྐྱེ་ལ་དགུན་གྲང་སྐམ། ལོ་ལེགས་ལོ་ཉེས་ཉན་ཞོད་ངེས་པ་མེད། ལོ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ། དེ་ལ་སོགས་ཏེ་མི་རྟག་མངོན་སུམ་ནི། རྟག་པ་ཡིན་ན་ཅི་ཕྱིར་འགྱུར་ཞིང་འགྲོ། རྒྱལ་པོས་གསོལ་པ། བཅུད་ཀྱི་སེམས་ཅན་ཇི་ལྟར་མི་རྟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུད་ཀྱི་སེམས་ཅན་ཚེ་འདི་ཉིད་ལ་ཡང་། ཉིན་ཞག་ལོ་ཟླ་རིམ་གྱིས་གཅོད་

(༨༩༥)པས། ཉིན་ཞག་འདས་ཤིང་འཆི་དང་ཕར་ཕར་ཉེ། མི་ཤིར་འདོད་ཀྱང་རང་ལ་རང་དབང་མེད། སྐྱེ་རྒ་ན་འཆི་རང་འཐག་རི་མོ་འདྲ། འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། འཆི་བའི་རྐྱེན་ནི་བསམ་གྱིས་མི་ཁྱབ་སྟེ། འཆི་རྐྱེན་མ་སོང་དངོས་པོ་གང་ཡང་མེད། ལུས་འདི་ཟས་ཀྱིས་འཚོ་ཡང་སྣངས་ནས་འཆི། འཇིག་རྟེན་འདི་ན་ཆེ་ཆུང་ཕྱུག་དབུལ་ཀུན། འཆི་བདག་དབང་དུ་མི་འགྱུར་གང་ཡང་མེད། སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་། རྟག་ཏུ་རེ་ནས་བུ་དང་ནོར་བསགས་ཀྱང་། བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད། རང་གི་དགེ་སྡིག་གཉིས་དང་འགྲོགས་ཏེ་འཆི། ད་ལྟར་རང་རེ་གནས་པའི་རིང་འདི་ལ་འང་། དགའ་བཤེས་གཉེན་འདུན་མཛའ་དང་མི་མཛའ་དང་། ན་ཚོད་འཐུན་དང་རྒན་གཞོན་ཇི་སྙེད་ཅིག །འཆི་བ་མཐོང་ཞིང་ཐོས་པ་མ་ཡིན་ནམ། ས་སྟེངས་གནས་པའི་སེམས་ཅན་འདི་ཀུན་ཡང་། ལོ་བརྒྱ་ཚུན་ཆད་སྡོད་ཀྱང་མ་ལུས་འཆི། དེ་བས་རང་རེའང་འཆི་བའི་ཆོས་ཅན་ཡིན། དེང་འཆི་སང་འཆི་སུས་ཀྱང་མི་ཤེས་ཏེ། ཚོད་འཛིན་པ་ཡང་མི་འཇིགས་སྦྱིན་མེད་པས། སང་ཕོད་དེང་སང་བདག་ཉིད་ཇི་ལྟར་འགྱུར། འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་། ཕོ་ནུ་མཛའ་བཤེས་བྲན་ཁོལ་ནོར་ཀུན་ཀྱང་། བདག་ཉིད་འཆི་བའི་ཕྱི་ན་འོང་མེད་པས། སྡུག་བསྔལ་བསྐལ་ལེན་འགའ་ཡང་ཡོད་མ་ཡིན། དེ་བས་སྐྱེས་ཀྱང་བདག་ཉིད་གཅིག་བུ་སྐྱེས། ཐ་མ་འཆི་ཡང་བདག་ཉིད་གཅིག་བུ་འཆི། སྐད་ཅིག་ཚེ་ལས་འཐུན་པ་ཉེ་གཞི་རྣམས། མགྲོན་པོ་གནས་འཐུན་ཙམ་སྟེ་སོ་སོར་འགྲོ། སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི། གཉེན་དང་ནོར་རྫས་ཡུལ་མཁར་ཀུན་བོར་ནས། བདག་ཉིད་གཅིག་བུ་

(༨༩༦)འཇིགས་པའི་ནང་དུ་འགྲོ། ཇི་ཙམ་སྡིག་དང་བསྡོས་ནས་ནོར་བསགས་ཀྱང་། སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་འཁུར། བསགས་པའི་ནོར་ནི་ཁོང་དག་བུ་ཚས་འཁྱེར། དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན། བདག་ལ་ཤིན་དུ་འཕངས་པའི་ལུས་འདི་ཡང་། ཤི་བའི་དུས་སུ་རྫ་ཞིག་བཞིན་དུ་འབོར། ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་འབྱེ། དབང་མེད་བདག་ཉིད་གཅིག་བུ་འཁྱམས་ནས་ནི། ལས་ཀྱི་དབང་གིས་གང་དུ་སྐྱེས་གྱུར་ན། དེ་བས་ལུས་ཀྱི་ཕྱིར་ནི་སྡིག་མི་བྱ། ལུས་འདི་ས་གཏིང་འགྲོ་སྟེ་ཆོག་མི་ཤེས། མི་གཙང་ལས་བྱུང་མི་གཙང་ཕུང་པོ་ཡིན། ན་རྒ་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས། ཤི་ནས་ལུས་བོར་བ་ཡི་ཕྱོགས་ཙམ་བརྩོག །བྱ་དང་ཁྱི་སྤྱང་ལ་སོགས་རྣམས་ཀྱིས་ཟ། བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག །མཁས་པས་སྨོས་ཅིང་བླུན་པོ་ཆགས་པའི་གནས། དེ་བས་མཁས་པ་ལུས་ལ་སུ་ཞིག་ཆགས། ལུས་ཀྱི་ཕྱིར་ནི་ཡ་ངར་འཇུག་མི་བྱ། འདི་ལ་གླ་རྔན་གོས་ཟས་བྱིན་ནས་སུ། ཡུན་གྱི་ཕན་ཕྱིར་བསོད་ནམས་སོག་ཏུ་གཞུག །བདག་གི་གྲོགས་ནི་དགེ་སྡིག་གཉིས་ལས་མེད། དེ་ཡང་དགེ་བ་མཐོ་རིས་ཐར་པའི་རྒྱུ། སྡིག་པ་ངན་སོ་སྡུག་བསྔལ་འབྱུང་བའི་རྒྱུ། མ་ཤི་བར་དུའང་ལུས་ནི་མི་རྟག་སྟེ། བུ་ཆུང་བྱིས་པ་གཞོན་ནུ་ཉིད་དུ་འགྱུར། དེ་ནས་དར་ལ་བབ་དང་དར་ཡོལ་དང་། རྒས་པར་གྱུར་ཏེ་ལུས་འདི་རྟག་ན་ནི། གནས་སྐབས་དེ་སྙེད་གཅིག་ནི་ཅི་སྟེ་འགྱུར། ལོངས་སྤྱོད་བདེ་སྡུག་རྣམས་ཀྱང་མི་རྟག་སྟེ། བཙན་ཕྱུག་འཛོམ་པ་སྡུག་འཕོངས་ཅན་དུ་འགྱུར། སྡུག་ཕོངས་ཅན་ཡང་བཙན་ཕྱུག་འཛོམ་པར་འགྱུར། ལང་ཚོ་ལོངས་

(༨༩༧)སྤྱོད་ན་རྒ་འཆི་བས་འཇོམས། འཇིག་རྟེན་ཆོས་འདི་ཐམས་ཅད་མི་རྟག་གོ །རྒྱལ་པོ་གཟུགས་ཅན་སྙིང་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་པ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་པ་ལ་ནམ་ཡང་བདེ་བ་མེད། བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། སྡུག་བསྔལ་གཙོ་བོ་སྐྱེ་རྒ་ན་འཆི་ཞེས། དམྱལ་བར་སྐྱེས་ན་སྡུག་བསྔལ་འདི་འདྲའོ། །དམྱལ་བསྲུངས་དང་ནི་དམྱལ་བའི་མེ་མཐོང་ནས། ཤིན་ཏུ་སྐྲག་དངས་ཆོ་ངེས་ཚར་འདེབས་ཤིང་། རང་ལ་རྔན་འགྲང་སྔོན་གྱི་སྡིག་པ་ལས། ཤིན་དུ་འགྱོད་ཀྱང་ཕན་པ་ཅི་ཡང་མེད། ལུས་འདི་ཤིན་དུ་ཆེ་ལ་གཞོན་ཤ་ཅན། ཚོར་བ་ཆེ་ཞིང་དྲག་པོའི་ལུས་ཐོབ་ནས། ཁ་ཅིག་རང་ལུས་མེ་ཡི་ཕུང་པོར་འབར། ཁ་ཅིག་ལྕགས་མཁར་ཁང་པ་འབྲུ་མར་རྡུང་། འདྲེ་ལྡོག་བྱེད་ཅིང་ཕྱོགས་ནི་ཀུན་ནས་བསྲེག ཁ་ཅིག་ལྕགས་ལས་བྱས་པའི་སྣོད་ཆེན་དུ། སྤྱི་ཚུགས་འབྲུ་ཉུངས་ཆུ་ཁོལ་ཐུག་བཞིན་འཚེད། ཁ་ཅིག་སོག་ལེས་འདྲ་ཞིང་གཏུན་ལ་བརྡུང་། ཁ་ཅིག་གནས་དང་ཁང་པར་བསྲུང་ཞིང་སྲེག །མེ་མར་མུར་དང་ཐལ་ཚན་ཆུ་ལ་སོགས། སྡུག་བསྔལ་མང་པོ་བསམ་གྱིས་མི་ཁྱབ་པོ། མི་ཡི་ལོ་ནི་འབུམ་དང་བརྒྱད་ཁྲི་ལ། དམྱལ་བ་ཁ་ཅིག་ན་ནི་ཉིན་ཞག་གཅིག །དེ་ལ་སོགས་པ་བསྐལ་པའི་བར་དུ་གནས། ཤི་བར་དགའ་ཡང་འཆིར་ནི་མི་གཏུབ་པོ། ལས་མ་ཟད་པ་ཁ་ཅིག་འཇིག་ཆགས་ཆེ། འཇིག་རྟེན་བརྒྱད་ཅིང་འཇིག་ཆགས་མེད་པར་སྐྱེ། ཡི་དགས་སྐྱེས་པ་བསྐྲེས་དང་སྐོམས་པས་གདུངས། མགོ་བོ་རི་ཙམ་ཁ་ནི་ཁབ་མིག་ཙམ། སྐེ་རྩ་རབ་ཕྲ་གསུས་པ་ཡུལ་ལྗོངས་

(༨༩༨)ཙམ། བཟའ་བཏུང་མཐོང་ཡང་གཞན་གྱིས་བསྲུངས་པ་དང་། རྣག་ཁྲག་ངན་སྐྱུགས་མི་གཙང་བཞིན་དུ་མཐོང་། ཁ་ཅིག་ཟོས་ཀྱང་ཁྲོ་ཆུ་ཁྲོལ་མར་འགྲོ། བྱོལ་སོང་སྐྱེས་ན་གཅིག་ལ་གཅིག་ཟ་དང་། རང་ལ་དབང་མེད་བཀོལ་བཏགས་བརྡེག་འཚོག་དང་། གཞན་གྱིས་བསོད་སོགས་གཏི་མུག་རྨོངས་པས་སྡུག །མིར་སྐྱེས་ན་ཡང་མངལ་ན་གནས་པའི་ཚེ། མ་ནི་བགངས་ཚེ་བྲག་བར་བརྩིར་བ་འདྲ། བཀྲེས་པའི་ཚེ་ན་སྤྱང་ལ་བཏང་པ་སྙམ། དྲག་ཤུལ་བྱེད་ཚེ་གཏུན་ལ་བརྡུང་པ་སྙམ། བཙས་པའི་ཚེ་ན་ལྤགས་པ་བཤུས་ནས་ནི། རྩིག་པའི་ལོགས་ལ་དྲུད་པ་བས་ཀྱང་རྩུབ། ཚ་འབྲུམ་བསྐྲེས་སྐོམ་རྐང་ལག་ན་ནས་སྡུག །ཆེར་སྐྱེས་ན་ཡང་སོ་ནམ་བྲེལ་ཕོངས་དང་། ཉེ་དུ་བྲལ་དང་དགྲས་བཅོམ་བུ་ལོན་དང་། བཀྲེས་སྐོམ་ཚ་གྲང་དོན་ལ་སོགས་པས་སྡུག །ཕོངས་པ་རྣམས་ནི་བཙལ་ཐབས་མེད་ནས་སྡུག །ཡོད་པ་རྣམས་ཀྱང་འཚོ་སྐྱོང་མེལ་ཚེས་སྡུག །ཞིང་རྨོ་ཚོང་བྱེད་འདུ་བྱེད་ལས་ཀྱིས་སྡུག །དེ་ལ་སོགས་པའི་སྡུག་བསྔལ་བསམ་མི་ཁྱབ། སྡུག་བསྔལ་གཞི་ནི་ཕལ་ཆེར་ལྟོ་རྒྱབ་གཉིས། འཇིག་རྟེན་འདི་ཡི་བདེ་བའི་ལོངས་སྤྱོད་ཀྱང་། ཕལ་ཆེར་ཕྱི་མའི་ངན་སོང་སྡུག་བསྔལ་རྒྱུ། ལྷ་མིན་སྐྱེས་ན་ང་རྒྱལ་ཕྲག་དོག་དང་། ཁྲོ་གཏུམ་འཐབ་རྩོད་ལ་སོགས་དབང་གིས་སྡུག །ལྷར་སྐྱེས་ཀྱང་ནི་འཆི་འཕོ་ལྟུང་བ་དང་། འཆི་བལྟས་ལྔ་དང་འདུ་བྱེད་དབང་གིས་སྡུག །རྒས་པ་ཡང་ནི་འདི་ལྟར་སྡུག་བསྔལ་ཏེ། མགོ་དཀར་གཉེར་འདུས་གཞན་གྱིས་མཐོང་མི་མོས། ཁ་སྣ་ཆུ་འཛག་རྐང་ལག་ཀུན་ཀྱང་འདར། སེམས་ཀྱིས་དྲན་ཡང་ལུས་ལ་ཉམས་སྟོབས་མེད། བུ་ཚ་ཀུན་ཀྱང་ཤི་ན་

(༨༩༩)རུང་སྙམ་སེམས། ཞལ་ལྟ་བྱས་ཀྱང་མི་ཉན་དབང་ཡང་ཤོར། ཁ་ཅིག་སྲིན་རྒན་ཤི་འཕྱིས་ཞེས་ཀྱང་ཟེར། ཁ་ཅིག་བེར་དབྱུག་ཐོགས་ནས་བརྡུང་བར་བྱེད། དེ་ལྟར་མཐོང་ཐོས་ཤིར་འདོད་ཤིར་མ་གཏུབ། ན་བ་རྣམས་ནི་འདི་ལྟར་སྡུག་བསྔལ་ཏེ། ལུས་ཀྱི་འབྱུང་ཆེན་བཞི་ནི་མ་སྙོམས་པས། རླུང་ཁྲིས་བད་ཀན་འདུས་པས་ལུས་གདུངས་ཏེ། ལོངས་སྤྱོད་མཐོང་ཡང་འདི་ལ་འདོད་པ་མེད། ལུས་ཀྱི་ཉམས་སྟོབས་ཤོར་བས་ལྡང་མི་ནུས། མཛེས་པའི་གཟི་མདངས་ཤོར་བས་ཡི་དགས་འདྲ། འཆི་བ་རྣམས་ཀྱང་འདི་ལྟར་སྡུག་བསྔལ་ཏེ། གཉེན་བཤེས་ཚོགས་ཀྱིས་ཆོ་ངེས་འདེབས་བྱེད་ཀྱང་། དེ་ལ་ཉན་བལྟ་བསམ་པའི་ཡུལ་མེད་དེ། གནད་གཅོད་པ་ནི་མཚོན་ཆས་གཏུབས་པ་འདྲ། མཛའ་དང་མི་མཛའི་དོན་དུ་སྔར་བྱས་པའི། དགེ་སྡིག་ལས་ནི་རྨི་ལམ་ཡུལ་བཞིན་སྣང་། གཤིན་རྗེའི་ཕོ་ཉ་ཤིན་དུ་འཇོགས་པས་བསྐོར། བྲེད་ཤ་ཐོན་ནས་ཀུན་དུ་བལྟས་བྱས་ཀྱང་། མགོན་སྐྱབས་བྱེད་པ་སུ་ཡང་མ་མཐོང་ནས། ཤིན་ཏུ་འཇིགས་བཞིན་ཀུན་དུ་ཡི་མུག་སྟེ། བདག་ཉིད་གར་འགྲོ་རྟོལ་མེད་བར་དོ་འབྱུང་། མི་རྟག་སྡུག་བསྔལ་མི་ཟད་ཡུན་རིང་འདི། ཐོག་མ་མེད་ནས་ད་ལྟའི་བར་དུ་ཡང་། འཕགས་ལམ་མ་ཐོབ་བར་དུ་རྟག་ཏུ་གདུང་། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདི་ཤིན་དུ་སྡུག་བསྔལ་བ་ལགས་ན་བདེ་ལེགས་དང་ལྡན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་ལས་འདས་པ་ནི་བདེ་ལེགས་ཕུན་སུམ་ཚོགས་པ་ཡིན་ནོ། །རྒྱལ་པོས་གསོལ་པ། ཇི་ལྟར་བདེ་ལེགས་ཕུན་སུམ་ཚོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་ལས་འདས་པ་ཞི་བ་དང་བདེ་བའི་མཆོག་

(༩༠༠)རྣམ་རྟོག་བདག་ཏུ་འཛིན་དང་དང་ཉོན་མོངས་མེད། ངན་སོང་གསུམ་སོགས་བཀྲེས་སྐོམ་གྲང་དྲོ་དང་། སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་མེད། འཁོར་བ་མི་རྟག་སྡུག་བསྔལ་གཏན་ཟད་ནས། ལས་སུ་གཞན་དོན་འབའ་ཞིག་སྤྱོད་བྱེད་ཅིང་། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པོ། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བ་ལས་ཡིད་བྱུང་ནས་རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟར་བོར་ཏེ། མྱ་ངན་ལས་འདས་པ་བསྒྲུབ་པ་ལ་གཞོལ་བར་གྱུར་ཏོ། །དེ་ལྟར་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་གོ །མེ་ཏོག་རྣམས་ཀྱི་ནང་ནས་པད་མ་དཀར་པོ་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པའི་འདུ་ཤེས་མཆོག་གོ །བསམ་པ་རྣམས་ཀྱི་ནང་ན་འཁོར་བ་ལས་ཡིད་བྱུང་པ་མཆོག་གོ །རྒྱལ་པོ་ཆེན་པོ་འཁོར་བ་ལས་ཡིད་བྱུང་བ་ལེགས་སོ། །སྐྱོ་བ་སྐྱེས་པ་ལེགས་སོ། །ཆགས་ན་འཁོར་བ་ཡིན་ནོ། །མ་ཆགས་ན་མྱ་ངན་ལས་འདས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མི་རྟག་པ་དང་སྡུག་བསྔལ་གྱིས། ཡིད་ཕྱུང་ཐར་འདོད་བསམ་པ་ཡིས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དཔལ་སྦས་ཞེས་བྱ་བའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་

(༩༠༡)པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་པས་སོ། །འཁོར་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པ་ནས་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོ་བྱས་ཏེ་མཆོད་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང་མིའི་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་བཟང་པོ་མང་པོ་བརྙེས་ལ། པད་མ་ལ་ཆུ་མི་ཆགས་པ་བཞིན་དུ་འདོད་པ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མི་གོས་ཏེ། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ཞེས་པ་ནས་དེ་ཆོས་ཀྱང་སྟོན་ཏོ། །ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་པ། ཡང་དག་པར་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་དཔལ་སྦས་ཞེས་བྱ་བ་ཕྱུག་པ་ཞེས་པ་ནས། དེ་ནས་ཁྱིམ་བདག་དཔལ་སྦས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན་པ། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་གོ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་སང་གདུགས་ཚོད་སྦྱོར་ན་གནང་པར་མཛད་དུ་གསོལ་ཞེས་པའི་

(༩༠༢)བར་གྱིས་བསྟན་ཏོ། །ཆོས་ཕུན་སུམ་ཚོགས་previous hit ་ནི། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས next hit་ཏེ། ཁྱིམ་བདག་དཔལ་སྦས་འདི་ནི་མི་དགེ་བའི་བཤེས་གཉེན་དང་བསྟེན་པའི་དབང་གིས་ང་ལ་རྣམ་པ་འདི་ལྟ་བུ་བྱ་བར་འདོད་ལ། དེ་རིང་པོ་མི་ཐོགས་པར་ཕྱིས་ཆོས་འདུལ་བ་འདི་ལ་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་སྙམ་ཏེ། དེ་ལྟར་མཁྱེན་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་ཅང་མི་གསུང་པས་གནང་ངོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དཔལ་སྦས་ལ་སོགས་པའི་གདུལ་བྱ་རྣམས། མདོའི་དོན་རྟོགས་པས་བདེན་པ་མཐོང་ནས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་མེ་དང་དུག་གིས་སྐྲོང་པར་བརྩོམ་པ་ལས། སྐྲོང་མི་གཏུབ་པའི་ལོ་རྒྱུས་དང་བཅས་ཏེ་ཆོས་བསྟན་པས་དཔལ་སྦས་ཀྱིས་བདེན་པ་མཐོང་བའི་ཚུལ་རྣམས་བསྟན་པའོ། །ཚིག་དོན་ནི་གཞུང་ཇི་ལྟ་བུ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འབྱུང་བས་འགྲོ་ལ་མི་གནོད་ཅིང་། བདེན་བཞིའི་གནས་ལུགས་རྟོགས་གྱུར་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་

(༩༠༣)ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་བ་འོད་བསྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་སྟེ་ཕྱོགས་ཅིག་ཏུ་འདུག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། ཕྱོགས་ཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་ཆོས་ཀྱི་ཕུང་པོ་ཞེས་བགྱི་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་གྱིས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ། ཆོས་ཀྱི་ཕུང་པོ་ནི་ཇི་ཙམ་ཞིག །ཆོས་ཀྱི་ཕུང་པོ་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དགེ་སློང་རྣམས་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་མི་སྐྱེ་བ་དང་། མི་གཙང་པ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྟོགས་ཏེ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ལུས་ནི་མི་གཙང་ལས་བྱུང་སྟེ། རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས། གཅིན་དང་རྟུག་པས་རབ་གང་ན། དེ་ལ་བྱིས་པ་རབ་ཏུ་ཆགས། དགེ་སློང་ཕ་དང་དགེ་སློང་མ། དགེ་བསྙེན་ཕ་དང་དགེ་བསྙེན་མ། འདི་ཐོས་ནས་ནི་འདོད་ཆགས་བྲལ། འདོད་ཆགས་

(༩༠༤)བྲལ་ནས་རྣམ་པར་གྲོལ། ཆོས་དང་ལྡན་པ་རྣམས་ལ་ནི། ཉེས་པ་འདི་དག་ངས་མ་བསྟན། གང་དག་འདོད་པ་ལོངས་སྤྱོད་པ། དེ་དག་ལ་ནི་སྐྱོན་རྣམས་བཤད། སངས་རྒྱས་ཀྱིས་ནི་བསྟན་པ་བཞིན། བུད་མེད་མཐོང་ན་སུ་རྟོག་སྟེ། ཡང་དག་བསྐུལ་པ་ཤེས་ནས་སུ། མཁས་པ་དེ་དག་རྟོག་མི་བྱེད། ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཏེ། ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཆོས་ཀྱི་ཕུང་པོ་རྟོགས་གྱུར་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་བཞི་པའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་ཆོས་ཕུན་སུམ་ཚོགས་པ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བརྟན་ཞིང་ཟབ་ལ་སྙན་ཅིང་རྒྱ་ཆེ་བའི་སྒྲ་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཇིག་རྟེན་གྱི་ཕུན་ཚོགས་ཡིད་བརྟན་མེད་པར་རྟོགས་ནས་སྤངས་པས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའོ། །བསྡུས་

(༩༠༥)པའི་དོན་ནི་ཡིད་མི་བརྟན་པར་བྱ་བ་བཞིའོ། །ཚིག་གི་དོན་ནི། དགེ་སློང་དག་རིགས་ཀྱི་བུ་མཁས་པས་ཇི་སྲིད་འཚོའི་བར་དུ་གནས་བཞི་ལ་ཡིད་བརྟན་པར་མི་བྱའོ། །བཞི་གང་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་བུད་མེད་དག་ལ་དགའ་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་རྒྱལ་པོའི་ཕོ་བྲང་འཁོར་ལ་དགའ་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུག་པ་ནད་ཉུང་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་ཕྱུག་པ་ནོར་མང་པ། ཡོ་བྱད་ཕུན་སུམ་ཚོགས་པའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བུད་མེད་བརྟེན་དུ་ག་ལ་རུང་། རྒྱལ་པོའི་ཕོ་བྲང་ག་ལ་དགའ། ལྦུ་བའི་སྙིང་པོ་ག་ལ་ཡོད། ལོངས་སྤྱོད་རྟག་པ་ག་ལ་ཡིན། ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། གྲུ་ཅི་འདྲ་བར་ཁྱིམ་དེ་འདྲ། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། སྲོག་ནི་ཆུ་བུར་འདྲ་བ་ཡིན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོས་བཞི་པའི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། སྲིད་པའི་བདེ་ལ་མ་ཆགས་པར།

(༩༠༦)རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ། བཀའ་འཁོར་ལོ་དང་པོ་ཆོས་མངོན་པར་རྟོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་ལ་ཏིའི་གྲོང་གི་བྲམ་ཟེའི་གྲོང་ན་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་དང་ཞུ་བ་པོ་ནི། དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ་སྔ་དྲོའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་དོང་ངོ་། །ཞེས་པ་ནས། ཚེ་དང་ལྡན་པ་ག་བཅོམ་ལྡན་འདས་ཀུན་དུ་སྤྱན་མངའ་བ་ཐམས་ཅད་མངོན་སུམ་པ། ལས་དང་འབྲས་བུ་དང་རྣམ་པར་སྨིན་པ་མཁྱེན་པ་དེ་ཧ་ཅང་མི་རིང་བ་ཞིག་ན་མུ་སྟེགས་ཀྱི་ལྟ་བ་ཅན་ཐམས་ཅད་ཟིལ་གྱིས་མནན་ནས། ཉན་ཐོས་དང་། དགེ་བསྙེན་དང་། ལྷ་དང་མི་རྣམས་ལ་ལས་དང་འབྲས་བུ་རྣམ་པར་སྨིན་པའི་ཆོས་སྟོན་གྱིས་ཁྱེད་དེ་ལ་ཞུས་ཤིག་དང་དེ་ཡང་ལས་དང་རྣམ་པར་སྨིན་པ་ཐམས་ཅད་སྟོན་པར་མཛད་དེ། གང་ལྷར་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དག་གིས་མ་མཐོང་བ་དེ་ཁྱེད་ལ་སྟོན་པར་མཛད་ཅིང་གང་བདག་ཅག་གི་མངོན་སུམ་དུ་མ་གྱུར་པ་དེ་ཡང་ཁྱོད་ལ་བཅོམ་ལྡན་འདས་ཤིན་ཏུ་མངོན་སུམ་དུ་གྱུར་པ། ལས་དང་འབྲས་བུ། རྣམ་པར་སྨིན་པ་མཁྱེན་པ་སྟོན་པར་མཛད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེ་ནས་དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ཉིན་མོའི་གནས་པས་བཞུགས་པ་ཞེས་པ་ནས། ཤཱཀྱའི་རྒྱལ་པོའི་སྲས་ཀུན་དུ་སྤྱན་མངའ་བ།

(༩༠༧)སྤྱན་དྲི་མ་གསུམ་དང་བྲལ་བ་བདེན་པ་གཉིས་གསུང་བ། སྡུག་བསྔལ་གཉིས་མཁྱེན་པ། བསྒོམ་པ་གཉིས་གོམས་ཤིང་མངོན་སུམ་དུ་མཛད་པ། ལམ་གྱི་འབྲས་བུ་མངོན་སུམ་དུ་མཛད་པ། འགོག་པའི་དེ་ཉིད་མཁྱེན་པ་ཁམས་གསུམ་གཞན་ཡང་དག་པར་སྟོན་པ། ཁམས་བཅྭ་བརྒྱད་ཀྱི་དེ་ཉིད་མཁྱེན་པ། མོས་པ་ཡིད་ལ་བྱེད་པའི་དེ་ཉིད་མཁྱེན་པ། ཡོན་ཏན་གྱི་རླུང་རང་གི་ཡོན་ཏན་བཅྭ་བརྒྱད་དང་ལྡན་པ། སྲིད་པའི་འཆིང་བ་ལས་རྣམ་པར་གྲོལ་བ། སྟོབས་བཅུ་དང་ལྡན་པ། བསྙེངས་པ་མི་མངའ་བ་བཞིས་མི་བསྙེངས་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། དྲན་པ་ཉེ་བར་བཞག་པ་གསུམ་དང་རྟག་ཏུ་ལྡན་བ་དེ་མཐོང་ངོ་། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་ཆོས་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དུལ་བས་མགོ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་དགེ་སློང་གཅིག་ཅིག་བསྒོ་བ་དང་བཅོམ་ལྡན་འདས་ག་ལ་བ་དེར་ཤིན་དུ་ཉེ་བར་ཕྱིན་ནས། ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིར་བདག་སྔ་དྲོའི་དུས་སུ་ལྷུང་བཟེད་དང་ཆོས་གོས་འཚལ་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་མཆི་མཆི་ན་ཞེས་བྱ་བ་སྔ་མ་བཞིན་ཏེ། གཞན་མུ་སྟེགས་ཅན་སྐྱོབ་པ་ཀུན་དུ་རྒྱུ་བ་རྣམས་དང་ལྷན་ཅིག་ལུས་ཀྱི་ཆད་པ་དང་། ངག་གི་ཆད་པ་དང་ཡིད་ཀྱི་ཆད་པ་སྔོན་དུ་འགྲོ་བའི་གཏམ་འདྲི་བའི་བར་སྔ་མ་བཞིན་ཏེ། དེ་དག་བཅོམ་ལྡན་འདས་ལ་གསོལ་ཏོ། །ཞེས་

(༩༠༨)པའོ། །སྟོན་པས་ཆོས་གསུང་པར་ཞལ་གྱིས་བཞེས་ཤིང་། དེ་དག་རྣམས་ཀྱིས་ཉན་པར་གསོལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དགེ་སློང་དེ་དག་དང་ན་ལ་ཏིའི་གྲོང་གི་བྲམ་ཟེ་ལ་སོགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏོ། །དེ་དགེ་སློང་དེ་དག་བཅོམ་ལྡན་འདས་ལ་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཡིན་ཞེ་ན་འདི་ལྟ་སྟེ། ཆོས་ལ་ཡང་ཆོས་ཉིད་དུ། ཆོས་མ་ཡིན་པ་ལ་ཡང་ཆོས་མ་ཡིན་པ་ཉིད་དུ་མཐོང་བ་དེ་དྲན་པ་རྟག་ཏུ་ཉེ་བར་གནས་པར་འགྱུར་ཞིང་འདི་ལ་ཐེ་ཙོམ་ཡང་མི་སྐྱེ། ཆོས་ཉན་པ་ལ་མངོན་པར་དགའ་བར་ཡང་འགྱུར། རྒན་རབས་ལ་ཡང་རིམ་གྲོར་བྱེད་དོ། །དེ་ནི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་གསུམ་གྱི་ལས་ཀྱི་འབྲས་བུ་དང་འཆི་བ་དང་། སྐྱེ་བའི་རྣམ་པར་སྨིན་པ་ཤེས་པར་འགྱུར་ཏེ། ལྟ་བ་མ་ལོག་པ་ཡིན་ཞིང་གཞན་གྱིས་ཁ་མི་ཕྱིན་པར་འགྱུར་རོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་ཆོས་ལ་ཡང་ཆོས་ཉིད་དུ་གཏན་ལ་ཕབ། ཆོས་མ་ཡིན་པ་ལ་ཡང་ཆོས་མ་ཡིན་པ་ཉིད་དུ་གཏན་ལ་ཕབ་སྟེ། མི་དགེ་བ་བཅུ་དང་། དེའི་འབྲས་བུ་ངན་སོང་གསུམ་གྱི་ཉེས་དམིགས་ཤེས་ནས། འདོར་བ་དང་། དགེ་བ་བཅུ་དང་། དེའི་འབྲས་བུ་མཐོ་རིས་ཀྱི་ཡོན་ཏན་ཤེས་ནས་སྒྲུབ་པ་ལ་རྟེན་བྱས་ནས། བདེན་པ་བཞི་བསྒོམས་པས། བྱང་ཆུབ་གསུམ་ཇི་ལྟར་འདོད་པ་ཐོབ་པོ། བསྡུས་པའི་དོན་ནི། ལེའུ་བཅྭ་བརྒྱད་ལས།

(༩༠༩)དགེ་བ་བཅུའི་ལེའུ་སྟེ་དང་པོ་དང་། སེམས་ཅན་དམྱལ་བའི་ལེའུ་སྟེ་གཉིས་པ་དང་། ཡི་དགས་ཀྱི་ལེའུ་སྟེ་གསུམ་པ་དང་། དུད་འགྲོ་དང་ལྷ་མ་ཡིན་གྱི་ལེའུ་སྟེ་བཞི་པ་དང་། ལྷའི་ལེའུ་ལས་སུམ་བཅུ་རྩ་གསུམ་པའི་ལེའུ་སྟེ་ལྔ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱིས་མཛད་པའི་མདོ་སྡེ་ལེའུ་དྲུག་པ་དང་། དེ་བཞིན་གཤེགས་པ་འཁོར་བ་འཇིག་གིས་གསུངས་པའི་མདོ་སྡེ་ལེའུ་བདུན་པ་དང་། དེ་བཞིན་གཤེགས་པ་འོད་བསྲུང་གིས་ལེའུ་སྟེ་བརྒྱད་པ་དང་། མཆོད་རྟེན་རྟོགས་པའི་ལེའུ་སྟེ་དགུ་པ་དང་། རྣམ་པར་འདྲེས་པའི་འཁོར་ཡུག་ན་རྒྱུ་བའི་ལྷ་རྣམས་ཀྱིས་ཏེ་ལྔ་པའི་ལེའུ་སྟེ་བཅུ་པ་དང་། འགྲོ་བ་དང་ཡང་དག་པར་ལྡན་པའི་ས་སྟེ་ལེའུ་བཅུ་གཅིག་པ་དང་། འོད་ཟེར་འཕྲོ་བ་ཅན་གྱི་ལྷ་རྣམས་ཀྱི་ལྷའི་རིགས་ཇི་སྲིད་པ་རྣམས་ཡོངས་སུ་བསྡུས་པ་སྟེ་ས་བདུན་པའི་ལེའུ་སྟེ་བཅུ་གཉིས་པ་དང་། འཐབ་བྲལ་གྱི་ལྷ་རྣམས་ཀྱིས་ལས་རྟག་ཏུ་བདེ་བའི་སའི་ལེའུ་སྟེ་བཅུ་གསུམ་པ་དང་། བཅོམ་ལྡན་འདས་འོད་བསྲུངས་ཀྱིས་གསུངས་པའི་དྲི་བ་བཅུ་གཅིག་པའི་མདོ་ལས་དྲི་བ་གཅིག་གི་ལེའུ་སྟེ་བཅུ་བཞི་པ་དང་། ཆོས་ཀྱི་རྣམ་གྲངས་ལེའུ་རྩ་གཉིས་པར་གྱུར་པའི་ལེའུ་སྟེ་བཅྭ་ལྔ་པ་དང་། བཅོམ་ལྡན་འདས་གསེར་ཐུབ་ཀྱིས་གསུངས་པའི་མདོ་ཡོན་ཏན་སུམ་བཅུ་དང་ཡང་དག་པར་ལྡན་པའི་དམ་པའི་ཆོས་སྒྲོགས་པའི་སྙིང་པོ་ཞེས་བྱ་བ་ལེའུ་བཅུ་དྲུག་པ་དང་། ར་ཛ་ནི་ནི་རྒྱུ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་པ་དང་། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅྭ་བརྒྱད་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །རྒལ་ལན་ནི། ཁ་ཅིག་ན་རེ། ཐེག་

(༩༡༠)པ་ཆུང་ངུའི་སྡེ་སྣོད་རྣམས་ལ། དབུ་མར་འགྲེལ་པའི་རྣམ་བཞག་མི་མཐད་དེ། ཐེག་པ་ཆུང་ངུའི་སྡེ་སྣོད་རྣམས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་གང་རུང་ཁོ་ནར་འགྲེལ་པར་རིགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདུལ་བ་ལུང་ལྟ་བུ་འཕགས་པ་ཐོགས་མེད་དང་། འཕགས་པ་ཀླུ་བསྒྲུབ་ཀྱིས་རང་རང་གི་གྲུབ་མཐའ་དང་འཐུན་པར་དཀྲལ་བའི་ཕྱིར་ཏེ། འཕགས་པ་ཐོགས་མེད་ཀྱིས་འདུལ་བའི་གཞི་བསྡུ་བ་མཛད་པ་དང་། འཕགས་པ་ཀླུ་བསྒྲུབ་ཀྱིས་ཀ་ཏ་ཡ་ནའི་གདམ་ངག་ཁུངས་སུ་བྱས་ཏེ་དབུ་མ་བསྟན་པར་དཀྲལ་བའི་ཕྱིར་ཏེ། རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། མཁྱེན་པས་ཀ་ཏ་ཡ་ན་ཡི། གདམ་ངག་ལས་ནི་ཡོད་པ་དང་། མེད་པ་གཉིས་ཀ་དགག་པ་མཛད། ཅེས་གསུངས་པ་ལྟར་རོ། །ཡང་ཁ་ཅིག་ཐེག་པ་ཆུང་ངུའི་སྡེ་སྣོད་ལས། ཐེག་པ་གསུམ་བསྟན་པ་མི་རིགས་ཏེ། ཉན་ཐོས་སྡེ་པ་འགའ་ཞིག་ལ། ཐེག་ཆེན་བཀའ་བསྒྲུབ་དགོས་པ་བྱུང་པའི་ཕྱིར་རོ། །ཞེས་ཟེར་བ་ཡང་མི་རིགས་ཏེ། ཐེག་པ་ཆུང་ངུའི་སྡེ་སྣོད་ནས། ཐེག་པ་གསུམ་མ་བཤད་པས། ཐེག་ཆེན་བཀའ་བསྒྲུབ་བྱས་པ་མ་ཡིན་ཏེ། ཐེག་པ་ཆུང་ངུའི་སྡེ་སྣོད་ལས། ཐེག་ཆེན་ཟུར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ཞེས་པའི་སྡེ་སྣོད་ཟུར་པ་བྱུང་པ་རྣམས། བློར་མ་ཤོང་ནས་སྤོང་བའི་གང་ཟག་ལ། ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་བཀར་བསྒྲུབ་པ་ཡིན་ནོ། །ཐེག་པ་ཆུང་ངུ་སྡེ་སྣོད་ལས་དགྲ་བཅོམ་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུངས་པའི་ཕྱིར་དང་། དགྲ་བཅོམ་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་ལས། ཉན་ཐོས་དགྲ་བཅོམ་དགྲ་བཅོམ་པ་ཆུང་ངུ་དང་། རང་རྒྱལ་དགྲ་བཅོམ་

(༩༡༡)ཆུང་ངུ་དང་། རང་རྒྱལ་དགྲ་བཅོམ་འབྲིང་པོ་ཡིན། རྫོགས་པའི་སངས་རྒྱས་དགྲ་བཅོམ་ཆེན་པོར་བསྟན་པའི་ཕྱིར་ཐེག་པ་གསུམ་དུ་རིགས་ཤིང་། སློབ་དཔོན་སེང་གེ་བཟང་པོས་ཐེག་པ་གསུམ་རྣམ་པར་བཞག་པ་ནི་previous hit དགོངས next hit་ཅན་ཡིན་གྱི། མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱོགས་སྔའི་ནང་ཚན་དུ་ཉན་ཐོས་སྡེ་པ་གཉིས་འདུས་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དགེ་སྡིག་བླང་དོར་ཀུན་ཕྱེད་ཅིང་། ལུས་ཚོར་སེམས་ཆོས་ཀུན་རྟོགས་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ་བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་སོ། །ཉོན་པ་དང་འཁོར་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པས་བསྟན་ཏོ། །ཆོས་ནི། དགེ་སློང་དག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ། ལྷག་པའི་སེམས་མེད་ཅིང་། ལྷག་པའི་ཤེས་རབ་མེད་པ་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་ཡོད་ལ། ལྷག་པའི་ཤེས་རབ་མེད་པ་ཡང་ཡོད་དེ། འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ན་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པའི་བསྒོམ་པ་ཡོངས་དུ་རྫོགས་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་

(༩༡༢)ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པ་ནི། ཉན་ཐོས་ལ་སོགས་གདུལ་བྱ་རྣམས་ཀྱིས་བསླབ་པ་གསུམ་རྟོགས་ནས་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་ཅི་རིགས་པ་འཐོབ་པོ། བསྡུས་པའི་དོན་ནི། སྨྱོན་པ་དང་ནི་སྒྱུ་མ་དང་། ར་རོ་བ་དང་སྒྲ་བརྙན་དང་། གཤེད་མ་དང་ནི་མེ་ལོང་དང་། ཟས་སྦྱིན་པ་དང་རྨིག་སྒྱུ་དང་། རྐུན་པོས་གཙེས་པ་གྲོང་ནས་དང་། རྨི་ལམ་དགའ་སྤྱོད་ཟ་མ་ཏོག །ནོར་བུ་དཔུང་རྒྱན་རྣམ་དག་ནི། སྒྱུ་མའི་དྲ་བ་ཀུན་བསྡུས་པའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་ཉན་ཐོས་དང་ཐུན་མོང་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བསླབ་པ་གསུམ་པོ་མཐར་ཕྱིན་ནས། བྱང་ཆུབ་ཆེན་པོ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསྡུ་བ་ཞེས་བྱ་བ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་འཁོར་ནི། བཅོམ་ལྡན་འདས་དགེ་སློང་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་པ་ནས། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་། ཐབས་གཅིག་ཏུ་ཡུལ་མ་ག་དྷར་ཡུལ་རྒྱུ་ཞིང་གཤེགས་པ་ན་ཞེས་པའི་བར་གྱིས་བསྟན་ཏོ། །གནས་ནི། མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད་ག་ལ་བ་དེར་གཤེགས་ཏེ། དེ་ནས་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས་

(༩༡༣)མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད་ན་བཞུགས་སོ་ཞེས་ཐོས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་འཁོར་བཅས་ཇི་ལྟར་བྱུང་པའི་ཚུལ་ནི་ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཤིང་རྟ་ཁྲི་ཉིས་སྟོང་དང་རྟའི་ཁྱུ་མཚན་ཁྲི་བརྒྱད་སྟོང་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བསྐུར་ལ་འགྲོ་བའི་རྒྱལ་པོའི་ཁབ་ནས་བྱུང་སྟེ་ཞེས་པ་ནས་ཁ་ཅིག་གིས་ནི་རྒྱང་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་རྣམས་བཅོམ་ལྡན་འདས་དང་། སྟེང་རྒྱས་འོད་བསྲུངས་གཉིས་སྟོན་པ་གང་ཡིན་སྙམ་པའི་ཐེ་ཚོམ་བསལ་བ་ནི། དེའི་ཚེ་ན་རལ་པ་ཅན་ཚེ་དང་ལྡན་པ་སྟེང་རྒྱས་འོད་བསྲུང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཅི་དགེ་སྦྱོང་ཆེན་པོ་རལ་པ་ཅན་སྟེང་རྒྱལ་འོད་བསྲུང་གི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དམ། འོན་ཏེ་རལ་པ་ཅན་སྟེང་རྒྱས་འོད་བསྲུང་ཉིད་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ་སྙམ་མོ་ཞེས་པ་ནས། དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ནི་རལ་པ་ཅན་སྟེང་རྒྱས་འོད་བསྲུངས་གི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་པ་མ་ཡིན་གྱི། རལ་པ་ཅན་སྟེང་རྒྱས་འོད་བསྲུང་ཉིད་དགེ་སྦྱོང་ཆེན་པོའི་སྤྱན་མངར་ཚངས་པར་སྤྱད་པ་སྤྱོད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོ་

(༩༡༤)ལ་བཀའ་བསྩལ་ནས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གཟུགས་ནི་སྐྱེ་བ་ཡང་མ་ཡིན། འཇིགས་པ་ཡང་མ་ཡིན་ཏེ། དེའི་སྐྱེ་བ་དང་འཇིག་པ་ཡང་རྟོགས་པར་བྱའོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་ཕུང་པོ་ལྔ་བདག་མེད་པར་རྟོགས་ཏེ་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ཕུང་པོ་ལྔ་དང་། རྟེན་འབྲེལ་བཅུ་གཉིས་བདག་མེད་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་ཉན་ཐོས་དང་ཐུན་མོང་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བདག་མེད་གནས་ལུགས་རྟོགས་གྱུར་ནས། ཐར་པ་དམ་པ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་གྱི་ཤར་གྱི་ཀུན་དགའ་ར་བ་ན་རི་དགས་འཛིན་གྱི་མའི་ཁང་བཟངས་ན་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་གཞན་མི་གསལ་ལ། ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།

(༩༡༥)ཕྱོགས་ཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བདག་གིས་ལེགས་པར་མཉན་ཅིང་ལེགས་པར་གཟུང་། ལེགས་པར་ཡིད་ལ་བགྱིས་ལེགས་པར་བརྟེན། ལེགས་པར་རྟོགས་པ་དེ་གཞན་དུ་མ་ལགས་ཤིང་དེ་ཁོ་ན་བཞིན་ལགས་སམ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཀའ་སྩལ་པ་ཀུན་དགའ་བོ་དེ་དེ་བཞིན་ཏེ། ངས་བཤད་པ་ཁྱོད་ཀྱིས་ལེགས་པར་མཉན་ཅིང་ལེགས་པར་གཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་བསྟེན། ལེགས་པར་རྟོགས་པ་དེ་ནི་གཞན་ཏུ་མ་ཡིན་ཏེ། དེ་ཁོ་ན་བཞིན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ང་ནི་དེའི་ཚེ་དང་ད་ལྟར་ཡང་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པའི་ཕྱིར་རོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྤང་ཕྱིར་རིམ་པ་རྣམས་རིམ་ཅན་དུ་སྟོང་པའི་དོན་བསྒོམས་པས། གནས་སྐབས་སུ་ཁམས་གོང་མ་རྣམས་དང་། མཐར་ཐུག་དུ་ལྷག་མ་ཡོད་མེད་ཀྱི་མྱ་ངན་ལས་འདས་པ་ཐོབ་པའོ། །བསྡུས་པའི་དོན་ནི། ལམ་བསྒོམས་པས་སྤང་བྱ་རྣམས་ཀྱི་རིམ་ཅན་དུ་སྟོང་པའི་སྟོང་ཉིད་ཐོབ་པར་བསྟན་པའི་ཕྱིར། གཞན་སྟོང་བསྟན་པ་ཡིན་ནོ། །དཔེར་ན་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། བློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ཞེས་གསུངས་པ་ལྟར་རོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། །ཐེག་པ་ནི་གནས་སྐབས་ཉན་ཐོས་དང་ཐུན་མོང་ངོ་། །རྒལ་

(༩༡༦)ལན་ནི། གཞན་སྟོང་ནི་ཐེག་པ་ཆེན་པོའི་ཁྱད་ཆོས་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཐེག་པ་གསུམ་ཆར་ལ་རང་རང་གི་སྤང་བྱས། སྟོང་པའི་གཞན་སྟོང་ཡོད་པའི་ཕྱིར་དང་། གང་ཟག་དང་གཟུང་འཛིན་གྱི་བདག་གསུམ་གྱིས་སྟོང་པའི་རང་སྟོང་རྟོགས་པའི་རྟོགས་པ་ཡོད་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྟོང་པ་གཉིས་དང་ལྡན་པ་ཡི། མྱ་ངན་འདས་པ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་ཞེས་བྱ་བ་བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་བསོད་སྙོམས་ཀྱི་ཕྱིར་སེར་སྐྱའི་གནས་སུ་བཞུགས་སོ་ཞེས་པ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་གདན་གཤམས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས་སུ་གསོལ། བཅོམ་ལྡན་འདས་ལེགས་པར་གཤེགས་ལགས་སོ། །བཅོམ་ལྡན་འདས་གདན་གཤམས་པ་འདི་ལ་བཞུགས་སུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཀུན་དགའ་བོ་ལ་སོགས་པའི་འཁོར་རྣམས་ལ་ཆོས་གསུངས་པ་ནི། བཅོམ་ལྡན་འདས་གདན་ལ་བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཀུན་དགའ་བོ་དགེ་སློང་རབ་ཏུ་མང་པོ་དག་གིས་ཤཱཀྱ་དུས་བདེའི་གཙུག་ལག་ཁང་དུ་བླ་གབ་མེད་པར་སྟན་རབ་ཏུ་མང་པོ་དག་བཏིང་སྟེ་དོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཆོས་གོས་

(༩༡༧)སྩལ་བའི་དུས་ལགས་སོ། །བདེ་བར་གཤེགས་པ་ཆོས་གོས་བསྩལ་བའི་དུས་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་བྲེ་མོའི་གཏམ་ལ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་དང་ཚོགས་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི་མི་མཛེས་ཏེ། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །གཞུང་འདིའི་དགོས་པའི་དོན་ནི། དགེ་སློང་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱི་བྲེ་མོའི་གཏམ་ལ་དགའ་བ་ལ་སོགས་པའི་གཡེང་བ་རྣམས་སྤངས་ཏེ། སེམས་གནས་པའི་ཐབས་དགུ་ལ་བསྟེན་ནས། ཞི་གནས་ཀྱི་ཏིང་ངེ་འཛིན་བསྒྲུབས་ཏེ། ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་། གཉིས་ཀ་སྟོང་པ་ཉིད་རྟོགས་པའི་དྲན་པ་དང་ཤེས་བཞིན་གྱི་ལྷག་མཐོང་བསྒྲུབས་ཏེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་རྣལ་འབྱོར་བསྒོམས་ཏེ། བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། འཕགས་པའི་སྡེ་དང་དུས་སྦྱོར་དང་། གཟུགས་དང་མཆོག་དགའ་དགེ་སློང་དང་། ཁྲུས་རིལ་ཕྱི་སྟོང་ཉིད་སོགས་དང་། ཏིང་ངེ་འཛིན་ལ་སེམས་གཞོལ་དང་། འཆག་པ་དང་ནི་འདུག་པ་དང་། རྣམ་རྟོག་གཏམ་དང་འདོད་ཡོན་ཏན། ཕུང་པོ་གཅིག་དཀར་ཉན་ཐོས་དང་། གནོད་དང་མཛའ་བཤེས་ཚར་གཅོད་པའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་ཉན་ཐོས་སོགས་ཐུན་མོང་པའོ། །རྒལ་ལན་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་ནས། སྟོང་ཉིད་མ་བསྟན་ནོ་ཞེ་ན། རིགས་པ་མ་ཡིན་ཏེ། མདོ་འདི་ཉིད་ལས་སྟོང་པ་ཉིད་བསྒོམ་པར་གསལ་

(༩༡༨)པོར་བསྟན་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། སྟོང་ཉིད་རྣལ་འབྱོར་བསྒོམས་པ་ཡིས། བྱང་ཆུབ་ཅི་རིགས་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ། བཀའ་འཁོར་ལོ་དང་པོ་དང་། ཐེག་པ་ཆུང་ངུའི་སྡེ་སྣོད་དུ་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ་ཡུལ་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་སྤྲེའུའི་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེའི་ཚེ་ན་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཡུལ་རྡོ་འཇོག་ཏུ་ཚོང་པར་བྱ་བའི་ཕྱིར་ཡུལ་རྡོ་འཇོག་ཏུ་འགྲོ་བར་ཆས་པའི་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ་ཡུལ་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུའི་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཞེས་ཐོས་སོ་ཞེས་པ་ནས། དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་ཞིང་གསོད་པ་དག་ལེགས་པར་སྦྱར་ནས་ནང་པར་སྔར་ལངས་ཏེ། གདན་དག་བཤམས་ཤིང་། ཆུ་ར་དག་ཀྱང་བཞག་ནས། བཅོམ་ལྡན་འདས་ལ་བཙུན་པ་གདུགས་ཚོད་སྦྱར་ཏེ། དུས་ལ་བབ་ལགས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་previous hit དགོངས་སུ་གསོལ་ཞེས་སྤྱན་འདྲེན་གྱིས་སྤྱན་དྲངས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་ next hit་འཁོར་དང་བཅས་པ་ནི། དེ་ནས་བཅོམ་ལྡན་འདས་

(༩༡༩)སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏོ། །ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ནས་ཡངས་པ་ཅན་གྱི་ཚོངས་པ་རབ་ཏུ་མང་པོ་དག་གི་ཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་རྣམས་ལ་ཆོས་བསྟན་པ་ནི། དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་ ཨང་པོ་ཕྱོགས་ཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚོང་པ་དག་གལ་ཏེ་ཁྱེད་ཅག་དགོན་པར་སོན་པ་ན་འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་བསྒྱུར་པ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །ཞེས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་པར་འགྱུར་བ་གང་ཡང་ཡིན་པ་དེ་མེད་པར་འགྱུར་རོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཚོང་པ་ལ་སོགས་དོན་གཉེར་བ་རྣམས་ཀྱི་ལམ་དུ་འགྲོ་བ་ན་དཀོན་མཆོག་གསུམ་རྗེས་སུ་དྲན་པར་བྱས་ན་གནས་

(༩༢༠)སྐབས་སུ་འཇིགས་པ་རྣམས་ལས་སྐྱབ་ཅིང་། མཐར་ཐུག་དཀོན་མཆོག་གསུམ་གྱི་གོ་འཕང་ཐོབ་པའོ། །བསྡུས་པའི་དོན་ནི། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པ་དང་། ཆོས་ཀྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པ་དང་། དགེ་འདུན་གྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །སྒྲུབ་མཐའ་དང་ཐེག་པ་ནི་བཀའ་དང་པོའི་མདོ་གཞན་དང་སྦྲེལ་ལོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁན་མཉམ་འགྲོ་བ་ཐམས་ཅད་ནི། དཀོན་མཆོག་གསུམ་གྱིས་སྐྱབས་གྱུར་ཏེ། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ་བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཁྱེད་ཅག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་པ་ན་འདུག་ཀྱང་རུང་སྟེ། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་པ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །ཞེས་དང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །དེའི་ཚེ་ཁྱེད་ཀྱིས་དང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་

(༩༢༡)བྱས་ན་འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ། འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་རྣམ་བཞི་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་རྣམས་རྗེས་སུ་དྲན་པར་བྱས་ན་གནས་སྐབས་སུ་འཇིགས་པ་མཐའ་དག་ལས་སྐྱོབ་ཅིང་མཐར་ཐུག་སངས་རྒྱས་འཐོབ་པོ། བསྡུས་པའི་དོན་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམ་པ་ལས་རྗེས་སུ་དྲན་པ་དང་། ཆོས་ཀྱི་ཡོན་ཏན་རྣམ་པ་ལས་རྗེས་སུ་དྲན་པ་དང་། དགེ་འདུན་གྱི་ཡོན་ཏན་རྣམ་པ་ལས་རྗེས་སུ་དྲན་པ་བསྒོམ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་དང་པོའི་མདོ་གཞན་དང་མཐུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བ་མ་ལུས་ཐམས་ཅད་ཀྱང་། དཀོན་མཆོག་དྲན་པའི་ཏིང་འཛིན་གྱིས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མདོ་ཆེན་པོ་ལྔ་གསུམ་པ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མུ་སྟེགས་བྱེད་ཀྱི་རྟག་ཆད་ཀྱི་ལྟ་བ་རྣམས་སྤངས་ཏེ། ཡང་དག་པའི་ལྟ་བ་ལ་གནས་པས་བྱང་ཆུབ་འཐོབ་པའོ། །ལྔ་གསུམ་པ་ཞེས་བྱ་བའི་སྒྲ་དོན་ནི། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་མོས་པའི་གཞི་རྣམ་པ་དུ་མ་དག་

(༩༢༢)མངོན་པར་བརྗོད་པར་བྱེད་པ་དེ་དག་ཐམས་ཅད་ནི་གནས་ལྔ་མངོན་པར་བརྗོད་པར་བྱེད་དེ། ལྔ་གང་ཞེ་ན། ཁ་ཅིག་ནི་དེ་ཕན་ཆད་བདག་ཏུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། ཡང་ཁ་ཅིག་ནི་འདུ་ཤེས་མེད་པ་དང་། འདུ་ཤེས་ཡོད་པ་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པ་དང་། ཆད་པའོ་ཞེས་བྱ་བ་དང་། ཡང་ཁ་ཅིག་ནི་ཚེ་འདི་ཉིད་ལ་མྱ་ངན་ལས་འདའོ། །ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་དོ། །དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་ནི་བདག་ཡོད་པར་སྲིད་དེ། དེ་ཕན་ཆད་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། ཡང་ཁ་ཅིག་ནི་ཆད་པའོ་ཞེས་བྱ་བ་དང་། ཡང་ཁ་ཅིག་ནི་ཚེ་འདི་ཉིད་ལ་མྱ་ངན་ལ་འདའོ་ཞེས་མངོན་པར་བརྗོད་པ་མངོན་བར་བརྗོད་པར་བྱེད་དེ། ལྔ་པོ་དེ་དག་ཡོད་ན་གསུམ་དུ་འགྱུར་ལ། གསུམ་ཡོད་ན་ལྔར་འགྱུར་ཏེ། དེ་ནི་ལྔ་གསུམ་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པ་ཡིན་ནོ་ཞེས་པས་བསྟན་ཏོ། །བསྡུས་པའི་དོན་གྱི་སྡོམ་ནི། འདུ་ཤེས་ཐ་དད་གཟུགས་ཅན་དང་། ཆད་དང་རྟག་པར་ལྟ་བ་དང་། གྲིབ་དང་ཆུ་དང་ཁར་པ་དང་། སྐྱེས་བུ་གདུལ་བྱ་ཐ་མ་ཡིན་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་ཉན་ཐོས་དང་ཐུན་མོང་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ལྔ་གསུམ་ལྟ་ངན་སྤངས་ནས་ནི། ཡང་དག་ལྟ་བ་ལ་གནས་ཏེ། འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག། ༈ །།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་པ་རྡོ་འཕངས་པའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་

(༩༢༣)གནས་ནི། བཅོམ་ལྡན་འདས་བདུད་རྣམས་ཀྱི་ལྗོངས་རྒྱུ་བ་སྤྱད་ནས་སྡིག་པར་བཤེས་ཏེ། སྡིག་པའི་སྲིན་བུ་པང་པའི་ནགས་ཁྲོད་དུ་བཞུགས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཀུ་ཤའི་གྲོང་ཁྱེར་ག་ལ་བར་ཚུར་ཤོག །བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །ཡང་དེའི་ཚེ་ཀུ་ཤའི་གྲོང་ཁྱེར་གྱི་བདུད་རྣམས་ནི་གྱད་ལྔ་བརྒྱ་ཙམ་སྟེ། དེ་ལ་བདུད་རེ་རེ་ཡང་བདུད་ཀྱི་འཁོར་བརྒྱ་བརྒྱ་དང་ལྡན་ནོ་ཞེས་པ་ནས། དེའི་ཕྱིར་བདག་གིས་བརྩོན་པ་དང་། དྲང་བ་དང་། འབད་པ་དེ་ལྟ་བུ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ་ཕྱོགས་ཅིག་ཤོས་སུ་བཞག་གོ་སྙམ་པ་དང་། དེ་དག་དང་དེ་ཉིད་ལུས་ངལ་ཞིང་། ལུས་དུབ་པ། ལུས་དབྱིབས་དགུ་པས་ཡིད་སྒྱིད་ལུག་སྟེ། གང་འདི་ཞག་ཉི་ཤུ་རྩ་དགུར་རྩོམ་པ་བྱས་པ་དེས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་ཡོངས་སུ་བསྒུལ་བར་ཡང་མ་ནུས་ན་བསྒྲེང་བ་འམ། འཕང་པ་ལྟ་ག་ལ་ནུས་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་རྡོ་འཕངས་པ་ནི། གཞོན་ནུ་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་བཏེག་ནས། ཕྱོགས་གཅིག་ཤོས་སུ་འཕང་པར་བྱེད་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས་རྡོ་ཆེན་པོ་ཡངས་པ་དེ་ཞབས་ཀྱི་འཐེ་འོང་གཡས་པས་ཡང་དག་པར་རབ་ཏུ་

(༩༢༤)བསྒུལ་ཏེ་ཡང་དག་པར་རབ་ཏུ་བསྒུལ་ནས་ཀྱང་གཞི་ནས་མ་ལུས་པར་བྱུང་སྟེ། ཕྱག་གཡོན་པས་བླངས་ནས་ཕྱག་གཡས་ཀྱི་མཐིལ་དུ་བཞག་སྟེ་ཡུད་ཙམ་ཞིག་དགོངས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ཏེ་མིག་ལམ་དུ་མི་སྣང་བར་གནས་པར་གྱུར་པ་དང་། དེའི་སྒྲས་བདུད་དག་ངངས་པར་གྱུར་ཏོ་ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བདུད་ཀྱི་ཚོགས་དེའི་སེམས་ཀུན་མཁྱེན་ཏེ། རྡོ་ཆེན་པོ་ཡངས་པ་མེད་པས་མཆོག་ཏུ་ཡིད་མི་བདེ་བར་ཐུགས་སུ་ཆུད་ནས་ཕྱི་ནས་ཀྱང་རྡོའི་ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་མ་ཚང་བ་མེད་ཅིང་ཚང་པར་གཅིག་ཏུ་བསྡུས་ཏེ་བསྡོམས་ནས་རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ནར་མཛེད། རྣམ་པར་དབེན་པར་ཕྱོགས་གཅིག་ཤོས་སུ་གནས་པར་མཛད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བདུད་ལྔ་བརྒྱ་ཙམ་པོ། དེ་དག་བཅོམ་ལྡན་འདས་ཀྱིས་ངོ་མཚར་རྨད་དུ་བྱུང་པའི་ཆོས་ཆེན་པོས་འདུན་པར་མཛད་དེ་དགའ་འགུ་རངས་ཤིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ཅི་ལགས་དེ་བཞིན་གཤེགས་པའི་ཡབ་དང་ཡུམ་ལས་བྱུང་པའི་སྟོབས་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས་སམ། འོན་ཏེ་བསྒོམས་པའི་སྟོབས་ལགས་སམ་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་ཞབས་ཀྱི་མཐེ་བོང་གཡས་པས་ཡང་དག་པར་རབ་ཏུ་བསྒུལ་ཏེ། གཞི་ནས་མ་ལུས་པར་ཕྱུང་ནས་ཕྱག་གཡོན་པས་བཟུང་སྟེ་ཕྱག་འཐིལ་གཡས་པར་བཞག་ནས་ཡུད་ཙམ་previous hit དགོངས་ཏེ། གྱེན་

(༩༢༥)དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ next hit་འདི་ནི་དེ་བཞིན་གཤེགས་པའི་ཡབ་ཡུམ་ལས་བྱུང་པའི་སྟོབས་སོ། །གནས་འཇོག་གི་རྒྱུད་དག་གང་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་རྡོ་ཆེན་པོ་ཡངས་པའི་སྒྲ་མཛད་པ་འདི་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་སོ། །གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་དེ་ཞལ་གྱི་དབུགས་ཀྱིས་ཕྱེ་མར་མཛད་ནས། ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་གོད་པ་མེད་ཅིང་མ་ཚང་པ་མེད་པར་གཅིག་ཏུ་བསྡུས་ཏེ། བསྡོམས་ནས་རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ནར་མཛད་དེ། དབེན་པར་ཕྱོགས་ཅིག་ཏུ་གནས་པར་མཛད་པ་འདི་ནི་དེ་བཞིན་གཤེགས་པའི་སྒོམ་པའི་སྟོབས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བདུད་རྣམས་ལ་སོགས་པ་གདུལ་བྱ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་རྟག་པའི་སྟོབས་ཤེས་ནས་བསྒོམས་པས་དེ་བཞིན་གཤེགས་པའི་སྟོབས་རྣམས་འཐོབ་པོ། བསྡུས་པའི་དོན་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཡབ་ཡུམ་ལས་བྱུང་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་། རྫུ་འཕྲུལ་གྱི་སྟོབས་དང་། བསྒོམ་པའི་སྟོབས་དང་། སྟོབས་བཅུ་དང་། མི་རྟག་པའི་སྟོབས་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི། ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བདེ་གཤེགས་སྟོབས་རྣམས་ཐོབ་གྱུར་ནས། སངས་རྒྱས་མཛད་པ་བྱེད་གྱུར་ཅིག།

(༩༢༦)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞོན་ནུ་དཔེའི་མདོ་ཞེས་བྱ་བ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་དཔའི་གནས་ནི། བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གོ་འོ་ཏ་མ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཤེས་ལྡན་གཽ་ཏ་མ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་སོ་ཞེས་པ་ནས། གཽ་ཏ་མ་གང་དག་དེ་སྐད་ཅེས་ལུང་བསྟན་པ་དེ་དག་ཇི་ག་དགེ་སྦྱོང་གཽ་ཏ་མ་ལ་བསྐུར་པ་འདེབས་པ་མ་ལགས་སམ། ཐལ་བར་སྨྲ་བ་མ་ལགས་སམ། ཤེས་ལྡན་གཽ་ཏ་མས་གསུངས་པ་བཞིན་སྨྲ་བ་ལགས་སམ། ཆོས་སྨྲ་བ་ལགས་སམ། ཆོས་དང་མཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཇི་ག་དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་ཐུན་པར་བརྩོན་པའི་རྗེས་སུ་རྩོན་པ་མཆིས་ན། སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་ལགས་སམ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་ཏེ། ང་ལ་བཀུར་པ་འདི་འདེབས་པ་མ་ཡིན། ཐལ་བར་སྨྲ་བ་མ་ཡིན། དེ་ནི་གསུངས་པ་བཞིན་སྨྲ་བ་ཡིན། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ཡིན་ཏེ། དེ་དག་གི་དྲུང་དུ་ཕ་རོལ་པོ་

(༩༢༧)ཆོས་དང་འཐུན་པའི་རྩོད་པ་འོངས་ན་རྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། དགེ་སློང་གཞོན་ནུ་ལ་ཁྱད་དུ་མི་བསད་ཅིང་གུས་པར་བྱས་ཏེ་ཆོས་ཉན་པས་བྱང་ཆུབ་འཐོབ་པར་བསྟན་པའོ། །བསྡུས་པའི་དོན་ནི། ཁྱད་དུ་མི་བསད་པ་བཞིས་ཏེ། རྒྱལ་བུ་གཞོན་ནུ་ཁྱད་དུ་མི་བསད་པ་དང་། སྦྲུལ་གཞོན་ནུ་ཁྱད་དུ་མི་བསད་པ་དང་། མེ་ཆུང་ངུ་ཁྱད་དུ་མི་བསད་པ་དང་། དགེ་སློང་གཞོན་ནུ་ཁྱད་དུ་མི་བསད་པ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཁྱད་བསོད་ལ་སོགས་སྐྱོན་སྤངས་ཏེ། བྱང་ཆུབ་དམ་པ་ཐོབ་པར་ཤོག། ༈ །།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁམས་མང་པོའི་མདོ་བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་ཏུ་དབེན་པར་སོང་སྟེ། ནང་དུ་ཡང་བཞག་ནས་སེམས་ལ་སེམས་ཀྱིས་རྣམ་པར་རྟོག་པ་འདི་ལྟ་བུ་སྐྱེས་ཏེ་ཞེས་པ་ནས། བཙུན་པ་འདིར་བདག་ཅིག་བུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་བཞག་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་

(༩༢༨)སྐྱེའི་མཁས་པ་ལས་ནི་མ་ལགས་སོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ལགས་སོ། །སྙམ་མོ། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཀུན་དགའ་བོ་དཔེར་ན་འདམ་བུ་སྐམ་པོའི་ཁང་པ་འམ། རྩྭ་སྐམ་པོའི་ཁང་པ་འམ། སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན་དེ་རྣམས་ཀྱང་ཚིག་པར་བྱེད་དོ། །དེ་བཞིན་དུ་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རིགས་ཅན་གསུམ་གྱིས་དངོས་པོ་བཞི་ལ་མཁས་པར་བྱས་ཏེ། རང་རང་གི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་གནས་སྐབས་

(༩༢༩)ཉན་ཐོས་དང་ཐུན་མོང་ངོ་། །ཇི་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཁམས་སོགས་ཆོས་ལ་མཁས་བྱས་ཏེ། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།ག་ཌིའི་མདོ་ནི། ག་ཌི་ལ་ཡུམ་ཆེན་མོའི་བསྐྱེད་ཆོག་དང་། རབ་གནས་བྱེད་པ་དང་། བསྐྱེད་རིམས་བསྒོམས་ནས། རྡུང་བ་བཤད་པས་གསང་སྔགས་ཡིན། ག་ཌིའི་དུས་ཀྱི་མདོ་ནི་གསལ་ཁ་མེད་ནའང་སྔ་མའི་རྗེས་སུ་འབྲངས་ན་ལེགས།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དགེ་བའི་བཤེས་གཉེན་སྟེན་པའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤ་ན་བདུད་ཀྱི་ཉེན་འཁོར་ཤིང་ས་ལ་ཟུང་གི་ཚལ་ན་ཞེས་པས་བསྟན་ཏོ། །འཁོར་ནི། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ཏེ་ཞེས་པས་སོ། །འཁོར་རྣམས་ལ་སྟོན་པས་བཀའ་ཡས་སྩལ་དུ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་དང་གནས་པར་བྱའི་སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་དང་གནས་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་ཅིག་བུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན། སེམས་ལ་འདི་ལྟ་བུའི་སེམས་ཀྱི་

(༩༣༠)ཡོངས་སུ་རྟོག་པ་བྱུང་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་སྡིག་པའི་རྟེན་ནི་དེ་ལྟ་མ་ལགས་སོ་སྙམ་བགྱིད་དོ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱིད་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་འདི་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་བཤེས་གཉེན་དང་། ང་ལ་རྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང་། སེམས་ཅན་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ་དེ་བས་ན་རྣམ་གྲངས་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་།

(༩༣༡)དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་འདི་ནི་དེ་ལྟ་མ་ཡིན་ནོ། །ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ་རྫོགས་སོ་ཞེས་པས་སོ། །དགོས་པའི་དོན་སོགས་ཆོས་ལྔ་ནི་གོ་སླའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། བཤེས་གཉེན་དམ་པས་ཡོངས་གཟུང་སྟེ། ཚངས་པར་སྤྱོད་པ་མཐར་ཕྱིན་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མངོན་པར་འབྱུང་བའི་མདོ་བཀའ་འཁོར་ལོ་དང་པོར་གཏོགས་པ་འདིའི་གླེང་གཞི་མི་གསལ་ཞིང་། དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་དང་། བརྩལ་པར་དམ་བཅའ་བ་རྣམས་སྣང་བའི་ཕྱིར་ཉན་ཐོས་ཆེན་པོ་ཞིག་གི་ཟིན་བྲིས་སོ། །འདིའི་དགོས་པའི་དོན་ནི། སངས་རྒྱས་ཀྱི་མཛད་པ་ལ་གདུལ་བྱ་རྣམས་ཀྱིས་མི་ཕྱེད་པའི་དད་པ་ཐོབ་སྟེ། བཀའ་བཞིན་དུ་བསྒྲུབས་ཏེ་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་འཕོ་བ་ནས་བརྩམས་ཏེ། ཤཱཀྱ་རྣམས་རབ་ཏུ་བྱུང་བའི་བར་གྱི་མཛད་པ་དང་། མཽ་གལ་གྱི་བུ་ཆེན་པོས་ཤཱཀྱ་རྣམས་གང་ལས་བྱུང་པའི་ལོ་རྒྱུས་བསྟན་པ་དང་གཉིས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་

(༩༣༢)བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་མོ། །རྒལ་ལན་ནི། ཉན་ཐོས་ཀྱི་སྡེ་སྣོད་ནས་ཐེག་ཆེན་མི་སྟོན་ཏེ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་འགའ་ཞིག་གི་ངོར་ཐེག་ཆེན་བཀའ་སྒྲུབ་དགོས་པ་བྱུང་བའི་ཕྱིར་རོ་ཞེས་ཟེར་བ་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་ཀྱི་དོན་ལ་མ་འདྲིས་པ་ཡིན་ཏེ། ཐེག་པ་ཆུང་ངུའི་སྡེ་སྣོད་ཕལ་མོ་ཆེ་ནས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ་གསུངས་པའི་ཕྱིར་རོ། །ཐེག་པ་ཆུང་ངུའི་སྡེ་སྣོད་ཀྱང་ཐེག་ཆེན་གྱི་སྡེ་སྣོད་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་དག་ནི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་བར་ཁྱད་ལ་མི་མཁས་པ་ཡིན་ཏེ། ཐེག་པ་ཆུང་ངུའི་སྡེ་སྣོད་ནས་ཀྱང་ཐེག་པ་གསུམ་སྟོན་ལ། ཐེག་པ་ཆེན་པོའི་སྡེ་སྣོད་ནས་ཀྱང་ཐེག་པ་གསུམ་སྟོན་མོད་ཀྱི། འོན་ཀྱང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ལ་བར་ཁྱད་མེད་པ་མ་ཡིན་ཏེ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀྱི་བར་ཁྱད་འབྱེད་པའི་ཆེད་དུ། འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་སུ། ཤེས་བྱའི་གནས་དང་མཚན་ཉིད་དེ་འཇུག་དང་། དེ་ཡི་བསྒོམ་པ་དེ་རབ་དབྱེ་བ་དང་། བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། ཞེས་གསུངས་པའི་ཁྱད་ཆོས་བཅུ་རྒྱས་པོ་མི་སྟོན་པ་དང་། རྒྱས་པོ་སྟོན་པའི་ཁྱད་པར་གྱིས་ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ཀྱི་ཁྱད་པར་འབྱེད་པ་ཡིན་ནོ། །ཤེས་བྱའི་གནས་སོགས་བཅུ་ཐེག་པ་ཆུང་ངུའི་སྡེ་སྣོད་ནས་གཏན་མི་སྟོན་པ་མ་ཡིན་ཏེ། ས་སྡེར་ཉན་ཐོས་ཀྱི་རྩ་བའི་ལུང་ལས་ཀྱང་། ཀུན་གཞི་བསྟན་པའི་ལུང་དྲངས་པའི་ཕྱིར་རོ། །བྱེ་བྲག་སྨྲ་བ་འགའ་ཞིག་

(༩༣༣)ཐེག་པ་ཆུང་ངུའི་སྡེ་སྣོད་ནས་གསུངས་པའི་ཐེག་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་མི་འདོད་པ་མ་ཡིན་ཏེ། ཐེག་པ་ཆུང་ངུའི་སྡེ་སྣོད་ལས་གཞན་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ཟུར་པ་བཤད་པ་རྣམས་བློར་མ་ཤོང་ནས་སྤོང་བ་རྣམས་ཀྱི་ངོར་ཐེག་པ་ཆེན་པོའི་སྡེ་སྣོད་དུ་གྲགས་པའི་མདོ་རྣམས་རྒྱལ་བའི་བཀར་བསྒྲུབ་པའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རྒྱལ་བའི་མཛད་པ་ཀུན་རྟོགས་ནས། རྒྱལ་བ་ཉིད་དང་མཚུངས་པར་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ་བཀའ་འཁོར་ལོ་དང་པོའི་འདུལ་བར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་པད་མ་རྒྱས་པ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ་ཞེས་པས་སོ། །འཁོར་ནི། དེ་ན་དགེ་སློང་གི་དགེ་འདུན་འཁོར་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་གོ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་དེའི་ནང་ན་འཕགས་པ་ཉེ་བ་འཁོར་ཞེས་བྱ་བ་དབང་པོ་དུལ་བ། ཐོས་པ་དང་ལྡན་པ། ཤེས་རབ་ཟབ་པ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལྷག་པར་མོས་ཤིང་མཆོག་ཏུ་འཛིན་པར་གནས་པ་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་ལག་པ་གཉིས་ཀྱི་ཐལ་མོ་སྙིང་གར་སྦྱར་བ་བྱས་ཏེ། འཛུམ་མུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འཁོར་བའི་འདམ་ནས་པད་མ་ལྟར་བྱུང་པའི། སྐྱོབ་མཛད་རི་བོ་ལྟ་བུར་མི་

(༩༣༤)བསྐྱོད་ཐུབ་པའི་སྐུ། དཔེ་བྱད་རྒྱན་གྱིས་བརྒྱན་ཅིང་མཚན་གྱི་མེ་ཏོག་མཛེས། བལྟ་བས་མི་ངོམས་རབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་ཀྱིས་བདག་ཅག་འདིར་འདུས་འདི་དག་ལ། དགེ་སློང་འབའ་ཞིག་གནས་པས་དགེ་སློང་གི །ངོ་བོ་དབྱེ་དང་སྒྲ་འཇུག་ཆད་བྱ་བ། བཞི་པོ་འདི་དག་ཐུབ་པས་གསུང་དུ་གསོལ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་བདེ་གཤེགས་རབ་དགྱེས་ཏེ། ཉེ་བ་འཁོར་ལ་སྤྱན་གཟིགས་འདི་སྐད་གསུངས། ལེགས་པར་ཉོན་ཅིག་བུ་ཅིག་ཉེ་བ་འཁོར། ངས་ནི་ཁྱོད་ཀྱི་སེམས་རངས་བྱ་ཕྱིར་དང་། དགེ་སློང་རྣམས་ལ་ཕན་ཕྱིར་དེ་བཤད་དོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དགེ་སློང་གི་ཚུལ་རྟོགས་ནས་ཉམས་སུ་བླངས་པས་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། དགེ་སློང་གི་ངོ་བོ་དང་། དགེ་སློང་གི་དབྱེ་བ་དང་། དགེ་སློང་གི་སྒྲ་བཤད་པ། དགེ་སློང་གི་ཆེད་དུ་བྱ་བ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། དགེ་སློང་ཚུལ་ལ་གནས་ནས་ནི། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། བཀའ་དང་པོའི་འདུལ་བར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་

(༩༣༥)ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་དུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་བཀའ་ཡས་བསྩལ་དུ་ཆོས་བསྟན་པ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དགེ་སློང་རྣམས་ཀྱིས་ཚུལ་ཁྲིམས་ཡང་དག་པར་བསྲུངས་ཏེ་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ཚུལ་ཁྲིམས་བསྲུངས་པའི་བསྔགས་པ་དང་། ཚུལ་ཁྲིམས་འཆལ་པའི་ཉེས་དམིགས་བསྟན་པའོ། །ཚིག་གི་དོན་ནི། དགེ་སློང་དག །ཤེས་པ་ནི་འགྲིབ། སྲོག་ནི་འཆད། ཚེའི་འདུ་བྱེད་ནི་ངེས་པར་འཇོམས་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་བསྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་དུ་རྙེད་པར་དཀའ་ན་དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ན་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསྡུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། སྲོག་དང་བྲལ་ཤིང་ཤི་བ་ནི་སླའི། ཚུལ་ཁྲིམས་ཉམས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། ཚུལ་ཁྲིམས་ལྡན་བ་སངས་རྒྱས་འབྱུང་དང་ཕྲད། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་འབྱོར་པ་དྲི་དང་བྱུག་པ་ཡིན། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། ཚུལ་ཁྲིམས་ལྡན་པ་གདུང་

(༩༣༦)བ་སེལ་བའི་ཆུ། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོར། ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། ཚུལ་ཁྲིམས་ཅན་ལ་གནོད་མེད་གཞན་ཅི་སྨོས། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་འཐོབ། ཚུལ་ཁྲིམས་ལྡན་བ་མཐོ་རིས་འགྲོ་བའི་རྒྱུ། ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེས། ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་འམ། སྣ་མེད་སྣ་སྡུམ་ལ་སོགས་གང་ཡིན་པ། དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང་། བསྟན་བསྲུངས་མི་དེ་མཐོ་རིས་འགྲོ་བར་འགྱུར། ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། བུད་མེད་བརྟེན་དུ་ག་ལ་རུང་། རྒྱལ་པོའི་ཕོ་བྲང་ག་ལ་དགའ། ལྦུ་བ་སྙིང་པོ་ག་ལ་ཡོད། ལོངས་སྤྱོད་རྟག་པ་ག་ལ་ཡིན། བུད་མེད་དག་ལ་རུང་པ་མེད། རྒྱལ་སྲིད་དག་ལ་དགའ་བ་མེད། ལྦུ་བ་དག་ལ་སྙིང་པོ་མེད། ལོངས་སྤྱོད་དག་ལ་རྟག་པ་མེད། ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། སྲོག་ནི་ཆུ་བུར་འདྲ་བ་ཡིན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་

(༩༣༧)པ་ལ་མངོན་པར་བསྟོད་དོ། །ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཚུལ་ཁྲིམས་ཕུང་པོ་རྫོགས་བྱས་ན། བྱང་ཆུབ་དམ་པ་ཐོབ་པར་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བསྟན་པའི་མདོ། བཀའ་དང་པོའི་འདུལ་བར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ལྟུང་བ་སྡེ་ལྔ་ནི་བསླབ་པར་བྱ་བའི་ཆོས་དང་། མ་སྤངས་པའི་ཉེས་དམིགས་རྟོགས་ནས་བསྲུང་སྡོམ་ཚུལ་བཞིན་བྱས་པས་གནས་སྐབས་སུ་མཐོ་རིས་ཐོབ་པ་དང་། མཐར་ཐུག་ཏུ་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ལྟུང་བ་སྡེ་ལྔ་སྤོང་བ་ལས། སྐབས་འདིའི་ལྟུང་བ་སྡེ་ལྔ་ནི་སླབ་པར་བྱ་བའི་ཆོས་མང་པོ་དང་འགལ་བ་དང་། སོ་སོར་བཤགས་པར་བྱ་བ་དང་། ལྟུང་བའི་སྡེ་དང་། ལྷག་མའི་སྡེ་དང་། ཕམ་པའི་འཁོར་དུ་གཏོགས་པའི་སྦོམ་པོ་རྣམས་སྤངས་པའི་ཕན་ཡོན་མཐོ་རིས་ཐོབ་པའི་གནས་དང་ཚེ་ཚད་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ལྟུང་བ་མ་ལུས་སྤངས་པ་དང་། མངོན་མཐོ་ངེས་ལེགས་ཐོབ་པར་ཤོག།

(༩༣༨)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོག་ཏུ་གདགས་པའི་མདོ། སྔ་རབས་པས་བཀའ་དང་པོར་བྱས་པ་འདི་གསུངས་པའི་འཁོར་དང་གནས་ནི། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་དབྱར་གནས་དམ་བཅས་ཏེ་བཞུགས་སོ་ཞེས་པས་སོ། །སྟོན་པས་འཁོར་རྣམས་ལ་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དཀོན་མཆོག་གསུམ་སྐྱབས་མཆོག་ཏུ་རྟོགས་ནས། སྐྱབས་སུ་འགྲོ་ཞིང་། རྗེས་སུ་བརླབས་ནས་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་འདི་གསུམ་ནི་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང་། ཆོས་མཆོག་ཏུ་གདགས་པ་དང་། དགེ་འདུན་མཆོག་ཏུ་གདགས་པའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དེ་ལ་སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་སམ། རྐང་མངས་རྣམས་སམ། གཟུགས་ཅན་རྣམས་སམ། གཟུགས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། །སངས་རྒྱས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་

(༩༣༩""དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ་མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན་པར་བསྟན་ཏོ། །ཆོས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི། མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི། རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་ཆོས་མཆོག་ཏུ་གདགས་བ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། ཚོགས་སམ། འདུས་པ་འམ། མང་པོ་འམ། འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་བསྟན་ཏོ། །དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཤིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མཆོག་ཏུ་གདགས་པའི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། །

(༩༤༠)མཁའ་མཉམས་འགྲོ་བ་ཐམས་ཅད་ནི། །མཆོག་གྱུར་དཀོན་མཆོག་ལ་དད་ཅིང་། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ་འདི་མདོ་སྣ་ཚོགས་ནས་གཅིག་གིས་བསྟུས་ནས་ཟིན་བྲིས་སུ་བྱས་པ་ཡིན་པར་སྣང་། བཀའི་ཟླར་སྡེབས་ན་བཀའ་ཐ་མའི་མདོར་བསྡུས་པ་མང་བར་སྣང་ངོ་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཚེའི་མཐའི་མདོ་ཞེས་པ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་བཀའ་ཡས་སྩལ་དུ་མཛད་པས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཐོས་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟན་པ་བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་དག་འཛིན་པར་བགྱིད་ལགས་སོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་མི་དགེ་བ་དང་དགེ་བ་བྱས་པའི་འབྲས་བུ་ངན་སོང་དང་མཐོ་རིས་སུ་སྐྱེས་པའི་ཚེའི་ཚད་དང་། སྡུག་བསྔལ་དང་བདེ་བའི་མཚན་ཉིད་རྟོགས་ནས་སྤང་བླང་ཚུལ་བཞིན་དུ་བྱས་ཏེ་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། མིའི་ཚེ་ཚད་ནས་བརྩམས་ཏེ་འདོད་ལྷ་དང་

(༩༤༡)ངན་སོང་དང་ཁམས་གོང་མ་རྣམས་ཀྱི་ཚེའི་ཚད་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། འདིར་བསྟན་པའི་ཚེའི་ཚད་ནི་ཐེག་པ་ཆུང་ངུ་ལ་མོས་པའི་གང་ཟག་གི་བསམ་པའི་དབང་གིས་ཅུང་ཟད་ཙམ་བསྟན་པ་ཡིན་གྱི། ཐེག་པ་ཆེན་པོའི་སྡེ་སྣོད་ནས་ནི་འདི་ལྟ་བུའི་ཚེའི་ཚད་ལས་ལྷག་པར་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། དགེ་སྡིག་འབྲས་བཅས་ཀུན་ཤེས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐྱར་ཁྱིམ་བདག་ཐམས་ཅད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་དག་དང་བ་བསྐྱེད་པར་བྱ་བའི་ཕྱིར་འཁོར་ལྔ་བརྒྱ་དང་བཅས་པ་གཤེགས་པ་ནས་ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱུང་པའི་ཚུལ་ནི། དེའི་ཚེ་ན་ཤཱཀྱ་དགའ་སྐྱེས་ཤེས་བྱ་བ་དར་ལ་བབ་པ་གཉེན་གྱི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གཅེས་པ། མི་ཐམས་ཅད་ཀྱིས་བཀུར་བའི་གནས་སུ་གྱུར་པ་ཞིག་ཚེ་འཕོས་པའི་ཕུང་པོའི་དྲུང་ན་དེའི་བུ་དང་། ཆུང་མ་དང་། སྤུན་དང་། གཡོག་འཁོར་རྣམས་ཀྱིས་རྟའི་ཚོགས་དང་། གླང་པོ་ཆེའི་ཚོགས་དང་། གོས་དང་རྒྱན་སྣ་ཚོགས་པ་ཡང་བསགས། གསེར་དངུལ་དང་། མུ་ཏིག་དང་། ཤེལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པ་ཡང་བསགས། བཟའ་བ་དང་བཏུང་བ་རོ་ཞིམ་པོ་མངར་བ་ཡང་བསགས་ཏེ། སྨྲེ་སྔགས་འདོན་ཅིང་དགའ་སྐྱེས་ལ་གསོལ་ལོ་ཞེས་མཆོད་པ་བྱེད་པ་དང་། རྒྱལ་པོ་ཟས་གཙང་མས་བསམས་པ། འདི་ལྟར་ཚེ་འཕོས་པ་ལ་མཆོད་ཅིང་གསོལ་བ་དང་། བརྗོད་པ་ནི་བྲམ་ཟེ་དག་གི་སྨྲང་ལས་ཟེར་ན་འདི་དག་ལ་སྨན་པ་དང་བདེ་བ་ཅི་

(༩༤༢)ཡོད་པ་བཅོམ་ལྡན་འདས་ལ་དྲིའོ་སྙམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུ་བའི་སྐབས་དབྱེ་བར་གསོལ་ཞིང་། སྟོན་པས་སྐབས་དབྱེ་བ་ནི། བཅོམ་ལྡན་འདས་སེམས་ཅན་ཚེ་འཕོས་པ་ཇི་ལྟར་འགྱུར་བའི་དོན་ཞུ་བར་འཚལ་ན་སྐབས་དབྱེ་བར་ཅི་གནང་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་ཅི་དང་ཅི་བཞེད་པ་ཞུས་ཤིག་དང་། རྒྱལ་པོ་ཆེན་པོའི་སེམས་རངས་པར་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་ཟས་གཙང་མས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས་ཚེ་འཕོས་པ་ན་ཕ་མ་འམ། དཔུན་ནམ་བུ་ལ་སོགས་པ་ལ་གཏམས་ཏེ་ཚིག་ཅི་སྨྲས་པ་དང་། གཟུགས་བྱད་ཅི་འདྲ་བ་དག་ཚེ་འཕོས་ནས་ཕྱིས་ཕ་མ་འམ། དཔུན་ནམ་བུ་ལ་སོགས་པ་ལ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱད་དག་སྟོན་ཏེ་མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལམ་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྐྱེ་བ་ལེན་ཚུལ་རྟོགས་ནས་རྟག་ཆད་ཀྱི་ལྟ་བ་སྤངས་ཏེ་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི། ཁ་སྟོན་མར་མེ་མེ་ལོང་རྒྱ། ས་བོན་སྐྱུར་དང་མེ་ཤེལ་བྲག་ཆ་སྟེ། ཞེས་པའི་དཔེ་བརྒྱད་ཀྱིས་སྐྱེ་བ་ལེན་ཚུལ་བསྟན་ལ་ཕབ་པའོ། །ཚིག་གི་དོན་ནི་གཞུང་

(༩༤༣)ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། རྟག་ཆད་ལྟ་བ་རབ་སྤངས་ནས། འཆི་འཕོ་སྐྱེ་བ་ལེགས་རྟོགས་ཏེ། ཐར་པ་དམ་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མི་རྟག་པ་ཉིད་ཀྱི་མདོ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་པ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དང་། དབེན་པ་དང་། འཕངས་པ་དང་། ཡིད་དུ་འོང་བ་ལ་ལམ་མངོན་པར་དགའ་བ་སྤངས་ཏེ། ལམ་བསྒོམས་པས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན། འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན། སྐྱེ་བོ་མི་རྟག་ཉིད་ཀྱིས་ཉེན་གྱུར་ན། འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། ནད་མེད་ལང་ཚོ་འབྱོར་དང་སྲོག་ལ་སོགས། མི་རྟག་རྟོགས་པས་འདོད་ལ་དགའ་སྤངས་ཏེ། བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མི་རྟག་པ་ཉིད་ཀྱི་མདོ་བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་

(༩༤༤)བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པས་སོ། །སྟོན་པས་འཁོར་རྣམས་ལ་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། མི་བརྟན་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། དགེ་སློང་དག་ཆོག་གིས་འདུ་བྱེད་ཐམས་ཅད་ལས་སེམས་ཟློག་ཤིག །དགེ་སློང་དག་མ་ཆགས་པ་དང་། མ་ཞེན་པ་དང་། རྣམ་པར་གྲོལ་བར་གྱིས་ཤིག་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པར་རྟོགས་ནས་ཆགས་པ་སྤངས་ཏེ་མྱ་ངན་ལས་འདས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། དེ་བས་ཉེ་བར་ཞི་བ་བདེ། དེ་ལྟར་རབ་ཏུ་འབར་བ་ལ། དགའ་བྱར་ཅི་ཡོད་མགུར་ཅི་ཡོད། །མུན་པའི་ནང་ཞུགས་གནས་པ་དག །ཅི་ཕྱིར་སྒྲོལ་མ་ཚོལ་མི་བྱེད། ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་འོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འདུ་བྱེད་ཐམས་ཅད་མི་རྟག་པར། རྟོགས་ནས་ཆགས་པ་དང་བྲལ་ཏེ། འགྲོ་ཀུན་ཐར་པ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འདུ་ཤེས་བཅུ་གཅིག་པ་བསྟན་པའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་བདུད་ཀྱི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚལ་ན་བཞུགས་ཏེ་ཞེས་པས་སོ། །སྟོན་པས་

(༩༤༥)འཁོར་རྣམས་ལ་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱི་འདུ་ཤེས་བཅུ་གཅིག་བསྒོམས་པས་བྱང་ཆུབ་ཐོབ་པའོ། །བསྡུས་པའི་དོན་ནི། དགེ་སློང་དག་ནམ་འཆི་བའི་དུས་ཀྱི་ཚེ་དགེ་སློང་གིས་འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། བཅུ་གཅིག་གང་ཞེ་ན། འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། ཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་བའི་འདུ་ཤེས་དང་། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་དུས་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་སྤང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུང་ངུ་དག་ལ་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཐམས་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདུ་ཤེས་བཅུ་གཅིག་བསྟན་པ་བཅོམ་ལྡན་འདས་ཀྱིས་ཞལ་ཚེམས་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། འདུ་ཤེས་བཅུ་གཅིག་ལེགས་བསྒོམས་ཏེ། ཐེག་པ་གསུམ་གྱི་ངེས་འབྱུང་གིས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ་འདི་བྱ་རྒྱུད་ཡིན་ནོ། །མདོར་བྱེད་ན་འདུས་པ་ཆེན་མོར་གཏོགས་སོ། །

(༩༤༦)འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ་འདི་ཡང་བྱ་རྒྱུད་ཡིན། མདོར་བྱེད་ན་འདུས་པ་ཆེན་མོར་གཏོགས་སོ། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་སོ། །ཚེ་དང་ལྡན་པ་རབ་མཐོང་ཇི་ལྟར་བྱོན་པའི་ཚུལ་ནི། དེ་ནས་དེའི་ཚེ་ངམ་གྲོག་གསུམ་པོ་ཞེས་བྱ་བའི་ལྗོངས་ཀྱི་སྐྱེ་བོ་དག་གི་ནང་ནས། རི་ཁྲོད་ཀྱི་གྲོང་ཞིག་ན་བྲམ་ཟེ་ལ་བ་ཅན་ཞེས་བྱ་བ་དཔུན་བུ་འདོད་པའི་ཕྱིར་དུ་བྲམ་ཟེ་རྡོ་ལེབ་ལ་དཀའ་ཐུབ་བྱེད་དེ་ལྷ་སྟོང་ཕྲག་བརྒྱ་ལ་བུ་སློང་ཞིང་གསོལ་བ་འདེབས་པ་དང་ལ་བ་ཅན་ལ་བུ་བཙས་པ་ནི་མིང་རབ་མཐོང་ཞེས་བཏགས་སོ། །ནུ་བོ་ལ་བཙས་པ་ནི་དགའ་བོ་ཞེས་བཏགས་སོ། །ཞེས་པ་ནས། དེ་ནས་བསོད་ནམས་ཆེན་པོ་སྦྱིན་པས་དབང་ཕྱུག་ཆེན་པོ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་གཏོང་བ་ཆེན་པོ་ཅན་དེ་ལྷ་དག་གིས་བསྲུངས་པ་ཞིག་པས་ལྷ་དག་ཉེ་བར་འོང་ཞིང་སྔོན་དུ་འགྲོ་སྟེ། རབ་མཐོང་ཆེན་པོ་ལ་མཆོད་པ་བྱོས་ཤིག་དང་། ཕན་ཡོན་མང་པོ་དག་གི་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་སྒྲ་སྒྲོགས་ཤིང་སོང་པ་དང་། རིམ་གྱིས་ལྷ་དང་མིས་མཆོད་པ་བྱས་ཤིང་མཉན་ཡོད་དུ་ཕྱིན་ནོ། །དེ་ནས་ལམ་གྱིས་དུབ་པ་རྟ་བསྡམས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ། ཆོས་སྟོན་པ་མཛད་དེ། དེའི་འཁོར་ལྔ་བརྒྱ་པོ་དག་ལྟ་བ་མཆོག་ཏུ་འཛིན་པ་བཤིག་བཅོམ་སྟེ། བདེན་པ་མཐོང་སྟེ་དེ་ཉིད་དུ་རབ་ཏུ་བྱུང་དགེ་སློང་གི་དངོས་པོ་གཟུང་

(༩༤༧)སྟེ། ཉོན་མོངས་པ་ཐམས་ཅད་བཅོམ་ནས་དགྲ་བཅོམ་པ་མངོན་དུ་བྱས་ཏེ། དགའ་བོ་ནི་མ་གཏོགས་སོ། །སྐྱེ་བོ་མང་པོ་ཀུན་གྱིས་ཀྱང་ཆོས་ཁོང་དུ་ཆུད་དོ། །སྟོན་པ་ཆེན་པོ་རབ་མཐོང་ལྟ་བའི་ཕྱིར་ལྷ་ལ་སོགས་པ་དག་ཀྱང་འོངས་ཏེ་དེར་ཕྱིན་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །དགེ་སློང་རབ་མཐོང་ལྷ་མིས་མཆོད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རབ་མཐོང་འདི་ནི་ངའི་དགེ་སློང་དང་དགེ་སློང་དག་གི་ཉན་ཐོས་དག་ལ་ཇི་ལྟར་ལྷ་དང་མིས་མཆོད་པ་བྱེད་དེ། དེ་དག་གི་ནང་ན་ལྷ་དང་མིས་མཆོད་པར་བྱ་བའི་མཆོག་ནི་དགེ་སློང་རབ་འཐོང་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་པས་བསྟན་ཏོ། །དགྲ་བཅོམ་པ་རབ་འཐོང་ལྷ་རྣམས་ཀྱིས་མདུན་གྱི་ནགས་ཚལ་དུ་སྤྱན་དྲངས་པ་ནི། དེ་ནས་དུས་དེ་ཉིད་དུ་མི་འཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། དྲི་ཟའི་རྒྱལ་པོ་དང་། གྲུལ་བུམ་གྱི་སྡེ་དཔོན་ཆེན་པོ་ལ་སོགས་པ་རང་རང་གི་གནས་ནས་སོང་སྟེ། ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕྱོགས་གཅིག་ཏུ་འཁོད་དོ་མངོན་དུ་ཕྱོགས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །ཞེས་པ་ནས། ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་ཅང་མི་སྨྲ་བར་དང་དུ་བླངས་སོ། །ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དེ་དག་གིས། ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་དགའ་མགུ་ཡིད་རངས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཚེ་

(༩༤༨)དང་ལྡན་པ་རབ་མཐོང་གིས་ཏ་མ་སའི་ནགས་སུ་ཕྱིན་ནས། བསྟན་པ་རྒྱས་པར་མཛད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་སྟོན་པའི་ཞལ་དུ་ལྟ་བ་མཐོང་ནས་ཏ་མ་སའི་ནགས་སུ་སོང་སྟེ་ཕྱིན་ནས་བླ་གབ་མེད་པར་འགྲེང་སྟེ། ག་ཌི་བརྡུངས་ཏེ། ག་ཌིའི་སྒྲ་དེས་འཛམ་བུའི་གླིང་ཁྱབ་པར་སྒྲ་གྲག་པར་གྱུར་པ་ན། དགེ་སློང་དག་གིས་སྒྲ་ཐོས་ཏེ་སེམས་པ་ལ་ཞུགས་པ་དང་། སྒྲ་འདི་ནི་མུན་གྱི་ནགས་ནས་བྱུང་ངོ་སྙམ་མོ། །དེ་ཡང་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གི་བཞུགས་གནས་རང་སངས་རྒྱས་རྣམས་ཀྱི་གནས་པ། འདོད་ཆགས་དང་བྲལ་བ་དག་དང་། དྲང་སྲོང་དག་གི་གནས་སུ་གྱུར་པ་ཡིན་ལ། ད་ལྟར་ཡང་དེ་ཁོ་ན་བཙུན་པ་རབ་མཐོང་ཆེན་པོ་ཡིན་པར་གོ་ཞིང་ཤེས་ནས་མཐོང་སྟེ། དགྲ་བཅོམ་པ་ཁྲི་བརྒྱད་སྟོང་སྙེད་ཀྱིས་མུན་གྱི་ནགས་སུ་ཕྱིན་ཏེ་དབྱར་གྱི་གནས་པ་ཡང་བཅས་ཞེས་པ་ནས། བློན་པོ་དང་རྒྱལ་རིགས་སྤྱིར་འདུས་ཏེ། ཀུན་དགའ་ར་བ་ཞིག་ཀྱང་བྱས་ཏེ། དེ་དག་ཏུ་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་མཛེས་པ་འདི་དག་སྟེ། ཨ་སྨྲའི་ཤིང་དང་། པ་ཏིའི་ཤིང་དང་། སེང་ལྡེང་གི་ཤིང་དང་། ནྱ་གྲོ་དྷའི་ཤིང་དང་། ཨ་ཤྭད་ཐའི་ཤིང་དང་། འབྲས་བུ་གསུམ་གྱི་ཤིང་དང་། མེ་ཏོག་ཙམ་པ་ཀའི་ཤིང་དང་། ཨུ་དུ་ཀའི་ཤིང་དང་། མ་དུ་ཀའི་ཤིང་དང་། བིལ་བའི་ཤིང་དང་། འབྲ་ཧོའི་ཤིང་དང་། འཛམ་བུའི་ཤིང་དང་། དུ་ནའི་ཤིང་དང་། ཆུ་ཤིང་ལ་སོགས་པ་དང་། མེ་ཏོག་མ་ལི་ཀ་དང་ཀུན་དྷ་དང་། ཛ་ལི་ཀ་ལ་སོགས་པ་མཛེས་པ་སྣ་ཚོགས་དགེ་སློང་བདེ་བར་གནས་པ་དགེ་བའི་ཕྱོགས་བྱེད་པ་དང་འཐུན་པ་ཞིག་ཀྱང་བྱས་ཏེ་དགེ་འདུན་ལ་ཕུལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །དགེ་སློང་རྣམས་ཀྱི་ཚེ་དང་ལྡན་པ་རབ་མཐོང་གི་རྟོགས་པ་བརྗོད་པ་ཞུས་པ་ནི། དེ་ནས་དགེ་སློང་

(༩༤༩)དག་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་རབ་མཐོང་གིས་ལས་ཅི་བགྱིས་ན་ལས་གང་ཡང་རྣམ་པར་སྨིན་པ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་དང་ལྡན་པའི་རིགས་སུ་སྐྱེས། གཟུགས་མཛེས་ཞིང་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་བསོད་ནམས་ཆེན་པོ་དང་ལྡན་པ་ཤེས་པར་འཚལ་ལགས་སོ་ཞེས་ཞུས་པ་དང་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་རབ་མཐོང་གི་རྟོག་པ་བརྗོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་ན་ཡང་དག་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཤེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་པ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་གཉེན་ལྡན་གྱི་ཁབ་ན་བཞུགས་ཏེ། དུས་དེའི་ཚེ་ཞལ་ཞལ་མཁན་གྱི་རིགས་ལས་ཕྱུག་པ་ག་གེ་མོ་ཞེས་བྱ་བ་ཞིག་གིས་རྣམ་པར་གཟིགས་ཀྱི་སླད་དུ་གཙུག་ལག་ཁང་བཙིགས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལེགས་པར་བཙུགས་ཏེ། ཀུན་དུ་དྲི་བསུང་པ་དང་ལྡན་པ་འབྱུང་བར་གྱུར་ཏེ་ཕུལ། སྟོན་པ་དེ་ཉིད་ཀྱི་བསྟན་པ་ལ་ཡང་རབ་ཏུ་འབྱུང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་མྱ་ངན་ལས་འདས་ནས་སྐུ་གདུང་གི་མཆོད་རྟེན་གྱི་རྨང་གི་འོག་ཏུ་རིན་པོ་ཆེའི་རྡོ་རིང་ཅིག་བསྒྲེང་ངོ་། །ཞལ་ཞལ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་དེའི་འཁོར་མང་པོ་ཡང་རྗེས་སུ་ཡིད་རང་ཞིང་མོས་པར་གྱུར་ཏེ། ཁྱེད་སྟོན་པ་ལ་མོས་པར་གྱུར་པ་དེ་བཞིན་དུ་བདག་ཅག་ཀྱང་དད་ཅིང་མོས་པར་བགྱིད་དེ། སྟོན་པའི་བཀའ་བཞིན་དུ་

(༩༥༠)བགྱིད་ཅིང་མཉེས་པར་བགྱིད་ལ་མི་མཉེས་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དགྲ་བཅོམ་པ་ཡང་རབ་མཐོང་ལ་སོགས་པ་སྐྱེས་བུ་དམ་པའི་རྣམ་ཐར་རྟོགས་ཤིང་རྗེས་སུ་བསླབས་ཏེ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བྱང་ཕྱོགས་རྒྱུད་ཀྱི་ཕྲེང་པའི་མདོ་ཁྲི་པའི་ནང་ནས་ཡུལ་ཟ་ལེན་ཏྲའི་བྱང་ཕྱོགས་ཀྱི་མཚམས་རི་ཨུ་ཤི་རིའི་བསྔགས་པ་དང་། དགྲ་བཅོམ་བ་རབ་མཐོང་འཁོར་བཅས་ཀྱི་རྟོགས་པ་བརྗོད་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། ལྷ་མིས་མཆོད་པའི་རབ་མཐོང་ལྟར། རྒྱལ་བའི་བསྟན་པ་རྒྱས་བྱེད་ཅིང་། བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕ་མའི་མདོ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་འཁོར་དང་གནས་ནི། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་བཀའ་ཡས་སྩལ་དུ་མཛད་ནས་ཆོས་བསྟན་པ་ནི་དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཕ་མ་ལ་བསྐུར་བསྟི་བྱས་པས་གནས་སྐབས་སུ་མཐོ་རིས་དང་། མཐར་ཐུག་ཏུ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་

(༩༥༡)ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕ་མ་གཉིས་ནི་ཚངས་པ་སྟེ། དེ་བཞིན་དང་པོ་སློབ་དཔོན་ཡིན། བུ་ཡི་ཀུན་སྦྱིན་འོས་གྱུར་པ། མི་ཡང་ཡིན་ལ་ལྷ་ཡང་ཡིན། དེ་ཕྱིར་དེ་གཉིས་ཕྱག་གི་གནས། དྲིལ་བ་དང་ནི་ཁྲུས་རྣམས་དང་། རྐང་པ་དག་ཀྱང་བསྐུ་བ་དང་། ཡང་ན་ཟས་དང་སྐོམ་རྣམས་དང་། གོས་དང་མལ་ཆ་སྟན་རྣམས་ཀྱིས། མཁས་པ་དག་གིས་བཀུར་བསྟི་བྱ། ཕ་མ་དག་ལ་བཀུར་བྱས་པ། དེས་ན་མཁས་པ་དེ་དག་ནི། འདིར་ཡང་སྨད་པར་མེད་འགྱུར་ལ། ཤི་ནའང་མཐོ་རིས་འགྲོ་བར་འགྱུར་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱས་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་དུ་སྦྱིན་པའི་འོས་སུ་འགྱུར་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་

(༩༥༢)རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །ཞེས་པས་བསྟན་ཏོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། ཕ་མ་དག་ལ་གུས་བྱེད་ཅིང་། བྱང་ཆུབ་དམ་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བདེན་པ་བཞིའི་མདོ། བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་དམར་བུ་ཅན་གྱི་གྲོང་ཁྱེར་དང་རྒྱལ་པོའི་ཁབ་ཀྱི་བར་གྱི་དབུས་ན་རྒྱལ་བའི་གནས་འོད་མའི་དབྱུག་པ་ཅན་ན་ནུབ་མོ་ཉེ་བར་རྟེན་ཅིང་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་བཀའ་སྩལ་བས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་འོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་འཕགས་པའི་བདེན་པ་བཞི་རྟོགས་ཏེ་ཐེག་པ་གསུམ་གང་རུང་ཉམས་སུ་བླང་བས་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ང་དང་ཁྱེད་ཅག་ཁོ་ན་ཡིས། འཕགས་པའི་བདེན་པ་བཞི་པོ་དག །ཇི་ལྟ་བ་བཞིན་མ་མཐོང་བས། ལམ་རིང་དུ་ནི་འཁོར་བར་གྱུར། བདེན་པ་དེ་དག་མཐོང་ནས་

(༩༥༣)ནི། སྲིད་པའི་སྲེད་པ་བཅད་ནས་སུ། འཁོར་བའི་སྐྱེ་བ་ཟད་པས་ནི། ད་ནི་སྲིད་པ་གཞན་མེད་དོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དགེ་སློང་དག་དང་ཁྱེད་ཅག་ཁོ་ནས་འཕགས་པའི་བདེན་པ་བཞི་པོ་དེ་དག་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས། ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །བཞི་པོ་དེ་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་ཁོང་དུ་ཆུད་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། ང་དང་ཁྱོད་ཅག་ཁོ་ནས་སྡུག་བསྔལ་འགོག་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །དགེ་སློང་དག་ངས་སྡུག་བསྔལ་འཕགས་པའི་བདེན་བ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ་ད་ནི་སྲིད་པ་གཞན་མེད་དོ། །ངས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །ངས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་བཅད་པས། འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་

(༩༥༤)པ་ལ་མངོན་པར་བསྟོད་དོ། །འཕགས་པ་བདེན་པ་བཞིའི་མདོ་རྫོགས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། བདེན་པ་བཞིའི་དམིགས་པ་ལ། བདག་མེད་སེམས་ཀྱི་རིམ་པ་ཡིས། ཚུལ་བཞིན་གནས་ཏེ་བསྒོམས་པ་ལས། བྱང་ཆུབ་ཅི་རིགས་ཐོབ་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཀའ་འཁོར་ལོ་དང་པོར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་མཉན་ཡོད་ན་ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་ན་རིགས་དགས་འཛིན་གྱི་མའི་ཁང་པ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱི་སྤྲིན་ལྟར་ཟབ་ཅིང་སྙན་ལ་རྒྱ་ཆེ་བའི་ཚངས་པའི་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དགེ་སློང་དག་འདི་དག་ནི་དགོན་པའི་གནས་སམ། ཤིང་དྲུང་ངམ། ཁང་སྟོང་ངམ། རི་སུལ་ལམ། རི་ཕུག་གམ། སོག་ཁྲོད་དམ། བླ་གབ་མེད་པ་འམ། དུར་ཁྲོད་དམ། ནགས་ཚལ་གྱི་མཐོངས་སམ། བས་མཐའི་མལ་སྟན་དག་ཏུ་ངེས་པར་བསམ་གཏན་དུ་གྱིས་ཤིག །དགེ་སློང་དག་བག་མེད་པར་གྱུར་ནས་ཕྱིས་འགྱོད་པར་འགྱུར་ཏ་རེ། འདི་ནི་ངེད་ཀྱིས་རྗེས་སུ་བསྟན་པའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་པས་གནས་སྐབས་ཀྱི་འབྲས་བུ་བསྟན་ཅིང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་བྱང་ཆུབ་འཐོབ་པ་ཤུགས་ལ་བསྟན་ཏོ། །བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་

(༩༥༥)ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། ཁམས་བཅྭ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་། འཕགས་པའི་བདེན་པ་བཞི་དང་། དབང་པོ་ཉི་ཤུ་རྩ་གཉིས་དང་། བསམ་གཏན་བཞི་དང་། ཚངས་པའི་གནས་བཞི་དང་། ལམ་བཞི་དང་། ཏིང་ངེ་འཛིན་སྒོམ་པ་བཞི་དང་། དྲན་པ་ཉེ་བར་བཞག་པ་གཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དབུགས་རྔུབ་པ་དང་། འབྱུང་པ་དྲན་པ་རྣམ་པ་བཅུ་དྲུག་དང་། རྒྱུན་དུ་ཞུགས་པའི་ཡན་ལག་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་སྟེ། དགེ་སློང་དག་འདི་ནི་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དགེ་སློང་དག་དེ་ལ་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། དགེ་སློང་དག་འདི་དག་ནི་ཕུང་པོ་ལྔའོ། །ཞེས་པ་ནས། དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ་དང་། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། དོན་རྣམ་པར་

(༩༥༦)ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱ་ཞེས་གང་སྨྲས་པ་དེ་ནི་བཤད་པ་འདི་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་སུ་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། དོན་རྣམས་ངེས་པར་རྟོགས་གྱུར་ནས། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། བཀའ་འཁོར་ལོ་དང་པོར་གཏོགས་པ་འདིའི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་སྟོན་པས། འཁོར་རྣམས་ལ་ཆོས་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་རྣམས་ལ་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འགྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། བསྟན་པར་བྱ་སྟེ། འདི་ལྟ་སྟེ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་ཚུལ་བཞིན་དུ་ཡིད་ལ་བྱས་པ་ལ་རྟེན་ནས་བྱང་ཆུབ་གསུམ་ཅི་རིགས་པ་མཐོབ་པའོ། །བསྡུས་པའི་དོན་ནི། འབྱོར་པའི་ཆོས་བཅུ་གཉིས་དང་། དགེ་སློང་གཏམ་སྨྲ་བས་གཞན་དག་ལ་གཏམ་ཉི་ཤུ་

(༩༥༧)བྱ་བ་དང་། ཆོས་ཉན་པར་འདོད་པས་རྣམ་པ་བཅུ་དྲུག་གིས་ཉན་པར་བྱ་བ་དང་། ཚུལ་བཞིན་ཡིད་ལ་བྱ་བའི་བདག་ཉིད་ཀྱི་འདུ་ཤེས་བཅུ་སྟེ། མི་སྡུག་པའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་ཕྲོད་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། སྣང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་ཐེག་པ་གསུམ་ཆར་གྱི་ཐུན་མོང་བའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འབྱོར་པའི་ཆོས་ལ་རྟེན་ནས་ནི། བཤད་དང་བསྒྲུབ་པ་མཐར་ཕྱིན་ནས། འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས་སོ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་གསོལ་ཏེ་ཞེས་པ་ནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཐར་ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ་ཕྱོགས་ཤིག་ན་ཁང་པ་རྩེགས་པ་ཆབ་སྒོ་བརྒྱད་བཅུ་མཆིས་ལ་དྲེག་པས་བྱུགས་པ། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། དར་གྱི་ལྡ་ལྡི་མང་པོ་དབྱངས་པ་དག་མཐོང་ནས་འདི་སྙམ་དུ་བསམས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་ཁང་པ་

( ༩༥༨)བརྩེགས་པ་འདི་ལྟ་བུ་བགྱིས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་མཆོད་བརྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་གྱིས་ལ་ཁབ་ཙམ་གྱིས་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བསྩལ་ན་དེ་གཉིས་བསོད་ནམས་ཤིན་ཏུ་ཆེ་བ་གང་ལགས་སྙམ་མོ། །བདག་གིས་ཡང་འདི་སྙམ་དུ་བསམས་ཏེ། སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར། བདེ་བར་གཤེགས་པ་འདི་བདག་གི་མངོན་སུམ་དུ་གྱུར་གྱིས། བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་སྐད་བསྟན་པ་བཞིན་དུ་གཟུང་བར་བགྱི་སྙམ་ནས་བཅོམ་ལྡན་འདས་ལ་བདག་དོན་འདི་ཉིད་ཞུ་ལགས་ན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བཅོམ་ལྡན་འདས་ཀྱིས་བདག་ལ་དོན་འདི་ཉིད་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་དང་། གཟུགས་བརྙན་བཞེངས་པའི་ཕན་ཡོན་རྟོགས་ཏེ་བཞེངས་པས་མཐོ་རིས་དང་ཐར་པ་ཐོབ་པའོ། །བསྡུས་པའི་དོན་ནི། ཕྱོགས་བཞིའི་དགེ་འདུན་ལ་དགེ་འདུན་གྱི་ཀུན་དགའ་ར་བ་གཞེངས་ཏེ་ཕུལ་བ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་བཞེངས་པ་བསོད་ནམས་ཆེ་བར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། མཆོད་རྟེན་སྐུ་གཟུགས་བཞེངས་པ་ཡིས། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག།

(༩༥༩)༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་རྣམས་ཀྱིས་ཇི་ལྟར་ཞུས་པའི་ཚུལ་ནི། དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ཅག་གི་རིམ་འགྲོའི་གནས་སུ་ལྷགས་ཏེ་འདུག་ནས་བར་སྐབས་དེར་གཏམ་འདི་ལྟ་བུ་ཞིག་གླེངས་སོ་ཞེས་པ་ནས། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཀའ་སྩལ་པ། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུས་ཏེ། ཁྱེད་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་ཉིད་ཞུ་བར་སེམས་དཔའ་ལེགས་སོ་ལེགས་སོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སངས་རྒྱས་ཀྱི་གཟུགས་བརྙན་བྱས་པའི་ཕན་ཡོན་རྟོགས་ཏེ། གཟུགས་བརྙན་བཅས་པས་མངོན་མཐོ་དང་ངེས་ལེགས་འཐོབ་པའོ། །བསྡུས་པའི་དོན་ནི། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་ཞེས་

(༩༦༠)པ་ནས། དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་ལྷའི་མདོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། སངས་རྒྱས་གཟུགས་སྐུ་བྱེད་པ་དང་། རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲིའ་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། ལྷའི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་ཡུལ་ཅིག་ག་ལ་ཡོད། ཚིག་སུ་བཅད་པ་གཅིག་པ་རྫོགས་སོ།། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གསལ་རྒྱལ་གྱིས་ཚིགས་སུ་བཅད་པ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདིའི་གནས་མི་གསལ། ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། རྒྱལ་པོ་གསལ་རྒྱལ་གདུགས་དང་ཅོད་པན་དང་། རྔ་ཡབ་རལ་གྲི་ནོར་བུ་ལྷམ་བཞག་

(༩༦༡)སྟེ། ཐལ་མོ་སྦྱར་ཏེ་ལེགས་པར་ཕྱག་འཚལ་ནས། འཇིག་རྟེན་མགོན་པོ་ལ་ནི་ཞུ་བ་ཞུས། ཕན་པར་previous hit དགོངས next hit་ཐུགས་རྗེའི་བདག་ཉིད་ཅན། དེ་བཞིན་གཤེགས་རྣམས་མྱ་ངན་འདས་པ་ན། མཆོད་པ་བགྱིས་པས་བློ་མཆོག་ཇི་ལྟ་བུར། སྲིད་པ་གཞན་དུ་མི་རྣམས་བདེ་བ་ཐོབ། ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་མི་ཡི་སེང་གེ་སྔ་ཕྱིའི་མཐའི། ཆོས་རྣམས་ཀུན་ལ་མངོན་སུམ་སྤྱོད་གྱུར་པས། ཀུན་དགའ་བཟང་པོ་ཡི་ནི་མངོན་སུམ་དུ། གསལ་རྒྱལ་ཞུས་ལན་འདི་དག་བཀའ་སྩལ་པ། ཇི་ལྟར་མཆོད་རྟེན་དག་ལ་མི་རྣམས་ཀྱིས། མཆོད་པ་བྱས་པས་སྲིད་པ་གཞན་དག་ཏུ། རྣམ་སྨིན་འདོད་པ་སྣ་ཚོགས་ཅི་ཐོབ་པ། ཞུས་པའི་དོན་དེ་རྒྱལ་པོས་མཉན་པར་བགྱིས། ཞེས་པ་ནས་བཙམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བཅོམ་ལྡན་འདས་ཀྱིས་མཆོད་རྟེན་རྣམས་དང་ནི། སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་པ། དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། ལྷ་ཡུལ་ས་སྟེངས་ངེས་པར་རྒྱལ་སྲིད་འཐོབ། གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ། སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། ཞེས་སོགས་ཀྱི་ཕན་ཡོན་རྣམས་མདོའི་དོན་ཉམས་སུ་བླངས་པས་འཐོབ་པའོ། །བསྡུས་པའི་དོན་ནི། སྐུ་གསུང་ཐུགས་ཀྱི་རྟེན་གསར་དུ་བཞེངས་པ་དང་། རྙིང་པ་བཞུགས་པ་རྣམས་ལ་ཕྱག་མཆོད་བསྐོར་བ་སོགས་བྱས་པའི་ཕན་ཡོན་རྒྱ་ཆེར་བསྟན་

(༩༦༢)པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། རྟེན་གསུམ་བཞེངས་དང་མཆོད་པ་སོགས། དགེ་བའི་ལས་ལ་བརྩོན་གྱུར་ཞིང་། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པ་བཞི་པ་ཞེས་བྱ་བ་བཀའ་འཁོར་ལོ་དང་པོར་གཏོགས་པ། སྐུ་གྱུར་པ་ནི་ཐམས་ཅད་ལ། མཚན་མཆོག་སུམ་བཅུ་རྩ་གཉིས་མངའ་བ། རྫོགས་པའི་སངས་རྒྱས་གྲགས་ལྡན་པའི། རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། གང་དུ་བྱང་ཆུབ་ལ་རེག་དང་། ཞི་བའི་འཁོར་ལོ་བསྐོར་བ་དང་། ཟག་མེད་མྱ་ངན་འདས་ཕྱག་འཚལ། བདེ་གཤེགས་གང་དུ་བཞུགས་པ་དང་། འཆག་པ་དང་ནི་བཞེངས་པ་དང་། སེང་གེ་ལྟ་བུར་གཟིམས་པ་ཡིས། གནས་དེ་ལ་ནི་བདག་ཕྱག་འཚལ། སྟེང་དང་འོག་དང་བར་དག་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། སྐུ་བཅས་སྐུ་ནི་མེད་པ་ཡི། མཆོད་རྟེན་ལ་ནི་བདག་ཕྱག་འཚལ། གང་གིས་ཚིགས་བཅད་འདི་བཞི་ཡིས། དེ་བཞིན་གཤེགས་ལ་བསྟོད་བྱེད་པ། དེ་ནི་ཚེ་རབས་སྟོང་དུ་ཡང་། ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདིའི་གླེང་གཞི་མི་གསལ་དགོས་པའི་དོན་ནི། རབ་ཏུ་བྱུང་བ་རྣམས་ཀྱིས་ཚིག་རྩུབ་མོ་ལ་སོགས་ངག་གི་ཉེས་པ་སྤངས་ཏེ་བྱང་ཆུབ་སྒྲུབ་པར་བསྟན་པའོ། །བསྡུས་པའི་དོན་ནི། སྟོན་པ་ཆེན་པོ་ཀླུ་རྔ་ཞེས་བྱ་བ་དང་། ཀུན་དགའ་བོ་ཀླུ་ཉེ་རྔ་ཞེས་བྱ་བ་དང་། ལྷ་བྱིན་ཀླུ་རྔ་སྒྲ་ཞེས་བྱ་

(༩༦༣)བར་གྱུར་པའི་ཚེ་ན། ཀླུ་རྔ་དང་ཉེ་རྔ་གཉིས་ཀྱིས་སྐུ་རྔ་སྒྲའི་ཚིག་རྩུབ་བཟོད་པར་བྱས་པ་གླེང་གཞིར་བྱས་ཏེ་གཞན་གྱི་གནོད་པ་བྱས་པ་ལ་བཟོད་པ་བསྒོམ་དགོས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཀླུ་མཆོག་རྔ་ཡིས་བསྟན་པ་ལྟར། བཟོད་པའི་ཚུལ་ལ་གནས་བྱས་ཏེ། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་སྔ་རབས་པས་བཀའ་དང་པོའི་མདོ་སྡེར་བྱས་པ། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་འདིའི་གླེང་གཞི་མི་གསལ། དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བསླབ་པ་གསུམ་པོ་ལ་བསླབས་ཏེ། བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པར་བསྟན་པའོ། །བསྡུས་པའི་དོན་ནི། ཚོམས་སུམ་བཅུ་རྩ་གསུམ་ལས། མི་རྟག་པའི་ཚོམས་ཏེ་དང་པོ་དང་། འདོད་པའི་ཚོམས་ཏེ་གཉིས་པ་དང་། སྲེད་པའི་ཚོམས་ཏེ་གསུམ་པ་དང་། བག་ཡོད་པའི་ཚོམས་ཏེ་བཞི་པ་དང་། སྡུག་པའི་ཚོམས་ཏེ་ལྔ་པ་དང་། ཚུལ་ཁྲིམས་ཀྱི་ཚོམས་ཏེ་དྲུག་པ་དང་། ལེགས་པར་སྤྱད་པའི་ཚོམས་ཏེ་བདུན་པ་དང་། ཚིག་གི་ཚོམས་བརྒྱད་པ་དང་། ལས་ཀྱི་ཚོམས་ཏེ་དགུ་པ་དང་། དད་པའི་ཚོམས་ཏེ་བཅུ་པ་དང་། དགེ་སྦྱོང་གི་ཚོམས་ཏེ་བཅུ་གཅིག་པ་དང་། ལམ་གྱི་ཚོམས་ཏེ་བཅུ་གཉིས་པ་དང་། བཀུར་བསྟིའི་ཚོམས་ཏེ་བཅུ་གསུམ་པ་དང་། འཁུ་བའི་ཚོམས་ཏེ་བཅུ་བཞི་པ་དང་། དྲན་པའི་ཚོམས་ཏེ་བཅྭ་ལྔ་པ་དང་། སིལ་བུའི་ཚོམས་ཏེ་བཅུ་དྲུག་པ་དང་། ཆུའི་ཚོམས་ཏེ་བཅུ་བདུན་པ་དང་། མེ་ཏོག་གི་ཚོམས་ཏེ་བཅྭ་བརྒྱད་པ་དང་། དྲིའི་ཚོམས་ཏེ་བཅུ་དགུ་པ་དང་། ཁྲོ་བའི་ཚོམས་ཏེ་ཉི་ཤུ་པ་དང་། དེ་བཞིན་གཤེགས་

(༩༦༤)པའི་ཚོམས་ཏེ་ཉི་ཤུ་གཅིག་པ་དང་། ཐོས་པའི་ཚོམས་ཏེ་ཉི་ཤུ་གཉིས་པ་དང་། བདག་གི་ཚོམས་ཏེ་ཉེར་གསུམ་པ་དང་། བསྒྲེས་པའི་ཚོམས་ཏེ་ཉི་ཤུ་བཞི་པ་དང་། འཛའ་བཤེས་ཀྱི་ཚོམས་ཏེ་ཉི་ཤུ་ལྔ་པ་དང་། མྱ་ངན་ལས་འདས་པའི་ཚོམས་ཏེ་ཉི་ཤུ་དྲུག་པ་དང་། མཐོ་བའི་ཚོམས་ཏེ་ཉི་ཤུ་བདུན་པ་དང་། སྡིག་པའི་ཚོམས་ཏེ་ཉི་ཤུ་བརྒྱད་པ་དང་། ཕྲུག་གི་ཚོམས་ཏེ་ཉེར་དགུ་པ་དང་། བདེ་བའི་ཚོམས་ཏེ་སུམ་བཅུ་པ་དང་། སེམས་ཀྱི་ཚོམས་ཏེ་སུམ་བཅུ་རྩ་གཅིག་པ་དང་། དགེ་སློང་གི་ཚོམས་ཏེ་སུམ་བཅུ་རྩ་གཉིས་པ་དང་། བྲམ་ཟེའི་ཚོམས་ཏེ་སུམ་བཅུ་རྩ་གསུམ་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །རྒལ་ལན་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་དུ་ཉན་ཐོས་སྤྱོད་པའི་དབུ་མ་ཞེས་པ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་དུ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་ཁྱད་པར་ཅི་ཞིག་ཡོད་དེ། དབུ་མར་འཐུན་པའི་ཕྱིར་རོ་ཞེ་ན། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ངེས་དོན་དབུ་མར་འཐུན་ཀྱང་ཕྱིའི་གཟུགས་སོགས་བག་ཆགས་སུ་མི་འདོད་པ་དང་། འདོད་པའི་ཁྱད་པར་དང་། ཐེག་སྡུས་ནས་བཤད་པ་ལྟར། ཐེག་ཆེན་སྡེ་སྣོད་ཀྱི་ཁྱད་ཆོས་བཅུ་རྒྱས་པར་མེད་པ་དང་། རྒྱས་པའི་ཁྱད་པར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ཆོས་ཀྱི་དོན་ལ་བསླབས་ནས་ནི། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་པ་སྐྱེས་བུ་དམ་པའི་མདོ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་སོ། །སྟོན་པས་འཁོར་རྣམས་ལ་ཆོས་ཕུན་སུམ་ཚོགས་པ་

(༩༦༥)བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྦྱིན་པ་ལྔ་ལ་བསླབས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། དགེ་སློང་དག་ལྔ་པོ་འདི་དག་ནི་སྐྱེས་བུ་དམ་པའི་སྦྱིན་པ་དག་ཡིན་ཏེ། ལྔ་གང་ཞེ་ན། དགེ་སློང་དག་སྐྱེས་བུ་དམ་པ་ནི་དད་པས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། གུས་པར་བྱས་ཏེ་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། རང་གི་ལག་པ་ནས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། དུས་སུ་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། གཞན་དག་ལ་མི་གནོད་པར་་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དེ་དག་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན། དད་པས་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་པ་ཡིན། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དམ་པའི་སྦྱིན་པ་རྣམ་ལྔ་ལ། ཚུལ་བཞིན་བསླབ་པར་བྱས་ནས་ནི། མངོན་མཐོ་ངེས་ལེགས་ཀུན་ཐོབ་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགའ་བོ་རབ་ཏུ་བྱུང་པའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་ནྱ་གྲོ་དྷའི་ཀུན་དགའི་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་ཡས་སྩལ་དུ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བསྣམས་ཏེ། ལྷུང་བཟེད་བསྣམས་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། སེར་

(༩༦༦)སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ། །ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དགའ་བོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཚིག་གི་དོན་ཅི་ལགས་ཞེས་པས་བསྟན་ཏོ། །དེའི་ལན་གྱིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ནོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཏུ་སེལ་བ་ཡིན་ནོ། །འཐབ་པ་དང་། འཐབ་མོ་དང་། འཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། སྒྱུ་དང་། གཡོའི་མདུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུ་བ་ཡིན་ནོ། །ལོ་ཏོག་ཐམས་ཅད་ཀྱི་གཞི་ལྟ་བུར་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ། །རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་གོ་འཕང་གི་གནས་ཡིན་ནོ། །སེམས་ཅན་ཐམས་ཅད་དབུགས་འབྱིན་པ་ཡིན་ནོ། །འབྱུང་པོ་ཐམས་ཅད་ཀྱི་ཡིད་བསྟན་པ་ཡིན་ནོ། །སྲོག་ཆགས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ནོ། །སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་ཡིན་ནོ། །སྐྱོབས་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ། །ཀུན་དུ་ཚོལ་བས་འཕོངས་པ་དང་སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་ཀྱི་བསྟི་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་དྲི་མ་འདྲེས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ། །ཐར་པར་འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ། །སེམས་ཅན་དག་པ་རྣམས་ཀྱི་བསྙེན་པར་བྱ་བ་ཡིན་ནོ། །སྣོད་དུ་གྱུར་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ནོ། །ངན་སོང་གི་སྒོ་གཅོད་པ་ཡིན་ནོ། །མཐོ་རིས་དང་ཐར་པའི་སྒོ་འབྱེད་པ་ཡིན་ནོ། །ལྷའི་འགྲོ་བ་

(༩༦༧)རྣམས་ཀུན་དུ་འགེངས་པ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་ཀུན་ཏུ་གཅོད་པ་ཡིན་ནོ། །སྲེད་པའི་བཅིང་བས་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །དགའ་བོ་དེ་ནི་རབ་ཏུ་བྱུང་པ་ཞེས་བྱའོ། །ཡང་དག་པའི་ལྟ་བའི་ཁྱིམ་ཡིན་ནོ། །ཐར་པའི་ཡང་དག་པར་སྡོམ་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་ནོ། །རྒྱུན་ཉེ་བར་གཅོད་པ་ཡིན་ནོ། །ཉོན་མོངས་པ་རྣམས་བསྲེག་པ་ཡིན་ནོ། །ཕྲ་རྒྱས་རྣམས་འབྱིན་པ་ཡིན་ནོ། །ལྟ་བ་ངན་པའི་དྲ་བ་རྣམས་འཇིག་པར་བྱེད་པ་ཡིན་ནོ། །བདུད་ཀྱི་རྒྱལ་མཚན་སྙོལ་བ་ཡིན་ནོ། །བཟོད་པ་སྨྲ་བ་བསྒྲེང་པ་ཡིན་ནོ། །འཁོར་བའི་འཁོར་ལོ་ལྡོག་པར་བྱེད་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པ་ཡིན་ནོ། །ནུ་ཞོའི་རྒྱ་མཚོ་སྐེམས་པ་ཡིན་ནོ། །རུས་པའི་རི་འཇིག་པར་བྱེད་པ་ཡིན་ནོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མཐའ་ཡིན་ནོ། །ཕུང་པོའི་ཁུར་འཇོམས་པ་ཡིན་ནོ། །ཉོན་མོངས་པའི་འདམ་དུ་བྱིང་བ་རྣམས་འབྱིན་པ་ཡིན་ནོ། །ཁྱིམ་དུ་གཟེབ་དུ་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །གནོད་པའི་ཚོར་བ་རྣམས་ཟད་པར་བྱེད་པ་ཡིན་ནོ། །ཐེ་ཚོམ་རྣམས་ཉོན་མོངས་པའི་དྲི་མ་བརྟན་པོར་གྱུར་པ་རྣམས་གཅོད་པ་ཡིན་ནོ། །རྒ་ཤིས་འཇིགས་པ་རྣམས་དབུགས་འབྱིན་པ་ཡིན་ནོ། །སྡུག་པ་དང་བྲལ་བ་ཟད་པར་བྱེད་པ་ཡིན་ནོ། །འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་རྣམས་ཀྱི་བདེ་བ་དང་མི་འཇིགས་པའི་འགྲམ་ཡིན་ནོ། །འདོད་པའི་ཁམས་ལས་རྒལ་བར་བྱེད་པ་ཡིན་ནོ། །གཟུགས་ཀྱི་ཁམས་ལས་ཡང་དག་པར་རྒལ་བར་བྱེད་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ལས་རྣམ་པར་རྒལ་བར་བྱེད་པ་ཡིན་ནོ། །དོན་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོབ་པར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱི་མིག་ལྟ་བུ་

(༩༦༨)ཡིན་ནོ། །གཏི་མུག་གི་མུན་པའི་སྒྲོན་མ་ལྟ་བུ་ཡིན་ནོ། །རྒྱུད་དག་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །ལམ་གཏོར་བ་རྣམས་ལ་ལམ་ཀུན་ཏུ་སྟོན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟོན་པ་ཡིན་ནོ། །མདུད་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཡིན་ནོ། །མི་ཤེས་པའི་རབ་རིབ་ཀྱི་སྒྲིབ་པའི་མུན་པ་རྣམས་འདྲལ་བར་བྱེད་པ་ཡིན་ནོ། །ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བརྩོན་པར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ལ་ལྟུང་བ་རྣམས་སྐྱོང་བར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་རྣམས་མཆོག་ཏུ་དགའ་བ་ཡིན་ནོ། །ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་རྣམས་རབ་ཏུ་དགའ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་རྣམས་མཆོག་ཏུ་ཆོག་ཤེས་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་དགྲ་འཇོམས་པར་བྱེད་པ་རྣམས་ཀྱི་མཚོན་ཆ་ཡིན་ནོ། །ཕྱིར་མི་འོང་བ་རྣམས་མཆོག་ཏུ་རྒྱལ་བར་བྱེད་པ་ཡིན་ནོ། །གནས་མེད་པ་རྣམས་ཀྱི་གནས་སོ། །སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པ་ཡིན་ནོ། །འཇིགས་པས་འབྲེལ་བ་རྣམས་ཀྱི་མི་འཇིགས་པར་བྱེད་པ་ཡིན་ནོ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས་ཡིན་ནོ། །སྡུག་བསྔལ་རྣམས་ཀྱི་བདེ་བའི་ཡོ་བྱད་ཡིན་ནོ། །འཁོར་བའི་བཅིང་བས་བཅིངས་པ་རྣམས་གྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །ལྷ་དང་མི་རྣམས་ཀྱིས་བཀུར་བསྟི་བྱས་པ་ཡིན་ནོ། །མིའི་དབང་པོ་རྣམས་ཀྱིས་མཆོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་previous hit དགོངས next hit་ཡིན་ནོ། །ཁྱིམ་གྱི་གནས་ཡོངས་སུ་གཏོང་པ་ཡིན་ནོ། །མྱ་ངན་ལས་འདས་པའི་ལམ་འདྲེན་པ་ཡིན་ནོ། །སྐྲའི་ཁུང་འདྲེག་པ་

(༩༦༩)ཡིན་ནོ། །གོས་ངུར་སྨྲིག་ནི་འདོད་ཆགས་དང་བྲལ་བའི་རྟགས་ཡིན་ནོ། །རིགས་པ་ལ་བརྩོན་པ་བརྩོན་འགྲུས་ཀྱི་ཞིང་ཡིན་ནོ། །འདི་ནི་དྲང་སྲོང་རྣམས་ཀྱི་རྒྱལ་མཚན་ཡིན་ནོ། །བདུད་སྡིག་ཏོ་ཅན་རྣམས་ཀྱི་གྲགས་པ་འཇོམས་པ་ཡིན་ནོ། །ལྷ་དང་མི་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ཏེ། དགའ་བོ་རབ་ཏུ་བྱུང་བ་ནི་དེ་ལྟ་བུ་ཡིན་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོ་རབ་ཏུ་བྱུང་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པར་བདེ་བ་ཡིན་ན་དགའ་བོ་གཞན་ཡང་དལ་བ་འཐོབ་པ་ནི་བསྐལ་པ་བྱེ་བ་བརྒྱར་ཡང་ཤིན་དུ་སྙེད་པར་དཀའ་བ་ཡིན་ཏེ། སངས་རྒྱས་འབྱུང་བ་ནི་དེ་བས་ཀྱང་ཆེས་རྙེད་པར་དཀའ་བ་ཡིན་ནོ། །དགའ་བོ་ཐར་བར་འདོད་པ་རྒྱལ་པོའི་དྲང་སྲོང་རྣམས་དང་། གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་རྣམས་ཀྱང་བཙུན་མོའི་འཁོར་དང་བཅས་ཏེ་ས་བོར་ནས་རབ་ཏུ་བྱུང་ངོ་། །དེ་བཞིན་དུ་ཁྱིམ་བདག་དང་། བྲམ་ཟེའི་ཚོགས་གཞན་རྣམས་ཀྱང་ཁྱིམ་ནས་བྱུང་ནས་རབ་ཏུ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་ཁྱིམ་པར་མཆིས་ལ་སྦྱིན་པ་དག་སྩལ། བསོད་ནམས་དག་བགྱི་ཞིང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་བསྙེན་བཀུར་བགྱི་ཞིང་། ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་གང་དག་ཡིན་པའི་འཇིག་རྟེན་གང་བར་གྱུར་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པོ་ཅན་ལ་ལས་

(༩༧༠)ལོ་བརྒྱར་འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱིས་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་ན། དགའ་བོ་དེ་ནི་བྱུང་བར་ངེས་པར་འབྱུང་བའི་སེམས་ཀྱི་བཅུ་དྲུག་གི་ཆར་པ་དང་མི་ཕོད་དོ། །དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། དལ་བ་ཤིན་ཏུ་རྙེད་དཀའ་ཞེས། དགའ་བོ་སྟོན་པ་མངོན་གྱུར་པ། ང་ལ་མི་བརྙས་མ་བྱེད་ཅིག །དགའ་བོ་སེར་ན་ས་ཆེན་པོ་འདི་ཆུ་གཅིག་ཏུ་རྒྱ་མཚོར་གྱུར་ལ། དེ་ན་རུས་སྦལ་ཞར་བ་གཅིག་ཀྱང་ཡོད། དེ་ན་གཉའ་ཤིང་བུ་ག་གཅིག་པ་གཅིག་ཀྱང་རྒྱུ་ལ། རུས་སྦལ་ཞར་བ་དེ་འདི་སྐད་དུ། གཉའ་ཤིང་གི་བུ་ག་དེར་མགྲིན་པ་ཚུད་པར་བྱ་འོ་སྙམ་དུ་སེམས་སྐྱེ་ཞིང་། གཉའ་ཤིང་བུ་ག་ཅན་དེ་ཡང་རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་རྒྱུག་པར་བྱེད་པ་ན་དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་རུས་སྦལ་ཞར་བ་དེའི་མགྲིན་པ་གཉའ་ཤིང་གི་བུ་ག་དེར་འཇུག་པར་འགྱུར་གྱི། དགའ་བོ་མི་ཉིད་ཐོབ་པ་ནི་མ་ཡིན་ནོ། །དལ་པ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ། །དགའ་བོ་ཁྱོད་ཀྱིས་མི་ཉིད་ཤིན་དུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། དལ་བ་ཤིན་དུ་རྙེད་དཀའ་རྙེད། དགའ་བོ་སྟོན་པ་མངོན་གྱུར་ན། ང་ལ་མི་མཉེས་མ་བྱེད་ཅིག །དཔེར་ན་འགའ་ཞིག་གིས་ཁབ་ཀྱི་མིག་གནམ་དུ་བསྟན་ཏེ་ཡུངས་དཀར་གྱི་འབྲུ་རྣམས་འཐོར་བར་བྱེད་ན་དགའ་བོ་རྒྱ་ལ་རྐྱེན་ཞིག་གིས་དེར་ཡུངས་ཀར་གྱི་འབྲུ་གང་ཡིན་པ་གཅིག་ཆུད་པར་འགྱུར་གྱི། དགའ་བོ་མི་ཉིད་རྙེད་པ་ནི་མ་ཡིན་ནོ། །དལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ། །དགའ་བོ་མི་ཉིད་ཤིན་དུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་

(༩༧༡)རྙེད་ན། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། དལ་བ་ཤིན་དུ་རྙེད་དཀའ་སྟེ། དགའ་བོ་སྟོན་པ་མངོན་གྱུར་པ། ང་ལ་མི་མཉེས་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་བྱེ་བ་སྟོང་དང་ནི། བརྒྱ་དང་ཁྲག་ཁྲིག་དག་ཏུ་ཡང་། སངས་རྒྱས་སྒྲ་ནི་མི་ཐོབ་ན། སངས་རྒྱས་མཐོང་བ་ག་ལ་ཞིག །ཨུ་དུམ་བ་རའི་མེ་ཏོག་ནི། ཤིང་ལ་ཤིན་དུ་རྙེད་དཀའ་ལྟར། དེ་བཞིན་སངས་རྒྱས་རྙེད་དཀའ་སྟེ། ཁྱེད་ཀྱིས་ང་ནི་རྙེད་གྱུར་ན། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། དལ་བ་ཤིན་དུ་རྙེད་དཀའ་སྟེ། དགའ་བོ་སྟོན་པ་མངོན་གྱུར་བ། ང་ལ་མི་མཉེས་མ་བྱེད་ཅིག །དེ་ནས་རིགས་ཀྱི་བུ་དགའ་བོ་ཁ་སྤུ་གྲེགས་ཏེ་གོས་ངུར་སྨྲིག་བགོས་ཏེ། རྒྱལ་བའི་བསྟན་པ་ལ་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་རིགས་ཀྱི་བུ་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དགའ་བོ་རབ་ཏུ་བྱུང་པའི་མདོ་རྫོགས་སོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་ཀུན་རབ་བྱུང་ཐོབ་གྱུར་ཅིང་། ཚུལ་ཁྲིམས་རྣམ་པར་དག་གྱུར་ནས། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྷའི་མདོ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི། དེ་ནས་མཚན་མོ་མི་ཉལ་ཙམ་ན་ལྷ་མདོག་བཟང་པོ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་

(༩༧༢)བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་གདུག་གོ །དེ་ནས་ལྷ་དེའི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་ལྷ་དེས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །མཚོན་ཆ་རྣོན་པོ་དེ་གང་ལགས། ཧ་ལ་ཧ་ལའི་དུག་གང་ལགས། རབ་ཏུ་འབར་བའི་མེ་གང་ལགས། མུན་པ་རབ་གནག་དེ་གང་ལགས་ཞེས་སོགས་ཀྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིག་དུག་མཚོན་ཆ་རྣོན་པོ་ཡིན། འདོད་ཆགས་ཧ་ལ་ཧ་ལའི་དུག །ཞེ་སྡང་རབ་ཏུ་འབར་བའི་མེ། མུན་པ་རབ་གནག་མ་རིག་པ། ཞེས་སོགས་ཀྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ལྷའི་བུས་ཞུས་པའི་དོན་སྟོན་པས་ཇི་ལྟར་བསྟན་པ་ལྟར་བླང་དོར་གྱི་སྒོ་ནས་ཉམས་སུ་བླངས་པས། གདུལ་བྱ་རྣམས་ཀྱིས་མངོན་མཐོ་ངེས་ལེགས་ཐོབ་པའོ། །བསྡུས་པའི་དོན་ནི། ལྷའི་བུས་ཞུས་པའི་ཤ་ལོ་ཀ་བཅུ་གསུམ་མོ། །ཚིག་གི་དོན་ནི། གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ལྷ་དང་སྟོན་པའི་ཞུས་ལན་ལྟར། ཚུལ་བཞིན་ཉམས་སུ་བླངས་པ་ཡིས། འགྲོ་ཀུན་མྱ་ངན་འདས་གྱུར་ཅིག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྷའི་མདོ་ཉུང་ངུ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ལྷ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་

(༩༧༣)གཅིག་ཏུ་འདུག་ནས་ལྷ་དེས་བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ། ཚུལ་ཁྲིམས་གང་ལགས་སྤྱོད་པ་དང་། ཡོན་ཏན་གང་ལགས་ལས་གང་གིས། གནས་པ་ཇི་ལྟར་ཤེས་རབ་གང་། སྐྱེ་བོ་གང་དག་མཐོ་རིས་མཆི། ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། ལྷ་ལ་ཐུགས་བརྩེ་ཉེར་གཟུང་ནས། སྟོན་པས་དེ་ལ་ལུང་བསྟན་པ། སྐྱེ་བོ་མཐོ་རིས་གང་འགྲོ་བ། ལྷ་ཁྱོད་ང་ལ་རབ་ཏུ་ཉོན། སྲོག་གཅོད་པ་ལས་ཕྱོགས་ལྡོག་ཅིང་། ཁྲིམས་གཟུང་ཡང་དག་སྡོམ་ལ་དགའ། གང་དག་འབྱུང་པོ་མི་འཚེ་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། གང་དག་མ་བྱིན་ལེན་སྤོང་ཞིང་། སྦྱིན་པ་གཏོང་ལ་སྟག་དགའ་སྟེ། རྐུ་བ་སྤོང་ཞིང་མི་རྐུ་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། གཞན་གྱི་ཆུང་མའི་ཐད་མི་འགྲོ། ལོག་པར་གཡེམ་ལ་རྣམ་པར་སྤོང་། བདག་གི་ཆུང་མས་ཆོག་ཤེས་པ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། གཞན་གྱི་དོན་ལ་རྐུ་བྱ་དང་། བདག་གི་ཕྱིར་དང་འཇིགས་པའི་ཕྱིར། རྫུན་གྱི་ཚིག་རྣམས་མི་སྨྲ་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། གྲོགས་པོ་རྟག་པར་འབྱེད་བྱེད་པ། ཕྲ་མའི་ཚིག་རྣམས་རབ་སྤོང་ཞིང་། གང་དག་འདུམ་པར་རབ་དགའ་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། རྒྱགས་ལ་རྟེན་ཅིང་ཞེ་གཅོད་པ། ཚིག་ཙུབ་དག་ནི་རྣམ་སྤོང་ཞིང་། འཇམ་པའི་ཚིག་ཏུ་གང་སྨྲ་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། དོན་མེད་གནས་དང་ལྡན་པ་ཡི། བརྐྱལ་བའི་ཚིག་རྣམས་རབ་སྤོང་ཞིང་། གང་ཡང་དུས་སུ་ཆོས་སྨྲ་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། གྲོང་ངམ་འོན་ཏེ་དགོན་པ་ན། གཞན་གྱིས་བདག་གིར་བྱས་པ་ལ། དེ་ལ་ཆགས་སེམས་གང་མེད་པ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། བྱམས་

(༩༧༤)པའི་སེམས་ཀྱིས་མི་འཚེ་ཞིང་། གནོད་པར་སེམས་པ་མེད་པ་ཡིས། སྐྱེ་བོ་ཀུན་ལ་མི་གནོད་པ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། ལས་དང་ལས་ཀྱི་རྣམ་སྨིན་དང་། གཉིས་ག་ལ་ཡང་གང་དད་ཅིང་། ཡང་དག་ལྟ་བ་གང་དག་འཛིན། སྐྱེ་བོ་དེ་དག་མཐོ་རིས་འགྲོ། དགེ་བའི་ཆོས་རྣམས་འདི་དག་ནི། དཀར་པོ་ཆོས་ཀྱི་ལམ་བཅུ་སྟེ། གང་དག་ཡང་དག་འཛིན་འགྱུར་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། བྲམ་ཟེ་མྱ་ངན་འདས་པ་དང་། དགྲ་དང་འཇིགས་པ་ཀུན་འདས་ཤིང་། འཇིག་རྟེན་ཆགས་མེད་རྒལ་བ་ནི། མང་པོ་འདུག་པར་མ་མཐོང་ངོ་། །བཅོམ་ལྡན་འདས་དེ་སྐད་ཅེས་བཀའ་བསྩལ་ནས་ལྷ་དེ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ལྷའི་མདོ་ཉུང་ངུ་རྫོགས་སོ། །ཆོས་འདིའི་དགོས་པའི་དོན་ནི། ལྷ་དང་སྟོན་པའི་དྲི་ལན་གྱིས་བསྟན་པ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་མངོན་མཐོ་དང་མཐར་ཐུག་དང་ངེས་ལེགས་འཐོབ་པའོ། །བསྡུས་པའི་དོན་ནི། ལྷའི་བུས་མཐོ་རིས་སུ་སྐྱེ་བའི་རྒྱུ་རྣམས་གང་ཡིན་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་མཐོ་རིས་སུ་སྐྱེ་བའི་རྒྱུ་རྣམས་རྒྱས་པར་བསྟན་པའོ། །ཚིག་གི་དོན་ནི་གོང་གི་དྲིས་ལན་ལྟར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ལྷ་དང་སྟོན་པའི་དྲི་ལན་ལྟར། དགེ་སྡིག་བླང་དོར་ཕྱེད་པ་ཡིས། འགྲོ་ཀུན་བདེ་ལེགས་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟླ་བའི་མདོ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་ཙམ་པ་ཅན་ན་འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་གྱིས་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་

(༩༧༥)བཀབ་པར་གྱུར་ཏོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་དངངས་ལ་མི་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། ལྷ་དེས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཀུན་ལས་རྣམ་པར་རབ་གྲོལ་བའི། སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ། གནོད་པ་དག་དང་ཕྲད་གྱུར་པ། བདག་གི་སྐྱབས་ནི་མཛད་པར་གསོལ། འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས། སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། ཟླ་བ་ཐར་མཛོད་སྒྲ་གཅན་ལས། ཞེས་པས་བསྟན་ཏོ། །སྟོན་པས་སྒྲ་གཅན་ལ་ཚིགས་སུ་བཅད་པ་བཀའ་བསྩལ་པས་སྒྲ་ཅན་གྱིས་ཟླ་བ་བཏང་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་ཅན་ཟླ་བ་མུན་སེལ་བ། ནམ་མཁའ་དག་ལ་འོད་བྱེད་ཅིང་། ལམ་མེར་འདུག་ལ་དཀར་བ་དང་། རྣམ་པར་དག་པའི་འོད་ལྡན་པ། བར་སྣང་དག་ལ་མ་བཟུང་བར། སྐྱེ་དགུའི་སྒྲོན་མེ་མྱུར་དུ་ཐོང་། དེ་ནས་རིངས་བཞིན་སྒྲ་ཅན་དེ། ལུས་ཀྱང་རྡུལ་ཅིང་སྐྲག་གྱུར་ལ། ནད་པ་བཞིན་དུ་བཏད་པ་ཡིས། ཟླ་བ་རྣམ་པར་གཏོང་པར་བྱེད། ཅེས་པས་བསྟན་ཏོ། །སྣང་བྱེད་ཀྱི་བུ་ཆེན་པོས་སྒྲ་ཅན་ལ་ཟླ་བ་གཏོང་བའི་རྒྱུ་དྲིས་པས་སྒྲ་ཅན་གྱིས་ལན་བཏབ་པ་ནི། དེ་ནས་རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་རིངས་པ་བས་ཀྱང་རིངས་པར་ཟླ་བའི་དཀྱིལ་འཁོར་གཏོང་པ་མཐོང་ངོ་། །མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཅིའི་ཕྱིར་ན་སྒྲ་ཅན་ཁྱོད། ལུས་ཀྱང་རྡུལ་ཞིང་སྐྲག་གྱུར་པ། ནད་པ་བཞིན་དུ་བཏང་པ་ཡིས། རིངས་པར་ཟླ་

(༩༧༦)བ་གཏོང་པར་བྱེད། སྒྲ་ཅན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་འདི་བརྗོད་པས། གལ་ཏེ་ཟླ་བ་མ་བཏང་ན། བདག་གི་མགོ་བོ་ཚལ་བདུན་འགས། གསོན་ཡང་བདེ་བར་མི་འགྱུར་རོ། །ཞེས་པས་བསྟན་ཏོ། །རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་སྟོན་པ་ལ་ཆེད་དུ་བརྗོད་པ་ནི། རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་སྨྲས་པ། ཀྱེ་མ་བདེན་པ་གཟིགས་པ་ཡིས། སངས་རྒྱས་རྣམས་ནི་འབྱུང་བ་རྨད། དེ་དག་གིས་ནི་ཚིགས་སུ་བཅད། བརྗོད་ན་སྒྲ་ཅན་ཟླ་བ་གཏོང་། ཞེས་པས་བསྟན་ཏོ། །ཟླ་བའི་མདོ་རྫོགས་སོ། །དགོས་པའི་དོན་སོགས་ལྔ་ནི་གོ་སླའོ། །དེ་ལས་བྱུང་པའི་དགེ་བ་ཡིས། ཟླ་བ་སྒྲ་ཅན་ལས་ཐར་ལྟར། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། སྲིད་ཞི་འཇིགས་ལས་ཐར་གྱུར་ཅིག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཁང་བུ་བརྩེགས་པའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་དར་བགྱིས་པས་དགེ་བའི་རྩ་བ་ཅིར་འགྱུར་ལགས། ཞེས་པ་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་བགྱིས་པས་ནི་ཅིར་འགྱུར་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་

(༩༧༧)ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡོན་ནི་ལྔར་འགྱུར་ཏེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དད་པས་གཙུག་ལག་ཁང་དང་མཆོད་རྟེན་ལ་ཕྱག་དར་བགྱིས་པ་དང་། དཀྱིལ་འཁོར་བགྱིས་པ་དང་། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་ལ་བསླབས་པ་དང་། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་བ་དང་། དགེ་བ་མྱ་ངན་ལས་འདས་པར་བསྔོས་པ་དང་། སྐུ་གཟུགས་བགྱིས་པའི་ཕན་ཡོན་རྟོགས་ནས་ཉམས་སུ་བླངས་པས་གནས་སྐབས་སུ་མཐོ་རིས་དང་མཐར་ཐུག་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། ཕྱག་དར་བྱས་པའི་ཕན་ཡོན་ལྔ་དང་། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པའི་ལས་གསུམ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། མྱ་ངན་འདའ་བྱེད་ལམ་བསྒོམས་པས། བདེ་གཤེགས་ཡོན་ཏན་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་གནས་འཇོག་གི་མདོ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་སོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེ་ནས་དྲང་སྲོང་ཆེན་པོ་སེར་སྐྱ་ཉིན་རེ་ཞིང་རྐང་པས་འགྲོ་ལ་འཆག་ཅིང་རྗེས་སུ་འཆག་པ་བཅོམ་ལྡན་འདས་ག་ལ་བ་དེར་ཆེད་དུ་སོང་སྟེ། བཅོམ་ལྡན་འདས་དང་ཡང་དག་པར་དགའ་བ་དང་། ཡང་དག་པར་བསྙེན་པའི་གཏམ་རྣམ་པ་སྣ་ཚོགས་པ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་བཀའ་ཡས་སྩལ་དུ་ཆོས་

(༩༧༨)གསུངས་པ་ནི། བྲམ་ཟེ་གནས་འཇོག་ཕྱོགས་གཅིག་ཏུ་འདུག་པར་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པ་བསྲུངས་པ་ལ་སྟེན་ནས་མངོན་མཐོ་ངེས་ལེགས་ཐོབ་པའོ། །བསྡུས་པའི་དོན་ནི། དྲང་སྲོང་གནས་འཇོག་ལ་འཕགས་པའི་བསྙེན་གནས་ཡན་ལག་བརྒྱད་པའི་ངོ་བོ་དང་། བསྲུང་ཚུལ་དང་། བསྲུངས་པའི་ཕན་ཡོན་དང་། བསྲུང་དགོས་པར་བསྟན་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། གདུལ་བྱ་སྐྱེ་བོ་ཐམས་ཅད་ཀྱང་། བསྙེན་གནས་སོགས་ལ་གནས་བྱས་ཏེ། བྱང་ཆུབ་དམ་པ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་དགའ་བ་ཅན་གྱི་མདོ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཐབས་གཅིག་ཏུ་བཞུགས་ནས་ཆོས་བསྟན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་པས་སོ། །ཞུ་བ་པོ་ཇི་ལྟར་བྱུང་ཞིང་ཞུས་པའི་ཚུལ་ནི། དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན་འཁོར་དགེ་བསྙེན་ལྔ་བརྒྱ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

(༩༧༩)པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པས་དགེ་བསྙེན་གྱི་བསླབ་པའི་བཞི་ལྔ་པོ་གང་དག་བཅས་པ་དེ་དག་ལས་འདའ་བར་བགྱིད་པ་དེའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། དེ་སྐད་ཅེས་གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་གསུང་བར་ཞལ་བཞེས་ཤིང་ཞུ་བ་པོས་ཉན་པར་ཞུས་པ་ནི། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དགའ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ནས་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཉན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དགེ་བསྙེན་གྱི་བསླབ་པའི་གནས་ལྔ་ལེགས་པར་བསླབས་ཏེ། མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐམས་ཅད་འཐོང་བའོ། །བསྡུས་པའི་དོན་ནི། སྲོག་གཅོད་པའི་ཉེས་དམིགས་བཅུ་དང་། མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་དང་། འདོད་པས་ལོག་པར་གཡེམ་པའི་ཉེས་དམིགས་བཅུ་དང་། བརྫུན་དུ་སྨྲས་པའི་ཉེས་དམིགས་བཅུ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་བཅུ་རྩ་ལྔ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། བསླབ་པའི་གནས་ལྔ་ལ་སོགས་པ། སོ་སོ་ཐར་རྣམས་བསྲུང་བྱས་ཏེ། འགྲོ་ཀུན་ཐར་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

(༩༨༠)འཕགས་པ་མཁར་སིལ་གྱི་མདོ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་ཚེ། སྟོན་པས་འཁོར་རྣམས་ལ་བཀའ་ཡས་སྩལ་དུ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱོད་ཀྱིས་མཁར་སིལ་འདི་ཡོངས་སུ་བཅང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མཁར་སིལ་འདི་བསྣམས་སོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མཁར་སིལ་འདི་བསྣམས་སོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་མཁར་སིལ་འདི་བསྣམས་པ་ཡིན་ཏེ། ང་ད་ལྟར་མངོན་པར་སངས་རྒྱས་ནས་མཁར་སིལ་བསྣམས་པ་དེ་བཞིན་དུ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཉན་ཐོས་རྣམས་ལ་མཁར་སིལ་བཅང་བར་བྱའོ། །ཞེས་སྟོན་པར་མཛད་པས་དེང་ང་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སངས་རྒྱས་རྣམས་ཀྱི་ཆོས་ཇི་ལྟ་བ་བཞིན་དུ་ཁྱེད་ལ་བསྟན་པ་ཡིན་གྱིས། ཁྱེད་ཀྱིས་ཀྱང་མཁར་སིལ་བཅང་པར་བྱའོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མཁར་སིལ་འཆངས་པས་སྐྱེས་བུ་དམ་པའི་ཚུལ་དང་མཐུན་ཞིང་རྣམ་དག་དྲན་པར་བྱས་པས་རྟོགས་པ་མི་བརྗེད་ཅིང་གོང་ནས་གོང་དུ་འཕེལ་བའོ། །བསྡུས་པའི་དོན་ནི། མཁར་སིལ་གྱི་ཆ་ཤས་དང་། དྲན་པ་ཉེར་བཞག་སོགས་རྣམ་བྱང་རྣམས་དག་པར་སྦྱར་ཏེ་རྒྱ་ཆེར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དམ་པའི་ཚུལ་དང་མཐུན་པ་དང་། རྣམ་བྱང་རྟོགས་པ་འཕེལ་གྱུར་ནས། འགྲོ་ཀུན་བྱང་ཆུབ་ཐོབ་གྱུར་ཅིག །མཁར་སིལ་འཆང་བའི་ཀུན་སྤྱོད་ཀྱི་ཆོ་ག་ནི། མཁར་སིལ་བཅང་བའི་ཆོས་ཉི་ཤུ་རྩ་ལྔའི་སྒོ་ནས་མཁར་སིལ་ལེགས་པར་བཅང་པའི་བསྟན་བཅོས་སོ།།

(༩༨༡)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་འཚལ་ལོ། །ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་བཀའ་དང་པོར་སྔ་རབས་པས་བྱས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ མང་པོ་ཁྲི་ཕྲག་བཅུའི་འཕགས་པའི་ཚོགས་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ཀླུ་ཆེན་པོ་བརྒྱད་དང་། ཕྱོགས་སྐྱོང་བ་རྣམས་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྷ་དང་། མི་དང་། དྲི་ཟར་བཅས་པའི་ཚོགས་ཐམས་ཅད་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དད་ཅིང་ཆོས་ཉན་པའི་ཕྱིར་འཁོད་དོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་སྤོས་འབུལ་བ་ལ་སོགས་པ་དེ་རྣམས་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པས་རྒྱ་ཆེར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བདེ་བར་གཤེགས་པའི་མཚན་ནས་བརྗོད་པའི་སེམས་སྐྱེས་པ་དང་ཞེས་པ་ནས། སྐྱེ་བར་ནོར་ཕྱུགས་རྟག་ཏུ་འདོད་པ་ནས། ནད་པ་དབུལ་པོ་རྣམས་ལ་ཕན་པར་བྱ་ཞེས་པའི་བར་གྱིས་དགེ་བའི་ཆོས་རྣམས་སྤྱད་པས་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། མངོན་པར་འདོད་པའི་འབྲས་བུ་རྣམས་ཀྱི་དོན་དུ། དགེ་བའི་ཆོས་རྣམས་སྤྱོད་པར་

(༩༨༢)བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། དགེ་བའི་ཚོགས་ལ་སྤྱད་བྱས་ནས། ཟག་མེད་འབྲས་བུ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལས་རྣམ་པར་འབྱེད་པ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་ཆོས་སྟོན་པར་ཞལ་གྱིས་བཞེས་ཤིང་། ཞུ་བ་པོས་ཉན་པར་ཁས་བླངས་པ་ནི། དེར་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱིའུ་ཤཱུ་ཀ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ཁྱོད་ལ་ལས་རྣམ་པར་འབྱེད་པ་བསྟན་གྱིས། དེ་ལེགས་པར་ཤིན་དུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་ཀྱིས་བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས་བྲམ་ཟེའི་ཁྱིའུ་ཤཱུ་ཀ་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་། ཞེས་པས་བསྟན་ཏོ། །སྟོན་པས་ཆོས་གསུངས་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་བུ་ངས་ནི་སེམས་ཅན་རྣམས་བདག་གི་ལས་སུ་གྱུར་པ་ལས་ཀྱི་རྒྱུ་ལས་སྐྱེས་པ་ལས་ཀྱི་སྐལ་པ་ལ་སྤྱོད་པ་ལས་ལ་རྟེན་པར་གསུངས་ཏེ། བྲམ་ཟེའི་བུ་ལས་ནི་འདི་ལྟ་སྟེ། སེམས་ཅན་རྣམས་རབ་དང་འབྲིང་དང་ཐ་མར་རྣམ་པར་འབྱེད་དོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ལས་མི་དགེ་བ་དང་དགེ་བའི་འབྲས་བུ་ཞིབ་པ་དང་རྒྱས་པ་རྟོགས་ཏེ། འདོར་བ་དང་ལེན་པ་ཚུལ་བཞིན་དུ་བྱས་པ་ལ་རྟེན་ནས། གནས་

(༩༨༣)སྐབས་སུ་ངན་སོང་ལ་སོགས་ལས་ཐར་ཞིང་མཐོ་རིས་ཀྱི་བདེ་བ་འཐོབ་པ་དང་། མཐར་ཐེག་པ་གསུམ་གྱི་ལམ་ཇི་ལྟར་ཉམས་སུ་བླངས་པ་ལྟར་འབྲས་བུ་བྱང་ཆུབ་གསུམ་ཅི་རིགས་པ་ཐོབ་པའོ། །བསྡུས་པའི་དོན་ནི། ཚེ་ཐུང་བར་འགྱུར་བའི་ལས་ཡོད་པར་བཤད་པ་དང་། ཚེ་རིང་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ནད་མང་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ནད་ཉུང་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ཁ་དོག་མི་སྡུག་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། མཛེས་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། མཐུ་ཆུང་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། མཐུ་ཆེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། རིགས་དམའ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། རིགས་འཐོ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལོངས་སྤྱོད་ཆུང་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལོངས་སྤྱོད་ཆེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ཤེས་རབ་ཆུང་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ཤེས་རབ་ཆེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལྷ་མ་ཡིན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། མིར་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། འདོད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གཟུགས་མེད་པའི་ཁམས་ན་སྤྱོད་

(༩༨༤)པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། བྱས་པ་མ་བསགས་པའི་ལས་ཡོད་པར་བསྟན་པ་དང་། བསགས་པ་མ་བྱས་པའི་ལས་ཡོད་པར་བསྟན་པ་དང་། བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པའི་ལས་ཡོད་པར་བསྟན་པ་དང་། བྱས་ཀྱང་མ་བྱས་བསགས་ཀྱང་མ་བསགས་པའི་ལས་ཡོད་པར་བསྟན་པ་དང་། ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་རྫོགས་པར་ཟད་པར་བྱས་ནས་ཚེ་འཕོ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ངེས་པར་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། མ་ངེས་པར་སྐྱེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལས་གང་དང་ལྡན་ན་གང་ཟག་ལྟར་བདེ་བར་འགྱུར་ལ་ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལས་གང་དང་ལྡན་ན་གང་ཟག་སྔར་སྡུག་བསྔལ་བའི་ཕྱིས་བདེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལས་གང་དང་ལྡན་ན་གང་ཟག་སྔར་ཡང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། ལས་གང་དང་ལྡན་ན་གང་ཟག་སྔར་སྡུག་བསྔལ་བར་གྱུར་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གང་ཟག་ལས་གང་དང་ལྡན་ན་ཕྱུག་ཅིང་སེར་སྣ་ཅན་དུ་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གང་ཟག་ལས་གང་དང་ལྡན་ན་དབུལ་ཞིང་གཏོང་ཕོད་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གང་ཟག་ལས་གང་དང་ལྡན་ན་ཕྱུག་ཅིང་གཏོང་ཕོད་པར་

(༩༨༥)འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གང་ཟག་ལ་ལ་ཚེ་ཟད་ལ་ལས་མ་ཟད་པར་ཡོད་པས་བསྟན་པ་དང་། གང་ཟག་ལ་ལ་ལས་ཟད་ལ་ཚེ་མ་ཟད་པར་ཡོད་པར་བསྟན་པ་དང་། གང་ཟག་ལ་ལ་ལས་ཀྱང་ཟད་ཚེ་ཡང་ཟད་པར་ཡོད་པར་བསྟན་པ་དང་། གང་ཟག་གང་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ཟད་ལ་དེའི་ཉོན་མོངས་པ་ཟད་པ་ཡོད་པར་བསྟན་པ་དང་། གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་ཡོད་པར་བསྟན་པ་དང་། གང་ཟག་ལ་ལ་སེམས་བདེ་ལ་ལུས་མི་བདེ་བ་ཡོད་པར་བསྟན་པ་དང་། གང་ཟག་ལ་ལ་ལུས་ཀྱང་བདེ་སེམས་ཀྱང་བདེ་བ་ཡོད་པར་བསྟན་པ་དང་། གང་ཟག་ལུས་ཀྱང་མི་བདེ་སེམས་ཀྱང་མི་བདེ་བ་ཡོད་པར་བསྟན་པ་དང་། གང་ཟག་ལ་ལ་ལས་གང་དང་ལྡན་ན་ངན་སོང་རྣམས་སུ་སྐྱེས་ཀྱང་གཟུགས་བཟང་ཞིང་མཛེས་ལ་ལུས་སྣུམ་ཞིང་མདོག་འཚེར་ལ་མིག་ཏུ་སྡུག་ཅིང་བལྟ་ན་དགའ་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གང་ཟག་ལས་གང་དང་ལྡན་ན། ངན་སོང་དུ་སྐྱེས་ལ་མདོག་མི་བཟང་ཞིང་ལུས་རྩུབ་ལ་བལྟ་ན་མི་སྡུག་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། གང་ཟག་ལས་གང་དང་ལྡན་ན་ངན་སོང་རྣམས་སུ་སྐྱེས་ནས་ལྕེའི་དབང་པོ་དྲི་ང་བར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། མི་དགེ་བའི་ལས་ཀྱི་ལས་ཀྱི་ལམ་བཅུ་བསྟན་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་རྣམས་ཕུན་སུམ་ཚོགས་པར་འགྱུར་བའི་ལས་ཡོད་པར་བསྟན་པ་དང་། སྲོག་གཅོད་པ་ལ་ཉེས་དམིགས་བཅུ་འབྱུང་བར་བསྟན་པ་དང་། མ་སྦྱིན་པར་ལེན་པའི་ཉེས་དམིགས་བཅུ་འབྱུང་བར་བསྟན་པ་དང་། འདོད་

(༩༨༦)པ་ལོག་པར་གཡེམ་པའི་ཉེས་དམིགས་བཅུ་བསྟན་པ་དང་། བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ་བསྟན་པ་དང་། འབྲུའི་ཆ་དང་སྦྱར་བའི་ཆང་བག་མེད་པའི་གནས་པ་ཉེས་དམིགས་སུམ་བཅུ་རྩ་དྲུག་བསྟན་པ་དང་་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བྱས་པའི་ཕན་ཡོན་བཅུ་ཡོད་པར་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་ཕུལ་བའི་ཕན་ཡོན་བཅུ་གཉིས་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱུག་སྤོས་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་བསྟན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་བཅྭ་བརྒྱད་ཡོད་པར་བསྟན་པ་དང་། ཁྲི་སྟན་བྱིན་པའི་ཕན་ཡོན་བཅུ་བསྟན་པ་དང་། ལྷམ་བྱིན་པའི་ཕན་ཡོན་བཅུ་བསྟན་པ་དང་། སྣོད་སྤྱད་སྦྱིན་པའི་ཕན་ཡོན་བཅུ་བསྟན་པ་དང་། ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ་བསྟན་པ་དང་། བཞོན་པ་སྦྱིན་པའི་ཕན་ཡོན་བཅུ་བསྟན་པ་དང་། གནས་སྦྱིན་པའི་ཕན་ཡོན་བཅུ་བསྟན་པ་དང་། བཏུང་བ་

(༩༨༧)སྦྱིན་པའི་ཕན་ཡོན་བཅུ་བསྟན་པ་དང་། རབ་ཏུ་བྱུང་པའི་ཕན་ཡོན་བཅུ་བསྟན་པ་དང་། དགོན་པར་གནས་པའི་ཕན་ཡོན་བཅུ་བསྟན་པ་དང་། བསོད་སྙོམས་ལེན་པའི་ཕན་ཡོན་བཅུ་བསྟན་པ་དང་། འཇིགས་པ་མེད་པའི་ཕན་ཡོན་བཅུ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་དྲང་དོན་དུ་ཉན་ཐོས་དང་ངེས་པའི་དོན་དབུ་མའོ། །ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་མཚོན་ནས་གནས་སྐབས་ཀྱི་ཐེག་པ་གསུམ་མོ། །རྒལ་ལན་ནི། ཐེག་པ་ཆུང་ངུའི་སྡེ་སྣོད་ནས། ཐེག་པ་འབྲིང་པོ་དང་ཆེན་པོ་ཇི་ལྟར་བསྟན་ཞེ་ན། ཉན་ཐོས་ཀྱི་ཐེག་པ་བསྟན་པའི་ཚེ་ན། དེ་ཉིད་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕར་ལྡན་དུ་ཉམས་སུ་ལེན་པས་ཐེག་པ་གསུམ་ཆར་གྱི་ཐུན་མོང་གི་ཆོས་སུ་འགྱུར་བ་ཡིན་ནོ། །ཉན་ཐོས་ཀྱི་ས་ལས་ཡི་གེའི་ཕྱི་མོ་ནི་རིག་བྱེད་ཐམས་ཅད་ཀྱི་ཕྱི་མོ་ཡིན་པ་ལྟར་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཉན་ཐོས་ཀྱི་སྡེ་སྣོད་ནས་ཐེག་ཆེན་སྟོན་ན། ཉན་ཐོས་ཀྱི་སྡེ་སྣོད་ནི་ཐེག་ཆེན་གྱི་སྡེ་སྣོད་དུ་འགྱུར་རོ་ཞེ་ན། ཐེག་ཆེན་གྱི་སྡེ་སྣོད་ནས་ཐེག་པ་ཆུང་ངུ་སྟོན་ན། ཐེག་པ་ཆེན་པོའི་སྡེ་སྣོད་ནི་ཐེག་པ་ཆུང་ངུའི་སྡེ་སྣོད་དུ་འགྱུར་བར་མཚུངས་པས་གནོད་དོ། །ཐེག་པ་ཆུང་ངུའི་སྡེ་སྣོད་དང་། ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ཀ་ནས། ཐེག་པ་གསུམ་གསུམ་སྟོན་པར་མཚུངས་ཀྱང་། སྟོན་ཚུལ་མི་མཚུངས་པས་ཁྱད་པར་མེད་པ་མ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དགེ་སྡིག་ལས་འབྲས་རྟོགས་གྱུར་ནས། བླང་དོར་ཚུལ་བཞིན་བྱས་པ་ཡིས། འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་

(༩༨༨)ཤོག། ༈ །།སངས་རྒྱས་དང་བྱང་ཆུང་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཞུང་། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་སོ། །འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ལྷན་ཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོས་སྐབས་དབྱེ་བར་ཞུས་པ་ནི། དེ་ནས་ཏོའུ་སྟེ་མའི་བུ་ཤུ་ཀོ་མ་ན། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བ་དང་། ཡང་དག་པར་རངས་པའི་གཏམ་རྣམ་པ་མང་པོ་བཤད་དེ་ཕྱོགས་གཅིག་ཏུ་འདུག་གོ །ཏོའུ་ཏེ་ལའི་བུ་ཤུ་ཀོ་མ་ན་བ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གོ་ཏ་མའི་ཁྱོད་ལ་བདག་ཅུང་ཤས་ཤིག་འདྲི་ན་དྲིས་པའི་ལན་སླར་བཀའ་སྩལ་དུ་གསོལ་ཞེས་པས་བསྟན་ཏོ། །སྟོན་པས་གསུང་པར་ཞལ་གྱིས་བཞེས་པ་ནི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཏོའུ་ཏེ་ཡའི་བུ་ཤུ་ཀོ་མ་ན་བ་ལ་འདི་སྐད་ཅེས་གསུངས་སོ། །མ་ན་བ་ཇི་ལྟར་འདོད་པ་བཞིན་དུ་དྲིས་ཤིག་ངས་ཁྱོད་ལ་བཤད་པར་བྱའོ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཏོའུ་ཏེ་ཡའི་བུ་ཤཱུ་ཀོ་མ་ན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མི་སེམས་ཅན་རྣམས་ལ་ཚེ་ཐུང་བ་དང་། ཚེ་རིང་བ་དང་། ནད་མང་པ་དང་། ནད་ཉུང་པ་དང་། མི་སྡུག་པ་དང་། བཟང་པོ་དང་། དབང་ཆུང་བ་དང་། དབང་ཆེ་བ་དང་། མ་རབས་ཀྱི་རིགས་དང་། ཡ་རབས་ཀྱི་རིགས་དང་། དབུལ་པོ་དང་། ཕྱུག་པོ་དང་། ངན་པ་དང་། ཤེས་རབ་ཆེ་

(༩༨༩)ཆུང་དང་། སྐྱིད་སྡུག་ལ་སོགས་པ་རྣམ་པ་མང་དུ་མཆིས་ན་ཀྱེ་གཽ་ཏ་མི་ལས་ཀྱི་རྣམ་པར་སྨིན་པ་གང་གི་ཕྱིར་ན་སེམས་ཅན་རྣམ་པ་མང་པོར་འགྱུར་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ན་བ་ཁྱོད་ཉོན་ལ་དགེ་བར་ཡིད་ལ་ཟུང་ཤིག་དང་། དེའི་ཕྱིར་ངས་བཤད་དོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། དགེ་སྡིག་གི་ཕན་ཡོན་དང་ཉེས་དམིགས་ལེགས་པར་རྟོགས་ཏེ། བླང་དོར་ཚུལ་བཞིན་དུ་བྱས་པ་ལ་སྟེན་ནས། ཐེག་པ་གསུམ་ཇི་ལྟར་མོས་པར་སེམས་བསྐྱེད་པ་དང་འཐུན་པར་བྱང་ཆུབ་གསུམ་ཇི་ལྟར་སྨོན་པ་བཞིན་འགྲུབ་པའོ། །བསྡུས་པའི་དོན་ནི། ཆོས་བཅུས་ནི་ཚེ་ཐུང་བར་འགྱུར་བར་བསྟན་པ་དང་། ཆོས་རྣམ་པ་བཅུས་ནི་ཚེ་རིང་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་ནད་མང་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནད་ཉུང་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་མི་སྡུག་པར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་བཟང་པོར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་དབང་ཆུང་ངུར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་དབང་ཆེ་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་མ་རབས་སུ་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་ཡ་རབས་སུ་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་དབུལ་པོར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་ཕྱུག་པོར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་ངན་པར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་ཤེས་རབ་ཆེན་པོར་འགྱུར་

(༩༩༠)བའི་ལས་བསྟན་པ་དང་། ཆོས་བཅུས་ནི་སེམས་ཅན་དམྱལ་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་བྱོལ་སོང་དུ་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་ཨ་སུ་རའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། ཆོས་བཅུས་ནི་གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། དགེ་བ་བཅུའི་ཆོས་དང་མིགཡོ་བ་འཛིན་པ་བཞིའི་ཆོས་སྤྱད་ན་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། ལས་ཀྱིས་བཞིན་མི་འགྱུར་བའི་ལས་བསྟན་པ་དང་། ལས་ཀྱིས་འགྱུར་བར་སྐྱེ་བའི་ལས་བསྟན་པ་དང་། ལས་ཀྱིས་གང་ཡང་ཡུལ་གཞན་དུ་སྐྱེ་བར་འགྱུར་བའི་ལས་བསྟན་པ་དང་། ལས་ཀྱིས་མ་བསམས་པར་བྱས་པའི་ལས་བསྟན་པ་དང་། ལས་བསམས་པ་མ་བྱས་པའི་ལས་བསྟན་པ་དང་། ལས་བསམས་ཏེ་བྱས་པའི་ལས་བསྟན་པ་དང་། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོབ་ནས་སྐྱེ་བའི་ལམ་གྱི་ལས་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ་སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེས་པའི་ལས་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེ་བའི་ལས་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་བསྟན་པ་དང་། གང་ཟག་ལས་འདུས་པས་སྔར་མི་བདེ་ཕྱིས་བདེ་བར་འགྱུར་བའི་ལས་ཀྱི་འབྲས་བུ་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུར་གྱུར་ནས་སྔར་ཀྱང་བདེ་ལ་

(༩༩༡)ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུ་འདུས་པས་སྔར་མི་བདེ་ལ་ཕྱིས་ཀྱང་མི་བདེ་བར་འགྱུར་པའི་ལས་ཀྱི་འབྲས་བུ་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུ་འདུས་པས་ཕྱུག་ལ་སེར་སྣ་ཅན་དུ་བྱེད་པར་འགྱུར་བའི་ལས་ཀྱི་འབྲས་བུ་བསྟན་པ་དང་། ཕྱུག་ལ་གཏོང་ཕོད་པའི་ལས་ཀྱི་འབྲས་བུ་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུ་འདུས་པས་དབུལ་ལ་སེར་སྣ་བྱེད་པའི་ལས་སུ་འགྱུར་བར་བསྟན་པ་དང་། གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་བསྟན་པ་དང་། གང་ཟག་ལས་ཟད་ལ་ཚེ་མ་ཟད་པ་བསྟན་པ་དང་། གང་ཟག་དང་ཚེ་གཉིས་ག་ཟད་པ་ཡོད་པར་བསྟན་པ་དང་། གང་ཟག་གང་གི་ན་ཚེ་ཡང་མ་ཟད་ལ་ལས་ཀྱང་མ་ཟད་མྱ་ངན་སྤངས་པའི་ལས་ཡོད་པར་བསྟན་པ་དང་། གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་ཡོད་པར་བསྟན་པ་དང་། གང་ཟག་ལུས་དང་སེམས་གཉིས་ཁ་བདེ་བ་ཡོད་པར་བསྟན་པ་དང་། གང་ཟག་ལུས་དང་སེམས་གཉིས་ག་མི་བདེ་བ་ཡོད་པར་བསྟན་པ་དང་། གང་ཟག་ལས་འདི་ལྟ་བུ་འདུས་པ་ན་ངན་པའི་སར་སྐྱེ་ལ་གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པ་དང་། མཐོང་ན་མི་སྡུག་པར་འགྱུར་བའི་ལས་བསྟན་པ་དང་། མི་དགེ་བ་བཅུའི་ལས་བྱས་པའི་རྒྱུ་ཕྱི་རོལ་གྱི་ཡུལ་རྣམས་ངན་པར་འགྱུར་པའི་ལས་བསྟན་པ་ན་ངན་པ་རྣམ་པ་བཅུ་བཤད་པ་དང་། མ་བྱིན་པར་བླངས་པ་ན་ལས་ཀྱི་རྣམ་པར་སྨིན་པ་བཅུ་བཤད་པ་དང་། མི་ཚངས་པར་སྤྱོད་པས་ན་ངན་པ་བཅུ་བཤད་པ་དང་། རྫུན་བྱས་ན་ངན་པ་བཅུ་བཤད་པ་དང་། ཆང་འཐུངས་ན་ངན་པ་བག་མེད་པ་སུམ་བཅུ་བཤད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་ནས་གུས་པར་བྱས་ན་ལེགས་པ་

(༩༩༢)བཅུ་ཐོབ་པར་འགྱུར་བ་བཤད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན་ལེགས་པ་བཅུ་འཐོབ་པར་འགྱུར་བ་བཤད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་ན་ལེགས་པ་བཅུ་འཐོབ་པར་འགྱུར་བ་བཤད་པ་དང་། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་བ་བཤད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་ན་ལེགས་པ་བཅུ་ཐོབ་པར་བཤད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་ན་ལེགས་པ་བཅུ་ཐོབ་པར་བཤད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྔ་ཕུལ་ན་ལེགས་པ་བཅུ་ཐོབ་པར་བཤད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་བརྩེགས་ན་ལེགས་པ་བཅུ་ཐོབ་པར་བཤད་པ་དང་། གཏན་གྱི་སྦྱིན་པ་གཏོང་བ་བྱས་ན་ལེགས་པ་བཅུ་ཐོབ་པ་བཤད་པ་དང་། ལྷམ་གྱི་སྦྱིན་པ་བྱས་ན་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། སྣོད་ཀྱི་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། ཟས་ཀྱི་སྦྱིན་པ་བཏང་ན་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། གནས་ཀྱི་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་འཐོབ་པར་འགྱུར་བ་བཤད་པ་དང་། ཐར་པར་ཞུགས་ན་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། སྐོམ་གྱི་སྦྱིན་པ་བྱས་ན་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། བཞོན་པ་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། ཁྲོད་དབེན་པར་གནས་པས་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། སློང་བ་ལེགས་པ་བཅུ་འཐོབ་པར་བཤད་པ་དང་། ཐུབ་ཅིང་མི་འཇིགས་པས་ན་ལེགས་པ་བཅུ་འཐོབ་པར་བཤད་པ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་

(༩༩༣)མཐའ་ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། ལམ་གྱི་རྒྱུ་བ་ཀུན་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལས་བརྒྱ་ཐམས་པ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་དགྲ་བཅོམ་པ་གཅིག་གི་ཟིན་བྲིས་ཡིན། འདི་ཉིད་སྟོན་པ་ལ། མཆོད་པ་བརྗོད་པ་དང་། བརྩོམ་པར་དམ་བཅའ་བ་དང་། བཤད་པ་དངོས་དང་གསུམ་ལས། མཆོད་པར་བརྗོད་པ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་ཞེས་པས་བསྟན་ཏོ། །བརྩོམ་པར་དམ་བཅའ་བ་ནི། གང་ལས་འཇིག་རྟེན་བླ་མེད་བདེ་གཤེགས་ཐོས་པའི་སྒོ་ནས་རབ་སྙན་བསྟན་པའི་གསུང་ལྡན་གྱིས། སེམས་ཅན་རྣམས་ལ་ཕན་པ་འབའ་ཤིག་བཞེད་ཕྱིར་བཤད་པ་རྣམ་པ་སྣ་ཚོགས་རང་ཉིད་ཀྱིས། ལོག་པར་ལྟ་བའི་མུན་ནག་ཆེན་པོ་ཐིབས་པོར་འཐོམ་ཞིང་འཁྲུགས་པ་རྣམས་ལ་རབ་གསུངས་པ། དེ་ཡི་མིང་ནི་ལས་རྣམས་བརྒྱ་པ་ཞེས་བྱ་ཡོངས་སུ་ཚང་བ་བདག་གིས་བཤད་ཀྱིས་ཉོན། ཞེས་པས་བསྟན་ཏོ། །བཤད་པ་དངོས་ལ་ཆོས་ལྔ་ལས། དགོས་པའི་དོན་ནི། སྤྱིར་ལས་དགེ་སྡིག་གི་འབྲས་བུ་བསླུ་བ་མེད་ཅིང་། ཁྱད་པར་དུ་དགེ་བའི་རྩ་བ་བསྒྲུབས་ནས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་འབྲས་བུ་སྨིན་པའི་དོན་རྟོགས་ནས་བླང་དོར་ཚུལ་བཞིན་དུ་བྱས་ཤིང་སྨོན་ལམ་བཏབ་པས། གནས་སྐབས་མངོན་པར་མཐོ་བ་དང་། མཐར་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ལ་གཉིས་ཏེ། སྤྱི་སྡོམ་དང་། བྱེ་བྲག་གི་སྡོམ་གཉིས་སོ། །སྤྱི་སྡོམ་ནི། ཁྱི་མོ་དང་ནི་ཤིང་རྟ་དང་། ཀ་ཙང་ཀ་ལ་

(༩༩༤)བྱམས་མི་སྡུག །བྱ་དང་འཕྱེ་བོ་གང་པོ་དང་། བུ་རྣམས་དང་ནི་བརྒྱ་བྱིན་ནོ། །ཞེས་པས་བསྟན་ཏོ། །བྱེ་བྲག་གི་སྡོམ་ལ་བཅུ་ལས། ཁྱི་མོ་མིག་ཅུང་རྫོགས་བྱེད་དང་། སྒུར་གཉིས་འཆར་ཀ་རྒྱལ་མཚན་དང་། བདེ་བྱེད་མ་དང་ནོར་བུའི་འོད། སྣ་མའི་མེ་ཏོག་ང་བྱིན་དང་། འདུས་མོ་དང་ནི་ཚེམ་བུ་མཁན། སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་དང་། ས་འཚོ་སྐྲ་ལྡན་པད་མའི་མདོག །ཤེན་པ་གསེར་མདོག་བ་ལང་རྫི། འཛའ་སྡེ་འཇིགས་མེད་དབྱིག་མཚོ་དང་། དབྱིག་དགའ་དང་ནི་དོམ་གཉིས་དང་། སྦུར་ཆུང་དང་ནི་ཐ་མ་སྲིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་དང་། ཀ་ཙང་ཀ་ལ་ཀཻ་ནེ་ཡ། བག་མ་གཏོང་གཉིས་གཅོད་པ་གཉིས། ཟ་བ་དགའ་བྱེད་སྣག་བུ་དང་། བུར་འདུ་ཤེས་དང་ཞིང་པ་དང་། ཤིང་དང་ཀོ་ཀ་ལི་ཀ་དང་། ཐད་བཅད་ཐ་མ་ཁམ་ཞེས་བྱ། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་དང་། བྱམས་པའི་སྟོབས་དང་རླུང་ནག་དང་། གྲོག་མ་གཉིས་དང་སྤྱོད་ཡུལ་དང་། དགོན་པ་གླང་ཀླུ་སེང་གེ་དང་། དབེན་དང་ནགས་ཁུང་ཐོས་པ་རྣམས། ཤེས་པས་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་དང་། མི་སྡུག་བདེ་བྱེད་གདོལ་བ་དང་། རབ་བཟང་དང་ནི་ལྷར་བཅས་བླར། སྙིང་རྗེ་བཟང་པོ་གོལ་པོ་དང་། ནག་པོ་མདའ་ཐོགས་བརྫིས་དང་ཝ། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་དང་། བྱ་གཉིས་དང་ནི་ལུས་འཕགས་དང་། སྟོན་པ་འོད་བསྲུངས་ཀུན་དགའ་བོ། འཛིན་བྱེད་བུ་དང་བཟང་རབ་དང་། མོན་རབས་དང་ནི་རྒན་ཞུགས་གཉིས། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ་དང་། འཕྱེ་བོ་གྲུམ་སྟོད་ལོང་པ་དང་། གཅེར་བུ་འོད་བསྲུང་གཙོ་བོ་དང་། གླང་ཆེན་གནས་དང་ས་ར་། རི་དགས་ཀྱི་ནི་བརྟུལ་ཞུགས་ཅན། ཟླ་བ་མི་འམ་ཅི་གཉིས་སོ། །ཞེས་པས་སྡོམ་

(༩༩༥)གྱི་ཚིགས་སུ་བཅད་པ་བདུན་པ་དང་། གང་པོ་མཆོད་སྦྱིན་ལེ་ལོ་ཅན། མགོན་མེད་དང་ནི་ཉི་ཆུང་བ། པད་མ་གཉིས་དང་ལྟ་བ་དང་། རིན་ཆེན་ནོར་དང་སྟོབས་འཕྲོག་པ། གང་པོ་དང་ནི་དོན་གཟིགས་དང་། སྟོབས་བརྩོན་བརྩལ་དང་མྱ་ངན་མེད། འཐུན་མཛད་དང་ནི་པད་མ་ཡི། བླ་མ་གཉིས་དང་ལེགས་མཐོང་དང་། རིན་ཆེན་གཙུག་ཏོར་ཆུ་རླབས་དང་། རྣམ་པར་རྒྱལ་བ་ཐ་མའོ། །ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ་དང་། བུ་དང་རི་ཡི་གཅོང་རོང་གླུད། འཐབ་དང་སྙིས་བཟུང་གོང་མ་བསྲེག །ཕ་དང་མི་རྒོད་ཤ་ཟ་དང་། དབང་པོའི་མགོ་ནི་ཐ་མ་ཡིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་དང་། བརྒྱ་བྱིན་རྒྱལ་པོ་རྔོན་པ་དང་། རྨོངས་པ་དང་ནི་བྲམ་ཟེ་གསུམ། ཁྱབ་འཇུག་དང་ནི་ཐབ་མོ་ཀླུ། ཤི་བི་གཉིས་དང་ཀཽ་ཤམ་བི། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པའོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ལས་འབྲས་བསླུ་བ་མེད་པ་དང་། སྨོན་ལམ་མཐུ་བརྩན་ཤེས་གྱུར་ནས། འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག། ༈ཨེ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཛངས་བླུན་ཞེས་བྱ་བའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུལ་མ་ག་དྷའི་དཀྱིལ་འཁོར་རྣམ་པར་རྒྱལ་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །འཁོར་མི་གསལ། སྟོན་པ་ནི། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་previous hit ་ཞིག་ན་འདི་སྙམ་དུ་དགོངས next hit་པར་གྱུར་

(༩༩༦)ཏོ། །སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་གིས་ཡོངས་སུ་སླད་དེ་བསྟན་ཅིང་བཅོས་སུ་ཡང་ཤིན་ཏུ་དཀའ་བས་ཇི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང་ཕན་པའི་དོན་མེད་ཀྱིས། ཅི་ནས་ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་དགོངས་མ་ཐག་ཏུ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ནི། དེའི་ཚེ་ན་ཚངས་རིས་ཀྱི་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་previous hit དགོངས next hit་ཤེས་ཤིང་རྟོགས་ནས་ནམ་མཁའ་ལས་བབས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས་དེར་ཕྱིན་པ་དང་། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཞིང་བསྐུལ་བ་དང་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་ཕུན་སུམ་ཚོགས་པ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་རིས་ཀྱི་ལྷ་དག་སེམས་ཅན་འདི་དག་ནི་ཉེས་པའི་དྲི་མས་ཡོངས་སུ་སྦགས་ཏེ་འཇིག་རྟེན་གྱི་བདེ་བ་ལ་ཆགས་ནས་ཤེས་རབ་དང་ལྡན་པའི་སེམས་མེད་པས་ཇི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང་བྱ་བ་དོན་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་ན་བདེའོ་སྙམ་དུ་previous hit དགོངས་སོ་ཞེས་ next hit་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དགེ་བ་དང་མི་དགེ་བའི་འབྲས་བུ་བདེ་བ་དང་སྡུག་བསྔལ་འབྱུང་བའི་རྟེན་འབྲེལ་བསླུ་བ་མེད་པ་ལ་ངེས་པ་ཁྱད་པར་ཅན་རྙེད་དེ་བྱང་ཆུབ་གསུམ་གང་རུང་དུ་སྨོན་ལམ་བཏབ་ནས་བླང་དོར་ཚུལ་བཞིན་དུ་བྱས་པ་ལ་རྟེན་ཏེ། བྱང་ཆུབ་གསུམ་ཇི་ལྟར་འདོད་པ་ཐོབ་པའོ། །བསྡུས་པའི་དོན་ནི། ལེའུ་ལྔ་བཅུ་རྩ་གཅིག་ལས། དཔེ་སྣ་ཚོགས་བསྟན་པའི་ལེའུ་སྟེ་དང་པོ་དང་། སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པའི་ལེའུ་སྟེ་གཉིས་པ་དང་། ཀུན་ཏུ་རྒྱུས་

(༩༩༧)ཚུལ་ཁྲིམས་བསྲུངས་པའི་ལེའུ་སྟེ་གསུམ་པ་དང་། ལུས་བརྩོངས་ཏེ་མཆོད་པ་བྱས་པའི་ལེའུ་སྟེ་བཞི་པ་དང་། རྒྱ་མཚོའི་ལྷས་དྲིས་པའི་ལེའུ་སྟེ་ལྔ་པ་དང་། ལྷའི་བུ་གང་ག་ད་ར་ཞེས་བྱ་བའི་ལེའུ་སྟེ་དྲུག་པ་དང་། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ་སྟེ་བདུན་པ་དང་། གསེར་དབྱིག་གི་ལེའུ་སྟེ་བརྒྱད་པ་དང་། ལྷའི་མེ་ཏོག་གི་ལེའུ་སྟེ་དགུ་པ་དང་། ལྷའི་རིན་ཆེན་གྱི་ལེའུ་སྟེ་བཅུ་པ་དང་། བཟོད་པའི་ལེའུ་སྟེ་བཅུ་གཅིག་པ་དང་། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་སྦྱིན་པ་བྱས་པའི་ལེའུ་སྟེ་བཅུ་གཉིས་པ་དང་། སྟོན་པ་དྲུག་བཏུལ་བའི་ལེའུ་སྟེ་བཅུ་གསུམ་པ་དང་། གཅན་ཟན་ཀུན་རྟས་ལུས་སྦྱིན་པ་བྱས་པའི་ལེའུ་སྟེ་བཅུ་བཞི་པ་དང་། རབ་ཏུ་བྱུང་བའི་ཡོན་ཏན་སྔགས་པའི་ལེའུ་སྟེ་བཅྭ་ལྔ་པ་དང་། དགེ་ཚུལ་གྱིས་ཚུལ་ཁྲིམས་བསྲུངས་པའི་ལེའུ་སྟེ་བཅུ་དྲུག་པ་དང་། ཁྱིམ་བདག་དབང་པོ་མེད་པའི་ལེའུ་སྟེ་བཅུ་བདུན་པ་དང་། དབུལ་མོས་རས་སྦྱིན་པའི་ལེའུ་སྟེ་བཅོ་བརྒྱད་པ་དང་། བྲན་མོ་དབུལ་མོས་ཀཱ་ཏྱཱ་ཡ་ན་ལ་དབུལ་བརྩོངས་པའི་ལེའུ་སྟེ་བཅུ་དགུ་པ་དང་། སེར་ལྷའི་ལེའུ་སྟེ་ཉི་ཤུ་པ་དང་། རིགས་གཉིས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་དང་། རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་དང་། བློན་པོ་རི་དགས་ཀྱི་བུ་བདུན་གྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་དང་། ཀ་བྱི་ནང་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་དང་། དགེ་སློང་མ་ཨུད་པ་ལའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་དང་། ཤུ་ཏོ་ལ་གར་ནེའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་དང་། རྒྱལ་པོ་ཨ་ཤོ་ཀའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པ་དང་། གསེར་གྱི་བུམ་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་དང་། བྲམ་ཟེ་མོ་བདེ་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པ་དང་། སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་ལེའུ་སྟེ་སུམ་བཅུ་

(༩༩༨)པ་དང་། རྒྱལ་པོ་མེ་ལོང་གདོང་གི་ལེའུ་སྟེ་སུམ་བཅུ་གཅིག་པ་དང་། ལེགས་ཚོལ་དང་ཉེས་ཚོལ་གྱི་ལེའུ་སྟེ་སུམ་བཅུ་གཉིས་པ་དང་། རྒྱལ་བུ་དགེ་དོན་གྱི་ལེའུ་སྟེ་སུམ་བཅུ་གསུམ་པ་དང་། ཁྱིམ་བདག་གདུམས་བྱེད་ཀྱི་ལེའུ་སྟེ་སུམ་བཅུ་རྩ་བཞི་པ་དང་། རྒྱལ་པོ་མིག་འབྱེད་ཀྱི་ལེའུ་སྟེ་སོ་ལྔ་པ་དང་། མི་ཐུང་སོར་ཕྲེང་ཅན་གྱི་ལེའུ་སྟེ་སོ་དྲུག་པ་དང་། དབུལ་མོ་གཉེན་དགའ་མོའི་ལེའུ་སྟེ་སོ་བདུན་པ་དང་། བག་ཤི་ཙར་རི་གྱི་ལེའུ་སྟེ་སོ་བརྒྱད་པ་དང་། ཁྱིམ་བདག་དབྱིག་པ་ཅན་ཞེས་བྱ་བའི་ལེའུ་སྟེ་སོ་དགུ་པ་དང་། བྲམ་ཟེ་ཤི་རྩིར་གྱི་ལེའུ་སྟེ་བཞི་བཅུ་པ་དང་། ཁྱིམ་བདག་དན་གྱི་ལི་ཞེས་བྱ་བའི་ལེའུ་སྟེ་ཞེ་གཅིག་པ་དང་། གླང་པོ་སྐྱོང་གི་ལེའུ་སྟེ་ཞེ་གཉིས་པ་དང་། བྲམ་ཟེས་ལྷན་པ་ཕུལ་བའི་ལེའུ་སྟེ་ཞེ་གསུམ་པ་དང་། སངས་རྒྱས་ཐོག་མ་བྱམས་པའི་སེམས་བསྐྱེད་པའི་ལེའུ་སྟེ་ཞེ་བཞི་པ་དང་། རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལེའུ་སྟེ་ཞེ་ལྔ་པ་དང་། བུ་མོ་སུ་མ་ནིའི་བུ་བཅུའི་ལེའུ་སྟེ་ཞེ་དྲུག་པ་དང་། ཨུ་པ་ཀུབ་ཏའི་ལེའུ་སྟེ་ཞེ་བདུན་པ་དང་། ངང་པ་ལྔ་བརྒྱ་ལྷར་སྐྱེས་པའི་ལེའུ་སྟེ་ཞེ་བརྒྱད་པ་དང་། སེང་གེ་ཡི་དམ་བརྟན་ཞེས་བྱ་བའི་ལེའུ་སྟེ་ཞེ་དགུ་པ་དང་། སྲིན་བུའི་རྒྱུ་བསྟན་པའི་ལེའུ་སྟེ་ལྔ་བཅུ་པ་དང་། དགེ་སློང་ཀུན་ཏེ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་གཅིག་པ་རྣམས་སོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མའོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་མདོ་འདི་ནས་བཤད་པའི་ཆོ་འཕྲུལ་ཆེན་པོའི་དུས་ནི་དཀར་ཕྱོགས་སྔོན་འགྲོ་གཞིར་བྱས་ཀྱི་ཟླ་བ་ལས་མཆུས་ཉ་བའི་ཟླ་བའི་དཀར་ཕྱོགས་ཡིན་ནོ་ཞེས་པ་དང་། ཡང་ཁ་ཅིག་དབོའི་ཟླ་བའི་དཀར་ཕྱོགས་ཡིན་ནོ་ཞེས་ཟེར་བ་རྣམས་ནི་མི་རིགས་

(༩༩༩)ཤིང་གཞུང་འདིའི་དགོས་པ་མ་ཡིན་ཏེ། གཞུང་འདིའི་previous hit དགོངས next hit་ནི། ནག་ཕྱོགས་སྔོན་འགྲོ་གཞིར་བྱས་ཀྱི་དབོས་ཉ་བའི་ནག་ཕྱོགས་ཡིན་ཏེ། མདོ་ཉིད་ལས། དེའི་ཚེ་དཔྱིད་ཟླ་ར་བ་ཚེས་གཅིག་གི་ཉིན་པར་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་གནས་སུ་གཤེགས་པ་དང་རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ། བཅོམ་ལྡན་འདས་ལ་ཕྱག་དར་ཏེ་ཕུལ་ལོ་ཞེས་འབྱུང་ལ། དཔྱིད་ཟླ་ར་བ་ནི། མདོ་འདི་དང་འདུལ་བ་ལུང་དང་། ཉི་མའི་སྙིང་པོའི་མདོ་སོགས་མར་ངོ་སྔོན་འགྲོ་གཞིར་བྱས་ཀྱི་དཔྱིད་ཟླ་ར་བ་ཡིན་པའི་ཕྱིར་ཏེ། ཉི་མའི་སྙིང་པོ་ལས། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། ཟླ་བ་ཉ་ཚེ་ཟླ་གྲངས་འགྱུར། སྟོན་ཟླ་ཐ་ཆུངས་ཞེས་བྱའོ། །ཞེས་གསུངས་པའི་རིགས་པས། བདག་གིས་རྒྱུ་སྐ་དབོ་ཞེས་བརྗོད། །ཟླ་བ་ཉ་ཚེ་ཟླ་གྲངས་འགྱུར། དཔྱིད་ཟླ་ར་བ་ཞེས་སུ་བརྗོད། ཞེས་པ་འཐོབ་ཅིང་། ཟླ་བ་འདིའི་ནག་ཕྱོགས་སྔོན་སོང་དང་། མཆུའི་ཟླ་བའི་ནག་ཕྱོགས་ཕྱིས་འབྱུང་བ་དོན་ཅིག་གོ །འདུལ་བ་ལུང་ཕྲན་ཚེགས་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གང་ལ་སངས་རྒྱས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔྱིད་ཟླ་ཐ་ཆུང་ལའོ། །ཞེས་ཀྱང་གསུངས་ལ། ལུང་ཕྲན་ཚེགས་ཀྱི་བམ་པོ་གྱ་ལྔ་པ་ལས། ས་ག་ཟླ་བའི་ཉའི་སྐྱ་རངས་ཤར་བ་ལ་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཚེ་ན། གྲགས་འཛིན་མ་ལ་ཁྱིའུ་གཅིག་བཙས་སོ། །ཟླ་བ་ཡང་སྒྲ་ཅན་གྱིས་ཟིན་ནོ། །བཙུན་མོའི་འཁོར་རྣམས་ཀྱིས་སྨྲས་པ། ཁྱིའུ་འདི་བཙས་པ་ན། ཟླ་བ་སྒྲ་ཅན་གྱིས་ཟིན་པའི་ཕྱིར། སྒྲ་ཅན་ཟིན་དུ་བཏགས་སོ། །ཞེས་གསུངས་པའི་ཕྱིར། ནག་ཕྱོགས་སྔོན་འགྲོའི་ཟླ་བ་ས་གས་ཉ་བ་དཔྱིད་ཟླ་ཐ་ཆུང་ཡིན་པའི་ཕྱིར་དང་། དེ་ནས་བརྩམས་པའི་ཆུས་སྟོད་ཀྱིས་ཉ་བའི་ནག་ཕྱོགས་སྔོན་འགྲོའི་ཟླ་

(༡༠༠༠)བ་ནི་དབྱར་ཟླ་འབྲིང་པོ་ཡིན་ཞིང་། ཉ་འདི་ལ་སངས་རྒྱས་པའི་འདུས་པ་ཆེན་པོ་གཅིག་འབྱུང་ཞིང་། དེ་བཞིན་དུ་ནག་ཕྱོགས་སྔོན་འགྲོའི་ཟླ་བ་ཐ་སྐར་གྱིས་ཉ་བ་ནི་སྟོན་ཟླ་འབྲིང་པོའི་ཉ་ཡིན་ཞིང་། སངས་རྒྱས་པའི་འདུས་པ་ཆེན་པོ་གཅིག་འབྱུང་སྟེ། སངས་རྒྱས་པའི་འདུས་པ་ནི་རྣམ་པ་གཉིས་ཏེ། དབྱར་ཟླ་འབྲིང་པོའི་ཉ་དང་། སྟོན་ཟླ་འབྲིང་པོའི་ཉའོ་ཞེས་གསུངས་ལ། དབྱར་ཟླ་འབྲིང་པོའི་ཉ་ནི་དབྱར་ཟླ་སྔ་མའི་ཚུལ་ཞུགས་ལ་འདུ་བའི་དུས་ཡིན་ལ། སྟོན་ཟླ་འབྲིང་པོའི་ཉ་ནི་དབྱར་སྔ་མའི་དགག་དབྱེ་ལ་འདུས་པའི་དུས་ཡིན་པས། སངས་རྒྱས་པའི་འདུས་པ་ཆེ་བ་གཉིས་ནི་དེ་ཡིན་ནོ། །འགའ་ཞིག་ཁྲུམས་སྟོད་ཟླ་བའི་ཉ་ལ་དབྱར་སྔ་མའི་དགག་དབྱེ་བྱེད་ཅིང་དེའི་སང་ཉིན་ནས་ལྗོངས་རྒྱུ་བ་དང་། དུས་ཚིགས་ལྔ་རུ་བྱས་པའི་དགུན་ཟུག་པ་དང་། ལོ་མགོར་རྩི་བ་ནི་དྲུག་སྡེ་རྣམས་ཀྱིས་དགེ་སློང་གཞན་རྣམས་ལས་ཟླ་བ་གཅིག་གིས་སྔ་བར་དགག་དབྱེ་བྱས་པའི་རྗེས་སུ་འབྲང་བ་ཡིན་ནོ། །ཡང་འགའ་ཞིག་སྨིན་དྲུག་གིས་ཉ་བའི་སང་ཉིན་ནས་དུས་ཚིགས་ལྔ་རུ་བྱས་པའི་དགུན་ཟུག་པ་དང་། ལོ་མགོ་འཛིན་པ་ནི་དྲུག་སྡེ་རྣམས་ཀྱིས་དགེ་སློང་གཞན་རྣམས་ལས་ཟླ་བ་གཅིག་གིས་འཕྱི་བར་དབྱར་གནས་ཤིང་དགག་དབྱེ་བྱས་པའི་རྗེས་སུ་འབྲང་བ་ཡིན་ནོ། །འདིའི་སྐྱོན་དབང་གིས་དབྱར་སྔ་མ་ཁས་བླང་རྒྱུ་མ་བྱུང་ན། དབྱར་ཕྱི་མ་ཁས་བླང་དུ་རུང་བ་ཙམ་ཡིན་མོད་ནའང་། གཙོ་བོ་མ་ཡིན་ཏེ། འདུལ་བ་མདོ་རྩ་བ་ལས་སྔ་མའི་དབྱར་དེ་གཙོ་བོ་ཡིན་ཞེས་གསུངས་པས་སོ། །དེས་ན་དབྱར་སྔ་མའི་དགག་དབྱེ་ཐོན་པའི་སང་ཉིན་ལྗོངས་རྒྱུ་བ་ནས་བརྩམས་ཏེ། དུས་སྒོའི་སྐབས་སུ་བྱུང་པའི་དུས་ཚིགས་ལྔའི་དགུན་ཟུག་པ་དང་། ལོ་མགོ་འཛིན་པ་ཡིན་ནོ། །དུས་སྒོའི་སྐབས་ནས་འབྱུང་བའི་དུས་ཚིགས་

(༡༠༠༡)ལྔ་ནི། དགུན་གྱི་དུས་སུ་ཟླ་བ་བཞི་དང་། དཔྱིད་ཀྱི་དུས་ཟླ་བ་བཞི་དང་། དབྱར་དང་པོ་ཟླ་བ་གཅིག་དང་། དབྱར་ཐུང་ངུ་ཞག་གཅིག་དང་། དབྱར་རིང་པོ་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་པའོ།།དབྱར་ཐུངས་སུ་ཞག་གཅིག་པོ་ནི་དབྱར་ཟླ་འབྲིང་པོའི་ཉའོ། །སྟོན་ཟླ་འབྲིང་པོའི་ཉ་ནི། ལྷ་ལས་བབས་པའི་དུས་ཆེན་པོ། ཧོར་གྱི་ལུགས་ལྟར་ན། ཟླ་བ་དང་པོའི་མར་ངོ་ཆོ་འཕྲུལ་ཆེན་པོའི་དུས་དང་། ཟླ་བ་བཞི་པའི་ཉ་སངས་རྒྱས་པའི་དུས་ཆེན་དང་། དྲུག་པའི་ཉ་དབྱར་ཐུང་ངུ་དང་། དགུ་པའི་ཉ་དབྱར་སྔ་མའི་དགག་དབྱེ་དང་། དགུ་པའི་ཚེས་བཅུ་དྲུག་ནས་འདུལ་བ་པའི་ལོ་མགོ་འཛིན་རྒྱུ་ཡིན་ནོ། །འདུལ་བའི་ལུགས་ཀྱིས་ལོ་མགོ་འཛིན་ཚུལ་ལ་མཁྲུལ་པ་མང་དུ་མཐོང་ཞིང་དགག་པ་རྒྱས་པར་བྱར་ཡོད་ནའང་། ཚིག་མངས་སུ་དོགས་པས་མ་བྲིས་སོ། །མ་ནོར་བའི་དོན་མདོར་བསྡུས་པ་ཙམ་བསྟན་པ་ཡིན་ནོ། །རྣམ་དཔྱོད་ང་ལྡན་པ་རྣམས་ཀྱིས་ལེགས་པར་ཆོད་ཅིག་གོ །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། དགེ་སྡིག་འབྲས་བུ་ལེགས་རྟོགས་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པའི་མདོ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་སྟོན་པ་སེར་སྐྱའི་གནས་ནྱ་གྲོ་དྷའི་གཙུག་ལག་ཁང་རོ་ནི་ནིའི་འབབ་ཆུའི་འགྲམ་ན་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པས་སོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་དྲི་བ་འདི་སྐད་ཅེས་གསོལ་ཏོ། །མ་འོངས་དུས་ན་འབྱུང་པ་ཡི། རྒྱལ་བ་ཇི་ལྟ་བུ་ཞིག་ལགས། ཉིད་

(༡༠༠༢)ཀྱི་རྗེས་ལ་རབ་བསྟན་པའི། སངས་རྒྱས་ཇི་ལྟར་འབྱུང་བ་ལགས། རྒྱ་ཆེར་བདག་ནི་ཉན་པར་འཚལ། སྤྱན་དང་ལྡན་པས་བཤད་པར་གསོལ། ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། གནས་བརྟན་གྱི་ཚིག་གསན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསོད་ནམས་དཔག་མེད་ཕུང་པོ་ནི། ཨ་ཛི་ཏ་ཞེས་ཡེ་ཤེས་ཆེ། དེ་ཡི་ཡོན་ཏན་ཐམས་ཅད་ནི། བཤད་པར་མི་ནུས་ཅུང་ཟད་ཆ། ཆུ་ཐིགས་ཙམ་ཞིག་ངས་བཤད་ཀྱི། ཤཱ་རིའི་བུ་ཡིས་འདི་ལ་ཉོན། བསྐལ་བཟང་འདི་ལས་གྲངས་མེད་ལོ། །རིམ་གྱིས་བརྒྱད་ཁྲིར་གྱུར་པའི་ཚེ། བྱམས་པ་ཞེས་བྱའི་མཚན་ལྡན་པའི། རྐང་གཉིས་མཆོག་གྱུར་རྫོགས་སངས་འབྱུང་། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་བྱམས་པ་ཇི་ལྟར་འབྱོན་པའི་ཚུལ་རྟོགས་ནས། དགེ་བའི་རྩ་བ་བསགས་ཤིང་། སྨོན་ལམ་བཏབ་པ་ལ་རྟེན་ཏེ། བྱམས་པ་བྱོན་པའི་ཚེ་ན་རང་རང་གི་སྨོན་ལམ་དང་མཐུན་པར། བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། ཤཱཀྱ་ཐུབ་པའི་བསྟན་པ་རིམ་གྱིས་ནུབ་ནས་ཚེ་ལོ་བཅུ་པའི་བར་འབྱུང་ལ། དེ་ནས་རིམ་གྱིས་ཚེ་ལོ་ཡར་འཕེལ་ཏེ། སྐྱེས་བུ་རྣམས་ཚེ་ལོ་བརྒྱད་ཁྲི་པར་འགྱུར་ཞིང་། དེ་ནས་ཅུང་ཟད་ཚེ་ལོ་བྲི་བ་ན། བྱམས་པ་སངས་རྒྱས་ཏེ་སངས་རྒྱས་ཀྱི་མཛད་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གནས་སྐབས་གསུམ་མོ། །རྒལ་ལན་ནི། མདོ་འདི་ཉིད་དུ། དེ་ནས་མི་དབང་རྒྱལ་པོ་དང་། གྲགས་པ་ཆེན་པོ་ཐོབ་ནས་ནི། སྦྱིན་པ་གྲངས་མེད་བྱས་ནས་ཀྱང་། རབ་ཏུ་

(༡༠༠༣)འབྱུང་བ་འདོད་པར་འགྱུར། རྒྱལ་པོ་སྟོང་ཕྲག་བཞི་དང་ནི། བརྒྱད་བཅུ་དག་གིས་མདུན་བདར་ཏེ། ཁྱིམ་ནས་ངེས་པར་བྱུང་ནས་ནི། རབ་ཏུ་འབྱུང་བར་འགྲོ་བར་འགྱུར། ཞེས་གསུངས་པའི་ཕྱིར། འཁོར་ལོས་བསྒྱུར་པའི་རྒྱལ་པོ་དུང་རབ་ཏུ་བྱུང་པ་ནི་བྱམས་པའི་ཉན་ཐོས་ཡིན་གྱི་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་པ་མི་རིགས་ཏེ། འདུལ་བ་ལུང་གི་སྨན་གཞི་ནས། འཁོར་ལོས་བསྒྱུར་པའི་རྒྱལ་པོ་དུང་བྱམས་པ་འདི་ཉིད་མྱ་ངན་ལས་འདས་པའི་རྗེས་ཐོགས་ཞག་བདུན་ན་སངས་རྒྱས་ཏེ་མཚན་ཡང་དེ་བཞིན་གཤེགས་པ་བྱམས་པ་བྱ་བར་འགྱུར་ཞིང་། དེ་ཉིད་ཀྱི་བསྟན་པ་འབྱུང་བར་གསུངས་ལ། བྱམས་པ་སྔ་མའི་བསྟན་པ་མ་ནུབ་པར་བྱམས་པ་ཕྱི་མ་ནི་སངས་རྒྱས་པ་ཡིན་པས། བསྟན་པ་ཐུན་མོང་བ་མ་ཡིན་ཞིང་། བསྟན་པ་འདི་ཉིད་ལ་སྟོན་པ་གཉིས་བྱུང་པ་ཡིན་ནོ། །སྨན་གཞི་ལས་བསྟན་པ་འདི་ལ་རིན་པོ་ཆེ་གཉིས་འབྱུང་པར་རིག་པར་བྱ་སྟེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་སོ། །ཞེས་པ་དང་། ཡང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དུང་གིས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་སོགས་ཀྱི་སྨོན་ལམ་བཏབ་པའི་ཚུལ་རྣམས་སྟོན་པའི་སྐྱེ་རབས་དང་བཅས་ཏེ་རྒྱས་པར་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ནི། ཚོགས་གཉིས་རྒྱ་མཚོ་མཐར་ཕྱིན་ནས། བྱམས་པ་ལྟ་བུར་སངས་རྒྱས་ཤོག། ༈ །།འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལུང་བསྟན་པ་ཞེས་བྱ་བ་བཀའ་འཁོར་ལོ་དང་པོར་གཏོགས་པ་འདི། ཞུ་བ་པོ་ཤཱ་རིའི་བུས་སྟོན་པ་ལ་ཞུས་པའི་ཚུལ་ནི། ཆོས་ཀྱི་སྡེ་དཔོན་ཁྱབ་བདག་དཔལ། ཤེས་རབ་ཆེན་པོ་ཤཱ་རིའི་བུས།

(༡༠༠༤)འཇིག་རྟེན་རྣམས་ལ་སྙིང་བརྩེའི་ཕྱིར། སྟོན་པ་ལ་ནི་ཡོངས་ཞུས་པ། སྔོན་དང་ཕྱི་མཐའི་མདོ་ལས་ནི། མ་འོངས་པ་ཡི་སངས་རྒྱས་གང་། འཇིག་རྟེན་འདྲེན་པར་མཛད་པ་པོ། བྱམས་པ་ཞེས་བྱ་བསྟན་པ་དེ། འདྲེན་པ་བདག་ནི་དེ་ཡི་མཐུ། རྫུ་འཕྲུལ་དང་ནི་དོན་ཐམས་ཅད། རྒྱས་པར་རབ་ཏུ་ཉན་འཚལ་ན། དེ་ནི་མི་མཆོག་བདག་ལ་གསུངས། ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། དེ་ལ་སྟོན་པས་བཀའ་སྩལ་པ། སངས་རྒྱས་བྱམས་པ་མི་མཆོག་དེའི། འབྱོར་པ་རྒྱས་པ་ཁྱོད་ལ་ངས། ལུང་བསྟན་བྱ་ཡིས་ང་ལ་ཉོན། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བྱམས་པ་ཇི་ལྟར་འབྱོན་པའི་ཚུལ། ཆེ་བའི་ཡོན་ཏན་དང་བཅས་པ་རྒྱ་ཆེར་བསྟན་པ་ནི། གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་འགའ་ཞིག་བྱམས་པ་དང་མཚུངས་པའི་སངས་རྒྱས་སུ་འགྱུར་བར་སྨོན་ལམ་འདེབས་ཤིང་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པར་འགྱུར་བ་དང་། གདུལ་བྱ་བློ་དམའ་བ་རྣམས་བྱམས་པའི་བསྟན་པ་ལ་བྱམས་པའི་འཁོར་དུ་སྐྱེས་ནས་གྲོལ་བ་ཐོབ་པར་སྨོན་ལམ་བཏབ་སྟེ། རང་རང་གི་སྨོན་ལམ་དང་མཐུན་པའི་འབྲས་བུ་ཐོབ་པའོ། །བསྡུས་པའི་དོན་ནི། བྱམས་པའི་ཞིང་ཁམས་དང་། འཁོར་དང་། སྐུ་ཚེའི་ཚད་དང་། བསྟན་པ་ཇི་ཙམ་གནས་པ་རྣམས་བསྟན་ཏེ། འདུལ་བ་ལུང་ལྟར་ན་བྱམས་པ་གཉིས་གའི་ཐུན་མོང་གི་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བྱམས་པ་རྣམ་གཉིས་མཉེས་བྱས་ནས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །

(༡༠༠༥)གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། དགྲ་བཅོམ་པ་གཅིག་གིས་ཟིན་བྲིས་ཡིན་ཅིང་། ཐུན་མོང་གི་གླེང་གཞི་མེད། རྟོགས་པ་བརྗོད་པ་སོ་སོའི་གླེང་གཞི་དང་། དགོས་པའི་དོན་ནི། རང་རང་གི་གཞུང་གི་སྐབས་སུ་གསལ་ལ། ཐུན་མོང་གི་དགོས་པའི་དོན་ནི། གདུལ་བྱ་རིགས་ཅན་གསུམ་པོ་རྣམས་རང་རང་གི་སྐལ་བ་དང་མཚམ་པར་བྱང་ཆུབ་གསུམ་གང་རུང་དུ་སྨོན་ལམ་བཏབ་ཅིང་། མདོའི་དོན་ཉམས་སུ་བླངས་པ་ལ་རྟེན་ནས་རང་རང་གི་ལྟར་སྨོན་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། སྡོམ་གྱི་ཚིགས་སུ་བཅད་པ་བཅུ་ལས། གང་པོ་བཟང་དང་གྲགས་ལྡན་མ། ལེ་ལོ་ཅན་དང་དེད་དཔོན་རྣམས། ཟླ་བ་ཆེ་བ་པདྨ་དང་། པཉྩ་ལ་དང་བདུག་པ་དང་། རྒྱལ་པོ་འཇུག་ཏུ་སྨོས་པ་སྟེ། འདི་ནི་སྡེ་ཚན་བསྡུས་པ་ཡིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་དང་། མཉན་པ་དང་ནི་ཀ་བ་ཁྲུས། ཡམས་ཀྱི་ནད་དང་ཆོ་འཕྲུལ་དང་། ལོ་ལྔ་པ་དང་སྟོང་མཆོག་སྦྱིན། ཀ་ཤི་ཀ་དང་ལྷ་མི་ཟས། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་དང་། ཙན་དན་དང་ནི་པདྨ་དང་། དེ་བཞིན་འཁོར་ལོ་མགོ་བཅུ་པ། མདོག་འཇམ་དང་ནི་འོད་བསིལ་དང་། མཉན་པ་དང་ནི་སྤོས་ངད་ལྡང་། དྲི་མེད་གདངས་སྙན་ཞེས་བྱ་བ། སྡེ་ཚན་དག་ཏུ་བསྟན་པ་ཡིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་དང་། པད་མ་དང་ནི་ཁམ་རེ་དང་། ཆོས་སྐྱོང་དེ་བཞིན་ཞི་ལྡན་དང་། གཟུགས་བཟངས་མཛའ་བོའི་བུ་མོ་དང་། རི་བོང་དང་ནི་ཆོས་ཚོལ་དང་། མགོན་མེད་ཟས་སྦྱིན་རབ་བཟང་མ། སྡེ་ཚན་དག་ཏུ་བསྟན་པ་ཡིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་དང་། བུ་རམ་གནས་དང་ཁ་ཟས་དང་། ཆུ་དང་ཕྱི་སའི་སྣོད་

(༡༠༠༦)རྣམས་དང་། མཽ་གལ་བུ་དང་ཆུ་སྨད་དང་། དམུས་ལོང་དང་ནི་ཚོང་དཔོན་དང་། བུ་རྣམས་དང་ནི་ཕྱི་།།།པ་ཁུངས། སྡེ་ཚན་དག་ཏུ་བསྟན་པ་ཡིས། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་དང་། སྦྲུལ་ནག་དང་ནི་ཟླ་བ་དང་། ས་ལ་དང་ནི་དཔལ་ལྡན་མ། གོས་དང་ནེ་ཙོ་ཕོ་ཉ་དང་། མ་ཧེ་དང་ནི་གསོ་སྦྱོང་དང་། ངང་པ་ཐ་མར་བརྗོད་པ་ཡིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ་དང་། གསེར་འོད་དང་ནི་དྲི་ཞིམ་དང་། བྱད་བཟང་སྟོབས་ལྡན་སྡུ་གུ་དང་། པད་མ་མིག་དང་རྔ་སྒྲ་དང་། བུ་དང་ཉི་མ་བདུད་བ་དན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་དང་། འོད་བཟང་མ་དང་རབ་སྡུག་མ། དཀར་མོ་ཟླ་བ་ཨུད་པ་ལ། མཛེས་ལྡན་མ་དང་མུ་ཏིག་དང་། ཀ་ཙང་ག་ལ་བདེ་བྱེད་ལ། མི་སྡུག་སྡེ་ཚན་བཅད་དེ་བསྟན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ་དང་། རྒྱ་མཚོ་དང་ནི་སྣ་མ་དང་། ལག་ན་གསེར་ཐོགས་སྡེ་སྣོད་གསུམ། གྲགས་ཤེས་རྫུས་ཏེ་སྐྱེས་པ་གང་། མཛེས་ལྡན་དང་ནི་ཀ་ཕི་ན། བཟང་ལྡན་དང་ནི་ཡུལ་འཁོར་བསྲུང་། སྡེ་ཚན་དག་ཏུ་བསྟན་པ་ཡིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་དང་། རབ་འབྱོར་དང་ནི་རྒན་པོ་དང་། ལག་པ་ཅན་དང་བདེ་གུས་གསོས། འཁོར་བ་དང་ནི་སྦེད་པ་དང་། མི་སྡུག་པ་དང་གང་གཱ་བ། སེན་རིངས་དང་ནི་ཡང་དག་སྡུག །སྡེ་ཚན་དག་ཏུ་བསྟན་པ་ཡིན། ཞེས་པས་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མར་གཏོགས་སོ། །ཐེག་པ་ནི་གནས་སྐབས་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། ཐེག་པ་གསུམ་ལ་མཁས་གྱུར་ནས། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག།

(༡༠༠༧)༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་ཡུམ་གྱི་དོན་དུ་ལྷ་རྣམས་ཀྱི་གནས་སུམ་བཅུ་རྩ་གསུམ་ན་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་སོ། །ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེར་ལྷའི་བུ་ཞིག་ལ་སྔ་བལྟས་ངན་པ་ལྔ་བྱུང་སྟེ། ཕྲེང་བ་རྒྱན་རྙིངས་པ་དང་། གོས་རྙིངས་པ་དང་། ལུས་དྲི་ང་བར་གྱུར་པ་དང་། མཆན་ཁུང་ནས་རྔུལ་འཛག་པ་དང་། རང་གི་སྟན་ལ་དགའ་བ་མེད་པར་གྱུར་ཏོ། །ཞེས་པ་ནས། དེ་ནས་ལྷའི་བུ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་ལན་གསུམ་བརྗོད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་དེ་འདིར་གཤེགས་སུ་གསོལ། བདག་ངན་སོང་གི་སྐྱེ་བ་རྣམས་ལས་གྲོལ་བར་མཛད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་གྱི་སྒོ་ནས་སྟོན་པས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། ལྷའི་བུ་དེ་ག་ལ་བ་དེར་གཤེགས་ཏེ་གདན་བཤམས་པ་དེ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གང་ཞིག་འཆི་བའི་ཚེ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་ངན་སོང་དུ་མི་སྐྱེ་ཞིང་

(༡༠༠༨)མཐར་ཐུག་ཏུ་བྱང་ཆུབ་ཐོབ་པར་བསྟན་པའོ། །བསྡུས་པའི་དོན་ནི། ལྷའི་བུ་ཡངས་པ་ཅན་གྱི་མག་པར་སྐྱེ་བར་འགྱུར་བ་ཞིག་གིས་འཆི་ཁར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་པས། ཡངས་པ་ཅན་གྱི་ཚོང་དཔོན་ཞིག་གི་བུར་སྐྱེས་ཏེ། ཁྱིའུ་ཤེས་ལྡན་ཞེས་བྱ་བར་གྱུར་པའི་ཚེ་ན། སངས་རྒྱས་འཁོར་བཅས་ལ་གདུགས་ཚོད་གསོལ་ཏེ་ཞེ་ཐག་པ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པས། དེ་བཞིན་གཤེགས་པ་མཁྱེན་གཙོ་རྒྱལ་པོ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕག་མོའི་རྟོགས་པ་བརྗོད་པ་ཞེས་བྱ་བའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷའི་བུ་འཆི་འཕོའི་ཆོས་ནི་སྔ་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ་ལྔ་གང་ཞེ་ན། གོས་རྣམས་སྔོན་དྲི་མ་མི་ཆགས་པ་ལས་དྲི་མ་ཆགས་པ་དང་། མེ་ཏོག་ཕྲེང་རྣམས་སྔོན་མི་རྙིངས་པ་ལས་རྙིངས་པ་དང་། མཆན་ཁུང་གཉིས་ནས་རྔུལ་འབྱུང་བ་དང་། ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང་། ལྷའི་བུའི་འཆི་འཕོའི་ཆོས་ནི་རང་གི་སྟན་ལ་དགའ་བ་མི་ཐོབ་པའོ། །ཞེས་པ་ནས། དེ་ནས་ལྷའི་བུ་དེས་སྐྱབས་གསུམ་

(༡༠༠༩)གཟུང་སྟེ་འཆི་འཕྲོའི་དུས་བྱས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་བལྟས་པ་ཅི། ལྷའི་བུ་དེ་ཕག་མོའི་མངལ་དུ་སྐྱེས་སམ་མ་སྐྱེས་ཞེས་བལྟས་ནས་ཡང་མ་སྐྱེས་ཏེ། ལྷ་རྣམས་ནི་ཆོས་ཉིད་ཀྱིས་འོག་མ་ལ་ཤེས་པ་དང་། མཐོང་བ་འཇུག་གི་གོང་མ་ལ་ནི་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། གྲོགས་པོ་བདག་ནི་འདི་ལྟར་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དེ་ནས་ལྷའི་བུ་དེས་སྐྱབས་གསུམ་གཟུང་ནས་འཆི་འཕོའི་དུས་བགྱིས་པ་དེ། བཅོམ་ལྡན་འདས་གང་དུ་སྐྱེས་པ་ལགས། ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་སོགས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ལྷའི་བུ་དེ་ནི་དགའ་ལྡན་ལྷའི་རིས་དེར་སྐྱེས་ཏེ། ལྷའི་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་སོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གང་ཞིག་འཆི་བའི་ཚེ་ན་དཀོན་མཆོག་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་སོང་ན་ངན་སོང་གསུམ་དུ་མི་སྐྱེ་ཞིང་མཐོ་རིས་སུ་སྐྱེས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་

(༡༠༡༠)འཐོབ་པའོ། །བསྡུས་པའི་དན་ནི། ལྷའི་བུ་འཆི་ལྟས་ཕོག་པ་རྒྱལ་པོའི་ཁབ་དུ་ཕག་ཏུ་སྐྱེ་བར་འགྱུར་བ་ཞིག་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསྐུལ་བས། ལྷའི་བུ་དེ་ཉིད་རྒྱལ་པོའི་ཁབ་ཀྱི་ཕག་ཏུ་མ་སྐྱེས་པར་དགའ་ལྡན་གྱི་གནས་སུ་སྐྱེས་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། དཀོན་མཆོག་གསུམ་ལ་སྐྱབས་སོང་སྟེ། ངན་སོང་གནས་རྣམས་ཀུན་སྤངས་ཤིང་། མཐོ་རིས་ཐར་པ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །ཞུ་བ་པོ་ཇི་ལྟར་བྱུང་པའི་ཚུལ་ནི། དེ་ནས་དེའི་ཚེ་མཉན་ཡོད་ན། མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷ་བཟང་མོ་ཞེས་བྱ་བ་དད་པ་དང་ལྡན་པ། རང་བཞིན་བཟང་པ། བསམ་པ་དགེ་བ། བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཞིག་གནས་སོ། །ཞེས་པ་ནས། ཇི་སྲིད་བུ་རམ་ཤིང་འཕེལ་དུ་མ་ག་དྷ་བཟང་མོ་ལ་སོགས་པའི་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མེ་ཏོག་དང་དྲི་དང་ཕྲེང་བ་དང་། སྤོས་རྣམས་ཀྱིས་མཆོད་པ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མ་ག་དྷ་བཟང་མོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཆེན་པོ་དེ་རྣམས་གང་ཞིག་ཐོས་ན་མ་ག་དྷ་བཟང་མོ་ལ་སོགས་པའི་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱིས་བདེན་པ་མངོན་སུམ་དུ་མཐོང་

(༡༠༡༡)བ་ཐོབ་པར་གྱུར་པ་དེ་ལྟ་བུའི་ཆོས་བསྟན་པ་མཛད་ཅིང་འཁོར་དེ་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་བབ་པ་དང་། དགེ་འདུན་ལ་བབ་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་རྣམས་ཀྱིས་ཞུས་ཤིང་སྟོན་པས་ལན་གྱི་སྒོ་ནས་མ་ག་དྷ་བཟང་མོའི་སྔོན་གྱི་ལས་ལུང་བསྟན་པ་དང་། ཀྲི་ཀྲི་རྨི་ལམ་ལུང་བསྟན་པ་ནི། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ་ལ་རྟེན་ནས། གདུལ་བྱ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་གུས་པ་བསྐྱེད་དེ། དཀོན་མཆོག་གསུམ་ལ་བྱ་བ་བྱས་ཏེ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། མ་ག་དྷ་བཟང་མོས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། བུ་རམ་ཤིང་འཕེལ་གྱི་སྐྱེ་བོའི་ཚོགས་ཀྱི་དོན་བྱས་པའི་ཚུལ་དང་། རྒྱལ་པོ་ཀྲི་ཀྲི་རྨི་ལམ་ལུང་བསྟན་པ་དང་། མ་ག་དྷ་བཟང་མོ་སྔོན་རྒྱལ་པོ་ཀྲི་ཀྲིའི་བུ་མོ་གསེར་ཕྲེང་ཅན་དུ་གྱུར་པའི་ཚེ་ན་ཐར་པ་ཆ་འཐུན་སྐྱེ་ཚུལ་རྣམས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། ཁ་ཅིག་ན་རེ། མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་རྣམས་སངས་རྒྱས་མྱ་ངན་ལས་འདས་ནས་རྗེས་ལ་བྱུང་ངོ་ཞེས་ཟེར་བ་མི་རིགས་ཏེ། མདོ་འདི་ཉིད་ནས། འདི་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་པ་དང་བྱེ་བྲག་སྨྲ་བའི་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་ལུང་བསྟན་པའི་འཕགས་པ་ཀ་ཏ་ཡ་ན་ཞེས་བྱ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། རྒྱལ་བ་སྲས་བཅས་མཉེས་

(༡༠༡༢)པ་སོགས། བསྟན་པའི་བྱ་བ་ཆེར་བྱས་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།སངས་རྒྱས་ལ་ཕྱག་འཚལ་ལོ། །བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ག་ར་བ་ན་བཞུགས་ཏེ་ཞེས་པས་བསྟན་ཏོ། །སྟོན་པས་འཁོར་རྣམས་ལ་བཀའ་ཡས་སྩལ་གྱིས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན་སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་ཀྱང་མི་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་མི་བྱེད་དེ། གསུམ་པོ་གང་ཞེན། འདི་ལྟར་ཆགས་པ་དང་། སེར་སྣ་དང་། བག་མེད་པ་རྣམས་ཏེ། དེ་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་པོ་འདི་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་མ་བྱས་པས། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་སྐྱེས་བུ་དམ་པ་ཆོས་གསུམ་དང་ལྡན་པ་ནི་སྦྱིན་པ་སྦྱིན་ཞིང་བསོད་ནམས་དག་བྱེད་ལ་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །གསུམ་གང་ཞེ་ན། འདི་ལྟར་མ་ཆགས་པ་དང་། སེར་སྣའི་དྲི་མ་དང་བྲལ་བ་དང་། བག་ཡོད་པ་རྣམས་སོ། །དགེ་སློང་དག་ཆོས་གསུམ་པོ་འདི་དག་དང་ལྡན་ན་སྐྱེས་བུ་དམ་པ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ལ། ཚུལ་ཁྲིམས་ཡང་དག་

(༡༠༡༣)པར་བླངས་ཏེ་གནས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་དོན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བསོད་ནམས་བསགས་པའི་རྒྱུ་ལས་འབྱུང་པར་ཤེས་ནས་གདུལ་བྱ་ཐམས་ཅད་ཀྱང་བསོད་ནམས་བསགས་པ་ལ་ཞུགས་ཏེ། བསོད་ནམས་ཀྱི་སྟོབས་ཀྱིས་ཚེ་འདིའི་བདེ་འབྲས་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་གྱི་བདེ་འབྲས་ཐམས་ཅད་འཐོབ་པའོ། །བསྡུས་པའི་དོན་ནི། གཟུགས་བྱད་དང་། བརྩོན་འགྲུས་དང་། བཟོའི་རིགས་བྱེད་ལ་མཁས་པ་དང་། འཇིག་རྟེན་པའི་ཤེས་རབ་རྣམས་ལས་བསོད་ནམས་མཆོག་ཡིན་པར་རྒྱལ་པོ་བསོད་ནམས་སྟོབས་ཀྱི་ལོ་རྒྱུས་དཔེར་བྱས་ནས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། མདོ་འདི་ཉིད་ལས་ཤེས་རབ་ལས་བསོད་ནམས་མཆོག་ཡིན་ཞེས་འབྱུང་པའི་ཕྱིར། ཤེས་རབ་གང་དང་གང་ལས་བསོད་ནམས་མཆོག་གོ་ཞེས་པ་མི་རིགས་ཏེ། མདོ་འདིར་ཤེས་རབ་ལས་བསོད་ནམས་མཆོག་ཏུ་བསྟན་པ་ནི། འཇིག་རྟེན་པའི་ཤེས་རབ་ཀྱི་དབང་དུ་བྱས་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པའི་ཤེས་རབ་ཀྱིས་ནི། བསོད་ནམས་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་བསོད་ནམས་དང་ཤེས་རབ་ནི་གཉིས་ཁ་ཟུང་དུ་འཇུག་དགོས་པ་ཡིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང་། དམ་པ་གཉིས་ནི་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་

(༡༠༡༤)ལ་ཕྱག་འཚལ་ལོ། །རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ་ཞེས་བྱ་བ་གསུངས་པའི་གནས་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས་ཏེ། ཞུ་བ་པོས་ཇི་ལྟར་ཞུས་པ་ནི། གང་གི་ཚེ་ཚེ་དང་ལྡན་པ་དགེ་སློང་ཤཱ་རིའི་བུ་དང་། མཽ་གལ་གྱི་བུ་གཉིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་དགེ་སློང་ཤཱ་རིའི་བུ་དང་། མཽ་གལ་གྱི་བུ་གཉིས་གཙོ་བོ་དེ་མྱ་ངན་ལས་འདས་པ་འདི་མ་བཟོད་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པའི་ཐོག་མར་ཡོངས་སུ་མྱ་ངན་ལས་འདས་པ་ནི་ངོ་མཚར་ཆེ་བོ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་དགེ་སློང་ཤཱ་རིའི་བུ་དང་། མཽ་གལ་གྱི་བུ་གཉིས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་རྣམ་པར་གྲོལ་བ་ན་གཙོ་བོ་མྱ་ངན་ལས་འདས་པ་འདི་མ་བཟོད་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པའི་ཐོག་མར་མྱ་ངན་ལས་འདས་པ་ངོ་མཚར་ཅི་ཞིག་ཆེ། གང་འདས་པའི་དུས་ན་དགེ་སློང་ཤཱ་རིའི་བུ་དང་། མཽ་གལ་གྱི་བུ་འདོད་ཆགས་དང་བཅས་པ་ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་

(༡༠༡༥)བདེ་བ་དང་། འཁྲུག་པ་དང་བཅས་པ་ན་ཡང་ང་ལ་གཅིག་ཏུ་སེམས་མངོན་པར་དད་པས་གཙོ་བོ་འཆི་བ་མཐོང་བར་མི་བཟོད་ནས་དུས་བྱས་ཏེ། འདོད་པའི་ཁམས་ཐམས་ཅད་ལས་ཡང་དག་པར་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དེ་ཉོན་ཅིག་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རྒྱལ་པོ་ཟླ་འོད་བློན་པོ་དང་བཅས་པའི་རྣམ་ཐར་རྟོགས་ནས་རྗེས་སུ་བསླབས་པས་བྱང་ཆུབ་གསུམ་ཅི་རིགས་པ་འཐོབ་པའོ། །བསྡུས་པའི་དོན་ནི། སྟོན་པ་རྒྱལ་པོ་ཟླ་འོད་དུ་འཁྲུངས་པའི་ཚེ་ན། སྐུ་སྦྱིན་པར་བཏང་བའི་ཚུལ་དང་། དེའི་དུས་ན་ཤཱ་རིའི་བུ་དང་མཽ་གལ་གྱི་བུ་གཉིས་གོ་རིམས་བཞིན་དུ། བློན་པོའི་མཆོག་ཟླ་བ་ཆེན་པོ་དང་། ས་འཛིན་གཉིས་སུ་གྱུར་པའི་ཚེ། རྒྱལ་པོ་འགྲོངས་པ་མ་བཟོད་ནས་སྔོན་ལ་འདས་པ་དང་། ད་ལྟར་གྱི་སྟོན་པ་མྱ་ངན་ལས་འདའ་བ་མ་བཟོད་ནས། ཤཱ་རིའི་བུ་དང་མཽ་གལ་གྱི་བུ་གཉིས་སྔོན་དུ་མྱ་ངན་ལས་འདས་པ་རྒྱུ་འཐུན་པའི་འབྲས་བུ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། རྒྱལ་པོ་ཟླ་འོད་ཇི་བཞིན་དུ། ཐེག་ཆེན་སྤྱོད་པ་རབ་སྦྱངས་ཏེ། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་བཀའ་དང་པོར་གཏོགས་པ་འདིའི་གླེང་གཞི་ནི། མཉན་དུ་ཡོད་པ་ན་བཞུགས་ཏེ་ཞེས་པས་སོ། །སྟོན་པས་འཁོར་རྣམས་ལ་བཀའ་ཡས་སྩལ་གྱིས་ཆོས་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་

(༡༠༡༦)གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་ཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་སུ་ཟིན་ན་ནི་དེ་ལྟར་ན་ཁམ་གྱི་ཐ་མ་དང་། ཁམ་གྱི་འཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་པོ་སྙེད་ནས། དེ་ལ་མ་བྱིན་ནམ་བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་མུན་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ། སེམས་ཅན་རྣམས་ཀྱིས་སྦྱིན་པའི་འབྲས་བུ་ཡང་མི་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་ཤེས་པས་ནི་དེའི་ཕྱིར་དེ་དག་ནི་ཀུན་དུ་འཛིན་པའི་སེམས་ཀྱིས་མ་སྦྱིན་པ་འམ། བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་དུ་དཀྲིས་ཤིང་འདུག་གོ །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། འཁོར་རྣམས་ཀྱིས་སྦྱིན་པའི་འབྲས་བུ་དང་། སྦྱིན་པའི་བགོ་བཤའི་འབྲས་བུ་རྟོགས་ནས་རྒྱལ་པོ་དཔལ་གྱི་སྡེ་ལྟར་སྦྱིན་པ་ལ་དཔའ་བར་བྱས་ཏེ་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རྒྱལ་པོ་དཔལ་གྱི་སྡེས་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་སློང་བ་ཐམས་ཅད་ཚིམ་པར་བྱས་ཤིང་། ཁྱད་པར་དུ་བཙུན་མོ་དམ་པ་བྲམ་ཟེ་ལ་སྦྱིན་པ་དང་། བརྒྱ་བྱིན་བྲམ་ཟེའི་རྐེད་པར་ཆད་པར་སྤྲུལ་པ་ལས། རྐེད་པར་ཆད་ནས་སྐུ་སྨད་

(༡༠༡༧)སྦྱིན་པར་བཏང་བ་དཔེར་བྱས་ནས། དགེ་སློང་དག་དེའི་ཕྱིར་འདི་ལྟར་བསླབ་པར་བྱའོ། །གང་སྦྱིན་པ་རྣམས་བཏང་བ་དང་། བསོད་ནམས་དག་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ་ཞེས་གདམས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། རྒྱལ་པོ་དཔལ་གྱི་སྡེ་བཞིན་དུ། སྦྱིན་པ་ཆེ་ལ་ལེགས་བསླབས་ཏེ། འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ་བཀའ་དང་པོར་བྱས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་ཏོ། །འཁོར་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་སོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ལ་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། མུ་སྟེགས་ཅན་སྣ་ཚོགས་དང་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས་བླ་མར་བྱས། རི་མོར་བྱས་ཤིང་མཆོད་དོ། །ཞེས་པ་ནས་ཐོག་མར་དགེ་བ་དང་། བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། རྣམ་པར་བྱང་པ་ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་འཁོར་

(༡༠༡༨)རྣམས་ལ་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་དང་། སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར། སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ཤེས་པར་གྱིས་ཤོག །གང་འདི་ཁམ་ཕྱི་མའི་ཁམ་ཕྱི་མ་གཅིག་པོ་དེ་ཡང་གཞན་དག་ལ་མ་བྱིན་མ་བགོས་པར་བདག་གིས་མི་བཟའ་བར་གྱིས་ཤིག །སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ་མ་འདུག་ཅིག །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རྒྱལ་པོ་གསེར་མདོག་གི་རྣམ་ཐུར་གླེང་གཞིར་བྱས་ཏེ། ཟས་ཀྱི་ལྷག་མ་ཁམ་གཅིག་ཙམ་ལས་མེད་ཀྱང་དེ་ཉིད་ལ་ཡང་སེར་སྣ་སྤངས་ཏེ་སྦྱིན་པར་གཏོང་པ་ལ་བསླབས་པས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། འཛམ་བུ་གླིང་དུ་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མ་བབ་པས། མུ་གེ་ཉམས་ང་བ་བྱུང་བའི་ཚེ། རྒྱལ་པོ་གསེར་མདོག་གིས་འཛམ་བུ་གླིང་གི་སྐྱེ་བོ་རྣམས་ལོ་བཅུ་གཅིག་གི་བར་བསྐྱངས་ཤིང་། ལོ་ཐ་མ་ལ་འབྲས་བྲེ་གང་ལས་མ་ལུས་པ་རང་སངས་རྒྱས་ཀྱི་བསོད་སྙོམས་ལ་ཕུལ་ཏེ། དགོས་འདོད་ཀྱི་ཆར་བབ་ནས་འཛམ་བུ་གླིང་པའི་དབུལ་བ་བསལ་བ་བཞིན་དུ། ཤིན་དུ་དབུལ་བ་ན་ཡང་སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ་འདུག་པར་མི་བྱ་བར་སྦྱིན་པ་ལ་བསླབ་པར་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། ཤིན་ཏུ་དབུལ་བར་གྱུར་ན་ཡང། སྦྱིན་པའི་བསམ་པ་མི་སྤོང་ཞིང་། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག།

(༡༠༡༩)༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་རྒྱལ་པོ་དོན་གྲུབ་ཀྱི་མདོ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཏུ་ཡོད་པ་ན། མཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་སོ། །འཁོར་ནི། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ། གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་སོ། །སྟོན་པ་ནི། དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་ནས། ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ལྔ་དང་ལྡན་པ་སྐྱེ་བ་དང་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། གོས་ཚགས་བཅོས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་སངས་རྒྱས་ཀྱི་ཞབས་འབྲིང་ལོ་ཉི་ཤུ་བགྱིས་ཀྱི་བར་དུ་དེ་འདྲ་བར་བཞད་པ་མ་མཐོངས་ནས། བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྔོན་འདས་པ་འམ་མ་བྱོན་པ་འམ། ད་ལྟར་བཞུགས་པའི་སངས་རྒྱས་ལ་previous hit དགོངས་སམ་དེ་མ་ལགས་ next hit་ཅི་ལ་previous hit དགོངས next hit་དོན་བསྟན་དུ་གསོལ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་འདས་པ་འམ་མ་འོངས་པ་འམ་ད་ལྟར་བཞུགས་པ་ལ་previous hit དགོངས next hit་མ་ཡིན་གྱི། མངོན་པར་དྲན་པ་སྔོན་བསྐལ་པ་གྲངས་མེད་པར་འདས་པའི་ཕ་རོལ་ན་སྦྱིན་པ་སྦྱིན་པའི་དངོས་པོ་ལ་previous hit དགོངས་ཏེ། ཞེས་ next hit་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། བུ་དང་ཆུང་མ་དང་། རྒྱལ་སྲིད་ལ་སོགས་པ་སེམས་ཡེ་ཡེ་པོར་གྱུར་ན། དེས་ན་ཁྱེད་ཀྱི་བར་དུ་གཅོད་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །དགེ་སློང་དག་དེ་ཅིའི་ཕྱིར་

(༡༠༢༠)ཞེ་ན། དགེ་སློང་དེ་རེ་ཤིག་དགའ་བར་གྱུར་པ་དང་། ཡིད་བདེ་བར་གྱུར་པ་དང་། སེམས་ཡེ་ཡེ་པོར་གྱུར་པས་གཞན་བརྗོད་པའི་དོན་གྱིས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པ་འམ། མཐོང་པར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དེའི་ཕྱིར་ང་ལ་སྙན་པ་བརྗོད་པ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན། ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླངས་པར་བྱ་ལ། ཡང་དག་པ་མ་ཡིན་པ་ལ་ནི་ཡང་དག་པ་མ་ཡིན་པ་ཉིད་དུ་སྟེ། འདི་ལྟར་དེ་ནི་ཡང་དག་པ་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་པས་ངེད་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །ཞེས་པ་ནས་བརྩམས་ཏེ་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་སྨད་པ་བྱས་པ་ལ་མི་ཁྲོ་ཞིང་། བསྟོད་པ་ལ་རྗེས་སུ་ཆགས་པ་མེད་པར་བྱས་ཏེ། གཉིས་ག་ལ་དོན་དང་མཐུན་མི་འཐུན་བརྟགས་ཏེ་ཁས་ལེན་པ་དང་། མི་ལེན་པའི་བྱེ་བྲག་ཕྱེད་པར་བྱས་པས། སྨད་དང་བསྟོད་པ་ལམ་གྱི་བར་ཆད་དུ་མི་འགྱུར་ཞིང་། བྱང་ཆུབ་ཐོབ་པའི་རྟེན་འབྲེལ་དུ་འགྱུར་པའོ། །བསྡུས་པའི་དོན་ནི། གཞན་གྱི་སྤྱོད་པ་དང་ལྟ་བའི་སྒོ་ནས་སྨོད་པ་དང་བསྟོད་པ་འབྱུང་བར་སྟོན་པའི་སྡོམ་ནི། རྟག་དང་གཅིག་བུ་རྒྱུ་མེད་དང་། མཐའ་ལྡན་དེ་བཞིན་ལྷ་མི་སྤོང་། འདུ་ཤེས་འདུ་ཤེས་མེད་ཅན་དང་། ཆད་དང་མྱ་ངན་འདས་པ་དང་། དམྱུགས་དང་ཀུན་ནས་རྨོངས་པ་དང་། བརྟེན་དང་རེག་པ་དགེ་སློང་དང་། རྒྱུ་དང་དོན་ཆོས་དྲ་བ་སྟེ། ཐ་མ་ཚངས་པའི་དྲ་བའོ། །ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པས་འགྲོ་བ་རྣམས། བསྟོད་སྨད་དགའ་གདུང་ཕྱེད་པ་དང་། ལུང་མ་བསྟན་པའི་ལྟ་བ་རྣམས།

(༡༠༢༡)སྤངས་ཏེ་བྱང་ཆུབ་ཐོབ་པར་ཤོག། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསོབ་པའི་མདོ་སྔ་རབས་པས་བཀའ་དང་པོར་བྱས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏོ། །ཐེག་པ་ཐུན་མོང་བའི་འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་ཉི་ཁྲི་བརྒྱད་སྟོང་ཐམས་ཅད་ཀྱང་བྱ་བ་བྱས་པ་ཞེས་པ་ནས། སྒྲ་ཅན་ཟིན་ལ་སོགས་པ་ཅང་ཤེས་པ་དག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པས་བསྟན་ཏོ། །ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་བརྒྱད་སྟོང་དག་དང་ཐབས་གཅིག་ཏེ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་འཁོར་མང་པོ་ཡང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། དེ་མ་ཡིན་པ་གཞན་ཡང་འདོད་པའི་ཁམས་ཀྱི་ལྷའི་བུ་ཚད་མེད་པ་བརྒྱ་སྟོང་དག་ཀྱང་ལྷགས་ནས་ལྷ་རྫས་ཀྱི་མེ་ཏོག་དང་སྤོས་རྣམས་ཐོགས་ཤིང་ཞེས་པ་ནས། ལ་སོགས་པ་སོ་སོ་ནས་འཁོར་བརྒྱ་སྟོང་སྙེད་ལྷགས་ནས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ནི། དེའི་ཚེ་ན། བཅོམ་ལྡན་འདས་ལ་འཁོར་མང་པོས་ཡོངས་སུ་བསྐོར་ཏེ་རིམ་གྲོ་དང་མཆོད་པ་བྱས། བཀུར་བསྟི་དང་བཅས་པས་ཡོངས་སུ་བསྟོད་པ་བྱས་སོ། །ཞེས་པས་བསྟན་ཏོ། །བྱིན་གྱིས་བརླབས་པའི་ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས་ཀུན་

(༡༠༢༢)དགའ་བོ་སྔ་དྲོའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་དུ་ཞུགས་ནས་མཐར་གྱིས་བསོད་སྙོམས་བླངས་སོ། །དེའི་དུས་ན་བྲམ་ཟེ་ཕ་མ་ལ་སྲི་ཞུ་ཆེར་བྱེད་པ། ཁྱིམ་སོ་ཞིག་ནས་ཅི་ཡང་མི་བདོག་པ་གཅིག་ཀྱང་མ་རྒན་ཁུར་དུ་ཁྱེར་ཏེ། མཐར་གྱིས་སློངས་མོ་བྱེད་དེ། དེ་ཡང་ཁ་ཟས་ཞིམ་པོ་རོ་བརྒྱ་དང་ལྡན་པའམ། ཤིང་ཐོག་བཟང་ཆགས་པ་མེད་པར་བྱས་པས་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། རྒྱལ་བུ་དོན་གྲུབ་ཀྱིས་གླང་པོ་ཆེ་དང་། རྒྱལ་བུ་དང་བཙུན་མོ་ལ་སོགས་པ་སྦྱིན་པར་བཤད་ཅིང་འགྱོད་པ་མེད་པར་བྱས་ལ་གླེང་གཞིར་བྱས་ཏེ་གདུལ་བྱ་རྣམས་སྦྱིན་པ་གཏོང་བར་གདམས་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དགེ་བས་འགྲོ་བ་ཐམས་ཅད་ཀྱང་། རྒྱལ་བུ་དོན་གྲུབ་ཇི་བཞིན་དུ། ཆགས་མེད་སྦྱིན་ལ་དགའ་བ་ཡིས། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཚངས་པའི་དྲ་བ་ཞེས་བྱ་བའི་མདོ། འདི་གསུངས་པའི་གནས་དང་འཁོར་ནི། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། དགེ་བསྙེན་སྟོང་དང་། སློངས་མོ་པ་ལྔ་བརྒྱ་རྣམས་དང་ཐབས་གཅིག་ཏུ་ཡུལ་མ་ག་དྷའི་ལྗོངས་རྒྱུ་ཞིང་གཤེགས་གཤེགས་པ་ལས། མཚན་མོའི་རྒྱལ་པོའི་ཁབ་དང་། སྐྱ་ནར་ཅན་གྱི་གྲོང་གི་བར་དེ་ན་འོད་མའི་ལྕུག་ཕྲན་རྒྱལ་པོའི་གན་དུ་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ཏོ། །དེའི་ཚེ་ཞུ་བ་པོ་རྣམས་ཀྱིས་གླེང་གླེང་པ་བྱུང་པའི་ཚུལ་ནི། དེའི་ཚེ་ཀུན་དུ་རྒྱུ་རབ་དགའ་རྣམ་གྲངས་དུ་མའི་སྒོ་ནས་སངས་རྒྱས་ལ་མི་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པ་བརྗོད་པ་དང་། ཀུན་ཏུ་རྒྱུ་རབ་དགའི་སློབ་མ། བྲམ་ཟེའི་བུ་ཚངས་

(༡༠༢༣)སྦྱིན་ཞེས་བྱ་བ་ནི་རྣམ་གྲངས་དུ་མའི་སྒོ་ནས་སངས་རྒྱས་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་བཞིན་ནོ། །དེ་ལྟར་སློབ་དཔོན་དང་སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་། མོས་པ་དང་། བྱེ་བྲག་ཕྱེད་པ་དང་། བཟོད་པ་དག་གིས་མི་མཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་ཞབས་འབྲིང་དུ་དོང་ངོ་། །ཞེས་པ་ནས། དེ་ལྟ་ན་སློབ་དཔོན་དང་སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་མོས་པ་དང་བྱེ་བྲག་ཕྱེད་པ་དང་བཟོད་པ་དེ་དག་གིས་མི་མཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སླད་བཞིན་ཞབས་འབྲིང་དུ་མཆིས་པ་འདི་ནི་ངོ་མཚར་རབ་ཏུ་ཆེའོ་ཞེས་སྐབས་ཀྱི་གཏམ་དེ་ལྟ་བུ་དག་གླེང་བླངས་པ་ལགས་ལ། བཙུན་པ་བདག་ཅག་དགེ་སློང་མང་པོ་རྣམས་རྒྱལ་པོའི་གནས་འདུས་ཤིང་མཆིས་པའི་སྐབས་ཀྱི་གཏམ་དུས་ལ་བབ་པ་ནི་དེ་ལགས་ཏེ། གཏམ་དེས་ད་ལྟར་བདག་ཅག་འདུས་ཤིང་མཆིས་པ་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། དགེ་སློང་དག་ལ་མི་སྙན་པ་བརྗོད་པ་དང་། ཆོས་དང་། དགེ་འདུན་ལ་མི་སྙན་པ་བརྗོད་པ་དེ་ལ་གནོད་སེམས་མི་བྱའོ། །མི་བཟོད་པ་མི་བྱའོ། །ངན་སེམས་མི་བྱའོ། །སེམས་མངོན་པར་མི་དགའ་བ་མི་བྱའོ། །དགེ་སློང་དག་ང་ལ་མི་སྙན་པ་བརྗོད་པ་དང་། ཆོས་དང་དགེ་འདུན་ལ་མི་སྙན་པ་བརྗོད་པ་དེ་ལ། ཚེ་དང་ལྡན་པ་དག་གིས་གནོད་སེམས་དང་མི་བཟོད་པ་དང་ངན་སེམས་དང་སེམས་མངོན་པར་མི་དགའ་བར་བྱས་ནས། དེས་ན་ཁྱོད་ཀྱི་བར་དུ་གཅོད་

(༡༠༢༤)པ་ཁོ་ནར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་རེ་ཤིག་ཁྲོས་འཁྲུགས་ལ་རྔམས་ཏེ་ཡིད་མི་དགའ་བར་འགྱུར་བས། བརྗོད་པའི་དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པ་འམ། མཐོང་པར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དེ་ཅིའི་ཕྱིར་ང་ལ་མི་སྙན་པར་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་ན། ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླངས་པར་བྱ་ལ། ཡང་དག་པ་མ་ཡིན་པ་ལ་ནི་ཡང་དག་པ་མ་ཡིན་པ་ཉིད་དུའོ། །འདི་ལྟར་དེ་ནི་ཡང་དག་པར་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་པས་ངེད་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ་ཞེས་པ་དང་། དེ་བཞིན་དུ། དགེ་སློང་དག་ང་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན་དགའ་བར་ཡང་མི་བྱའོ། །ཡིད་བདེ་བར་ཡང་མི་བྱའོ། །སེམས་ཡེ་ཡེ་པོར་ཡང་མི་བྱའོ། །དགེ་སློང་དག །ང་ལ་སྙན་པར་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན། དགའ་བའི་ཡིད་མི་བདེ་བ་འམ། སོ་དག་རྙེད་ན་ཕ་མ་ལ་སྟོབས་སོ། །ཁ་ཟས་ངན་པ་རོ་མེད་པ་འམ། ཤིག་ཐོག་སྐམ་པོ་དག་རྙེད་ན་བདག་ཟའོ། །ཀུན་དགའ་པོས་དེ་ལྟ་བུ་དག་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། མི་དེ་ལ་ལེགས་སོ་ལེགས་སོ་ཞེས་མངོན་པར་བསྟོད་ནས། རིགས་ཀྱི་བུ་ཕ་མ་ལ་སྲི་ཞུ་བྱེད་ཅིང་མཆོད་པ་བྱེད་པ་ངོ་མཚར་ཆེ་ན་ལེགས་སོ་ཞེས་སྨྲས་སོ། །ཞེས་པ་ནས། བསོད་སྙོམས་བླངས་ཏེ་ཕྱིར་སངས་རྒྱས་གང་ན་ཕར་འོངས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་བསྟན་པའི་ཆོས་ལ་ཕ་མ་ལ་སྲི་ཞུ་བགྱི་བ་ལྟ་

(༡༠༢༥)མ་མཆིས་སམ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ཞུ་བ་པོ་ལ་དྲིས་ཤིང་ཞུ་བ་པོས་ལན་གསོལ་པ་ནི། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། འདི་སྐད་དུ་ཞུ་བ་འདི་ཁྱོད་ལ་སུ་ཞིག་གིས་བསྟན། ལྷ་འམ་མི་འམ། མི་མ་ཡིན་པས་བསྟན་ཏམ། འོན་ཏེ་ཁྱོད་ཉིད་ཀྱི་ཤེས་པའི་བློས་དེ་བཞིན་གཤེགས་པ་ལ་ཞུ་བར་གྱུར་ཅེས་བཀའ་སྩལ་པ་དང་། ཀུན་དགའ་བོས་གསོལ་པ། བདག་ལ་ལྷ་འམ། ཀླུ་འམ། ཡི་དགས་སམ། མི་འམ་མི་མ་ལགས་པ་གང་གིས་ཀྱང་བསྟན་པ་མ་ཡིན་ཏེ། སྔ་དྲོ་བསོད་སྙོམས་སློང་མཆིས་པའི་ལམ་དུ་སྟོན་པ་དྲུག་གི་འཁོར་ཀུན་དུ་རྒྱུ་གཅེར་བུ་བ་གཅིག་དང་ཕྲད་པ་དང་། བདག་ལ་ཚིག་བརྩུབ་མོ་དག་མཆིའོ་ཞེས་རྒྱས་པར་གསོལ་ཏོ། །སྟོན་པས་འཁོར་གསར་དུ་བསྡུས་པ་ནི། དེའི་ཚེ་འཛུམ་པ་མཛད་ནས་ཞལ་གྱི་སྒོ་ནས་ཁ་དོག་རྣམ་པ་དུ་མ་དང་ལྡན་པའི་འོད་བྱུང་པས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་བྱེ་བ་བརྒྱ་སྟོང་འདས་པའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་བླ་མ་མཆོག་ཅེས་བྱ་བ་སྣང་བར་བྱས་སོ། །ཞེས་པ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་ཕྱིར་འདུས་པར་མཛད་དེ། འོད་ཟེར་དེ་དག་གིས་སྐུ་ལ་ལན་བདུན་བསྐོར་ནས་དབུའི་སྤྱི་གཙུག་ཏུ་ནུབ་པར་གྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་གྱུར་པ་ཀུན་དགའ་བོས་མཐོང་ནས་འཁོར་མང་པོ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེས་པར་སེམས་ཀྱིས་རབ་ཏུ་ཤེས་པས་དེ་བཞིན་གཤེགས་པའི་མཛད་པ་ཐབས་མཁས་པ་མངོན་པར་བསྟན་པ་དང་། ཞེས་པ་ནས། བཙུན་པ་བཅོམ་ལྡན་འདས་བདག་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་འབྲིང་ན་མཆིས་ནས་འཛུམ་

(༡༠༢༦)པ་མཛད་པ་མ་མཐོང་སྟེ་འདི་ལ་ངེས་པར་དོགས་པ་ནི་མངའ་ན་འཁོར་མང་པོའི་ཐེ་ཚོམ་གྱི་དྲ་བ་བཅད་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། སངས་རྒྱས་ཀྱི་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་སྟོན་པར་ཞལ་གྱིས་བཞེས་པ་ནི། དེའི་ཚེ་དེའི་དུས་ན་འཁོར་མང་པོ་འདུས་པ་དེར་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་པད་མའི་སྡོང་པོ་དངུལ་ལས་བྱས་པ། འདབ་མ་ནི་གསེར་ལས་བྱས། གཞི་ནི་རིན་པོ་ཆེ་ཤེལ་ལས་བྱས། མུ་ཏིག་གི་དྲ་བས་ཀུན་དུ་བརྒྱན་པ་གཅིག་དེ་ཉིད་ནས་བྱུང་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་ལས་བཞེངས་ནས་པད་མོ་དེ་ལ་དཀྱིལ་མོ་དཀྲུང་བཅས་ནས་བཞུགས་སོ་ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་སྟེ། ཤིན་དུ་དཔག་པར་དཀའ་བ། ཤིན་དུ་ཤེས་ཤིང་རྟོགས་པར་དཀའ་ན། ཇི་ལྟར་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་སྤྱད་དཀའ་བ། ཤིན་དུ་ཟབ་མོ་དྲི་བ་ལ་སྤོབས་པར་གྱུར། ཁྱོད་ཀྱིས་ཞུས་པ་འདི་ནི་ཡང་དག་པར་སེམས་ཅན་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བ་ཡིན་ནོ། །ངན་འགྲོ་གསུམ་གྱི་ལམ་བཀག་ནས་ལྷ་དང་མིའི་ལམ་གཏོད་པ་ཡིན་ནོ། །ཀུན་དགའ་བོ་ངས་ད་ཁྱོད་ལ་ཕ་མ་ལ་སྲི་ཞུ་བྱས་པའི་སྤྱད་དཀའ་བ་མདོ་ཙམ་ཞིག་བསྟན་པར་བྱས་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཤིག་དང་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་ཆོས་བསྟན་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཕ་མ་དང་། མཁན་པོ་དང་།

(༡༠༢༧)སློབ་དཔོན་དང་། སྟོན་པ་སོགས་དཀོན་མཆོག་གསུམ་གྱི་དྲན་དྲན་པའི་སྒོ་ནས་སྲིད་ཞུ་དང་བཀུར་བསྟི་ཆེར་བྱས་ནས། གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའོ། །སྲི་ཞུ་དང་བཀུར་བསྟི་འདིའི་གོ་ནས་དྲིན་ལན་བསབ་པའི་མཆོག་ཀྱང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པ་ཉིད་ཡིན་པར་བསྟན་ཏོ། །བསྡུས་པའི་དོན་ནི། ལེའུ་དགུ་ལས། གླེང་གཞིའི་ལེའུ་སྟེ་དང་པོ་དང་། སྲི་ཞུའི་ལེའུ་སྟེ་གཉིས་པ་དང་། གཉེན་པོའི་ལེའུ་སྟེ་གསུམ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེའུ་སྟེ་བཞི་པ་དང་། བསྟན་བཅོས་ཀྱི་ལེའུ་སྟེ་ལྔ་པ་དང་། ངན་དོན་གྱི་ལེའུ་སྟེ་ཞེས་བྱ་སྟེ་དྲུག་པ་དང་། སྙིང་རྗེའི་ལེའུ་ཞེས་བྱ་སྟེ་བདུན་པ་དང་། ལེའུ་བརྒྱད་པ་འདི་མ་འགགས་པ་དང་ཉེ་བ་འཁོར་གང་ཡིན་སྤྱད་པར་བྱའོ། །ཉེ་བ་འཁོར་གྱི་ལེའུ་ཞེས་བྱ་སྟེ་བརྒྱད་པ་དང་། ཉེ་བར་བརྟེན་པའི་ལེའུ་ཞེས་བྱ་སྟེ་དགུ་པ་དང་རྣམས་ཀྱིས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། མདོ་གཞན་ཉན་ཐོས་སྤྱོད་པའི་དབུ་མར་བཀྲལ་བ་ཡང་དེ་བཞིན་ནོ། །རིགས་ཤེས་དང་མཉམ་བཞག་ནི་སྣང་སྟོང་ཟུང་འཇུག་གོ །ཐེག་པ་ནི་གནས་སྐབས་གསུམ་དང་མཐར་ཐུག་གཅིག་གོ །རྒལ་ལན་ནི། ཉན་ཐོས་སྤྱོད་པའི་དབུ་མའི་ལུགས་ལ་ཐེག་པ་གསུམ་མོ་ཞེས་ཀྱང་ཟེར། མཐར་ཐུག་ཐེག་པ་གཅིག་ཡིན་ཟེར་བ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ཐག་ཐོས་སྤྱོད་པའི་དབུ་མ་ལ་ཐེག་པ་གསུམ་དུ་བསྟན་པ་ནི་མང་ལ། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་ནི་རེས་འགའ་འབྱུང་བ་ཡིན་ཏེ། དཔེར་ན་འདུལ་བ་གཞུང་དམ་པ་དང་། མདོ་འདི་ཉིད་ཉན་ཐོས་སྤྱོད་པའི་དབུ་མ་སྟོན་ཅིང་། མཐར་

(༡༠༢༨) ཐུག་ཐེག་པ་གཅིག་ཏུ་བསྟན་པ་ཡིན་ནོ། །མཐར་ཐུག་ཐེག་པ་གཅིག་ཡིན་པར་མདོ་འདིའི་གླེང་གཞིའི་ལེའུ་ལས། དེ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་པ་བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བ་འཁོར་མང་པོས་ཡོངས་སུ་བསྐོར་ནས་འཁོར་མང་པོ་ཐམས་ཅད་ལ་ཐབས་མཁས་པ་ཆེན་པོ་དྲིན་ལན་བསབ་པའི་མདོ་སྡེ་སྟོན་ཞིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་གྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཟུག་རྔུ་བཅད་ནས་འདོན་པའི་ཕྱིར་སེམས་ཐོག་མ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བསྟན་པར་བྱ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མཐར་ཕྱིན་པའི་ཐེག་པ་ཁ་གཅིག་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་ཅིང་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དྲིན་ལྕི་བ་དྲན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། སོ་སོའི་སྐྱེ་བོ་དག་ཕ་མ་ལ་སྲི་ཞུ་བྱ་བར་འདོད་པའི་ཕྱིར་འོད་འདི་སྣང་བར་གྱུར་པ་ཡིན་ནོ་ཞེས་སོགས་གསུངས་པས་སོ། །ཉན་ཐོས་སྤྱོད་པ་ཡིན་པར་ཡང་། མདོ་འདིའི་མ་འགགས་པའི་ལེའུ་ཞེས་པའི་བརྒྱད་པ་ལས། སོ་སོ་ཐར་པ་རིགས་བརྒྱད་ཐོབ་ཚུལ་དང་བསྲུང་ཚུལ་དང་། གཏོང་ཚུལ་ཐམས་ཅད་བྱེ་བྲག་སྨྲ་བ་དང་འཐུན་པར་བསྟན་པའི་ཕྱིར་རོ། །ངེས་དོན་དབུ་མ་ཡིན་པ་ཡང་སྟོང་ཉིད་སྟོན་པའི་སྐབས་ནས་མང་དུ་བཤད་པའི་ཕྱིར་རོ། །ཁ་ཅིག་ཐེག་པ་ཆུང་ངུའི་སྡེ་སྣོད་ནས། དབུ་མ་དང་། མཐར་ཐུག་ཐེག་པ་གཅིག་སོགས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་སྟོན་ན་ཉན་ཐོས་བྱེ་བྲག་སྨྲ་བ་རྣམས་ཀྱི་ངོར།

(༡༠༢༩)ཐེག་ཆེན་བཀའ་སྒྲུབ་དགོས་པ་དང་འགལ་སྙམ་ན་མ་ཡིན་ཏེ། ཐེག་ཆེན་བཀའ་སྒྲུབ་དགོས་པ་ནི། བཀའ་བར་པ་དང་བཀའ་ཐ་མར་གཏོགས་པ་ཐེག་པ་ཆེན་པོའི་སྡེ་སྣོད་དུ་གྲགས་པའི་མདོ་རྣམས་བཀའ་བསྒྲུབ་པ་ཡིན་གྱི། བཀའ་དང་པོ་དང་ཐེག་པ་ཆུང་ངུའི་སྡེ་སྣོད་དུ་གྲགས་པ་རྣམས་སུ་ཐེག་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་མི་སྟོན་ནས་ཐེག་ཆེན་བཀར་བསྒྲུབ་དགོས་པ་ནི་མ་ཡིན་ནོ། །འགའ་ཞིག་ཐེག་པ་ཆུང་ངུའི་སྡེ་སྣོད་ནས་ཐེག་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་དོན་སྟོན་མོད་ཀྱི། ཐེག་པ་ཆེན་པོ་ཞེས་བྱ་བའི་མིང་མི་སྟོན་པས། ཐེག་པ་ཆེན་པོའི་མིང་ཙམ་བཀར་བསྒྲུབ་པ་ཡིན་ཟེར་བ་ནི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་previous hit དགོངས next hit་དང་ཐེག་ཆེན་བཀའ་སྒྲུབ་དགོས་ལུགས་ཀྱི་ཚུལ་མ་ཡིན་ནོ། །དེ་ནས་ཐེག་པ་ཆུང་ངུའི་སྡེ་སྣོད་ནས་ཀྱང་། ཐེག་པ་གསུམ་སྟོན་པ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ནས་ཀྱང་ཐེག་པ་གསུམ་སྟོན་མོད་ནའང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཁྱད་མེད་པ་ཡང་མ་ཡིན་ཏེ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀྱི་བར་ཁྱད་བཅུ་གསུངས་པ་འདི་ལྟ་སྟེ། ཤེས་བྱའི་གནས་དང་མཚན་ཉིད་དེ་འཇུག་དང་། དེ་ཡི་བསྒོམ་པ་དེ་རབ་དབྱེ་བ་དང་། བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། ཞེས་གསུངས་པ་ལྟར། ཐེག་དམན་གྱི་སྡེ་སྣོད་ལས་ཐེག་ཆེན་གྱི་སྡེ་སྣོད་རྣམས་ཁྱད་ཆོས་བཅུ་པོ་དེའི་རྒྱས་པར་སྟོན་པས་ཁྱད་པར་འཕགས་པར་བསྟན་པ་ཡིན་ནོ། །ཐེག་པ་ཆུང་ངུའི་སྡེ་སྣོད་ནས་ངེས་དོན་དབུ་མ་བསྟན་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་བཅོམ་ལྡན་དངོས་དང་དངོས་མེད་པ། མཁྱེན་པས་ཀ་ཏ་ཡ་

(༡༠༣༠)ན་ཡི། གདམ་ངག་ལས་ནི་ཡོད་པ་དང་། མེད་པ་གཉིས་ཀ་དགག་པ་མཛད། ཞེས་པས་བསྟན་པ་ཡིན་ནོ། །དིང་སང་གི་བཀའ་དང་པོ་དང་ཐེག་པ་ཆུང་ངུའི་སྡེ་སྣོད་ཀྱི་previous hit དགོངས next hit་འགྲེལ་པ་རྣམས་ཀྱིས་མདོའི་previous hit དགོངས next hit་མ་ལོན་པར་སྣང་ངོ་། །ཐེག་པ་ཆེ་ཆུང་སྡེ་སྣོད་ཀྱི། previous hit དགོངས next hit་ཇི་བཞིན་བཀྲལ་བ་ཡིས། རྒྱལ་བའི་སྐུ་དྲིན་བསོབས་པ་དང་། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། ༈ །།འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་པས་སོ། །སྟོན་པ་དང་འཁོར་ནི། དེའི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་། ལྷ་དང་མིའི་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་སེམས་བརྩེ་གཅིག་ཏུ་ཆོས་ཉན་པ་དག་ལ་ཆོས་སྟོན་པ་མཛད་དོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། སེམས་ཅན་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་ན་རྣམ་པ་གཅིག་ཏུ་མིར་སྐྱེས་པ་མཚུངས་པ་ལ། ཁ་ཅིག་ནི་སྦུག་ཅིང་ཁ་ཅིག་ནི་བྱད་བཞིན་མི་སྡུག་པ་དང་ཞེས་པ་ནས། ཁ་ཅིག་ནི་དུད་འགྲོའི་དབྱིབས་ཐ་དད་པ་སྣ་ཚོགས་བགྱིས་པ་དག་གདའ་ན། བཅོམ་ལྡན་འདས་དེ་དག་གི་འབྲས་བུ་གང་ལགས་པ་རྒྱ་ཆེར་བཀས་བཤད་དུ་གསོལ། འཁོར་མང་པོ་རྣམས་ཀྱིས་ཐོས་ཤིང་རྟོགས་པར་འགྱུར་ལ་སེམས་བརྩེ་གཅིག་ཏུ་དགེ་བ་ལ་གཞོལ་བར་འགྱུར་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་

(༡༠༣༡)པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཇི་ལྟར་དྲིས་པ་དེ་དེ་བཞིན་ཏེ། རྣམ་པར་སྨིན་པ་མྱོང་པར་མི་མཚུངས་པར་གྱུར་པ་དེ་དག་ཐམས་ཅད་ནི་ཚེ་རབས་སྔ་མ་དག་ལས་ཀྱི་སྤྱོད་པ་མི་མཉམ་པའི་དབང་གིས་ན་ཐ་དད་པའི་བྱེ་བྲག་བརྒྱ་སྟོང་མང་པོ་མྱོང་པར་གྱུར་པ་ཡིན་ཏེ། ཚེ་འདི་ལ་བྱད་བཞིན་སྡུག་པ་གང་ཡིན་པ་དེ་ནི་བཟོད་པ་དང་དུ་བླངས་པ་ལས་འོངས་པ་ཡིན་ནོ། །བྱད་བཞིན་མི་སྡུག་པ་གང་ཡིན་པ་དེ་ནི་ཁོང་ཁྲོ་བ་ལས་འོངས་པ་ཡིན་ནོ། །ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་རྟོགས་ནས་བླང་དོར་ཚུལ་བཞིན་དུ་བྱས་པ་ལ་རྟེན་ནས། མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཐོབ་པོ།།། །བསྡུས་པའི་དོན་ནི། ལས་མི་དགེ་བ་སྤྱད་པ་ལ་བརྟེན་ནས། མཐོ་རིས་སུ་སྐྱེས་ཀྱང་འབྲས་བུ་ཡིད་དུ་མི་འོང་པ་འབྱུང་པར་བསྟན་པ་དང་། ལས་དགེ་བ་སྤྱད་ན་མཐོ་རིས་ཀྱི་བདེ་བ་འཐོབ་ཅིང་། འབྲས་བུ་ཡིད་དུ་འོང་པ་འཐོབ་པར་བསྟན་པའོ། །གྲུབ་མཐའ་ཉན་ཐོས་དང་ཐུན་མོང་བ་དང་། ཐེག་པ་གནས་སྐབས་གསུམ་དང་། ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། དགེ་སྡིག་བླང་དོར་ཕྱེད་པ་དང་། ཡང་དག་དོན་ལ་མཁས་གྱུར་ཏེ། འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་མདོ་ཞེས་བྱ་བ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་སྟོན་པ་དང་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་འཛེ་ཏའི་ཚལ་སྐྱབས་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་པས་བསྟན་

(༡༠༣༢)ཏོ། །འཁོར་ནི། བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་། ལྷ་དང་མིའི་འཁོར་མང་པོས་བསྐོར་ནས་ཆོས་སྟོན་ཅིང་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་དགའ་བོས་འགྲོ་བ་མང་པོའི་དོན་གྱི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་གྱི་ཁམས་འདིར་རིགས་འཐུན་པའི་ནང་འདིར་སྐྱེས་པ་ལས། བཟང་པོ་ཡང་མཆིས་མི་སྡུག་པ་ཡང་འཆིས་ཞེས་པ་ནས། ལ་ལ་ནི་བྱོལ་སོང་གི་གཟུགས་དང་མཚུངས། ལ་ལ་ནི་རི་དགས་རྣམ་པ་སྣ་ཚོགས་སུ་འགྱུར་བ་ཡང་མཆིས་ན། བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུ་རྒྱས་པར་བཤད་ན་འཁོར་མང་པོ་ཀུན་གྱིས་ཐོས་ནས་སེམས་རྩེ་གཅིག་ཏུ་དགེ་བའི་རྗེས་སུ་ཕྱོགས་པར་འགྱུར་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་ཇི་ལྟར་རྣམ་པར་སྨིན་པ་མི་འདྲ་བར་འདྲི་བ་དེ་བཞིན་དུ། དེ་དག་ཀུན་ཀྱང་ཚེ་རབས་སྔ་མ་ལ་སྤྱོད་པ་མི་མཐུན་པས། དེའི་ཕྱིར་ན་ཁྱད་པར་སྣ་ཚོགས་སུ་གྱུར་ཏོ། །དེ་ལ་ད་ལྟར་བྱད་བཞིན་བཟང་པོ་ནི། བཟོད་པ་ལས་འོངས་སོ། །མི་སྡུག་པ་ནི་ཞེ་སྡང་དང་ཁོང་ཁྲོ་བ་ལས་འོངས་སོ། །དབུལ་འཕོངས་པ་ནི་སེར་སྣ་ལས་འོངས་སོ། །བཙན་ཞིང་ཆེ་བ་ནི་སངས་རྒྱས་ལ་གུས་པར་ཕྱག་འཚལ་བ་ལས་འོངས་སོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་དགེ་སྡིག་གི་བླ་དོར་ཞིབ་མོ་རྟོགས་ནས་ཉམས་སུ་བླངས་པས་མངོན་མཐོ་དང་ངེས་ལེགས་རྟོགས་པའོ། །བསྡུས་པའི་དོན་ནི། མདོ་འདི་ཉིད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཇི་ལྟར་ངས་མདོ་སྡེ་ཐམས་ཅད་ལས་རྒྱུ་དང་འབྲས་བུར་བཤད་དོ། །སེམས་ཅན་རྣམས་འདོན་ནམ། ཀློག་

(༡༠༣༣)གམ། རྗེས་སུ་སྤྱོད་པ་ན་མི་ཁོམ་པ་དང་། སྡུག་བསྔལ་ལས་གྲོལ་བར་འགྱུར་རོ་ཞེས་གསུངས་སོ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་དང་ཐུན་མོང་ངོ་། །ཐེག་པ་ནི་གནས་སྐབས་གསུམ་མོ། །དགེ་བས་འགྲོ་བ་ཐམས་ཅད་ཀྱིས། དགེ་སྡིག་འབྲས་བུ་ལེགས་རྟོགས་ནས། བླང་དོར་ཚུལ་བཞིན་བྱས་པ་ཡིས། བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། སངས་རྒྱས་ཀྱི་བསྟན་པ་གནས་པ་དང་འཇིག་པའི་ཚུལ་ལུང་བསྟན་པ་ཞེས་པ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་ཁརྡི་རྡག་གི་སྟེང་ན་བཞུགས་ཏེ་ཞེས་པས་སོ། །འཁོར་ནི། དེའི་ཚེ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དང་བཅས་པ་དང་། དགྲ་བཅོམ་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་དང་། བདུད་སྡིག་ཅན་ལ་སོགས་པ་མཐུ་བོ་ཆེ་ཐམས་ཅད་ཚོགས་པ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་ཞེས་པས་བསྟན་ཏོ། །སྟོན་པས་ཆོ་འཕྲུལ་བསྟན་པ་ནི། དེའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྨིན་མཚམས་ནས་འོད་ཟེར་ཤར་གྱི་ལུས་འཕགས་དང་། ལྷོའི་འཛམ་བུ་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། གླིང་འདི་བཞིར་འོད་ཟེར་ཀུན་དུ་ཁྱབ་པར་བཀྲམ་སྟེ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་ལ་སོགས་པ་སེམས་ཅན་མང་པོ་ཀུན་གྱིས་མཐོང་སྟེ་ངོ་མཚར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོས་ཇི་ལྟར་ཞུས་པ་ནི། དེ་ནས་

(༡༠༣༤)བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བཻ་ཤྲ་བ་་ལ་སོགས་པ་རྒྱལ་པོ་བཞིས་གསོལ་པ་འོད་ཟེར་འདི་ལྟ་བུ་དེ་ཅིའི་སླད་དུ་མཛད་པ་ལགས་ཞེས་པས་སོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་ལས་འདས་པའི་འོག་ཏུ་གླིང་བཞིར་ངས་གསུངས་པའི་དམ་པའི་ཆོས་ཀྱི་གསུང་རབ་དང་། རིང་བསྲེལ་དང་། གཟུགས་བརྙན་འདི་ལྟ་བུ་དག་འབྱུང་སྟེ། འདི་ཁྱེད་ཀྱི་ལག་ཏུ་གཏད་ཀྱིས་བསྲུངས་ཤིག་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །མདོའི་དགོས་པའི་དོན་ནི། གདུལ་བྱ་རྣམས་ཀྱིས་ཐུབ་པའི་བསྟན་པ་འཛིན་པར་འགྱུར་བའོ། །བསྡུས་པའི་དོན་ནི། བསྟན་པ་གནས་ཚུལ་དང་། ནུབ་ཚུལ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྒལ་ལན་ནི། ཁ་ཅིག་ན་རེ། མདོའི་ལུང་བསྟན་པ་ནི། བསྟན་པ་གནས་ཚད་མཚན་ཉིད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མདོ་འདི་ནས་བསྟན་པ་ནུབ་པའི་ལོ་གྲངས་ནི་ལོ་ཉིས་སྟོང་ན་བསྟན་པ་ནུབ་པར་གསུངས་ལ། སྟོན་པ་སངས་རྒྱས་ནས་དིང་སང་ཡན་ལ་ལོ་ཉིས་སྟོང་དང་སུམ་བརྒྱ་ལྷག་ཙམ་སོང་ནའང་མདོ་འདི་ནས་བཤད་པའི་བསྟན་པ་ནུབ་པའི་རྟགས་རྣམས་མ་བྱུང་པའི་ཕྱིར་རོ། །དེས་ན་འདིའི་ལོ་གྲངས་མ་དག་གམ། རྐྱེན་གྱི་དབང་གིས་འགྱུར་བ་ཡིན་ནམ། བརྟག་པར་བྱའོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། བསྟན་པ་ཡུན་རིངས་གནས་པ་དང་། འགྲོ་ཀུན་བསྟན་ལ་ཞུགས་གྱུར་ཏེ། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། ༈ །།དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །རྨེ་བདུན་ཞེས་བྱ་བ་སྐར་མའི་མདོ། སྟོན་པས་ཞུ་བ་པོ་ལ་བཀའ་ཡས་སྩལ་དུ་ཆོས་བསྟན་པ་

(༡༠༣༥)ནི། དེ་ནས་ལྷའི་ལྷ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། རྨེ་བདུན་ཞེས་པའི་སྐར་མ་རྩིས་པས་ཕན་པ་དང་གནོད་པའི་འཁྱུགས་དཔྱད་ཁྱར་པར་ཅན་དུ་འགྱུར་བའོ། །འདིའི་བསྡུས་པའི་དོན་ནི། རྨེ་བདུན་ཞེས་བྱ་བའི་སྐར་མ་བདུན་གྱིས་འགྲོ་བ་ལ་ཕན་པ་དང་། གནོད་པ་བྱེད་པས་དེ་དག་གི་གནོད་པ་བསྲུང་བའི་བསྲུང་པ་དང་། མཆོད་པའི་ཟས་བདུན་དང་། དེ་དག་གིས་བདག་བྱེད་པའི་ལོ་བདུན་དང་། སྒྲུབ་པའི་གཟུངས་བདུན་དང་། སྤྲུལ་བྱེད་ཀྱི་སངས་རྒྱས་བདུན་དང་། དགེ་བ་རྩིས་འབྲས་བདུན་ལ་སོགས་པ་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །འདི་ནི་བྱ་རྒྱུད་ནས་འདུས་པ་ཆེན་མོའི་མདོ་གང་རུང་ངོ་། །མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང་། སངས་རྒྱས་བདུན་གྱི་སྤྲུལ་པའི་སྐུ། རྨེ་བདུན་ཞེས་བྱའི་དྲང་སྲོང་གིས། དུས་རྣམས་ཀུན་དུ་སྐྱོབ་གྱུར་ཅིག། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསླབ་པ་ལྔའི་ཕན་ཡོན་གྱི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་གརྒ་ར་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་རི་དང་། སྨན་གྱི་ནགས་རི་དགས་རྒྱུ་བའི་གནས་ན་བཞུགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་ཁྱིམ་བདག་གི་གནས་སུ་གཤེགས་པར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་སུ་ཆོས་གོས་གྱོན་ལྷུང་བཟེད་ཐོགས་ཏེ། མ་ན་ཀུ་ལའི་ཁྱིམ་བདག་གང་ན་ཡོད་པའི་གནས་དེར་གཤེགས་ཤིང་ཉེ་བར་གཤེགས་ཏེ་གདན་བཤམས་པ་ལ་བཞུགས་སོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་བྱུང་བའི་ཚུལ་ནི། དེ་ནས་ཡང་ཕ་མ་ཀུ་ལའི་ཁྱིམ་

(༡༠༣༦)བདག་དང་། མ་ན་ཀུ་ལའི་ཁྱིམ་བདག་མོས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པས་བསྟན་ཏོ། །ཞུ་བ་པོ་གཉིས་ལས། དང་པོས་ཞུས་པ་ནི། ཕྱོགས་ཅིག་ཏུ་འཁོད་ནས། ཕ་ན་ཀུ་ལའི་ཁྱིམ་བདག་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་བཙུན་པ་བཅོམ་ལྡན་འདས་ཞེས་པ་ནས་ལུས་ཀྱི་སྐྱོན་གང་ཡང་མ་བྱུང་བ་ལས་བཙུན་པ་བཅོམ་ལྡན་འདས་མཐོང་པའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་ངོ་། །སྐྱེ་བ་གཞན་དུ་ཕན་ཚུན་དུ་མཐོང་བར་བདག་འདོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞུ་བ་པོ་གཉིས་པས་ཞུས་པ་ནི། མ་ན་ཀུ་ལའི་ཁྱིམ་བདག་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་བཙུན་པ་བཅོམ་ལྡན་འདས་ཕ་ན་ཀུ་ལའི་ཁྱིམ་བདག་གཞོན་ནུའི་དུས་སུ་བདག་གཞོན་ནུ་མ་བླངས་སོ། །ཕ་ན་ཀུ་ལའི་ཁྱིམ་བདག་ལས་འདོད་པས་ལོག་པར་གཡེམ་པའི་སེམས་མ་སྐྱེས་སོ། །ལུས་ཀྱི་སྐྱོན་མ་བྱུང་པ་གང་ལས་བཙུན་པ་བཅོམ་ལྡན་འདས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་ངོ་། །སྐྱེ་བ་གཞན་དུ་ཕན་ཚུན་དུ་མཐོང་བར་འདོད་དོ། །ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དང་ཁྱིམ་བདག་མོ་གཉིས་པོ་ལ་འདོད་པ་ཡོད་པར་གྱུར་པས། མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་བར་འགྱུར་རོ། །སྐྱེ་བ་གཞན་དུ་མཐོང་བར་འགྱུར་རོ་ཞེས་པ་ནས། གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་ནི། སྲོག་གཅོད་སྤངས་པས་ཡན་ལག་དང་ཉིང་ལག་ཕུན་སུམ་ཚོགས་པ་སོགས་ཡོན་ཏན་གྱི་ཆོས་ཉི་ཤུ་

(༡༠༣༧)ཐོབ་པ་དང་། མ་བྱིན་པར་ལེན་པ་སྤངས་པས། རྟག་ཏུ་འབྲུ་མང་པོ་ལ་སོགས་པའི་ཡོན་ཏན་གྱི་ཆོས་ཉི་ཤུ་འཐོབ་པ་དང་། ལོག་པར་གཡེམ་པ་སྤངས་པས། དགྲ་མེད་པ་ལ་སོགས་པའི་ཡོན་ཏན་ཉི་ཤུ་ཐོབ་པ་དང་། རྫུན་དུ་སྨྲ་བ་སྤངས་པས་མིག་སྣ་རྣམ་པར་དག་པར་འགྱུར་བ་ལ་སོགས་པ་ཡོན་ཏན་གྱི་ཆོས་སུམ་བཅུ་རྩ་གསུམ་འཐོབ་པ་དང་། ཆང་འཐུང་བ་སྤངས་པས། འདས་མ་འོངས་དེ་ལྟར་གསུམ་མྱུར་དུ་ཤེས་པ་སོགས་ཡོན་ཏན་གྱི་ཆོས་སུམ་བཅུ་རྩ་དྲུག་ལ་སོགས་པ་རྣམས་འཐོབ་པར་བསྟན་པའོ།།མཐར་ཐུག་གི་དགོས་པ་ནི། ཚུལ་ཁྲིམས་ལྔ་བསྟེན་པས་རྫོགས་པའི་སངས་རྒྱས་འཐོབ་པའོ། །བསྡུས་པའི་དོན་ནི། བསླབ་པ་ལྔ་མ་བསྲུངས་པའི་ཉེས་དམིགས་དང་། བསྲུངས་པའི་ཕན་ཡོན་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་དང་པོའི་མདོ་གཞན་རྣམས་དང་མཐུན་ནོ། །དགེ་བས་འགྲོ་བ་ཐམས་ཅད་ཀྱིས། བསླབ་པ་ལྔ་ལ་ལེགས་གནས་ཤིང་། ཚུལ་འཆལ་དྲི་མ་ཀུན་སྤངས་ནས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། ༈ །།འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རིའི་ཀུན་དགའ་བོའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་སོ། །འཁོར་ནི། དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནད་དམ་པོར་སྡུག་བསྔལ་བས་གཟིར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་ཉེ་བར་སོང་ནས་བཅོམ་ལྡན་འདས་

(༡༠༣༨)ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། ཕྱོགས་གཅིག་ཏུ་འདུག་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནད་དམ་པོས་སྡུག་བསྔལ་ལ་གཟིར་ཏོ། །བཙུན་པ་བཅོམ་ལྡན་འདས་ལེགས་པར་མཛད་དུ་གསོལ། དགེ་སློང་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ག་ལ་ག་དེར་གཤེགས་ལ་རྗེས་སུ་བརྩེ་བས་གཤེགས་པར་ཞུ་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་ཕུན་སུམ་ཚོགས་པ་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེར་ཡང་ཀུན་དགའ་བོ་ཁྱོད་དགེ་སློང་རིའི་ཀུན་དགའ་བོའི་ཐད་དུ་སོང་ལ་འདུ་ཤེས་བཅུ་བཤད་པར་གྱིས་ཤིག །རྣམ་པར་ཤེས་པ་དང་ལྡན་པའི་གནས་སུ་སྨྲ་བར་གྱིས་ཤིག་ཞེས་པ་ནས་གནས་གཞན་ཡང་ཡོད་དེ་དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི་ཐོས་ན་དེའི་ནད་ཐམས་ཅད་ཞི་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་པ་དང་། ཀུན་དགའ་བོས་རིའི་ཀུན་དགའ་བོ་ལ་འདུ་ཤེས་བཅུ་བཤད་པས། རིའི་ཀུན་དགའ་བོ་ནད་ལས་གྲོལ་བར་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་མཉན་ཏེ། ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་གནས་སུ་སོང་ནས་ཞེས་པ་ནས། དེའི་ནད་ཐམས་ཅད་ཞི་ནས་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ལངས་ཏེ། ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་ནད་ཕྱིས་མེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་ཡང་ཆོས་ཕུན་སུམ་ཚོགས་པའི་ཁོངས་སུ་གཏོགས་སོ། །ཆོས་འདིའི་དགོས་པའི་དོན་ནི། མི་རྟག་པ་ལ་སོགས་པའི་འདུ་ཤེས་བཅུ་བཤད་པས།

(༡༠༣༩)ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནད་ལས་གྲོལ་བ་དང་རིའི་ཀུན་དགའ་བོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པར་བསྟན་པའོ། །བསྡུས་པའི་དོན་ནི། མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། བར་དུ་གཅོད་པ་དང་། སྤོང་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་དགའ་བ་དང་། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འབྱུང་བ་དང་། རྔུབ་པ་རྗེས་སུ་དྲན་པའི་འདུ་ཤེས་རྣམ་པ་བཅུས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་ཉན་ཐོས་སྤྱོད་པའི་དབུ་མ་དང་། ཐེག་པ་ནི་གསུམ་མོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། འདུ་ཤེས་བཅུ་པོ་བསྒོམས་བྱས་ནས། རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག། ༈ །།འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་འདུལ་བའི་མདོ་བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་དང་། ཁྱིམ་བདག་གིས་སྤྱན་འདྲེན་པར་ཞུ་བ་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་དུས་གཅིག་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐོས་ནས། བཙུན་པ་དགེ་སློང་ལྔ་བརྒྱ་དང་བཅས་པ་ཡང་ནང་པར་བདག་གི་ཁྱིམ་དུ་གདུགས་ཚོད་ལ་འབྱོན་པར་ཞུ་ཞེས་མགྲོན་དུ་གཉེར་ཏོ་ཞེས་པས་བསྟན་ཏོ། །སྟོན་པས་མཉམ་པར་བཞག་ནས་ཐུགས་བརྩེ་བས་འཇིག་རྟེན་ལ་གཟིགས་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་དེ་ལ་གནང་ནས། དེའི་ཉིན་མོའི་ལྷམ་མ་དང་།

(༡༠༤༠)མཚན་མོའི་མཐའ་འདས་ནས་ཐོ་རངས་ཀྱི་དུས་སུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ལ་ཐུགས་ཀྱིས་རྣམ་པར་previous hit དགོངས་སོ་ཞེས་ next hit་ནས་གཟིགས་ནས་གང་ཞིག་འདི་ནི་ལོག་པར་ལྟ་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་འདུལ་བར་བྱེད་པ་གནས་བརྟན་ཆེན་པོ་མཽ་གལ་གཟིགས་སོ་ཞེས་པས་བསྟན་ཏོ། །སྟོན་པས་ཆོས་བསྟན་པ་དངོས་ནི། དེ་ནས་མཚན་མོ་ཐོ་རངས་ཀྱི་དུས་སུ་སྐུའིི་བྱི་དོར། མཛད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བོས་ཏེ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ལྔ་བརྒྱ་དང་བཅས་པའི་བཅོམ་ལྡན་འདས་ལྷ་ཡི་འཇིག་རྟེན་དུ་གཤེགས་སོ་ཞེས་སྟོན་ཅིག་ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི། ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའི་ལོག་པར་ལྟ་བ་བསལ་ནས་མྱ་འདས་ལ་འགོད་པའོ། །བསྡུས་པའི་དོན་ནི། ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་འདུལ་བའི་དུས་ལ་བབ་པར་མཁྱེན་པ་དང་། གནས་བརྟན་ཆེན་པོ་མཽ་གལ་གྱི་བུས་འདུལ་ནུས་པར་བསྟན་པ་དང་། མཽ་གལ་གྱི་བུས་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་བཏུལ་བ་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་དང་པོའི་མདོ་གཞན་རྣམས་དང་མཐུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། ལོག་རྟོག་སྒྲིབ་པ་ཀུན་སྤངས་ནས། དོན་གཉིས་མཐར་ཐུག་ཐོབ་པར་ཤོག། ༈ །།འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འོད་བསྲུངས་ཆེན་པོའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རྒྱལ་པོའི་ཁབ་

(༡༠༤༡)འོད་མའི་ཚལ་ཀ་ལན་ཏ་ཀའི་གནས་ན་བཞུགས་སོ་ཞེས་པས་བསྟན་ཏོ། དེའི་དུས་སུ། འོད་བསྲུངས་ནད་ཀྱིས་སྡུག་བསྔལ་བར་བསྟན་པ་ནི། དེའི་ཚེ་དེའི་དུས་ན། ཚེ་དང་ལྡན་པ་འོད་བསྲུངས་པི་བྱ་ལའི་ཕུག་ན་བཞུགས་ཏེ། ནད་དམ་པོས་གཟིགས་ཞིང་སྡུག་བསྔལ་བར་གྱུར་ཏོ་ཞེས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འོད་བསྲུངས་ནད་ཀྱིས་སྡུག་བསྔལ་བར་གཟིགས་ཤིང་དེ་ལ་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་སྲོད་ལའི་དུས་སུ་སོ་སོར་ཐམས་ཅད་རྟོག་ཅིང་བཞུགས་སོ། །ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་ག་ལ་བ་དེར་གཤེགས་ཤིང་ཉེ་བར་གཤེགས་ཏེ་གདན་བཤམས་པ་ལ་བཞུགས་ཏེ་བཞུགས་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་བསྲུངས་ཁྱོད་ཇི་ལྟར་བཟའ་བ་འདོད་དམ་ཇི་ལྟར་སྡུག་བསྔལ་མྱོང་། ཇི་ལྟར་ཞི་བར་འགྱུར། ཞི་བར་བྱེད་པའི་ཐབས་ཀྱིས་མི་ཞི་བ་མ་ཡིན་ནོ། །ཞེས་པས་བསྟན་ཏོ། །འཁོར་དང་དེས་ཞུས་པ་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་འོད་བསྲུངས་ཆེན་པོས་གསོལ་པ། བཙུན་པ་བདག་ནི་བཟའ་བ་དང་བཏུང་བ་ལ་མི་སྲེད་པར་གྱུར། བདག་ནད་དམ་པོས་གཟེར་བར་གྱུར་ཏེ། ཞི་བ་འམ་མི་ཞི་བར་འགྱུར་ཞི་བར་བྱེད་པའི་ཐབས་མཛད་དུ་གསོལ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་བསྟན་པ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་འདི་ངས་ལྷག་པར་བཤད་པར་བྱའོ། །དེ་མང་དུ་བསྒོམས་པར་བྱས་ནས། མངོན་པར་ཤེས་པ། དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་བྱང་ཆུབ་ཀྱི་ཡན་ལག་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་

(༡༠༤༢)ཏོ། །ཆོས་འདིའི་དགོས་པའི་དོན་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་དགོས་པའོ། །དང་པོ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་བཤད་ཅིང་དེ་མང་དུ་བསྒོམས་པས། འོད་བསྲུངས་ཆེན་པོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་བསྟན་པའོ། །མཐར་ཐུག་གི །དགོས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པ་ལ་སྟེན་ནས་འོད་བསྲུངས་ཆེན་པོ་ལ་སོགས་པའི་སེམས་ཅན་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ། །བསྡུས་པའི་དོན་ནི། དྲན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རབ་ཏུ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་འདི་རྣམས་ཀྱིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་དང་ཐེག་པ་ནི་བཀའ་དང་པོའི་མདོ་གཞན་རྣམས་དང་འཐུན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། བྱང་ཆུབ་ཡན་ལག་བདུན་བསྒོམས་ཏེ། མཐར་ཐུག་མྱང་འདས་ཐོབ་པར་ཤོག། ༈ །།འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །བཀྲ་ཤིས་ཆེན་པོའི་མདོ། བཀའ་དང་པོར་གཏོགས་པ་འདི་གསུངས་པའི་གནས་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་པས་བསྟན་ཏོ། །འཁོར་ནི་དེ་ནས་ལྷ་དུ་མ་རྣམས་མཚན་མོ་ཁ་དོག་སྣ་ཚོགས་པ་དང་ལྡན་པའི་འོད་རྣམས་ཀྱི་དུས་གཅིག་ལ་

(༡༠༤༣)རྒྱལ་བྱེད་ཚལ་འོད་ཀྱིས་སྣང་བར་བྱས་ནས། བཅོམ་ལྡན་འདས་གང་དུ་བཞུགས་པ་དེར་ལྷགས་ཏེ། ལྷགས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ་ཞེས་པས་བསྟན་ཏོ། །ཞུ་བ་པོས་ཞུས་པ་ནི། ཕྱོགས་གཅིག་ཏུ་འཁོད་ནས། ལྷ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་མང་དུ་ཞུས་སོ། །ལྷ་དང་མི་རྣམས་མང་པོ་ཡིས། བཀྲ་ཤིས་པས་ནི་བསམ་གྱུར་པ། བཀྲ་ཤིས་པ་ལ་ཐེ་ཚོམ་སྐྱེས། བཀྲ་ཤིས་མཆོག་ནི་གསུང་དུ་གསོལ་ཞེས་པས་བསྟན་ཏོ། །སྟོན་པས་ལན་གྱི་སྒོ་ནས་ཆོས་གསུངས་པ་ནི། ལྷའི་ཡང་ལྷ་ཡིས་བཀའ་སྩལ་པ། སྡིག་པ་ཐམས་ཅད་རྣམ་པར་འཇོམས། འཇིག་རྟེན་ཀུན་ལ་ཕན་པའི་དོན། བཀྲ་ཤིས་དེ་རྣམས་ཁྱེད་ལ་བཤད། ཞེས་པ་ནས་གཞུང་རྫོགས་པའི་བར་གྱིས་བསྟན་ཏོ། །ཆོས་འདིའི་དགོས་པའི་དོན་ནི་མཆོག་གི་བཀྲ་ཤིས་ལ་རྟེན་ནས་གཡུང་དྲུང་ཆོས་ཀྱི་སྐུ་ཐོབ་པའོ། །བསྡུས་པའི་དོན་ནི། མཆོག་གི་བཀྲ་ཤིས་སྟོན་པའི་ཤ་ལོ་ཀ་བཅུ་གཅིག་གིས་བསྟན་པའོ། །ཚིག་གི་དོན་ནི་གཞུང་ཇི་ལྟ་བ་བཞིན་ནོ། །སྒྲུབ་མཐའ་དང་ཐེག་པ་ནི་གོང་བཞིན་ནོ། །དེ་ལྟར་བསྟན་པའི་དགེ་བ་ཡིས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། མཆོག་གི་བཀྲ་ཤིས་ཐོབ་གྱུར་ནས། འབྲས་བུ་ཆོས་སྐུ་ཐོབ་པར་ཤོག། ༈ །།བཀའ་ཐ་མར་སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལ། སྟོང་ཕྱོགས་ཤེས་པ་ཡར་ལྡན་དུ་ཉམས་སུ་ལེན་དགོས་པ་ལྟར། སྟོང་ཕྱོགས་ཤེས་པ་ལ་ཡང་། སྟོང་ཕྱོགས་ཀྱི་ཁྱད་གཞི། སྣང་ཕྱོགས་ལ་མཁས་པ་ཡར་ལྡན་དུ་ཉམས་སུ་ལེན་དགོས་པས། དེའི་ཕྱིར་དུ་བཀའ་དང་པོ་སྣང་ཕྱོགས་ནས་ཤས་ཆེར་བསྟན་པའི། འདུལ་བ་མདོ་སྡེ་མངོན་པ་གསུམ་ལས། འདུལ་བ་ཤས་ཆེ་བས། དེའི་དོན་བསྟན་པས། མདོ་སྡེ་དང་མངོན་པའི་དོན་ཀྱང་

(༡༠༤༤)ཞར་ལ་རྟོགས་པའི་ཕྱིར། དེའི་དོན་འགྲེལ་བ་ལ་དགོས་པའི་དོན་སོགས་ཆོས་ལྔ་ལས་འདུལ་བ་མཐའ་དག་གི་དགོས་པའི་དོན་ནི། རིགས་ཅན་གསུམ་གྱི་གདུལ་བྱ་ལས་དང་པོ་པ་རྣམས་ལས་ཀྱི་སྒྲིབ་པས་མི་གོས་པར་བྱ་བའི་ཆེད་དུ། ལས་དགེ་སྡིག་གི་རྒྱུ་འབྲས་ཀྱི་བླང་དོར་གསལ་པོར་བསྟན་པའི་སྒོ་ནས་མི་དགེ་བ་བཅུ་འམ། སྤོང་བདུན་འཁོར་བཅས་སྤོང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བཀོད་དེ་མྱ་ངན་ལས་འདས་པའི་ལམ་དུ་འཁྲིད་པ་གཙོ་བོ་ཡིན་ནོ། །བསྡུས་པའི་དོན་ནི། དགེ་སློང་གི་སོ་སོ་ཐར་པའི་མདོས། དགེ་སློང་གི་ལྟུང་བ་སྡེ་ལྔ། སྤོང་ཚུལ་མདོར་བསྟན་ཅིང་། དགེ་སློང་གི་རྣམ་འབྱེད་ཀྱིས་དགེ་སློང་གི་ལྟུང་བ་སྡེ་ལྔ་སྤོང་ཚུལ་རྒྱས་པར་བསྟན་ལ། དགེ་སློང་མའི་སོ་སོ་ཐར་པའི་མདོས། དགེ་སློང་མའི་ལྟུང་བ་སྡེ་ལྔ་སྤོང་ཚུལ་མདོར་བསྟན་ཅིང་། དགེ་སློང་མའི་རྣམ་འབྱེད་ཀྱིས། དགེ་སློང་མའི་ལྟུང་བ་སྡེ་ལྔ་སྤོང་ཚུལ་རྒྱས་པར་བསྟན་ཏེ། དེ་དག་གིས་རབ་བྱུང་ཕྱོགས་ཀྱི་བསླབ་བྱའི་རགས་པའི་རིམ་པ་བསྟན་པ་ཡིན་ནོ། །ལྟུང་བ་སྡེ་ལྔ་ནི། ཕམ་པའི་སྡེ་དང་། ལྷག་མའི་སྡེ་དང་། ལྟུང་བའི་སྡེ་དང་། སོ་སོར་བཤགས་པའི་སྡེ་དང་། ཉེས་བྱས་ཀྱི་སྡེའོ། །དེ་དག་གི་ཆར་གཏོགས་པའི་བསླབ་བྱ་ཕྲ་བ་རྣམས་ཤེས་པར་བྱ་བའི་ཕྱིར་དུ། ལུང་བཞི་ལས། རབ་ཏུ་བྱུང་པའི་བཞི་དང་། གསོ་སྦྱོང་གི་གཞི་དང་། དབྱར་གནས་ཀྱི་གཞི་དང་། དགག་དབྱེའི་གཞི་དང་། སྲ་རྐྱང་གདིང་པའི་གཞི་དང་། གོས་ཀྱི་གཞི་དང་། ཀོ་ལྤགས་ཀྱི་གཞི་དང་། སྨན་གྱི་གཞི་དང་། ལས་ཀྱི་གཞི་དང་། ཕྱིར་བཅོས་ཀྱི་གཞི་དང་། དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་དང་། ས་གཞན་ན་གནས་པའི་གཞི་དང་། བསླབ་པའི་ཡོངས་སུ་སྦྱང་བའི་གཞི་དང་། ལས་ཀྱི་བྱེ་བའི་གཞི་དང་། འཁོར་ལོ་བྱེ་བའི་གཞི་དང་།

(༡༠༤༥)རྩོད་པའི་གཞི་དང་། གནས་མལ་གྱི་གཞི་སྟེ། བཞི་བཅུ་བདུན་པོ་འདི་རྣམས་ཀྱིས་ཉེས་བྱས་ཕྲ་མོ་རྣམས་སྤོང་བ་དང་། རབ་ཏུ་བྱུང་པ་སྡེ་ལྔའི་བླང་དོར་གྱི་གནས་རྒྱས་པར་བསྟན་པ་ཡིན་ནོ། །ལུང་ཕྲན་ཚེགས་སྒོ་བརྒྱད་ཀ་མ་རྫོགས་པ་དང་རྫོགས་པ་གཉིས་ཀྱི་རྣམ་འབྱེད་གཉིས་དང་། ལུང་བཞིའི་མ་ཚང་བ་ཁ་བསྐོང་བ་སྟོན་ཅིང་ལུང་འདུལ་བྱེད་དང་། ཞུ་བ་ཉུང་པ་དང་མང་བ་རྣམས་ཀྱི་དཀའ་བའི་གནས་རྣམས་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟར་ལུང་སྡེ་བཞིར་གྲགས་པ་འདི་རྣམས་ཀྱི་རབ་ཏུ་བྱུང་བ་སྡེ་ལྔའི་བླང་དོར་གྱི་གནས་རྣམས་རྒྱ་ཆེར་བསྟན་ལ། གཞུང་དམ་པ་ནི། ལུང་སྡེ་བཞིའི་བརྗོད་བྱ་དོན་རྣམས་ཀྱི་སྙིང་པོ་བསྡུས་ནས། རབ་ཏུ་བྱུང་པ་སྡེ་ལྔ་རྣམས་ཀྱིས་བླང་དོར་གྱི་བྱ་བ་མཐའ་དག་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །རབ་ཏུ་བྱུང་བ་སྡེ་ལྔ་ནི། དགེ་ཚུལ་ཕ་མ་གཉིས་དང་དགེ་སློང་ཕ་མ་གཉིས་དང་། དགེ་སློབ་མའོ། །ཚངས་སྤྱོད་ཉེར་གནས་ནི་དགེ་སློང་མར་འདུས་སོ། །ཚིག་གི་དོན་ནི། ལུང་སྡེ་བཞི་དང་། གཞུང་དམ་པའི་གཞུང་ཇི་ལྟ་བ་བཞིན་ནོ། །མཚམས་སྦྱར་བ་ནི། ལུང་སྡེ་བཞི་ནི། རབ་བྱུང་རྣམས་ཀྱི་བླང་དོར་སྟོན་པའི་གཞུང་གི་མ་མོ་ཡིན་པས་སྔོན་དུ་བསྟན་ལ། གཞུང་དམ་པ་ནི། གཞུང་མ་མོའི་སྙིང་པོ་བསྡུས་པའི་དོན་བསྡུ་ཡིན་པས་རྗེས་སུ་བསྟན་པ་ཡིན་ནོ། །ལུང་སྡེ་བཞིའི་སོ་ཐར་གྱི་མདོ་གཉིས་དང་། རྣམ་འབྱེད་གཉིས་ནི། བླང་དོར་བྱ་བའི་གནས་རགས་པ་ཡིན་པས་སྔར་བསྟན་ལ། གཞི་བཅུ་བདུན་རྣམས་ནི། བླང་དོར་གྱི་གནས་རགས་པ་དེ་དག་གི་ཆར་གཏོགས་པའི་ཕྲ་བ་སྟོན་པས་དེའི་རྗེས་སུ་བསྟན་པ་ཡིན་ནོ། །ལུང་རྣམ་འབྱེད་དང་། ལུང་གཞི་གཉིས་ཀྱི་མ་ཚང་པ་ཁ་བསྐོང་བར་བྱེད་པས། ལུང་ཕྲན་ཚེགས་དེ་དག་གི་རྗེས་སུ་བསྟན་ལ། ལུང་ཞུ་བ་

(༡༠༤༦)ནི། དེ་དག་གི་དཀའ་བའི་གནས་རྣམས་གཏན་ལ་འབེབས་པར་བྱེད་པ་ཡིན་པས། དེའི་རྗེས་སུ་བསྟན་ལ། གཞུང་དམ་པ་ནི་དེ་དག་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཏེ་སྟོན་པའི་ཕྱིར། དོན་བསྡུའི་ཚུལ་ཡིན་པས། མཇུག་ཏུ་བསྟན་པ་ཡིན་ནོ། །སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བར་ལུང་བཞིའི་བཞི་བཅུ་བདུན་གྱི་དང་པོ་རབ་བྱུང་གི་གཞི་ཉིད་རྣམ་འབྱེད་ཀྱི་གོང་དུ་སྟོན་ལ་གཞན་རྣམས་དོན་གྱི་གོ་རིམས་སྔ་མ་ལྟར་བསྒྲིགས་སོ། །ལུང་འདི་རྣམས་བཅོམ་ལྡན་འདས་ཀྱིས་སྐྱུས་གཅིག་ལ་གསུངས་པ་མ་ཡིན་གྱི། བསླབ་པ་འཆའ་བའི་སྐབས་གར་བབ་དུ་ཐོར་བུར་གསུངས་པ་རྣམས་བསྡུ་བ་པོས་བརྗོད་ཆ་འཐུན་འཐུན་ཕྱོགས་རེ་ཕྱོགས་ཏེ་བསྡེབས་པའོ། །འདི་དག་གི་གོ་རིམས་སྔ་རབས་པ་འགའ་ཞག་གི་ཆོལ་པར་བསྟན་པ་མང་དུ་མཐོང་བས། དོན་ཐོག་ནས་ལེགས་པར་བསྒྲིགས་པ་ཡིན་ནོ། །རྒལ་ལན་ནི། སྔ་རབས་པ་ཁ་ཅིག་ན་རེ། འདུལ་བ་ལུང་སྡེ་བཞི་རྗེས་འབྲང་དང་བཅས་པ་འདི་རྣམས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཡིན་ལ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ནི། བྱེ་བྲག་ཏུ་སྨྲ་བ་ཡིན་པས། བྱེ་བྲག་ཏུ་སྨྲ་བའི་ལུགས་ཁོ་ནར་བཤད་པར་བྱ་བ་ཡིན་ནོ་ཞེས་ཟེར་བའི་དོན་ནི། རིགས་པ་མ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། མཛོད་འགྲེལ་དུ། མདོ་སྡེ་པའི་ལུགས་དང་འཐུན་པར་འགྲེལ་པ་རང་ལུགས་སུ་མཛད་པ་དང་། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། འདུལ་བའི་གཞི་བསྡུ་བ། མངོན་པ་གོང་མའི་ལུགས་སུ་མཛད་ཅིང་། སློབ་དཔོན་འཕགས་པ་ཀླུ་བསྒྲུབ་ཀྱིས། འདུལ་བ་ལུང་གི་ནང་ནས་ཀ་ཏ་ཡ་ན་ལ་གདམས་པའི་ལུང་རྣམས་དབུ་མར་བཀྲལ་ཏེ། རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། མཁྱེན་པས་ཀ་ཏ་ཡ་ན་ཡི། གདམ་ངག་ལས་ནི་ཡོད་པ་དང་། མེད་པ་གཉིས་

(༡༠༤༧)ཀ་དགག་པ་མཛད་ཅེས་གསུངས་པའི་ཕྱིར་རོ། །དེས་ན་བྱེ་བྲག་ཏུ་སྨྲ་བ་ཁོ་ནའི་ལུགས་སུ་འགྲེལ་པ་མི་འཐད་ཅིང་། གྲུབ་མཐའ་བཞི་ཀ་གང་མོས་དང་འཐུན་པར་འགྲེལ་པ་རིགས་སོ། །དེ་ལྟར་བསྟན་པའི་རིམ་པ་ནི། གདུལ་བྱ་སྦྱངས་པ་སྔོན་དུ་སོང་བ། དབང་པོ་རྣོན་པོ་ཟབ་རིམ་ནས་འཇུག་ཅིང་ཚུལ་བཞིན་ཡིད་ལ་བྱེད་པའི་དབང་དུ་བྱས་པ་ཡིན་ལ། གདུལ་བྱ་ལས་དང་པོ་པ་སྦྱངས་པ་ཆེན་པོ་སྔོན་དུ་མ་སོང་པ་དབང་པོ་བརྟུལ་བ་རྣམས་ནི། མས་རིམ་ནས་འཇུག་པར་བྱ་བ་ཡིན་པས་ཐོག་མར་སྐྱབས་སུ་འགྲོ་བའི་དགེ་བསྙེན་སོགས་ཀྱི་བསླབ་པ་ལ་སློབ་ཅིང་། དེ་ནས་བར་མ་རབ་བྱུང་དང་། དགེ་ཚུལ་ཕ་མ་དང་། དགེ་སློང་ཕ་མ་སོགས་ཀྱི་སྡོམ་པ་བླངས་ཏེ། བཀའ་དང་པོར་གཏོགས་པའི་འདུལ་བ་དང་། མདོ་སྡེ་དང་། མ་མོ་རྣམས་སློབ་ཅིང་དེའི་རྗེས་སུ་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། བཀའ་བར་པར་གཏོགས་པ་མདོ་གཞན་མ་རྣམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་གཏོགས་པ་རྣམས་ལ་བསླབ་པར་བྱ་ཞིང་། དེའི་རྗེས་སུ། བཀའ་ཐ་མར་གཏོགས་པའི་མདོ་ཐོར་བུ་རྣམས་དང་། དཀོན་མཆོག་བརྩེགས་པར་གཏོགས་པ་རྣམས་དང་། སངས་རྒྱས་ཕལ་པོ་ཆེར་གཏོགས་པ་རྣམས་དང་། འདུས་པ་ཆེན་མོར་གཏོགས་པ་རྣམས་ལ་བསླབ་པར་བྱ་ཞིང་། དེའི་རྗེས་སུ་རྒྱུད་སྡེ་བཞི་ཅི་རིགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ཏེ། དམ་ཚིག་ལ་གནས་ནས། བྱ་བ་སྤྱིའི་རྒྱུད་བཞི་དང་། བྱེ་བྲག་གི་རྒྱུད་དྲུག་ སོགས་པ་ལ་སློབ་ཅིང་། དེའི་རྗེས་སུ་སྤྱོད་རྒྱུད་རིགས་གསུམ་མམ་དྲུག་ལ་བསླབ་པ་དང་། དེའི་རྗེས་སུ་ཡོ་ག་རིགས་བཞིའམ་ལྔ་ལ་སོགས་པ་ལ་བསླབ་པོ། དེའི་རྗེས་སུ་གསང་བ་འདུས་པ་ལ་སོགས་ཕ་རྒྱུད་བསྐོར་བདུན་དང་། འཁོར་ལོ་བདེ་མཆོག་སོགས་མར་རྒྱུད་བསྐོར་བརྒྱད་དང་བཅས་པ་སྦས་རྒྱུད་མཐའ་དག་ལ་བསླབ་ཅིང་། དེའི་རྗེས་སུ་གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་གསལ་རྒྱུད་མཐའ་དག་ལ་བསླབ་པར་བྱའོ། །དེའི་previous hit དགོངས next hit་འགྲེལ་

(༡༠༤༨)པར་བྱེད་པའི་བསྟན་བཅོས་དང་། དེ་དག་ཉམས་སུ་ལེན་པའི་མན་ངག་མཐའ་དག་ཀྱང་། སྐལ་ལྡན་སྦྱངས་པ་ཅན་ཟབ་རིམ་ནས་འཇུག་པ་དང་། ལས་དང་པོ་པ་སྦྱངས་པ་ཆུད་པ་རྣམས་ལས་རིམས་ནས་འཇུག་པའི་ཚུལ་རྣམས། སྔ་མ་བཀའ་ལ་འཇུག་པའི་རིམ་པ་བསྟན་པ་དང་འཐུན་པར་བྱའོ། །འཇུག་ཚུལ་གཉིས་པ་འདིར་མ་ངེས་པར། རྟེན་འབྲེལ་གང་འགྲིག་དང་། གང་མོས་དང་། ལས་འཕྲོ་གང་ཡོད་ནས་འཇུག་པ་ཡང་རུང་བ་ཡིན་ནོ། །མདོར་ན་འཇུག་ཚུལ་ཇི་ལྟར་བྱེད་ནའང་། བཀའ་དང་བསྟན་བཅོས་མན་ངག་དང་བཅས་པ་མ་ལུས་པ་ཕྱོགས་གཅིག་ཏུ་སྡོམས་སྟེ། རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཆ་ལག་དུ་བསྡུས་ནས། སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །དེ་ལྟར་བྱས་ན་གསུང་རབ་ཐམས་ཅད་གདམས་པར་འཆར་བ་དང་། བཀའ་དང་བསྟན་བཅོས་མཐའ་དག་འགལ་མེད་དུ་རྟོགས་པ་དང་། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་དང་། བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པ་དང་། ཐེག་པ་མཐའ་དག་གཅིག་ཅར་དུ་རྟོགས་པ་དང་། སངས་རྒྱས་ཀྱི་previous hit དགོངས next hit་ཕྱོགས་མེད་མྱུར་དུ་རྙེད་པ་སོགས་འབྱུང་པ་ཡིན་ནོ། །ཚོགས་གཉིས་ལྷུན་པོའི་སྤོ་ལ་གནས་པ་ཡི། ལྷ་དབང་ཆོས་རྒྱལ་ཆེན་པོ་ཁུ་དབོན་དང་། ཉེ་དབང་མཆོག་གྱུར་བསོད་ནམས་རྒྱལ་མཚན་གྱིས། བཀའ་ཡི་བསྐུལ་ཞིང་བདག་རྐྱེན་མཛད་པའི་མཐུས། རྒྱལ་བ་རྒྱ་མཚོའི་previous hit དགོངས ་འདི་ཡིན་ཞེས། གསུང་རབ་རྒྱ་མཚོའི་དེ་ཉིད་འབྱེད་པ་ཡི། ལེགས་བཤད་རྒྱ་མཚོའི་བཀའ་བསྡུ་བཞི་པ་འདི། མང་ཐོས་རྒྱ་མཚོའི་པད་དཀར་བཟང་པོས་སོ། །ཟབ་མོའི་དེ་ཉིད་དངོས་སུ་མ་མཐོང་ཞིང་། ཡི་དམ་ལྷ་ལ་དངོས་སུ་དྲི་མ་ནུས། ཟབ་དང་རྒྱ་ཆེའི་

(༡༠༤༩)དེ་ཉིད་རྟོགས་དཀའ་བས། ནོར་བ་མཆིས་ན་མཁས་རྣམས་བཟོད་པར་མཛོད། གསུང་རབ་རྒྱ་མཚོ་རྒྱན་པར་བྱས་པ་ཡིས། ཐུབ་བསྟན་རྒྱ་མཚོ་ཕྱོགས་བཅུར་རྒྱས་པ་དང་། དགེ་བ་རྒྱ་མཚོ་ཇི་སྙེད་མཆིས་པ་ཡིས། འགྲོ་ཀུན་རྒྱ་མཚོས་བྱང་ཆུབ་ཐོབ་པར་ཤོག །དམ་པའི་ཆོས་རྣམས་དར་ཞིང་རྒྱས་པ་དང་། ཐུབ་པའི་བསྟན་པ་ཡུན་རིངས་གནས་པ་དང་། བསྟན་འཛིན་རྣམས་ཀྱང་ཞབས་བརྟན་གྱུར་པ་ཡིས། འགྲོ་བའི་དགེ་ལེགས་ཕྱོགས་བཅུར་རྒྱས་པར་ཤོག །བསྟན་པ་སྤྱིའི་རྒྱས་བྱེད་ལས། མདོ་སྡེ་སྤྱིའི་རྣམ་བཞག་བཀའ་བསྡུ་བ་བཞི་པ་ཞེས་བྱ་བའི་བསྟན་བཅོས་འདི། རྒྱལ་བ་གཉིས་པ་སྤྱན་སྔ་ཆོས་ཀྱི་རྗེའི་རིགས་སུ་འཁྲུངས་པ་མཁྱེན་རབས་དང་ཐུགས་རྗེ་ཚད་མེད་མངའ་བའི། ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་གིས་མདོ་སྡེ་སྤྱིའི་རྣམ་བཞག་ཅིག་བགྱིས་ཞེས་བཀས་བསྐུལ་ཞིང་བདག་རྐྱེན་མཛད་པ་ལ་བརྟེན་ནས། མང་དུ་ཐོས་པའི་བྱ་བྲལ་བ་པད་དཀར་བཟང་པོས། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མེ་ཕོ་རྟ་ལོ་ལ་སྐུ་འཁྲུངས། སུམ་བཅུ་སོ་དྲུག་པ་ལྕགས་མོ་སྦྲུལ་ལ་སངས་རྒྱས་ཏེ། ཆོས་འཁོར་བསྐོར་བ་ནས་བཟུང་སྟེ། ལོ་ཉིས་སྟོང་སུམ་བརྒྱ་ཉི་ཤུ་རྩ་བཞི་འདས་པའི་དུས། འཕགས་ཡུལ་དུ་གྲགས་པའི་ལོ་མིང་ཁྲོ་བོ་ཤིང་མོ་གླང་གི་ལོ་ནག་པས་ཉ་བ་དུས་འཁོར་བའི་ཟླ་བ་དང་པོར་གྲགས་པའི་ཚེས་གསུམ་ལ། ཆོས་གྲྭ་ཆེན་པོ་ཐང་གི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའོ། །ཡི་གེ་པ་ནི་ཤཱཀྱའི་བཙུན་པ་བློ་གྲོས་ལྡན་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །གཅིག་ཞུས། ཡང་ཞུས་སོ།། ༈ །།ཨོཾ་སྭ་སྟི་གསུང་རབ་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་པའི། མང་ཐོས་པད་དཀར་བཟང་པོའི་ལེགས་བཤད་འདི། བློ་གསལ་རྐང་དྲུག་ལྡན་པས་ལེགས་མྱང་ནས། དོན་གཉིས་སྦྲང་རྩིའི་དགའ་སྟོན་ལེགས་སྒྲོག་ཤོག །ཚུལ་འདིའི་ཞུས་དག་མང་ཐོས་རྒྱ་མཚོ་ཡིས། ཞབས་ཕྱིར་འབྲེངས་འདི་བྲིས་ལ་རསྨི་བགྱིས། མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ།། །།


no previousno next