Nitartha Digital Library
Tibetan
 
no previousno next

(༡)རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་ཆིག་བརྒྱུད་ཨུ་པ་ཆོས་ཀྱི་གྲངས་ཀའི་ཐེམ་བྱང་ཡིད་འཕྲོག་མཐོང་བ་དོན་རྟོགས་ཞེས་བྱ་བ་ཐེམ་ཡིག་མེད་པའི་གསང་རྒྱ་མ་ལགས་སོ།།

(༢)ན་མོ་གུ་རུ་ཀརྨ་ཌཱ་ཀི་ཡེ། ལེགས་ཉེས་གཏང་འཛིན་དམ་ཚིག་རྗེས་གཅོད་པའི། །ཀེའུ་རི་སིང་ཧ་དབང་ཕྱུག་ཉེར་བརྒྱད་སོགས། །མ་ཚོགས་ལས་བྱེད་ཌཱ་ཀི་རྣམས་ལ་འདུད། །གསང་སྔགས་ཞེས་བྱ་བའི་གཏན་ཚིག་ནི། །ཆོས་དེ་སྦ་དགོས་སྐྱོན་ཡོད་མ་ཡིན་ཏེ། །སེང་གེའི་འོ་མ་རྫ་ཤིང་སྣོད་བླུགས་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་འབོ་བའི་དཔེ། །སྣོད་མིན་རྣམས་ལ་གསང་སྔགས་ཆོས་བཤད་ན། །ཁོ་ཡི་བློ་ལ་མི་ཤོང་ལོག་ལྟ་བྱེད། །གདམས་པའི་ངད་ཡལ་ཁོ་ཉིད་དམྱལ་བར་འགྲོ། །སེང་གེའི་འོ་མ་གསེར་གྱི་སྣོད་བླུགས་ལྟར། །སྣོད་ལྡན་རྣམས་ལ་སྤེལ་ན་ཕན་

(༣)ཐོགས་ཆེ། །དེ་ཕྱིར་གསང་དང་སྤེལ་ཚོད་སྣོད་ལ་བརྟག །སྤྱིར་ནི་གསང་སྔགས་གསང་ན་འགྲུབ་ཐག་ཉེ། །གསང་བར་བསྔགས་ཕྱིར་གསང་སྔག་མིང་དུ་བརྟགས། །མ་གསང་འཆལ་བར་བསྒྲག་ན་གསང་དམ་ཉམས། །ཚེ་འདིར་མཁའ་འགྲོའི་བཀའ་ཆད་ལུས་སྲོག་འཇོམས། །ཕྱི་མ་ངན་སོང་སྡུག་བསྔལ་མཐའ་མེད་སྤྱོད། །དེ་ལ་འཆད་མཁན་སློབ་དཔོན་རྟོགས་པའི་ཁྱེད། །འཁོར་འདས་དབྱེར་མེད་ལྟ་བ་རྟོག་པའི་མི། །རང་གི་སྣང་ངོར་སྣོད་མིན་མ་གྲུབ་སྟེ། །སངས་རྒྱས་སེམས་ཅན་དོན་ལ་མཉམ་པར་རྟོགས། །སེམས་ཅན་ཐམས་ཅད་ཡི་དམ་ལྷར་སྐུར་གསལ། །དེ་ལྟར་ནམ་མཁའ་ལྟ་བུའི་རྣལ་འབྱོར་པས། །ཁྲོམ་ལ་བཤད་ཀྱང་གསང་དམ་མི་ཉམས་པས། །སྣོད་མིན་རྣམས་ལ་ཡེ་གསང་ཐག་གི་ཆོད། །བཤད་ཀྱང་དེ་དོན་ཁོ་ཡི་གོ་མི་འགྱུར། །དེ་ལྟར་རྫོགས་ཆེན་རྒྱུད་ལས་བཤད་མོད་ཀྱིས། །དེ་འདྲའི་རྟོགས་པ་ཤིན་

(༤)ཏུ་དཀོན། །གྲུབ་ཐོབ་ཆེན་པོ་གླིང་རྗེ་རས་པ་ཡི། །ཁྲོམ་ལ་གསང་སྔགས་ཟབ་མོའི་ཆོས་འཆད་ཚེ། །དམ་ཚིག་ཉམས་པའི་མི་ཅིག་གསར་དུ་ཕྱིན། །དེ་མ་ཐག་ཏུ་ཚམས་འགྲིགས་གསུང་འགགས་ནས། །དེ་ཡིས་རྐྱེན་བྱས་འདས་ཚུལ་བསྟན་པ་དེ། །ཕྱི་རབས་གསང་སྔགས་གསང་དགོས་ཟེར་བའི་བརྡ། །ཆུ་བོ་གངྒས་བཅད་པ་ཚུན་ཆད་ལ། །ཁོང་ལས་རྟོག་པ་མཐོ་བ་མེད་པར་གྲགས། །དེ་ཕྱིར་ངོ་སྤྲོད་ཞལ་གདམས་འདི་རྣམས་ཀྱང་། །སྟོན་ནམ་མིན་སྟོན་སློབ་མའི་རྒྱུད་ཚོད་བརྟག །ངོ་སྤྲོད་མ་བྱས་བར་དུ་དཔེ་མི་བསྟན། །དཔེ་རྒྱུད་འཆར་མི་འཇུག་པའི་བཀའ་རྒྱས་བཏབ། །རྒྱས་པའི་ལས་དང་དབང་གི་སྒྲུབ་སྐོར་ནི། །སྤེལ་བས་སྐྱོན་གཞན་ཡོད་པ་མ་ཡིན་ཏེ། །ཡིད་བཞིན་ནོར་བུ་མི་ལ་གཏད་པ་ན། །རང་ཉིད་དབུལ་པོར་འགྲོ་བའི་དཔེ་བཞིན་དུ། །གཡང་ཉམས་གཡང་ཀ་འབྲི་བས་གཡང་ཀ་བསྡམས། །མ་མགོན་པར་ནག་ལ་སོགས་དྲག་སྔགས་རྣམས། །བསྟན་པའི་དོན་དུ་སྒྲུབ་རྒྱུ་ཡིན་མོད་ཀྱང་། །རང་འདོད་དུག་ལྔ་རགས་ཕྱིར་སྡིག་རྐྱེན་འགྱུར། །ཧ་ལ་འཚོང་དང་འདྲ་བས་རྣམ་སྨིན་སོམས། །སྣོད་ལྡན་གཅིག་བརྒྱུད་ཙམ་ལས་མ་སྤེལ་ན། །གསང་སྔགས་ཕྱག་ལེན་རྒྱུད་པ་རབ་ཆད་འགྱུར། །དེ་ཕྱིར་བརྩོན་འགྲུས་རྒྱ་མཚོ་ཁྱོད་ལ་གདམས། །ངོ་ཆེན་གལ་ཆེན་སྤེལ་དགོས་ནན་ཏན་ན། །ལྷ་དེར་གསོལ་བ་ཐོབ་ལ་རྨི་ལམ་བརྟགས། །གནང་བའི་

(༥)ལྟས་བྱུང་སྤེལ་ཀྱང་འགལ་མེད་ཙམ། །དེ་མིན་ཆིག་བརྒྱུད་ཁོ་ན་བྱ་བ་ལེགས། །ཐེམ་ཡིག་མེད་སྐོར་ཡིན་ཀྱང་འཆོལ་དགོས་པས། །ཐེམ་བྱང་ཀ་རྟགས་རྩིས་སུ་མནན་པ་ནི། །མིང་ཐོས་ཙམ་གྱིས་གཞུང་དོན་རྟོག་པའི་ཕྱིར། །ཀ །ཐེམ་བྱང་ཡིད་འཕྲོག་མཐོང་བ་དོན་རྟོག་ཡོད། །ལྷ་གཅིག་སྔགས་ཅིག་ཡི་དམ་ཀུན་འགྲུབ་ཕྱིར། །ཁ། །རྒྱུད་སྡེ་སྤྱི་སྒྲུབ་རྒྱལ་བ་རྒྱ་མཚོ་ཡོད། །དཔེ་དང་དོན་གྱི་ཡེ་ཤེས་ངོ་སྤྲོད་ཕྱིར། །ག །ཕྱག་ཆེན་ངོ་སྤྲོད་སངས་རྒྱས་ལགས་གཏད་ཡོད། །དགའ་བཞི་ཡེ་ཤེས་དངོས་སུ་ངོ་སྤྲོད་ཕྱིར། །ང་། །གདམས་ངག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡོད། །སྡིག་ཆེན་རྒྱལ་པོས་ཆད་པ་བཅད་བསམ་ན། །ཅ། །བཙན་ཐབས་འཕོ་བས་བཙོན་ནས་ཐར་ཐབས་ཡོད། །རྣམས་གཡེང་དབང་གིས་འཚམས་སྒྲུབས་མ་ལྕོག་ན། །ཆ། །རྒྱུན་ཁྱེར་མངོན་རྟོགས་ཟིན་བྲིས་ཟབ་མོ་ཡོད། །དབུལ་འཕོངས་བསྒྲུབ་པའི་ཡོ་བྱེད་མི་འཛོམ་ལ། །ཇ། །ཆུ་ལ་བསྟན་ནས་ཕྱི་ལྟར་སྒྲུབ་པ་ཡོད། །

(༦)མཆོད་གཏོར་འཛོམ་ཞིང་རྫས་གཞན་མི་འཛོམ་ལ། །ཉ། །གཏོར་མ་ལ་བརྟན་ནང་ལྟར་སྒྲུབ་པ་ཡོད། །ཤེས་རབ་བརྩོན་འགྲུས་སྒྲུབ་རྫས་འཛོམ་པ་ལ། །ཏ། གའུ་ལ་བརྟན་གསང་བར་བསྒྲུབ་པ་ཡོད། །སྒྲུབ་རྫས་ཀུན་འཛོམ་ཏིང་འཛིན་གསལ་བ་ལ། །ཐ། །ཕྱི་ནང་གསང་གསུམ་དྲིལ་ཏེ་སྒྲུབ་པ་ཡོད། །ཕྱི་ནང་གསང་གསུམ་སྒྲུབ་པ་རྟག་ཐོན་ལ། །ད། །ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་ཡོད། །སྨུག་འཛིན་རྩེ་ཡི་དམ་འཛིན་པ་པོས། །ན། །ལས་ཚོགས་འཐོར་བུ་སྒྲུབ་པའི་ཟིན་བྲིས་ཡོད། །བློ་གཏད་ལིང་སྒྱུར་བྱས་པའི་སློབ་བུ་ལ། །པ། །སྔགས་བྱང་བསྙན་རྒྱུད་ཡིག་གེ་མེད་པ་ཡོད། །གའུ་སོ་སོར་སྒྲུབ་བམ་དྲིལ་སྒྲུབ་ཀྱིས། །ཕ། །སྔགས་བྱང་གཏོར་མའི་བཅའ་ཐབས་གུད་དུ་སྦས། །འགྲུབ་དང་མི་འགྲུབ་དངོས་གྲུབ་འབྱུང་མི་འབྱུང་། །བ། །ཤེས་ཕྱིར་ཚོད་འཛིན་རྟགས་ཀྱི་ཡིག་གེ་ཡོད། །རྣམས་གཡེང་ཆེན་པོས་སྒྲུབ་ལོང་མ་བྱུང་ན། །མ། །སྒྲུབ་པ་རླུང་ལ་བཅོལ་བ་གུད་དུ་གབ། །རྨོང་པ་རྣམས་ཀྱིས་ལག་ལེན་བདེ་བའི་ཕྱིར། །ཙ། །ཙཀྐྲ་ལྔ་ཡི་དཔེའུ་རིས་གསལ་བར་ཡོད། །གནམ་ཆོས་སྐོར་ལས་དངོས་གྲུབ་འབྱུང་འདོད་ན། །ཚ། །སྤྲོས་མེད་ཛམ་དམར་ཟིན་བྲིས་གུད་དུ་གབ། །ཡིད་ཆེས་དང་བ་བསྐྱེད་པར་བྱ་བའི་ཕྱིར། །ཝ། །སྒྲོལ་མ་དམར་མོའི་ལོ་རྒྱུས་ཕན་ཡོན་ཡོད། །བསྟན་འཛིན་

(༧)ཞ། དགེ་འདུན་འདུ་ཆོག་འཕགས་ཚོགས་རྒྱ་མཚོ་ཡོད། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཕྱིར། །ཟ། །དངོས་གཞི་སྒྲུབ་པ་ཆེན་པོའི་ལོ་རྒྱུས་ཡོད། །ལོག་ལྟ་ཅན་ཀུན་ཆོས་ལ་འཛུད་པའི་ཕྱིར། །འ། །མན་ངག་ཤིན་ཏུ་གསང་བ་ཆིག་རྒྱུད་ཡོད། །འགུག་དང་བསྲུང་དང་ལོངས་སྤྱོད་འཕེལ་རྒྱས་སོགས། །ཡ། །ཙ་ཀྲའི་སྒོ་ནས་ལས་སྒྲུབ་མན་ངག་གབ། །བསོད་ནམས་བསྐྱེད་ཅིང་ལོངས་སྤྱོད་འཕེལ་བའི་ཕྱིར། །ར། །ལས་ཚོག་གསང་རྒྱ་དཔག་བསམ་ཤིང་སྒྲུབ་ཡོད། །འཇིག་རྟེན་མཁའ་འགྲོ་ལས་ལ་བསྐུལ་བའི་ཕྱིར། །ལ། །བཀའ་སྡོད་གནོད་སྦྱིན་མོ་ཡི་སྒྲུབ་པ་ཡོད། །སྟོབ་ཆེན་སྒྲུབ་བྱ་ཆོས་སྒོར་དབང་སྡུད་ཐབས། །ཤ །དབང་གི་སྦྱིན་སྲེག་ཞལ་གདམས་གུད་དུ་སྦས། །དར་རས་ལྷ་མོའི་སྐུ་ལ་བརྟེན་པ་སོགས། །ས། །ལས་ཚོགས་ཉེར་མཁོའི་སྐོར་ཉུང་བསྡུས་པ་ཡོད། །མི་ངན་ཨར་བས་ཆོམ་ཕྲོག་བྱས་པ་ན། །ཧ། །གློ་བུར་ཐན་འགྱེད་དུག་མདའ་ནག་པོ་ཡོད། །ཉམ་ཆུང་ཆོས་པར་དོ་བསྡོས་ཕོད་བཙུགས་ན། །ཨ། པཀྴིའི་གིང་ནག་ཁྲེས་པོ་ཁ་སྲུང་ཡོད། །ཞིང་བཅུ་ཚངས་བའི་བསྟན་དགྲས་དོ་བསྡོས་ན། །ཀཾ། །མ་མགོན་གཏོར་ནག་སྲོག་གི་པར་བུ་ཡོད། །སྒྲུབ་པ་མ་ཐོན་གསར་བུའི་རྐྱེན་བཟློག་ན། །ཁཾ། །སྲུང་བཟློག་སོར་གར་ཕན་པའི་ཁྱི་ཚིལ་ཡོད། །

(༨)གློ་བུར་དགྲ་བྱུང་ཡོན་བདག་འདྲེས་བཏབ་ན། །གཾ། །ལ་བཙས་གཟའ་འགྱེད་དམ་པའི་ལྕག་དྲ་ཡོད། །དད་ལྡན་བུའི་ཉམས་རྟོག་ཞུས་པའི་ལེན། །ངཾ། །གོ་བ་རྟོག་པ་དབྱེ་གསལ་ངོ་སྤྲོད་ཡོད། །སྡོམ་གསུམ་བསྐྱེད་རྫོགས་བསྒོམ་བཟླས་རྩེ་ཅིག་ཏུ། །ཅཾ། །ཚུལ་བཞིན་ཉམས་སུ་ལེན་ཚུལ་ཞལ་གདམས་ཡོད། །དེ་ལྟར་སྦས་ཆོས་ཚན་པ་སུམ་བཅུ་ལྔ། །འཁོར་བའི་ཆུ་བོ་སྒྲོལ་བའི་གྲུ་ཆེན་ཡིན། །མཆོག་ཐུན་དངོས་གྲུབ་ཀུན་འབྱུང་ནོར་བུ་ཡིན། །བར་ཆད་བགེགས་ཚོག་བསྲུང་བའི་གོ་ཁྲབ་ཡིན། །ཁམས་གསུམ་དབང་སྡུད་དོན་ཡོད་ཞག་པ་ཡིན། །དགྲ་བགེགས་ཚར་གཅོད་རལ་གྲི་བསམ་ཆོད་ཡིན། །སེང་གེའི་གཡུ་རལ་ཁྱི་ལ་མི་མཛེས་ཏེ། །རིག་འཛིན་བརྒྱུད་པའི་སེང་ཕྲུག་རྣམས་ལ་མཛེས། །དེ་ཕྱིར་རུ་པ་བརྩོན་འགྲུས་རྒྱ་མཚོར་གདམས། །གསང་སྔགས་བརྒྱུད་པ་བྱིན་རླབས་མི་ཉམས་ཤིང་། །སྒྲུབ་རྒྱུད་བསྟན་པ་མཛེས་པའི་རྒྱན་དུ་ཤོག །ཐེམ་ཡིག་མེད་པའི་ཐེམ་ཡིག་འདི་ཉིད་ཀྱང་། །རཱ་ག་ཨ་སྱས་ཅི་ལྟར་སྨྲས་པ་ལྟར། །བརྩོན་འགྲུས་རྒྱ་མཚོས་འཕྲལ་དུ་ཡི་གེར་བཀོད། །ཁ། །རི་ཆོས་འཚམས་ཀྱི་ཞལ་གདམས་ཆིག་བརྒྱུད་ཨུ་པ་ཚེས་ཀྱི་གྲངས་ཀ་ལས། །རྒྱུད་སྡེ་སྤྱི་སྒྲུབ་རྒྱལ་བ་རྒྱལ་མཚོའི་ཉམས་ལེན་ཆིག་དྲིལ་སྙིང་གཏམ་དུ་གདམས་པ་མདོ་རྒྱུད་མན་ངག་ཀུན་གྱི་བཅུད་བསྡུས་རང་གི་ཉམས་མྱོང་དང་སྦྱར་ཏེ་གདམས་པ་ཡོད། ༈ ན་མོ་ལོ་ཀི་ཤྭ་ར་ཡེ། །

(༩)བླ་མ་ཡི་དམ་དབྱེར་མེད་ཆིག་དྲིལ་བ། །རྒྱལ་བ་རྒྱལ་མཚོས་ཐུགས་རྗེ་འདིར་གཟིགས་ཤིག །བདག་གིས་འདི་བསམ་བདག་ལ་མོས་རྣམས་ཀྱང་། །འདི་ལྟར་སེམས་ལ་འདི་ལྟར་ཉམས་སུ་ལོངས། །ཐོག་མེད་དུས་ནས་རང་ངོ་མ་ཤེས་འཁྲུལ། །ལས་ངན་བསགས་པས་མཐའ་མེད་འཁོར་བར་འཁྱམས། །སྔོན་བྱོན་སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་། །རང་ལ་མ་ཕན་བྱང་ལྟས་བྲག་ཕུག་བཞིན། །སྐྱེ་རྒ་ན་འཆི་ཆུ་ཡི་གཉེར་མ་བཞིན། །ཐར་དུས་མེད་པས་ཉེས་ཆེན་ལྕག་བླུགས་བཞིན། །བར་སྐབས་འགའ་ལ་བསོད་ནམས་ཚོགས་བསག་ཀྱང་། །བསྔོ་མ་ཤེས་པས་འབྲས་བུ་སྨིན་ནས་ཟད། །ངན་སོང་གསུམ་དུ་གཏན་གྱི་ཕ་ཡུལ་བྱས། །འདི་ལ་སྐྱོ་བ་གཏིང་ནས་མི་སྐྱེ་བ། །བདག་གི་སེམས་འདི་བདུད་རྒན་སུ་ཡིས་བསླུས། །སྔོན་ཚེ་ཚུལ་ཁྲིམས་གཙང་མ་བསྲུང་བའི་འབྲས། །ད་རས་མི་ལུས་གཙང་མ་ཐོབ་ན་ཡང་། །དུས་ངན་སྙིག་མར་ཐུག་པས་བར་ཆད་རྒོད། །ཚེ་ཐུང་ནད་མང་ཕྱི་ནང་འཚེ་བ་མང་། །འདི་ལ་རྩེ་ཅིག་ཉམས་ལེན་མི་བྱེད་པར། །ཚེ་འདིར་བྱ་བའི་ཆད་དུ་གཡེང་བ་འདི། །བདག་ལ་དམུ་གབ་ཅི་འདྲ་ཞིག་གིས་བཀབ། །ཕུ་ཤི་མདའ་ཤི་གཞོན་ཤི་འདི་ཙམ་མཐོང་། །རང་ལ་ནམ་འཆི་ཆ་མེད་ངེས་ཏིག་མེད་བཞིན་དུ། །ད་རུང་ཤོམ་ར་མང་པོ་འདིངས་བ་འདི། །བདག་གིས་སྙིང་ལ་རྒྱལ་འགོང་སུ་ཞུགས་ན། །དེ་རིང་ནད་ཕོག་དོ་རྒོངས་དབུགས་སོང་ན། །རང་ལ་མི་འཇིག་གདེང་ནི་ཅི་འདྲ་ཡོད། །ཆ་མེད་ཡུལ་དུ་རྒྱུས་

(༡༠)མེད་ལག་སྟོང་འགྲོ། །དེ་དུས་ལས་མཁན་བདག་ཅག་འཚག་ཡོད་དམ། །གར་འགྲོ་ཡིད་གཏད་ངེས་ཏིག་ཅང་ཡོད་དམ། །ལས་ཀྱི་དྲངས་མཁན་གཤིན་རྗེའི་ཁྲིམ་ར་ན། །ངོ་གནང་མེད་པའི་སྤྱོད་པ་ཨེ་བྱས་སམ། །ལས་ཀྱི་རྣམ་སྨིན་སུས་ཀྱང་མི་བཟློག་ན། །ལྟུང་བ་ཕྲ་མོ་རེས་ཀྱང་ངན་སོང་དུ། །ལྟུང་བར་གསུང་ནས་སྡིག་གཞན་སྨོས་ཅི་དགོས། །ངན་སོང་སྡུག་བསྔལ་བྲིས་པ་མཐོང་བ་འམ། །རྣ་བས་ཐོས་ཀྱང་ཡི་མུག་ག་ཆད་ན། །ཐོག་ཏུ་ཕྱིན་ན་བསྲན་བཟོད་ཅི་ཏར་ནུས། །འདི་ལ་བསམ་ཞིང་ལས་འབྲས་མི་འཛོམ་པ། །བདག་གིས་སེམས་འདི་བསྙོ་ཚབ་མ་ཆེས་སམ། །གྲངས་མེད་སྔོན་ནས་གྲངས་མེད་ལུས་བླངས་པས། །སེམས་ཅན་ཅིག་གི་རང་གིས་མ་བྱས་པ། །གྲངས་ནི་རྩིས་ཀྱིས་མི་ཐེབས་མཐའ་ཡས་ན། །དགྲ་ལ་མནར་སེམས་གཉིད་ཁུང་ཚུན་ལ་འཆང་། །དྲེད་པོ་ཁྲེམ་མེད་བདག་ལ་ཡི་རེ་མུག །ཉེ་དུ་མཐུན་གྲོགས་ཚོང་དུས་མགྲོན་པོ་བཞིན། །མྱུར་དུ་འབྲལ་ཞིང་ཕྱིན་ཆད་མི་འཕྲད་པ། །འཁོར་བའི་ཆོས་ཉིད་སུས་ཀྱང་བཟློག་མེད་ན། །མཛའ་ཤེས་གདུང་སེམས་ཤི་བའི་མྱ་ངན་དང་། །གསོན་ཚེ་འཛིང་རྩོད་ང་ཁྱོད་སྨྲ་མཆུ་འདི། །འགོང་པོ་སུ་ཞིག་ཡིད་སེམས་དཀྲུགས་པ་ཨང་། །དིང་སང་མར་མེ་འཆི་ཁ་གསལ་བ་ལྟར། །ཤཱཀ་ཐུབ་བསྟན་པ་ནུབ་ཁ་གསལ་བའི་དུས། །དགེ་བའི་བཤེས་གཉེན་ཟླ་དཀར་བཀྲ་བ་ལྟར། །

(༡༡)བཙུན་པ་དགེ་འདུན་མེ་ཏོག་གླིང་རྒྱས་བཞིན། །ཐམས་ཅད་བཅོམ་ལྡན་འདས་ཐུབ་པའི་རྗེས་འཇུག་སྟེ། །ཀུན་ལ་དག་སྣང་མོས་གུས་མི་སྐྱེ་བར། །རང་སྐྱོན་དུག་ཕུང་འདྲ་ཚེ་ཁོང་དུ་སྦེད། །གཞན་སྐྱོན་རྟ་རྔ་ཙམ་ལ་མཛུབ་མོས་བཙུག །ཅལ་སྒྲོག་རྗེས་རྒྱུགས་འབར་ཤེས་ལས་ངན་བསག། །བདག་གིས་ས་སྙིང་ལ་མུ་སྟེགས་སུ་ཞུགས་ན། །རིག་པའི་གནས་དང་ཡོན་ཏན་ཕྲ་མོ་རེའི། །མཐའ་རྒྱ་བཅད་ན་ནམ་མཁའ་འདོམས་མཇལ་འདྲ། །སྔོན་གྱི་པཎ་འགྲུབ་མང་པོས་མཐའ་མ་ཆོད། །ཚེ་ཐུང་ཤེས་རབ་རྨོངས་ཤིང་ལེ་ལོ་ཅན། །བདག་འདྲས་ཡོན་ཏན་མཐའ་རྒྱ་གཅོད་པ་ན། །ཕྱེ་མ་ལྷེབ་ཀྱི་ནམ་མཁའི་མཐའ་ཚོལ་བཞིན། །ཧཾ་པ་ཆེན་པོའི་མི་ང་མཚར་བ་ལ། །ཧ་ཅང་མཐའ་རྒྱ་ཆོད་པ་མ་བྱུང་ཡང་། །ཅི་ཡང་ཧ་ཁོག་གོ་ཙམ་དགོས་པ་ན། །བློ་མང་ཤེས་པ་ཡང་ཡང་རྒྱུ་སྐར་བཞིན། །རང་གཞན་སུ་ལའང་མི་ཕན་དགེ་སྦྱོར་ཆག །དེ་བས་གནད་ཀྱི་གདམས་ངག་ཉམས་བླངས་ན། །འཆི་ཁ་མི་འགྱོད་ཙམ་ཞིག་འོང་བར་ངེས། །གསར་མའི་ཆོས་ཕུག་མཁས་པའི་ཡང་རྩེ་མཆོག །ལོ་ཙར་གྲག་ཀྱང་དོན་ལ་པཎྜི་ཏ། །ལོ་ཆེན་རིན་བཟང་གཟིམས་ཁང་རྩག་བཞི་ལ། །རྒྱུད་སྡེ་བཞི་པོ་སོ་སོའི་དཀྱིལ་འཁོར་བཞེངས། །ཞག་

(༡༢)རེ་རེ་ཐུན་བཞིར་སོ་སོའི་ཉམ་ལེན་བྱེད། །དེ་ཚེ་ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་རྗེ། །མ་མཉེས་ལོ་ཙ་ཝ་ཞེས་རུལ་འདུག་ཅེས། །ཐམས་ཅད་ཅིག་ཏུ་དྲིལ་བའི་གདམས་པ་གནང་། །ཉམས་སུ་བླང་པའི་འཇའ་ལུས་མཁའ་སྤྱོད་གཤེགས། །ཐམས་ཅད་ཀུན་མཁྱེན་ཨོ་རྒྱན་རིན་པོ་ཆེས། །རྒྱལ་བ་གཅིག་འགྲུབ་ཐམས་ཅད་འགྲུབ་པར་གསུངས། །ཐུབ་པའི་དབང་པོས་འཇིག་རྟེན་མཐའ་ཡས་ན། །མི་འདྲའི་མདོ་སྡེ་དཔག་མེད་གསུངས་པ་རྣམས། །ཚིག་ནི་ཐ་དད་དོན་ནི་གཅིག་པ་སྟེ། །ཚིག་གཅིག་དོན་རྟོགས་ཐམས་ཅད་རྟོག་པར་གསུངས། །ཆོས་པའི་ཡང་རྩེ་ཁ་རག་སྒོམ་ཆུང་གིས། །ཚེ་ལ་ལོང་མེད་ཚིག་ལ་ཟད་པ་མེད། །དེ་བས་དམ་པའི་གདམས་ངག་ཉམ་ལོང་གསུངས། །དེ་ཕྱིར་མདོ་སྔགས་བཀའ་གཏེར་ཐམས་ཅད་དང་། །གཞུང་དང་མན་ངག་སྙན་རྒྱུད་རྟོག་ཆོས་སོགས། །ཐམས་ཅད་ཅིག་ཏུ་དྲིལ་ནས་ཉམས་ལེན་འདོད། །དེ་ཡང་ལྟ་སྒོམ་སྤྱོད་འབྲས་བཞི་རུ་འདུས། །ལྟ་བ་ཆིག་དྲིལ་ཀ་དག་ཀུན་བཟང་ཀློང་། །བསྒོམ་པ་ལྔ་ལྡན་ཆིག་དྲིལ་སྒོམ་པའི་མཆོག །སྤྱོད་པ་སྡོམ་གསུམ་ཅིག་དྲིལ་བཀའ་རྒྱུད་སྲོལ། །འབྲས་བུ་མཆོག་ཐུན་ཆིག་དྲིལ་འདིར་སྨིན་བྱ། །དང་པོ་ལྟ་བའི་གནས་ལུག་མ་རྟོག་ན། །ཆོས་ལ་བརྩོན་ཡང་འཁོར་བ་ལས་མི་འཕགས། །ཐོས་བསམ་བྱས་སམ་དཔེ་རྒྱུད་བལྟས་པའམ། །

(༡༣)བླ་མའི་གསུང་ལ་གོ་བ་ཆེན་པོ་ཤར། །ཆོས་ཀུན་ཡེ་ནས་སྟོང་ཉིད་ཆོས་ཀྱི་དབྱིངས། །ཡོད་མེད་རྟག་ཆད་ཕྱོགས་ལྷུང་མཐའ་དང་བྲལ། །ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ། །ཡིན་པར་འདུག་སྙམས་ངེས་ཤེས་སྐྱེས་པ་དེ། །ཤེས་བྱའི་གཤིས་ལ་ཤོར་བའི་ལྟ་བ་སྟེ། །དེ་ཡི་འཁོར་བའི་རྩ་བ་གཅོད་མི་ནུས། །གོ་བ་ལྷན་པོ་འདྲ་སྟེ་གོག་རྒྱུ་ཡིན། །ཉོན་མོངས་རྣམ་རྟོག་འགོ་ཡང་དེས་མི་ནོན། །སྣོད་བཅུད་རང་ཡང་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་གྱེན་རྫོགས་ཡལ་ནས་སྟོང་པ་ཉིད། །ནམ་མཁའ་ལྟ་བུས་སྟོང་ཉིད་བསྒོམ་པ་དང་། །སྭ་བྷཱ་ཝ་སོགས་ཀྱིས་སྦྱངས་པ་ཡིས། །ཐམས་ཅད་མི་དམིགས་ནམ་མཁའ་ལྟར་བསམ་ལ། །སྟོང་པར་བསམ་མཁན་དེ་རང་རྣམ་རྟོག་སྟེ། །རྣམ་རྟོག་མ་རིག་འཁོར་བའི་རྩ་བ་ཡིན། །དེ་བཞིན་མདོ་རྒྱུད་མན་ངག་ཡིག་ཆ་ལས། །ཐམས་ཅད་སྟོང་པ་ཉིད་དུ་གསུང་པ་དང་། །དགེ་སྡིག་རྒྱུ་འབྲས་མ་གྲུབ་སྟོང་ཉིད་དུ། །གསུང་པའི་གོ་བ་ཙམ་ལ་གདིང་བཅས་ནས། །རྒྱུ་འབྲས་ཁྱེད་བསད་སྡོམ་པ་དམ་ཚིག་འཆོས། །ཐམས་ཅད་སྟོང་ཉིད་ཡིན་ཟེར་འཆལ་གཏམ་མཐོ། །ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་དེ། །ལོ་རྒྱུས་རུ་ཏྲའི་སྐྱེས་རྒྱུད་གསལ་ལྟར་ཏེ། །སྟོང་པ་ཉིད་ལ་ལྟ་ཉེས་ཕུང་བའི་རྒྱུ། །འཁོར་བའི་རྩ་བ་གཅོད་པའི་སྟ་རེ་ནི། །སྟོང་ཉིད་ཡིན་པས་དེ་ཉིད་ཉམས་བླངས་ནས། །དུག་ལྔ་འཁོར་བའི་

(༡༤)རྩ་བ་གཅོད་སྙམ་པ། །དཔང་གཉེན་སོ་སོར་འཛིན་པའང་དོན་མ་གོ། །གཉེན་པོར་ཤོར་ཞེས་ཕྱག་རྫོགས་ལམ་དང་འགལ། །རྣམ་རྟོག་མ་རིག་འཁོར་བའི་རྩ་བ་དེ། །རྣམ་རྟོག་མེད་པ་རྟོག་མེད་ཡེ་ཤེས་ནི། །བསྒོམ་པར་འདོད་ཀྱང་རྒྱ་ནག་ཧ་ཤང་གིས། །ལྟ་བ་ཡིན་པས་དེ་ཡི་གནད་ཤེས་བྱ། །རྣམ་རྟོག་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། །རིག་དང་མ་རིག་དྲན་དང་མ་དྲན་མེད། །ངོ་བོ་ཆོས་སྐུ་ཉིད་དུ་འདུག་སྙམ་ནས། །གོ་བ་ཙམ་ལ་ངེས་ཤེས་གདིང་བཅས་ནས། །གང་དགར་ཉལ་ཞིང་བག་མེད་སྤྱོད་པ་ནི། །ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བ་སྟེ། །རྐྱལ་མཁན་མཁས་པ་ཆུ་ལ་རྒྱུག་མཐོང་ནས། །རྐྱལ་མི་ཤེས་པ་ཆུ་ལ་མཆོང་དང་འདྲ། །ཐོས་པ་རྒྱ་ཆེ་གོ་བ་ཅི་བཟང་ཡང་། །ལྟ་བ་དངོས་སུ་རྟོག་པ་མི་ཡོང་བས། །བསྒོམ་པའི་སྟོབས་ཀྱིས་ནང་ནས་འཆར་བ་དགོས། །དེ་ཡང་ཉམས་དང་རྟོག་པ་ནོར་དགོས་མཆིས། །ས་ལེ་སིང་ངེ་ནམ་མཁའ་གཡའ་དག་ལྟར། །གཟུགས་དང་ཁ་དོག་མེད་དེ་བལྟ་རྒྱུ་ཡོད། །འདི་འདྲ་བརྗོད་མི་ཤེས་ཀྱང་མྱོང་རྒྱུ་ཡོད། །ངེས་ཤེས་འཛིན་པ་རང་ཡིད་ཆེས་པ་དགོས། །འདི་འདྲ་གནད་འགག་ཆེན་པོ་ཐུག་འདུག །བརྩོན་འགྲུས་རྒྱ་མཚོ་བདག་འདྲ་ལ། །རྟོག་པ་ནང་ནས་འཆར་བར་བྱིན་གྱིས་བརླབས། །ཅེས་ཞུས་སོ་མཆན། གཉེན་པོ་ཉིན་མཚན་ཕལ་ཆེར་འགྱུར་བ་མེད། །

(༡༥)མེ་རེ་ཁྱིལ་ལེ་ལུས་སེམས་བདེ་བས་ཁྱབ། །སེམས་རྩ་སྐྱིད་ཅིང་ཉོན་མོངས་འགོ་བོ་ནོན། །བྱ་བ་ཐེང་ཞིང་ཆག་ཞན་རང་སར་ཞིང་། །སྣོད་བཅུད་ཕྱི་ནང་ཐམས་ཅད་སྟོང་པར་མཐོང་། །རི་བྲག་རྩིག་པར་ཐོག་པ་མེད་སྙམ་བྱེད། །ཐམས་ཅད་སྟོང་པ་ཉིད་དུ་ཕྱམ་མེ་མཐོང་། །འོན་ཀྱང་སྟོང་པ་རེད་སྙམ་འཛིན་པ་ནི། །ཕྲའུ་ཡོད་ཅིང་མི་རྟག་འགྱུར་ལྡོག་ཆེ། །དེ་ཚེ་སྙམ་མིན་རྟོག་པ་མ་ཐོབ་པས། །ལྟ་བ་ཡིན་པར་རློམས་ན་གོལ་ས་མང་། །གོ་བའི་ལྟ་བ་ཉམ་ཀྱི་ལྟ་བ་སོགས། །ལྟ་བར་འཛིན་ན་ར་གན་གསེར་དུ་རློམས། །མོས་གུས་རྟ་བཟང་བརྩོན་འགྲུས་ལྕག་གིས་བྲབ། །ཚོགས་བསགས་སྒྲིབ་སྦྱངས་སྒ་ཆ་ལེགས་བསྡམ་ན། །བླ་མ་ཡི་དམ་བྱིན་རླབས་ཞུག་པའི་མཐུས། །ནམ་ཞིག་ལྟ་བ་ནང་ནས་འཆར་བ་ཡིན། །ལྟ་བྱ་ལྟ་བྱེད་གཅིག་འདྲེས་ལྟ་རྒྱུ་མེད། །ཡིན་མིན་ཡོད་མེད་བདེན་རྫུན་འཛིན་པ་སྟོར། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཅིག་ཏུ་འདྲེས། །སངས་རྒྱས་སེམས་ཅན་བདག་གཞན་ཅིག་ཏུ་འདྲེས། །ཡེངས་དང་མ་ཡེངས་སྒོམ་དང་མ་བསྒོམ་མེད། །བྱར་མེད་བརྗོད་མེད་བརྗོད་པ་ཀུན་གྱིས་གཞི། །གེགས་དང་གོལ་ས་ལྟ་བུའི་ཡ་ང་ཞི། །ཐོབ་བྱ་ཐོབ་བྱེད་འབྲས་བུ་རང་ལ་རྙེད། །མདོ་རྒྱུད་མན་ངག་ཆོས་གཏེར་ཁོང་ནས་རྡོལ། །མ་རྟོག་སྨིག་སྒྱུ་ལྟ་བུའི་འགྲོ་བ་ལ། །

(༡༦)བཅོས་མིན་ཤུག་འབྱུང་སྙིང་རྗེ་སྐབས་སུ་ལྡང་། །ཉོན་མོངས་དུག་ལྔའི་རྣམས་རྟོག་ཕྲ་རགས་ཀུན། །སོ་མ་ཉམ་པར་ཡེ་ཤེས་ཆོས་སྐུར་ཤར། །གོ་མ་ཉམ་སྣང་མིན་པར་མངོན་སུམ་དུ། །དེ་ལྟར་རྟོགས་ལྟ་བ་རྟོག་པ་ལག །དེ་འདྲ་རྟོག་པའི་ཐབས་ནི་སྒོམ་པ་སྟེ། །བྱང་ཆུབ་སེམས་ཀྱིས་ཀུན་བསླངས་མ་ལེགས་ན། །བསྒོམ་སྒྲུབ་བརྩོན་ཡང་ཐེག་དམན་ཉན་ཐོས་ལམ། །ཀུན་གྱི་ཐོག་མར་སེམས་ཅན་ཐམས་ཅད་ཀུན། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། །བདག་གིས་འདི་ཉིད་ཉམས་སུ་ལེན་ཉམ་པའི། །སེམས་བསྐྱེད་བཟང་པོ་ཁ་ཙམ་མིན་པ་གཅེས། །རང་ལུས་ཡི་དམ་ལྷ་རུ་མ་བསྒོམ་ན། །མི་ཚེར་བསྒོམ་ཀྱང་ལམ་གྱི་བསྒྲོད་ཐག་རིང་། །སྦྱང་གཞི་སྦྱང་བྱེད་ཕྱོགས་ཙམ་མ་ཤེས་ན། །ལྷ་སྐུ་གསལ་ཡང་གྱ་ནམ་ལྷར་གཞན་ཞེས། །རྒྱུད་ནས་གསུངས་པའི་བླ་མེད་བསྐྱེད་རིམ་མིན། །སྣོད་ཀྱི་འཇིག་རྟེན་རང་ལུས་ཆག་པའི་རིམ། །སྦྱང་ཕྱིར་གཞལ་ཡས་ཁང་ནི་བསྐྱེད་པ་དང་། །བཅུད་ཀྱི་སེམས་ཅན་ཕུང་ཁམ་སྐྱེ་མཆེད་རྣམས། །སྦྱང་ཕྱིར་ཡི་དམ་ལྷ་སྐུ་སྒོམ་པ་ཡིན། །དེ་ཡང་གསར་རྙིང་བླ་མེད་ཡི་དམ་ལྷ། །ཐམས་ཅད་འདྲ་ཡང་ཀུན་འདུས་ཀུན་ལས་ལྷག །སངས་རྒྱས་ཀུན་གྱི་སྤྲུལ་གཞི་མཐར་ཐིམ་པ། །རྒྱལ་བ་ཀུན་འདུས་རྒྱ་མཚོ་

(༡༧)སྤྱན་རས་གཟིགས། །ལྷ་ཅིག་དེ་བསྒོམ་ཐམས་ཅད་ཀུན་འདུས་ཏེ། །ལོང་སྐུ་རྣམ་པར་སྣང་མཛད་གངས་ཅན་མཚོ། །དེ་ཡི་སྤྲུལ་པ་ཆ་ཅིག་ཡིན་པར་གསུངས། །སྐལ་བཟང་སངས་རྒྱས་སྟོང་རྩ་བྱེ་བ་བརྒྱ། །སྤོ་ཊ་ལ་རུ་སེམས་དཔའ་སྤྱན་རས་གཟིགས། །བྱེ་བ་ཕྲག་བརྒྱ་དེ་བཞིན་རྔ་ཡབ་གླིང་། །པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་ཡང་། །ཐུགས་རྗེའི་ཆེན་པོའི་སྤྲུལ་པ་ཆ་ཤས་རེ། །བདེ་རྒྱས་གསང་གསུམ་དུས་འཁོར་གདན་བཞི་སོགས། །རྒྱུད་སྡེ་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་ནི། །ཤཀ་ཐུབ་སྐུ་ཡི་སྒྲུབ་ཐབས་རེ་རེ་སྟེ། །ཤཀཱ་ཐུབ་སངས་རྒྱས་སྟོང་རྩར་བཅས་པ་ཡང་། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆ་ཤེས་རེ། །དེ་ཡི་སྒྲུབ་ཐབས་རྒྱུད་སྡེ་སོ་སོ་ནས། །དཔག་མེད་གསུང་ཀྱང་བླ་མེད་རྒྱུད་སྡེ་མཆོག །དེ་ལའང་གསུམ་ལས་གཉིས་མེད་རྒྱུད་ཡིན་པས། །ལམ་ཐག་ཉེ་ཞིང་དཀའ་ཚེག་མེད་པ་དང་། །གསར་རྙིང་གཏེར་གསུམ་ཞལ་འཆམ་རྩོད་པ་བྲལ། །ཐ་སྙད་མཁས་པ་སུས་ཀྱང་བཀག་པ་མེད། །རྒྱུད་དང་རྒྱ་གཞུང་མན་ངག་བོད་དུ་འགྱུར། །རྒྱུད་པའི་བཀའ་བབས་བྱིན་རླབས་སོ་མ་ཉམས། །དམ་ཚིག་སེལ་མེད་རྒྱུད་པ་རིང་ཐུང་མང་། །རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས། །འདི་ལས་ཁུང་བཙུན་འདི་

(༡༨)ལས་ཟབ་པའི་ཆོས། །ས་སྟེང་འདི་ན་མེད་སྙམ་བདག་གིས་སེམས། །ཕུང་པོ་ལྔ་པོ་སྦྱང་ཕྱིར་ཡབ་ལྔ་དང་། །ཁམས་ལྔ་སྦྱང་ཕྱིར་དེ་ཡི་ཡུམ་ལྔ་པོ། །སྐྱེས་གནས་བཞི་པོ་སྦྱང་ཕྱིར་ཌཱ་ཀི་བཞི། །དབང་པོ་ལྔ་སྦྱང་མཆོད་པའི་ལྷ་མོ་ལྔ། །འབྱུང་བ་ལྔ་དང་དུག་ལྔ་ཕུང་པོ་ལྔ། །སྦྱང་ཕྱིར་ལྷ་ལྔ་ལྷ་དགུ་ཡིན་ཤེས་བྱ། །དེ་ཡང་མིན་ལ་ཡིན་པར་སྒོམ་པ་མིན། །དངུལ་རྡོ་དངུལ་ཡིན་བཞུས་ནས་དངུལ་འོང་ལྟར། །རང་ལུས་ལྷ་ཡིན་བསྒོམ་ན་ལྷར་གྱུར་བ། །དེ་དོན་ཤེས་ན་བླ་མེད་བསྐྱེད་རིམ་ཡིན། །དེ་ཕྱིར་ལྷ་དགུ་ལྷ་ལྔ་གང་ཡིན་པའི། །ཆོ་ག་བཞིན་དུ་སོ་སོར་དམིག་པ་གསལ། །མཐར་ནི་སྟོང་པའི་བསྡུ་བའི་བར་འཚམས་ཅིག །བསྐལ་པ་ཆེན་པོ་ཆགས་ནས་མ་ཞིག་བར། །ཚོགས་བསག་སྒྲིབ་སྦྱངས་བྱས་དང་བསོད་ནམས་མཉམ། །མདོ་ལས་གསང་སྔགས་ལམ་ཐག་ཉེ་བའི་གནད། །སྦྱང་གཞི་ངག་ལ་སྦྱང་བྱེད་སྔགས་དང་རླུང་། །སྦྱང་འབྲས་གསུང་གི་རྡོ་རྗེ་ཐོབ་པའི་ཐབས། །གསང་སྔགས་རིག་སྔགས་གཟུང་སྔགས་མཐའ་ཡས་ཀྱང་། །ཕན་ཡོན་ཡིག་དྲུག་འདྲ་བ་གཞན་མ་མཆིས། །གང་རིའི་ཁྲོད་དང་ཁྱེད་པར་བར་ལམ་འདིར། །ཡིག་གེ་དྲུག་པའི་བཀའ་བབ་ལུང་བསྟན་གསལ། །སྙིག་མ་ལྔ་བརྒྱའི་ཐ་མ་

(༡༩)དུས་ངན་དུས། །ལྷ་འདི་སྔགས་འདི་ཐུགས་རྗེ་བྱིན་རླབས་མྱུར། །ཇེ་དར་འོང་བར་ལུང་བསྟན་ཀུན་ན་ཡོད། །ཨོ་རྒྱན་ཇོ་བོ་རྗེ་དང་སྲང་བཙན་སྒམ། །ལབ་སྒྲོན་ཀུན་གྱི་ཞལ་གདམས་ཞལ་ཆེམས་མཐུན། །དེ་ཕྱིར་ཡིག་དྲུག་སྔགས་ཀྱི་ནོར་བུ་ལགས། །སངས་རྒྱས་ཀུན་གྱི་ཐུགས་རྗེ་བྱིན་རླབས་རྣམས། །སྔགས་དང་ཡིག་འབྲུའི་གཟུགས་སུ་སྣང་བའོ། །དེ་ལས་ཀྱང་ནི་ཡིག་བཅུ་ཟབ་གནད་སྟེ། །སངས་རྒྱས་ཀུན་གྱི་སྐུ་གསུང་།ཐུགས་གསུམ་གྱིས། །སྙིང་པོ་འདུས་པ་ཨོཾ་ཨཱཿཧཱུྃ་གསུམ་སྟེ། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་བསྔགས། །ཧྲཱིཿ ཡིག་ཐུགས་རྗེ་ཆེན་པོའི་ཐུགས་སྲོག་སྟེ། །འབྲུ་དྲུག་རིག་དྲུག་སྐྱེ་སྒོ་གཅོད་པའོ། །ཐུགས་ཀར་ཧྲཱིཿཡིག་མཐར་ཡིག་བཅུ་འཁོར་བ་ལས། བདག་བསྐྱེད་ཡབ་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་ཧྲིཿཡིག་དམར་པོ་འགྲེང་ཐབས་སུ་གནས་པའི་མཐར་ཡིག་གེ་བཅུ་སྔགས་སོ། །ཕྱི་ལ་བསྟན་པ་གཡས་སུ་ཀྱི་ལི་ལི་འཁོར་བ། ཡུམ་རྣམས་ཀྱི་ཐུགས་ཀར་ཧྲིཿཡིག་གི་མཐར་ཡུམ་སྔགས་ངོ་ནང་དུ་བསྟན་པ་གཡོན་དུ་འཁོར་བ།རིགས་བཞིའི་ཌཱ་ཀིའི་ཐུགས་ཀར་ཧ་རི་ནི་ས་བསྒོམ་པ་ནི་སྒྲུབ་ཐབས་གཞུང་ཆེན་ལས་བྱུང་བའོ། །ལྷ་ལྔ་ལ་རྒྱས་པར་སྒྲུབ་ཐབས་གཞུང་ལས། གཙོ་བོའི་ཐུགས་ཀར་ཧྲིཿཡིག་དམར་པོའི་མཐར་ཡིག་གེ་བཅུ་དང་། རྟ་མགྲིན་དང་པད་འབྱུང་

(༢༠)ཕག་མོ་ཆོས་སྐྱོང་རྣམས་ཀྱིས་ཐུགས་ཀར་རང་རང་གི་ས་བོན་དང་། དེའི་མཐར་རང་རང་གི་སྔགས་གི་འཁོར་ལུགས་སོགས་ཞིབ་པར་ཡོད། མཆན། འོད་འཕྲོས་སྣོད་ཀྱི་འཇིག་རྟེན་བདེ་ཆེན་ཞིང་། །འགྲོ་དྲུག་སེམས་ཅན་སྤྱན་རས་གཟིགས་དབང་སྐུ། །སྒྲ་རྣམས་ཡིག་གེ་དྲུག་དང་བཅུའི་སྒྲ། །དམིགས་པ་གསལ་ན་སྐད་ཅིག་དུང་མང་འགྱུར། །སངས་རྒྱས་སེམས་ཅན་གཉིས་ཀྱི་ཁྱེད་པར་ཡང་། །སྣང་བ་དག་དང་མ་དག་ཁོ་ན་ལག །དེ་ཕྱིར་སྣོད་བཅུད་དག་པ་རབ་འབྱམས་བསྒོམ། །ཁྱེད་པར་ཟབ་གནད་བསྲེ་བ་སྐོར་གསུམ་ལས། །རྒྱ་བོད་གྲུབ་ཐོབ་ནམ་མཁའི་ཁམས་གང་བ། །རང་གི་ཐུགས་ཀའི་སྔགས་འཕྲེང་འོད་ཟེར་དེས། །མཆོད་པས་སྐུ་གསུང་ཐུགས་ནི་བདེ་བས་མཉེས། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཆར་བཞིན་བབས་ནས་རང་ལ་སིབ་སིབ་ཐིམ། །བྱིན་རླབས་རྟོག་པའི་ཡེ་ཤེས་འབར་བསམ་ཞིང་། །སྔགས་བཟླས་འབད་པ་སྔགས་དང་བསེ་བ་སྟེ། །སྔགས་ནི་ཡིད་འདོན་རླུང་ནི་ཕྱིར་འབུད་དུས། །འོད་ཟེར་སྤྲོ་ཞིང་མཆོད་པ་ཕུལ་བ་དང་། །ཚུར་རྔུབ་མཉམ་དུ་རང་ལ་བསྟིམ་པ་དང་། །རླུང་དགང་ཆེ་ན་ངོ་བོ་ཉིད་ལ་བལྟའ། །དེ་ནི་རླུང་དང་བསྲེ་བའི་མན་ངག་གོ། །དེ་བཞིན་ཨོ་རྒྱན་སྐུ་ལྔ་མཚན་བརྒྱད་དང་། །རྗེ་འབྲང་ཉེར་ལྔ་གྲུབ་ཆེན་བརྒྱད་ཅུ་བཞི། །མར་མི་དྭགས་སོགས་བཀའ་བརྒྱུད་བླ་མ་རྣམས། །སྤྱི་འམ་རེ་རེ་གང་མོས་བསྲེ་བ་ནི། །བླ་སྒྲུབ་

(༢༡)ཀུན་ལས་ཁྱད་འཕགས་ཨེ་མ་ཧཱོ། །ཉམས་རྟོག་སྐྱེ་དང་བོགས་འདོན་འདི་རང་ཟབ། །དེ་བཞིན་བདེ་རྒྱས་གསང་གསུམ་དུས་འཁོར་ལོ། །གདན་བཞི་ཐོད་པ་མ་ཡ་གཤེད་དམར་ནག །བཀའ་དགོངས་ཕུར་གསུམ་ཞི་ཁྲོ་ཡང་དག་དང་། །ཞི་དྲག་རྟ་མགྲིན་ཕྱག་རྡོར་ལ་སོགས་བསྲེ། །རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ཅེས་བྱ་བ། །གྲུབ་པའི་རྒྱལ་མོས་གསུང་པའི་མན་ངག་སྟེ། །གྲུབ་ཆེན་པཀྴིས་རྒྱ་ཆེར་བཀྲལ་བའོ། །དེ་བཞིན་སྡིག་སྒྲིབ་སྦྱངས་ལ་རྡོ་རྗེ་སེམས། །ལས་གྲིབ་རྒྱུན་གཅོད་རྒྱལ་བ་མི་འཁྲུག་པ། །ངན་སོང་སྒོ་གཅོད་ཀུན་རིག་རྣམ་སྣང་མཛད། །འཇིག་པ་ལ་སྐྱོབ་སྒྲོལ་མ་ཉི་ཤུ་གཅིག །ཚེ་བསྲིང་ཚེ་དཔག་མེད་དང་སྒྲོལ་མ་དཀར། །ནད་སེལ་སྨན་བླ་མཆེད་བརྒྱད་ལོ་མ་ཅན། །ཕོ་གདོན་གུར་དྲག་མི་གཡོ་བ། །ཀླུ་ལ་ཁྱུང་དང་ནཱ་ག་རཀྴ་སྟེ། །བསོད་ནམས་སྤེལ་བ་ཛམ་ལྷ་ནོར་རྒྱུན་མ། །རླུང་ནི་བླ་མ་ཡི་དམ་བསྲེ་བ་ཞེས། །ལྷ་ཅིག་སྔགས་ཅིག་ཀུན་འགྲུབ་ཨེ་མ་ཧོ། །རླུང་ནི་མཁའ་འགྲོ་ཆོས་སྐྱོང་བསྲེ་བ་ཡང་། །ཕག་ཁྲོས་སེང་གསུམ་ཕྱག་བཞི་ཕྱག་དྲུག་པ། །གུར་དང་མ་ནིང་ལྷ་མོ་དཔོན་གཡོག་སོགས། །ཡེ་ཤེས་ལྷ་རྣམས་ཐམས་ཅད་རིགས་འདྲེས་སོ། །

(༢༢)རླུང་ནི་མ་རྒན་སེམས་ཅན་བསྲེ་བ་ཡང་། །མ་རྒན་འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ། །རླུང་ངམ་སྔགས་ཀྱི་འོད་ཟེར་ཡར་སྤྲོ་ཚེ། །རང་གི་བསོད་ནམས་དགེ་ཚོགས་འགྲོ་ལ་བསྟིམ། །ཐམས་ཅད་བདེ་བ་ཚད་བཟུང་མེད་པ་བསྐྱེད། །བདེ་བའི་རྒྱུ་ནི་དགེ་བཅུ་སྤྱོད་པར་འགྱུར། །འོད་ཟེར་བསྡུ་ཞིང་རླུང་ནི་ཚུར་རྔུབ་དུས། །སིབ་སིབ་བསྡུས་ནས་རང་ལ་ཐིམ་པ་ཡི། །དཔེར་ན་མེ་དཔུང་ལ་ནི་ཤིང་བསྣན་ལྟར། །རང་ཉིད་ཐུགས་རྗེ་ཆེན་པོ་གཟི་བརྗིད་འབར། །ཁོང་དུ་མནན་ཚེ་སྟོང་ཉིད་ངོ་བོ་སྐྱོང་། །ཐུབ་པས་གཞན་དོན་མཛད་པས་རྫོགས་སངས་རྒྱས། །བྱིས་པས་རང་དོན་བསྒྲུབས་པས་འཁོར་བར་འཁྱམས། །སངས་རྒྱས་ཐོབ་པའི་ཐབས་ལ་འདི་ལས་ཟབ། །པན་ཆེན་དི་པཾ་ཀ་རས་མ་རྙེད་གསུངས། །གདོན་དང་ལྷ་འདྲེས་བྱེད་ཀ་ལ་སོགས་པ། །གང་ཡིན་དེ་ལ་ཕུར་ཚུགས་བསྒོམ་པས་ན། །གནོད་པ་ཞི་ཞིང་དམ་ལ་ཐོག་ངེས་ཏེ། །བྱང་ཆུབ་སེམས་ཀྱི་འཇིག་གཅོད་གཅོད་ཀྱི་མཆོག །འཆད་ཁ་བ་དང་སྐྱོབ་པའི་མཛེ་བཅོས་ཡིན། །དེ་ལྟར་བསྐྱེད་པའི་རིམ་པ་བསྒོམ་པ་དེ། །གཤེགས་གསོལ་བསྡུ་ཆོག་ངེས་པར་མི་དགོས་ཏེ། །བྱང་ཆུབ་མ་ཐོབ་བར་དུ་མི་གཤེག་པར། །ཕྱག་རྒྱ་སྒོ་བཅད་

(༢༣)ཚུལ་དུ་སྒྲུབ་པ་ཞེས། །བླ་མེད་ཨ་ཏི་ཡོ་གའི་ཁྱེད་ཆོས་ལགས། །མཐའ་ནས་དབུས་ཡལ་ལ་སོགས་སྒོམ་པ་ནི། །གྲངས་དོན་ལས་དང་པོ་ཡི་བསྒོམ་བྱ་སྟེ། །སྒོམ་མཁན་སེམས་ལ་བལྟས་པས་སྟོང་ཉིད་དུ། །མངོན་སུམ་མཐོང་བ་དེ་ཉིད་སྟོང་ཉིད་དངོས། །དེ་ཡང་གོམས་ནས་མཁའ་ལ་འཇའ་ཤར་བཞིན། །བསྐྱེད་རིམ་སེམས་ངོ་མི་འགལ་ཟུང་འཇུག་ཏུ། །བསྒོམ་པ་དེ་ནི་བསྐྱེད་རྫོགས་ཟུང་འཇུག་སྟེ། །ལུས་ནི་སྣང་སྟོང་ཐུགས་རྗེ་ཆེན་པོའི་སྐུ། །ངག་ནི་གྲགས་སྟོང་ཡིག་དྲུག་ཆུ་བོའི་རྒྱུན། །སེམས་ནི་རིག་སྟོང་མ་བཅོས་ལྷུག་པ་སྟེ། །དེ་གསུམ་རྒྱུན་གྱི་ཉམ་ལེན་དངོས་གཞིའོ། །ཁྱད་པར་སེམས་ཀྱི་ཉམས་ལེན་དངོས། ངོ་བོ་སྐྱོང་བའི་གནད། རྟོག་པ་བཟང་པོ་སྐྱེ་འདོད་རེ་བ་དང་། གེག་དང་གོལ་ས་ལ་སོགས་དགོས་པ་དང་། །བདེ་འདོད་གསལ་འདོད་སྟོང་རྗེན་འདོད་པ་དང་། །བྱིང་དང་རྨུག་དང་འཕྲོ་རྒོད་མི་འདོད་སོགས། །རེ་དོགས་དགའ་སྡུག་གང་བྱུང་བཅོས་པ་ཡིན། །མ་བཅོས་ཞོག་ཅེས་བླ་མས་མ་གསུངས་སམ། །བླང་དོར་མེད་པ་གལ་ཆེ་མ་གསུངས་སམ། །དགག་སྒྲུབ་སྤང་བླངས་བྲལ་བར་མ་གསུངས་སམ། །བློ་ཡི་མ་རེག་ཞོག་ཅེས་མ་གསུངས་སམ། །

(༢༤)ཐ་མལ་ཁྲེམ་སེ་ཞོག་ཅེས་མ་གསུངས་སམ། །ཆུ་དང་རླབས་གཉིས་ཆུ་རུ་མི་གཅིག་གམ། །སྤྲིན་དང་ཁུ་རླངས་འཇའ་ཚོན་འདྲ་སྣ་ཚོགས་པ། །ནམ་མཁའ་ལས་བྱུང་ནམ་མཁའ་ཉིད་ལ་ཐིམ། །ནམ་མཁའ་ལས་གཞན་དེ་དག་ཡོད་དམ་ཅི། །སེམས་ལས་བྱུང་བའི་རྟོགས་ཚོགས་ཇི་སྙེད་པ། །སེམས་ལས་བྱུང་ཞིང་སེམས་ཀྱིས་ཀློང་དུ་ཐིམ། །སེམས་ལས་གཞན་པའི་རྟོགས་ཚོགས་ཡོད་དམ་ཅི། །སེམས་ཉིད་ཡེ་ནས་ཆོས་སྐུ་རྗེན་པ་རུ། །མདོ་རྒྱུད་ཀུན་ནས་གསུངས་པ་མ་ཐོས་སམ། །མ་བཅོས་བཞག་པའི་དེ་ནི་ཆོས་སྐུ་སྟེ། །བཅོས་མའི་སེམས་ཀྱི་འཕགས་ལམ་མི་འཐོབ་ཅེས། །རྒྱལ་བ་ཡང་ཡང་གསུང་པ་མ་རྟོགས་ནས། །ཧ་རེ་ལོང་ང་ཧར་སྐྱོན་མ་ཆེས་སམ། །དེ་ལྟར་ཡིན་སྙམ་བསྐྱུར་བས་ག་ལ་ཆོག །མ་བརྗེད་དྲན་པའི་གསོལ་འདེབས་ཡང་ཡང་གཅེས། །དེ་ལ་འདི་བསྒོམ་གཏད་སོ་མེད་པ་གཅེས། །ངེས་ཤེས་འཛིན་པ་ནང་ནས་ཞིག་པ་གཅེས། །དེ་ལ་བོགས་འདོན་གདམས་ངག་རྣམ་པ་བཞི། །མོས་གུས་སྒོ་ནས་གེགས་སེལ་བོགས་འདོན་པ། །ཉམས་རྟོགས་མ་སྐྱེས་སྐྱེ་དང་སྐྱེས་པ་ལས། །བོགས་འདོན་གེགས་སེལ་བརྟེན་པ་ཐོབ་པ་ཡི། །མན་ངག་གཅིག་ཆོག་དཀར་པོ་གཅིག་ཐུབ་ནི། །བླ་མའི་རྣལ་འབྱོར་གསར་རྙིང་ཀུན་ནས་གསུངས། །ནཱ་རོ་

(༢༥)རྒོད་ཚང་གཉིས་པོས་རྩལ་དུ་བཏོན། །བཀའ་རྒྱུད་ཀུན་གྱི་ཉམ་ལེན་ཐིལ་པོ་ལགས །དག་སྣང་སྦྱང་དང་གསོལ་བ་འདེབས་ཡུལ་གཉིས། །ཅིག་པར་མི་སེམས་གནས་སྐབས་སོ་སོ་ལགས། །དག་སྣང་ཆོས་མཛད་ཡོངས་ལ་སྦྱང་བར་གསུང་། །ཡོན་ཏན་སུ་ལ་འདུག་ཀྱང་བླང་བར་བྱ། །གསོལ་བ་འཆུག་མེད་དམ་པ་རྗེ་ལ་བཏབ། །བཀའ་དྲིན་ཆེ་བའི་སོ་སྐྱེའི་བླ་མ་ཡང་། །གཙོ་བོ་དེ་དང་ངོ་བོ་དབྱེར་མེད་བསམ། །བླ་མ་ཡི་དམ་གཟུགས་སུ་མི་བསྒོམ་པར། །སངས་རྒྱས་བྱང་སེམས་སྐུ་རུ་བསྒོམ་པར་བྱ། །ཁྱི་སོར་རིང་སྲེལ་ཟེར་བའི་ངག་རྒྱུན་བཞིན། །བླུན་དང་ཁོ་ནས་རྟོག་པ་སྐྱེ་བ་དཀའ། །སྐོལ་ཕོར་རི་མོ་གང་ཡོད་ཚ་ཚར་འདོད། །འཆུག་མེད་བླ་མ་མཇལ་མ་ཐོབ་ཀྱང་། །དྭག་པོ་དུས་མཁྱེན་རྒོད་ཚང་པ་ལ་སོགས། །དེ་ལས་རྒྱུད་པའི་ལུང་རྒྱུན་ཐོབ་ཕྱིར་ནས། །དེ་དག་གང་མོས་རྩ་བའི་བླ་མ་རུ། །བཟུང་ནས་གསོལ་བ་ཐོབ་དང་བྱིན་རླབས་འཇུག །ཉམ་ཐོག་སྐྱེ་བར་སོ་སོའི་ཞལ་གྱི་བཞེས། །དེ་ཡང་རང་གི་རྩ་བའི་བླ་མ་དང་། །ཐ་དད་མི་བསྒོམ་དབྱེར་མེད་བསྒོམ་ན་མྱུར། །བླ་མའི་རྣལ་འབྱོར་ལོགས་སུ་བསྒོམ་མི་དགོས། །ལྷ་དགུ་བསྒོམ་ཚེ་རིག་བདག་འོད་དཔག་མེད། །རྩ་རྒྱུད་བླ་མ་ཀུན་འདུས་ངོ་

(༢༦)བོར་བསྒོམ། །ལྷ་ལྔ་བསྒོམ་དུས་རྩ་བའི་བླ་མ་དང་། །ཨོ་རྒྱན་དབྱེར་མེད་བརྒྱུད་པའི་བླ་མ་དང་། །རྒྱ་བོད་གྲུབ་ཆེན་ཐམས་ཅད་འཁོར་དུ་བསྒོམ། །གསོལ་འདེབས་ཡིག་དྲུག་ཉིད་ཀྱིས་ཆོག་པ་ནི། །སྤྲུལ་པའི་རྒྱལ་པོའི་ཞལ་གདམས་ཡིན་མོད་ཀྱིས། །གསོལ་འདེབས་གང་རུང་མོས་གུས་དྲག་པོ་ཡིས། །རྒྱ་བོད་བྱས་ན་འཕྲལ་དུ་བོག་ཡོང་སྣང་། །ཐེ་ཚོམ་སོམ་ཉི་བྱུང་དུས་སྤྱི་བོ་ཡི། །བླ་མ་ཉིད་ལ་དད་གུས་གདུང་ཤུག་ཀྱིས། །རྩེ་ཅིག་གསོལ་བ་བཏབ་རྗེས་ངོ་བོ་སྐྱོངས། །གང་ཤར་དེ་ལ་གེགས་སྐྱོན་ཡོད་མི་སྲིད། །མོས་གུས་ཕྱག་ཆེན་དགོངས་པ་དེ་ཉིད་དོ། །བདེ་བའི་སྒོ་ནས་བོགས་འདོན་ཐབས་ལམ་ནི། །རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་ཡི། །རྩ་གསུམ་འཁོར་ལོ་ལྔ་པོ་གསལ་བཏབ་ནས། །སྤྱི་མགྲིན་སྙིང་ལྟེ་གསང་བའི་རྩ་མདུད་དུ། །ཨོཾ་ཨཱཿཧཱུྃ་ཏྲཾ་ཨཱཿདཀར་དམར་མཐིང་སེར་ལྗང་། །གཏི་མུག་འདོད་ཆགས་ཞེ་སྡང་ང་རྒྱལ་དང་། །ཕྲག་དོག་ལྔ་ཡི་ངོ་བོ་བསྒོམ་པར་བྱ། །འབུད་པ་དགུ་ཕྲུག་གིས་ནི་རླུང་རོས་བྱུངས། །རྔུབ་པ་དང་མཉམ་སེམས་ཅན་ཐམས་ཅད་ཀྱིས། །དུག་ལྔའི་ལས་སྒྲིབ་ཡིག་འབྲུ་ལྔ་ལ་བསྟིམ། །འདོམ་བར་དབུ་མའི་མར་སྣེ་རཾ་ཡིག་ལས། །མེ་འབར་དུག་

(༢༧)ལྔའི་ས་བོན་འབྲུ་ལྔ་སྲེག །ཐུགས་རྗེ་ཆེན་པོ་དཀར་དམར་མཐིང་སེར་ལྗངས། །ལྔ་རུ་གནས་གྱུར་རྩ་འདབས་སོ་སོ་ལ། །གཙོ་བོའི་མདོག་ཅན་ཌཱ་ཀི་རྩ་གྲངས་བསྐྱེད། །སླར་ཡང་རླུང་བཟུང་མེ་འབར་ལུས་ཀུན་ཁེངས། །ཚངས་བུག་ཧཾ་དཀར་མགོ་བོ་ཐུར་བསྟན་ལས། །བདུད་རྩི་བྱང་སེམས་བབས་པས་འཁོར་ལོ་བཞིའི། །རྩ་རྣམས་གང་བས་བདེ་ཆེན་ཉམས་འབར་བསམ། །འཁོར་ལོ་བཞི་ལ་དགའ་བཞི་ཉམས་མྱོང་ནས། །གསང་བའི་སྦུ་གུ་ཧཱུྃ་ཡིག་དམར་པོས་བཀག །ལྔ་སྦྱངས་དྲུག་སྐོར་སོ་བདུན་མ་ལ་སོགས། །འཁྲུལ་འཁོར་ཐུབ་ན་ངན་སོང་དྲོད་སྐྱེ་ཞིང་། །དེ་ནས་བདེ་ཉམས་དེ་ནས་མི་རྟོག་འཆར། །དང་པོ་འཁྲུལ་འཁོར་རླུང་གིས་ལུས་དུབ་དུས། །མི་སྐྱུར་སྙིང་རུས་བྱེད་པ་གེགས་སེལ་ཡིན། །དེ་ནས་དྲོད་འབར་བདེ་བ་རྒྱས་པའི་དུས། །ཐིག་ལེ་མ་ཉམས་སྲོག་ལྟར་སྲུང་བ་གནད། །དེ་ནས་མི་རྟོག་སྒོ་ནས་བོག་འདོན་པ། །ཉལ་དུས་སིང་གེ་ཉལ་སྟབས་བྱས་ལ་ཉལ། །བསྡུ་རིམ་ནང་ལྟར་སྣོད་བཅུད་རང་ལ་བསྡུ། །དེ་ཡང་ཧྲཱི་དང་ཐིག་ལེ་ན་དཱར་བསྡུ། །དེ་ནས་མི་དམིགས་ཉམ་ལེན་ངང་ལ་ཉལ། །གཉིད་དུས་སོང་ཡང་རྨི་ལམ་མ་རྨི་བར། །རྣམ་ཤེས་དབུ་མར་ཡུད་ཙམ་ཚུད་པའི་དུས། །སེམས་ངོ་ཟིན་

(༢༨)ཅིང་དེ་ཡི་ངང་གནས་ན། །དེ་ལ་འོད་གསལ་ཟིན་པ་བྱ་བའོ། །མ་གཉིད་བར་དུ་སེམས་ངོ་མ་ཡེངས་ཞིང་། །གཉིད་ནས་ཟིན་དང་མ་ཟིན་མི་འབྱེད་ཀྱང་། །རྨི་ལམ་མེད་ཅིང་ཕྱིར་ནང་སང་མ་ཐག །སེམས་ངོའི་ཐོག་ཏུ་གཉམ་རྗེན་ནེ་འདུག་པ་དང་། །ཕྱིར་ནང་ཁམས་བདེ་རིག་པ་དང་བ་ན། །འཐུག་པོའི་འོད་གསལ་ཟིན་པ་ཡིན་ཞེས་བྱ། །གཉིད་མ་ཐག་ཏུ་གཉིད་པ་ཡིན་ཤེས་ཤིང་། །རྨི་ལམ་མེད་པར་སེམས་ངོའི་ངང་གནས་ན། །དེ་ནི་སྲབ་མོའི་འོད་གསལ་གོ་བར་སླ། །གཉིད་མ་ཐག་ཏུ་མིག་གི་ཐད་སོ་ནས། །འོད་དམ་སྒྲོན་མེ་བཏག་པ་འདྲ་སྣང་ཞིང་། །དེ་ཡི་རྐྱེན་བྱས་སེམས་ངོའི་ངང་གནས་ན། །དེ་ནི་ཉམ་ཀྱི་འོད་གསལ་དེ་བས་དམན། །རྨི་ལམ་རྨིས་ནས་ཉིན་མོའི་བག་ཆགས་ཀྱིས། །སེམས་ངོ་སྐྱོང་བས་ཉིན་པས་གསལ་བ་དང་། །རྨི་ལམ་རྨི་ལམ་ཡིན་པ་ངོ་ཤེས་ཤིང་། །དེ་ནི་སྒོམས་པ་རྨི་ལམ་འོད་གསལ་ལོ། །དེ་དག་མ་ཟད་བར་དུ་ཟིན་པ་དང་། །དམ་དུམ་ཟིན་སོགས་མ་ངེས་ཅི་ཡང་འབྱུང་། །འདི་ནི་མི་རྟོག་སྒོ་ནས་བོག་འདོན་པ། །འདི་ལ་གོམས་ན་འཆི་དུས་འོད་གསལ་ཟིན། །བར་དོ་མི་བསྒྲོད་ཡར་གྱིས་ཟང་ཐལ་ཡིན། །དེ་ནས་གསལ་བའི་ངང་ནས་བོག་འདོན་པ། །ཐེག་དགུའི་ཡང་

(༢༩)རྩེ་ཨ་ཏི་ཡོ་གའི་ཆོས། །རྒྱལ་བ་རྒྱལ་མཚོ་ལྷ་ལྔ་དང་འབྲེལ་བ། །རྫོགས་ཆེན་ཐོད་རྒལ་གདམ་པ་ཉམས་ལེན་གཅེས། །སྙིང་དབུས་དང་མ་ལྔ་ལྡན་འོད་ལྔའི་ཀློང་། །རིག་ལྔ་ལ་སོགས་ཞི་བའི་ལྷ་ཚོགས་རྣམས། །དངོས་སུ་བཞུགས་པའི་ཡེ་ཤེས་ལྔ་ཡི་འོད། །ཡེ་ཤེས་རྩ་ཡི་ལམ་ནས་མིག་ལ་གསལ། །རྩ་རྒྱུས་སུརྻའི་ཟེར་ལ་ཟིམ་བུར་བལྟས། །འཇའ་ཚོན་ཐིག་ལེ་ཐིག་ཕྲན་ལུ་གུ་བརྒྱུད། །འཆར་བ་ཟེ་སྙིང་ལ་ནི་རྒྱུན་དུ་བལྟས། །བཀྲག་མདངས་དེ་ལ་སེམས་གནས་མི་འཕྲོ་བ། །དེ་ཡི་ངོ་བོ་བལྟས་པའི་སྟོང་པ་ཉིད། །གསལ་སྟོང་ཟུང་འཇུག་མངོན་སུམ་མིག་གིས་མཐོང་། །ཇེ་ཇེར་ཆེར་འཕེལ་ཉམས་ལེན་གོང་འཕེལ་ཟེར། །བར་དོར་སྒྲ་འོད་ཟེར་གསུམ་ངོས་ཟིན་ནས། །ལོང་སྐུའི་ཞིང་དུ་སྐྱེ་བ་རྒྱལ་བས་གསུངས། །སྐུ་གཟུགས་རེ་རེ་འམ་སྣ་ཚོགས་དུ་མ་འཆར། །རིགས་པ་ཚད་ཕེབས་བར་དོ་བསྒྲོད་མི་དགོས། །ཕྱི་དབུག་ཆད་ཚེ་འོད་ཟེར་སྦུ་གུ་ནས། །རིག་པ་རྡོར་སེམས་ལ་ཐིམ་སངས་རྒྱས་གསུངས། །ཡི་དྭགས་རྣམས་ནི་ཟས་ལ་དགྲར་མཐོང་ལྟར། །རྟོག་གེ་ཐ་སྙད་མཁན་མཁས་གཤེ་ན་ཡང་། །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ཀྱི་དོན། །བསྒོམ་མི་དགོས་པར་བལྟས་པས་སངས་རྒྱས་ཐབས། །ཐེག་དགུའི་ཡང་རྩེ་འདི་ལ་བརྩོན་འགྲུས་སྐྱེད། །དེ་ཉམས་སུ་ལེན་

(༣༠)པའི་ཚེ་ཐོག་མར་བླ་མ་མཚན་དང་ལྡན་པ་ལ། རྫོགས་ཆེན་དང་འབྲེལ་བའི་དབང་དང་རྫོགས་ཆེན་གྱི་ཁྲིད་ཐོབ་པ་ཤིན་ཏུ་གལ་ཆེ། དེ་ནས་ཉམས་སུ་ལེན་ཚེ་འཇའ་འོད་དང་ལྷ་སྐུ་ལ་སོགས་ཅི་མཐོང་ཡང་གཞན་ལ་བཤད་དུ་མི་རུང་། གལ་ཆེ་བཤད་ན་ཆོས་འདིའི་བཀའ་སྲུང་མ་གཟའ་དམ་གསུམ་ཡིན་པས་འཁུ་ལྡོག་འོང་བར་བཤད་པས་གཞན་ལ་མི་བཤད་པ་ནི་ཆོས་འདིའི་དམ་ཚིག་གིས་ཡིན་གསུངས། མཆན། དེ་ཡི་བསྒོམ་བྱའི་ཉམ་ལེན་ཕར་ཆེར་སོང་། །དེ་ནས་རྒྱུད་སྡེ་རྣམས་ནས་སྤྱོད་པ་ནི། །ཀུན་བཟང་འབུ་སུ་སྐུ་དང་བརྟུལ་ཤུག་སྤྱོད། །ཕྱོགས་ལས་རྣམས་རྒྱལ་ལ་སོགས་མང་གསུངས་ཀྱང་། །སྤྱོད་པ་དུས་མ་འབྲེལ་གཡངས་ས་ཆེ། །ཀུན་ཏུ་བཟང་པོས་སྤྱོད་པ་གཡང་ས་མེད། །དེ་ཕྱིར་བཀའ་རྒྱུད་ཀུན་གྱི་ལམ་འདི་བསྙག །ལུས་ཀྱི་སྤྱོད་ལམ་འདུལ་ཁྲིམ་གཙོ་བོ་བྱ། །སེམས་ཀྱི་ཀུན་བསླང་བྱང་སེམས་སེམས་བསྐྱེད་གཟབ། །ཉམ་ལེན་གཙོ་བོ་བསྐྱེད་རྫོགས་ཟབ་ལམ་བསྒོམ། །ལག་ལེན་གཙོ་བོ་སྡིག་སྤང་དགེ་བ་སྒྲུབས། །གནས་ཀྱི་གཙོ་བོ་རི་ཁྲོད་དགོན་པ་བསྟན། །བག་ཡོད་གཙོ་བོ་བག་ཆང་དུག་ལྟར་འཛེམ། །ཆགས་ཕྱིའི་གཙོ་བོར་བསྟན་པའི་རྐང་མི་འདྲེན། །འགྲོ་དོན་གཙོ་བོར་བྱམས་དང་སྙིང་རྗེ་བསྒོམ། །རྐྱན་བཟློག་གཙོ་བོར་བསྐང་སོ་ཚོགས་གཏོར་འབད། །གཞན་ལོག་གཙོ་བོར་བསྟན་དང་བླ་མ་དང་། །གྲ་

(༣༡)རིགས་ལ་སོགས་འདུ་ཕྱིར་མ་གཏོག་པར། །རང་གིས་སྒོས་ནོར་ཕུག་སྲིས་བསམ་པ་སྤངས། །དག་སྣང་གཙོ་བོར་ཕྲག་དོག་འགྲེན་སེམས་དང་། །དོན་མ་གོ་བའི་ཅལ་སྒྲོག་གཤེ་བཀུར་སྤངས། །གཟོད་པའི་གཙོ་བོར་ཐུབ་པར་རྔན་ཅན་དང་། །མི་ཐུབ་དགྲ་ལ་མནར་སེམས་འཆང་བ་སྤངས། །གཞན་ཕན་གཙོ་བོར་རང་ལ་རེ་བ་རྣམས། །འདི་ཕྱིར་གང་ཕན་སྐབས་སུ་གང་བབས་བྱ། །རྙེད་པས་རྙེད་ཚོལ་ལོག་འཚོའི་ཁེ་དྲག་དང་། །བསྡུ་བའི་དངོས་པོ་བཞི་ཡི་འགྲོ་དོན་གཉིས། །བྱེད་ལུགས་འདྲ་ཡང་བསམ་པའི་ཁྱད་པར་ཏེ། །བསམ་པའི་ཁྱད་ཕྱོགས་སེམས་བསྐྱེད་གནད་ཤེས་ན། །བྱང་ཆུབ་སྒྲུབ་པའི་ཐབས་ནི་ཞོར་ལ་མཆིས། །གནད་མ་ཤེས་པའི་སྡུག་སྲན་ཨུ་ཚུགས་ནི། །རབ་ཏུ་ཆེ་ཡང་ས་ཆོད་ཆུང་བ་ལག །རང་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །འགྲོ་བ་མ་ལུས་སངས་རྒྱས་ཐོབ་པའི་ཕྱིར། །བླ་མ་ཡི་དམ་རྣམས་ལ་ཡང་ཡང་འབུལ། །རང་ལ་བདག་བཟུང་སྤུ་ཙམ་མེད་པར་བྱ། །ཟ་འཐུང་འགྲོ་འཆག་བྱ་བ་ཐམས་ཅད་ཀུན། །དཀོན་མཆོག་མཆོད་དང་འགྲོ་བའི་དོན་ཕྱིར་ལས། །རང་གི་དོན་དུ་བྱས་པ་མེད་པར་བྱ། །རང་ལུས་ཡི་དམ་ལྷ་ཡི་

(༣༢)དཀྱིལ་འཁོར་གསལ། །ཟ་འཐུང་ཚོགས་འཁོར་སྦྱིན་བསྲེགས་མཆོད་པ་སྟེ། །གོས་དང་རྒྱན་སོགས་ལྷ་ཡི་རྒྱན་དང་ལྡན། །ལོང་དང་འགྲོ་བ་སེམས་ཅན་དོན་ཕྱིར་བསམ། །ཁངས་པ་གཞལ་ཡས་གདན་ནི་པད་ཟླར་བཞུགས། །འགྲོ་ཚེ་གཡས་ངོས་པདྨའི་སྡོང་པོ་ནི། །ཁ་ལྔར་གྱེས་པ་ལྷ་ལྔའི་ལྷ་ཚོགས་བཞུགས། །དེ་ལ་བསྐོར་བའི་མོས་པ་བྱས་ལ་འགྲོ། །དབང་བསྐུར་ཆོས་བཤད་ལ་སོགས་བྱེད་པ་ན། །ཟང་ཟིང་སྡུད་པའི་བསམ་པ་གཏིང་ནས་སྐྱུར། །ཡོན་ཏན་མཁས་པ་ནུས་པ་ཐོན་པ་སོགས། །རང་ལ་དགའ་མགུ་ཁེངས་སེམས་མི་སྐྱེས་ཚེ། །ཐམས་ཅད་རྗོད་པའི་ཕུང་འདྲེ་དེ་ཡིན་པས། །སྔོན་གྱི་པཎ་ཆེན་གྲུབ་རྣམས་ཀྱི་རྣམ་ཐར་ལ། །བལྟས་ན་དེ་རྣམས་མཁས་དང་གྲུབ་པ་ཡི། །ཡོན་ཏན་དུང་ཕྱུར་ཕྲག་བརྒྱའི་ཆ་ཤས་ཀྱི། །ཆ་ཤས་ཙམ་ཡང་རང་ལ་མ་མཆིས་ན། །རང་ལ་ང་རྒྱལ་ཆེ་རྒྱུའི་ཡོན་ཏན་ཅི། །དགེ་མའི་མཚན་དཔེ་ལས་བརྒྱ་འགྱུར་ལོད། །འབུ་སྲིན་རྣམས་ཀྱིས་ནང་ན་ལ་ལ་ནི། །གཞན་ལས་རྭ་ཅོ་རིང་བ་འགའ་རེ་སྣང་། །དེ་ཡི་ཁོ་ལ་འཆི་རྒྱུ་ཡོད་དམ་ཅི། །སྙམ་དུ་རང་གི་རང་ལ་རང་འཚང་འབྲུ། །གཞན་སྐྱོན་མི་ལྟ་རང་སྐྱོན་ཡང་ཡང་བརྟག །གཞན་སྐྱོན་འདུག་

(༣༣)པ་རང་ལ་འགོས་དགོས་མེད། །རང་གིས་སྐྱོན་གྱིས་རང་ཉིད་རྟག་ཏུ་ཕུང་། །རང་རེ་ཆོས་སྒོ་འདི་རུ་ཞུག་ཕྱིན་ནས། །སྲུང་སྡོམ་པ་དམ་ཚིག་གཉིས་ལས་མེད། །བྱ་རྒྱུ་ཚོགས་བསགས་སྒྲིབས་སྦྱངས་གཉིས་ལས་མེད། །འཚོ་རྒྱུ་རང་སེམས་འདི་ཁོ་ན། །དམིགས་རྒྱུ་བླ་མེད་བྱང་ཆུབ་རིན་པོ་ཆེ། །འདོད་དགུ་འབྲེལ་ཚད་དོན་དང་ལྡན་པ་ཅིག །ཡིན་པར་ངེས་པས་སྡིག་པ་སྦྱངས་པའི་ཐབས། །ཕྱག་དང་བསྐོར་བ་ཚ་ཚྭ་ལྟུང་བཤགས་དང་། །རྡོར་སེམས་བསྒོམ་བཟླས་ལ་སོགས་སྐབས་སུ་འབད། །སྒྲུབ་ཆེན་ཚོག་བརྒྱ་མར་མེ་སྐུ་གསུང་བརྟན། །བསོད་ནམས་བསག་པའི་ཐབས་མཆོག་མཎྜལ་སོགས། །འབྱོར་པ་དང་བསྟུན་ཚོགས་བསག་ཐབས་ལ་འབད། །འབྱོར་པ་མེད་ཀྱང་ཆུ་གཏོར་ལུས་སྦྱིན་སོགས། །ཚོགས་བསགས་སྒྲིབས་སྦྱངས་གང་འཐད་སྐབས་དང་སྦྱར། །ཉམས་ལེན་ཤོལ་ན་རེ་ཞིག་ཉམ་ལེན་བསྡམ། །དེ་ནས་རེས་འཇོག་བྱས་ནས་ཐུན་སྐབས་འབད། །དེ་ཡང་དེ་ལྟར་དགེ་སྦྱོར་གང་བྱེད་ཀྱང་། །ཉམས་ལེན་ཙི་དང་བྲལ་བའི་དམིགས་པ་ཅན། །ཟག་བཅས་འཁོར་བའི་བདེ་སྐྱིད་ཙམ་གྱིས་རྒྱུ། །དེ་ལྟར་ཚོགས་གཉིས་ཟུང་འཇུག་བསགས་པ་དེ། །སྔོ་བ་ཟབ་མོས་རྒྱ་ཡིས་མ་ཐེབ་ན། །

(༣༤)འཕེལ་བར་མི་འགྱུར་ཉམས་པར་སླ་བ་དང་། །ཟད་པར་འགྱུར་བས་བྱང་ཆུབ་ཐོབ་མི་འགྱུར། །སྔོ་བྱ་སྔོ་བྱེད་བསྔོ་ཡུལ་རྣམས་པ་གསུམ། །དངོས་པོར་དམིགས་པ་དུག་བཅས་ཕན་ཡོན་ཆུང་། །ཉམས་ལེན་སྟོང་ཉིད་ཉམས་དང་མ་བྲལ་བར། །བསྔོ་བ་འཁོར་གསུམ་ཡང་དག་བསྔོ་བའོ། །དེ་ཡང་གོ་མ་ལོག་པ་གནད་དུ་ཆེ། །སངས་རྒྱས་ཐམས་ཅད་ཡོན་ཏན་ཡེ་ཤེས་མཉམ། །འོན་ཀྱང་སྐུ་ཚེ་བསྟན་པ་འཁོར་ཞིང་ཁམས། །མི་མཉམ་མི་འདྲ་སྣ་ཚོགས་འབྱུང་བ་ཡང་། །སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་ཁྱད་པར་ལགས། །ལྷ་ཀླུ་གནོད་སྦྱིན་བདུད་དང་གཞི་བདག་སོགས། །མཐུ་སྟོབས་ལོངས་སྤྱོད་རྫུ་འཕྲུལ་དཔག་མེད་ཅིང་། །ཕན་གནོད་བྱ་བ་སྣ་ཚོགས་བྱེད་པ་ཡང་། །རྒྱུ་ནི་སྔོན་གྱི་བསོད་ནམས་ཚོགས་ཡིན་ཏེ། །སྔོ་བ་སྨོན་ལམ་ལོག་པས་བཏབ་བཞིན་འགྲུབ། །དེ་དོན་གནད་འགགས་རང་གིས་གོ་བའི་ཕྱིར། །གོ་མ་ལོག་ཅིང་རྒྱ་མ་ཆུང་བ་ཡིས། །སྔོ་བ་སྨོན་ལམ་ཐུན་མཇུག་ཀུན་ལ་བྱ། །ཡེངས་ཤིང་སྔོ་སྨོན་བྱས་པས་འགྲུབ་པ་མིན། །མ་ཡེངས་རྩེ་ཅིག་འདུན་པ་དྲག་པོ་ཡིས། །ཕྱོགས་བཅུའི་རྒྱལ་ཀུན་ཡིད་ཀྱི་དཔང་པོར་དམིགས། །ཉམ་ལེན་སྟོང་ཉིད་རྩི་དང་མ་བྲལ་བར། །བསྡུ་རིམ་མཇུག་ནས་འབྱུང་བ་ལྟ་བུ་ཡིན། །ཐེག་པ་ཆེན་པོའི་

(༣༥)སྔོ་བ་སྨོན་ལམ་བྱ། །ལར་གྱིས་སང་ཉིན་འགྲོ་བའི་མགྲོན་པོ་ལྟར། །རང་གི་ཐུགས་དམ་དགེ་སྦྱོར་གང་མོས་པ། །ཕྱིར་བཞག་མི་བྱེད་འཕྲལ་དུ་གང་འགྲུབ་བྱ། །ལོང་སྐབས་བྱུང་ན་མུས་ཀྱི་མང་བྱ་བའི། །མ་བྱུང་དོ་རྒང་རང་ལ་ཤི་ན་ཡང་། །སེམས་ཐོག་མེད་པར་ཅི་ནུས་འབད། །ཐོས་བསམ་སྒོམ་དང་བསྐྱེད་རྫོགས་དོན་ཤེས་པས། །སྤྱོད་པ་རྩིང་ཡང་མི་ཏོ་སེམས་བྱུང་ན། །རིག་ལྡན་མཁའ་འགྲོ་ལྷ་ལྕམ་པདྨ་གསལ། །ཨོ་རྒྱན་ལ་སོགས་པན་གྲུབ་བརྒྱ་ཙ་མཇལ། །དབང་ལུང་ཁྲིད་ཐོབ་སྨོན་ལམ་རྣམ་དག་ཀྱང་། །སྔོན་གྱིས་འཆལ་བའི་ལས་སྒྲིབས་ལྷག་མ་དེས། །ལུས་ངན་འགའ་བླང་པདྨ་ལས་འབྲས་ཙལ། །མཚོན་མ་ཟུག་ཀྱང་གསང་གནས་རྡོ་བ་ཡི། །བརྡུང་ནས་འདས་པའི་ལོ་རྒྱུས་དྲན་པར་བྱ། །གོ་ཞིང་རྟོག་པའི་ཉམས་རྟོག་ཅུང་ཟད་བྱིང་། །ཚེ་འདི་གལ་ཆེ་དྲན་ཉམས་བྱུང་འདུག་ན། །ཤི་བ་མཐོང་ཐོས་དཔེ་དེ་རང་ལ་བཀབ། །དེ་འདྲ་མི་ཡོང་གདིང་ཆོད་གང་ཡིན་བརྟག །བྱིན་རླབས་ནུས་པས་འཆི་བ་བཟློག་སེམས་ནི། །སྐྱེས་ཆེན་དམ་པ་མང་པོ་གློ་བུར་དུ། །གཤེགས་པ་འདི་ལ་བསམ་ཞིང་ཡང་ཡང་བསྐྱེད། །སྨན་དང་རིམ་གྲོས་འཆི་བ་བཟློག་པ་ནི། །རྒྱལ་པོ་སྡེ་དཔོན་འདི་

(༣༦)རྣམས་ཅི་ལ་འདས། །ད་ལྟ་ཤི་ན་ཅུག་འམ་གར་འགྲོ་བསམ། །དེ་གཉིས་གེགས་སེལ་བོགས་འདོན་གཙོ་བོ་ཡིན། །དེ་ལྟར་ལྟ་བ་མ་ནོར་གནས་ལུགས་རྟོགས། །བསྒོམ་པ་མ་འཁྲུལ་བསྐྱེད་རྫོགས་ཟུང་དུ་འཇུག །སྤྱོད་པ་མ་འཆོལ་བླང་དོར་གཟབ་བྱས་ནས། །འབྲས་བུ་མཆོག་དང་ཐུན་མོང་དངོས་གྲུབ་གཉིས། །དང་པོ་སྔ་ལྟས་དེ་ནས་རིམ་བཞིན་འཐོབ། །དེ་ཡང་འདི་དང་བར་དོ་ཕྱི་མའོ། །སྔ་ལྟས་དང་པོ་ཉམས་རྨི་རྟག་འབྱུང་བ། །དབང་པོ་རབ་འབྲིང་ཐ་མའི་ཁྱད་པར་དུ། །རྒྱུད་དང་སྒྲུབ་ཐབས་ཀུན་ནས་གསུངས་ལགས་ཀྱང་། །ལ་ལས་དངོས་ཉམས་རྨི་ལམ་རྟག་སོགས་ལ། །འཕྱ་བཞེད་བྱེད་པ་ཉམས་སུ་མ་བླངས་རྟག །ཉམས་སུ་བླངས་ན་རྟགས་མེད་ག་ལ་སྲིད། །མེ་བུས་དུ་བ་ཆུ་བཀོལ་རླངས་པའི་དཔེ། །རྟགས་མི་ཤེས་ན་ས་འཚམས་མི་ཟིན་སྐྱོན། །རྟགས་བཟང་རློམ་པ་སྐྱེས་ན་བར་ཆད་བདུད། །རྟག་ཆད་སྒྱིད་ལུག་བསྐྱུར་ན་བར་ཆད་ཉིད། །ཕལ་ཆེར་དབང་པོ་ཐ་མ་སོ་སྐྱེ་ཡིས། །རྟགས་རྣམས་རྨི་ལམ་ཆགས་འཇོག་མ་ཙག་གསུངས། །ལུས་ལ་མི་གཙང་རྣག་ཁྲག་ཐོན་པ་དང་། །བཤལ་དང་སྐྱུག་དང་ཁྲུས་བྱེད་གོས་དཀར་གྱོན། །འཕུར་དང་ནམ་ལངས་ཉི་ཟླ་ཤར་བ་རྣམས། །

(༣༧)སྡིག་སྒྲིབས་དག་པའི་རྟགས་སུ་གསུངས་པ་ཡིན། །གང་རིའི་རྩེར་ཕྱིན་དུང་བུས་རོལ་མོ་སྒྲོག །ཤེལ་དང་བུམ་པ་ཕྱག་མཚན་རྙེད་པ་དང་། །མེ་ཏོག་གླིང་རྒྱས་གླེགས་བམ་རྙེད་པ་སོགས། །རྟོགས་པ་སྐྱེས་དང་དམ་ཆོས་འགྲུབ་པའི་རྟག །དར་ཕྱར་ཁྲིར་འདུག་ཁྲོམ་འདུས་ཆོས་འཆད་དང་། །ཁང་བཟང་ནང་གནས་ལོ་ལེགས་འབྲུ་རྣམས་ཕུལ། །ཆང་དང་བདུད་རྩི་འོ་ཞོ་ཕུལ་ལམ་འཐུངས། །ཆོས་སྟེར་ནོར་གཏེར་རིན་ཆེན་སྣ་ཚོགས་སྙེད། །གོས་བཟང་གྱོན་སྨིས་བསོད་ནམས་འཕེལ་བའོ། །རང་གི་བླ་མའམ་སྔོན་གྱིས་གྲུབ་ཐོབ་སོགས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྣ་ཚོགས་པ། །ཞལ་མཇལ་ཆོས་གསུངས་དབང་བསྐུར་བརྡ་ཆོས་བསྟན། །སྔགས་སྒྲ་གྲགས་དང་བར་སྣང་ཡིག་འབྲུ་ཤར། །འཇའ་དང་འོད་འཁྱུག་དྲི་བཟང་རོལ་མོ་སྒྲོག །ལེགས་ཉེས་ཅི་ཡང་བརྡ་དང་ཚིགས་གིས་སྟོན། །མར་མེ་ཡོན་ཆབ་གཏོར་མ་འཛིན་པ་དང་། །གཏོར་མ་ཞུ་དང་བདུད་རྩི་ཁོལ་ལམ་ཕྱུར། །ཉམ་འགའ་བག་དྲོ་བྱིན་བཞིན་རིག་པ་དང་། །དད་པའི་གསུང་ཤུགས་ཉམ་འབར་སྣང་བ་འུར། །དབང་མེད་བྲོ་འཁྲབ་ཉམས་དབྱངས་ཐོགས་མེད་ཤར། །འཁྲུལ་པ་ཞིག་སྙམ་རང་ལའང་རྩིས་གདབ་མེད། །ཕྱི་ཡི་སྣང་བ་རྟན་མེད་སྒྱུ་

(༣༨)མར་ཞིག །ནང་གི་རིགས་པ་བཟོ་མེད་ལྷུག་པར་ཞིག །ལྷན་སྐྱེས་གུས་འདུད་གཟུགས་སྟོན་དངོས་གྲུབ་སྟེར། །དེ་སོགས་རྟགས་བཟང་དངོས་གྲུབ་འབྱུང་བའི་ལྟས། །བསྒྲུབ་པ་ཉམས་ལེན་མེད་དུས་བདེ་བ་ལ། །ཆོས་བྱེད་ཉམས་ལེན་དགེ་སྦྱོར་བརྩོན་བྱེད་པས། །ནད་མང་སྨྲ་མཆུ་ཟེར་ཟློས་གོད་ཁ་ལྡང་། །རྨི་ལམ་ཉི་མ་ནུབ་དང་མུན་རུག་དང་། །གོས་ནག་གྱོན་དང་མཐུར་སུང་ལྕགས་བླུག་དང་། །མི་གཙང་འདམ་དང་ཁྱི་དང་གཅན་ཟན་དེད། །རྦབ་དང་ཐོག་ཟེར་མདའ་རྡོའི་ཆར་པ་བབས། །བུ་མེད་ངུ་དང་བྲང་བརྡུང་རྒྱན་ཆ་བཏོག །མི་དགེ་སོགས་ཀྱི་ཆོ་འཕྲུལ་རྟགས་བྱུང་ཡང་། །ཆོས་དང་སྒྲུབ་ལ་ལོག་ལྟ་མ་བྱ་སྟེ། །སྣོད་བཀྲུས་ལ་ནི་དྲི་ཁུ་ལྡང་བ་ལྟར། །ལས་སྒྲིབས་དག་པའི་སློང་དུ་ངོས་ཟིན་བྱ། །དམ་ཚིག་ཉམ་ཆག་བཀང་ཕྱིར་བདག་འཇུག་གམ། །ཏིང་འཛིན་དབང་བླངས་བསྐང་བཤགས་ཡིག་བརྒྱ་འབད། །ཕྱག་དང་ལྟུང་བཤག་ཚ་ཚ་ཆུ་གཏོར་དང་། །བསྲུང་བཟློག་དམིགས་རིམ་དག་ལ་འབད་པར་བྱ། །བཟང་རྟག་ངེས་ཅན་གསལ་བར་བྱུང་ན་ཡང་། །དེ་ལ་མཆོག་འཛིན་དགའ་བྲོད་ཨ་འཐས་ན། །མཆོག་གི་དངོས་གྲུབ་ཐུན་མོང་

(༣༩)ཙམ་དུ་གོལ། །ཐུན་མོང་དངོས་གྲུབ་ཕྱིར་འགྱངས་དགའ་བྲོད་བདུད། །སྒྲུབ་པ་བྱས་ཚོད་རྟགས་ལ་ཆུང་ངུ་ཙམ། །དེ་ལ་ཡ་མཚན་ཆེ་རྒྱུ་ཅི་ཞིག་ཡོད། །མེ་བུས་དུ་བ་བྱུང་བས་ཡ་ཅི་མཚན། །སྙམ་དུ་མཆོག་འཛིན་རབ་ཏུ་སྤང་བཞིན་དུ། །དངོས་གྲུབ་བློངས་ཆོག་བྱའམ་ཏིང་འཛིན་གྱིས། །དབང་དང་དངོས་གྲུབ་བླངས་པའི་དམིགས་པ་བྱ། །རྟགས་བཟང་བྱུང་ཡང་ཕྱི་ནང་སྙིང་མི་དགའ། །བག་མི་གྲོ་ན་བདུད་ཀྱིས་བསླུས་པ་ཡིན། །རྟག་མཚན་ངན་ཡང་སྙིང་དགའ་རིག་པ་དངས། །ངན་རྟག་བཟང་པོར་སྟོན་པ་ཞེས་བྱ་སྟེ། །དེ་འདྲ་བྱུང་བའམ་གང་ཡིན་མ་འབྱེད་ན། །ཐམས་ཅད་རྒྱུ་མ་བདེན་མེད་རྨི་ལམ་འདྲ། །སྙོམ་བྱེད་སྟོང་ཉིད་ལྟ་བའི་ངང་དུ་བཞག །དེ་ཡི་བར་ཆད་ཐམས་ཅད་དངོས་གྲུབ་འགྱུར། །དེ་ནས་ནད་གདོན་དགྲ་དང་སྨྲ་མཆུ་ལ། །བསྟན་ནས་འཇིག་རྟེན་བྱ་བ་བློས་ཐིང་ཞིང་། །སྒྲུབ་པ་ཉམ་ལེན་རྟོགས་པའི་བོག་བྱུང་ན། །དེ་ནི་ལྟས་ངན་གཡང་དུ་ཁུག་པ་ཡིན། །རང་ལ་ཉམས་རྟོག་ཐོས་བསམ་སྒོམ་པ་ཡིས། །ཡོན་ཏན་ཆེན་པོ་མེད་བཞིན་གདུལ་བྱ་འུར། །ཀུན་གྱིས་དད་གུས་འབུལ་ཞབས་དཀོར་བསོད་ཆེ། །རང་ཡང་ང་རྒྱལ་ཁེངས་སེམས་སྤོབས་པ་ཆེ། །མཐོ་ལ་འགྲེན་སེམས་དམའ་

(༤༠)ལ་ཕག་དོག་སྐྱེས། །ཆུང་ལ་བརྙེས་ཆོས་དད་གུས་དག་སྣང་འགྲིབ། །འུར་སྒྲོབ་རྣམ་གཡེང་ཇེ་ཆེར་ཉམ་ལེན་འགྲིབ། །དུག་ལྔ་ཇེ་སྐྱེས་བྱུང་ན་ལྷ་བུའི་བདུད། །རང་སྣང་འགྱུར་དང་གཞན་སྣང་འགྱུར་བ་མཉམ། །རང་འདོད་འཁྲི་བ་མེད་ཅིང་ཕན་སེམས་ཆེན། །ཉམས་རྟོག་འཕེལ་རྒྱས་ངེས་འབྱུང་སྐྱོ་ཤེས་ཆེ། །རང་ཉིད་དམན་ལྟ་དག་སྣང་ཕྱོགས་མེད་འབྱོངས། །ཉིན་མོ་མི་འདུ་ནང་ནུབ་ཟས་ནོར་འདུ། །འདོད་པ་མེད་བཞིན་ལོང་སྤྱོད་ཆར་ལྟར་འབེབས། །བབས་ཀྱང་ཆག་ཞན་འཁྲི་བ་སྦར་བཅངས་མེད། །ཉམས་རྟོག་མི་འགྲིབ་འཕེལ་ཞིང་གཞན་ལའང་ཕན། །དེ་ནི་ཐུན་མོང་དངོས་གྲུབ་ཡིན་པར་གསུངས། །དོན་མེད་སྐྱེས་པ་བུ་མེད་ལ་ལ་ཞིག །རང་ཉིད་མཇལ་ནས་དབང་མེད་དད་པ་སྐྱེས། །འདི་ཕྱི་བར་གསུམ་ཅི་མཛད་ཁྱོད་ཤེས་ཟེར། །སྐྲ་བཅད་ཆོས་སྒོར་ཞུགས་ནས་སློབ་མར་གྱུར། །དབང་ལུང་ཁྲིད་དང་གདམས་པ་མང་དུ་བྱིན། །དང་པོ་ཉམ་སྐྱེ་དེ་ནས་ཨག་སར་ཡལ། །རང་གི་སྙིང་རྗེ་ཕན་སེམས་ཤ་ཚར་བཅད། །དད་པ་དྲང་ནས་མཉམ་འགྲོགས་དྲག་པོར་མཐོང་། །བུ་མེད་ཡིན་ན་མཐུན་ཆེས་སྡོམ་པ་འཆོར། །སྐྱེས་པ་ཡིན་ན་རྗེས་ནས་དགྲ་རུ་ལྡང་། །དམ་ཚིག་མི་བརྩི་བཏག་བསྐྱུར་གཤེ་ལོག་འགེལ། །

(༤༡)དེ་དག་དམ་སྲིའི་བསླུ་བ་ཡིན་པར་ངེས། །བཙུན་མ་དད་འདུན་ཆེ་ཡང་རྒྱངས་སུ་བསྲིང་། །སྐྱེས་པ་མཛའ་ཐལ་འཁོན་ཐལ་གཉིས་ཀ་སྤངས། །འཁྲེབ་ཉམས་ཆེ་ན་ཐབས་ཀྱིས་སྤངས་ན་ལེག །དེ་བཞིན་ཟང་ཟིང་གདུལ་བྱ་འུར་ན་ཡང་། །འཛིན་ཆག་ཞན་འཁྲི་མི་བྱ་ཆོས་ཀྱི་ཕྱོག །གང་ཐིང་བྱ་ཞིང་ང་རྒྱལ་རློམ་སེམས་སྤངས། །དེ་བྱས་མཆོག་ལ་མི་སྒྲིབ་ཉེས་པ་མེད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དང་། །འཁོར་དང་གདུལ་བྱ་སྙན་གྲགས་ལ་སོགས་པ། །ལོ་ལེག་ཕུབ་མ་ཞོར་ལ་འབྱུང་བ་ལྟར། །མཆོག་གི་ཞོར་ལ་ཐུན་མོང་དངོས་གྲུབ་འབྱུང་། །མཆོག་འཛིན་རློམ་སེམས་ང་རྒྱལ་ཁེང་པ་སྐྱེས། །མཆོག་ལ་སྒྲིབ་པས་ཙན་དན་སོལ་བ་བྱས། །དེ་ཕྱིར་ང་རྒྱལ་ཁེངས་པ་རྩད་ནས་དོར། །ནད་གདོན་ཞི་ནུས་དགྲ་བགེགས་འདུལ་ནུས་དངས། །འཕྲིན་ལས་བཞི་པོ་གང་བརྩམས་འགྲུབ་ན་ཡང་། །རང་ལ་ནུས་མཐུ་ཡོད་ནས་ག་ལ་ཡིན། །ལྷ་དང་བླ་མའི་ཐུགས་རྗེ་ཡིན་སྙམ་ནས། །སླར་ཡང་གཏང་རག་མཆོད་གཏོར་ཚོགས་འཁོར་གཟབ། །དེ་ཡི་ཇེ་ཇེ་རྣོ་ཞིང་མཆོག་མི་བསྒྲིབས། །ཁྱད་

(༤༢)པར་ཡར་མར་ཚེས་བཅུ་ཉ་འཚམས་བརྒྱད། །ཉེར་དགུ་ལ་སོགས་དུས་གཉེན་བྱུང་དུས་ཀྱིས། །ཅི་འབྱོར་མཆོད་གཏོར་གཟབ་ནས་ཅི་བསམ་འགྲུབ། །ལུས་སེམས་བྲལ་མ་ཐག་ཏུ་དཔའ་བོ་དང་། །ཌཱ་ཀི་རྣམས་ཀྱིས་མཆོད་སྤྲིན་རྒྱ་ཆེན་བཅས། །དག་པའི་ཞིང་ཁམས་སྨོན་ལམ་གང་བཏབ་རུ། །བསུ་བར་བྱེད་ཅེས་རྒྱུད་སྡེའི་དགོངས་པའོ། །དེ་དག་ཐུན་མོང་དངོས་གྲུབ་འབྱུང་ཚུལ་ལོ། །ཐུན་མོང་གྲུབ་ཆེན་བརྒྱད་སོགས་དུས་ཀྱིས་དཀའ། །དེ་ནས་མཆོག་གི་དངོས་གྲུབ་ནི། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །སྟོང་ཉིད་ལྟ་བའི་ངང་ཉིད་ནས། །རང་ལུས་ཡི་དམ་ལྷ་རུ་གསལ། །དེ་ལ་གསལ་སྣང་བསྟན་པ་ན། །བར་དོ་ཡིད་ལུས་དེ་ཉིད་ནི། །དེ་ལྟར་སྣང་སྟོང་ལྷ་ཡི་སྐུ། །དངོས་སུ་གྱུར་ནས་ཞིང་ཁམས་བསྒྲོད། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཡིན། །གདུང་དང་རིང་བསྲེལ་སྐུ་གཟུགས་སམ། །འཇའ་འོད་ལ་སོགས་རྟགས་ཅིག་འབྱུང་། །ཟུང་འཇུག་དེ་ལྟར་མི་གསལ་ཞིང་། །ངོ་བོ་རྗེན་པར་རྟོགས་པ་དེ། །རྒྱུན་དུ་མ་ཡེངས་སྐྱོང་ནུས་ན། །ཕྱི་དབུགས་ཆད་ཅིང་ནང་དབུག་ནས། །

(༤༣)གཞི་ཡི་འོད་གསལ་ཤར་བའི་ཚེ། །ཆུ་ཉིད་ལ་ནི་ཆུ་བཞག་ལྟར། །ཉམས་ལེན་ཟིན་ནས་དེ་ཐོག་ཏུ། །ཞག་བདུན་ལ་སོགས་གནས་པ་ནི། །འཆི་བ་ཆོས་སྐུར་སངས་རྒྱས་ཏེ། །བར་དོའི་སྣང་བ་དེ་ལ་མེད། །ཡར་གྱི་ཟང་ཐལ་ཡིན་པར་གསུངས། །རྟག་ནི་ཤ་བཀྲག་ཡུན་རིང་གསལ། །ཨཱཿདང་ཧཱུྃ་འབྱོན་ནམ་མཁའ་དང་། །དེ་གཉིས་བརྟེན་པོ་མེད་ན་ཡང་། །ཐོད་བརྒལ་ངེས་ཤེས་བལྟས་པ་ཡི། །ཆོས་ཉིད་བར་དོའི་ཞི་ཁྲོའི་སྐུ། །ངོས་འཛིན་དག་པའི་ཞིང་དུ་སྐྱེ། །དེ་ལ་འང་འཇའ་འོད་གདུང་སོགས་འབྱུང་། །གལ་ལྟེ་དེ་ཚོ་མ་ཟིན་ན། །སྲིད་པ་བར་དོར་འཁྱམ་སྲིད་ན། །རང་ཉིད་ཤི་བ་ངོ་ཤེས་ནས། །ཅི་བྱ་རྟོལ་མེད་བྱུང་ཙམ་ན། །ཡི་དམ་ཐུགས་རྗེ་ཆེན་པོའི་མཐུས། །བྱང་ཆུབ་སེམས་དཔའ་བརྒྱད་འབྱོན་ཏེ། །ཁྱོད་ཀྱི་ལྷ་ནི་སྤྱན་རས་གཟིགས། །ཡིག་གེ་དྲུག་པ་ཁྱོད་ཀྱིས་བཟླས། །ཁྱོད་ཀྱི་ཞིང་ཁམས་བདེ་བ་ཅན། །འགྲོ་བའི་ལམ་ནི་འདིའོ་ཞེས། །ཚེ་འདིར་རྒྱལ་བ་རྒྱལ་མཚོ་ཐུགས་ཐུགས་དམ་བྱས་ནའོ། །ལུང་སྟོན་དང་པོའི་རྒྱལ་པོ་ཡི། །རླུང་གི་ཤུག་ལྟར་མགྱོགས་པ་ཡི། །བདེ་བ་ཅན་གྱི་ཞིང་དུ་འགྲོ། །འོད་དཔག་མེད་པའི་ཞལ་མཐོང་སྟེ། །ཡིད་ལ་དགའ་བདེ་ཚད་མེད་སྐྱེས། །དེ་ཡི་རྐྱན་བྱས་མེ་ཏོག་

(༤༤)པདྨའི་སྦུབས་སུ་སྐྱེའོ་ཞེས། །ཟ་མ་ཏོག་སོགས་མདོ་རྒྱུད་ནི། །དུ་མར་གསུངས་ལ་དཔང་པོ་བྱས། །དེ་ཡི་གནད་ཀྱི་མེ་ངག་ལ། །དེང་ནས་དགེ་རྩ་གང་བསགས་ཀུན། །དེ་རུ་སྐྱེ་བའི་རྒྱུ་རུ་བསྔོ། །དེ་བྱས་དེ་རུ་སྐྱེ་ངེས་པ། །འོད་དཔག་མེད་པའི་སྨོན་ལམ་མཐུས། །མཚམས་མེད་བྱས་དང་དམ་ཆོས་སྤངས། །མ་གཏོག་སྨོན་ལམ་སུས་བཏབ་འགྲུབ། །མི་འགྲུབ་པ་ཡི་ཐེ་ཚོམ་གྱིས། །ཉེས་པས་མེ་ཏོག་པདྨའི་ཁ། །ལོ་ནི་ལྔ་བརྒྱ་མི་ཕྱེ་བས། །ནང་དུ་བདེ་སྐྱིད་ལྡན་ན་ཡང་། །སངས་རྒྱས་མི་མཇལ་སྡུག་བསྔལ་ཡོད། །དེ་ཕྱིར་ཐེ་ཚོམ་མེད་པ་གཅེས། །དེ་ན་སྐྱེས་པས་ཅི་དགའ་ན། །སྡུག་བསྔལ་བྱ་བའི་མིང་མི་གྲགས། །རྟག་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །རྟག་ཏུ་སངས་རྒྱས་ཞབས་འབྲི་བྱེད། །འདིར་བསགས་སྡིག་སྒྲིབ་་ལྷག་མ་ཀུན། །དེ་རུ་དམ་ཆོས་སྒྲུབ་པས་སྦྱངས། །ནམ་ཡང་འཁོར་བར་མི་ལྟུང་སྟེ། །ནད་མེད་ཚེ་ལོ་གྲང་མེད་ཐུབ། །དེ་ནས་འཕོས་ནས་རྫོགས་སངས་རྒྱས། །རྫོགས་པའི་སངས་རྒྱས་ཐོབ་པ་ལ། །ལམ་ཐག་ཉེ་ཞིང་བར་ཆད་མེད། །གཞན་དོན་མི་འབྱུང་མ་ཡིན་ཏེ། །ས་བཅུ་ཐོབ་ནས་ཕྱོགས་བཅུ་རུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡི། །འགྲོ་དོན་དཔག་མེད་དེ་ནས་འབྱུང་། །མི་འཁྲུག་སྨན་བླ་བྱམས་པ་མགོན། །པད་

(༤༥)འབྱུང་ཕྱག་རྡོར་ལ་སོགས་པའི། །ཞིང་ཁམས་རྫུ་འཕྲུལ་གྱིས་བསྒྲོད་ཅིང་། །ཞལ་ལྟ་ཆོས་ཉན་དེ་ཉིན་རང་། །བདེ་བ་ཅན་དུ་འཁོར་བར་འོང་། །དེ་སོགས་ཞིང་གི་ཡོན་ཏན་རྣམས། །འོད་མདོ་བདེ་ཆེན་ཞིང་བཀོད་དང་། །པད་དཀར་ལ་སོགས་བལྟས་པས་གསལ། །དེ་རུ་སྐྱེ་བའི་ལྷ་དང་བསྔགས། །རྒྱལ་བ་རྒྱལ་མཚོ་ཡིན་ཞེས་བྱ། །འདི་འདྲའི་ཟབ་གནད་མན་ངག་འདི། །མདོ་རྒྱུད་བསྟན་ཆོས་དུ་མ་ལ། །ཐོས་བསམ་བྱས་པའི་འབྲས་བུ་ཏེ། །རྒྱལ་མཚོའི་ནང་དུ་ནོར་བུ་བཞིན། །ཁོ་བོས་རྙེད་པ་སྐལ་བ་བཟང་། །བདག་ལ་རེ་སྟོས་བཅས་ཚད་ཀུན། །ལྷ་འདི་སྔགས་འདི་ཞིང་ཁམས་འདི། །འདི་ལ་སྙིང་ནོར་མིག་འབྲས་མཛོད། །ལྟ་བསྒོམ་སྤྱོད་འབྲས་བཞི་པོ་འདི། །ཧ་ཅང་མཐོན་པོ་བཤད་ཤེས་ཀྱང་། །རང་གི་ཉམས་སུ་མི་ལོན་པ། །གཞན་ལ་བཤད་ཀྱང་ངོ་ཚའི་རྒྱུ། །རང་ཉམས་བསྟུན་པའི་ཞལ་གདམས་འདི། །འཕྱུག་མེད་འདི་བཞིན་ཉམས་བླང་ན། །རང་དོན་མཆོག་ཐུན་དངོས་གྲུབ་འབྱུང་། །གཞན་དོན་འབྲེལ་ཚད་དོན་དང་ལྡན། །བདག་གི་ཕོ་ཚད་མ་ལགས་ཏེ། །མདོ་རྒྱུད་མན་ངག་བླ་མའི་གསུངས། །ཀུན་

(༤༦)གྱིས་བཅུད་བསྡུས་མན་ངག་ཡིན། །ཁ་ནག་ཐམས་ཅད་ཡིག་ནག་སྤྲད་པ་ཡིས། །འོལ་ཚོད་གོ་བ་སྐམ་པོ་མིན། །རང་ལ་ཉམ་མྱོང་བག་ཙམ་ཡོད། །བཀའ་ཆད་ལུང་རྡུམ་རལ་ཆོད་མིན། །དབང་ལུང་མན་ངག་བརྒྱུད་པར་ལྡན། །རྒྱུད་ལས་མ་གསུང་མན་ངག་མིན། །པདྨ་ཟབ་དང་རྒྱལ་པོའི་རྒྱུད། །རྒྱ་གཞུང་མེད་པའི་རྒྱུད་ཀྱང་མིན། །རྡོ་རྗེ་སྙིང་པོ་ཛ་ལེནྡྷ། །སེམས་དཔའ་གྲུབ་ཆེན་རྒྱ་གཞུང་གསལ། །མན་ངག་མེད་པའི་གཞུང་ཀྱང་མིན། །གྲུབ་རྒྱལ་པད་འབྱུང་མན་ངག་མང་། །བཀའ་མ་ལོ་ཙ་གསུམ་གྱིས་བསྒྱུར། །གཏེར་མ་གཏེར་སྟོན་གསུམ་གྱིས་བསྟོན། །སྙན་རྒྱུད་ཡི་དམ་ལྷ་ཡི་གསུངས། །བརྒྱུད་པ་སེལ་མེད་སངས་རྒྱས་ཕྲེང་། །བྱིན་རླབས་མ་ཉམས་དུས་འདིར་ཆེ། །བླ་མ་ཡི་དམ་དབྱེར་མེད་གཅིག །ལྷ་ཀུན་དཀྱིལ་འཁོར་ཅིག་ལ་རྫོགས། །འདི་འདྲའི་དམ་ཆོས་ཡིད་བཞིན་ནོར། །ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །དགེ་བཤེས་བརྩོན་འགྲུས་རྒྱ་མཚོར་བས། །ཞལ་གདམས་བྲིས་ཟེར་ཤོག་བུ་འདི། །ཡོས་ལོའི་དབྱར་ནས་གཏད་མདོ་ཀྱིས། །རྣམ་གཡེང་འབྱོང་བས་ལོང་མ་བྱུང་། །འབྲུག་ལོ་ནག་པའི་ཡར་ངོ་ལ། །འཚམས་བསྡམས་སྒྲུབ་ལ་བརྩོན་པ་

(༤༧)ཡིས། །ཐུན་སྐབས་གཉིས་ལ་རྫོགས་པར་བྲིས། །ཟབ་ཆོས་གནད་འགགས་ཀུན་འདུས་པས། །ཉམས་ལེན་བརྩོན་པ་མ་གཏོགས་པ། །ཀུན་ལ་བསྟན་པར་མི་རུང་སྟེ། །གསང་སྒྲོག་ཉེས་པ་ཆེ་བར་དང་། །ཆོས་བདག་ཌཱ་ཀིའི་ཀོ་ལོང་བསྡམས། །འཕྲལ་དུ་གང་དྲན་བྲིས་མོད་ཀྱང་། །ཟབ་ཆོས་སྙིང་པོ་འདུས་སམ་སྙམ། །འདི་བྲིས་དགེ་བས་འདི་ཉིད་ལ། །རྩེ་ཅིག་ཉམས་སུ་སུས་བླངས་པ། །ཐུགས་རྗེ་ཆེན་པོ་འགྲུབ་པར་ཤོག །དེ་སྐད་རཱ་ག་ཨ་སྱས་སོ། །མངྒ་ལཾ། །ག །རི་ཆོས་འཚམས་ཀྱི་ཞལ་གདམས་ཆིག་རྒྱུད་ལས། །དཔེའི་ཕྱག་རྒྱ་ཆེན་པོ་དང་། །དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་སྟོན་པའི་གདམ་པ་སངས་རྒྱས་ལག་གཏད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷ་ར་ཡེ། བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དཔེ་དང་དོན་གྱི་ཡེ་ཤེས་ངོ་སྤྲོད་བྲི། །ཆོས་བདག་མཁའ་འགྲོ་སྡེ་ལྔས་བཀའ་གནང་སྩོལ། །འགྲོ་བའི་མགོན་པོ་ས་སྐྱ་པཎྜི་ཏས། །བཀའ་རྒྱུད་ལུགས་ཀྱི་ཕྱག་ཆེན་བསྐག་པའི་སྐབས། །ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིག་པ་གཉིས་ཀྱི་ཏིང་འཛིན་ཡིན། །གསུངས་པའི་དོན་གྱི་དགོངས་པ་འདི་ཡིན་ཏེ། །དཔེ་ཡི་ཕྱག་ཆེན་ཡེ་ཤེས་མ་མཐོང་ནས། དོན་གྱི་ཕྱག་རྒྱ་ཆེན་པོ་རྟོག་མི་སྲིད།དཔེ་ཡི་ཕྱག་རྒྱ་ཆེན་པོ་

(༤༨)རྟོགས་པའི་ཐབས། བླ་མེད་རྒྱུད་སྡེ་རྣམས་ནས་གསུང་པའི་ལྟར། །ཤེས་རབ་ཡེ་ཤེས་དབང་ནི་བསྐུར་བའི་ཚེ། །བླ་མ་ཆགས་ལམ་ཉམས་ལེན་རྣལ་འབྱོར་པས། །སློབ་མ་ཚུལ་ཁྲིམས་མ་ཞུས་ཁྱིམ་པ་ལ། །ཡོལ་བས་བར་ཆད་བླ་མའི་མདུན་དེ་རུ། །སློབ་མས་མུ་དྲ་དངོས་སུ་སྦྱོར་བའི་ཚེ། །མགྲིན་པ་སྙིང་ག་ལྟེ་བ་གསང་བ་རུ། །ཐིག་ལེ་བབ་ཚེ་དགའ་བཞི་ཡེ་ཤེས་འཆར། །ཐིག་ལེ་ཕྱེད་ཤོར་ཕྱེད་ནི་མ་ཤོར་སྐབས། །རླུང་རྣམས་དབུ་མར་ཚུད་པའི་རྣམ་རྟོག་འགགས། །དེ་དུས་ངོ་བོར་ལྟོས་ཞེས་ངོ་སྤྲད་པས། །དཔེ་ཡི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རྟོག །དཔེར་ན་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལས། །དེ་ལྟ་བུ་ཞིག་ཡོད་སྙམ་ངེས་ཤེས་འགྱུར། །དེ་ནས་རིམ་བཞིན་དབང་ནི་བཞི་པའི་དོན། །ཚིག་གིས་ངོ་སྤྲོད་བརྩོན་འགྲུས་ཆེར་བསྒོམ་པས། །དོན་གྱི་ཕྱག་རྒྱ་ཆེན་པོ་རྟོག་པར་འགྱུར། །འདི་ནི་བླ་མེད་རྒྱུད་ཀུན་དགོངས་པ་མཐུན། །དགེ་སློང་ཡིན་ཀྱང་དབང་ནི་བསྐུར་ཚེ་དེར། །དགའ་བའི་ཡེ་ཤེས་ངོས་ནི་འཕྲོད་པའི་ཕྱིར། །ཕྱག་རྒྱ་བསྟན་ཀྱང་སྡོམ་པ་མི་འཆོར་གསུང་། །སྨྲ་བ་ཨ་ཙར་དམར་པོའི་ཆོས་ལོག་ཡིན། །མི་རུང་རུས་འཁོར་རྒྱུད་ནས་བསྐག་པའི་ཕྱིར། །

(༤༩)ཇོ་བོ་རྗེ་ཡིས་རྒྱ་ཆེར་བསྐག་པར་མཛད། །འོ་ན་དཔེ་ཡི་ཡེ་ཤེས་ཅིག་རྟོགས་ན། །མཁས་གྲུབ་འགས་བཤད་ཆོས་དྲུག་རྒྱས་བཤད་ལས། །བ་དག་གསེར་ཕུར་ལ་སོགས་བརྡ་ཡི་གསུངས། །དོན་དེ་བཙུན་ཆུང་མཛེས་ཤིང་གསང་ཐུབ་པར། །རྨ་གཉིས་གང་རུང་སྤྱོད་ཅིང་ཡེ་ཤེས་བཟུང་། །ཟེར་བ་འདུག་ཀྱང་འདི་ཉིད་མི་རུང་སྟེ། །འདུལ་ཁྲིམ་ཉིད་དང་འགལ་ཚབ་ཆེ་ཕྱིར་རོ། །རྣལ་འབྱོར་གཟུགས་ངན་ཕྱག་རྒྱ་མི་རྙེད་པས། །དུད་འགྲོ་ཡིད་འོང་ཕྱག་རྒྱ་བསྟན་རུང་ཞེས། །འཇའ་ཚོན་སྙིང་རྗེའི་གཏེར་ཁ་ནས་བྱུངས་དང་། །ཀུ་ཀུ་རས་པའི་རྣམ་ཐར་གསལ་ན་ཡང་། །དེ་དག་རྣལ་འབྱོར་ཁྱིམ་པའི་ལུགས་སུ་སྣང་། །རབ་བྱུང་ཡིན་ན་སྡོམ་པ་འཆོར་ཕྱིར་སྤངས། །སློབ་བུ་འབྱོར་བར་ལྡན་པའི་ཚོགས་འཁོར་བསྐོར། །མཎྜལ་བརྒྱ་མཚོ་ཕྱག་དང་སྐོར་བ་དང་། །འབྱོར་པ་མེད་ན་ཕྱག་དང་མཎྜལ་ཆོག །ནམ་མཁའ་དངས་དུས་དབེན་པའི་གནས་གཅིག་ཏུ། །བླ་མའི་མདུན་དུ་སློབ་བུས་ཆོས་བདུན་བཅས། །དངོས་སམ་ཡིད་ཀྱིས་བརྒྱུད་པར་གསོལ་བ་བཏབ། །སློབ་བུས་རླུང་རོ་བུས་ལ་འཇམ་རླུང་བཟུང་། །སེམས་ནི་ཉམས་

(༥༠)ལེན་སྟེང་ན་བཞག་བཞིན་དུ། །ལག་པ་གཡས་གཡོན་གང་བདེ་ཅིག་གིས་ནི། །མགྲིན་པ་གཡས་གཡོན་འཕར་རྩ་གཉིས་པོ་དེ། །དང་པོ་དལ་བུས་དེ་ནས་དྲག་དུ་མནན། །དེ་ཚེ་རྟོག་པ་སྔར་དང་མི་འདྲ་བར། །རྣམ་རྟོག་མི་འགྱུ་གནས་སྙམས་མེར་རེ་བ། །དེ་ཡི་ངོ་བོར་རང་གི་མཐོང་བཞིན་དུ། །བཟང་ངན་རྟོགས་པ་ཅི་ཡང་མེད་པར་འཆར། །དེ་ནི་དཔེ་ཡི་ཡེ་ཤེས་ཕྱག་ཆེན་ཡིན། །རིགས་ཀྱི་བུ་ཁྱོད་ད་ལྟའི་རྟོག་པ་འདི། །རྣམ་རྟོགས་ཅི་ཡང་མེད་ཅིང་མི་རྟོག་པ། །རང་ངོ་རང་གིས་ཤེས་ཀྱང་དྲན་བསམ་མེད། །ལེན་རེ་ཙམ་བྱ་ཞིང་རྩ་མནན་ཡུན་ཐུང་ན་ཤིན་ཏུ་ལེགས་གསུངས་སོ། །མཆན། འདི་ནི་དཔེ་ཡི་ཡེ་ཤེས་ཞེས་བྱ་བ། །མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན་ནོ་ཀྱཻ། །ཅེས་བརྗོད་དེ་ཉིད་རྟོགས་སམ་མ་རྟོགས་དྲི། །མ་རྟོགས་ལེན་འགའ་བསླབ་ཅིང་ལེན་འགའ་ཞི། །རོ་རྐྱང་གཉིས་པོའི་ཡར་སྣེའི་སྣ་བུག་དེ། །དེ་ནས་རླུང་གི་རྒྱུ་བ་དང་སྦྲག་སྟེ། །རྣམ་རྟོག་སྣ་ཚོགས་ཕྱིར་ལ་འགྱུ་བ་ཡི། །སེམས་ནི་མི་འདྲ་རྣམ་རྟོགས་རྟ་དང་འདྲ། །སྐྱ་མིའི་རྟ་བཟུང་མི་དེ་

(༥༡)དེ་བཞིན་རླུང་བཟུང་ན་ནི་སེམས་ཟིན་པ། །ནཱ་རོ་པཎྜི་ཏ་ཡི་བཞེད་པ་ཡིན། །རླུང་ནི་དབུ་མར་ཚུད་པའི་དུས་ཀྱི་ཚེ། །མི་རྟོག་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དེ། །མངོན་སུམ་འཆར་བར་བླ་མེད་རྒྱུད་ཀུན་མཐུན། །རོ་རྐྱང་གཉིས་ཀྱི་ཡར་སྣེ་རྩེའུ་ཆུང་གཉིས། །མནན་པས་རླུང་ནི་ཕྱི་རུ་རྒྱུན་ལམ་ཆད། །ནང་དུ་རྒྱུ་དུས་དབུ་མར་ཡུད་ཙམ་ཞུགས། །དེ་ཚེ་མི་རྟོག་ཡེ་ཤེས་དངོས་སུ་འཆར། །མངོན་སུམ་ངོ་སྤྲོད་འདི་ཉིད་མ་ཐོབ་ན། །ཤེས་རབ་ཡེ་ཤེས་དབང་བསྐུར་ཞུས་ན་ཡང་། །དབང་དོན་ཡེ་ཤེས་རྒྱུད་ལ་མ་སྐྱེས་པས། །ཚིག་རྒྱུན་ཙམ་ཡིན་དོན་ལ་ཐོབ་པ་མིན། །འདི་ཉིད་ད་ལྟ་ངོ་སྤྲོད་དུས་དང་ནི། །སྐབས་སུ་ལེན་རེ་ཙམ་ལ་འགལ་བ་མེད། །མང་ན་རྐེ་ནད་འབྱུང་ཕྱིར་མང་མི་བྱ། །དེ་ཡང་རན་ཙམ་ཡུད་ཙམ་བྱ་བ་ལས། །དྲག་མནན་ཡུན་རིང་བརྒྱལ་ནས་འགྲོ་ཉན་ཡོད། །སྣོད་ལྡན་སློབ་མར་ངོ་སྤྲོད་མ་རྟོག་པར། །གཞན་ལ་སྨྲས་ན་ཐུགས་ཀྱི་དམ་ཚིག་ཉམས། །ལས་ཀྱིས་མཁའ་འགྲོའི་སྙིང་ཁྲག་འཐུང་བར་བཤད། །དེ་ཕྱིར་ཤིན་ཏུ་གསང་གདམས་དམ་ཚིག་ཡིན། །ཨིཋྀ། དེ་ནས་དོན་ཀྱིས་ཡེ་ཤེས་ངོ་སྤྲོད་ནི། །རྩེ་ཅིག་རྟག་འོག་ཉམས་ལེན་ཡུན་རིང་ཀྱང་། །བོགས་སྐྱེད་ཆུང་

(༥༢)བས་ངོ་བོ་མ་མཐོང་དང་། །བདེ་གསལ་མི་རྟོག་ཉམས་ནི་བཟང་དྲག་པས། །དེ་ལ་ཆག་གམ་ཞན་ལ་དག་མི་སྟེར། །ངོ་བོ་རྗེན་པར་མཐོང་བར་མ་གྱུར་དང་། །ཐ་མལ་ཤེས་པ་མངོན་སུམ་མཐོང་བ་དང་། །མི་རྟོག་གདིང་པོ་སྟོང་ཉམས་ཧད་པོ་རྣམས། །གང་ཡིན་མ་འབྱེད་ཚོད་མ་ཟིན་པ་དང་། །རིག་པ་རྣོ་ཞིང་ཤེས་རབ་ཆེ་བ་འགས། །ཉམས་རྟོགས་མཐོ་དམན་གོལ་པ་མང་བཤད་པས། །གོལ་པར་མ་ཤོར་འཁྲུལ་མེད་སླད་མེད་ཀྱིས། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དངོས་དེ་ལ། །ཅི་འདྲ་ཞིག་ཡོད་བསམ་ནས་ལྟ་འདོད་ན། །ཕྱག་དང་མཎྜལ་ཕུལ་ནས་བླ་མའི་དྲུང་། །རྣམ་སྣང་ཆོས་བདུན་མི་གཡོ་ལེགས་པར་བཅས། །མགྲིན་པ་ཅུང་བཀུག་མིག་འབྲས་གྱེན་དུ་ལྡོག །མཛོད་སྤུའི་བར་སྣང་སྟོང་པ་ལ། །རིག་པ་གཏད་ལ་ངོ་བོ་གཏད་ཀྱོང་བར་གྱིས། །དེ་ཚེ་རྣམ་རྟོག་རག་པ་ཐམས་ཅད་འགག །བདེ་དང་གསལ་དང་སྟོང་པའི་འཛིན་པའང་མེད། །རང་ངོ་ཤེས་པའི་ངང་ལ་ཧད་དེ་བས། །འདི་བསམ་མེད་པས་དྲན་པ་སྟོར་བ་བཞིན། །དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དེ། །འདི་ཉིད་ཡིན་ནོ་སྐལ་ལྡན་རིག་ཀྱི་བུ། །འདི་དོན་ཀྱཻ་རྡོ་རྗེའི་རྒྱུད་

(༥༣)ལས་ཀྱང་། །ཆོས་ཀྱི་ཚད་ནི་འདི་ཡིན་ཏེ། །མིག་ཕྱེད་གྱེན་དུ་ལྡོག་པས་འགྲུབ། །ཅེས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །དེ་དོན་རྫོགས་ཆེན་རྣམས་ནས་གསུངས་པའི་དོན། །རྒྱུད་སྡེ་འོག་མ་ཀུན་ལ་མ་གྲགས་པའི། །ཡེ་ཤེས་རྩ་མཆོག་བྷ་པནྟུ་ཞེས་པ། །དབྱིབས་ནི་གཡེར་མ་ཁ་བྱེ་ལྟ་བུ་ཅིག །ལུས་ཅན་རྣམས་ཀྱི་སྙིང་གི་དཀྱིལ་དུ་ཡོད། །དུད་འགྲོ་ཐུར་དུ་ཁ་བསྟན་གཏི་མུག་ཆེ། །མི་ལ་འཕྲད་དུ་ཁ་བྱེ་ཤེས་རིག་བཀྲ། །སངས་རྒྱས་བྱང་སེམས་རྣམས་ཀྱི་རྩ་དེ་ནི། །གྱེན་དུ་ཁ་བྱེ་ཡེ་ཤེས་འཆར་བ་ཡིན། །རྩ་དེའི་སྣེ་མོ་མིག་ལ་ཟུག་ཡོད་པས། །ལུས་གཏོད་བསྲང་སྟེ་མིག་ནི་གྱེན་ལྡོག་པས། །རྩ་དེ་འཐེན་ནས་གྱེན་དུ་ཁ་བྱེ་འགྱུར། །དེ་ཚེ་ཡེ་ཤེས་དངོས་སུ་འཆར་བ་ཡིན། །དེ་ཕྱིར་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །སྤྱན་འབྲས་གྱེན་དུ་ལྡོག་པ་དེ་ཡི་དོན། །དེ་ཕྱིར་སློབ་དཔོན་ཀྱི་པདྨ་འབྱུང་གནས་ཀྱིས། །རང་འབྱུང་རྒྱལ་བ་ལུང་བསྟན་སྐབས་སུ་ཡང་། །སྤྱན་ནི་ཆོས་ཉིད་དོན་ལ་གཟིགས་ཞེས་གསུངས། །ངོ་བོ་རྗེན་པར་མ་མཐོང་གང་ཟག་

(༥༤)གིས། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཇལ་འདོད་ན། །དབེན་པའི་གནས་སུ་དེ་ལྟར་ཡང་ཡང་བལྟ། །ཉམས་དང་རྟོག་པ་གང་ཡིན་མ་འབྱེད་ན། །དེ་ལྟར་བལྟས་ལ་དེ་དང་ཨེ་མཚུངས་བལྟ། །མཚུངས་ན་རྟོག་པ་དངོས་དེ་ཡིན་པའི་རྟག །དེ་དང་མ་མཚུངས་ཇི་ལྟར་བཟང་ན་ཡང་། །རྟོགས་པ་མ་ཐོབ་ཉམས་ཀྱིས་གཡོས་ཡིན་ནོ། །དེ་ནས་སློབ་མའི་མཎྜལ་ཕུལ་བྱས་ལ། །སྣོད་ལྡན་ངོ་སྤྲོད་བཏབ་དུས་མ་གཏོག་པར། །གཞན་ལ་བཤད་ན་དམ་ཚིག་ཉམས། །མཚམས་མེད་ལྔ་མཚུངས་མཁའ་འགྲོའི་བཀའ་ཆད་འབྱུང་། །ཡེ་ཤེས་ཕྱག་ཆེན་དངོས་སུ་སྟོན་པའི་ཐབས། །གདམ་ངག་ཟབ་མོ་འདི་དང་མ་ལྡན་ན། །སྨྲ་བསམ་བརྗོད་དུ་མེད་པའི་ཡེ་ཤེས་དེ། །ཇི་བཞིན་བླ་མས་བརྗོད་པ་མིན། །སློབ་མས་གོ་ཡང་དངོས་སུ་མི་རྟོགས་སོ། །ཡེ་ཤེས་དངོས་སུ་ངོ་སྤྲོད་ཟབ་མོ་རྒྱ། །དེ་བཞིན་རྫོགས་ཆེན་ཐོད་བརྒལ་སྐབས་སུ་ཡང་། །འཇའ་ཚོན་ཐིག་ལེར་ཆགས་ཞེན་མི་བསྐྱེད་པར། །ངོ་བོ་བལྟས་པས་གསལ་སྟོང་ཟུང་དུ་འཇུག །ཁྲེག་ཆོད་ཟུང་འཇུག་ཐེག་པ་དགུ་ཡི་རྩེ། །དེ་ལས་ཟབ་པའི་ཉམས་ལེན་གདམ་ངག་ནི། །གསར་རྙིང་བཀའ་གཏེར་བན་བོན་གང་ལའང་མེད། །དེ་སྙིང་

(༥༥)སྙིང་ལ་འཆོང་ཞིག་རིགས་ཀྱི་བུ། །དེ་སྐད་སྒོམ་ཆེན་རཱ་ག་ཨ་སྱ་ཡིས། །སློབ་བུ་བརྩོན་འགྲུས་རྒྱ་མཚོར་གདམས་པ་དེ། །འཕྲལ་དུ་ཡིག་གེར་བཀོད་པའི་དུས་ཚོད་ནི། །རྟ་ལོ་ཐ་སྐར་ཟླ་བའི་ཚེས་གཅིག་ཉིན། །དཔལ་རིའི་རྩེ་ཡི་འཚམས་ཁང་ཕུག་སྒོ་རུ། །དད་ལྡན་བླ་མའི་བཱིརྱ་སཱ་ག་རས། །ཕྱག་དང་མཎྜལ་བརྒྱ་རྩ་ཕུལ་ནས་བྲིས། །མངྒ་ལཾ། ང་། རི་ཆོས་འཚམས་ཀྱི་ཞལ་གདམས་ཆིག་རྒྱུད་ལས། །དགའ་བ་བཞིའི་ཡེ་ཤེས་དངོས་སུ་ངོ་སྤྲོད་པའི་ཐབས་ཤེས་རབ་ཡེ་ཤེས་ཀྱི་ཉམས་ལེན་དངོས་གཞི་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ཡེ། །གནས་གསུམ་ཌཱ་ཀིའི་ཚོགས་ལ་ཕྱག་འཚལ་ལོ། །དགོངས་པ་གྲོལ་ཞིང་བྱིན་གྱིས་རླབས་ཏུ་གསོལ། །འཁོར་བའི་གནས་སུ་སྐྱེ་བ་རྣམས་བཞི་རུ། །སྐྱེ་བའི་རྩ་བ་འདོད་ཆགས་ཁོ་ན་ཏེ། །དེ་མེད་འཁོར་བར་མི་སྐྱེ་མྱ་ངན་འདས། །ལྟ་དང་རྒོད་དང་ལག་བཅངས་གཉིས་གཉིས་འཁྱུད། །འདོད་པའི་འདོད་ཆག་བཞི་པོ་འདུལ་བའི་ཕྱིར། །སྟོན་པའི་རྒྱུད་སྡེ་རྣམས་བཞི་གསུངས་པ་ཡིན། །སྐྱེ་བོ་ཕལ་པའི་མི་གཙང་སྤྱོད་པ་ནི། །མི་དགེ་བཅུ་

(༥༦)ཡི་ཅིག་ཡིན་ཡི་དྭགས་རྒྱུ། །དེ་ཡང་བཙུན་མ་མ་སྲིང་སྤྱོད་པ་དང་། །ཁ་དང་གཤང་ལམ་དུད་འགྲོ་སྤྱོད་པ་དང་། །གཞན་གྱི་བུ་མེད་སྤྱོད་པའི་སྡིག་ཆེ་གསུངས། །རབ་བྱུང་གིས་སྤྱོད་དེ་བས་འབུམ་འགྱུར་ལྕི། །དེ་དག་བདེན་བཞི་ཆོས་ཀྱི་འཁོར་ལོའི་དོན། །རབ་ཏུ་བྱུང་བས་བུ་མེད་སྤྱོད་པ་ནི། །སྡོམ་པ་འཆོར་བས་དགེ་འདུན་གྲལ་མི་ཚུད། །དེ་ནི་འདུལ་ཁྲིམས་སྡོམ་པ་རྩ་བ་ཡིན། །རབ་བྱུང་ཁྱེའུ་ཁ་དང་གསང་ལམ་སྤྱོད། །རྟེན་ནི་བུ་མེད་མིན་ནས་ཅུང་དྲག་ཀྱང་། །ཉེས་པ་དག་ནི་ཡང་ལྕི་འདྲ་བ་ཡིན། །དེ་ཕྱིར་རྨ་གསུམ་ཁྱད་པར་མེད་ཕྱིར་རོ། །ཚུལ་ཁྲིམས་ལྡན་པས་ཡིད་ལ་བུ་མེད་བསྒོམ། །ཆགས་པ་སྐྱེས་ཤིང་ཐིག་ལེ་ཉམས་པ་དང་། །ཚུལ་ཁྲིམས་གཙང་མ་མི་འགྱུར་སྡིག་ཆེ་ཞེས། །འཁྲིག་པ་བདུན་པའི་མདོ་ལས་རྒྱ་ཆེར་བཤད། །ཁུ་བ་རང་གི་འབྱིན་ནམ་འབྱིན་བཅུག་པ། །དེ་ཡི་སྡོམ་པ་འཆོར་བར་མི་འགྱུར་ཀྱང་། །དགེ་འདུན་ལྷག་མའི་ལྟུང་བ་ཤིན་ཏུ་ལྕི། །གསོ་སྦྱངས་གིས་ཀྱང་དག་པར་མི་འགྱུར་ཏེ། །ལྟུང་བ་འཕེལ་བར་མི་འགྱུར་ཙམ་ཅིག་ནུས། །དེ་དག་མདོ་དང་འདུལ་བའི་དགོངས་པ་སྟེ །ཐབས་ཀྱིས་མ་ཟིན་འདོད་ཆགས་རང་ཁ་མ། །རྣལ་འབྱོར་མཁའ་སྤྱོད་དབང་པོའི་ཞལ་ནས་ཀྱང་། །ཐབས་ཀྱིས་ཟིན་ན་དུག་ཀྱང་བདུད་རྩི་མཆོག །

(༥༧)དཔལ་ལྡན་ཀྱཻའི་རྡོ་རྗེའི་རྒྱུད་ལས་ཀྱང་། །འདོད་ཆགས་ཉིད་ཀྱི་འདོད་ཆགས་འཇོམ་པར་བཤད། །དེ་ལ་གང་ཟག་ས་ལམ་མཐོ་དམན་ཁྱད། །རྩ་རླུང་ལས་རུང་ས་ཐོབ་ཡན་ཆད་ཀྱིས། །བུད་མེད་བསྟན་ཀྱང་སྡོམ་པ་ཤོར་བ་མིན། །དཔེར་ན་རྒྱ་བོད་གྲུབ་ཆེན་ཐམས་ཅད་བཞིན། །བསྟན་ལ་མི་གནོད་རྫུ་འཕྲུལ་སྣ་ཚོགས་སྟོན། །རྫུ་འཕྲུལ་སྣ་ཚོགས་སྟོན་པར་མི་ནུས་ན། །རྩ་རླུང་ལས་སུ་རུང་ཀྱང་བསྟན་མི་རུང་། །སངས་རྒྱས་བསྟན་ལ་གནོད་ལས་སྡིག་ཆེ་གང་། །བཙུན་པ་ཕན་ཚུན་ཁུ་བ་འབྱིན་པ་ནི། །དིང་སང་ཆོས་སྡེ་ཀུན་ལ་དར་ཆེ་ཞིང་། །སྡོམ་པ་འཆོར་བའི་གྲ་རུ་མི་འགྲོ་ཡང་། །དམྱལ་བའི་སྡུག་བསྔལ་དཔག་མེད་མྱོང་གྱུར་བ། །བསླབ་པ་ཀུན་ལས་བཏུས་པར་རྒྱ་ཆེར་བཤད། །ཁྱེའུ་ལ་ནི་བུད་མེད་ཡིན་བལྟ་བར། །དེ་ནི་འདོད་ཆགས་ལོགས་ལྟ་གཉིས་ཀ་སྟེ། །མཚམས་མེད་ལྔ་ལས་སྡིག་པ་ཆེ་བའི་ཚུལ། །མཉན་པའི་བཞེད་ལྟར་མི་སྤྱོད་རྒྱལ་བས་གསུངས། །དེ་མཐོང་ཐུགས་ཀྱོང་སྙིང་རྗེས་མ་བཟོད་ནས། །ཉིན་མཚན་མེད་པར་བཤུལ་གསུངས་འདུལ་ཊཱིཀ་གསལ། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས་ཀྱང་། །ཐིག་ལེ་ལེན་གཅིག་ཉམས་ནས་སྐྱེ་བ་དེ། །མཆོག་གི་དངོས་གྲུབ་ཐོབ་པར་མི་འགྱུར་གསུངས། །རང་བྱུང་རྡོ་རྗེའི་དམ་ཚིག་རྒྱ་མཚོ་ལས། །བྱང་ཆུབ་

(༥༨)སེམས་དཔའ་རྩ་ལྟུང་འདི་ཡིན་གསུངས། །ས་སྐྱ་པ་ཡི་མིན་པར་བཞད་ན་ཡང་། །རྩ་རླུང་ཉམས་སུ་ལེན་པའི་གང་ཟག་གིས། །རྩ་ལྟུང་ཡིན་པར་ཐམས་ཅད་ཞལ་མཐུན་ནོ། །ཁྱད་པར་བསྒོམ་ཆེན་རྣམས་ཀྱི་འདི་བྱས་ན། །ཉོན་མོངས་མགོ་བོ་གཏན་ནས་མ་ནོན་རྟག། །མཚངས་དང་ངོ་ཚ་དེ་ལས་ཆེ་བ་མེད། །ཁྱད་པར་བླ་མ་ཡིན་པས་འདི་སྤྱོད་ན། །གྲྭ་སློབ་མགོ་མི་ནོན་ཞིང་འཁྲུག་པའི་རྒྱུ། །བླ་མ་བླ་མར་མི་མཐོང་བཟའ་ཚང་མཐོང་། །དད་གུས་མི་སྐྱེ་འཁོར་སློབ་གྲོལ་མི་ནུས། །བྱིན་རླབས་བརྒྱུད་པ་འཆད་པའི་གེགས་ཆེན་ཡིན། །དེ་ཕྱིར་བུད་མེད་བསྟན་པ་ལྟ་ཅི་སྨོས། །ཉེ་གནས་ལ་སོགས་གྲྭ་འཁོར་སུ་མཛད་ཡང་། །དེ་ལ་མི་སྤྱོད་དམ་བཟའ་དྲག་པོ་བཟུང་། །འདོད་པའི་ཁམས་ནི་འདོད་ཆགས་ཤུག་ཆེ་བས། །ཉེས་ལྟུང་དྲན་དང་མི་སྡུག་བསྒོམ་པ་དང་། །ངོ་བོར་བལྟས་པས་ཞི་བར་མ་ནུས་ན། །ཞེས་རི་ཆོས་གཞུང་ཆེན་ནང་གི་དུག་འཇོམས་རྨ་བྱ་ཆེན་མོ་ལྟར་ཉམས་སུ་ལན་ཅིང་། ཁྱད་པར་དུག་ལྔའི་རྟོག་པ་ནམ་ཤར་བའི་ཚེ་རང་སེམས་ངོ་བོ་སྐྱོང་བ་ལ་ནན་ཏན་བྱ། དུག་ལྔ་སེམས་ཀྱི་ཆོ་འཕྲུལ་ཡིན་པས་དེ་དུས་དུག་ལྔ་རང་སར་ཞི་བར་ཐེ་ཚོམ་མེད། དེས་ཀྱང་ཉོན་མོངས་མ་ཞི་ན་སྣོད་ལྡན་གྱི་སློབ་མ་ལ་འདིའི་མན་ངག་བསླབས་པ་ཤིན་ཏུ་ཟབ་པ་ཡིན། ཞེས་གསུངས་པས། སྣོད་མིན་ལ་དཔེ་འདི་གར་

(༥༩)ཐོད་ཐོད་དུ་མི་བསྟན་པ་དམ་ཚིག་ཤིན་ཏུ་གནད་ཆེའོ། །མཆན། །དེ་ནས་འདོད་ཆགས་མི་སྤངས་ལམ་ཁྱེར་ཐབས། །ཚུལ་ཁྲིམས་མི་འཆལ་བསྟན་ལ་མི་གནོད་ཅིང་། །ཉེས་ལྟུང་མི་འབྱུང་ཉམ་རྟོགས་བོག་འདོན་ཐབས། རང་ལུས་ཐབས་ལྡན་གདམ་ངག་ཉམས་སུ་ལེན། མདོ་ལས་བུ་མེད་མིད་ལ་དྲན་པ་ཡིན། ཉེས་པ་བཤད་དང་འདི་ནི་མི་གཅིག་སྟེ། ལྷ་རུ་གསལ་དང་སྔགས་ཀྱི་སྤྱོད་པ་དང་། །ཉམས་རྟོགས་བོགས་འདོན་གསུམ་གྱི་ཁྱད་པར་འཕགས། །འདི་ཉིད་གང་ལས་གསུངས་པ་ཡིན་ཞེ་ན། །གསང་བ་ནོར་བུ་ཐིག་ལེའི་རྒྱུད་ཅེས་པ། །འདི་ཉིད་ཁོ་ན་སྟོན་པ་གསེར་འོད་ཙམ། །ས་པཎ་གྱིས་བསྒྱུར་རྒྱུད་འབུམ་ཀུན་ལ་ཡོད། །ཞི་ཁྲོའི་འོག་སྒོ་བདེ་ཆེན་རང་གྲོལ་དང་། །རརྣའི་གཏེར་ཁ་ཟབ་ལམ་གསང་འདུས་དང་། །དབང་ནི་གསུམ་པའི་ཉམས་ལེན་ཞེས་བྱ་བ། །པཎ་ཆེན་དྷ་ན་ཤཱི་ལའི་རྒྱ་གཞུང་ལས། །དོན་འདི་ཤིན་ཏུ་གསལ་བ་རྒྱ་ཆེར་བཤད། །དོན་ལ་གསང་སྔགས་དབང་བཞི་ཐོབ་ཕྱིར་ནས། །ཤེས་རབ་ཡེ་ཤེས་དབང་དོན་བསྒོམ་རྒྱུ་ཡིན། །རྩ་བའི་ཉམས་ལེན་འདི་ཉིད་ཁོ་ན་ཡིན། །ཞག་རེ་ཆག་ན་དམ་ཚིག་ཉམ་པའི་ཕྱིར། །ཡི་དམ་ཞལ་སྦྱོར་བསྒོམ་པ་དེ་ཡི་གནོང་། །ལུས་དང་རྩ་ཡི་སྟོང་ར་བསྒོམ་པ་དང་། །རླུང་ལ་ཅུང་ཞིག་བྱང་བ་གལ་ཆེ་སྟེ། །རི་ཆོས་གཞུང་ཆེན་ནང་གི་ཡང་གསང་སྒྲུབ་པ་བདེ་ཆེན་རབ་འབར་ལས་འབྱུང་བ་ལྟར་ཡིན་གསུངས།

(༦༠)དེ་མིན་གནད་དུ་འགྱུར་ཡོད་གསུངས། །འདི་ལ་དབང་པོ་རབ་འབྲིང་དང་ཐ་མའི་ལུག །རབ་ལ་ཡི་དམ་གང་བསྒོམ་ཡབ་དང་ཡུམ། །ཞལ་སྦྱོར་བསྒོམ་པ་སོ་སོའི་མངོན་རྟོགས་བཞིན། །ཡབ་གྱི་གསང་བར་ཧཱུྃ་ལས་རྡོ་རྗེ་ནི། །རྩེ་ལྔ་བུ་ག་ཧཱུྃ་གིས་བཀག་པར་བསྒོམ། །ཡུམ་གྱི་གསང་བར་ཨཱ་ལས་པདྨ་ནི། །དམར་པོ་འདབ་བཞི་བུ་ག་ཕཊཿཀྱིས་བསྐག རྡོ་རྗེས་པདྨ་དྲག་ཏུ་དཀྲུགས་པ་ཡིས། །ཆགས་པའི་མེ་ཡི་སྤྱི་བོས་ཧཾ་ཡིག་ཞུ། །དབུ་མའི་ལམ་ནས་སྤྱི་མགྲིན་རྩ་འདབ་གང་། །ལུས་སེམས་ཡུད་ཙམ་དགའ་བའི་ཆགས་པ་སྐྱེ། །ངོས་མ་ཟིན་ན་འདོད་ཆགས་སྐྱེས་པ་སྟེ། །དེ་ཡི་ངོ་བོ་བལྟས་པས་སྟོང་པར་མཐོངས། །དེ་ནི་དགའ་བའི་ཡེ་ཤེས་ངོས་བཟུང་ངོ། །དེ་ནས་རྡོ་རྗེས་པདྨ་དྲག་དཀྲུགས་པས། །བྱང་སེམས་མར་བབས་སྙིང་ཀའི་རྩ་འདབས་གང་། །ལུས་སེམས་དགའ་བདེ་མེར་གྱིས་གང་སྙམས་བྱེད། །ངོས་མ་ཟིན་ན་འདོད་ཆགས་ཆེར་གཡོས་ཡིན། །དེ་ཡི་ངོ་བོ་བལྟས་པས་སྟོང་པར་མཐོང་། །བདེ་སྟོང་དབྱེར་མེད་མཆོག་དགའི་ཡེ་ཤེས་ཡིན། །དེ་ནས་སྲུབ་དང་སུབ་པའི་སྦྱོར་བ་ཡི། །བྱང་སེམས་ལྟེ་བའི་རྩ་འདབ་གང་བ་ཡི། །ཆགས་པ་ཆེར་སྐྱེས་རྣམ་རྟོག་རགས་པ་འགགས། །

(༦༡)དགའ་དང་མི་དགའི་འཛིན་པ་སྟོར་སྙམ་སྟེ། །ངོས་མ་ཟིན་ན་འདོད་ཆགས་ཆེན་པོ་སྟེ། །ངོ་བོ་བལྟས་པས་བདེ་སྟོང་གཅིག་ཏུ་འདྲེས། །དེ་ནི་དགའ་བྲལ་དགའ་བའི་ཡེ་ཤེས་ཟེར། །དེ་ནས་སྤྱོད་པས་ཐིག་ལེ་མར་བབས་ནས། །དགའ་བདེ་བཟོད་གླག་མེད་པར་འབྱུང་བར་འགྱུར། །ངོ་བོ་བལྟས་པས་བདེ་སྟོང་ཟུང་དུ་འཇུག །དེ་ནི་ལྷན་གཅིག་སྐྱེས་དགའི་ཡེ་ཤེས་སོ། །འདི་སྐབས་མཻ་ཏྲི་པ་ཡི་བཞེད་པ་ལས། །ཐིག་ལེ་ཕྱེད་ནི་ཕྱིར་ཤོར་ཕྱེད་ནང་གནས། །དེ་ཚེ་སྐད་གཅིག་སེ་གོལ་ཡུད་ཙམ་ལ། །ལྷན་གཅིག་སྐྱེས་དགའི་ཡེ་ཤེས་འཆར་བར་བཞད། །ཐིག་ལེ་ཕྱེད་དེ་ཉམས་ན་མི་རུང་བས། །མུ་སྟེགས་ལུགས་དང་མཚུངས་ཞེས་བཀག་པའང་ཡོད། །ནཱ་རོའི་ལུགས་ལ་རྡོ་རྗེའི་སྐད་པ་རུ། །ཐིག་ལེ་བབས་ཚེ་ཡེ་ཤེས་འཆར་བར་བཞེད། །ཞི་ཁྲོའི་འོག་སྒོ་བདེ་ཆེན་རང་གྲོལ་ལས། །རྡོ་རྗེའི་རྩ་ནས་ཐིག་ལེ་ལྡོག་དགོས་གསུངས། །དེ་ཡང་གོམས་ཆེ་ཆེ་བའི་དབང་ཡིན་གྱིས། །དང་པོ་ལྟེ་བ་ཙམ་ནས་མ་ལྡོག་ནས། །མར་ལ་ཉེ་ནས་ཐིག་ལེ་འཆོར་ཉན་ཡོད། །སྐྱེས་པ་རྣམས་ནི་བུད་མེད་ལ་དགའ་བས། །དེ་ལ་སྤྱོད་པས་བདེ་བ་སྐྱེ་ཕྱིར་ཡིན། །དེ་ནི་ལོག་པར་ལྟ་བ་ཡིན་པ་སྟེ། །དེ་དོན་བྱམ་

(༦༢)པས་ཐེག་ཆེན་རྒྱུད་བླ་མར། །ཁྱིས་ནི་རུས་པ་སྐམ་པོ་ཁར་བཅུག་ནས། །རང་གི་ཁྲག་ལ་དེ་རུ་མངོན་བར་ཞན། །དེ་བསྲུང་གཞན་ལ་མངོན་པར་སྡང་བ་ལྟར། །འཇིག་རྟེན་ལོག་པར་སྤྱོད་པའང་དེ་དང་མཚུངས། །གསུང་ཕྱིར་ཁྱེའུ་བུད་མེད་གཟུགས་མཛེས་པར། །དེ་ལ་སྤྱོད་པས་བདེ་བ་སྐྱེས་པ་དེ། །དེ་ཡི་ལུས་ལ་བདེ་བ་བྱུང་བ་མིན། །ཁྱི་ཡིས་རྐན་ནས་རུས་པས་གཤགས་པ་ཡིས། །ཁྲག་ནི་ཞིམ་པར་རུས་པར་བྱུང་སྙམ་མཚུངས། །རང་གི་དབུ་མའི་མར་སྣེ་དུང་ཅན་རྩ། །དེ་ཡི་སྣེ་མོ་རྡོ་རྗེར་ཟུག་པ་དེ། །དེ་ལ་བཤུད་ཅིང་དྲུད་པས་ཐིག་ལེ་དབབ། །ཐིག་ལེ་བབས་པས་བདེ་བ་སྐྱེས་པ་ཡིན། །བདེ་བ་ངོས་མ་ཟིན་ན་འདོད་ཆགས་ཏེ། །ངོ་བོ་བལྟས་པས་བདེ་སྟོང་གཅིག་འདྲེས་པ། །སྔགས་ལས་གསུངས་པས་ཕྱག་རྒྱ་ཆེན་པོ་ཡིན། །བདེ་བ་མེད་པའི་སྟོང་པ་ཁ་རྐྱང་ནི། །མདོ་ནས་བཤད་པའི་དབུ་མའི་ལྟ་བ་དེ། །སྔགས་ཀྱི་ཕྱག་ཆེན་ཡིན་པར་ས་པཎ་བཞེད། །ལུས་ཟུང་རྒྱས་དང་ན་སོ་གཞོན་པ་དང་། མཆན། དབང་པོ་ཐ་མ་ཆགས་པ་ཆེ་བའི་རིགས། །དམིགས་པ་གསལ་ཞིང་ཆགས་པ་ཆེ་བའི་རིག །དམིགས་པ་ཁོ་ནས་ཐིག་ལེ་འབེབས་པར་ནུས། །ཐིག་ལེ་ཕེབས་ན་བདེ་བ་མི་སྐྱེ་མེད། །དེ་

(༦༣)ཡིས་མ་ཕེབས་དྲོད་དང་འདུག་སྟོང་བྱ། །པུས་མོ་གཉིས་ལ་ལགས་པས་དམ་དུ་འཁྱུད། །ལོང་བུའི་བར་དུ་བཛྲ་བཀྲོལ་བས་འབེབས། །ལུས་རྫུད་ཆགས་པ་ཆུང་བའི་གང་ཟགས་ལ། །ཧ་ཏའི་ཉིང་ལགས་དྷཱ་ཀི་ལྔ་རུ་བསྐྱེད། །བཛྲ་ཤིནྟང་ཉུག་ཅིང་བསོར་བས་འབེབས། །རྗེ་བཙུན་མི་ལ་རས་པའི་ཞལ་ནས་ཀྱང་། །འབེབས་པ་རུས་སྦལ་འགྲོས་ཀྱིས་འབེབས་གསུངས་ལྟར། །རིམ་པར་རྩ་གནས་ཡེ་ཤེས་ངོས་ཟིན་བྱ། །བཛྲ་རྩར་སླེབས་སྐད་གཅིག་ཉིད་ལ་ལྡོག །འཆོར་དགོས་ཆུ་ཆེན་གྲེ་ བྱང་སེམས་གནས་བཞིར་འབབ་ཚེ་དགའ་བ་བཞིའི་མཆན། འགག་འཁྲུལ་འཁོར་ནི། །གསང་གཤང་བར་གྱི་ཐིག་ལེ་རྒྱུ་བའི་རྩ། །པར་མོས་དྲག་མནན་ཐེམ་བུས་བཀག་དང་མཚུངས། །སྲིན་ཞལ་ལྷོད་ཅིང་གྱེད་བཞི་དྲག་ཏུ་བསྐུམ། །འོག་རླུང་གྱེན་འདྲེན་ལྟོ་བ་སྒལ་པར་སྦྱར། །འོག་སྒོ་གཉིས་ཀྱང་ཤུགས་ཀྱིས་བསྡམས་བྱས་ཏེ། །ལྕེ་ནི་ཡ་རྐན་ལ་སྦྱར་མིག་གྱེན་ལྡོག །རླུང་ནི་ཁང་པའི་ནང་ནས་གྱེན་འདྲེན་ཕྱིར། །ཧཱུྃ་རིང་ཧྲིང་རིང་དྲག་ཏུ་སྦྱངས། །རིགས་པ་ནམ་མཁའི་དབྱིངས་སུ་གཏད་བྱ་ཞིང་། །དམིག་པ་གསང་བའི་རྩ་གནས་ཐིག་ལེ་རྣམས། །ཆུ་ཆེན་རྦ་རླབས་གྱེན་དུ་ལྡོག་པ་བཞིན། །

(༦༤)ལྟེ་བར་ཕྱིན་པས་དགའ་བ་དང་པོ་དང་། །སྙིང་གར་གཉིས་པ་མགྲིན་པར་གསུམ་པ་དང་། །སྤྱི་བོར་སླེབས་པས་མས་རྟེན་དགའ་བ་བཞི། །དེ་ཚེ་ཉམ་ལེན་རྩམ་དང་མ་བྲལ་ན། །མས་རྟན་དགའ་བཞི་ཞེས་པ་མིང་དུ་འདོགས། །དེ་ནས་རིགས་པ་ནམ་མཁའི་དབྱིངས་སུ་འཕང་། །ནམ་མཁའ་བཞིན་དུ་རྒྱ་བསྐྱེད་ངོ་བོ་བལྟ། །གང་གི་འཁྲུལ་འཁོར་རྣམས་ཀྱང་དྲག་ཏུ་སྦྱངས། །ཐིག་ལེ་གཏང་རེ་ན་ར་ཀན་དུ་བསམ། །དེ་བསམ་ཤོར་ཡང་རྩ་ལྟུང་འབྱུང་བ་མིན། །ལྡོག་རྟགས་བཛྲ་སྲེད་བུ་བཞིན་དུ་འགྱུར། །སེམས་ལ་བདེ་བ་འཆར་ཞིང་ཡིད་དགའོ། །དེ་ནས་སེང་གེ་རྣམ་རོལ་འཁྲུལ་འཁོར་རྣམས། །རྟ་རྒོད་སྤྲུགས་སིག་ལྟ་བུའི་ལུས་སྤྲུག་བྱ། །བྱང་སེམས་བདུད་རྩིའི་ལུས་ཀུན་གང་བར་དམིགས། །ཕན་ཡོན་ལུས་བདེ་ཁམས་དངས་རིག་པ་གསལ། །དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྲིན་བཞིན་འདུ། །ཉམ་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་རྒྱས། །ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་འདུ། །ཐིག་ལེ་ཡུང་ཀར་འབྲུ་ཙམ་མ་ཉམ་པར་ཡས་བརྟན་མས་བརྟན་དགའ་བཞི་ངོས་ཟིན་ན་མཆན། རྩ་རླུང་ཐིག་ལེའི་ཡོན་ཏན་ཐམས་ཅད་འཐོབ། །དེ་དོན་ཞི་ཁྲོའི་འོག་སྒོ་བདེ་ཆེན་རང་གྲོལ་ལས། །དེ་ནི་རང་ལུས་ཐབས་ལྡན་ཞེས་བྱ་སྟེ། །དེ་ཀས་ཀྱང་ནམ་བདེ་བ་ཆེར་འཕེལ་ནས། །བདེ་སྟོང་

(༦༥)ཟག་མེད་མཆོག་གི་ཏིང་འཛིན་འཐོབ། །ཁྱད་པར་འདུལ་བ་འཛིན་པའི་དགེ་སློང་འཛིན། །གཞན་ལུས་བསྟན་ན་གཞན་གྱི་སྒྲོ་བསྐུར་འགྱུར། །དེ་ཕྱིར་རང་ལུས་ཐབས་ལྡན་འདི་ལ་འབད། །ཅེས་གསུངས་འདི་ཡི་གནད་ཀྱི་མུ་སྟེགས་ལ། །རྩ་ནི་ཁྱིམ་དང་རླུང་ནི་བདག་པོ་དང་། །ཐིག་ལེ་ནོར་གྱི་ཚུལ་དུ་གནས་པ་སྟེ། །རྩ་ཡི་སྟོང་ར་གསལ་ན་མོ་རིགས་འདུ། །རྩ་ནི་ནང་གི་མཁའ་འགྲོ་ཡིན་པའི་ཕྱིར། །ཕྱི་ཡི་མ་མོ་མཁའ་འགྲོ་ཤུགས་ཀྱིས་འགྲུབ། །རླུང་ནི་ནང་གིས་དཔའ་བོ་ཆོས་སྐྱོངས་ཚོགས། །ཡིན་ཕྱིར་རླུང་ལ་བྱང་ན་ཕོ་རིགས་འདུ། །ཐིག་ལེ་ནང་གི་བསོད་ནམས་ནོར་ཡིན་ཕྱིར། །མ་ཉམས་འཕེལ་ན་བསོད་ནམས་ལོངས་སྤྱོད་འདུ། །རྟེན་ནི་རྒྱུ་ཡི་བྱང་སེམས་དཀར་དམར་ལ། །བརྟེན་པ་ཡེ་ཤེས་ཐིག་ལེ་ཕྱག་ཆེན་གནས། །དེས་ནི་བརྟན་དང་བརྟན་པའི་ཐིག་ལེ་གཉིས། །ཉམས་ན་མཉམ་ཉམས་འཕེལ་ན་མཉམ་འཕེལ་ཡིན། །འདུལ་འཁྲིམ་བསྲུང་བས་མི་འཕེལ་སྐམ་པར་འགྱུར། །འདི་ལྟར་སྦྱོངས་བས་མི་ཉམས་འཕེལ་བར་འགྱུར། །དོན་མེད་མི་བསམ་དེ་དོན་ཤེས་པར་བྱ། །བཟུང་བསམ་མེད་པར་བཏང་ན་རྩ་ལྟུང་སྟེ། །བཟུང་ཡང་མ་ཐུབ་ཤོར་བས་ཉམས་པ་ཆུང་། །དངས་

(༦༦)སྙིགས་ཁྱད་པར་བཟུང་རྒྱུ་ཡོད་མེད་སོགས། །མཁའ་འགྲོ་སྙིང་ཐིག་ནང་ནས་གསུངས་པ་ལྟར། །མི་སྤྱོད་རྡོ་རྗེས་གསུང་དང་དགོངས་པ་མཐུན། །དེ་ལྟར་རང་ལུས་ཐབས་ལྡན་ཉམས་ལེན་ཚེ། །ཐིག་ལེ་ལྡོག་གམ་མ་ལྡོག་ལྟ་བའི་ཕྱིར། །ལྡོག་པའི་དམིགས་པ་འཁྲུལ་འཁོར་མང་བྱས་རྗེས། གྲུ་ཆེན་གྲེ་འགགས་བཏང་ལ་ལགས་མཐིལ་བླུགས། །དཀར་པོ་ཞོ་འདྲའི་དཀྱིལ་དུ་ཏིལ་འབྲུ་ཙམ། །དངུལ་ཆུའི་མདོག་འདྲ་རྡོག་པོ་ཐར་ཐོར་ནི། །དངས་མའི་དངས་མ་བྱིས་པ་འབྱུང་བའི་རྒྱུ། །ཉམ་ན་སྐྱོན་ཆེ་བཟུང་ན་ཡོན་ཏན་འཕེལ། །དེ་འདྲ་གདའ་ན་གཏན་ནས་མ་ལྡོག་རྟགས། །ཨ་མྲྀ་ཏའམ་སརྦ་པཉྩའི་སྔགས། །བཟླས་ཤིང་དྲོད་མ་ཡལ་བར་བརྟུང་བར་བྱ། །དེ་ཡིས་ཉམས་པའི་ཉེས་པ་མི་འབྱུང་སྟེ། །དམིགས་པ་མ་གསལ་ཆགས་པས་ཤོར་ན་ཡང་། །དེ་བྱས་རྩ་ལྟུང་ཉེས་པ་མི་འབྱུང་བ། །དགྱེས་རྡོར་རྒྱུད་ལས་རྒྱ་ཆེར་གསལ་བར་བཤད། །དེ་ཡང་དྲོད་མ་ཡལ་མ་བཏུང་དགོས་ཀྱིས། །དྲོད་ཡལ་ནས་ནི་ནད་དུ་འགྱུར་བར་བཤད། །དེ་ལ་རྩ་ལྟུང་རྣམས་པ་གཉིས་སུ་འགྱུར། །དཀར་པོ་ཞི་བ་རྣམས་ཀྱི་དབྱིབས་འདྲ་བ། །དེ་ནི་དངས་མའི་སྙིགས་མ་ཡིན་པ་སྟེ། །བཟུང་

(༦༧)ན་ཤ་ལུས་རྒྱས་ཙམ་ཡོན་ཏན་ཡོད། །ཉམས་ཀྱང་ཉེས་པ་ཅུང་ཟད་ཆུང་བར་གསུངས། །སྙིགས་མའི་སྙིགས་མ་བ་ལང་ཁ་ཆུ་འདྲ། །ཉག་མ་ཡོད་པའི་རླན་གཅིག་འབྱུང་བ་ནི། །བཟུང་བས་མི་ཟན་བཏང་བས་ཉེས་པ་མེད། །བཟུང་བའི་དམིག་པ་གསང་བའི་བུ་ག་ནས། །ཧཱུྃ་ཡིག་སུམ་བརྩེགས་ཁྲིག་གིས་བཀག་པ་དང་། །ལྡོག་པའི་དམིགས་པ་སྤྱི་བོའི་ཧཾ་ཡིག་ལས། །ཐིག་ལེ་ཐམས་ཅད་སྐར་མདའ་ཆད་པ་བཞིན། །ཡར་འཕྲོས་ཧཾ་ལས་སིབ་སིབ་ཐིམ་པར་བསྒོམ། །བཟུང་དང་ལྡོག་དང་བཀྲམ་པ་གསུམ་ཀ་ལས། །རིག་པ་ནམ་མཁའི་དབྱིངས་འཕང་ངོ་བོ་སྐྱོངས། །ནམ་མཁའ་བཞིན་དུ་རྒྱ་བསྐྱེད་བཞག་པ་ཟབ། །ཐིག་ལེ་འབེབ་པའི་གནད་ཀྱི་གདམས་ངག་གིས། །དབང་པོ་དམན་པའི་ཐ་མལ་གང་ཟག་རྣམས། །ཡི་དམ་ཡུམ་ལ་ཆགས་པ་མི་སྐྱེ་བས། །དང་པོར་རང་ཉིད་ཡི་དམ་བསྒོམ་པ་དེ། །འོད་ཞུ་ངོ་བོ་ཡི་དམ་ཡིན་པ་ལ། །རྣམས་པ་ཨོ་རྒྱན་གཅེར་བུ་ཕྱག་གཉིས་པ། །ཡི་དམ་ཡུམ་དེ་འོད་དུ་ཞུ་བ་ལས། །ངོ་བོ་ཕག་མོ་རྣམས་པ་ཐ་མལ་གྱིས། །བུ་མེད་རང་གི་ཡིད་མཐུན་གཅིག་ཏུ་བསྒོམ། །དབེན་པའི་གནས་སུ་རང་དང་མཉམ་དུ་འཁོད། །ཕན་ཚུན་གཟུགས་ལ་བལྟ་ཞིང་ཆགས་པར་བསྒོམ། །དེ་ཡི་ངོ་བོ་བལྟས་པས་སྣང་སྟོང་

(༦༨)འཆར། །ལྟ་བས་ཚིམ་པའི་ཆགས་པ་སྦྱགས་བ་ཡིན། །དེ་ནས་རྒོད་ཅིང་ཆགས་པའི་གཏམ་སྨྲ་བསམ། །ངོ་བོ་བལྟས་པས་གྲགས་སྟོང་ཉིད་དུ་འཆར། །རྒོད་པའི་ཚིམ་པའི་ཆགས་པ་སྦྱངས་པ་ཡིན། །དེ་ནས་རྩེ་རྒྱུ་ལགས་པ་སྦྲེལ་བ་དང་། །ལུས་ལ་འཁྱུད་ཅིང་འཕུར་དང་འོ་བྱེད་བསམ། །ངོ་བོ་བལྟས་པས་རེག་བྱ་མྱང་སྟོང་འཆར། །ལག་པ་བཅང་བས་ཚིམ་པའི་ཆགས་པ་སྦྱངས། །དེ་ནས་ཕན་ཚུན་ལུས་པོ་འཁྱུད་བྱས་ཏེ། །རྡོ་རྗེ་པདྨ་མཉམ་པར་སྦྱོར་བར་བསམ། །དེ་ནས་ཡུམ་གྱིས་མ་བཟོད་བསྒུལ་བསྐྱོད་པས། །བདེ་བསིལ་སྐད་འབྱིན་ཡབ་ཡུམ་བདེ་བ་རྒྱས། །རྩ་གནས་བཞི་ལ་དགའ་བཞི་ངོས་བཟུང་སྟེ། །ལྡོག་དང་བཀྲམ་པའི་དམིགས་པ་གོང་དང་མཚུངས། །ཁྱད་པར་ཡུམ་དེར་རང་གིས་སྤྱི་བོར་བྱོན། །ཇེ་མཐོ་ཇེ་མཐོར་ནམ་མཁའི་དབྱིངས་སོང་བ། །དེ་ཡི་བྷ་གར་རིག་པ་རྩེ་གཅིག་གཏད། །ཐིག་ལེ་ལྡོག་པའི་དམིགས་པ་དེ་རང་ཟབ། །གལ་ལྟེ་རླུང་ལ་ནུས་པ་མ་ཐོན་པས། །ཐིག་ལེ་དབབ་པའི་འདོད་ཆགས་བདེ་བ་དེས། །ལྡོག་པར་མ་ནུས་འཆོར་བར་འདུག་པ་ན། །རང་ཉིད་ཡུམ་དང་མཉམ་སྦྱོར་བསྒོམ་པས། །ཡུམ་གྱིས་བྷ་གར་ཡི་དམ་དོར་རི་བསྐྱེད། །དེ་ལ་གསང་

(༦༩)བ་མཆོད་པ་ཕུལ་དམིགས་ཤིང་། །ཡི་དམ་རྩ་སྔགས་མཇུག་ཏུ་སྔགས་འདི་སྦྱར། །མ་ཧཱ་སུ་ཁ་གྷུ་ཧྱ་པུ་ཛཿཧོཿ ཅེས་བརྗོད་གྲེ་འགག་བཏང་ལ་ལག་མཐིལ་ཟད། །འདི་ལ་ཉ་ཕྱིས་སྣོད་དང་དུང་ལ་སོགས། །སྣོད་གཞན་མི་ལྟུང་བརྟག་གཉིས་རྒྱུད་ལས་གསུངས། །དྲོད་མ་ཡལ་བར་ལྕེར་བཞག་མིག་བྱས་ཏེ། །འཁོར་ལོ་ལྔ་ཡི་རྩ་གནས་ཐམས་ཅད་ཀྱིས། །དཔའ་བོ་མཁའ་འགྲོ་བདེ་བའི་མཆོད་པ་མཉེས། །བདག་ལུས་བདེ་ཆེན་ཡེ་ཤེས་འཆར་བར་བསྒོམ། །དེ་ཡིས་བྱང་སེམས་ཉམ་པའི་ཉེས་པ་མེད། །དེ་ནི་གསར་རྙིང་རྒྱུད་སྡེ་དགོང་པ་མཐུན། །ཧ་ལྟར་ཅུང་ཟད་དགོས་པའི་ལྷག་མ་རྣམས། །དཔྲལ་མགྲིན་ཐུགས་ཀ་ལྟེ་བར་ཐིག་ལེར་བྱས། །ཡི་དམ་རྩ་སྔགས་ཤམ་བུར་སྔགས་འདི་སྦྱར། །ཀཱ་ཡ་བཛྲ་རཀྵ་རཀྵ་ཨོཾ། །ཝཀ་བཛྲ་རཀྵ་རཀྵ་ཨཱ། ཙིརྟ་བཛྲ་རཀྵ་རཀྵ་ཧཱུྃ། སརྦ་བཛྲ་རཀྵ་རཀྵ་ཧྲཱི། །ཅེས་བརྗོད་གནས་བཞིར་ཨོཾ་དཀར་ཨཱ་དམར་པོ། །ཧཱུཾ་མཐིང་ཧྲཱི་ཡིག་ལྗང་ཁུ་བཞིར་གྱུར་ཏེ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡི། །སངས་རྒྱས་ཀུན་གྱི་སྐུ་གསུངས་ཐུགས་རྡོ་རྗེ། །ཡེ་ཤེས་རྡོ་རྗེ་བཞི་ཡི་བཅུད་བསྡུས་བསྟིམ། །དེ་ནི་བྱང་སེམས་བསྲུང་བ་ཟབ་མོ་སྟེ། །ཁྲོ་ཆུ་ལ་སོགས་གཤིན་རྗེའི་རྒྱུད་ལས་གསུངས། །

(༧༠)དེ་ནས་འདི་ཡི་ལས་ཚོགས་བཤད་པ་ནི། །དཔེར་ན་ཐ་མལ་བུད་མེད་གཞོན་ནུ་རྣམས། །རྡོ་རྗེ་བསྣམས་ཞིག་དྲག་ཤུགས་སྡེ་པ་དེས། །བསྣུན་ན་སྐྱེས་པ་གཞན་དག་མི་འདོད་ཅིང་། །རང་གིས་མི་བདག་དེ་དང་འབྲལ་མི་ཕོད། །དེ་བཞིན་ཡེ་ཤེས་ལས་དང་འཇིག་རྟེན་པའི། །མ་མོ་དང་ནི་མཁའ་འགྲོ་ཐམས་ཅད་ཀྱང་། །ཡི་དམ་ལྷར་བསྒོམ་སྦྱོར་བ་བྱེད་དམིགས་པའི། །རྣལ་འབྱོར་དེ་ལ་དགའ་ཞིང་དངོས་གྲུབ་སྦྱིན། །དེ་དོན་ཐིག་ལེ་ནོར་བུའི་རྒྱུད་ལས་གསལ། །ཁྱད་པར་མཁའ་འགྲོ་འབུམ་ཕྲག་དུ་མ་ཞིག །མ་འོང་ཡིད་ཀྱི་སྦྱོར་བ་བྱེད་བསྒོམ་པའི། །ཆུང་མ་བྱེད་ཅིང་དངོས་གྲུབ་སྦྱིན་ནོ་ཞེས། །ཕྱག་ན་རྡོ་རྗེའི་སྤྱན་སྔར་དམ་བཅས་ནས། །ཀ་མ་རུ་པའི་གནས་སྒོར་གནས་པར་བཤད། །ཀ་མ་རུ་ནི་ཀཾ་པོ་གང་ར་ཡིན། །དཔེར་ན་རང་ཉིད་རྒྱལ་བ་རྒྱལ་མཚོ་སྒོམས། །ཕག་མོ་ཡུམ་དང་སྦྱོར་བ་བྱས་པའི་ཚེ། །ཆགས་པའི་སྒྲ་ནི་ཧ་ཧ་སི་སི་དང་། །ཀུ་རུ་རུ་སོགས་སྒྲ་སྐད་བསྒྲག་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་བྱོན། །ཡབ་རྣམས་ཡབ་ཞལ་ཡུམ་རྣམས་ཡུམ་ཞལ་ཞུགས། །བྱང་སེམས་ངོ་བོར་ཞུ་ནས་རྩ་གནས་བརྒྱུད། །ཡབ་ཡུམ་སྐུ་ལུས་བདེ་བས་རབ་ཏུ་རྒྱས། །ཡབ་ཡུམ་བྱང་སེམས་དཀར་དམར་བྷ་གར་བབས། །

(༧༡)ཧྲིཿཡིག་དམར་པོར་གྱུར་པའི་འོད་ཟེར་གྱིས། །སེམས་ཅན་གཏི་མུག་ཅན་ཀུན་སྒྲིབ་པ་སྦྱངས། །འོད་ཟེར་ཚུར་འདུས་ཧྲི་ལ་ཐིམ་པ་ཡི། །བདེ་གཤེགས་སྐུ་ཡི་རིགས་ཀྱིས་སྤྱན་རས་གཟིགས། །ཆ་ལུག་བདག་ཉིད་ཡབ་ཡུམ་འདྲ་བར་གྱུར། །དེ་ལས་རང་འདྲའི་སྤྲུལ་པས་འཇིག་རྟེན་གང་། །སེམས་ཅན་ཀུན་གྱི་གཏི་མུག་སྒྲིབས་པ་སྦྱངས། །མཛད་པ་བཅུ་གཉིས་སྒོ་ནས་འགྲོ་དོན་མཛད། །སངས་རྒྱས་ཀུན་གྱི་སྐུ་ཡི་བྱིན་རླབས་བསྡུས། །ཐམས་ཅད་ཚུར་འདུས་ཡུམ་གྱིས་བྷ་གར་ཐིམ། །འོད་ཞུ་བྱང་སེམས་དཀར་དམར་བདུད་རྩིར་གྱུར། །དེ་ནས་འདྲེན་གྱི་རླུང་དང་འཁྲུལ་འཁོར་ལས། །སྦུ་གུས་འོ་མ་འཇིབ་པ་ཅི་བཞིན་དུ། །རྡོ་རྗེའི་ལམ་ནས་ཡར་དྲངས་བདག་ལུས་གང་། །སྐུ་ཡི་དངོས་གྲུབ་ཐོབ་བསྒོམ་མི་དམིགས་བཞག །དེ་བཞིན་བདག་ཉིད་མི་སྤྱོད་སྤྱན་རས་གཟིགས། །ཡབ་ཡུམ་སྦྱོར་བས་ཐུགས་ཀྱིས་དངོས་གྲུབ་བསྡུས། །རང་ཉིད་རིན་འབྱུང་སྤྱན་རས་གཟིགས་ཡབ་ཡུམ། །སྦྱོར་བས་དམིགས་པས་ཡོན་ཏན་དངོས་གྲུབ་བསྡུས། །རང་ཉིད་པདྨ་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྦྱོར་བས་གསུང་གི་དངོས་གྲུབ་བསྡུས། །རང་ཉིད་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྦྱོར་བས་འཕྲིན་ལས་དངོས་གྲུབ་བསྡུས། །དེ་བཞིན་བདག་ཉིད་

(༧༢)འཕགས་པ་སྤྱན་རས་གཟིགས། །སྒྲོལ་དཀར་དང་སྦྱོར་ཚེ་ཡི་དངོས་གྲུབ་བསྡུས། །སྒྲོལ་སྔོན་དང་སྦྱོར་འཇིག་པ་བཅུ་དྲུག་བསལ། །ལོ་མ་ཅན་སྦྱོར་རིམས་ནད་ཞི་བར་བྱས། །ལྷ་མོ་ཙུན་དྷ་དང་སྦྱོར་ནད་ཀུན་ཞི། །ཁྲོ་གཉེར་ཅན་དང་སྦྱོར་བས་འཇིག་པ་སྐྱོབས། །དེ་བཞིན་བདག་ཉིད་རྟ་མགྲིན་ཏིང་འཛིན་གྱིས། །ཀུ་རུ་ཀུལླེ་དང་སྦྱོར་སྦྱོར་འཚམས་ཀྱིས། །འོད་ཟེར་སྤྲོ་བསྡུའི་སྣང་སྲིད་དབང་དུ་བྱེད། །རང་ཉིད་བེར་ཅན་མགོན་པོའི་ཏིང་འཛིན་གྱིས། །རང་བྱུང་མ་དང་སྦྱོར་བས་ལྷ་མོ་འགྲུབ། །ངེས་པར་ལྷ་མོ་བསྒོམ་པའི་རྣལ་འབྱོར་པས། །ཟླ་ངོ་རེ་ལ་ལྷ་མོ་མ་བསྒོམ་ན། །དམ་ཚིག་ཆགས་པས་ལྷ་མོའི་རྒྱུད་ཀུན་གསལ། །དེ་བཞིན་བླ་མེད་ཡབ་ཡུམ་གང་དང་གང་། །གང་ལྟར་ཐིག་ལེ་དབབ་བཟློག་བཀྲམ་པ་དང་། །རྩ་གནས་བཞི་ལ་དགའ་བཞི་མྱོང་བ་སོགས། །ཐམས་ཅད་ཀུན་ལ་ཁྱད་པར་མེད་པ་སྟེ། །ཞལ་སྦྱོར་སྒོམ་པས་དོན་རྩ་དེ་རང་ཡིན། །ཡིད་ཀྱིས་རིགས་མ་བསྟན་པར་བསྒོམ་པ་ལ། །ཡིད་རིགས་ཡེ་ཤེས་ཕྱག་རྒྱ་ཞེས་བྱའོ། །རང་ཉིད་སློབ་དཔོན་པདྨའི་ང་རྒྱལ་གྱིས། །ཨ་ཕྱི་ཚེ་རིང་མ་དང་བརྟན་མ་སོགས། །སྦྱོར་བར་བསྒོམ་པས་དེ་ཉིད་འགྲུབ་ཐབས་ཟབ། །

(༧༣)མཛའ་ལྟར་བསྟན་པའི་མན་ངག་གནད་ཆེའོ། །དབང་ནི་གསུམ་པའི་ཉམས་ལེན་གཙོ་བོ་སྟེ། །འོན་ཀྱང་གསང་སྔགས་ཐོས་རྒྱ་ཆུང་བ་ཡིས། །འདི་ཐོས་གསང་སྔགས་ཆོས་ལ་བསྐུར་འདེབས་པ། །ཆོས་སྤངས་ལས་ཀྱི་ཁ་ཉིད་དམྱལ་བར་འགྲོ། །རང་ཉིད་གསང་བ་ཐུགས་ཀྱི་དམ་ཚིག་ཉམས། །ཚེ་འདིར་མཁའ་འགྲོའི་བཀའ་ཆད་དྲག་པོས་མནར། །བཤགས་པ་མ་ཐེངས་རྡོ་རྗེ་དམྱལ་བར་འགྲོ། །བཤགས་པ་ཐེང་ན་དམྱལ་བར་མི་འགྲོ་ཡང་། །སྐྱེ་བ་ལྔ་བརྒྱ་བསྙོ་འབོག་ནད་ཀྱིས་ཐེབས། །དེ་ཕྱིར་སྣོད་མིན་རྣམས་ལ་གསང་དམ་བཅད། །སྣོད་ལྡན་སྙིང་གི་བུ་ལ་མ་བསྟན་ན། །དགའ་བཞི་ཡེ་ཤེས་དངོས་སུ་མི་སྐྱེ་བས། །གསང་སྔགས་ཚིག་རྣམས་གོ་བ་སྐམ་པོར་ལུས། །བྱིན་རླབས་ཉམས་དང་རྟོག་པའི་རྒྱུད་པ་ཆད། །དེ་ཕྱིར་སྣོད་ལྡན་རྣམས་ལ་བསྟན་པར་བྱ། །དེ་སྐད་རྣལ་འབྱོར་རཱ་ག་ཨ་སྱ་ཡིས། །རྟ་ལོ་ཁྲུམ་ཟླའི་ཚེས་གཅིག་སྔ་དྲོར་སྨྲས། །རྡོ་རྗེ་འཛིན་པ་བརྩོན་འགྲུས་རྒྱ་མཚོ་བྲིས། །སྙན་རྒྱུད་ཡི་གེར་བྲིས་པ་ཉེས་མཆིས་ན། །དྷ་ཀི་བྱེ་བ་འབུམ་སྡེའི་དྲུང་དུ་བཤགས། །དགེ་བས་གསང་སྔགས་བསྟན་པ་མཐའ་རྒྱས་ཏེ། །དགེ་སློང་ཁྲིམས་ལྡན་རྡོ་རྗེ་འཛིན་པའི་ཚོགས། །སྐར་ཚོགས་ལྟ་བུར་བསྟན་པ་མཛེས་བྱེད་ཤོག །

(༧༤)ཅ། རི་ཆོས་མཚམས་ཀྱི་ཞལ་གདམས་ཆིག་བརྒྱུད་ལས། །བཙན་ཐབས་འཕོ་བའི་གདམས་ངག་ཉེས་ཆེན་བརྩོན་ནས་ཐར་བ་བཞུགས་སོ། །སྣོད་མིན་ལ་ཤིན་ཏུ་གསང་བ་དམ་ཚིག་གོ། །ན་མོ་གུ་རུ་དྷཱ་ཀི་ནི་ཧཱུྃ། བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དགོང་པ་གྲོལ་ཞིང་བྱིན་གྱི་རླབས་ཏུ་གསོལ། །གསར་རྙིང་གསང་སྔགས་རྒྱུད་སྡེ་ཐམས་ཅད་ནས། །མ་སྒོམ་འཕོ་བའི་ཞལ་གདམས་གསུང་མོད་ཀྱང་། །བསྒོམ་ཡུན་ཐུང་བའི་ཆོག་པའི་དོན་ཡིན་གྱིས། །གཏན་ནས་བསྒོམ་མི་དགོས་པ་མ་ཡིན་ནོ། །ཉམ་ལེན་ཤེས་ཀྱང་བརྟན་པ་མ་ཐོབ་ཀྱང་། །འཆི་བ་བྱུང་ན་ཞིང་ཁམས་བསྒྲོད་ཕྱིར་གསུངས། །དེ་ཡང་འཆི་རྟགས་ངེས་པར་ཚངས་དགོས་ཏེ། །འཆི་རྟག་ཚང་ཡང་འཆི་བསླུ་ལན་གསུམ་བྱ། །འཆི་རྟགས་མ་ཚང་འཆི་བསླུ་མ་བྱས་པར། །འཕོས་ན་རང་ཉིད་ལྕེབས་པའི་ཉེས་པ་འབྱུང་། །ལུས་ལྷ་ཐམས་ཅད་བསད་ཕྱིར་མནར་མེད་ལྟུང་། །དེ་དོན་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་ལས། །དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་བྱེད་པ། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །ངེས་པར་མནར་མེད་འགྲོ་བར་འགྱུར། །ཞེས་

(༧༥)པའི་དོན་ཡང་དེ་ལ་དགོངས་པ་ཡིན། །ཐོག་མར་བུམ་ཅན་རླུང་ནི་དགའ་རབ་སྦྱངས། །དེ་ནས་དུས་ལ་བབས་དུས་འཕོ་བྱ་བ། །རླུང་ལ་མ་བྱང་སྔགས་དམིགས་ཁོ་ན་ཡིན། །ཡུན་རིང་བཟུང་བས་ཚེ་ནི་ཐུང་གྱུར་གྱིས། །འཕོ་བར་འདོད་ཀྱང་འཕྲལ་དུ་འཕོ་མི་ནུས། །དང་པོར་འཕོ་བར་རྟག་ནི་ཐོན་ངེས་སྦྱངས། །དེ་ནས་བུམ་ཅན་རླུང་ལ་འབྱངས་བའི་མི། །འཆི་ནད་མ་ཕོག་གོང་དུ་རང་འཕོས་ན། །འཚམ་མེད་བྱས་སམ་སྡོམ་པ་ཤོར་བ་སོགས། །ཚབ་ཆེན་སྡིག་དང་འདྲེས་པའི་སྐྱེས་བུ་ཡང་། །རབ་ཏུ་དག་པའི་ཞིང་ཁམས་ཐ་མ་ཡང་། །ལྷ་ལུས་འམ་ནི་མི་ལུས་ཆོས་ལྡན་སྐྱེད། །དེ་དོན་བླ་མེད་རྒྱུད་སྡེ་དུ་མ་ནས། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །འཚམས་མེད་ལྔ་ནི་བྱེད་པ་དང་། །གདོལ་པ་སྨིག་མ་མཁན་ལ་སོགས། །ལམ་འདི་ཡི་ནི་བྱང་འགྱུར་ཏེ། །བདེ་བའི་གནས་སུ་འགྲོ་བ་དང་། །སྲིད་པའི་ལམ་ལས་རིང་ནས་གྲོལ། །འཁོར་བའི་སྐྱོན་གྱིས་མི་གོས་སོ། །གསུང་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །དེ་ཡང་བཙན་ཐབས་འཕོ་བ་ཞེས་བྱ་བ། །སྡིག་ཅན་རྒྱལ་པོ་སོགས་ཀྱིས་བཟུང་བྱས་ཏེ། །གསོད་པར་ངེས་ཤིང་ཡུན་རིང་ངན་གསོད་

(༧༦)བྱེད། །ཙི་ཙི་ཛྭ་ལ་ལ་སོགས་ནད་ཀྱིས་ཐེབས། །འཆི་ངེས་ཀྱི་ནད་ཚབ་མཆན། །འཆི་བར་ངེས་ཀྱང་ཡུན་རིང་མི་འཆི་ཞིང་། །ནད་གཅོད་སྡུག་བསྔལ་དྲག་པོ་མི་བཟོད་དམ། །འབྲོག་ཆེན་འཇིག་པའི་ཡུལ་ཕྱོགས་སྟོང་པར་ལུས། །རྐང་པ་ཞ་སོགས་འགྲོ་བའི་ནུས་པ་མེད། །མུ་སྟེགས་འཆི་འམ་གཅན་ཟན་གྱིས་ཟ་སོགས། །འཆི་རྐྱེན་ངན་པ་དེ་དག་མི་བཟོད་ན། །དེ་ཚེ་བཙན་ཐབས་འཕོ་བའི་གདམས་ངག་དགོས། །མི་བྱེད་ཁ་མེད་དེ་འདྲ་མ་གཏོགས་པ། །བཙན་ཐབས་འཕོ་བར་བྱ་བ་མི་རུང་ཕྱིར། །བདག་གིས་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །འཕོ་བ་བཙན་ཐབས་ལམ་ནི་མ་དགོས་ཙམ། །བྱུང་ན་ཀུན་ལ་སྙིང་གཏམ་བྱའོ་གསུངས། །གལ་ལྟེ་འཕོ་བ་བཙན་ཐབས་དགོས་བྱུང་ན། །སྔོན་དུ་སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་དང་། །སྤྱི་བོར་བླ་མ་འོད་དཔག་མེད་བསྒོམ་ཞིང་། །མཎྜལ་འབུལ་དང་ལུས་ཀྱི་སྟོང་ར་སོགས། །འཕོ་བའི་དམིགས་པ་གཞུང་དང་མཚུངས་པ་ཡིན། །དེ་ནས་བུམ་ཆེན་རླུང་ནི་དྲག་པོར་བཟུང་། །ཐིག་ལེ་སྤྱི་བོར་སྤར་བའི་དམིགས་པ་བཅས། །ཁ་དང་སྣ་གཉིས་མཉམ་དུ་རླུང་ཕྱིར་འབུད། །ནང་དུ་མི་རྔུབ་ཕྱི་རུ་ལེན་བརྒྱ་ཙམ། །དྲག་པོར་ཧ་ཧ་བརྗོད་ཅིང་རླུང་ཕྱིར་བཏང་། །དེ་རྗེས་ལགས་

(༧༧)གཉིས་རྩེའུ་དྲག་ཏུ་མནན། །ལག་གཡས་མགུལ་མདུད་ཤེད་ཀྱི་རྒྱབ་ཏུ་ཕུལ། །དེ་མ་ཐག་ཏུ་དུས་ལས་འདས་པ་ཡིན། །གལ་ལྟེ་དེས་ཀྱང་འཕོ་བར་མ་ནུས་ན། །སྔོན་ལྟར་དེ་རྣམས་ལེན་གཅིག་ཞི་བྱས་ལ། །རྡོ་འམ་དབྱུག་པ་འཕྲད་དུ་བརྐྱང་བའི་སྟེང་། །རྐན་རྐྱལ་ལོག་ནས་སྒལ་པ་དེ་ལ་བཀལ། །རྩེའུ་ཆུང་མགུལ་མདུད་དྲག་མནན་ཁ་སྣ་ནས། །རླུང་ནི་དྲག་ཏུ་ཕྱིར་ལ་སྦུད་དེ་འཕོ། །དེ་ནི་མཉམ་མེད་དྭགས་པོའི་གདམས་པ་ཡིན། །དེ་ཉིད་སྣོད་མིན་རྣམས་ལ་བཀའ་རྒྱས་གདབས། །ཅི་ཕྱིར་སྡུག་བསྔལ་ཅུང་ཟད་བྱུང་བའི་དུས། །དེ་ལྟར་བྱས་འཕོས་ལྕེབ་དང་ཁྱད་པར་མེད། །དེ་ཕྱིར་ཤིན་ཏུ་གསང་ཞིག་རིགས་ཀྱི་བུ། །དེ་སྐད་རྟོག་ལྡན་རཱ་ག་ཨ་སྱ་ཡིས། །རྟོགས་ལྡན་བརྩོན་འགྲུས་རྒྱ་མཚོ་དེ་ལ་གདམས། །དགོས་པ་མེད་ཀྱང་གསང་སྔགས་ཕྱག་ལེན་རྣམས། །གྲངས་འཇུག་མ་གཏོགས་ལག་ཏུ་ལེན་ཕྱིར་ཡིན། །ག་ཕུར་དིང་གང་ཟོས་ན་འཆི་བ་སོགས། །བཙན་དུག་འགམ་དང་ཁྱད་པར་མེད་པའི་ཕྱིར། །འཕོ་བ་མ་ཡིན་ལྕེབ་པ་ཡིན་ཕྱིར་སྤངས། །དེ་ལྟར་རྟ་ལོ་ཐ་སྐར་ཚེས་གཅིག་གིས། །ཕྱི་ཐུན་སྨྲས་པ་ཀརྨ་བིརྱས་

(༧༨)བྲིས། ས་མ་ཡ། །ཆ། །རི་ཆོས་འཚམས་ཀྱི་ཞལ་གདམས་གྱི་ཆིག་བརྒྱུད་ལས། །རྒྱལ་བ་དཀོན་མཆོག་འབངས་ཀྱི་རྩལ་བའི་འཕགས་སྨུག་འཛིན་དཀར་པོ་ལྷ་ལྔའི་ལོ་རྒྱུས་དང་སྒྲུབ་ཐབས་ཀྱི་ཟིན་བྲིས་བཞུགས་སོ། །ན་མོ་ཨརྱ་ཛཾ་བྷ་ལ་ཡེ། །འདིར་ཇོ་བོ་ཆེན་པོ་དི་པཾ་ཀ་རའི་ལུགས་ཀྱིས་བསྒྲུབ་ཐབས་ཀྱི་རྒྱ་གཞུང་དང་བསྟོད་པའི་རྒྱ་གཞུང་མང་ཉུང་གཉིས་ལ་བསྟན་ཏེ། །གྲུབ་མཐའ་སོ་སོའི་བླ་མ་རྣམས་ཀྱི་མཛད་པ་མང་མོད་ཀྱང་། །རྗེ་དཀོན་མཆོག་འབངས་ཀྱིས་མཛད་པ་འདི་ནི། །ཚིག་ཉུང་ལ་དོན་ཟབ་ཅིང་འཐུས་པར་འདུག་ནའང་ཞལ་ཤེས་ཀྱི་རྒྱུན་མེད་ན་ནི་རྒྱུད་ཚིགས་འདྲ་བ་ཅུང་ཞིག་རྟོགས་དཀའ་བར་མཐོང་བས། །རྒྱས་པར་ཕྱེ་སྟེ་བཤད་པར་བྱ་བ་ལ། །ཐོག་མར་ལོ་རྒྱུས་ཀྱི་དོན་ལ། །ཆོས་སྙིང་ནས་བྱེད་པ་ལ་ནོར་ལྷ་སྒྲུབ་མི་རུང་སྟེ། །ལོངས་སྤྱོད་ཆེ་ནས་དགེ་སྦྱོར་ཆགས་པ་དང་། །གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད་ཅེས་པ་དང་། །སྐྱོང་བྲན་འཚོ་སྐྱོང་གི་གཡེངས་བས་ལྷའི་བུའི་བདུད་ཡིན། །འབྲུག་ལུགས་ཀྱི་ཛམ་གཏོར་མི་གཏོང་། དེ་དང་ཚིགས་མཐུན་རྫོགས་ཆེན་གྱི་རྒྱུད་ལ་ལ་ནས་ཀྱང་འབྱུང་ངོ་། །རྒྱུད་ན་བཀག་པ་ནི་འཇིག་རྟེན་གྱི་ནོར་ལྷ་དང་གནོད་སྦྱིན་གྱི་རིགས་བསྒྲུབ་ན། །དེ་བསྒྲུབས་པ་དང་།

(༧༩)དགེ་སྦྱོར་ཆགས་པ་དང་། །འགྲུབ་ནས་ལོངས་སྤྱོད་ཀྱི་གཡེང་ནས་དགེ་སྦྱོར་མི་འོང་བ་དང་། །གདུལ་བྱ་བྱུང་བ་ཡང་འཇིག་རྟེན་གྱི་ལྷན་སྐྱེས་བསྡུས་པ་ཡིན་ན། །ལོགས་འཚོ་ཡིན་པས་མ་བྱིན་བླང་དང་ཆ་འདྲ་བར་བཤད་པ་ལ་དགོངས་སོ། །སྤྱིར་ཛམྦྷ་ལ་ཐམས་ཅད་ས་བཅུ་པར་གསུངས་པ་དང་། ཁྱད་པར་ཛམ་དཀར་འདི་ངོ་བོ་ཐུགས་རྗེ་ཆེན་པོ་རང་ཡིན་པས། །མཆོག་ཐུན་མོང་གཉིས་ཀ་འབྱུང་བ་དང་། །བདེ་བ་ཅན་དུ་སྐྱེ་བ་སོགས་ཕན་ཡོན་ཆེ་ལ། །ཐུབ་པས་སྤྱོད་པ་བཀའ་བརྟག་གི་ཕྱག་རྒྱ་ལ་ཡང་། ཛམྦྷ་ལ་ཆུ་སྦྱིན་པ་དང་། །འཕྲོག་མ་ལ་ཆང་བུ་སྦྱིན་པར་མ་བྱས་ན། །ཉན་ཐོས་སུ་མི་ཐེ་བར་གསུང་པའི་ཕྱིར་དང་། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཛམྦྷ་ལ་སྒྲུབས་ནས་སྦྱིན་པའི་ཕར་ཕྱིན་རྫོགས་ཏེ་སངས་རྒྱས་པ་ཡིན་པས། ཛམྦྷ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཡིན་པར་གནོད་ནྱས་དབང་པོའི་རྟོག་བརྗོད་ལས་གསུངས་པའི་ཕྱིར། ཛམྦྷ་ལ་ལྷའི་བུའི་བདུད་ཡིན་ཆུ་སྦྱིན་མི་རུང་ཟེར་བ་ནི་ཐོས་པ་དབེན་པའི་གཏམ་ངོ་ཚ་བའི་གནས་སུ་ཤེས་པར་བྱ་ཞིང་། དྭགས་པོའི་ཞལ་ནས་ཀྱང་། །འཚོ་བ་ནི་ནོར་སྒྲུབ་སླ་བ་ཡོད་ན་བྱ་གསུངས། རྗེ་དུས་གསུམ་མཁྱེན་པས་ཀྱང་སྒོམ་པ་ལ་ཡང་ལྟོ་

(༨༠)ཆེ་བར་བཟའ་དགོས་པར་གདའ་ཞེས་གསུངས། །རྗེ་མི་ལས་ཤ་བའི་ཤ་ཕུལ་བ་ཤ་ཚོད་བྱས་ནས་གསོལ་བས་བསྒོམ་ཤད་སྐྱེས་པར་གསུངས། །དེ་ལ་རྒྱ་གར་སྐད་དུ། །ཨརྱ་ཛཾམྦྷ་ལ་ཛ་ལེནྟྲ་ཡེ། །བོད་སྐད་དུ་སྨུག་འཛིན་ཆུའི་དབང་པོ་ཞེས་བྱ་བ་ནི་སྤྱིར་ཛཾ་ལྷ་སྤྱི་པོའི་མཚན་ཡིན་ཏེ། ཛཾ་བྷ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་གཟུགས་སྟེ། །སེམས་ཅན་རྣམས་ཀྱི་ཚོགས་བསགས་པའི་རྟན་དུ་གཟུགས་ཀྱི་སྐུར་བཞེང་པ་སྟེ། དཔེར་ན་ཡུམ་ཆེན་མོ་སྟོང་པ་ཉིད་ལ་གཟུགས་དང་ཁ་དོག་མེད་ནའང་སེམས་ཅན་རྣམས་ལ་ཚོགས་བསགས་པའི་རྟེན་དུ་ཡུམ་ཆེན་མོ་གསེར་མདོག་ཅན་དང་། །དཀར་མོ་དང་རྡོ་རྗེ་ཕག་མོ་སོགས་ཀྱི་སྐུར་སྣང་བ་ལྟ་བུའི་དོན་དེ་གོ་བར་བྱའོ། །སངས་རྒྱས་རྣམས་ཀྱི་སྦྱིན་པའི་ཕར་ཕྱིན་ལ་ལྷའི་སྐུ་གཅིག་འབྱུང་བ་འཐད་དམ་ཞེ་ན། རྣམ་རྒྱལ་མའི་དཀྱིལ་འཁོར་སོགས་ནས་ཕར་ཕྱིན་བཅུ་ལྷ་མོ་བཅུར་བཤད་ནས་དཀྱིལ་འཁོར་དུ་བཀོད་པ་སོགས་ལ་ངེས་ཤེས་བསྐྱེད་དོ། །འོན་ཀྱང་རིགས་དང་སྐུ་མདོག་སོགས་ལ་སྤྱི་དང་མཐུན་པར། །ཛཾ་ནག་རྡོ་རྗེ་སེམས་དཔའ། ཛཾ་སེར་རིན་འབྱུང་། ཛཾ་དམར་སྣང་མཐའི་སྤྲུལ་པ་ཡིན་པར་བྱེད་ལ། འཛཾ་དཀར་འདི་།།།།།གི་སོ། །ངོ་བོ་དེ་ལྟར་ཡིན་ལ་རྣམ་པ་སྐྱེ་རྒྱུད་ནི།

(༨༡)ཡབ་རྣམས་ཐོས་སྲས་ལ་བུ་སྟོང་ལ་གཅིག་མ་ཚངས་སྟེ། །ཐམས་ཅད་མིང་མཐུན་པར་དབང་པོ་ཞེས་བྱ། །གཅིག་ནི་ཕྱོགས་སྐྱོང་ནང་གིས་སྲིན་པོ་ཀུན་ཏུ་རྒྱལ་བ་མི་ལ་ཞོན་པ་དེ་ཡིན། །མཆོག་ཏུ་གྱུར་པའི་སྲས་གསུམ་ནི་ཛཾ་སེར་ནག་གཉིས་གར་མཁན་མཆོག་དང་གསུམ་ཡིན་པའི་ལོ་རྒྱུས་མང་དུ་བྱུང་། །དེ་ལ་ཡུམ་ནོར་རྒྱུན་མའི་སྲས་ཛཾ་སེར། །ཀླུ་དགའ་བོའི་བུ་མོ་པདྨ་གཙུག་ཕུད་མ་ལ་ནེའུ་ལེའི་ཚུལ་དུ་སྲས་བྱུང་བ་ཛཾ་ནག་ཡིན་པའི་ལོ་རྒྱུས་གཏམ་རྒྱུད་འབྱུང་མོད་ཀྱིས། །དོན་ལ་སེར་ནག་གཉིས་པོ་ཐུགས་རྒྱུད་ཀྱི་ངོ་བོ་ནི་གཅིག་པར་སྣང་། དེ་ལྟར་ངོ་བོ་གཅིག་པ་དེ་ལ་སྐུ་གསུངས་ཐུགས་ཡོན་ཏན་འཕྲིན་ལས་དང་རིགས་བསྡུས་ལས། ཛཾ་ལྷ་དཀར་དམར་མཐིང་སེར་ལྗང་ཀུ་ཁྲ་བོ་སོགས་འབྱུང་བ་ཡིན་ནོ། །དེ་ལ་གནོད་གནས་དབང་པོའི་རྟོག་བརྗོད་ལས། །ཛཾ་བྷ་ལའི་དཀྱིལ་འཁོར་བཤད་པའི་ནང་དུ་གནོད་སྦྱིན་དངུལ་གྱི་མདོག་ཅན་ཞེས་དང་། ཀརྨ་པཀྵིའི་རྣམས་ཐར་ལས། ལྕང་ལོ་ཅན་དུ་གནོད་སྦྱིན་རྒྱལ་པོའི་བུར་སྐྱེས་གསུངས་པ་རྣམས་ནི་ཛཾ་དཀར་འདི་ཉིད་དུ་ངེས་ཤིང་། །འདི་ཞལ་གཟིགས་ཁོ་ནར་མ་ངེས་ཏེ། །གྲ་པ་མངོན་ཤེས་ཅན་གྱི་གཏེར་མ་ཞོང་བློན་གྱི་འཁོར་ལ་

(༨༢)ཛཾ་དཀར་འབྲུག་ཞོན་འབྱུང་བའི་ཕྱིར་རྙིང་མའི་རྒྱུད་འགའ་ཞིག་ན་ཡོད་འདུག །ནོར་ལྷ་གསེར་གཟུང་སོག་སུ་ཨ་རྱ་ཛཾ་བྷ་ལ་གསུངས་པ་ནི་ཡེ་ཤེས་པ་འདི་དག་ཡིན་ལ། །སྐྱེད་དང་ཉི་ཟླའི་ཛམྦྷ་བཤད་པ་ནི། ཛཾ་བྷ་ལའི་རིགས་ཐོབ་པའི་སྐྱེད་ཀྱང་ཡོད་པར་སྣང་སྟེ། །འཛཾ་བྷ་ལ་དང་། །མ་ཧཱ་ཀ་ལ་དང་། །རེ་མ་ཏི་ཟེར་བ་རྣམས་སྤྱིའི་མིང་སྟེ། །ཐམས་ཅད་ཅིག་པ་རང་མིན་པར་ངེས་སོ། །དེ་ལ་པཎྜི་ཏ་དྷི་པཾ་ཀ་ར་ཤྲཱི་ཛ་ནས་ཤར་རི་བོ་པོ་ཏ་ལའི་འགྲམ་དུ་ཚུར་བྱོན་པ་དང་། མི་གཅིག་བཀྲིས་ནས་འཆི་ཞིང་གདའ་སྐད། །པཎྜི་ཏས་ཅི་ཉེས་བྱས་པས་མི་ན་རེ། བཀྲིས་ནས་འཆི་བ་ཡིན་སྐད། །པཎྜི་ཏ་སྙིང་རྗེ་ཆེན་པོ་སྐྱེས་ནས། །གྲོང་དུ་བསོད་སྙོམས་སློང་དུ་ཕྱིན་ན་ནི་ཤུལ་དུ་ཁོ་འཆི་བར་འདུག །ད་ང་རང་གི་ཤ་བཅད་ལ་བྱིན་སྙམས་ནས་སྤུ་གྲི་ལྷུང་བཟེད་ནས་ཕྱུང་ནས་སྐུ་ཤ་ལས་བཅད་ནས་མི་ལ་བྱིན་པས། མི་དེ་ན་རེ། ད་མི་ཟ་ཟེར་ནས་ཟ་མ་ཉན། པཎྜི་ཏས་ཟོ་དང་ཐུན་གཅིག་སྲོག་ཐུབ་ཡོང་། དེ་ནས་གྲོང་ཁྱེར་ནས་བསོད་སྙོམས་བྱས་ནས་འོང་གི་བྱས་པས། མི་དེ་ན་རེ། སྤྱིར་ཡང་མི་ཤ་མི་ཟ། །དེའི་ནང་ནས་ཆོས་པའི་ཤ་མི་ཟ་

(༨༣)ཟེར་ནས་འདོད་དུ་མ་གཏུབ། །འཕགས་པའི་བདེན་བ་མ་མཐོང་བའི་མི་ལ་སོགས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྐྱེན་གྱི་འཆི་བ་ལ། ང་སྐྱེས་ནས་འཆི་བ་ལས་དབང་མེད་སྨྲས་པས། ཇོ་བོའི་ཐུགས་ལ་དེ་བདེན། སེམས་ཅན་བཀྲིས་པའི་སྡུག་བསྔལ་བསམ་ན་ངའི་སྙིང་གི་གར་ཚུག་གསུངས་ནས། །རི་བོ་པོ་ཏ་ལ་ལ་དབུ་བསྟན་བཤུམ་ཞིང་བཞུགས་པས། །ས་གཡོ་བ་དང་ནམ་མཁའ་ལ་སྒྲ་ཆེན་པོ་བྱུང་བས་སྤྱན་ཕྱེས་ནས་གཟིགས་པས། །ཟླ་བ་རྒྱས་པའི་གདན་ལ་འཕགས་པ་སྤྱན་རས་གཟིགས་བྱོན་ནས་ཅི་ཉེས་གསུངས་པ་དང་། །མི་ཞིག་བཀྲེས་ནས་འཆི་བར་འདུག་ལགས་ལ་སོགས་པའི་ལོ་རྒྱུས་རྒྱས་པར་ཞུས་པ་དང་། །འཕགས་པས་སྤྱན་ཆབ་ཕྱུང་བས། །གཡོན་ནས་ཇོ་མོ་སྒྲོལ་མ་བྱུང་། །གཡས་ནས་ཛམྦྷ་ལ་དཀར་པོ་ལྷ་ལྔ་བྱོན། །མདུན་གྱི་ནམ་མཁར་འོད་སྐོར་རེ་འདུག་པ་གཟིགས་ནས། །ཇོ་བོ་ཆེན་པོ་ཐུགས་ཤིན་ཏུ་རྒྱས་པའི་བསྟོད་པ་མཛད་པས། །འཛམྦྷ་ལའི་ཞལ་ནས་མུ་ཏིག་གིས་ཆར་བབས་སོ། །ཇོ་བོ་ལ་བྱིན་གྱི་རླབས་རྗེས་སུ་གནང་བ་ཡང་མཛད་དོ། །ཇོ་བོའི་ཞལ་ནས་ནོར་བདག་འདི་བསྒྲུབ་པ་ལ་ཕན་ཡོན་གཉིས་ཡོད་དེ། །ཚེ་འདི་ལ་ཟས་ནོར་གྱི་མི་འཕོང་ལ། །ཕྱི་མ་སངས་རྒྱས་སྣང་བ་

(༨༤)མཐའ་ཡས་ཞིང་ཁམས་སུ་སྐྱེ་བར་འགྱུར་བ་ཡིན་གསུངས་སོ། །ཡང་ཇོ་བོའི་ཞལ་ནས། །ནོར་བདག་འདི་སྒྲུབ་པ་ལ། །ནོར་བདག་གི་གའུ་འཛོམ་ནས་བསྒྲུབ་པ་རབ་འབྲིང་ཐ་མ་གསུམ་བྱའོ། །ཆུ་སྦྱིན་དང་གཏོར་མ་མ་ཆགས་པར་ཐེང་ན། རྣམ་པར་མི་རྟོག་པའི་སྔགས་བརྒྱ་རེ་འདྲེན་ནུས་ན། །ཚེ་འདི་དང་ཕྱི་ནང་གཉིས་ཀ་ལ་ཟས་ནོར་ལྷུན་གྲུབ་ཏུ་འོང་སྟེ་སྒྲུབ་ནུས་མི་གདའ་གསུངས། །འདི་ཤིན་ཏུ་བཀའ་རྒྱས་གདམས་སོ། །ནོར་སྒྲུབ་རིན་ཆེན་སྤུང་པ་ཞེས་བྱ་བ་འདི་ཇོ་བོའི་ལོཙྪ་བ་རྒྱ་བ་བརྩོན་འགྲུས་སེང་གེ་ལ་གནང་། །ལོ་ཙཱ་བའི་ཞལ་ནས་ཇོ་བོའི་མགོན་པོ་ལྕམ་བྲལ་གྱི་གདམས་པ་ཐམས་ཅད་གཅིག་ཏུ་དྲིལ་བ་ལས་འདི་ལྷག་གོ། །འདི་གང་ཟག་གི་ལག་ལེན་བྱས་ན་ཚེ་འདིར་དབུལ་བ་སེལ་བ་ཡིན་གསུངས། །ལོ་ཙཱ་བ་བརྒྱ་བརྩོན་འགྲུས་སེང་གེའི་ཞལ་ནས། །ཇོ་བོའི་ཆོས་འདི་རྣམས་ཆོས་བཞི་ཡོད། ནག་ཚོ་ལོ་ཙཱ་བས་ཞུས་པས་བཞི་ཀ་གནང་བ་ཡིན། །སྲོག་མཐུ་འདི་དུག་གི་སྤུ་གྲི་དང་གཅིག །ཚེ་སྒྲུབ་བདུད་རྩི་འཁྱིལ་པ་དང་གཉིས། །དབང་སྡུད་ཕོ་རྐྱང་མོ་རྐྱང་བཙན་ཐབས་སུ་བསྒྲུབ་པ་དང་གསུམ། །ནོར་བསྒྲུབ་རིན་ཆེན་སྤུང་པ་དང་བཞི་ཡིན་གསུངས། །སྤྱིར་ཡེ་ཤེས་ཀྱི་ཛམྦྷ་ལ་འདི་ཕན་ཡོན་གནོད་གནས་དབང་པོའི་རྟོགས་བརྗོད་ལས། །བཅོམ་ལྡན་འདས་

(༨༥)ཀྱི་བཀའ་སྩལ་པ། །དགེ་བའི་རྩ་བ་མ་བསགས་པའི་རྣ་བའི་ཁུང་བུར་ཐོས་ཤིང་དྲན་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱིས་ཉན་པ་དང་། འདྲི་བ་དང་། འཛིན་པ་དང་། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །སེམས་ཅན་གང་གིས་སྙིང་པོ་འདི་འཛིན་པ་ངའི་རྗེས་སུ་བཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་ཡིད་མི་བདེ་བ་དང་། །ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་རྣམས་ཀྱི་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང་ཀླུ་དང་གནོད་སྦྱིན་རྣམས་འདུས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་། །ཕན་ཡོན་རྟོགས་པར་མི་ནུས་སོ། །ཞེས་དང་། །གདུག་པ་རྣམས་ལ་གནོད་མི་ནུས་ཀྱིས། །ཕོངས་པ་རྣམས་ནི་གསོ་བར་བྱེད། །སེམས་ཅན་རྣམས་ཀྱི་གནས་ཡིན་ཅིང་། །འགྲོ་བ་རྣམས་ནི་ཡང་དག་སྲུངས། །དབང་པོ་ཀུན་ཤེས་གོ་འཕང་ལྡན། །གནོད་གནས་རྒྱས་པར་བརྗོད་པའོ། །མདོར་ན་འདི་ལས་

(༨༦)གཞན་པའི་དེ་བཞིན་གཤེགས་པ་ཐ་དད་པའི་དེ་བཞིན་གཤེགས་པ་གཞན་མེད། འདི་འཛིན་པའི་དེ་བཞིན་བཤེགས་པ་ལ་ཉེ་བར་མཆོད་པའི་གནས་ཡོངས་སུ་བྱང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྟག་ཏུ་བྱིན་གྱིས་རླབས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་དང་། །ཛམ་བྷ་ལའི་དཀྱིལ་འཁོར་མཐོང་བའི་ཕན་ཡོན་ཡང་འདོད་དོན་ཐམས་ཅད་བསྡུས་པའི་ཐབས། །གང་ཞིག་མཐོང་བ་ཙམ་གྱིས་ཀྱང་། །དེ་ནས་སྐྱེ་བ་གཅིག་ནས་གཅིག །སྔོན་དུ་བསགས་པའི་ལས་རྣམས་ཀྱང་། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་བཞིན་སྐྱེ་བ་འདི་ལ་ཡངས། །ཤིན་ཏུ་སྡིག་པ་མི་ཟད་བྱས། །གནོད་སྦྱིན་དབང་པོ་གཟི་བརྗིད་ཆེ། །གང་གི་མཐོང་བ་ཙམ་གྱིས་ཀྱང་། །བྱང་ཆུབ་སེམས་དཔའ་ཐོབ་པ་དང་། །སངས་རྒྱས་དང་ནི་ཡང་དག་འཕྲད། །ཕྱིར་མི་ལྡོག་པའི་ས་ཡང་ནི། །ཡུན་མི་རིང་བར་ཐོབ་པའོ། །མཐོང་བ་ཙམ་གྱི་ཕན་ཡོན་ཡང་། །ང་ཡི་བཤད་ཀྱི་ཁྱོད་རང་ཉོན། །དབུལ་བ་དང་ནི་ཡིད་མི་བདེ། །སེམས་ཅན་ནད་ཀྱི་གཟིར་བ་དང་། །གདོན་དང་བྱེད་དང་བསྒྱུར་བ་དང་། །དེ་ཡི་འཇིག་པར་མི་འགྱུར་རོ། །ལྷ་དང་ཀླུ་དང་དྲི་ཟ་དང་། །ལྷ་མིན་

(༨༧)དང་ནི་ནམ་མཁའ་ལྡིང་སོགས། །དེ་ལས་གཞན་ཡང་ཡིད་མི་བདེ། །རྟག་པ་ཉིད་དུ་བསྲུང་བའོ། །གནོད་སྦྱིན་དེ་ནི་མཐོང་ཙམ་གྱིས། །དཀྱིལ་འཁོར་སངས་རྒྱས་ཀྱི་བསྟན་པ། །འདིར་ནི་ཡོན་ཏན་དེ་རྣམས་འབྱུང་། །སྒྲུབ་པར་གྱུར་ན་ལྟ་ཅི་སྨོས། །ཞེས་གསུངས་ཏེ། །གནོད་གནས་དབང་པོ་ཞེས་བྱ་བ་ནི་ཛམྦྷ་ལའི་མཚན་གྱི་རྣམས་གྲངས་ཡིན་ལ། དཀྱིལ་འཁོར་མཐོང་བ་ཞེས་པ་ནི་དབང་ཐོབ་པ་ཡིན་ཅིང་། །ཛམ་དཀར་ལྷ་ལྔའི་དཀྱིལ་འཁོར་ཡིན་པས་འདི་སྒྲུབས་ན་ཕན་ཡོན་དེ་རྣམས་འབྱུང་བར་ངེས་ལ། །འཛམ་ནག་སྲོག་གཟུང་ལས་ཀྱང་། ལན་གཅིག་བསྒྲགས་པ་ཙམ་གྱིས་སྐྱེ་བ་ལྔ་བརྒྱ་ལ་དབུལ་བའི་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །སྒྲ་ཐོས་པ་ཙམ་གྱི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །ཅེས་དང་། །གཞན་ཡང་ནོར་ལྷ་གསེར་གཟུང་རིགས་མི་གཅིགཔ་གཉིས་དང་། ནོར་བུ་བཟང་པོའི་སྙིང་པོ་དང་གར་མཁན་སོགས་ནོར་ལྷའི་སྤྱི་རྒྱུད་རྣམས་ནས། སྔགས་ཀྱི་སྒྲ་བྱ་རི་དྭགས་གིས་ཐོས་ཀྱང་ངན་སོང་དུ་མི་སྐྱེ་བར་བདེ་བ་ཅན་དུ་སྐྱེ་བར་གསུངས་པ་དང་། ཕ་རྒྱུད་གསང་འདུས་རྩ་རྒྱུད་དང་། མཁའ་འགྲོ་རྡོ་རྗེ་གུར་གྱི་རྒྱུད་དང་མགོན་པོའི་རྒྱུད་སོགས་ནས། དངོས་གྲུབ་འདོད་པས་

(༨༨)ཛམྦྷ་ལ་བསྒྲུབ་པར་གསུང་ཤིང་། །སྒྲུབ་ཐབས་ཀྱི་དངོས་གཞི་ཆུ་སྦྱིན་དུ་གསུང་པའི་དོན་དང་དགོང་པ་འདི་ལ་འདུས་པར་ཤེས་པར་བྱའོ། །ཁྱད་པར་དུ་ཆུ་སྦྱིན་ཕན་ཡོན་ནི། །ཡང་ནོར་བུའི་རྒྱུད་ལས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་དབང་པོ། །དབུལ་ཕོངས་དང་ནད་དང་ཚེ་ཐུང་བ་རྣམས་ལས་ཐར་པ་དང་། བསོད་ནམས་དང་། དཔལ་དང་། གྲགས་པ་དང་། ཚེ་རིང་བ་དང་། བདེ་བ་འདོད་པས་ཅི་ལྟར་བྱ་ཞུས་པས། བཀའ་སྩལ་པ། དེ་ལྟར་ཕུན་སུམ་ཚོགས་པར་འདོད་པས་བྱང་ཆུབ་སེམས་དཔའ་ནོར་བུ་བཟང་པོ་དང་ཆུ་སྦྱིན་བཟང་མོའི་བུ་ཨཱརྱ་ཛམྦྷ་ལ་ཞེས་བྱ་བ་ཡོད་དེ། དེ་ལ་ཆུ་སྦྱིན་པས་ནི་དེའི་ལྷག་པའི་དྲི་མ་གསུམ་ཡང་དག་ཅིང་མཉམ་པའི་ས་བཅུ་ལ་གནས་ནས། སླར་ཕྱིར་མི་ལྡོག་པར་འགྱུར་ཞིང་། གང་གི་བྱེད་པོ་དེ་ཡང་རྒྱུ་ཕུན་སུམ་ཚོགས་པ་ཐོབ་པ་ནི་ཅི་སྨོས་སོ། །འབྲས་བུ་ཡང་ས་བཅུ་ལ་གནས་པར་འབྱུང་གི་ཞེས་དང་། སངས་རྒྱས་གྲངས་སུ་འདས་པ་ལ། །སྐྱེ་བ་བདུན་དུ་ཚོགས་བསགས་པས། །ཆུ་སྦྱིན་ཕན་ཡོན་བསམ་མཐའ་ཡས། །ཞེས་སོགས་གསུངས་པས། །འདི་ནི་བླ་མ་སྤྱན་རས་གཟིགས་ཡི་དམ་པདྨ་ཧེ་རུ་ཀ་སྟེ་རྟེན།

(༨༩)ཁ་ཊྭྃ་ནི་སངས་རྒྱས་ཌ་ཀི་སྟེ་མཁའ་འགྲོ་ལྡེ་ལྔ། །ནོར་ལྷ་ཛཾ་བྷ་ལ་སྟེ་ཐམས་ཅད་གཅིག་བསྡུས་ཀྱི་ངོ་བོ་ཡིན་པས། །རྟེན་སྐྱབས་དཀོན་མཆོག་ཀུན་འདུས་སུ་ཤེས་པར་བྱའོ། །ངོ་བོ་ཡེ་ཤེས་པའི་ཛཾ་ལྷ་དཀར་མཐིང་དམར་སེར་རྣམས་ཁྱད་མེད་ནའང་། རྣམས་པ་སོ་སོར་ཁྱད་ཆེ་བས། །ཛཾ་དམར་ནག་གཉིས་ལ་ནི་སྒབ་འདྲེ་ཡོད་པས་གནོན་དགོས་ལ། །ཛཾ་དཀར་འདི་ལ་ནི་ལྒབ་འདྲེ་མེད་པས་རྒྱུད་ཀྱང་འཇམ་པ་ཡིན་ནོ། །འདིའི་རྒྱུད་པ་ནི་སྤྱན་རས་གཟིགས། །ཇོ་བོ་རྗེ་དི་པྃ་ཀ་ར། །རྒྱ་བརྩོན་འགྲུས་སེང་གེ། ནག་ཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། པུ་ཏོ་བ་ཤ་ར་བ་ཡོན་ཏན་གྲགས། ཤ་ར་བ་ནས་དུས་གསུམ་མཁྱེན་པ་ལ་བརྒྱུད་པ་འདུག་སྟེ་རྒྱུན་ཡོད་མེད་མ་ཤེས། ཤ་ར་བ་ནས་སུམ་སྟོན་བློ་གྲོས་གྲགས་ཆུ་མིག་གྲགས་པ་རྒྱལ་མཚན། གྲོ་སྟོན་བདུད་རྩི་གྲགས། འཆིམ་ནམ་མཁའ་གྲགས། འཆིམ་བློ་བཟང་གྲགས་པ། ཆོས་རྒྱལ་རིན་ཆེན། མར་སྟོན་དཔལ་རིན། རོང་སྟོན་ཆོས་རྗེ། པཎ་ཆེན་ཤཱཀྱ་མཆོག་ལྡན། བཟོད་པ་བློ་རྒྱལ། ཀུན་མཁྱེན་སངས་རྒྱས་འཕེལ། ཀརྨ་འཕྲིན་ལས་པ་ཆེན་པོ། མི་སྤྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །ཡང་མཆིམ་ནམ་མཁའ་གྲགས་

(༩༠)ནས་སྐྱོ་སྟོན་སྨོན་ལམ། །ཚུལ་ཁྲིམས་སྤྱན་སྔ་བསོད་ནམས་འཕེལ། །ཆོས་རྗེ་གཞོན་ནུ་སེང་གེ། རྩིབ་རི་བ་གཞོན་ནུ་སེང་གེ། གཙང་པ་བློ་བཟང་པ། །ཆོས་རྗེ་ཀ་འགྱུར་བ། །སྙུག་ལ་པཎ་ཆེན་ངག་དབང་གྲགས་པ། །རྗེ་བཙུན་གཙུག་ལག་ཕྲེང་བ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །བླ་མ་འོལ་བ་པ། ངག་དབང་འཇིགས་མེད་གྲགས་པ། །དེའི་ཚ་བོ་རབ་འབྱམས་པ་ཝ་ཕྲུག །སྡེ་སྣོད་འཛིན་པ་ཀརྨ་རྣམ་དག །ར་ག་ཨ་སྱའོ། །ཡང་དཀོན་མཆོག་ཡན་ལག་དང་གཙུགས་ལག་ཕྲེང་བ་གཉིས་ཀ་ལ་ཆོས་རྗེ་བ་ལེ་བས་གསན། །དེ་ནས་རྟག་ལུང་ངག་དབང་རྣམ་རྒྱལ། བླ་མ་ཝོལ་བ་ངག་དབང་འཇིགས་མེད་གྲགས་པ་ལ་བརྒྱུད་པ་ཡང་ཡོད་པར་འདུག །བླ་མ་ཝོལ་བ་དེ་གྲུབ་ཐོབ་མངོན་ཤེས་གྲུབ་རྟགས་ཅན་གཅིག་བཞུགས་པ་ལ། །ཝ་ཕྲུག་དེ་ལྕམ་སྲིང་བུ་རུ་འདུག་པ་ཉིན་བྱེད་གླིང་དུ་བཞག་པས་རབ་འབྱམས་པ་གྲགས་ཐོན་པ་གཅིག་བྱུང་ཀྱང་ཆས་ཀ་བཀྲེན་པ། གོས་ལགས་ཤིན་ཏུ་ངན་པར་འདུག་པས། ཞང་པོས་ཁྱོད་རང་གོས་ལགས་རྟེན་གྱིས་མ་སྤེལ་གསུངས་ནས་གནང་། ཁོང་གི་འཚམས་སོགས་མ་གྲུབ་པས་རྒྱུན་བསྙེན་གཅིག་བྱས་པས། རིང་པོར་མ་འགོར་བར་སྡེ་པ་གཙང་པའི་བཀའ་འགྱུར་ཞུ་དག་ལ་ཁོང་བྱོན་

(༩༡)དགོས་བྱུང་བས་ན་བཟའ་སོགས་ལོངས་སྤྱོད་རབ་ཏུ་མང་བ་གློ་བུར་དུ་བྱུང་། །མཁས་པའི་གྲགས་གི་ཆོས་སྡེ་ཅིག་གི་བླ་མ་འོས་ཚུལ་གཙང་པས་གསུང་། དེར་ཁོང་བྱ་བཏང་ལ་མོས་པ་གཅིག་ཡོད་པས། །གདམས་པ་འདི་ཟབ་པ་གཅིག་འདུག་སྟེ་ད་ནི་མི་འདོད། །ངེས་ཆོས་རྣལ་མའི་བསྒྲུབ་པ་གཅིག་འདོད་པ་ལ་འདི་བསྙེན་ན་རྣམ་གཡེངས་ལ་འབྱམས་པ་འོང་དགོས་གདའ་གསུངས། །འབུལ་བ་རྣམས་ཁྱེར་ནས་གཙང་གི་རོང་དུ་གང་ར་ལོ་ཅན་ལ་སྒྲ་བསླབ། །དེ་ཞོར་རྙིང་མའི་དབང་ལུང་མང་པོ་གསན་པས་ལུང་ཡིག་པོད་ཏིར་ལོང་བ་བྱུང་ཞིང་། དབང་ལུང་ཐོབ་ཚད་ཀྱི་སྔགས་རྣམས་ལན་ཚྭ་དང་ཝ་དྷཱུ་ལ་བྲིས་ནས་གླེག་བམ་དུ་བྱས་ཏེ། སང་སྐྲྀ་ཏའི་སྐད་དག་ཆ་དང་བཅས་ཏེ་ཆགས་མེད་དུ་ཀློག་པ་ཐུགས་དམ་མཛད་སྐད། དེ་ལ་བཀའ་བཅུ་པ་ནི་ཡོན་ཏན་ཆེ་བར་གྲགས་པ་ཀརྨ་རྣམ་དག་དེ་མཆེད་གྲོགས་ཐུགས་ཡིད་གཅིག་འདྲེས་ཡིན་པས་ཞུས་པ་ན། །ང་ལ་ཞང་པོས་མ་སྤེལ་གསུངས་པ་ཡིན་ཏེ། ད་ང་ལ་དངོས་གྲུབ་ཆོག་བྱུང་བས་ཁྱེད་ལ་སྤེལ་གསུངས་ནས་གནང་། །བཀའ་གདམས་པའི་བླ་མ་རྣམས་ཀྱི་གསུང་ནས་འདིའི་བསྙེན་པ་བརྒྱ་རེ་དང་ཆུ་སྦྱིན་མ་ཆགས་པར་བྱས་པས་ཤིན་ཏུ་སྐྱིད་པར་བྱུང་སྐད། །ཁྱེད་རང་ཡང་དེ་ལྟར་

(༩༢)མཛོད་ཅེས་ཞལ་ཤེས་འགའ་ཞིག་དང་བཅས་པས་གནང་བས་ཐུགས་དམ་དེ་བཞིན་དུ་མཛད་པས་ཕྱིས་དེ་བཞིན་དུ་བྱུང་ནས་གདའ། དེས་བདག་རཱ་ག་ཨ་སྱ་ལ་རྙིང་མའི་དབང་ལུང་གསན་ཕྱིར་ཀང་གཏེད་ཕེབས་བྱུང་ལོ་གཅིག་བཞུགས་ནས། །དབང་ལུང་ཕར་སྤེལ་ཚུལ་སྤེལ་བྱས་དུས་ཞུས་པས། །འདི་སྤེལ་ན་རང་གི་བསོད་ནམས་ལ་གནོད་པར་གསུང་རྒྱུན་ལ་འདུག་གསུང་ནས་དཀའ་དཀའ་མཛད། །འོ་ན་རིག་པ་གསེར་གྱི་བསླུས། ཡང་ན་རིག་པ་རིག་པས་བསླུ་དང་ཟེར་བ་ཡིན་པས། གྲ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛམ་དམར་དེ་ང་ལ་གནང་དང་འདི་ངས་སྤེལ་གསུངས་ནས། །ཁོ་བོ་དང་དབང་ལུང་ཕར་རྗེ་ཚུར་རྗེའི་ཚུལ་དུ་བྱས། །བདག་གི་འདིའི་དྲིལ་བསྒྲུབ་ཞག་བདུན་བྱས་པའི་རྨིང་རྟགས་གཞུང་ལྟར་ཐོན་ནོ། །ཆུ་གཏོར་དང་སྔགས་སོགས་ཆགས་མེད་ནི་མ་གྲུབ་སྟེ། གཏོར་བསྔོས་ཁཱ་ཧཱི་ཆགས་མེད་དང་ཉ་འཚམས་བརྒྱད་སོགས་ཆུ་གཏོར་དང་། གལ་ཆེ་སྐབས་རྣམས་པར་མི་རྟོག་པའི་སྔགས་བཟླས་པས་ཟབ་པར་མཐོང་ངོ་། །རྗེས་ནས་ཁོང་དང་མཇལ་བ་ལ་ཡང་སྔགས་སོགས་ཀྱི་ཞལ་ཤེས་དག་གཏེར་མཐའ་ཆོད་པར་བྱས་སོ། །དྲུང་རམ་ཀརྨ་དར་རྒྱས་

(༩༣)ཝ་ཕྲུག་པས་གསུང་པ་ལྟར། །བདག་རང་ལ་དངོས་གྲུབ་དེས་ཆོག །གྲུབ་མཐའ་ཀྃ་ཚང་པ་རྣམས་ལ་ཡབ་སྲས་ཀྱི་མཛད་པའི་འདི་ཕན་ཆེ་སྙམ་ནས་སྤེལ་བ་ཡིན་གྱི། །ནོར་ལྷའི་རིགས་སྤེལ་ཆེས་ན་ནོར་བུ་རིན་པོ་ཆེ་མི་ལ་བྱིན་ན་རང་དབུལ་པོར་འགྲོ་བ་དང་འདྲ་བར་བཤད་པས་འཚོ་ཤེས་བྱ་ཞིང་འདིའི་དབང་ལུང་སྤེལ་དུས་སློབ་དཔོན་ལ་གང་ཕུལ་བ་དེ་དངོས་གྲུབ་གྱི་ཐོགས་མར་འབྱུང་བར་གསུང་ཞིང་། རིན་པོ་ཆེའི་རིགས་གཅིག་ཕུལ་ན་རྟེན་འབྲེལ་བཟང་བར་བཤད་དོ། །དེ་ལྟར་རྒྱུད་དང་ལོ་རྒྱུས་མཐའ་ཆོད་པར་བཤད་པ་ནི་གཞུང་གི་ལོ་རྒྱུས་ཤླཽཀ་ཕྱེད་གསུམ་གྱི་འདྲེལ་པ་ལགས་སོ། །གཞིའི་གདམས་པ་ལ་དང་པོ་རྒྱུན་ཁྱེར་མངོན་རྟོགས་དང་གཅིག །ཕྱི་སྒྲུབ་དང་གཉིས། ནང་སྒྲུབ་དང་གསུམ། གསང་བསྒྲུབ་དང་བཞི། དྲིལ་སྒྲུབ་དང་ལྔ། ལས་ཚོགས་སྒྲུབ་པ་ཆེན་པོ་དང་དྲུག །ལས་ཚོགས་འཐོར་བུ་དང་བདུན་ནོ། །དང་པོ་བསྒྲུབ་པ་དང་འཚམས་མི་ཆོག་པ་དག་གིས་རྒྱུན་སྙེན་དུ་བསྒྲུབ་པ་རྒྱུན་ཁྱད་པ་འདི་བླ་མ་བརྒྱུད་པ་ཐམས་ཅད་སྟབས་བདེ་བ་སྟེ། སྐྱབས་སེམས་སོགས་ད་ནང་རང་གི་ཡི་དམ་གྱི་དེས་ཆོག །དེ་ལ་སྤྱིར་སྒྲུབ་པ་ཀུན་ཐོགས་མར་སེམས་བསྐྱེད་ནི། བདག་གིས་

(༩༤)སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཐོབ་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་དགོས། །དེ་རྫོགས་པ་ལ་ལོངས་སྤྱོད་དགོས་པས། །སྔོན་ཤཱཀྱ་ཐུབ་པ་ལ་སོགས་སངས་རྒྱས་རྣམས་ཀྱང་དང་པོ་ཛམྦྷ་ལ་བསྒྲུབ་པའི་དངོས་གྲུབ་ལ་བསྟན་ནས་སྦྱིན་པ་རྒྱ་ཆེན་པོས་ས་དང་པོ་ཐོབ་པར་གནོད་གནས་དབང་པོའི་རྟོགས་བརྗོད་ལས་གསུངས་པ་ལྟར། འདི་སྒྲུབ་ན་ཡར་དཀོན་མཆོག་མཆོད་པ་དང་། མར་སྦྱིན་པ་བཏང་བ་དང་། བར་དུ་རང་གི་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་འབྱུང་བའི་ཕྱིར་བསྒྲུབ་སྙམ་པའི་སེམས་བསྐྱེད་ཤིན་ཏུ་གལ་ཆེའོ། །དེ་ལ་རྒྱུན་ཁྱེར་ཡི་དམ་སྤྱན་རས་གཟིགས་ཡིན་ན་སྤྲུལ་གཞི་ཡིན་པས་བསྐུལ་སླ་བས་ལོགས་ཏེ། ཡི་དམ་གཞན་བསྒོམ་ན་རུང་སྟེ་ཅུང་ཞིག་འགྱང་། འདི་བླ་མེད་རྒྱུད་དུ་གཏོགས་པས་མངོན་རྟོགས་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད་ནའང་རུང་ལ། སོ་སོར་འདོན་ནའང་ཆོག་སྟེ། མྱུར་བའི་གནད་དུ་བདག་མདུན་གཉིས་ཛམ་ལྷ་ལྔ་ཀ་མངོན་རྟོགས་ལྟར་བསྐྱེད་དེ། །བདག་མདུན་གཉིས་ཀའི་ཐུགས་ཀར་ཟླ་བའི་གདན་ལ་ཛཾ་ཡིག །འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་བཞི། །དེ་ལ་ཡབ་ཀྱི་མུ་ཏིག་གི་ཕྲེང་བ་ལྟ་བུ་ཐུག་ཀར་སྔགས་གཡས་སུ་འཁོར་

(༩༥)བ། །ཡུམ་བཞི་ལ་གཡོན་དུ་འཁོར་བར་བསྒོམ་ལ། རང་རང་གི་སྐུ་མདོག་གི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། །སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དང་། ཌཱ་ཀི་སོ་སོའི་བསྔགས་ལ་འགོར་ཨོཾ་དང་མཇུག་ཏུ་ཧཱུྃ་ཕཊ། མཆན། སྤོ་ཊ་ལ་དང་ལྕོང་ལོ་ཅན་དང་ཨོ་རྒྱན་ཡུལ་ནས་ལྷ་ཚོགས་རང་འདྲ་བ་དཔག་མེད་སྤྱན་དྲངས་ལ་བསྟིམ་པར་བསྒོམ་ཞིང་དེས་ཡེ་ཤེས་པ་བཞུགས་པ་དང་དབང་བསྐུར་གཉིས་ཀ་ཡིན། །དེ་ནས་བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལ་དམིགས་ནས་བསྙེན་པ་ཅི་ལྕོག་བཟླས་པ་བསྙེན་པ། །དེ་ནས་བདག་གི་ཐུགས་ཀ་ནས་དང་པོ་འོད་ཟེར་དང་། །ཕྱིས་ནས་སྔགས་འཕྲེང་དུ་བསྒྱུར་བ་རང་གི་ཞལ་ནས་མདུན་གྱི་གཙོ་བོའི་ཞལ་དུ་ཞུགས། ཐུག་ཀར་སྔགས་འཕྲེང་ལ་ཐིམ་པས་ཐུགས་རྗེ་བསྐུལ་ནས་སྔགས་ལས་ཀྱང་སྔགས་ཕྲེང་མགྱོགས་ཤིང་དྲག་པར་འཁོར། བྱིན་རླབས་དངོས་གྲུབ་ཀྱི་ངོ་བོ་སྔགས་ཕྲེང་འཕྲོས་པ་ལྟེ་བ་ནས་ཚུར་བྱུང་རང་གི་ལྟེ་བ་ནས་ཞུགས་སྙིང་ཁའི་སྔགས་ཕྲེང་ལ་ཐིམ་པར་དམིགས་ནས་བཟླས་པ་བསྒྲུབས་པ། དེ་ཡང་ཕར་མཆོད་པའི་ཚུལ། ཚུར་དངོས་གྲུབ་ཀྱི་ཚུལ་དུ་སྟེ་སྔགས་ཕྲེང་བར་དུ་འཁོར་ཚེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། །འཁོར་འདས་ཀྱི་ཚེ་བསོད་ནམས་དཔལ་འབྱོར་བཀྲ་ཤིས་བདེ་ལེགས། །ལྷ་ཀླུ་མདུན་གྱི་ལྷ་ལྔའི་ཞལ་ནས་ཕྱག་གི་ནེའུ་ལེ་ནས་རིན་པོ་ཆེ་དང་དགོས་འདོད་སྣ་ཚོགས་ཆར་ལྟར་འབབ་པས་ཅི་འདོད་པའི་དངོས་གྲུབ་ཐོབ་པར་བསྒོམས་པས་ཆོག །མཆན།

(༩༦)མིའི་རྒྱལ་པོའི་མངའ་ཐང་དང་། །ནོར་ལྷའི་རིགས་ཐམས་ཅད་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་ཕྭྱ་གཡང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། །སྔགས་ཕྲེང་ལ་ཐིམ་པ་དེ་ཕར་མཆོད་པར་ཕུལ་བས་དགྱེས་ཤིང་སྐུ་བཀྲག་ཕུན་སུམ་ཚོགས་པ་དང་། །ཚུར་འོང་དུས་ཀྱི་སྔགས་འཕྲེང་ལ་ཐིམ་པ་རང་གི་ཐུགས་ཀར་ཐིམ་པས་ཚེ་བསོད་ནམས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ་ལ་བཟླས་པ་ལས་སྦྱོར་བ་ཡིན་ལ། །དེ་གསུམ་ལ་སྟོང་ངམ་བརྒྱ་འམ། ཐ་ན་ཕྲེང་སྐོར་གཅིག་ལ་དུམ་བུ་གསུམ་བྱས་ཀྱང་རུང་སྟེ་ཅི་འདོད་ཡིན་ནོ། །དེ་ལ་དུས་ཚོད་མེད་རང་ནམ་འདོད་ཡིན་ནོ། །དེ་ཡང་བསྙེན་པ་གཙོ་བོའི་སྔགས་རྐྱང་པ། བསྒྲུབ་པ་གཙོ་བོའི་སྔགས་ལ་ཤམ་བུ་བཏགས། ལས་སྦྱོར་དུས་གཙོ་འཁོར་ལྔ་ཁ་དྲིལ་སྔགས་ལ་ཤམ་བུ་བཏགས་སོ། །དེ་ནས་ཕུག་གཏོར་གྲར་བཅས་ཡོད་ན་གཏོར་བསྔོས་ནམ་བྱེད་སྐབས་སུ་ཆོས་སྐྱོང་རྣམས་ཀྱི་འོག །བཀའ་སྲུངས་དང་འཇིག་རྟེན་པའི་གོང་དེར་གཏོར་བསྔོས་དང་བསྟོད་པ་རྒྱས་པ་གྲུབ་ན་ལེགས། མ་ལྕོག་དུས་ཁ་ཧི་དང་བསྟོད་པ་ཤླཽཀ་དེ་སྦྱར་བས་འཐུས། དེ་ལ་དུས་ནམ་ཡང་རུང་ངོ་། ༈ །དེ་ནས་ཆུ་སྦྱིན་ནི་ནམ་ཡང་མི་རུང་བ་མེད་དེ། རྒྱུད་སྡེ་རྣམ་ནས་ཉི་མ་རྩེ་ཤར་ལ་གསུངས་པས། ཆུ་སྦྱིན་བྱ་བ་གཞུང་ལྟར་རོ། །རྒྱུན་ཁྱེར་གྱི་ལས་སྦྱོར་

(༩༧)གཙོ་བོ་ནི་རྣམས་པར་མི་རྟོགས་པའི་གཟུང་ཡིན་ཏེ། །འདི་ལྷ་མོ་ཀུན་འཁྱིལ་མའི་སྔགས་སུ་འདུག་པ་ནོར་གྱི་ལྷ་མོ་དང་ཟས་ཀྱི་ལྷ་མོ་དང་གོས་ཀྱི་ལྷ་གསུམ་ཡིན། །འདི་ལ་རྡོ་རྗེ་གདན་པས་བ་རི་བ་ལ་སྐྱེལ་དར་དུ་གནང་བའི་གསར་མའི་སྒྲུབ་ཐབས་ལས་དང་བཅས་པ། །འབྲི་གུང་ཡང་ཟབ་ཀྱི་ཆོས་དང་ཚན་སྒྲུབ་ཐབས་བཀའ་གཏད་དང་ལས་དང་བཅས་པ་འབྱུང་ཞིང་། །དགོངས་འདུས་སོགས་སྤྱིའི་ལས་ཚོགས་མང་པོ་ལ་ཡང་བཀྲ་ཤིས་པ་དང་ཟས་འདུ་བའི་སྔགས་འདི་ཁོ་ན་གསུངས་པ་མང་བས། །འདི་ཤིན་ཏུ་ཟབ་པ་གཅིག་ལགས། །འདི་ཛཾ་དཀར་གྱི་ལས་སྦྱོར་ལ་འོང་དོན་ལྷ་མོ་གསུམ་ནི་རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་པདྨ་མཁའ་འགྲོ་གསུམ་དེ་དང་ངོ་བོ་གཅིག་ཡིན་པས་སོ། །འདི་ནུབ་མོའི་ཆ་ལ་ངེས་པར་འདོན་དགོས་པ་འདོན་ཚེ་དམིགས་པ་མི་བསྒོམ་པར་ཉམ་ལེན་དང་ནས་བརྒྱ་རེ་མ་ཆགས་པ་དང་། གལ་ཆེ་དུས་མང་བར་བསྒྲང་བས་གསར་རྙིང་གཏེར་གསུམ་ཐམས་ཅད་ནས་ཟས་འདུ་བ་ལ་འདི་བས་ལྷག་མེད་པར་བཤད་པ་ཡིན་ནོ། །འདི་སྔགས་ཁ་རྐྱང་འདོན་པས་ཆོག་གི་ཛཾ་ལྷའི་སྔགས་དང་སྦྲེལ་མི་དགོས། གལ་ལྟེ་སྦྲེལ་ན་སྟོབ་ཆེན་འང་མི་རྣོ་བར་འགྱུར་རོ། །དེ་ལྟར་རྒྱུན་སྙན་དེ་ལ་བཅའ་ཚོགས་མི་དགོས་ཤིང་གཏོར་མ་མེད་ན་ཐུད་དམ་མར་སོགས་

(༩༨)དུམ་རེ་བསྔོ་ཏེ། །མར་རྒྱང་འདི་ལྔ་བྱའོ། དཔེ་རིས་ཡོད། །འདིའི་གཏོར་མ་དངོས་གྲུབ་ཏུ་བྱའི་ནང་མི་མ་གཏོགས་ཕྱི་མི་ལ་མི་སྦྱིན། །ཆིབས་པ་རྟ་དྲེལ་སོགས་ལ་སྦྱིན་ན་ལེགས་ཀྱི་ཁྱི་དང་བང་བུ་དང་བ་གླང་སོགས་ལ་མི་སྦྱིན། །རྒྱུན་ཁྱེར་གྱི་སྒྲུབ་པའི་ཟིན་བྲིས་སོ། ༈ ཇ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་གཅིག་རྒྱུད་ལས། འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་ཕྱི་སྒྲུབ་ཆུ་ལ་བརྟེན་པའི་ཟིན་བྲིས་བཞུགས་སོ། །ཕྱི་སྒྲུབ་ལ་རབ་ཛཾ་ལྷ་ཟང་གཞོང་དུ་བཞག །སྐུ་མ་རྙེད་ན་རྡོ་བ་དཀར་པོ་ལ་སྐུ་བརྐོས་ན་ལེགས། དེ་མ་འབྱོར་ན་ཤིང་ལེབ་ཆུང་ངུ་ལ་མཚོན་གྱིས་ཛམ་དཀར་གཙོ་བོ་བྲིས། དེ་ཆུས་མི་འཇིགས་པ་ལ་དབྱིས་སམ་མ་འབྱོར་ན་མར་བྱུག་ལ་ཟང་གི་གཏོར་འགུ་ཡ་གབ་སམ། ཟང་སྡེར་རམ་ཟང་ཐེབ་ཏུ་བཞག་གོ། །དེ་ཡང་མེད་ན་བསྒོམ་པ་རང་གིས་འཐུས་ཏེ། །བླ་མ་རྣམས་ཀྱི་མི་མཛད་ཀྱང་རྒྱ་གཞུང་ནས་སྐུ་དེ་དགོས་པར་བཤད་དོ། །

(༩༩)བདག་བསྐྱེད་རྒྱས་པར་གཏོར་མ་བརྒྱ་རྩའི་བདག་བསྐྱེད་བྱ། །བསྡུ་ན་རང་གཞུང་གི་ཚིག་གཉིས་དེས་ཆོག ། ཆུ་བླུགས་པའི་སྣོད་རབ་བུམ་པ་ཡོད་ན་ལེགས་ཏེ་རྒྱ་གཞུང་ནས་བཤད། མེད་ན་གཏོར་འགུས་ཆོག་ཏེ་ཕྱག་ལེན་ལ་མི་མཛད། རང་ཁ་སར་པ་ཎིས་ཕྱག་གིས་བུམ་པས་ཆུ་བླུག་པས་ཆུ་ཡེ་ཤེས་ཀྱི་བདུད་རྩི་དང་མུ་ཏིག་གི་ཕྲེང་བར་བསྒོམ་ལ། ལྷ་ལྔ་ཞལ་སྐྱེམས་པར་བཞུགས་པ་ལ་ཆུ་ཕུལ་བས་མཉེས། མུ་ཏིག་ཕྲེང་བ་ཕུལ་བ་སྐུའི་རྒྱན་དུ་བཀླུབས་པས་མཉེས་ཏེ། གཙོ་བོའི་ཞལ་ནས་མུ་ཏིག་གི་ཆར་བབས་པས་རང་གནས་ཁེངས། ཕྱག་གི་ནེའུ་ལེ་བཙིར་བའི་ཁ་ནས་རིན་པོ་ཆེ་དང་གང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྐྱུག་པའི་ཚུལ་གྱི་ཆར་སྒྱོག་ལྟར་བབས་པར་བསྒོམ། ཆུ་སྦྱིན་པའི་རིང་ལ་གཙོ་བོ་རྐྱང་པའི་སྔགས་དེ་བརྒྱ་དང་བརྒྱད་བྱ། །ཟན་གྱི་འཛམ་ལུམ་རིལ་བུ་ཡོད་ན་རྩ་སྔགས་ལ་བ་ལིངྟ་ཁ་ཧི་གསུམ་བཏག །ཨརྒྷཾ་སོགས་སྔགས་ཀྱིས་མཆོད། བསྟོད་པ་ཤླཽ་ཀའམ་རྒྱས་པ་གང་འདོད་བྱ། ཆུ་ཐིག་སྲིན་ལག་གིས་ལྕེ་ལ་བཞག་སྟེ་དངོས་གྲུབ་ཐོབ་པར་བསམ། དེ་ལྟར་ཝིག་ལ་ཚར་དུ་ཐུན་བཏང་ལ་ཐུན་མཚམས་སུ་མདུན་གྱི་ལྷ་རང་གི་སྙིང་ཀར་བསྟིམ། ཆུ་དེ་ཡིག་བརྒྱ་བཟླས་ཤིང་ཕྱོགས་བཞིར་གཏོར། །ཕྱོགས་ཀུན་ཝ་ཤང་གི་རྟེན་འབྲེལ་ཡིན། ཞེས་གསུངས་སོ། །མཆན།

(༡༠༠)བསོད་ནམས་རི་བོ་སོགས་བསྔོ་སྨོན། །འབད་དང་སྩོལ་བ་མ་དགོས་སོགས་བཀྲ་ཤིས་ཀྱང་བྱ། དེ་ལྟར་ཆུ་སྦྱིན་མགོ་ཚུགས་ནས་མ་ཚར་བར་ངག་བཅད། ཐུན་འཚམས་སུ་ངག་སྡོག་འཚམས་ཅིག་གི་ཆོག །སྔ་དྲོ་ཐུན་གསུམ་ཕྱི་དྲོ་ཐུན་གསུམ་དང་དྲུག་གཾ། སྔ་དྲོ་གཉིས་ཕྱི་དྲོ་གཉིས་ཏེ་བཞི་བྱ། གཏོར་ཆུ་མང་གྲགས་ན་ཕུད་གཏོར་ལྷག་མ་འཐུང་ཆུ་བྱས་ན་ཤིན་ཏུ་དངོས་གྲུབ་མྱུར། ཛམྦྷ་ལའི་གཏོར་ཆུ་དེ་ཆུ་གཞན་ལ་བསྲེས་ནས། གཏོར་མ་བརྒྱ་རྩ་འམ་ཡི་དྭགས་ཆུ་སྦྱིན་བྱས་ན་ཕན་ཡོན་ལྷག་པར་ཆེ་ཞིང་དངོས་གྲུབ་མྱུར་བར་རྒྱུད་ལས། ཆུ་དེ་ཆུ་ཆེན་དུ་བླུག་ན་ཆུ་རྒྱུད་ཝ་ཤང་གི་རྟེན་འབྲེལ་དང་བསོད་ནམས་ཆུ་བོའི་རྒྱུན་ལྟར་འཕེལ་ལོ། །ཞེས་གསུངས། མཆན། གསུངས། མངོན་རྟོགས། །སྔགས་བརྒྱ་རྩ། སྔགས་མཆོད་བསྟོད་པ་རྣམས་ཚར་ཅིག་ཏུ་བརྩིས་པའི་ལོ་གྲངས་སུམ་འགྱུར་རམ། བརྒྱ་སྟོང་ཁྲི་སོགས་གང་འགྲུབ་གྲངས་དང་། །ཞག་བདུན་ཕན་ཆོད་ཅི་འགྲུབ་དུས་དང་དངོས་གྲུབ་ཀྱི་ལྟས་དངོས་ཉམས་རྨི་ལམ་དུ་འབྱུང་བ་རྟགས་གིས་བསྙེན་པ་གང་རུང་བྱ་སྟེ། མཚན་མོའི་ཆ་ལ་ནི་རྣམ་པར་མི་རྟོགས་པའི་སྔགས་ནུས་ཚད་བཟླས་པ་ལས་སྦྱོར་ཏེ།

(༡༠༡)གཞན་སྔགས་ལ་ཤམ་བུ་མི་དགོས། །གཏོར་ཆུ་བྱོ་དུས་ཡང་སྣོད་ཁ་ཚུར་བསྟེན་ནས་བྱོ་བ་གལ་ཆེའོ། །དེས་ནོར་རྫས་འཕེལ་བར་འགྱུར་རོ། །ཕྱི་སྒྲུབ་འདི་སྟབས་བདེ་བས་ཀུན་ལ་ཕན་ནོ། །ཨི་ཐི། ཟབ་རྒྱ། ཉ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་གཅིག་བརྒྱུད་ལས། འཕགས་པ་སྨུག་འཛིན་དཀར་མོ་ལྷ་ལྔའི་གཏོར་མ་ལ་བསྟན་པའི་ནང་བསྒྲུབས་བཞུགས་སོ། །ནང་སྒྲུབ་ནི་གཏོར་མ་དཔེའུ་རིས་ལྟར་བྱ། །ཡོད་ན་ཙཀྲ་ལི་བཙུགས་མེད་ཀྱང་ཆོག །གཞིའི་སྟེང་དུ་འབྲས་བུའི་ཚོམ་བུ་ལྔའི་དབུས་སུ་མན་འགྱིང་སྟེང་དུ་བཤམས། །འབྱོར་ན་དེ་ལྷ་བསྐྱེད་རྟེན། དེའི་མདུན་དུ་དེ་འདྲ་བ་གཅིག་བསྔོ་རྒྱུ་དང་། དེ་མཐར་མཆོད་པ་སྐོར་བཤམས་བྱ། །གཏོར་མ་གཉིས་ལ་མར་ཐུད་སོགས་དཀར་གསུམ་གྱིས་བརྒྱན། །མངར་གསུམ་དང་ཤིང་ཐོག་དང་ཇ་བཟང་པོ་སོགས་ཟས་སྣ་ཅི་འཛོམ་བཟང་། །མེད་ཀྱང་ཆོག །འཚམས་བསྡམས་ངག་བཅད་ལ་རྒྱུན་བསྙན་དུས་ལྟར་བདག་མདུན་དུ་ཛམ་ལྷར་བསྐྱེད། །ཉིན་བཞི་མཚན་གཉིས་སྟེ་ཐུན་དྲུག་ཏུ་གཏོར་མ་འབུལ་ཏེ། རབ་ནི་གཏོར་མ་གསོ་བའི་མར་ཐུད་གྲོ་ཞུན་གྱི་རིལ་བུ། མེད་ན་ཟན་རིལ་གྱིས་གསོ་བ་དང་འབྱོར་

(༡༠༢)ན་ནི་དེ་དང་མཉམ་དུ་ཐུན་གཏོར་ཅོག་རྡོག་འདྲ་བ་རེ་ཡང་བཤམས་ཏེ། གཏོར་བསྔོས་མཆོད་པ་དང་བསྟོད་པ་རྒྱས་པར་བྱ། སྤྲོས་པ་ལ་དགའ་ན་མཆོད་པ་ལ་རབ་འབྱམས་མ། ཁ་དོག་དབྱིབས་ལེགས། རྒྱལ་སྲིད་སྣ་བདུན་སོགས་ཀྱི། སརྦ་ཏ་ཐཱའི་ཚབ་ཏུ་ཨཱརྱ་ཛམ་བྷ་ལ་བཅུག་ལ་བྱ། །བསྟོད་པ་རྒྱ་གཞུང་ཉིད་བྱ། །དུས་དྲུག་མ་གཏོགས་པ་ཐམས་ཅད་དུ་གཙོ་བོའི་སྙིང་པོ་ཁོ་ན་བསྙེན། བསྒྲུབ་པ་མ་ཚར་བར་མི་གཤེགས་མི་བསྡུ། མུན་སྟུག་ནས་རྣམ་པར་མི་རྟོག་པའི་ངང་ནས་རྣམ་པར་མི་རྟོག་པའི་སྔགས་ཁོ་ན་དང་། ཉལ་ཁ་གཏོར་བསྔོས་བྱ། སང་ཉི་ཤར་ལ་ཆུ་སྦྱིན་ཅིག་བྱ། དེ་ལྟར་དམིགས་པ་འདྲ་བ་ལས། གཏོར་མ་གཉིས་མེད་ན་རྩེ་ལྷ་དང་སྨད་མཆོད་པར་བསྐྱེད། གཏོར་མ་བདུད་རྩིའི་རང་བཞིན་དང་རང་གི་གང་འདོད་པའི་བཟའ་བཏུང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བསྒོམ་ཞིང་། རང་གི་ཐུགས་ཀའི་འོད་ཟེར་གྱི་བླ་མ་དཀོན་མཆོག་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་པས་ཐམས་ཅད་ཛམ་དཀར་གྱི་སྐུར་གྱུར་པ་དང་། །འཇིག་རྟེན་སྐྱོང་བ་ཐམས་ཅད་ལ་ཕོག་པས་མཐུ་སྟོབས་དངོས་གྲུབ་བདག་ལ་ཐིམ་ཞིང་ཐམས་ཅད་ཛམ་དཀར་དུ་གྱུར། །རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས་སྡིག་སྒྲིབ་དང་སྡུག་བསྔལ་བྱང་ནས་

(༡༠༣)ཐམས་ཅད་ཛམ་དཀར་ཤ་སྟགས་སུ་གྱུར། གནོད་བྱེད་གདོན་རིགས་ཐམས་ཅད་ལ་འོད་ཟེར་ཕོག་པས་ལེན་ཆགས་བྱང་གདུག་སེམས་ཞི་ནས་ཐམས་ཅད་ཛམ་དཀར་དུ་གྱུར་པས། གཏོར་མ་བདུད་རྩི་དང་སོ་སོའི་འདོད་ཡོན་སྣ་ཚོགས་སུ་གྱུར་པ་གསོལ་བས་ཐམས་ཅད་ཚིམ་པར་བསྒོམ་སྟེ། །གཏོར་བསྔོས་མཇུག་ཏུ། དཀོན་མཆོག་མཆོད་པས་མཉེས་གྱུར་གཅིག །དམ་ཅན་ཐུགས་དམ་བསྐང་གྱུར་གཅིག །རིགས་དྲུག་འདོད་པ་ཚིམ་གྱུར་གཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །སྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །ལོངས་སྤྱོད་ལྡན་ཞིང་རྫོགས་ནས། །མྱུར་དུས་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་རྒྱུན་དུ་ཡང་མར་ཐུད་སོགས་མདུན་དུ་ཕུལ་བྱུང་དུས་དམིགས་པ་སྐད་གཅིག་ལ་བསྒོམ་ནས། །ཨ་ཀ་རོ་འམ་འབྲུ་གསུམ་གྱི་བྱིན་རླབས་ནས་སྔགས་ལ་ཁཱ་ཧི་སྦྱར། །བསྟོད་པ་མི་དགོས་བསྔོ་བ་དེ་བྱས་ལ་གཤེགས་བསྡུ་མི་དགོས་དམིགས་མེད་དུ་བཞག་པས་ཆོག །སྒྲུབས་པ་ཚར་སྐབས་རྟེན་གཏོར་གནས་གསུམ་དུ་གཏུག་ཅིང་དབང་བླངས་ཏེ། ཀཱ་ཡ་ཝཀྐ་ཙི་ཏ་ཨ་བྷི་ཥིཉྩ་སོགས་བརྗོད་ཅིང་མདུན་བསྐྱེད་རང་ལ་བསྟིམ། རྒྱ་གཞུངས་ལས་ལྷ་ལྔ་རང་གི་སྙིང་གར་བསྡུ། ནོར་རྫས་སྤྲིན་འདུ་བ་བཞིན་འོང་ངོ་གསུངས་སོ། །

(༡༠༤)རྒྱུན་དུ་ཡང་ཕུག་གཏོར་གྲང་བཅས་ལ། །ཟས་ཕུད་དང་ཇ་མར་སོགས་རང་ལ་བྱུང་བའི་ཕུད་དེར་ཕུལ། །རྗེས་ནས་དངོས་གྲུབ་ཏུ་བླངས། །གུང་ཚིག་ཟས་སྣ་ལེགས་པོ་འདྲེན་པ་སོགས་བྱུང་ན་བདག་མདུན་སྐད་གཅིག་ལ་བསྒོམ་ནས། །དང་པོ་གང་ལྟར་གཏོར་མ་མགྲོན་བཞི་ལ་བསྔོས། དེ་ནས་ཟས་དེ་བདུད་རྩིར་གྱུར་པ་ལ་འཁོར་འདས་སྣོད་བཅུད་ཀྱི་དངོས་གྲུབ་ཐམས་ཅད་བསྟིམ། །རང་ཛམ་ལྷར་གསལ་བའི་ཐུགས་ཀར་ལྷ་ལྔ་སྐད་གཅིག་ལ་བསྐྱེད་ནས། །དེ་ལ་མཆོད་པར་དམིགས་ཏེ་ཕ་རོལ་པས་སྦྱིན་བདག་ཚོགས་རྫོགས་པ་དང་། །ཟས་བསྒྲུབས་སུ་འོང་བས་རང་ལ་ཡང་ཁ་ཟས་བཟང་པོ་འབད་མེད་དུ་འབྱུང་ངོ་། །སྤྱིར་གཏོར་མ་མེད་པར་བསྒྲུབས་པ་ཐམས་ཅད་བཟའ་བ་བཀྲན་ལ། གཏོར་སྒྲུབ་འདིས་ནི་ཁྱད་པར་དུ་ཟས་འདུ་ངེས་སོ། །ཡང་མཛོ་དང་བོང་བུ་དྲེལ་སོགས་མིན་པའི་སེམས་ཅན་སྤུ་དཀར་པོ་ཅན་ལ་རྣམ་འཇོམས་གཟུང་ཆུས་བྲན་ནས་མི་གཙང་བ་སྦྱངས་ནས། ལྷ་ལྔ་ལ་བསྟན་རྫས་སུ་བསྔོས། ལྷ་ལྔ་མང་དུ་བསྟིམ་འདོད་གསོལ་བཀའ་བསྒོ་བྱས་ཤིང་གཏོར་རྒྱན་གྱི་ནོར་བུའི་དབྱིབ་བྱུག །གཏོར་ཟན་བྱིན་བཀྲ་ཤིས་བརྗོད་དེ་འཚོང་བ་དང་བཤའ་བ་མ་བྱས་ན་ནོར་འཕེལ་བའི་རྟེན་འབྲེལ་ལེགས་སོ། །ནང་སྒྲུབ་ཟིན་བྲིས། །ཨི་ཐི།

(༡༠༥)ཏ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་གཅིག་བརྒྱུད་ལས། འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་གའུ་ལ་བསྟན་གསང་བསྒྲུབས་བཞུགས་སོ།། །།དེ་ནས་གསང་སྒྲུབ་ནི། རང་བཞིན་ནོར་སྒྲུབ་ལ་ནོར་བདག་གཅིག་པུའི་བསྒྲུབ་པའི་ཚོགས་གསུངས་པའི་དོན་ཏེ། ཕྱུག་པོ་གཡང་ཅན་གྱི་ཁང་པ་དང་ཞིང་མུའི་ས་དང་། དགེ་བའི་བཤེས་གཉེན་ཆེན་པོའི་གཟིམ་ཁང་གི་ས་སོགས་ས་སྣ་བྱིན་རླབས་གཡང་ཆགས་པ་ཅི་འཛོམ་དང་ས་སྤྱིན་བསྲེས་པར་འབྲང་རྒྱས་ཐེབ་ཆེན་ཙམ་དཔེའུ་རིས་ལྟར་བྱས་པ་དང་། གཙོ་བོའི་སྔགས་ཤམ་བུ་དང་བཅས་པའི་ཤོག་དྲིལ་འབྲུ་སྨན་རིན་པོ་ཆེ་སྣ་ཚོགས་འཁར་བའི་རྐང་བུའི་ཡུ་བའམ་ཟང་སྦུབས་སུ་བཅུག་པ་ནང་བཞུགས་བྱས་པའི་འདེགས་སྐུ་བཞེངས་སམ། རྒྱ་གཞུང་ནས་ཡང་ན་བྲིས་སམ་རས་བྲིས་རིན་པོ་ཆེ་གང་བཞིན་བྱའོ་གསུངས་པས། གསེར་དངུལ་གྱི་སྐུའམ། མ་རྙེད་ན་བྲིས་པས་ཆོག་པར་བཤད་པས་དཔེའུ་ཆུང་ལྟར་བྲིས་ལ། གའུ་རྫ་ཁོ་ནར་མ་ངེས་ཟངས་དང་ལིའི་ནང་དུའང་རུང་ལ། རྫ་ལ་བྱེད་ན་གྲུ་བཞི་བྱ། །དབུས་སུ་གཙོ་བོ་དང་ཕྱོགས་བཞིའི་མཁའ་འགྲོ་བཞིའི་སྐུ་སྔགས་བཅས་གའུ་གཅིག་ཏུ་བཅུག །དེ་དང་མཉམ་དུ་གཞུང་ན་ཡོད་ལྟར་གྱི་གཡང་རྫས་དེ་རྣམས་ཙམ་གྱི་ཆོག་ལ། ཞིབ་པར་ནི་རྒྱ་གཞུང་ལས་གའུའི་ནང་

(༡༠༦)དུ་འབྲས་དང་ནས་དང་གྲོ་དང་ཏིལ་ལ་སོགས་པ་གཞུགས། །མདོར་ན་འབྲུ་སྣ་ཚོགས་བསགས་གོ། །མི་གཡང་ཅན་གྱི་ལག་ནས་སྐར་མ་བྲེ་དང་ཉི་མ་ལུག་གི་ཉི་མ་ལ་བསོགས་པར་བྱ་སྟེ། །ནམ་རྙེད་ཚགས་བྱས་ཏེ་སྐར་མ་ཉི་མ་དེ་ལ་གའུར་བཅུག་པས་འཐུས་ལ། །གསེར་དངུལ་མུ་ཏིག་མུ་མན་གཡུ་ཟང་ལྕགས་ལ་སོགས་པ་མདོར་ན་རཏྣའི་རིགས་དང་རྒྱན་ཐམས་ཅད་ཀརྨ་རྒྱལ་དང་གཟན་པ་ས་རི་ས་ག་ལ་སོགས་པར་བསགས། ཤ་རྙིང་མར་རྙིང་ཐུད་ཟོ་ཤི་ལ་སོགས་པ་ཟས་ཀྱི་རིགས་ཐམས་ཅད་བསག་གོ། །དེ་ཡང་མི་ཕྱུགས་པོ་གཡང་ཆེན་གྱི་ལགས་ནས་སྐར་མ་བཟང་པོ་ལ་བསག་གོ། །འབྲི་གཡག་ཕྱུགས་ལ་སོགས་པ་ཕྱུགས་གཡང་ཆེན་སྣ་ཚོགས་གི་གཡང་སྤུ་བསགས། བང་བུ་དང་ནི་མི་རུང་། རྟ་དྲེལ་མཛོ་སོགས་མི་རུང་བའི་ཟུར་གཞུང་ན་སྣང་ཡང་མ་དག་པ་སྟེ། ཛམ་དམར་སོགས་གཞན་ནས་བཤད་པས་ལེགས། མདོར་ན་ས་སྟེང་གི་ཟས་སྣ་ཚང་བ་མི་བཟང་པོའི་ལགས་ནས་བསགས་ཏེ་སྐར་མ་ཡང་སོ་སོའི་གཡང་སྐར་ལ་བསགས་གསུངས་ཏེ། །སོ་སོའི་གཡང་སྐར་ནི་མགོ་ལགས་རྒྱལ་གསུམ་མི། །བེལ་རྫིལ་ནོར་གྱི་གཡང་སྐར་ལྟ་བུ་སྟེ་འགྲུབ་སྦྱོར་ལ་གང་ཡང་ལེགས་སོ། །ཛམ་ལྷའི་སྐུ་ཚད་སོར་བཞི་ལས་མི་ཆུང་བ་རཏྣ་ལྔ་བརྡར་ཕྱེ་བསྲེས་ལ་

(༡༠༧)བཞེངས་གསུངས་སོ། །རྫས་དེ་ཆོས་གའུ་བཀང་ལ་རྒྱས་པར་དཀྱིལ་འཁོར་སྒོ་རྫོགས། འབྲིང་པདྨ་འདབ་བཞི་རྡུལ་ཚོན་གྱི་བྲིས། ཐ་མ་ནས་ཚོམ་ལྔའི་དབུས་སུ་མ་འགྱིལ་ལ་བཞག །མདུན་དུ་གཏོར་མ་མཐར་མཆོད་པས་བསྐོར། བདག་བསྐྱེད་ལྷ་ལྔ་དང་མདུན་གའུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དུ་ལྷ་ལྔ་བསྐྱེད་ཅིང་དམིགས་པ་རྒྱུན་ཁྱེར་དུས་ལྟར་ལས་འཚམས་བསྡམ་ངག་བཅད། །དཔྲལ་བར་སནྡྷུ་ར་བྱུག་ནས་གཙོ་བོའི་བསྙེན་པ་སྔགས་ཀྱི་སྤྲོ་བསྡུ་བྱ། གདན་མི་འགུལ་བར་བསྡད། ནང་སྔ་ཆུ་སྦྱིན་ཉིན་ཕྱེད་དགོང་ཁ་མཚན་དང་དུས་གསུམ་ལ་གཏོར་བསྔོས་ཐུན་གཏོར་བྱ། མཚན་མོ་རྣམ་པར་མི་རྟོགས་པའི་སྔགས་བརྒྱ་ལས་མི་ཉུང་བ་བཟླས། །དེ་མིན་མཚན་ལ་ཡང་བསྙེན་པ་བྱ་ཏེ། དེ་ལྟར་བསྒྲུབ་པས་རབ་ཞག་བདུན་འབྲིང་ཉེར་གཅིག །ཐ་མ་ཡང་ཟླ་བ་ཅིག་ནས་འགྲུབ་པའི་རྟགས་འོང་གསུངས། རྟགས་བྱུང་ནས་གཙོ་འཁོར་དྲིལ་བ་དེ་ཤམ་བུ་བསྒྲུབ་པའི་བཅུ་ཆ་གཅིག་བཟླས་སོ། །དེ་ནས་མཆོད་གཏོར་རྒྱས་པར་འབུལ། །གའུའི་ལྷ་གཤེགས་པ་དང་བསྡུ་བ་མི་བྱེད་པར་རིན་པོ་ཆེའི་ཕྲོང་དུ་རྟག་ཏུ་བཞུགས་པར་བསམ་བརྟན་བཞུགས་རབ་གནས་ཡེ་དྷརྨ་དང་། བཀྲ་ཤིས་བྱས་ལ། འབྲོག་པ་

(༡༠༨)ཡིན་ན་ཀྲོང་ཚེ། ཡུལ་པས་བོང་བའམ་མཛོད་ཕུགས་སུ་འབྲུ་སྣ་ཚོགས་དང་གཡང་རྫས་སྣ་ཚོགས་དང་བཅས་ཏེ་མིས་མ་མཐོང་བར་གཞུགས་སོ། །དེ་ལ་འབུལ་བ་ཆེན་པོ་དང་ཚོངས་ལེགས་པའི་ཕུད་ཀྱང་རྟག་ཏུ་འབུལ་ཏེ་ཛམ་ལྷ་དངོས་སུ་ཡིན་ནོ། །གཏོར་མ་དངོས་གྲུབ་ཏུ་རོལ། །གསང་སྒྲུབ། །ཨི་ཐི། ཐ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་གཅིག་བརྒྱུད་ལས། །འཕགས་པ་སྨུག་འཛིན་དཀར་པོ་ཕྱི་ནང་གསང་གསུམ་དྲིལ་ཏེ་བསྒྲུབ་པའི་ཟིན་བྲིས་བཞུགས་སོ། །དྲིལ་སྒྲུབ་ཕྱི་ནང་གསང་གསུམ་ཅིག་ཏུ་བསྒྲུབས་པ་སྟེ། །བཅའ་ཚོགས་གང་ལྟར་ལས། སྔ་དྲོ་ཆུ་སྦྱིན་ཚར་གསུམ་ལྔ་བདུན་ཙམ། ཉི་དྲོས་དགོང་ཆེན་དགོང་ཆུང་སྲོད་དང་བཞིར་གཏོར་བསྔོས་ཐུན་གཏོར་དེ་མར་གཏོགས་དུས་ཐམས་ཅད་དུ་གའུ་ལ་དམིགས་པའི་བསྙེན་པ་གང་མང་ལྟར་མཚན་མོ་མི་རྟོགས་པའི་སྔགས་བརྒྱ་རེ། དེ་ལྟར་ཞག་བདུན་ཡན་ཅི་འགྲུབ། རྟགས་བྱུང་ནས་ཤམ་བུ་གོང་དུ་ཞག་བདུན་བྱས་ན་ཤམ་བུ་ཞག་གཅིག་ཙམ། གཞན་གང་ལྟར་བྱ་བ་ནི་དྲིལ་སྒྲུབ་བོ། །ཨི་ཐི། །ད། ལས་ཚོགས་བསྒྲུབས་པ་ཆེན་པོའི་ཟིན་བྲིས་བཞུགས་སོ།། །ལས་ཚོགས་བསྒྲུབས་པ་ཆེན་པོ་ནི་ཕྱི་ནང་གསང་གསུམ་

(༡༠༩)གྱི་སྒྲུབ་པ་སྔོན་དུ་སོང་ངམ། ཐ་ན་དྲིལ་སྒྲུབ་ལ་རྟག་ཐོན་ནས་གའུ་ལྔ་རྫ་མ་བྱས་ཏེ། ལེགས་པར་ཆུས་མི་འཇིག་པ་བྱས། །མཁའ་འགྲོ་ལྔའི་སྐུ་འདེགས་སྐུ་བྱས་ན་ཡང་སྤྲ་ཚིལ་ལ་དབྱིས་སོགས་ཆུས་མི་འཇིག་པ་བྱ། བྲི་ན་གྲོ་ག་ལ་བྲིས་པས་ཆུས་མི་གནོད། མ་རྙེད་ན་ཤོག་བུ་ལ་བྲིས་རྗེས་མར་གྱི་ལེགས་པར་བྱུག་པས་ཆུས་མི་གནོད། གའུ་ལྔ་ལ་གཙོ་འཁོར་བཅུག །སྤྱིའི་གཡང་རྫས་ཚང་བ་རེ་དང་། རྟའི་སྤུས་ལས་ཀྱི་མཁའ་འགྲོའི་རྐད་པ་ལ་དཀྲི། བྲིས་སྐུ་ལ་སླན། པདྨ་མཁའ་འགྲོའི་གའུར་ཀླུད་སྨན་སྣ་ཚོགས། རིན་ཆེན་མཁའ་འགྲོའི་གའུར་ཟས་སྣ་ཚོགས། རྡོ་རྗེ་མཁའ་འགྲོའི་གའུར་ཤེལ། གཡུ་དྲུག་དམར་དུམ་བུ་ཕ་ཝོང་རྡོ་བཅུག །དེ་ནས་གང་ལྟར་མཎྜལ་སྟེང་ཕྱོགས་སོ་སོར་བཞག །མཆོད་གཏོར་སྔར་བཞིན་བཤམས། ནང་སྔ་ཆུ་གཏོར་དང་། ཐུན་བཞིའམ་སྔར་གཏོར་མ་ཐུན་གཏོར་འབུལ། དང་པོ་ཞག་བདུན་ནམ་ཉེར་གཅིག་ཙམ་གཙོ་བོའི་སྔགས་ཤམ་བུ་ཅན་འདོན་ནོ། དེའི་ཚེ་དམིགས་པ་གོང་གི་རྒྱུན་བསྙེན་དང་འདྲ། ཁྱད་པར་དེ་ཚེ་རང་གི་མདུན་བསྐྱེད་བསྐུལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་རྒྱལ་བ་སྲས་བཅས་ཀྱི་དངོས་གྲུབ་བསྡུས་ནས་རང་དང་གའུ་ལ་ཐིམ་པར་བསྒོམ་མོ། །དེ་ནས་གཙོ་བོའི་སྔགས་ཤམ་བུ་མེད་པ་ལ་རྡོ་རྗེ་མཁའ་འགྲོའི་ཤམ་བུ་ཅན་བཏགས་ལ་ཞགས་གསུམ་མམ་བདུན་བཟླས་སོ། །

(༡༡༠)བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཅུང་ཟད་སྔོ་བའི་མདོངས་ཅན་འཕྲོས་མདུན་བསྐྱེད་གཙོ་བོའི་།ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་འོད་ཟེར་རྡོ་རྗེ་མཁའ་འགྲོ་མ་ལ་ཕོག་པས་ཐུགས་ཀའི་ཟླ་བའི་སྟེང་དུ་ཧ་སྔོན་པོ་ལ་སྔགས་ཀྱི་བསྐོར་བ་ལ་ཕོག་པས་དྲག་ཏུ་གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཕྱོགས་བཅུར་འཕྲོས་པས། སྟེང་ལྷ་འོག་ཀླུ་བར་མི་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ། མོས་པ་རྣམས་བཞི་བྱ་བ། བདག་ལ་ཕ་མའི་འདུ་ཤེས་ཀྱི་བྱམས་པ་དང་། བླ་མ་ལ་འདུ་ཤེས་ཀྱི་གུས་པ་དང་། རྒྱལ་པོའི་འདུ་ཤེས་ཀྱི་སྐྲག་པ་དང་། སྤུན་གྲོགས་ཀྱི་འདུ་ཤེས་ཀྱི་བརྩེ་བར་གྱུར་ནས། དེ་ཐམས་ཅད་ཀྱི་ཚེ་བསོད་ནམས་ལོངས་སྤྱོད་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཅི་ལི་ལི་བསྡུས་ནས། རང་དང་རྡོ་རྗེ་མཁའ་འགྲོའི་གའུ་ལ་ཐིམ་པར་བསྒོམ། གཙོ་བོའི་སྔགས་ལ་རྡོ་རྗེ་མཁའ་འགྲོའི་ཤམ་བུ་སྦྱར་བ་བཟླས་སོ། །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་གསེར་བརྩོ་མ་ལྟ་བུ་མདུན་གྱི་གཙོ་བོ་ལ་ཐིམ་པར་བསྒོམ། གཙོ་བོ་ལས་རིན་ཆེན་རྡོ་རྗེ་མཁའ་འགྲོར་ཐིམ་ཞིང་སྔགས་དྲག་ཏུ་འཁོར་བ་ལས། འོད་ཟེར་ལི་ཁྲི་ལྟ་བུ་དམར་སེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་བཟའ་བཏུང་བཟའ་བ་དང་ཞིམ་པ་དང་རོ་མཆོག་ཕུན་སུམ་ཚོགས་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་རྣམ་པར་བསྡུས་ནས་བདག་དང་རིན་ཆེན་ཌཱ་ཀིའི་གའུར་ཐིམ་པས་རྨ་གཡང་ཟས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་། །གཙོ་བོའི་སྔགས་ལ་རིན་ཆེན་མཁའ་འགྲོའི་ཤམ་བུ་ཅན་བཟླས། ཡང་བདག་གིས་

(༡༡༡)།ཐུགས་ཀ་ནས་འོད་ཟེར་པདྨ་རཱ་ག་ལྟ་བུ་མདུན་བསྐྱེད་ལ་ཐིམ། མདུན་བསྐྱེད་གཙོ་བོ་ལས་འོད་ཟེར་འཕྲོས་པ་པདྨ་ཌཱ་ཀི་ལ་ཐིམ་པས། སྔགས་དྲག་དུ་འཁོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པས། རྒྱལ་པོ་དང་བློན་པོ་དང་བཙན་ཕྱུགས་དང་རྒྱས་ཅན་གྱི་མི་དང་ཡུལ་མི་ཐམས་ཅད་དང་། ནོར་བུ་རིན་པོ་ཆེའི་བདག་བྱེད་པའི་ཀླུ་ས་བདག་ཡུལ་ལྷ་ཐམས་ཅད་གང་ལྟར་མོས་པ་རྣམས་བཞིའི་དབང་དུ་འདུས་ནས། དེ་བདག་གི་བསོད་ནམས་དཔལ་འབྱོར་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་དང་གའུ་ལ་གཏིམ་ཞིང་། གཙོ་བོའི་སྔགས་པདྨ་མཁའ་འགྲོའི་ཤམ་བུ་ཅན་བཟླས་སོ། །བདག་གི་ཐུགས་ཀ་ནས་འོད་ཟེར་ལྗང་ཀུ་དམར་མདངས་ཅན་འཕྲོས་གཙོ་བོ་ལ་ཐིམ། གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་མཁའ་འགྲོ་ལ་ཐིམ་པས་དེའི་ཐུགས་ཀ་ནས་འོད་ཟེར་ལྗང་དམར་ལྕགས་ཀྱུ་ལྟ་བུ་ཕྱོགས་ཐམས་ཅད་དུ་འཕྲོས་པས་ལྷ་འདྲེ་མི་གསུམ་མོས་པ་བཞིས་དབང་དུ་གྱུར་ཏེ། །ཟས་དང་ནོར་དང་རྟ་ཕྱུགས་གཡང་ཆེན་གྱི་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་དང་གའུ་ཐིམ་པར་བསྒོམ་ལ་གཙོ་བོའི་སྔགས་ལ་ཀརྨ་ཌཱ་ཀིའི་ཤམ་བུ་དང་བཅས་པ་སྦྱར་ནས་བཟླས་སོ། །དེ་ལྟར་རེ་རེ་ལ་ཞག་གསུམ་ལས་མི་ཉུང་བར་བདུན་རེ་ཙམ་བྱས་ཤིང་གལ་གང་ཆེ་བ་ལ་རྟགས་ཐོན་པར་བྱའོ། །དེ་ཙམ་མི་ནུས་ན་སྤྱི་ལ་ཞག་བདུན་ཙམ་བྱས་ཏེ། །ཞག་རེ་ལ་ཐུན་ལྔ་བྱས་ལ་དང་པོ་གཙོ་བོ། །ཐུན་

(༡༡༢)འཚམས་སུ་གཏོར་བསྔོས། དེ་བཞིན་དུ་རིམ་པར་མཁའ་འགྲོ་བཞི་ཞག་གཅིག་ལ་རྫོགས་པར་བྱའོ། །དེ་ནས་རི་ཕྱུགས་པོ་གཞི་བདག་དཀར་ཕྱོགས་ཅན་ས་དཔལ་ཆུ་དཔལ་ལེགས་པ་དགོས་པར་གསུང་ནའང་། རང་རྟག་ཏུ་འདུག་པའི་རྒྱབ་རི་དེའི་ཕྱོགས་གང་དུ་ས་ལེགས་པ་ཁ་ཤར་རམ་ལྷོར་གྱུར་པའི་རྩེ་ལྐོག་ཏུ་ཕྱིན་ལ་གཞི་བདག་ལ་དཀར་གཏོར་རཾ་གསེར་སྐྱེམ་ཕུལ་ནས་ཕྲིན་ལས་འདི་སྡང་གྲོགས་གྱིས། ཅེས་བཀའ་བསྒོ་བྱས། ལྟོ་འཕྱེ་དང་མ་འགལ་བར་ས་བརྐོ་སྟེ་ནང་གྲུ་གང་ལས་རིང་བ་དང་ཐུང་བ་མི་རུང་སྟེ། ཐུང་ན་ནུས་པ་མེད། རིང་ན་རང་ལ་ལྡོག་གོ། དེར་གྲོ་བའི་སྒྲོ་ཡིས་ཡོད་ན་རབ། མེད་ན་ས་རྫིའུ་དོན་ལ་ཆུ་ཐུབ་པའི་ནང་དུ་རྡོ་རྗེ་མཁའ་འགྲོའི་གའུ་བཅུག །འབྲུ་སྣ་ཀླུ་སྨན་ལྕག་མ་གཏོགས་པའི་རིན་པོ་ཆེའི་རིགས་ཀྱིས་བཀང་སྟེ། སོལ་བའམ། གྲོ་གའམ། ཤིང་ཤུན་གྱི་བཅིབ་ལ་སྦས། དེའི་སྟེང་དུ་ཆུ་མི་འགྲོ་བའི་རྡོ་ལེབ་བཀབ། བཀྲ་ཤིས་འདོད་གསོལ་སྨོན་ལམ་བྱས་ཏེ། ས་ལེགས་པར་བཅག་ནས་སྤང་གྲས་པ་ཡིན་ནའང་ལེགས་པར་བསྒྲིགས་ནས་མིས་མི་རྙེད་པར་བྱས། དེས་རི་དེ་མཐོང་ཚད་དབང་དུ་འདུ་བར་གསུངས་སོ། །གཞན་འདི་འདྲའི་གདམས་པ་ལ་ཐབས་ཀའི་འོག་མེའི་འང་འོག་ཏུ་བཅུག་ནས་དེ་ལྟར་བསྐྱེད་ཟས་རྣམས་མཆོད་པར་དམིགས་པའི་ལུགས་ཡོད་མོད་ཀྱང་།

(༡༡༣)འདི་ནི་ཐབས་ཀྱི་དཀྱིལ་གསུངས་པས་རྒྱ། ཐབས་ཡིན་ན་དང་པོར་ནས་བཅུག་པའི་བུ་ག་བཟོས་ལ་བཞག །ཐབས་གསར་དུ་བྱེད་ན་ཐབས་ཀྱི་ནང་ཞུགས་སུ་བཞག་སྟེ་ཧ་ཅང་མེས་མི་རྨུག་པར་རྡོ་རྗེའི་སྒྲོམ་ཆུང་ནང་དུ་ཟས་སྣ་འབྲུ་སྣས་བཀང་སྟེ་རིན་ཆེན་མཁའ་འགྲོའི་གའུར་བཅུག་པས། རྒྱ་གཞུང་ལས་ཟས་ནོར་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །ལོ་ཀ་ཐམས་ཅད་དབང་དུ་བསྡུ་ན་དེ་ལྟར་བྱ་ཞེས་དངོས་གྲུབ་ཐམས་ཅད་འབྱུང་བར་གསུངས་ནའང་། གཙོ་བོ་ཐབས་དེ་ལ་འདུ་ལོང་དང་ཟས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་ངེས་སོ། །དེ་ནས་གྲོ་གའི་སྣོད་དམ། རྫའི་བུམ་པ་སྣུམ་གྱི་འདྲང་བ་རྫ་ནག་མིན་པར་པདྨ་ཌཀྐིའི་གའུ་བཅུག་པ་འབྲུ་སྣ་དང་རིན་ཆེན་དང་། ཀླུ་སྨན་གྱི་བཀང་ཁ་ལེགས་པར་བསྡམས་ཏེ་ཀླུ་གཏོར་དང་དཀར་གཏོར་ཆས་དང་བཅས། ལུང་པའི་ཆུ་མགོའི་ཆུ་མིག་ཁ་བྱང་གྱུ་མིན་པའི་ཀླུ་དཀར་ཕྱོགས་གནས་ཀྱི། གདུག་པ་ཅན་མ་ཡིན་པར་ཕྱིན། དཀར་གཏོར་དང་། ཀླུ་གཏོར་བཏང་། ལས་འདིའི་གྲོག་གྱིས་བཀའ་བསྒོ་ལ། ཆུ་མིག་རང་ནས་ཕྱིར་ལ་གྲུ་བཅུ་འཇལ་འཚམས་སུ། ཆུའི་ནང་དུ་གྲམ་བྲུབ་བྱས་ལ་མིས་མི་སྙེད་པར་སྦས་པས་ཆུ་འཐུང་ཚད་དབང་དུ་འགྱུར་རོ། །ཇོ་བོའི་ཞལ་ནས་ཆུ་དེ་ཕྱིའི་རྒྱ་མཚོ་ཕྱིན་པ་དང་། ཀླུ་ཆེན་པོ་རྣམས་དགྱེས་ནས་ནོར་བུ་ཚོ་ཐམས་ཅད་ཁྱེར་ནས་འོང་བར་འགྱུར་རོ། །དེའི་ཚེ་

(༡༡༤)གང་ཟག་དེའི་ནང་དུ་འདུས་པ་ཡིན་ཏེ། མང་པོས་བསྐུར་བ་ལྟ་བུར་འགྱུར་གསུངས། །ཀླུ་དང་གཞི་བདག་གང་དབང་དུ་འདུས་པའི་མི་ཐམས་ཅད་རང་དབང་མེད་པར་འདུ་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། །ཕོ་རིག་མོ་རིགས་གང་དབང་དུ་འདུས་པ་དེའི་རིགས་གིས་མོས་ཤིང་འདུ་བར་ངེས་པར་ཅོད་གཞུང་ཀུན་ནས་གསུངས་པ་མཐུན་ནོ། །བྱེད་ལུགས་རི་རྩེ་དང་འདྲ་བར་ལས་ཀྱི་མཁའ་འགྲོའི་གའུ་རི་ཐང་འཚམས་ས་དཔལ་ལེགས་པར་སྦས་པས། ཡུལ་མི་ཐམས་ཅད་དང་ཟས་ནོར་རྟ་ཕྱུག་ཐབས་སུ་འོང་བ་ཡིན་གསུངས་སོ། །གཙོ་བོའི་གའུ་གོང་དུ་བཤད་པ་ལྟར་རི་རྩེའམ་མཛོད་དམ་བོང་བར་སྦ་སྟེ། སྔོན་དུ་གཙོ་བོའི་གའུ་ཡོད་ན་རྒྱབ་རས་ཀྱི་གཙོ་བོ་དེས་བྱེད་ཀྱི་གཉིས་མི་དགོས་སོ། །ཟས་ནོར་ཐམས་ཅད་ཐོག་པ་མེད་པར་འཕེལ་བར་འགྱུར་རོ། །ཞེས་དང་། དེ་ལྟར་བྱས་ནས་གའུ་ཁྱིམ་ན་ཡོད་པ་རང་གི་ངང་ཟས་ནོར་འདུ་བར་འགྱུར་རོ། །ཞེས་ཇོ་བོས་གསུངས་ཏེ། དེ་ལྟར་བསྒྲུབ་མ་ཐོན་ནའང་གའུ་ལྔའམ་ཅིག་ཏུ་བསྡུས་པ་དེ་ལེགས་པར་རྫས་ཚང་བར་རབ་གནས་དང་བཅས་པ་ཡོད་ན་རང་གི་ལོངས་སྤྱོད་འདུ་བར་བཤད་དོ། དེ་ཅིའི་ཕྱིར་ན་སྔགས་དང་རྫས་དང་རྟེན་འབྲེལ་གྱི་མཐུ་ལས་གྲུབ་པའི་ནོར་བུ་རིན་པོ་ཆེ་ཡིན་པས་སོ། །ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་སོ། །ཨི་ཐི།

(༡༡༥)རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་གཅིག་བརྒྱུད་ལས། །འཕགས་པ་སྨུག་འཛིན་དཀོར་ལྷ་ལྔའི་ལས་ཚོགས་འཐོར་བུར་བསྒྲུབ་པ་བཞུགས་སོ། །ལས་ཚོགས་འཐོར་བུར་བསྒྲུབ་པ་ནི། གཙོ་བོའི་གའུ་དང་དེ་ལ་ལས་མཁན་བཞི་གང་འདོད་གཅིག་གི་གའུ་བཅས་ལ། བསྒྲུབ་ལུགས་གོང་ལྟར་ལས། དང་པོ་ཉིད་ནས་གཙོ་བོའི་སྔགས་ལ་མཁའ་འགྲོ་གང་བཞིན་དེ་དང་ཤམ་བུ་སྦྱར་བ་ཁོ་ན་ཞག་བདུན་སྒྲུབ་ནས་ཟས་ཡིན་ན་ཐབ་ཏུ་སྦས་པ་སོགས་བྱའོ། །དེ་ལ་གའུ་སོ་སོར་བསྒྲུབ་ནས་དཔེར་ན་གའུ་ལྔ་གཞལ་བྱང་ལྔའི་ནང་དུ་ལྷ་སོ་སོའི་བསྒོམ་པ་དང་། ལས་ཐོར་བུ་ལ་གཙོ་བོའི་གའུར་གཙོ་འཁོར་ལྔ་དང་། བསྒྲུབ་རྒྱུའི་ལྷ་མོའི་གའུ་གཞལ་བྱང་ཅིག་གི་ནང་དུ་མཁའ་འགྲོ་གང་བཞིན་ཡ་གཅིག་དེ་ལ་གཙོ་བོའི་སྐུ་ཆུང་ངུ་ཞིག་གི་དབུ་རྒྱན་པར་བསྒོམ་པར་བྱའོ། །གའུའི་སྒྲུབ་པ་ཐམས་ཅད་ལ་ཡེ་ཤེས་པ་གཤེགས་བསྟིམ་བསྡུ་བ་གང་ཡང་མེད་དེ། དེ་གར་བསྟན་བཞུགས་སོ། །ཐབས་སུ་བཙོ་གཡོ་ཐམས་ཅད་ལྷ་མོ་ལ་མཆོད་པའི་མོས་པ་བྱའོ། །ལས་ཐོར་བུའི་ཟིན་བྲིས་སོ། །ཨི་ཐི། །དེ་ལྟར་ཇོ་བོ་ཆེན་པོའི་རྒྱ་གཞུང་ཞལ་གདམས་དང་བཅས་པ་ལོ་ཙ་བ་རྒྱ་བརྩོན་འགྲུས་སེང་གེས་མཛད་པ་རྒྱས་པའི་དོན་བསྡུས། རྗེ་དཀོན་མཆོག་འབངས་ཀྱི་ཉུང་ངུར་བསྡུས་ལ་དོན་ཐམས་ཅད་འཐུས་པར་སྣང་ཡང་བློ་དམན་པས་ལག་ཏུ་འདེབས་དཀའ་བར་སྣང་བས། རྒྱ་

(༡༡༦)གཞུང་རྒྱས་པ་དང་བསྟུན་བླ་མ་བརྒྱུད་པའི་ཞལ་ཤེས་ཀྱི་ཁ་བཀང་། གྲུབ་མཐའ་གཞན་གྱི་ལུགས་དང་རྒྱུད་གཞུང་གཞན་ཐམས་ཅད་ལ་མཐའ་ཆོད་པར་བརྟག་ནས། བལྟས་ཆོགས་སུ་བཀོད་པ་འདི་ནི། བླ་མ་བརྩོན་འགྲུས་རྒྱ་མཚོས་རིང་ནས་བསྐུལ་ཞིང་མཎྜལ་དང་བཅས་ནན་གྱི་བསྐུལ་བ་ལས་བསྟེན་ནས་འཕྲལ་དུ་གོ་བདེ་བར་སྦྱར་བ་ལ་ནོངས་པ་མཆིས་ན་མཁས་ལ་བཤགས་ཤིང་། དགེ་བས་ཆོས་སྤྱོད་པ་རྣམས་མཐུན་རྐྱེན་འཛོམ་པ་དང་། སེམས་ཅན་བདེ་ལེགས་ཀྱི་དཔལ་ལ་སྤྱོད་པར་གྱུར་གཅིག །དགེ་སློང་བཀའ་གདམས་པ་མོས་པ་ལྷུར་བགྱིད་པ་ར་ག་ཨ་སྱས་ཤིང་སྦྲུལ་བདུད་རྩི་འཁྱིལ་པའི་ལོ་ས་ག་ཆེན་པོ་དམར་པོའི་ཚེས་བརྒྱད་ནོར་ལྷ་དང་གནོད་སྦྱིན་རྒྱུའི་དུས་ལ་སྦྱར་བ་མངྒ་ལཾ། པ། རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། སྨུག་འཛིན་དངུལ་མདོག་ལྷ་ལྔའི་སྔགས་བྱང་སྙན་རྒྱུད་ཡིག་གེ་མེད་པ་སྟེ་སྣོད་མིན་ལ་ཤིན་ཏུ་སྦ་བ་འདིའི་དམ་ཚིག་གོ། ༈ ཨརྱ་ཛམྦྷ་ལ་ཡེ་ན་མ། ཛམ་དཀར་གྱི་མན་ངག་སྙན་རྒྱུད་དེ་སྔ་ཕན་ཆད་ཡི་གེ་མེད་ངེས་ནའང་། །ད་ལམ་སྙིང་གི་སློབ་བུ་ཀརྨ་བརྩོན་འགྲུས་རྒྱ་མཚོས་སྔ་ཕྱིར་འདི་ལ་ནན་ཆེན་པོ་བྱས་ནའང་། ད་ལམ་ནད་ཀྱི་མནར་བས་འདིར་ཡང་འབྱོན་མ་ཐུབ་པར་གདའ་བས། །སྙན་རྒྱུད་ཡི་གེར་མི་བཀོད་ཀ་མེད་དུ་བྱུང་། དེ་ལ་ཛམ་དཀར་གྱི་ཤམ་

(༡༡༧)བུའི་སྔགས་འདི་ལ་དཔེ་ལ་ལ་ནས། ཨོཾ་པི་ཤ་ནི་སྭཱ་ཧཱ། ལ་ལ་ནས་ཨོཾ་བ་ཤཾ་ནི་སྭཱ་ཧཱ། ལ་ལ་ནས་ཨོཾ་ཝ་ཤཾ་ནི་སྭཱ་ཧཱ། ལ་ལ་ནས་ཨོཾ་པ་ཤཾ་ནི་སྭཱ་ཧཱ། ལ་ལ་ནས་ཨོཾ་ཝ་ཤཾ་ནི་སྭཱ་ཧཱ། ལ་ལ་ནས་ཨོཾ་པ་ཤྃ་ནི་སྭ་ཧཱ། ཞེས་འབྱུང་ཞིང་། ཞལ་ཤེས་སྙན་རྒྱུད་མེད་ན་ཐེ་ཚོམ་གནས་ཁོ་ནར་སྣང་ངོ་། །འདི་ནི་རྗེས་ནས་མཇལ་དུས་གནམ་ཆོས་སོགས་དབང་ལུང་དང་། །མ་མགོན་གྱིས་མན་ངག་འགའ་ཕུལ་དུས་གཏང་རིགས། ཚུལ་དུ་བྱུང་གི་སུ་ལ་ཡང་འཆད་མི་རུང་གསུངས། དེ་ལ་རང་ནོར་གང་ཡོད་རྣམས་འཕེལ་ཤིང་རྒྱས་པར་འདོད་ན། ཨོཾ་པི་ཤ་ནི་སྭཱ་ཧ། ལ་ཤམ་བུ་གདགས་པ་ཡིན། གཞན་གྱི་ནོར་ལོངས་སྤྱོད་རང་གི་དབང་དུ་སྡུད་པར་འདོད་ན། ཨོཾ་བ་ཤཾ་ནི་སྭཱ་ཧཱ། ཡིན་ཏེ། པ་དང་བ་དང་ཝ་དང་གསུམ་གང་བྱས་རུང་། ཤཾ་དེ་ང་ལ་འབོད་ནས་ཤང་ཟེར། །ཨོཾ་ཡེ་ཤེས་ཀྱི་རང་བཞིན་ཡེ་ཤེས་ལྔ་སྟེ་སྐབས་ཛཾ་ལྷ་ལྷ་ལྔ་པ་ཤང་ནི་དབང་དུ་བྱེད་པ་སྭཱ་ཧཱ། ནི་གཞི་ཚུགས་ཡིན་ཅེས་གསུངས་སོ། །རྒྱས་པར་ཌཱ་ཀི་ལྔའི་སྔགས་ལ་ཡང་མགོ་ན་ཨོཾ་རེ་མཇུག་ན་ཧཱུྃ་ཕཊ་སྦྱར་བ་རྒྱས་པ། ཨོཾ་ཡོད་ཧཱུྃ་ཕཊ་མེད་པ་འབྲིང་། ཌཱ་ཀི་ལྔ་པོ་ཤ་དང་བཅས་པའི་ཨོཾ་དང་ཧཱུྃ་ཕཊ་གཙོ་བོའི་དེ་ལ་བསྡུས་ནས། མཇུག་ཏུ་སྭཱ་ཧཱས་བརྒྱན་པ་བསྡུས་པ་སྟེ་འདི་ཟབ་པོ། །ཨི་ཐིཿ ཅེས་པར་ར་ག་ཨ་སྱས་སོ། །ཤིང་སྦྲུལ་

(༡༡༨)གྱི་ལོ་ས་ག་ཟླ་བའི་དམར་པོའི་ཚེས་བརྒྱད་ལ་གནང་ལྕགས་མོ་ཕག་གི་ལོ་ལ་ཡི་གེ་བཀོད་ནས། རྗེ་ཉིད་ཀྱི་རྒྱུད་འཛིན་ལ་གཅིག་བརྒྱུད་དུ་གཏད་དོ། །ཕ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་གཅིག་བརྒྱུད་ལས་སྨུག་འཛིན་ཟླ་བའི་མདོག་ཅན་ལྷ་ལྔའི་སྔགས་བྱང་གཏོར་མའི་བཅའ་ཐབས་གསང་རྒྱ་ཅན་བཞུགས་སོ། །རྒྱུད་འཛིན་སྙིང་འདྲ་མ་གཏོགས་སྣོད་མིན་དང་མང་པོ་ལ་གབ་པ་དམ་ཚིག་གོ། །ཛམ་དཀར་གྱི་སྔགས་བྱང་གུད་དུ་གབ་པ་ལ།གཙོ་བོའི་སྙིང་པོ་དང་རྣམ་པར་མི་རྟོག་པའི་སྙིང་པོ་གཞུང་ལྟར་རོ། །གཙོ་འཁོར་དྲིལ་བའི་ཤམ་བུ་གང་ཞེ་ན། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛམྦྷ་ས་ཧྲི་ད་ཡ་ཧཱུྃ་ཕཊ། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། པི་ཤོ་ནི་སརྦ་སིདྡྷི་སྭཱ་ཧཱ། །ཅེས་པའོ། །ཨི་ཐིཿ གའུ་ལྔ་སོ་སོར་བསྒྲུབ་པ་ལ། །ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨོཾ་པི་ཤ་ནི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་གྱི་འགྲོ་བ་ཐམས་ཅད་བདག་གིས་དབང་། པ་ཤཾ་ནི་ན་ན་ཁ་དྷེ་སྭཱ་ཧཱ། དུ་བསྡུས་ཤིག་སྭཱ་ཧཱ། ཞེས་གཙོ་བོའི་སྒྲུབ་སྔགས་དང་། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནི། ཨོཾ་བ་ཤཾ་ནི་སྟེང་ལྷའི་སྲིད་པ་དང་འོག་ཀླུའི་སྲིད་པ་དང་བར་མིའི་སྲིད་པ་ཐམས་ཅད་བདག་གི་དབང་དུ་གྱུར་གཅིག་

(༡༡༩)ཅེས་ཤར་གྱི་གའུ་དང་། །ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་སོགས། །ཨོཾ་རཏྣ་ཌཱ་ཀི་ནི་ཨོཾ་བ་ཤཾ་ནི་ལྷ་དང་མི་དང་ལྷ་མ་ཡིན་གྱི་ཟས་དང་ནོར་རྫས་ཁྱད་པར་ཅན་ཐམས་ཅད་བདག་གིས་དབང་དུ་གྱུར་གཅིག་སྭཱ་ཧཱ། ཅེས་ལྷོའི་གའུ་དང་། ཨོཾ་པདྨ་ཀྲོ་དྷ་སོགས། ཨོཾ་པདྨ་ཌཱ་ཀི་ནི་ཨོཾ་བ་ཤཾ་རྒྱལ་པོ་དང་བློན་པོ་དང་བཙན་ཕྱུགས་དར་རྒྱས་ཅན་གྱི་ཡུལ་མི་དང་ནོར་བུ་རིན་པོ་ཆེའི་བདག་བྱེད་པའི་ཀླུ་ཆེན་ས་བདག་ཐམས་ཅད་བདག་གི་དབང་དུ་གྱུར་གཅིག་སྭཱ་ཧཱ། ཅེས་ནུས་ཀྱི་གའུ་དང་། །ཨོཾ་པདྨ་ཀྲོ་དྷ། །ཨོཾ་རྨ་ཌ་ཀི་ནི་ཨོཾ་བ་ཤཾ་ནི་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་གཡང་ཅན་སྣ་ཚོགས་རྣམས་བདག་གི་དབང་དུ་གྱུར་གཅིག་སྭཱ་ཧཱ། ཅེས་བྱང་གི་གའུ་སྟེ། དེ་རྣམས་ནི་བཟླས་བྱའི་བསྒྲུབ་སྔགས་ལགས་སོ། །སོ་སོར་ཐོར་བུ་བསྒྲུབ་པ་ལ་གང་སྒྲུབ་དེ་ཁོ་ནའི་སྔགས་བཟླས་སོ། །འཁོར་ལོ་བྲི་སྟེ་སྐུ་འདྲ་འབུར་དོད་མ་ལྕོག་ན། ལྟེ་བར་ཛཾ་ཡིག །མཁའ་འགྲོ་བཞི་ལ་ལྟེ་བར་ཧ་རི་ནི་ས་འབྲུ་རེ་རེ། དེ་རྒྱབ་མཐའ་ནས་མགོ་བཟུང་། འདི་གསར་མ་ཡིན་པས་ཞལ་ངོས་ནས་བཟུང་སྟེ་ཡིག་མགོ་ཕྱིར་བསྟེན་ཡིག་མཇུག་ནང་དུ་ཕུད་ལ་ཅུད་ནས་དབུ་ཅན་ཚེག་མེད་དུ་བྲིས། དེ་རྒྱབ་ཏུ་རྒྱས་པར་སྤྲོ་ན་མྱུད་གཅིག་བྱས་ལ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བྲིས། གཞུང་ན་མེད་པས་

(༡༢༠)མེད་པས་མ་བྱས་ཀྱང་རུང་གི་ཡོད་ན་སྤྱིའི་ལུག་ལྟར་བྱིན་རླབས་ནུས་པ་ཆེ་བ་ཡིན། དེ་རྒྱབ་ཏུ་གཙོ་བོ་སོ་སོའི་སྐུ་རྒྱན་ཆ་ལུག་མངོན་རྟོག་ལྟར་བྲི། གྲུལ་གྱི་བདུག་སུམ་བྷ་ནིས་བགེགས་བསྐྲད། ཡེ་དྷརྨ་ཅི་མང་སྔགས་ཅིང་མེ་ཏོག་གཏོར་བས་རབ་གནས། དེ་ནས་དབུས་ཀྱི་ས་བོན་མགོ་མཇུག་མ་ལོག་པར་ཅི་བདེར་སྟེབ། ཚོན་སྐུད་སྣ་ལྔའི་སྨན་རྩེའི་སྐུད་པས་རྒྱ་གྲམ་དུ་བཅིངས། རང་རང་གི་སྐུ་མདོག་མཚུངས་པའི་རས་སཾ་དར་གྱིས་བཏུམ། དེ་ནས་གའུར་གཞུག་ཏེ། འབྲང་རྒྱས་དཔེའུ་རིས་ལྟ་བུ་གཅིག་གཙོ་བོའི་ནང་དུ་བཏུམ་པར་བྱའོ། །དེ་ལ་སྔགས་ནི་གོང་གི་བཟླས་བྱའི་སྔགས་དེ་བྲི་བ་ཡིན་མོད་ཀྱིས། མི་འདྲ་བའི་ཁྱད་པར་ཅུང་ཟད་ནི། གོང་གི་དེ་ཚར་གཅིག་དང་དེའི་མཇུག་ནས་ཨོཾ་པི་ཤ་ནི་འབྲུ་དབང་དུ་སྡུས་ཤིག་སྭ་ཧཱ་ཞེས་པ་ལྟ་བུ་པི་ཤ་ན་དང་སྭ་ཧཱའི་བར་དུ་རང་གི་གང་འདོད་པ་སྦྱར་བ་དུ་ཤོང་བྲི། ཁྱད་པར་དུ་པདྨའི་ཐུགས་ཀ་ཨོཾ་ན་ག་སྤུང་པ་ཛ། འོག་ཀླུའི་སྲིད་པ་དབང་དུ་སྡུས་ཤིག་སྭཱ་ཧཱ། ཅེས་པ་བྲིའོ། །དེ་རྣམས་རབ་རིན་ཆེན། འབྲིང་མཚལ། ཐ་མ་རྒྱ་སྣག །ཡང་ཐ་སྣག་ཚ་ལ་རིན་པོ་ཆེ་སྨན་སོགས་བསྡར་བས་བྲི། བྲི་ཉིང་ཡང་ཡར་ངོ་དང་བརྒྱད་དམ་ཉའམ་འགྲུབ་སྦྱོར་

(༡༢༡)གཡང་སྐར་ལ་བྲིའོ། །གཞན་དང་དམིགས་བརྟེན་ཞལ་ཐང་འགྲུབ་པ་ནའང་སྔགས་དེ་དག་སོ་སོའི་རྒྱབ་ཡིག་ཏུ་བྲིས་ལ། །དེ་གཞན་གྱིས་མི་མཐོང་བའི་རྒྱབ་དར་བྱའོ། །འོད་སེར་པོ་འམ་གསེར་སྐུ་འགྲུབ་ན་སྔགས་དེ་དག་ཤོག་དྲིལ་ནང་ཞུགས་བྱའོ། །འདིའི་སྐུ་མངོན་རྟོགས་ལྟར་དང་བསྟོད་པ་རྒྱས་པ་འདི་ཕྱག་གཡས་བྲེ་ཅོན་གཡོན་ནེའུ་ལེ་གྲུ་མོར་ཁ་ཊྭྃ་ཡིན་ལ། གཞན་ཇོ་བོས་མཛད་པའི་བསྟོད་པ་ཉུང་ངུ་དང་ཞིག་ལ། །གཡས་ཁ་ཊྭྃ་འཛིན་པར་བཤད་ཅིང་བྲིས་སྐུ་རྙིང་པ་ལ་ཡང་དེ་ལྟར་མཐོང་བ། །ཕྱི་མ་འདིའི་བསྟོད་པ་ལ་རྒྱ་སྐད་མ་བྱུང་བས་ཕྱིས་བོད་དུ་ཞལ་གཟིགས་ལུགས་གཅིག་ཡིན་པར་སྣང་ངོ་། །གཏོར་མ་ནི་རྒྱས་པའི་ཕྲིན་ལས་གཙོ་ཆེ་བས་གདན་གྲུ་བཞི་རི་རབ་དབྱིབས། དེ་སྟེང་ཟླུམ་པོ་དྲ་བ་རིས། དེ་སྟེང་ནོར་བུ་སུམ་ཚོམ་མེ་ཏོག་གིས་རྒྱན་པ། དྲ་བ་རིས་ལ་མར་སྐུད། དུང་ཕྲེང་། རྩེ་ལ་མར་རྒྱང་གསུམ་འམ་ལྔ་ཅི་མཛེས། མཐར་མར་སྐུད་རིལ་ལུས་བསྐོར་བ་ཡིན་ནོ། །གསང་བའི་ཐེབ་ཀྱུ་མི་བྱ་མར་ཐུད་རིལ་བུ་བྱ། །ཐུན་གཏོར་དང་ཆུ་གཏོར་སྙིང་པོ་ལ་ཛམ་ལུཾ་རྩེ་མོ་ཅན་བྱ། ཞེས་པ་ཡང་ཤིང་སྦྲུལ་བདུད་རྩི་པའི་ལོ་ས་ག་ཟླ་བའི་དམར་པོའི་ཆོས་བརྒྱད་ནོར་ལྷ་དང་གནོད་སྦྱིན་རྒྱུ་བའི་དུས། དྲིན་ཅན་

(༡༢༢)ར་ག་ཨ་སྱས་རིན་པོ་ཆེས་ཕྱག་བྲིས་མཛད་བདག་བིརྱ་སཱ་ག་ར་ལ་གཅིག་རྒྱུད་དུ་གནང་བ་མངྒ་ལཾ། བ། རི་ཆོས་མཚམས་གྱི་ཞལ་གདམས་ཀྱི་ཅིག་བརྒྱུད་ལས། སྨུག་འཛིན་དཀར་མོ་ལྷ་ལྔ་བསྒྲུབ་པའི་རྟགས་ཡིན། ཛཾ་དཀར་རྟགས་ཡིག་ནི། སྤྱིར་རྣམ་སྲས་གཙོ་བོ་ཡིན་རུང་དེའི་སྒབ་འདྲེ་བེ་གར་ཡིན་པའི་ལོ་རྒྱུས་རྣམ་སྲས་བསྒྲུབ་པ་ལ་བར་དུ་གཅོད་ཅིང་ཐ་མ་སྲོག་ཕྲོག་པར་སྨོན་ལམ་བཏབ་ཚུལ་ལུས་ངན་པོའི་མདོ་ལས་གསུང་ཞིང་། དེའི་མནན་ཐབས་མང་དུ་ཡོད་ཀྱང་དུས་ཀྱི་དབང་གིས་ནོན་དཀའ་བས་རྣམ་སྲས་བསྒྲུབ་པ་ལ་བར་ཆད་ཆེན་པོ་བྱུང་བ་མང་དུ་མཐོང་ཞིང་ཐོས་སོ། །ཛཾ་ནག་ལ་སྒབ་འདྲེ་བྱ་མཆུ་ཅན་དེ་ཐུ་མོ་ཞིག་ཡིན་སྐད། ཛཾ་དམར་ལ་གནོད་སྦྱིན་བྲེལ་འཕང་ཡོད་དེ་ཧ་ཅང་མི་ཐུ་ཡང་མ་མནན་པར་བསྒྲུབ་མི་ཐུབ། སྤྱིར་སྤྱན་རས་གཟིགས་ཀྱི་རིགས་ལ་སྒབ་འདྲེ་མེད་ཅིང་འདི་ལ་ཡང་མེད་པས་ཤིན་ཏུ་རྒྱུད་འཇམ་ན་ཡང་། བསྒྲུབ་པའི་སྐབས་སུ་རྨི་ལམ་དུ་སྣོད་སྟོང་ཁུར་བའི་མི་དང་བུད་མེད། སྤྲང་པོས་ཟས་བསླང་བ། ཁྱི་དང་རི་བོང་སོགས་བསྲེ་རག་གི་རྟགས་བྱུང་ན། གླུད་གཏོར་བགེགས་གཏོར་བཏང་ལ་སུམ་བྷ་ནི་དྲག་ཏུ་བརྗོད་དེ། དེ་ནི་གཡང་སྐྱབས་དུས་བསེ་རག་བཀར་བ་དང་དོན་གཅིག་པའོ། །རྟག་ནི་རྒྱུན་བསྙེན་ནི་

(༡༢༣)ཕྱི་ནང་གསང་གསུམ་འཐོར་བུ་སོགས་གང་བསྒྲུབ་ཀྱང་འདྲ་སྟེ། །རང་གི་སྒྲིབས་པ་ཆེ་ཆུང་དང་ལས་འཕྲོའི་སྟབས་ཀྱི་རབ་དངོས་སུ་འབྲིང་ཉམས་ཀྱི་སྣང་བ་ཐ་མ་རྨི་ལམ་དུ་འབྱུང་སྟེ། འདིའི་རྒྱ་གཞུང་ལས། །རྟགས་ནི་ཁྲོམ་པ་མང་པོ་འཚོགས་པ་དང་། ཕྱལ་བ་དང་། ཆར་ཆེན་པོ་བྱུང་ན་འགྲུབ་ན་ཡིན་ནོ། །འབྲུའི་སྲེབ་ཏུ་ཉལ་བ་དང་གོས་གསར་པ་གོན་པ་དང་སོགས་རྨིའོ། །དེ་ལྟར་བྱུང་ན་ཟས་ནོར་གཤིས་ཀྱི་ལྷུན་གྲུབ་ཏུ་འབྱུང་ངོ་། །ཞེས་པ་ཙམ་ལས་མ་གསུངས་ཏེ། །སོགས་རྨིའོ་ཞེས་པའི་སོགས་སྒྲ་དེ་ལས་གཞན་ནས་འབྱུང་བ་ལྟར་རྟག་རྒྱས་པ་འབྱུང་ཚུལ་གསུངས་པ་སྟེ་ཁྲི་ཆེན་པོ་ལ་སྡོད་པ། དར་བེར་གདུགས་སོགས་ཕུབ་པ། དར་ཆེན་ཕྱར་བ། ཆོས་སམ་ནོར་གྱི་གཏེར་རྙེད་པ། ནོར་བུ་ལ་བཀྲ་ཤིས་དང་རྒྱལ་སྲིད་སྣ་བདུན་གྱི་གཟུགས་གསེར་དངུལ་ལས་བྱས་པ་རྙེད་པ། རི་རབ་ཀྱི་རྩེར་ཕྱིན་པ། ནེའུ་ལེ་གསོ་བ། །མུ་ཏིག་དང་རིན་པོ་ཆེའི་ཆར་བབས་པ། ཆུ་གསར་དུ་བསྟོན་པ་དེ་རྣམས་བསོད་ནམས་འཕེལ་བར་རྟགས་སོ། །ཆར་འབབས་ལ་འབྲུག་ཆེན་པོ་གྲགས་པ། དུང་འབུད་པ་རྔ་ཆེན་རྡུང་བ། རོལ་མོ་འབུད་བཀྲོལ་བྱས་པས་སྐད་ཆེན་པོ་དང་རིང་པོ་སྙན་མོ་བྱུང་ན་སྙན་གྲགས་གི་ལྟས་སོ། །ལོ་ལེགས་

(༡༢༤)པ་འབྲུ་མང་པོ་ཕུལ་བ་དག་བྱས་པ། ཇ་དར་ཟས་ཀྱི་རིགས་ཤ་ཁྲག་མ་ཡིན་པའི་དཀར་གསུམ་མངར་གསུམ་ཕུལ་བ་བདག་བྱས་པ་ལོངས་སྤྱོད་ལྟས་སོ། །མི་ཆེན་མང་པོའམ་རེ་ཟུང་གི་གུས་འདུད་བྱེད་པ་དབང་དུ་འདུས་རྟགས། ནོར་ཕྱུག་རྟ་དྲེལ་གྱི་རིགས་ཁྱུ་ཚུར་ལ་གཤར་བ། ཚོང་པ་དང་ཚངས་དཔོན་ཆས་བཟང་ཚུར་བྱུང་བ། ནོར་ཕྱུགས་རྟ་དྲེལ་ལུག་ཁྱུ་བསྡུ་བ་བདག་བྱས་པ། སྐྲ་དང་ཨོཾ་ཙོམ་རིང་དུ་སྐྱེས་པ་ནོར་འདུ་རྟགས། །སྐྱེས་པའམ་བུད་མེད་ཀྱི་རྩ་དང་ཤིང་དང་ལོ་མ་བྱིན་པ། རྩ་ཐུ་བ་ནས་མངའ་བ་ཡང་ནོར་གྱི་རྟགས། ཡུང་བ་མང་པོ་རྙད་པ་རྐོ་བ་དངོས་གྲུབ་ཕལ་པ། ཟས་ནོར་མཆོག་བྱིན་པ། ཟོས་པ་འཕྲལ་ཁ་ཟས་རྟགས། བུད་མེད་གཞོན་ནུ་རལ་པ་ཅན་ནམ་རྒྱན་ཅན་འདུ་བ། དེ་དག་གིས་ཟས་ནོར་སྟེར་བ་མཁའ་འགྲོ་བཞིའི་རྟགས། ཡང་རྨི་ལམ་དུ་གདུལ་བྱ་སོགས་གང་འོང་ལུང་སྟོན་པ་དང་། རྨི་ལམ་དུ་རང་ལ་མཛེ་བྱུང་བ་རྨི་ན་ཤིན་ཏུ་ཕྱུགས་རྟགས། རྟགས་གང་བྱུང་ལ་རློམ་སེམས་དང་ང་རྒྱལ་མི་བྱ་བར། དེ་ཙམ་ཆུང་ཚོད་ཡིན་སྒྲུབ་པ་འདི་ཙམ་བྱས་སྙམས་དུ་རྔེ་མ་ཁེང་པ་བྱ། སྒྲུབ་དུས་རྟགས་གང་བྱུང་དེ་ཕྱི་ནས་འབྲས་བུ་མི་འབྱུང་བ་

(༡༢༥)ནི་མི་སྲིད། ལ་ལ་ས་ཁམས་པའི་རིགས་རྟགས་ལ་ནས་མི་འབྱུང་བའི་རིགས་ལ་ཡང་མི་ཆད་པར་མི་བྱ་ཞིང་བསྒྲུབ་པས་འབྲས་བུ་ཤུགས་ཀྱིས་འབྱུང་ངོ་། །ཞེས་པའང་ར་ག་ཨ་སྱས་སོ། ཀརྨ་བིརྱ་ས་ག་རས་མཎྜལ་བཟང་པོ་དང་བཅས་ནས་རྩེ་གཅིག་ཏུ་གསོལ་བ་བཏབས་པས་ཤིང་འབྲུག་བདུད་རྩི་འཁྱིལ་པའི་ལོ་ས་ག་ཟླ་བའི་དམར་ངོའི་ཚེས་བརྒྱད་ནོར་ལྷ་དང་གནོད་སྦྱིན་རྒྱུ་བའི་དུས་དྲིན་ཆེན་ཆོས་རྗེ་ར་ག་སྱེའི་ཞལ་སྔ་ནས་ཀྱིས་རྩལ་བ་ཕྱག་བྲིས་སུ་མཛད་ནས་གནང་ངོ་། །བཀྲ་ཤིས། །མ། རི་ཆོས་འཚམས་ཀྱི་གཅིག་རྒྱུད་ལས། སྨུག་འཛིན་ཤར་དམར་གྱི་སྒྲུབས་པ་རླུང་ལ་བཅོལ་ཐབས་ལོ་ཀ་པ་ཤཾ་ཤིན་ཏུ་གསང་བ་ས་མ་ཡཱ་ཛ་ན་ར། མན་ངག་འདི་འང་ཅིག་རྒྱུད་མ་རྟོགས་སྣོད་མིན་དང་མང་པོ་ལ་མི་སྤེལ་ཞིང་གབ་པ་དམ་ཚིག་གོ། །ཛམ་དམར་གྱི་མན་ངག་སྙིང་ཁུ་བ་འབྱུང་བ་རླུང་ལས་བཅོལ་བས་མྱུར་དུ་འགྲུབ་པ། གྲོ་གས་ཆུ་ཐུབ། ཤོ་བུ་མྱུར་དུ་རུལ་བས། གང་དུ་རྣམ་འཇོམ་ཉེ་སྙིང་དང་སྣང་བརྒྱད་སྔགས་མཐར་འཁོར་ལོ་འདི་བསྐོར་བ་ལ་ལོ་ཟླ་ཞག་དུས་མི་རུང་བ་དང་ཕོག་དུག་འགྲམ་འཁྲུག་ཐམས་ཅད་ཤིནྟི་ཀུ་རུ་སྭཱ་ཧཱ། ཕྱི་ནས་དབུ་བྱས་སྔགས་མཇུག་ནང་དུ་ཕུད། དབུས་སུ་རྡོ་རྗེ་རྒྱ་གྲམ་བྲིས་པ་སྟེང་ནས་མར་ཕུབ་

(༡༢༦)འོག་མ་ཐམས་ཅད་ཁ་ཡར་ཟད་པ་ཐམས་ཅད་ཕྱི་ནས་མགོ་བཟུང་། སྔགས་མགོ་ནང་དུ་སྟོན། ཕྱིར་མ་སྦུབ་རྒྱུ་ངོ་ཡ་དེ་ཕྱི་ནས་མགོ་བཟུང་ལ་སྔགས་མགོ་ཕྱི་ནས་སྟོན། གཉིས་ཀ་འདྲ་བར་སྔགས་མཇུག་ནང་དུ་ཕུད་ལ། སྲེབ་བུ་དང་པོ་ལ་ཕྱི་ནང་གཉིས་ཀ་ལ་བསྙེན་སྔགས་ཁོ་ན་བྲི། དེ་ལྟར་སྡེབས་མ་དུ་ཐོན། དེ་འོག་སྡེབས་མ་རུ་ཐོན་ལ་སྒྲུབས་སྔགས་རྣམས་བྲིས། རྗེས་མ་དུ་ཐོན་ལ་ལས་སྦྱོར་སྔགས་རྣམས་བྲི། དམར་པོའི་སྔགས་ཀྱང་དེ་དང་འདྲ། དཀར་དམར་གཉིས་དམར་པོ་འོག་ཏུ་བཞག །སྔགས་ཐམས་ཅད་གཟབ་ཡིག་ཎ་ཚགས་མ་རྟོགས་པའི་ཚགས་མེད་བྲི། འདོད་གསོལ་ལ་སྒྲུབ་པོའི་དབང་དུ་སྡུས་ཟེར་བ་བྲི། བདག་ཟེར་བ་དང་རང་མིང་མི་བྲི། གཞན་མིང་སྤྱི་འཚམས་རྒྱལ་པོ་བློན་པོ་སོགས་མ་གཏོགས་མིའི་མིང་མི་བྲི། ཡེ་དྷརྨས་རབ་གནས་དང་སྔགས་སོ་སོ་ལ་ལྷ་སོ་སོ་བསྟིམ། གཞི་བདག་དཀར་གཏོར་འབུལ། ཀོ་ལོང་མ་བྱེད་གྲོག་གྱིས་བརྗོད་ནས་རང་བབས་ཁང་སྟིང་དུ་རླུང་འཁོར་གཡས་བསྐོར་བྱས་ལ། མིས་ཆེར་དངོས་མཚན་ཆུང་ས་རླུང་འོང་པ་ཞིག་ཏུ་བརྩུགས་ཏེ་སྔགས་འདོན་མི་གཅིག་རྒྱུན་དུ་བཞག་པ་དང་མཉམ། སྟབས་བདེ་ན་ཆུ་འཁོར་ཡང་འཁོར་ཆེ་བས་ལེགས། གཤའི་མི་ཁྱེར་བ་གལ་ཆེ། མན་ངག་འདི་ཟབ་

(༡༢༧)གྲགས་པ་དང་སྔགས་ཅུད་ལུགས་འདི་གཞན་དང་ཅུང་ཟད་མི་འདྲ། མེ་ཏོག་བླ་མ་བརྒྱུད་པའི་བསྙེན་ཙིཏྟ་དམར་པོ་ལག་ཏུ་བཞག་པ་ཡིན་པས་མ་སྤལ་ཞིག །ད་ལམ་དཔེ་འདི་དག་གི་མཎྜལ་བྱུང་བའི་གདབ་ལེན་ནོ། །ཕྱི་གྲོ་བས་བདུད་རྩི་ལ་ནང་ལེགས་པར་རྩིད་པས་ཚེམ་མོ། །བལ་རུལ་འོང་། གྲོ་གར་ཆུ་སུང་ཡང་མི་བྱིད། ཤོག་བུ་ཡིན་ན་ཆུས་རུལ་བས་ཆུ་མི་འགྲོ་བའི་ཐོག་ཕུབས་པར་བྱའོ། །ཞེས་བདུད་རྩི་འཁྱིལ་བའི་ལོ་ས་ག་ཟླ་བའི་དམར་པོའི་ཚེས་བརྒྱད་ལ་ར་ག་ཨ་སྱས་རུང་ཟབ། །ཨི་ཐི། ཨོཾ་རུ་ཙི་ར་མ་ཎི་པྲ་བརྟ་ན་ཡེ་སྭཱ་ཧཱ། །ཞེས་བདུན་བརྗོད་པ་ཕྲེང་བ་བྱིན་རླབས་བྱེ་བ་འགྱུར་སྐེ་དང་ལགས་པར་མི་གོན་པ་རྗེན་དུ་མི་བཞག །གལ་ལྟེ་དེ་ལས་འདས་ན་སླར་ཡེ་དྷརྨའི་རབ་གནས་བསྐྱར་དགོས་སོ། །

(༡༢༨)

(༡༢༩)ཚ། རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་གི་ཅིག་རྒྱུད་ལས། གནམ་ཆོས་སྐོར་ལས་བྱུང་བའི་སྨུག་འཛིན་དམར་པོའི་ཟིན་བྲིས་བཞུགས་སོ། །ན་མོ་ཨརྱ་ཛམྦྷ་ལ་ཡེ། གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། །ཛམ་ལྷའི་རིགས་དགུའི་སྒྲུབ་པ་གསུངས་པ། །རྒྱུད་སྡེ་གསང་སྔགས་བླ་མེད་པའི། །རཏྟ་རྩལ་ཆེན་བསྡུད་རྒྱུད་གཅེས། །ནོར་ལྷ་སྤྱི་ཡི་རྒྱུད་ཆེན་པོ། །ལེའུ་བརྒྱ་དང་རྩ་བརྒྱད་གསུངས། །དེ་ཡི་དོན་དང་དགོངས་པ་གཅིག །པད་འབྱུང་ཛཾ་ལྷ་སོ་སོ་ཡི། །པད་འབྱུང་ཛཾ་ལྷ་སྐུ་རུ་བཞེངས་ནས་དངོས་སུ་གསུངས། བརྒྱུད་པ་ཉེ་ཞིང་འགྲུབ་རྟགས་མྱུར། །རིགས་དགུའི་ནང་ནས་དམར་པོ་འདི། །དཀྱིལ་འཁོར་འཁོར་ལོ་གཏོར་མ་སོགས། །སྒྲུབ་རྫས་མི་དགོས་སྟབས་བདེ་བ། །ཤིན་ཏུ་སྤྲོས་མེད་ཨ་ཏིའི་ལུགས། །དྲན་པ་ཙམ་གྱི་རྫོགས་པ་ཉིད། །ལྷ་བ་གྱད་ཀྱི་ལྷ་ཞེས་བྱ། །རང་ལུས་ཡེ་ནས་དམ་ཚིག་ལྷ། །རང་སེམས་ཡེ་ནས་ཡེ་ཤེས་ལྷ། །ཡིན་ལ་ཡིན་བཞིན་གསལ་བཏབ་ནས། །གདོད་ནས་དམ་དབྱེ་དབྱེར་མི་ཕྱེད། །ཡེ་ཤེས་སྤྱན་འདྲེན་མི་དགོས་ཏེ། །ཆུ་ཟླ་མེ་ལོང་གཟུགས་བཞིན་དུ། །གར་དམིགས་དེ་རུ་ཡེ་ཤེས་པ། །ལྷ་ནི་དེ་རྒྱུ་སྣང་བ་སྟེ། །ནམ་མཁའ་གར་ཁྱབ་སྣང་སྲིད་ཀུན། །རྒྱལ་བ་སྐུ་གསུང་ཐུགས་ཀྱིས་ཁྱབ། །རྣམ་པར་རྟོགས་པ་མི་མངའ་

(༡༣༠)ཕྱིར། །གཤེགས་དང་བཞུགས་པའི་མཚན་མ་མེད། །དེ་འདྲ་ཨ་ཏི་རྫོགས་ཆེན་ལུགས། །གསར་མའི་བླ་མེད་རྒྱུད་དང་མཐུན། །བདག་མདུན་སྐད་གཅིག་དྲན་རྫོགས་ལ། །མངོན་རྟོག་གཅིག་གི་དུས་གཅིག་བསྐྱེད། །སོ་སོའི་ཐུགས་ཀར་ཟླ་བའི་སྟེང་། །བྱེ་རུ་ལྟ་བུའི་ཛཾ་དམར་པོ། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་གྱིས་དངོས་གྲུབ་ཀུན། །ཐམས་ཅད་འོད་ཞུ་བདག་ལ་ཐིམ། །འོད་ཀྱི་རེག་པ་ཐམས་ཅད་བརྒྱས། །ཟགས་མེད་བདེ་བས་སྐུ་ལུས་ཚིམ། །འོད་ཟེར་འགྲོ་དྲུག་ཀུན་ལས་ཕོག །སྡིག་སྒྲིབ་དག་ནས་ཛཾ་དམར་གྱུར། །འུར་འུར་དིར་དིར་སྔགས་སྒྲ་སྒྲོག །དེ་ནི་བདག་བསྐྱེད་དམིགས་པའོ། །རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། །ཞལ་ནས་ཐོན་ནས་མདུན་བསྐྱེད་ཀྱིས། །ཞལ་ནས་ཞུགས་ཐུགས་རྒྱུད་རབ་ཏུ་བསྐུལ། །སྔགས་ཕྲེང་ལྟེ་བ་ནས་ཚུར་བྱོན། །རང་གི་ཐུགས་ཀར་ཐིམ་པ་སྟེ། །ཕར་མཆོད་ཚུར་ལ་དངོས་གྲུབ་བསྡུ། །འགལ་མེའི་འཁོར་ལོ་འཁོར་བ་བཞིན། །དམར་དང་ཀྱིལ་ཀྱིལ་འཁོར་བར་བསྒོམ། །ཕྱག་གཡས་བནྡྷའི་ནོར་བུ་ལས། །འོད་འཕྲོས་ཟས་ཀྱི་དངོས་གྲུབ་རྣམས། །འོད་ཀྱི་བསྡུས་ནས་རང་ལ་བསྟིམ། །ཟས་བསྡུས་ཐོད་པའི་ནང་ཐིམ་པས། །ལོངས་སྤྱོད་ཆར་ལྟར་འབེབས་པར་བསམ། །བར་པའི་

(༡༣༡)ལྕགས་ཀྱུ་ཞགས་པ་ལས། །འོད་ཟེར་དམར་པོ་ལྕགས་ཀྱུ་དང་། །ཞགས་པའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས། །གང་འདོད་ཐམས་ཅད་བཀུག་ཅིང་བསྡུས། །གཡས་འོག་རིན་ཆེན་ནོར་བུ་ལས། །འབྲུ་ཡི་ཆར་པ་འབེབས་པ་དང་། །གཡོན་གྱི་ནེའུ་ལེ་གཉིས་ནས། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །གང་འདོད་དངོས་གྲུབ་སྐྱུག་པ་ཡིས། །རང་གཞན་ཁྲ་ཆིལ་གང་བར་དམིགས། །མཐར་ནས་མདུད་དེ་བདག་ལ་ཐིམ། །བདག་ཀྱང་མི་དམིགས་སྟོང་པའི་ངང་། །གཏོར་བསྔོས་ལ་སོགས་བྱ་བ་ནི། །གནམ་ཆོས་ཛཾ་ལྷ་སྤྱི་ཡི་ནི། །ལས་བྱང་དེ་ཉིད་འདོན་པ་སྟེ། །ཆེ་གེའི་མལ་དུ་ཛཾ་དམར་འཛུད། །བསྐྱེད་ཆོག་བྱ་བར་མ་གསུངས་ཏེ། །སྤྱན་འདྲེན་བརྗོད་པས་རང་བཞིན་གྱི། །གནམ་དང་ལྕགས་ལོ་ཅན་སོགས་དང་། །བདེ་བ་ཅན་སོགས་ཞིང་ཁམས་ནས། །ཛམ་དམར་བྱོན་ནས་མདུན་བཞུགས་པར། །གཞུང་ཚིག་ལྟར་དུ་དངོས་འབྱོར་དང་། །ཡིད་སྤྲུལ་བཀྲ་ཤིས་རྒྱལ་སྲིད་དང་། །འགྲོ་བའི་དཔལ་འབྱོར་བློས་བླང་འབུལ། །བསྟོད་པ་བརྗོད་ནས་རང་ཉིད་དང་། །སྐུ་གསུངས་རྟན་ལ་ཐིམ་པར་བསམ། །ཆུ་སྦྱིན་བྱེད་ཀྱང་ཟངས་གཞོང་དུ། །སྐད་གཅིག་བསྐྱེད་དེ་སྔགས་ཀྱིས་འབུལ། །བསྟོད་པ་ལས་བྱང་ནང་དེ་བསྟོད། །རྟགས་ནི་ནོར་ལྷ་སྤྱི་དང་འདྲ། །

(༡༣༢)བརྩོན་འགྲུས་རྒྱ་མཚོ་བསྐུལ་བྱས་ནས། །ར་ག་ཨ་སྱེས་ཟིན་བྲིས་བྱས། །ཐིམ་ཡིག་གཅིག་བརྒྱུད་ནང་འདིར་བྲིས། །བསྟན་འཛིན་དབུལ་སེལ་ནོར་བུ་ཡིན། །

(༡༣༣)ལོ་རྒྱུས་བཞུགས་སོ། ༈ ཝ། རི་ཆོས་འཚམས་ཀྱི་ཞལ་གདམས་ཅིག་རྒྱུད་ལས། །དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་དང་བསྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་ཅིག་ཅེས་ཀུན་གྲོལ་སོགས་ནས་འབྱུང་བའི་སྒྲོལ་མ་དམར་མོ་རིག་བྱེད་མའི་ལོ་རྒྱུས་ཕན་ཡོན་དང་བཅས་པ་བཞུགས། འོ་ན་ད་ལམ་ཁྱེད་རྣམས་ལ་འཕགས་མ་རིག་བྱེད་མའི་དབང་བསྐུར་བ་ལ། ལོ་རྒྱུས་ཟུར་ཙམ་མ་བཤད་ན། ངེས་ཤེས་མི་སྐྱེ་བས་བྱིན་རླབས་འཇུག་དཀའ། དེ་ལ་ལྷ་མོ་འདི་ཡི་ངོ་བོ་ནི་སྒྲོལ་མའི་རིག་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིག་པའི་རྒྱལ་མོ་རྫུ་འཕྲུལ་ཆེ། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །བུད་མེད་གཟུགས་འཆང་ལྷ་མོ་ནི། །འགྲོ་བ་ཀུན་ཏུ་རྣམ་པར་རྒྱུད། །སྙིང་རྗེས་བརླན་པའི་སེམས་ཀྱི་ནི། །སེམས་ཅན་རྣམས་ལ་ཕན་དོན་དུ། །མི་བརྗེད་འཇིག་རྟེན་ཁམས་སུ་གནས། །བུ་མེད་མིང་གིས་འཇུག་པར་བྱེད། །ས་བཅུ་ལ་ནི་རབ་གནས་ཐོབས། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷོ་ཡི་སྒྲོལ་མ་ཞེས་སུ་བསྟེན། །འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱབ་དང་སྦད་པར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པ། །འདིས་ནི་ལྷ་མོ་བསྒྲུབ་པར་བྱ། །བྱང་ཆུབ་མཆོག་གི་ཆད་དྲུག་ནི། །སྐྱེས་པ་ཉིད་ནས་བརྩམས་པར་བྱ། །སྙིང་རྗེས་བརླན་པའི་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེ་འབྲང་བ། །སྔགས་ཀྱིས་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་ཚོགས་ཀྱིས་བྱ་ཕྱིར་རོ། །རེ་བ་ཐམས་ཅད་དགའ་རྒྱས་ཕྱིར། །ཤར་གྱི་ཕྱོགས་སུ་གནས་པ་ཡིན། །བདག་ཉིད་རྣམས་པ་སྟོང་དང་ནི། །རྣམ་པ་མང་པོ་བྱས་ནས་ཀྱང་། །རྒྱ་མཚོ་བཞིའི་མཐར་ཐུག་བར། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །ཞེས་གསུངས་པ་ལྟར་སྒྲོལ་མའི་སྤྲུལ་པས། །འཇིག་རྟེན་ཁྱབ་པར་བཤད་པའི་ནང་ནས། འདི་རྒྱ་གར་ཀུ་རུ་ཀུལླེའི་རི་ཕུག་ན་བཞུགས་པའི་སྒྲོལ་མ་དེ་ཡིན་ཏེ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་ནས་ཀྱང་རིག་བྱེད་མ་འདི་གསུང་ལ། སྒྲོལ་མ་ཉེར་གཅིག་ནང་ནས་དབང་བྱེད་སྒྲོལ་མ་དམར་མོ་ཡིན་ལ། སྒྲོལ་མ་ལས་སྣ་ཚོགས་འབྱུང་

(༡༣༤)བའི་རྒྱུད་ལས་ཀྱང་སྒྲོལ་མ་ཐམས་ཅད་ཀྱིས་རྩ་བར་བཤད་པའི་ཕྱིར་རོ། །མི་ཏྲ་བརྒྱ་རྩ་ནས། །གཙོ་མོ་ཀུ་རུ་ཀུལླེ་ལ་འཁོར་སྒྲོལ་མ་ཉེར་གཅིག་གིས་བསྐོར་བའི་དཀྱིལ་འཁོར་ཡང་གསུང་ཞིང་། རྗེ་ཆོས་ཀྱི་དབང་ཕྱུག་གིས་ཀུ་རུ་ཀུལླེའི་དཀྱིལ་འཁོར་ནས་རྒྱུད་སྡེ་བཞི་ཀའི་དབང་དུས་གཅིག་ལ་བསྐུར་བའི་ཆོ་ག་ཡང་མཛད་དོ། །དེ་ལྟ་བུའི་ལྷ་མོ་འདི་ཡི་རྒྱུད་ཇི་ལྟར་འབྱུང་བ་ནི། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གསུང་སྟེ། བསྐལ་པ་མང་པོའི་སྔོན་དུ། སྒྲོལ་མ་འབྱུང་བ་རྣལ་འབྱོར་རྒྱ་མཚོའོ་ཞེས་བྱ་བའི་རྒྱུད་ཤིན་ཏུ་རྒྱས་པ་གཅིག་བྱུངས། དེ་ནུབ་ནས་སྒྲོལ་མ་འབྱུང་བའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱུད་ཆེན་པོ་ཅིག་བྱུང་ངོ་། །དེ་ཡང་ནུབ་པར་གྱུར་པ་དང་། བསྟན་པ་འདི་ལ་སྤོ་ཊ་ལ་ཡི་གནས་ན། འཕགས་པ་སྤྱན་རས་གཟིགས་ལ་འཁོར་འཇམ་དཔལ་ལོགས་བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཀླུའི་རིན་འཛིན་རྣམས་ཀྱི་བསྐོར་ནས་བཞུགས་པའི་ཚེ། འཁོར་རྣམས་ཀྱི་ཞུས་པའི་ངོར་ཀུ་རུ་ཀུལླེའི་རྟོག་པ་གསུང་སྟེ་བསྟོད་དབྱངས་དང་མཆོད་པའི་ཁྱད་པར་དུ་མས་མཆོད་ཅིང་བསྟོད་པར་གྱུར་ཏོ། །འདི་ལ་སྡེབ་ཆེན་བཅུ་དྲུག་ཙམ་བཞུགས་པ་ཀྲིཥྞ་པཎྜི་ཏ་དང་། ལོཙྪ་བ་ཚུལ་ཁྲིམས་རྒྱལ་བས། བསྒྱུར་བ་ཡིན་ཞིང་བྱ་རྒྱུད་དུ་བཤད་དོ། །བླ་ན་མེད་པའི་དཔལ་རྒྱུད་ཀྱི་རྒྱལ་པོ་སམྦུ་ཊི་ལས། ཨོཾ་ཀུ་རུ་ཀུལླེའི་ཧྲིཿསྭཱ་ཧཱ། ལས་ཐམས་ཅད་པའི་སྔགས་ཞེས་བྱ་སྟེ། །དགྲ་དང་རྒྱལ་པོས་བཅིངས་པ་དང་། །འཇིག་པའི་དུག་ནི་འཕེལ་བ་དང་། །རིམ་ནད་རྣམས་པ་སྣ་ཚོགས་དང་། །དུས་མིན་འཆི་དང་དུག་ལ་སོགས། །འཇིག་པའི་གནས་ནི་གང་དང་གང་། །དེ་དང་དེར་ནི་སྦྱར་བར་བྱ། །ཤེས་རབ་དམན་ལ་སྲུང་བ་ནི། །བྲིས་ཏེ་བཅངས་བས་ཡིད་གཞུང་འགྱུར། །འདི་ནི་འཇིག་པ་ཐམས་ཅད་ལས། །སྲུང་བ་དམ་པ་ཞེས་བྱར་བརྗོད། །འདི་ནི་སྲུང་བ་ཐམས་ཅད་ཀྱིས། །རྣལ་འབྱོར་དེ་ཉིད་བླ་ན་མེད། །འོད་ཟེར་རབ་ཏུ་འབར་བ་ཡིས། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་དབུས་སུ་ཡི་གེ་ཧྲིཿ། འོད་ཟེར་དམར་མོ་འབར་བར་བསྒོམས། །དེ་ལས་བདག་གི་བསྒོམས་བྱ་བ། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །ཕྱག་ན་བཞུ་དང་མདའ་དང་ནི། །ཨུཏྤལ་དང་ལྕགས་ཀྱུ་བསྣམས། །འདི་ནི་བསྒོམས་པ་ཙམ་གྱི་ཀྱང་། །འཇིག་རྟེན་གསུམ་

(༡༣༥)པོ་དབང་དུ་བྱེད། །འབུམ་ཕྲགས་གཅིག་གི་རྒྱལ་པོ་སྟེ། །སྐྱེ་དགུ་ཁྲི་ཕྲགས་གཅིག་གིས་སོ། །བྱེ་བས་གནོད་སྦྱིན་ཕྱུག་བདག་སྟེ། །འབྲུམ་བདུན་གྱི་ལྷ་མ་ཡིན། །ལྷ་རྣམས་འབུམ་ཕྲགས་ཏྲ་ཀྱི་ས་ཏེ། །སྔགས་པ་བརྒྱ་ཕྲག་གཅིག་གིས་སོ། །ཞེས་དང་། །དཔལ་ཀྱཻ་རྡོ་རྗེ་རྟག་པ་གཉིས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད་པར་བྱ་སྟེ། གོང་དུ་རྟག་པ་བཅུ་གཉིས་ལས། །རྒྱས་པར་གསུང་པ་མདོར་ཏུ་བསྡུས། །ཧྲི་ལས་བྱུང་བའི་ལྷ་མོ་ནི། །ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་བཞུ་ཡི་ལགས་པ་ལ། །ཨུད་པ་ལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་པ་ཙམ་གྱི་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲིས་ནི་འཇིག་རྟེན་ཕལ་པ་ཉིད། །བྱེད་པས་ཕྱུགས་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱི་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །འབུམ་ཕྲག་གཅིག་གིས་སྔགས་པ་ཉིད། །ཅེས་གསུངས་སོ། །རྒྱུད་ལས་གསུངས་པའི་ལྷ་མོ་དེ་ཡིས་མན་ངག་བཀའ་བབས་ཚུལ་ལ། སྲས་དགྲ་ཅན་འཛིན་ཟིན་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བྱས་ནས་འོད་མའི་ཚལ་དུ་བཞུགས་ཏེ། རྫིང་བུ་རིང་མོར་ལྷུང་ཟེད་བཀྲུ་བ་ན་གྲགས་འཛིན་མའི་བུས་དགེ་སློང་དཀོར་ཟེར་བ་དེ་ཡིན་བསམ་ནས། སྒྲ་ཅན་ཟིན་རྫིང་བུ་རིང་མོའི་ནང་དུ་འཕང་ངོ་། །དེས་ཀུ་རུ་ཀུལླེའི་སྔགས་བཟླས་པ་ཙམ་གྱིས་ཉེས་སྐྱོན་མེད་བདེ་བར་ཐར་ནས་བཅོམ་ལྡན་འདས་ཀྱིས་དྲུང་དུ་སོང་སྟེ། བཅོམ་ལྡན་འདས་སྔར་དེ་ཡི་ནུས་པ་བདག་གིས་མཐོང་གིས། སྲོག་ཆག་གཞན་བསྲུང་བའི་ཕྱིར་བསྟན་དུ་གསོལ། ཞེས་ཞུས་པས། །བཅོམ་ལྡན་འདས་ཀྱི་ཕྱག་ན་རྡོ་རྗེ་ལ་བསྐུལ་ནས། སྔགས་འདི་དང་རྟོག་པ་འདི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱི་ཐོས་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བའི་ཕྱིར། །ནག་པོ་ཆེན་པོ་ལ་ཉིད་ཀྱི་བསོད་སྙོམས་ཀྱིས་གསོས་པའི་སྲིན་མོ་འཕྲོགས་མ་བྱིན་ནོ། །དེ་ནས་ནག་པོ་ཆེན་པོས་མོ་ལ་བརྩེ་བར་མི་བྱེད་ནས་མོ་ཡི་མུགས་པར་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་ཀུ་རུ་ཀུལླེའི་རྟོག་པ་འདི་མོ་ལ་གསུངས་པས། དེ་ནས་བཟུང་སྟེ་མོ་

(༡༣༦)བསྐལ་བ་བཟང་པོར་གྱུར་ནས། །མགོན་པོ་ནག་པོས་གཅེས་པར་བྱེད་དོ། །ཡང་ཤིན་ཏུ་དགའ་བ་གཅིག་ལ། བུ་སྣར་མ་བྱ་བ་སྟོབ་ཆེ་ཞིང་གཟུགས་བཟང་། ཡང་བློ་བརྟུལ་བར་གྱུར་པས། བཅོམ་ལྡན་འདས་ལ་ངའི་བུ་འདི་ཤེས་རབ་ཆེ་བར་གྱུར་ན་ཁྱོད་ཀྱི་བསྟན་པ་སྲུང་ལགས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཀུ་རུ་ཀུལླེའི་རྟོག་པ་འདི་གསུང་པ་ཙམ་གྱིས་ཤེས་རབ་ཆེན་པོ་དང་ལྡན་སྟེ་ལོ་བཅུ་གཉིས་ཀྱིས་བརྟན་བཅོས་ཐམས་ཅད་དང་བཟོའི་གནས་ཐམས་ཅད་ལ་མཁས་པར་གྱུར་ཏོ། །སེམས་ཅན་དབང་དུ་བྱ་བར་འདོད་པས་སྔགས་འདི་དང་རྟོག་པ་འདི་ལ་གོམ་པར་བྱའོ། །ཤེས་རབ་ཆེན་པོ་འཕེལ་བར་བྱ་བའི་ཕྱིར་སྔགས་འདི་དང་རྟོག་པ་འདི་ལ་བསླབ་པར་བྱ་བ་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་མན་ངག་རྒྱ་གཞུང་བྱུང་ཚུལ་ནི། སྔོན་རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་བྱ་བའི་རྒྱལ་རིགས་ཆེ་ཞིང་མཐོ་བ་ཞིག་ཡིན་ཏེ། འཁོར་གཡོགས་དང་བཙུན་མོ་མང་དུ་ཡོད་པ་ལ། བཙུན་མོ་ཆེ་བ་དེ་ལ་རྒྱལ་པོ་མ་འཁོར་བས། གཡོག་མོ་གཅིག་ལ་རྒྱལ་པོ་དབང་དུ་བྱེད་པའི་རིག་པ་ཚོལ་ལ་ཤོག་ཟེར། བྲན་མོས་ཚོང་དུས་རྣམས་སུ་བཙལ་བས། སྐུད་པ་འཚོང་པའི་ཚོང་དུས་སར་ཕྱིན་པས། བུད་མེད་དམར་སྨུགས་ཤིན་ཏུ་མཛེས་མ་གཅིག་དང་འཕྲད་པ་ལ་དྲིས་པས་དེ་འདྲ་གཅིག་ཡོད་ཟེར་ནས་རིལ་བུ་གཅིག་བསྐུར་ནས་གང་ལ་དམིགས་པ་དེ་ལ་བྱིན་གཅིག་ཟེར། བྲན་མོས་བཙུན་མོ་ལ་གཏད་པས། དུག་འདྲ་ཡིན་དོག་ནས་ཉེ་ལོགས་སུ་མཚོ་གཅིག་ཡོད་པ་ལ་བསྐུར་བས། དེ་ནུབ་ནས་རྒྱལ་པོ་རྒྱུན་དུ་བྱུང་ནས་དགའ་མགུར་སྤྱོད་པས། སྲས་འཁྲུང་རྒྱུ་ཡོད་པར་གྱུར་པ་ན། རྒྱལ་པོ་དེར་མ་བྱིན་པས་ཆད་པ་གཅོད་ཟེར། བརྩོན་འགྲུས་ལོ་རྒྱུས་བཤད་པས། རྒྱལ་པོས་རེ་ཞིག་བརྟག་པར་བྱ་ཟེར་ནས་བུ་མེད་དེ་ཚོལ་དུ་བཏང་བས་རྙེད་ནས་ཕོ་བྲང་དུ་སྦྲེང་པས། རྒྱལ་པོ་བཅོམ་ལྡན་འདས་མའི་སྤྲུལ་པར་ཤེས་ཏེ། ཕྱག་འཚལ་ཞིང་རྗེས་སུ་བཟུང་བར་ཞུས། བསྒྲུབ་ཐབ་དང་གདམས་པ་གནང་བས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ། །མཁས་ཤིང་གྲུབ་པ་མཉེས་པའི་སློབ་དཔོན་གྲུབ་ཆེན་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་གྲགས་ཏེ། ལེའུ་བདུན་མ་ནས་དབང་གི་སློབ་དཔོན་ན་ག་ཛུ་ན་དང་། ཅེས་སོགས་གསུངས་སོ། །དེ་ནས་རིམ་པར་བརྒྱུད་པས་

(༡༣༧)ཌོམྦྷི་ཧེ་རུ་ཀས་བསྟོད་པའི་རྒྱ་གཞུང་དང་། ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེ་མན་ངག་ཆེན་པོ་ལྔ་ཞེས་པའི་རྒྱ་གཞུང་སློབ་དཔོན་ཆེན་པོ་ཞི་བ་མཚོས་མཛད་པ་དང་། ཀྱེའི་རྡོ་རྗེའི་རིམ་པ་བདག་བྱིན་གྱིས་བརླབ་པའི་ཀུ་རུ་ཀུལླེའི་བསྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ་དང་། གསང་བསྒྲུབ་ཌོམྦྷི་ཧེ་རུ་ཀས་མཛད་པ་དང་། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་སོགས་ནས་རྒྱ་གཞུང་མང་དུ་བཞུགས་སོ། །བོད་དུ་དཔལ་ལྡན་ས་སྐྱ་པའི་ཀུ་རུ་ཀུལླེའི་དང་། ཁྲོ་བོ་འདོད་རྒྱལ་དམར་མོ་ཚོགས་བདག་དམར་མོ་གསུམ་ལ་དམར་མོ་རྣམ་གསུམ་ཞེས་གྲགས་ཏེ། འབུལ་སྡུད་ལེན་གསུམ་བྱེད་ནས་ཕྱག་དུ་བཏང་བའི་དམ་བཅའ་ཁས་ལེན་མེད་པར་མི་གནང་བ་ཡིན་པར་གདའ། དེ་ལ་རྗེ་དབང་ཕྱུག་རྡོ་རྗེ་ལ་ཨོ་རྒྱན་ཆེན་པོས། དབང་ཕྱུག་རྡོ་རྗེས་མདོ་སྔགས་བསྟན་པ་བརྩུགས། །ཞེས་ལུང་བསྟན་པ་དང་མཐུན་པར། སྐུ་གཞོག་འོག་མིན་གླིང་དང་། ཐུབ་བསྟན་ཉིན་འབྱེད་གླིང་གཉིས་ཀྱི་ཆོས་སྡེ་མིང་གཉིས་ཕྱག་བྲིས་མཛད་ནས། རྗེ་ཆོས་ཀྱི་དབང་ཕྱུག་ལ་བསྡམ་བཅུག་པས་ཉིན་བྱེད་གླིང་བསྡམ། དེ་ལ་དང་པོ་བཙུག་དུས་གྲྭ་པ་བཅུ་བཞི་ལས་མེད་པ་ལས། གྲལ་གདན་བཅུ་བཞི་བཏིང་ནས་གྲལ་བཅུ་བཞི་འོང་བའི་རྟེན་འབྲེལ་གྱིས་མང་ཇ་དང་དུང་བཏང་དེར་དགེ་འདུན་འདུ་བའི་རྟེན་འབྲེལ་ཀུ་རུ་ཀུལླའི་ཆོ་ག་ཞིག་གསར་དུ་བརྩམ་ནས་བཙུག་པས་ཇེ་ཇེ་འཕེལ། བྱང་ངམ་རིང་དུ་གྲྭ་སྐོར་ལ་བྱོན་དུས་ལྷ་མོ་འདི་ཡི་ཞལ་གཟིགས་ནས་བསྟོད་པ་ཡང་མཛད་དོ། །ལོ་བཅུ་ལྷག་ཙམ་ནས་དགེ་འདུན་བདུན་བརྒྱ་ལྷག་ཙམ་འདུས་པས། ལྔ་བརྒྱ་ཙམ་བསམ་པ་ཡིན་ཏེ་བདུན་བརྒྱ་ལྷག་བྱུང་། །ད་ཆོག་གསུང་ནས་ཆོ་ག་ཡང་བསྣུམས་པས། ཕྱིས་ཀྱང་དེའི་ཚོགས་གཏོར་དེ་དར་བར་གདའོ། །བདག་གི་ཡང་རང་ལོ་ཉི་ཤུ་བདུན་བརྒྱད་ཙམ་དུས་དབང་ལུང་གི་འགྲོ་དོན་ཅི་མེད་སྐབས། བེ་རི་རྒྱལ་པོའི་མི་བཟང་རྣམས་ཀྱིས་བླ་མ་རྣམས་ལ་སྡང་གྲག་པས། དེའི་འཇིག་པ་ཞི་བའི་ཕྱིར་ལྷ་མོ་འདི་ཡི་སྙིང་པོ་ཟླ་བ་གཅིག་ལ་འབུམ་ཕྲག་བརྒྱད་བཟླས་པས། རྨི་ལམ་དུ་གོས་ཆེན་དམར་པོ་བཟང་པོའི་ལྡིང་བ་གཅིག་བཏིང་བའི་སྟེང་དུ་བསྡད་པ་རྨིས་ཏེ། །མི་བཟང་རྣམས་ཀྱང་བྱམས་པར་བྱུང་། །དེ་ཕྱིར་རང་གིས་དབང་

(༡༣༨)ལུང་ཕྲན་བུ་གང་ཡོད་རྣམས་མཆོག་དམན་བར་མ་རྣམས་ལ་ཆེར་འཕེལ་བའི་རྟེན་འབྲེལ་བྱུང་བས་ཟབ་པའི་ངེས་ཤེས་ཐོབ་བོ། །རྗེས་ནས་ཞག་བདུན་ཕྲག་གཅིག་བསྙན་པའི་ཁ་གསོས་དུས་དངོས་སམ་ཉམ་སྣང་མི་འབྱེད་པ་གཅིག་ལ་འོད་དམོར་སྡེར་མ་ཙམ་ཞིག་མདུན་གྱི་བར་སྣང་ལ་ལིང་ལིང་འཕར་བ་སོགས་ལྟས་བཟང་པོ་ཐོན་ཙམ་བྱུང་ངོ་། །དེ་དག་གསང་དགོས་མོད་ཀྱིས། རང་གིས་རྗེས་འབྲང་རྣམས་ལ་ངེས་ཤེས་བསྐྱེད་ཅིང་ཉམ་ལེན་སྤྲོ་བར་སེལ་ལོ། །འདི་ཡི་ཕན་ཡོན་ནི། ཀུ་རུ་ཀུལླེའི་རྟོག་པ་ལས། གསང་སྔགས་ལྡན་པར་བཅོམ་ལྡན་འདས་མ་གང་ཞིག་སྒོམས་བྱེད་པ། །དེ་ནི་སྣ་ཚོགས་གཏེར་དང་གསེར་དང་དངུལ་དང་རྣ་ཆ་དང་། །གསོལ་ལ་སོགས་པའི་དོན་རྣམས་ཆད་དུ་གང་བརྩམ་པ། །སེམས་ཀྱི་ཐམས་ཅད་མ་ལུས་ཀུན་ལ་ལོངས་སྤྱོད་བྱེད། །ནགས་ཀྱི་ཀློང་རྟ་མཆོག་ནག་དང་ལྡན་པ་དང་། །དུག་བཅས་གདེང་ཀ་ཅན་གྱིས་སྦྲུལ་མཆོག་དང་། །ཆུ་སྲིན་ཆུ་གླང་སྟག་དག་བསེ་དག་ཀྱང་། །རང་གིས་སྔགས་ཀྱི་སྟོབས་ཀྱི་བཀུག་ནས་ནི། །ཞོན་ཡང་ངོར་མེད་པར་བྱས་པའི་མིག་དག་གིས། །ལྟ་བར་གལ་ལྟེ་གསང་སྔགས་གྲུབ་དེའི་མཐོང་བར་འགྱུར། །བདུད་རྣམས་བཅོམ་ལྡན་འདས་ནས་ནོར་གྱི་ཆར་རྒྱུན་འབེབ་པར་བྱེད། །དཔག་བསམ་ཤིང་དུ་གྱུར་ནས་འགྲོ་བ་ཀུན་གྱི་ཅི་འདོད་སྦྱིན་པར་བྱེད། །ནོར་གྱི་དབང་ཕྱུག་མ་ལུས་ཀུན་གྱིས་ནོར་རྣམས་ཀུན་བཀུགས་ནས། །སེམས་ཅན་ཀུན་ལ་ཕན་ཕྱིར་སྦྱིན་པར་བྱེད། །ཅེས་དང་། །གསང་སྔགས་འདི་དང་རྟོག་པ་འདི་ཙན་དན་གྱི་དཀྱིལ་འཁོར་བྱས་ནས་ཀློག་པར་བྱེད་པ། དེའི་ལུས་ལ་དུག་གི་གནོད་པ་མི་འབྱུང་། དུག་གིས་འཆི་བ་མི་འབྱུང་། ཤུ་བའི་འཇིག་པ་མི་འབྱུང་། གཡོན་པའི་འཇིག་པ་མི་འབྱུང་། མཛེ་ནད་ཀྱི་འཇིག་པ་མི་འབྱུང་། ནད་ཀྱི་འཇིག་པ་མི་འབྱུང་། ཀླུའི་འཇིག་པ་མི་འབྱུང་། སྦྲུལ་གྱི་འཇིག་པ་མི་འབྱུང་། སྟག་དང་ཅན་ཟན་གྱི་འཇིག་མཚོན་གྱི་འཇིག་པ་མི་འབྱུང་། དགྲའི་འཇིག་པ་མི་འབྱུང་། དབུལ་བའི་འཇིག་པ་མི་འབྱུང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་བར་འགྱུར་བའོ། །ཞེས་དང་། དཔའ་བོ་གཅིག་གྲུབ་སོགས་རྒྱུད་གཞན་ལས། ཨོཾ་ཀུ་རུ་ཀུལླེ་ཧྲི༔སྭཱ་ཧཱ། རྗེ་བཙུན་སྒྲོལ་མའི་སྙིང་པོ་ནུས་པ་ཐོགས་པ་མེད་པ་ས་གསུམ་དབང་དུ་བྱེད་པ་ཞེས་གསུངས་དང་།

(༡༣༩)དཔལ་སམྦུ་ཊི་ལས། ཧྲི༔ ལས་བྱུང་བའི་ལྷ་མོ་ནི། །སྒྲོལ་མ་འཁོར་བ་ལས་སྒྲོལ་བ། །དེ་ལྟར་བསྒོམ་པ་ཙམ་གྱིས་ནི། །སྒྲུབ་པོ་སངས་རྒྱས་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པས་ཕན་ཡོན་དང་བྱིན་རླབས་བསམ་ལས་འདས་ནའང་། སྒྲོལ་མ་དམར་མོའི་དབང་གི་གདམས་ངག་དམ་པ་འདི་རྣམས་ལ་ས་སྐྱ་པ་ཆེན་པོ་ཤིན་ཏུ་དམ་པར་མཛད་པས་སྣོད་ལྡན་ཚིགས་རྒྱུད་མ་གཏོག་གསང་བ་གལ་ཆེ། ཅེས་དང་། །ས་སྐྱ་པ་ཆེན་པོ་འདི་ཡིས་བསྒྲུབ་པ་མཛད་པས་རྒྱལ་པོ་རྒྱལ་སྲིད་དང་བཅས་པ་དང་། བོད་ཁམས་ཐམས་ཅད་དབང་དུ་འདུས་པ་ཡིན་པས། འདི་ནི་དབང་དུ་བསྡུ་བའི་མན་ངག་རྣམས་ཀྱི་ནང་ནས་ཀྱང་། ཤིན་ཏུ་ཟབ་རྒྱ་ཆེ་ཞིང་མན་ངག་གི་དམ་པ་ཡིན་ནོ། །ཞེས་གསུངས་པ་དང་། འདི་ལ་ཤིན་ཏུ་དམ་པར་མཛད་ནས་རེ་རེ་ཙམ་ལས་སྤེལ་བའི་སྲོལ་མེད་གསུངས་པ་དང་། །མི་ལ་མི་བཤད་པ་དང་བསྙེན་པ་གྲང་ངེས་པ་གནད་ཡིན་གསུངས་པ་དང་། ཀུ་རུ་ཀུལླེའི་རྟོག་པ་ལས། །གལ་ཏེ་ཚངས་སྤྱོད་ཡིན་ན་ཡང་། ལྷ་མཆོག་སྐྱེས་པའི་བུ་མོ་སྤྱོད། །ཅེས་དང་། ཌོམྦྷི་ཧེ་རུ་ཀས་ལྷ་འདི་ལ་བསྟོད་པ་ལས། བདུད་ནགས་ཕྱག་བཞི་མ་ལ་ཕྱག་འཚལ་ལོ། །ཞེས་ལྷ་མོ་ལ་བདུད་འདུལ་གསུངས་པ་དང་། རྗེ་ཆོས་ཀྱི་དབང་ཕྱུག་གི་ད་ཆོག་གསུངས་ནས་ཆོ་ག་བསྣུབ་པ་རྣམས་ཀྱི་དགོང་པ་གང་ཞེ་ན། འདི་ནི་སེམས་ཅན་ཐམས་ཅད་དབང་དུ་སྡུད་པ་འདོད་ཆགས་ཀྱི་ལྷ་ཡིན་པར་འདུག་སྟེ། འདོད་ཆགས་ནི་བདུད་ཡིན་པས་བདུད་ནག་གསུངས་ལ། འདི་ཧ་ཅང་སྒྲུབ་གྲགས་ན་ནི། དགེ་འདུན་གྱི་སྡེ་ཆེན་པོ་འདུས་ནའང་། དེ་ཐམས་ཅད་ཧ་ཅང་གཟུགས་མཛེས་པ་ལ་ཆགས་པ་དང་སྲེད་པ་ཆེ་བའི་རྟེན་འབྲེལ་དུ་འགྱུར་བར་དགོང་ནས་ཆོ་ག་བསྡུས་པར་གདའོ། །དབྱངས་ཅན་མ་ལྟར་བུད་མེད་ལ་འདོད་པ་སྐྱེ་ཟེར་བ་ནི་མ་ཡིན་ཏེ། །ལྷ་མཆོག་སྐྱེས་པའི་བུ་མོ་ནི། །མི་ཡི་བུ་མེད་མ་ཡིན་ནོ། །འོན་ཀྱང་བགས་ཀྱི་སེམས་ཅན་ཆགས་ཆེ་བར་འགྱུར་བའི་དོན་ཡིན་པར་སྣང་ངོ་། །དེས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ནུས་པའི་དགེ་བའི་བཤེས་གཉེན་དང་། བསྟན་པའི་དོན་རྩེ་གཅིག་ཏུ་སེམས་པ་ལས་ནི་གདམས་ངག་འདི་སྤེལ་རུང་གིས། བསྟན་པའི་དོན་བྱེད་ནུས་པའི་ཡོན་ཏན་མེད་པའམ་ཡོད་ཀྱང་བསྟན་པའི་དོན་

(༡༤༠)མི་སེམས་པ་ལ་སྤེལ་ན། །རང་ཡང་དམ་ཚིག་ཉམས་ཤིང་། ཕ་རོལ་པོ་དེ་ཡང་སེམས་འདོད་ཆགས་རབ་ཏུ་འབར་བའི་རྒྱུར་འགྱུར་བས་མི་སྤེལ། བསྟན་དོན་མི་སེམས་ན་ཧ་ཅང་བསྒྲུབ་པ་སོགས་ཀྱང་མི་ལེགས་སོ། །འོན་ཀྱང་འདིའི་དབང་ཐོབ་ན་ནི་ཕན་ཡོན་བསམ་ལས་འདས་ཏེ། །ཀུ་རུ་ཀུལླེའི་རྟོག་པ་ཉིད་ལས། གང་གིས་རྡུལ་ཚོན་མཐོང་ཙམ་གྱིས། །སངས་རྒྱས་མྱུར་དུ་འཐོབ་པར་བྱེད། །ཅེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་ཙནྡ་དམར་པོའི་མཎྜལ་རིན་པོ་ཆེ་སྣ་ཚོགས་ཚོམ་བུ་བཀོད་དེ་ཕུལ་བའི་མོས་པས་མཎྜལ་ཕུལ། ཅེས། །དགེ་སློང་ར་ག་ཨ་སྱས་ཤུག་འཆང་རྟ་ལོ་རྒྱལ་ཟླ་བའི་ཡར་ཚེས་བརྒྱད་སྔོན་མ་ལ་སྦྱར་བ། མངྒ་ལཾ། ཞ། ༈ རི་ཆོས་འཚམས་ཀྱི་ཞལ་གདམས་ཅིག་རྒྱུད་ལས་དཔལ་ལྡན་བླ་མ་དམ་པ་གར་དབང་རྡོ་རྗེ་འཆང་ཆེན་པོའི་རྗེས་འབྲང་དགེ་འདུན་འདུ་བའི་ཆོ་ག་འཕགས་ཚོགས་རྒྱ་མཚོའི་དབྱར་གྱི་ཆུ་བོ་ཞེས་བྱ་བ་བཞུགས་སོ། ༈ ན་མོ་པདྨ་དྷ་ར་ཡེ། གར་དབང་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། དྷརྨེ་ཤྭ་རིའི་ཞབས་ལ་ཕྱག་འཚལ་ནས། དགེ་འདུན་འདུ་བའི་ཆོ་ག་རྒྱུན་ཁྱེར་ནི། ཉུང་ངུའི་ཚིག་ལ་ཟབ་ཅིང་རྒྱ་ཆེ་བྲི། ཆོས་བདག་སྲུང་མས་བཀའ་གནོང་བྱིན་གྱིས་རློབས། །དབེན་པའི་གནས་སུ་ཡར་ངོའི་ཚེས་བརྒྱད་ལ། །མགོ་བརྩམས་རྒྱས་པར་ས་སྟེག་སྤྱི་ལྟར་ལས། །བ་བྱུང་དྲི་ཟ་གླ་རྩི་གུར་གུམ་དང་། །ཛ་ཏི་ཆང་དང་བདུད་རྩི་ཙནྡན་དམར། །གཡོན་བསྐོར་བྱུག་སྟེ་རབ་ཀྱི་རྡུལ་ཚོན་བྲི། །ནང་དུ་པདྨ་འདབ་བརྒྱད་དེའི་ཕྱིར། །འདབ་མ་བཅུ་པོ་ཐམས་ཅད་དམར་པོའོ། །དེ་རྒྱབ་ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་བྲི། །དེ་རྒྱབ་རྒྱས་པར་གྲུ་བཞི་སྒོ་བཞི་སྟེ། །དུར་ཁྲོད་བརྒྱད་ཀྱི་བསྐོར་བ་སྤྱི་ལྟར་རོ། །བསྡུ་ན་ཆོས་འབྱུང་རྒྱབ་ཏུ་ཐོད་ར་དང་། །རྡོ་རྗེ་མེ་རིའི་བསྐོར་བ་བྲི་བར་བྱ། །ཡང་ན་རས་བྲིས་ཤོག་གུར་བྲི་ཡང་རུང་། །ཐ་མ་གཞི་ནི་དམར་པོའི་སྟེང་དུ་ནི། །མེ་ཏོག་དམར་རམ་འབྲུ་ལ་མཚོན་བྱུག་པ། །ཚོམ་བུ་ལྷ་གྲང་བཀོད་པས་འཐུས་པ་ཡིན། །དབུས་སུ་ཟང་བུམ་རབ་ཡིན་མ་རྙེད་ན། །བུམ་པ་གང་རུང་རྫས་ལྡན་ཁ་རྒྱན་དང་། །མགུལ་

(༡༤༡)ཆིང་དམར་པོ་འབྲས་བུ་མེ་ཏོག་སོགས། །དམར་པོ་ཤིང་གི་ཁ་རྒྱན་བྱ་བ་སྟེ། །ཙནྡན་དམར་པོ་གུར་གུམ་ཨ་མྲྀ་ཏ། །དྲི་བཟང་ཆུ་ཡི་སུམ་གཉིས་བཀང་བར་བྱ། །དེ་སྟེང་མེ་ལོང་ཆང་གི་བརླན་པ་ལ། །སིན་དྷུ་ར་བྱུག་ཆོས་འབྱུང་སྟེ་བ་ལ། །པདྨ་འདབ་བརྒྱད་དབུས་སུ་ཡི་གེ་ཧྲི༔ །འདབ་མ་བརྒྱད་ལ་ཨ་ལི་གཡོན་བསྐོར་དང་། །ཆོས་འབྱུང་གྲུ་གསུམ་ཨོཾ་ཨ་ཧཱུྃ་བྲི་ཏེ། །སྔགས་མགོ་རང་བསྟན་དར་དམར་ཞལ་ཁེབ་བྱ། །དེ་མདུན་གཡོན་ངོས་ནང་མཆོད་བདུད་རྩི་བཏབ། །གཡས་ངོས་གཏོར་མ་ཟུར་གཉིས་འབྲི་མགོ་བྱུག །ཤ་མར་བརྒྱན་ཅིང་དར་དམར་གདུག་ཆུང་ཕུབ། །དེ་མཐར་མཆོད་པ་རྣམས་ལྔ་བསྐོར་བཤམས་དང་། །ཚོགས་འཁོར་དང་བཅས་བཤམས་པ་བསྒྲུབ་དུས་སོ། །རྒྱུན་ཁྱེར་མཁའ་འགྲོ་གཏོར་མར་བསྔོས་ཆོག་ཅིང་། །མདུན་བསྐྱེད་དེ་ཡི་རྩེ་ལ་བསྒོམ་པར་རུང་། །བདག་འཇུག་ལན་ན་བུམ་པ་དབང་རྫས་བཤེས། །ཁྲུས་བྱས་གདན་དམར་སྟེང་དུ་ཕྱེད་དཀྱིལ་བསྡད། །ནུབ་ཏུ་ཁ་གྱུ་གོས་རྒྱན་དམར་པོ་དང་། །ཙནྡན་དམར་པོ་ལ་སོགས་ཕྲེང་བ་བྱས། །དཔྲལ་བར་སིན་དྷུ་ར་འམ་རྒྱ་སྐྱོག་གིས། །ཐིག་ལེ་བྱ་བ་སྒྲུབ་པའི་སྟ་གོན་ནོ། །དེ་ནས་ཚིག་བཅད་གྱེར་བསྒོམ་སྦྲག་པ་སྟེ། །དྲིལ་ཡིན་གྱི་རྔ་བརྡུང་འགལ་བ་མེད། ༈ ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ། སྟོང་པའི་ངང་ལས་ཡཾ་རཾ་ཨོཾ་ཨཱ་ཧཱུྃ། ཞུ་བ་ལས་བྱུང་རླུང་མེ་ཐོད་གྱེད་སྟེང་། །ཨ་ཡིག་ལས་བྱུང་མཚན་ལྡན་ཀཱ་པཱ་ལར། གོ་ཀུ་ད་ཧ་ན་ལས་ཤ་ཆེན་ལྔ། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། དེ་སྟེང་བུམ་ཨོཾ་ཛི༚་ཁཾ་ཧཱུྃ་ཡིག་རྣམས། །སངས་རྒྱས་ལྔའི་ངོ་བོར་གྱུར་པའི་སྟེང་། །ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གི་མཚན། །དེ་ལས་འོད་འཕྲོས་རླུང་གཡོས་མེ་སྦར་བས། །ཐོད་པའི་རྫས་ཞུ་སྟེང་དུ་རྡོ་རྗེ་ལྟུང་། །ལན་གསུམ་དཀྲུག་ནས་རྡོ་རྗེ་ཞུ་ནས་ཐིམ། །དྲི་མེད་ཤེལ་ལྟར་དྭངས་པའི་བདུད་རྩིར་གྱུར། །ལག་པ་གཡས་གཡོན་གཉིས་ཀས་བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཞིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲི༔ ལན་གསུམ། བྷྲུཾ་ལས་རིན་ཆེན་སྣོད་དུ་ཨོཾ་ཡིག་ལས། །གཏོར་མ་འདོད་པའི་ཡོན་ཏན་ཕུན་ཚོགས་པ། །ཨོཾ་ཨཱཿཧཱུྃ་གི་ཟག་མེད་

(༡༤༢)བདེ་བསྐྱེད་གྱུར། ས་ཕྱོགས་འདིར་གནས་ས་བདག་ཡུལ་བདག་དང་། གནས་བདག་བགེགས་དང་འབྱུང་པོ་ཀུན་ལ་སྦྱིན། །སོ་སོར་ཚིམ་ནས་དགའ་མགུར་ཡིད་རང་མཛོད། །བདག་གི་གནས་འདིར་བྱང་ཆུབ་བསྒྲུབ་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །དཀར་ཕྱོགས་རྣམས་ཀྱི་བདག་གི་གདོང་གྲོགས་མཛོད། །ནགས་ཕྱོགས་རྣམས་ནི་མ་འཚེ་གཞན་དུ་དེངས། །གལ་ཏེ་བསྒོ་བའི་བཀའ་ལ་མི་ཉན་ན། །རབ་འབར་ཡེ་ཤེས་རྡོ་རྗེས་མགོ་འགེམ་འགྱུར། །དེ་ཕྱིར་དོན་ཆུང་ཉེན་ཆེ་མ་བསྡོ་བར། །རང་ལུས་བསྲུང་ཞིང་བག་ཡོད་བྱ་བར་རིག །ཨོཾ་སརྦ་བྷུ་ཏ་བིགྷ་ནན་བ་ལིང་ཁ་ཧི་ཁ་ཧི་ཨུ་ཙྪ་ཏ་ཡ་ཕཊ། །ཅེས་ཕྱིར་དོར་རོ། །ཨཱ་སྟོང་པའི་ངང་ལས་འོག་གཞི་རྡོ་རྗེའི་ས། །རབ་ཏུ་སྲ་འཁྲེད་དུམ་བུ་ཅིག་གྱུར་པའི། །ལོག་ཀུན་རྡོ་རྗེའི་ར་བ་ཟླུམ་པོའི་སྟེང་། །རྡོ་རྗེ་མདའ་ཡི་དྲ་བ་ཕུབ་པའི་འོག །རྡོ་རྗེའི་བླ་བྲེ་བྲེས་ཤིང་ཕྱི་རོལ་ཀུན། །ཡེ་ཤེས་མེ་དཔུང་ཁ་དོག་ལྔ་ལྡན་གྱུར། །བསྐལ་པ་འཇིག་པའི་མེ་བཞིན་རབ་ཏུ་འབར། །ཕྱོགས་འཚམས་སྟེང་འོག་བར་མེད་དུམ་བུ་གཅིག །ཨོཾ་བཛྲ་རཀྴ་རཀྴ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧ། །ཨ་རིན་ཆེན་སྣ་ཚོགས་ལས་གྲུབ་ཐོད་པའི་སྣོད། །དེ་ནང་ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་ཡི། །ཕྱི་ནང་གསང་བའི་མཆོད་རྫས་དཔག་མེད་པ། །སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་བཞིན། །སངས་རྒྱས་ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་འཕྲོ། །དུས་ཀུན་རྒྱུན་མི་འཆད་པ་ནམ་མཁའི་མཛོད། །འཕགས་པ་ཀུན་གྱི་སྤྱན་སྔར་འབྱུང་བར་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། སྐྱབས་འགྲོ་སེམས་བསྐྱེད་ནི། དུས་འདི་ནས་བཟུང་བླ་མེད་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །འཕགས་པ་སྒྲོལ་མའི་ཚོགས་ལ་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་རྒྱལ་བའི་ཐུགས་བསྐྱེད་ལྟར། །བདག་གི་བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །སྙིང་རྗེ་ཆེན་པོའི་འགྲོ་ཀུན་དབང་བསྡུས་ནས། །བླ་མེད་བྱང་ཆུབ་ལམ་ལ་འགོད་པའི་ཕྱིར། །དབང་གི་ལྷ་མོ་བདག་གི་བསྒྲུབ་པར་བྱ། །རང་ཉིད་སྐད་ཅིག་རིག་བྱེད་མར་གསལ་བའི། །ཐུག་ཀའི་ཟླ་སྟེང་ཧྲི་ལས་འོད་འཕྲོས་པས། །འོག་མིན་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་ནས། །ཀུ་རུ་ཀུལླེའི་ལྷ་ཚོགས་བཅོ་ལྔ་ལ། །སངས་རྒྱས་བྱང་སེམས་དཔག་མེད་བསྐོར་བ་དང་། །སྟེང་དུ་བླ་མ་འོད་དཔག་མེད་མགོན་བཅས། །

(༡༤༣)ནམ་མཁར་སྤྱན་དྲངས་བཛྲ་ས་མ་ཡ་ཛཿ སྒོ་གསུམ་དད་པས་ཕྱག་འཚལ་ན་མོ་ཧཱུྃ། །ཐོག་མེད་དུས་ནས་བསགས་པའི་སྡིག་ཀུན་བཤགས། །འཕགས་རྣམས་ཚོགས་གཉིས་བསགས་ལ་རྗེ་ཡིད་རང་། །དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །དཀོན་མཆོག་གསུམ་ལ་རྟག་ཏུ་སྐྱབས་སུ་མཆི། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ། །སངས་རྒྱས་རིག་ལྔའི་ཕྱི་ནང་གསང་བ་ཡི། །སྡོམ་པ་དམ་ཚིག་རྣམས་ཀྱང་བདག་གི་བཟུང་། །འཁོར་བའི་སེམས་ཅན་ཐར་པའི་ལམ་ལ་བཀོད། །ཉན་རང་རྣམས་ཀྱང་ཐེག་ཆེན་ས་ལ་བཞག །ཀུན་ཀྱང་རྫོགས་བྱང་ཉིད་ལ་འགོད་པར་བགྱི། །ཚོགས་ཞིང་ལྷ་ཚོགས་རང་གི་སྙིང་ཀར་ཐིམ། །སེམས་ཅན་ཐམས་ཅད་བདེ་བའི་རྒྱུ་འབྲས་ལྡན། །སྡུག་བསྔལ་རྒྱུ་འབྲས་ཀུན་དང་བྲལ་གྱུར་ཅིག །དུས་རྣམས་ཀུན་ཏུ་བདེ་བ་ཚད་མེད་པ། །དེ་ལ་ཕྱོགས་རིས་མེད་པར་བདག་སེམས་སྙོམས། །བདག་བསྐྱེད་ནི། །ཨོཾ་ཤུ་ནྱཱ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཆོས་རྣམས་ཡེ་ནས་བརྗོད་བྲལ་སྟོང་པ་ཉིད། །ཨེ་ལས་ཆོས་འབྱུང་དཀར་པོ་ཆོས་དབྱིངས་ཁྱབ། །དེ་ནང་འབྱུང་བ་རིམ་བརྩེགས་རི་རབ་སྟེང་། །སྣ་ཚོགས་པདྨ་འབུམ་ལྡན་ཉི་མའི་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ཡིག་ལས། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །ནང་ནས་རིམ་བཞི་དམར་ལྗང་སྔོན་པོ་དང་། །སེར་པོ་དཀར་པོ་བརྩེགས་པ་རིམ་པ་ལྔ། །དེ་སྟེང་གསེར་གྱི་ཕ་གུའི་འཕྲ་མཛེས་པ། །རིན་ཆེན་བྲེ་ཕུལ་གསེར་གྱི་ཀ་རག་བཞི། །ཆུ་སྲིན་ཁ་ནས་དྭྲ་བ་དྭྲ་ཕྱེད་དང་། །མདའ་ཡབ་མེ་ཏོག་ཕྲེང་བ་མེ་ལོང་དང་། །ཟླ་བ་རླུང་གིས་སྐྱོད་པ་རྣམ་པར་མཛེས། །བྱ་འདབ་ལས་འཕྱང་རིན་ཆེན་ཤར་བུ་དང་། །སྟེང་དུ་མདའ་ཡབ་པདྨ་ཕྱེ་བའི་དབྱིབས། །དེ་དག་བར་དུ་རྒྱལ་མཚན་བ་དན་དང་། །རྔ་ཡབ་གདུག་དང་དར་དཔྱང་རྒྱན་གྱི་སྤྲས། །ཕྱི་ཡི་སྣམ་བུར་མཆོད་པའི་ལྷ་མོས་བསྐོར། །སྟེང་གི་ཕྱུར་བུར་རིན་ཆེན་རྟོག་གིས་བརྒྱན། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་འཁྱམ་དང་ཟུང་། །ཟླ་ཕྱེད་ལ་གནས་རྡོ་རྗེ་ནོར་བུས་མཚན། །སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞིའི་སྟེང་། །རྟ་བབས་སྣམ་བུ་བཅུ་གཅིག་རྩེ་མོ་ལ། །པདྨ་ལ་གནས་ཆོས་འཁོར་

(༡༤༤)རི་དྭགས་བཅས། །ཕྱི་ཡི་ས་གཞི་རིན་ཆེན་འདོད་ཡོན་གང་། །པད་འདབས་རྡོ་ར་ཡེ་ཤེས་མེ་རིས་བསྐོར། །ཡེ་ཤེས་དཀྱིལ་འཁོར་ཆེན་པོ་དེ་ཡི་རྒྱབ། །ཕྱོགས་འཚམས་འཇིག་རྟེན་རབ་འཇིགས་དུར་ཁྲོད་བརྒྱད། །རི་བརྒྱད་མཚོ་བརྒྱད་ཤིང་བརྒྱད་མཆོད་རྟེན་བརྒྱད། །མེ་བརྒྱད་སྤྲིན་བརྒྱད་ཀླུ་བརྒྱད་ཞིང་སྐྱོང་བརྒྱད། །རྣལ་འབྱོར་བརྒྱད་དང་ཕྱོགས་སྐྱོང་ཆེན་པོ་བརྒྱད། །རོ་དང་ཀེང་རུས་ཤ་ཟ་འབྱུང་པོས་གང་། །དེ་རུ་ཚོགས་ཀུན་ལོག་པར་མི་ལྟུང་བའི། །རང་འབྱུང་ཧེ་རུ་ཀའི་གནས་མཆོག་གོ། །ཕོ་བྲང་ནང་གི་ས་གཞི་ཤར་ཕྱོགས་དཀར། །ལྷོ་སེར་ནུབ་སྔོ་བྱང་ལྗང་དབུས་དམར་བའི། །དབུས་དང་ཕྱོགས་བཞི་འཚམས་བརྒྱད་སྟེང་འོག་གསུམ། །པདྨ་དམར་དང་རོ་སྟེང་ཟླ་བའི་སྟེང་། །དབུས་དམར་ཧྲི་ཡིག་དམར་པོའི་འཕྲོ་འདུ་ལས། །སྐད་ཅིག་བཅོམ་ལྡན་འདས་མ་རིག་བྱེད་མ། །པདྨ་རཱ་གའི་མདོག་ཅན་གཟི་འོད་འབར། །ཞལ་གཅིག་ཕྱག་བཞི་དང་པོའི་ཨུཏྤལ་གྱིས། །མདེལ་ཅན་མདའ་དང་ཨུཏྤལ་དམར་པོ་ཡི། །བཞུ་གཉིས་འགེང་བ་སྙན་གྱི་གོང་དུ་བཀང་། །གཡས་འོག་ལྕགས་ཀྱུ་དམར་པོ་གཡོན་འོག་ཏུ། །ཨུཏྤལ་དམར་པོའི་ཞག་པ་འདེབ་པའི་ཚུལ། །དབུ་སྐྲ་དམར་སེར་གྱེན་བརྫེས་ཐོད་སྐམ་བརྒྱན། །སྤྱན་གསུམ་དམར་ཟླུམ་གཡོན་དུ་ཡོ་བར་གཟིགས། །ཞལ་གདངས་མཆེ་གཙིག་ལྗགས་འདྲིལ་ཁྲོ་མོའི་སྐུ། །ཐོད་རློན་དོ་ཤལ་ཕྱག་རྒྱ་ལྔའི་བརྒྱན། །རིན་ཆེན་དར་སྤྱང་སྟག་གི་ཤམ་ཐབ་ཅན། །དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་པད་ཉི་དང་། །དབང་ཕྱུག་ཨུ་མ་སྒྲ་ཅན་སྙིང་ཀར་མནན། །ཡེ་ཤེས་རང་འོད་འཁྲུག་པའི་ཀློང་ན་འགྱིང་། །དེ་ཡི་ཕྱོགས་བཞིར་ཤར་དུ་རྡོ་རྗེ་མ། །ལྷོ་རུ་གསང་བའི་འོག་རི་ནུབ་ཏུ་ནི། །མཆུ་མ་བྱང་དུ་རྡོ་རྗེ་མཁའ་འགྲོ་མ། །འཚམས་བཞིར་བུམ་པའི་སྟེང་དུ་ཐོད་པ་བཞི། །དེ་རྒྱབ་ཕྱོགས་བཅུར་ཤར་དུ་གོའུ་རི་མ། །ལྷོ་རུ་ཙེའུ་རི་ནུབ་དུ་བཻ་ཏ་ལི། །བྱང་དུ་གྷསྨ་རི་དང་དབང་ལྡན་དུ། །པུ་ཀ་སི་དང་ཤར་ལྷོར་ཤ་བ་རི། །ལྷོ་ནུབ་ཙནྡ་ལི་དང་ནུབ་བྱང་དུ། །ཌོམྦྷ་ནི་དང་སྟེང་དུ་མཁའ་སྤྱོད་མ། །འོག་ཏུ་ས་སྤྱོད་མ་རྣམས་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་ཨུཏྤལ་མདའ་བཞུ་འགེངས། །བསྐྱང་སྐུམས་གར་སོགས་ཆ་ལུགས་གཙོ་མོ་འདྲ། །

(༡༤༥)ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །གཙོ་མོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧྲཱིཿ འཁོར་ཀུན་ཐུགས་ཀར་མིང་ཡིག་དང་པོ་ལ། ཐིག་ལེས་བརྒྱན་པ་རྣམས་ལས་འོད་ཟེར་འཕྲོས། །འོག་མིན་གནས་ནས་རང་འདྲའི་ཡེ་ཤེས་པ། །ནམ་མཁར་སྤྲེང་བཛྲ་ས་མ་ཛ༔ །རང་གི་ཐུགས་ལས་སྤྲུལ་པའི་མཆོད་པ་ནི། །རྒྱ་མཚོ་མངོན་པར་མཆོད་དོ་པུ་ཛ་ཧོ། །ཛ་ཧཱུྃ་བཾ་ཧོ་དམ་ཡེ་དབྱེར་མེད་འདྲེས། །སླར་ཡང་དབང་ལྷ་རིགས་ལྔ་འཁོར་དང་བཅས། །ནམ་མཁར་སྤྱན་དྲངས་སྣ་ཚོགས་མཆོད་པས་མཆོད། །བདག་ལ་ཡེ་ཤེས་ལྔའི་དབང་སྐུར་སྩོལ། །གསོལ་བཏབ་མོད་ལ་རིགས་ལྔས་བྱིན་གྱིས་རློབས། །ཡུམ་ལྔས་བདུད་རྩི་བུམ་པས་དབང་བཀུར་བས། །དྲི་མ་ཀུན་དག་བདུད་རྩིས་སྐུ་ལུས་གང་། །ཆུ་ལྷགས་ཡར་བྱུང་གཙོ་མོར་འོད་དཔག་མེད། །འཁོར་རྣམས་ཀུན་ལ་གཙོ་མོའི་དབུ་བརྒྱན་འགྱུར། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བའི་ཉེར་སྤྱོད་འདོད་ཡོན་ལྔ། །སྣ་ཚོགས་མཆོད་པས་བདག་བསྐྱེད་ལྷ་རྣམས་མཆོད། །ཀུ་རུ་ཀུ་ལེ་སརྦ་པུ་ཛ་ཧོ། །རྡོར་ཕྲེང་ནས་བསྟོད་པ་ནི། ༈ །བརྩེ་བས་རྗེས་ཆགས་པདྨ་ར་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་བཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལྟོད། །ནང་མཆོད་ཐེབ་སྲིན་གྱི་གཏོར་ཞིང་། །རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་གདན་པ་པདྨ་རཀྴི་ཏ། །པཀྵི་དེ་བ་པཎ་ཆེན་ཤཱཀྱ་ཤྲི། །ས་ཆེན་བྷུ་མི་ཤྲི་ལ་དང་བི་མ་ཤྲི། །རིན་ཆེན་པཎ་ཆེན་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཟངས་དཀར་ལོཙྪ་སྐྱི་སྟོད་འཇམ་དབྱངས་གྲགས། །ཀུན་མཁྱེན་དོལ་བུ་མ་ཏི་པཎྜི་ཏ། །གཞོན་ནུ་བློ་གྲོས་ངོར་ཆེན་རྡོ་རྗེ་འཆང་། །གུ་ཎ་ཤྲི་དང་དཔལ་འབྱོར་དོན་གྲུབ་པ། །སྤྱན་སྔ་ཆོས་གྲགས་རིན་ཆེན་ཕུན་ཚོགས་པ། །ཆོས་རྒྱལ་ཕུན་ཚོགས་དཀོན་མཆོག་རཏྣ་དང་། །དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོ་ལ་སོགས་པའི། །མཁས་གྲུབ་ཆེན་པོ་ར་ག་ཨ་སྱ་དང་། །སློབ་དཔོན་པྲ་བླ་ཨ་ནན་ཏ་པ་ག་ར། གྲུབ་ཆེན་མཉེན་པའི་སྤྲུལ་སྐུ་ལ་སོགས་པའི། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཡི་དམ་བཅོམ་ལྡན་འདས་མ་རིག་བྱེད་མ། །རྡོ་རྗེ་མ་སོགས་ལྷ་མོ་བཅུ་བཞིས་

(༡༤༦)བསྐོར། །རྒྱུད་ཀྱི་བསྲུང་མ་མགོན་པོ་གྲི་ཐོད་ཅན། །ལྷ་མོ་བཀའ་སྡོད་གནོད་སྦྱིན་མོ་ལ་སོགས། །ཡིད་དམ་ཆོས་སྐྱོང་ཞལ་དུ་ཨོཾ་ཨཱཿཧཱུྃ། །བདུད་རྩིས་མཉེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཀུ་རུ་ཀུལླེའི་ཀཱ་ཡ་ཝཀ་ཙིཏྟ་སདྡྷི་ཧཱུྃ། །ཞེས་བདུད་རྩི་ལྕེ་ལ་བཞག་གོ། །རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཉི་སྟེང་ཧྲི་ཡིག་དམར་པོའི་མཐར། །སྔགས་འཕྲེང་གཡས་སུ་བསྐོར་ནས་གཡོན་དུ་འཁོར། །པདྨ་རཱ་གའི་ཕྲེང་བ་འཁོར་བ་བཞིན། །དེ་ལས་འོད་ཟེར་དམར་པོ་གློག་ལྟ་བུ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཁྱབ་པར་འཕྲོས། །སངས་རྒྱས་བྱང་སེམས་ཀུན་གྱི་བྱིན་རླབས་དང་། །ལྷ་མི་འགྲོ་བ་ཀུན་གྱི་ཚེ་བསོད་ནམས། །འཇིག་རྟེན་ཁམས་གྱིས་རྩི་སྨན་རིན་ཆེན་ཚོག །ཉི་ཟླ་ནོར་བུའི་བཅུད་རྣམས་ཐམས་ཅད་བསྡུས། །བདག་ལ་ཐིམ་པས་བསོད་ནམས་གཟི་བརྗིད་སྟོབས། །ཡར་ངོའི་ཟླ་བཞིན་འཕེལ་ཞིང་རྒྱས་པར་གྱུར། །ཨོཾ་ཀུ་རུ་ཀུལླེའི་ཧྲི་སྭཱ་ཧཱ། ཙནྡན་དམར་པོའི་ཕྲེང་བ་བགྲང་ཞིང་། འབུམ་ཕྲག་བཟླས་པ་གྲངས་ཀྱི་བསྙེན་པ་སྟེ། དུས་ངན་བསོད་ནམས་དམན་ཕྱིར་བཞི་འགྱུར་གསུང་ཟླ་བ་དྲུག་གམ་ཟླ་གཅིག་དུས་བསྙེན་སྟེ། ཕྲག་ནི་རྨི་ལམ་དངོས་ཉལ་ཞལ་མཐོང་ངམ་། །གསུང་ཐོས་ལུང་སྟོན་ཁྲི་ལ་འདུག་པ་དང་། །དར་འཕྱར་རོལ་མོ་སྐད་བཟང་ཡུན་རིང་སྒྲོག །གོས་གདན་དམར་པོ་བཟང་པོའི་སྟེང་འདུག་སོགས། །སྤྱི་དང་མཚུངས་པས་རིག་པས་ཤེས་པར་བྱ། །ཐུན་འཚམས་འམ་ནི་དུས་བཟང་མཆོད་པའམ། །བདག་ཉིད་འཇུག་གམ་སློབ་མ་རྗེས་འཛིན་དང་། །བསྒྲུབ་པའི་དུས་སུ་མདུན་བསྐྱེད་བྱ་བ། །ཨོཾ་ཨཱ་མྲྀ་ཏེ། །ཨོཾ་སྭ་བྷ་ཝ། བྷྲུཾ་ལས་མཚན་ཉིད་ཡོངས་རྫོགས་བུམ་པ་ན། །ཨོཾ་ཏེབྟ་ཏེབྟ་མ་ཧ་ཏེབྟ་སྭཱ་ཧཱ།ལྷ་ཆུ་དལ་འགྲོས་བུམ་པར་འཁྱིལ་ནང་དང་། མདུན་བསྐྱེད་དཀྱིལ་འཁོར་མི་དམིགས་ངང་ཉིད་ལས། ཨེ་ལས་ཆོས་འབྱུང་། ཆ་ལུགས་གཙོ་མོ་འདྲ། ལས་བུམ་ནང་དུ་ངོ་བོ་རྟ་མགྲིན་ལ། །རྣམ་པ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་། །རྒྱ་གྲམ་སྡིག་མཛུག་ཁྲོ་ཆས་ཡོངས་སུ་རྫོགས། །ཀུན་གྱི་གནས་གསུམ་སོགས་ནས། བཛྲ་སཱ་མ་ཛཿའི་བར་ཧྲཱིཿ འཕགས་བཞི་བསྐྱེད་བྱེད་ཆོས་སྐུ་ཡུམ་ཆེན་མོ། །

(༡༤༧)གཟུགས་ཀྱི་སྐུར་སྟོན་འཕགས་མ་རིག་བྱེད་མ། །གཤེགས་དང་བཞུག་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །པདྨ་གར་གྱི་དབང་ཕྱུག་གསང་བའི་ཡུམ། །སོ་སོར་རྟོགས་པའི་ཡེ་ཤེས་ངོ་བོ་ཉིད། །པདྨ་རིག་ཀྱི་ལྷ་མོ་ཀུན་གྱི་གཙོ། །བདེ་ཆེན་དག་པའི་ཞིང་ནས་གཤེགས་སུ་གསོལ། །སྒྲོལ་མ་མྱུར་མ་སྤྱན་ནི་གློག་ལྟར་མྱུར། །འཇིག་རྟེན་དབང་ཕྱུག་ཡུམ་གཅིག་གསང་ཡོ་མ། །དབང་བྱེད་སྒྲོལ་མ་འཇིག་པ་ཀུན་སྐྱོབ་མ། །སྤོ་ཊ་ལ་ཡི་གནས་ནས་གཤེགས་སུ་གསོལ། །ཌ་ཀི་འབུམ་གྱི་གཙོ་མོ་མཛད་པའི་ཚེ། །པདྨ་མཁའ་འགྲོ་དབང་གི་ལྷ་མོ་མཆོག །གཽ་རི་ལ་སོགས་ལྷ་མོ་བཅུ་བཞིར་བཅས། །མཁའ་སྤྱོད་ཨོ་རྒྱན་གནས་ནས༴ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་ཅན། །རྒྱ་གར་ཀུ་རུ་ཀུལླེའི་རི་བོ་ཡི། །ཕུག་པའི་དབུས་སུ་རྟག་ཏུ་གནས་བཅས་མ། །ལྷ་མོ་ཀུ་རུ་ཀུལླེ༴ །ཕོ་བྲང་གཞལ་ཡས་པད་ཉི་བདུད་བཞིའི་སྟེང་། །རང་རང་གཙོ་འཁོར་སོ་སོའི་གདན་སྟེང་དུ། །བརྗིད་ཅིང་རྒྱས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལ་ཡ་སྟམ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དབང་ལྷ་སྤྱན་དྲངས་དྲི་མ་དག །ཆུ་ལྷག་ཡར་ལུད་རིག་བདག་དབུ་བརྒྱན་གྱུར། །བདག་ལུས་ཞིང་གི་རྡུལ་རྙེད་རབ་སྤྲུལ་ཏེ། །ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་དང་། །རབ་འབྱམས་རྒྱལ་བའི་རྫིང་བུའི་ཞིང་ཁམས་ཐམས་ཅད་ན། །བདག་པོས་བཟུང་དང་མ་བཟུང་མཆོད་པའི་ཚོགས། །ལྷའི་བདུད་རྩི་དཀར་སེར་དམར་ལྗང་མཚོ། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུའི་མཚོ། །པདྨ་ཀུ་མུཏྟ་དང་ཨུཏྤལ་ཚལ། །ཧ་རི་སྦྲུལ་སྙིང་གླང་པོ་ས་མཆོག་སྟེ། །ཉི་ཟླ་ནོར་བུ་བརྒྱ་བྱིན་ཚང་པའི་འོད། །གངྒའི་གཞུང་རྒྱུན་ཨོ་རྒྱན་མཚན་རྐྱེན་ཆུ། །ལྷ་དབང་མི་དབང་ཞལ་ཟས་རོ་བརྒྱ་པ། །དྲི་ཟའི་རྒྱལ་པོ་བྱེ་བའི་རྒྱུན་མངས་སྒྲ། །སུམ་རྩེན་བྱེ་བ་ཕྲག་བརྒྱའི་སྟོན་མོ་མཛེས། །ཚངས་པའི་རྒྱལ་པོ་སྟོང་གི་

(༡༤༨)བསྟོད་དབྱང་སྙན། །ཟག་མེད་ཚུལ་ཁྲིམས་དྲི་ཡི་ཞིང་ཀུན་ཁྱབ། །ཡེ་ཤེས་བདུད་རྩི་ཟག་མེད་བདེ་བསྐྱེད་དོ། །དཔག་བསམ་ཤིང་ལས་འཕྱང་བའི་ལྷ་རྫས་གོས། །ཤིས་བྱེད་རྫས་མཆོག་བརྒྱད་དང་རྒྱལ་སྲིད་བདུན། །ནོར་བུ་ཆ་བདུན་རྒྱལ་པོའི་ཉེར་སྤྱོད་ཚོགས། །བཀྲ་ཤིས་གྲུབ་པའི་རྟག་མཚན་ངོ་བོར་བརྒྱད། །གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་འདོད་ཡོན་ཚོགས། །ཐམས་ཅད་བློ་ཡི་བླངས་ཏེ་འབུལ་ལགས་ན། །བདག་ལ་ཕན་ཕྱིར་ཉིད་ཀྱི་མཐུས་བཞེས་ཤིགས། །གཞན་ཡང་རླུང་མེ་ཐོད་སྒྱེད་ཀ་པ་ལར། །ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་ཞིང་ཁོ་བའམ་ཡེ་ཤེས་བདུད་རྩི་མཚོ། །འདོད་ཡོན་སྣ་ཚོགས་རླང་པས་ཞིང་ཀུན་ཁྱབ། །དམ་རྫས་གཏོར་ཆེན་འབར་བའི་མཆོད་པ་འདི། །རིག་བྱེད་ལྷ་མོ་བཅོ་ལྔས་དགྱེས་པར་རོལ། །དངོས་བཤམས་ཡིད་སྤྲུལ་མཆོད་གཏོར་འདི་བཞེས་ལ། །བདག་གི་རླུང་སེམས་སྣང་བ་དབང་སྡུས་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །མཁས་གྲུབ་གཤིན་རྗེ་ཐམས་ཅད་དབང་འདུས་ནས། །ཐུབ་བསྟན་དར་ཞིང་རྒྱས་པར༴ །རིག་བཟང་བློ་གསལ་ཐམས་ཅད་དབང་འདུས་ནས། །བཤད་བསྒྲུབ་བསྟན་པ་དར་བར་མཛད། །ཚུལ་ཁྲིམས་ལྡན་པ་ཐམས་ཅད་དབང་། །དགེ་འདུན་སྡེ་ཆེན་ཚུགས་པར༴ །རྒྱལ་པོ་རྒྱལ་ཕྲན་ཐམས་ཅད༴ །ཡུལ་ཁམས་ཆོས་ལ་ཚུགས་པར༴ །འབྱོར་ལྡན་སྦྱིན་བདག་ཐམས་ཅད༴ །དགེ་འདུན་བཀུར་སྟི་འཕེལ་བར༴ །ལྷ་ཀླུ་གཞི་བདག་ཐམས་ཅད༴ །བཀྲ་ཤིས་བདེ་ལེགས་འཕེལ་བར༴ །སྐྱེ་འགྲོ་ཕོ་མོ་ཐམས་ཅད༴ །ལུས་སེམས་དགེ་ལ་སྦྱོར་བ༴ །བདུད་རིགས་ལྟོག་ལྟ་ཅན་ཀུན༴ །བསྟན་ལ་བར་ཆད་མེད༴ །འབྲུ་ནོར་ལོངས་སྤྱོད་མཁོ་དགུ་དབང་བསྡུས་ནས། །དཔལ་འབྱོར་འབད་མེད་ལྷུན་གྱི་གྲུབ་པར་མཛོད། །ཨོཾ་བྷ་ག་ཝ་ཏི་ཀུ་རུ་ཀུལླེ་ཧྲི་ས་པ་རི་ཝ་ར་ཨི་དམ་པུཥྤཾ་དྷུ་པེ་དི་པཾ་གནཾྡྷ་བ་ལིང་གྲིཧྣ་སརྦ་ཨརྠ། མ་མ་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭ་ཧཱ། ལན་གསུམ་སྤྲོ་ན། ཨ་ཀ་རོས། དུར་ཁྲོད་ཀྱི་ཞིང་སྐྱོང་ལ་བསྔོའོ། ཧྲིཿ ལས་བྱུང་བ་དབང་གི་ཁ་དོག་ཅན། །ཆོས་ཀུན་རོ་ཅིག་སྟོན་ཕྱིར་ཞལ་གཅིག་མ། །དུས་གསུམ་མཁྱེན་ཕྱིར་སྤྱན་

(༡༤༩)གསུམ་གཡོན་དུ་གཟིགས། །བདུད་བཞི་རྩད་ནས་གཅོད་ཕྱིར་མཆེ་བཞི་གཙིགས། །རིག་ལྔ་མཚོན་ཕྱིར་ཐོད་སྐམ་ལྔ་ཡི་བརྒྱན། །ཚད་མེད་རྣམས་བཞི་མཚོན་པའི་ཕྱག་བཞི་ཡིས། །དང་པོ་ཐབས་ཤེས་ཟུང་འཇུག་མདའ་བཞུང་འགེང་། །གཡས་འོག་བྱམས་པའི་ལྕགས་ཀྱུས་སྲིད་གསུམ་འགུག །གཡོན་འོག་སྙིང་རྗེ་ཞགས་པས་འགྲོ་བ་འཛིན། །སྲིད་པར་མི་འཁྲུལ་ཞབ་གཡས་བསྐུམ་པའི་ཚུལ། །ཞི་བར་མི་གནས་ཞབས་གཡོན་བརྐྱང་པའི་གར། །འཇིག་རྟེན་ཟིལ་གནོན་སྲིད་གསུམ་བདག་མོ་མཛད། །འདུ་བྱེད་དག་ཕྱིར་ཐོད་རློན་ཕྲེང་བ་དང་། །ཡོན་ཏན་ཀུན་རྫོགས་རིན་ཆེན་རུས་པས་བརྒྱན། །ཉིན་མ་བྱེ་བའི་འོད་འཕྲོ་གཟི་བརྗིད་འབར། །བསྒོམ་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་རྣམས། །དབང་དུ་སྡུད་མཛད་ལྷ་མོའི་བསྐུ་ལ་བསྟོད། །ལྷ་མོའི་སྙིང་པོ་གསང་སྔགས་འབྲུ་བརྒྱད་པ། །ཁྲི་ཡི་འཇིག་རྟེན་ཕལ་པ་ཐམས་ཅད་དབང་། །འབུམ་ཕྲག་གཅིག་གི་མི་ཡི་རྒྱལ་པོ་རྣམས། །དེ་བཞིན་འབུམ་ཕྲག་གཉིས་ཀྱི་ལྷ་རྣམས་སྟེ། །འབུམ་ཕྲག་བདུན་གྱི་ལྷ་མ་ཡིན་རྣམས་དང་། །བྱེ་བས་འཁོར་ལོས་བསྒྱུར་རྒྱལ་གནོད་སྦྱིན་ཚོགས། །རིག་དྲུག་སེམས་ཅན་ཐམས་ཅད་དབང་བསྡུད་པའི། །གསུང་མཆོག་ནུས་པར་ལྡན་ལ་ཕྱག་འཚལ་ལོ། །ལྷ་མོའི་ཐུགས་ནི་སྟོང་ཉིད་ཆོས་ཀྱི་སྐུ། །མཐའ་བཞི་སྐྱེ་འགགས་གནས་བྲལ་ཕྱག་རྒྱ་ཆེ། །ཉན་ཐོས་རང་རྒྱལ་སར་གནས་སེམས་དཔའི་ཚོགས། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་པ་ཡུམ་ཆེན་མོ། །ཟབ་ཅིང་རྒྱ་ཆེ་ལྷ་མོའི་ཐུགས་ལ་བསྟོད། །གང་ཞིག་འཕགས་མ་བསྒོམ་ཞིང་བཟླས་བྱེད་ན། །དུག་གི་གནོད་དང་དུག་གི་འཆི་བ་དང་། །ཤུ་བ་གཡན་པ་མཛེ་སོགས་ནད་ཀྱི་རིགས། །དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཞིང་། །ཀླུ་དང་སྦྲུལ་གདུག་སྟགས་སོག་གཅན་ཟན་དང་། །དགྲ་དང་མཚོན་ཆ་དབུལ་ཕོང་འཇིག་པ་སྐྱོབ། །སྣ་ཚོགས་གཏེར་དང་གསེར་དངུལ་རྣ་ཆ་དང་། །གོས་ལ་སོགས་པའི་ནོར་རྣམས་གང་འདོད་པ། །ཐམས་ཅད་ཀུན་ལ་དབང་བསྒྱུར་ལོངས་སྤྱོད་པའི། །ཡོན་ཏན་ཀུན་འབྱུང་མ་ལ་ཕྱག་འཚལ་བསྟོད། །གླང་རྒོད་རྟ་རྒོད་དུག་སྦྲུལ་ཆུ་ཆེན་དང་། །

(༡༥༠)སྟག་དང་བསེ་དང་ཆུ་གླང་ལ་སོགས་པ། །རིགས་སྔགས་གྱིས་བཀུག་བཞོན་པར་བྱ་རུང་ཞིང་། །དྲེག་ལྡན་ལྷ་ཀླུ་མི་ཡི་རྒྱལ་པོ་ཡང་། །གུས་ཤིང་འདུད་པའི་མངག་བཞུགས་ལས་བྱེད་པའི། །ཕྲིན་ལས་ཐོགས་མེད་ལྷ་མོ་རིག་བྱེད་མ། །ཁྱོད་ཀྱིས་མཁའ་མཉམ་འགྲོ་བ་འདི་དག་ཀུན། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །རྫོགས་པའི་སངས་རྒྱས་གོ་འཕང་ལ་བཞག་པར། །ཐུགས་བསྐྱེད་ཐམས་ཅད་སྨོན་ལམ་དེ་ལགས་ན། །བདག་གི་འདོད་དང་ཁྱེད་ཀྱི་ཐམས་ཅད་གཅིག །ཁྱེད་ཀྱི་ཐམས་ཅད་བཞེད་འཕྲིན་བདག་གི་བསྒྲུབས། །དེ་ཕྱིར་མ་གཅིག་བུ་བཞིན་བརྩེ་བར་དགོངས། །བདག་གིས་གང་གསོལ་ཕྲིན་ལས་མྱུར་འགྲུབ་མཛོད། །དེ་ནས་དགྱེས་པར་འདོད་ན། །ཨོཾ་དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་བྱེད་གསོད་བྱེད་སྙེན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡང་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོད་བྱེད་མ་དང་དགྱེས་བྱེད་མ། །སྭ་ཧཱ་ཨོཾ་དང་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་རྒྱལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དང་ནི་རྒྱས་པ་མོ། །རིག་པའི་ལྷ་མོ་ཚིག་བསྙེན་མ། །ཟླ་བའི་མདངས་ཅན་དཀར་མོ་ཆེ། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་མོ་དཀར་ཆེན་མོ། །སྟོབ་མ་ཆེ་ལ་ཕ་རོལ་ཕྱིན། །རྩུབ་མོ་ཆེན་པོ་གཏུམ་པམོ། །སྡང་བའི་སེམས་ཅན་བརླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་མ་འབར་མའི་འོད། །གློག་གི་ཕྲེང་བའི་རྒྱལ་མཚན་ཅན། །རལ་དྲི་འཁོར་ལོ་བཞུ་ཐོག་མཚོན། །ཚོལ་བྱེད་རེང་བྱེད་ནག་མོ་ཆེ། །མཚན་མོ་ནག་མོ་མཚན་སྤྱོད་མ། །སྲུང་བྱེད་རྨོང་བྱེད་ཞི་བ་མོ། །མཛེས་མ་དགེ་མ་འགྲོ་ལྡིང་མ། །ཚངས་པ་མོ་དང་རིག་བྱེད་མ། །གསང་བ་མོ་ནི་བྲག་ཕུག་ནས། །བཀྲ་ཤིས་དོན་བྱེད་ཞི་བ་མོ། །སྐྱེ་གནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མ། །ཚང་མ་བདེ་མ་གཞན་མི་རྒྱལ། །དང་པོ་ཆེན་པོ་སྙིང་རྗེར་གནས། །ཆུ་ཟོས་ལམ་ནི་རབ་ཟློག་མ། །མཆོག་གཏེར་དོན་བྱེད་སྟོན་པ་མོ། །བུ་མེད་གཟུགས་ལ་དཔགས་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མོ་གཏུམ་མོ་བདུད་རྩི་མ། །ངེས་མ་ནོར་ཅན་བསོད་ནམས་མ། །སྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིག་བྱེད་མ། །དྲག་དང་བཏུལ་ཞུག་ཆེན་

(༡༥༡)མོ་དག །འགྲོ་ལ་ཅིག་ཏུ་ཕན་བརྩོན་མ། །སྐྱབ་མེད་གུས་ལ་གང་བ་མོ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་པར་ཀུན་འགྲོ་རྗེས་འགྲོ་མ། །དོན་ཀུན་གྲུབ་བྱེད་བཟང་པོ་མ། །གཙང་བྱེད་གསོད་བྱེད་ནོར་གཏེར་མ། །མི་འཇིག་བསོད་ནམས་གཽ་ཏ་མ། །སྤྱན་རས་གཟིགས་དབང་གིས་གསུང་པའི། །མཚན་བརྒྱ་རྩ་བརྒྱད་འདི་དག་གིས། །བཅོམ་ལྡན་འདས་མ་ཁྱོད་ལ་བསྟོད། །ཅེས་མཚན་བརྒྱ་རྩ་བརྒྱད་དེ་དག་བསྟོད་པ་དེ་རུང་སྟེ། །ཚངས་པ་མོ་དང་རིག་བྱེད་མ་དང་། །གསང་བ་མོ་ནི་བྲག་ཕུག་ནས། །ཅེས་གསུངས་སོ། །ཕྱག་འཚལ་ཉེར་གཅིག་ཡང་རུང་སྟེ། འདི་དབང་བྱེད་སྒྲོལ་མ་འོ། ༈ བདག་མདུན་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཉི་སྟིང་ཏིང་འཛིན་སེམས་དཔའ་ཧྲིཿ དེ་མཐར་སྔགས་འཕྲེང་གཡོན་དུ་གྲག་ཏུ་འཁོར། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས། །སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟ་བུ་ལ། །སྣ་བུག་གཡོན་ནས་ཕར་སོང་མདུན་བསྐྱེད་ཀྱིས། །ཤང་བུག་གཡས་ཞུག་ཐུགས་ཀའི་ཧྲི་ཡིག་ལས། །གཡོན་དུ་བསྐོར་བ་གཅིག་བྱས་ཐུགས་བརྒྱུད་བསྐུལ། །སྐུ་ལས་འོད་ཟེར་གློག་འོད་ལྟ་བུར་འཕྲོས། །འཁོར་རྣམས་བསྐུལ་བས་འཁོར་ཀུན་འོད་ཟེར་ནི། །དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས། །སྣང་སྲིད་འཁོར་འདས་ཚེ་བསོད་དཔལ་གྲགས་རྣམས། །འོད་ཟེར་དམར་པོའི་རྣམ་པར་ཚུར་བསྡུས་ནས། །གཙོ་མོའི་ཐུགས་ཀའི་སྔགས་ཕྲེང་ཉིད་ལ་ཐིམ། །སྔག་ཕྲེང་གཙོ་མོའི་ཤང་བུག་གཡོན་ནས་ཐོན། །བདག་གི་སྣ་བུག་གཡས་ཞུགས་ཐུགས་ཀར་ཐིམ། །བྱིན་རླབས་སྣང་སྲིད་དབང་དུ་འདུས་པ་དང་། །ཕྲིན་ལས་འགྲོ་བ་འདུལ་བའི་དངོས་གྲུབ་ཐོབ། །བདག་མདུན་བར་དུ་སྔགས་ཕྲེང་འགལ་མེ་ཡི། །འཁོར་ལོ་བཞིན་དུ་བར་མེད་འཁོར་བར་གྱུར། །ཨོཾ་ཀུ་རུ་ཀུལླེ་ཧྲིཿསྭཱ་ཧཱ། ཅེས་མདུན་བསྐྱེད་ལ་དམིགས་པ་དང་བཟླས་པ་ནི་བསྒྲུབ་པའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་གཟུང་ཐག་ལ། །འཁྲིལ་ཞིང་བུམ་བསྐྱེད་ཐུགས་ཀར་ཐིམ་པ་ཡི། །བུམ་ལྷའི་ཐུགས་ཀའི་སྔགས་ཕྲེང་དྲག་དུ་འཁོར། །འོད་ཟེར་དམར་པོ་ཕྱོགས་བཅུར་ཁྱབ་པར་འཕྲོས། །རྒྱལ་བ་སྲས་བཅས་དཔའ་བོ་རྣལ་འབྱོར་མ། །འཇིག་རྟེན་ལྷ་ཀླུ་འགྲོ་བ་ཐམས་ཅད་ཀྱིས། །བྱང་སེམས་དཀར་

(༡༥༢)དམར་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་བདུད་རྩི་དང་ནི་བུམ་ལྷར་ཐིམ། །ཟག་མེད་བདེ་བས་བུམ་ལྷའི་ཐུགས་དགྱེས་པས། །སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་། །བུམ་སྔགས་བརྒྱ་རྩ་ལས་ནི་མི་ཉུང་བ་ནི་ཅི་ནུས་བཟླས། །ལས་བུམ་ཁྲོ་བོའི་སྐུ་ལས་བདུད་རྩི་ཆུ། །ཆུ་རྡུལ་ཕྲ་རགས་རྡོ་རྗེའི་རང་བཞིན་ཏེ། །བགེགས་རིགས་ཀུན་འཇོམས་དག་བྱེད་བདུད་རྩིར་གྱུར། ཨོཾ་ཨཱ་མྲྀ་ཏ་ཧཱུྃ་ཕཊ། བརྒྱ་འམ་ཉེར་ཅིག་ལས་མི་ཉུང་བ་བཟླས། ཨོཾ་ཀུ་རུ་ཀུལླེ་ས་པ་རི་བ་ར་བཛྲ་ཀྲོདྷ་ཨ་མྲྀ་ཏ་ཨརྒྷཾ་སོགས། སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལས། ཀུ་རུ་ཀུལླེའི་མ་བསྟོད་པ་ནི་ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། རིན་ཆེན་མེ་ཏོག་མང་པོ་བཅལ་དུ་བཀྲམ། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། གསུངས་སོ། །བཅོམ་ལྡན་བདུད་རྩི་ཐལ་མོ་ལེགས་པར་སྦྱར་ནས། །བྱང་སེམས་སྤྱི་བོར་གཤེགས་པའི་མཐུ་སྟོབས་ཀྱིས། །བདུད་བཞི་རྩད་ནས་གཅོད་པའི་དགྲ་ཐབ་མཁན། །བཅོམ་ལྡན་ཁྲོ་བོ་ཆེན་པོར་ཕྱག་འཚལ་བསྟོད། །ཅེས་པ་ཀུན་ཤེས་ཀུན་ཁྲོལ་ནས་སོ། །དུང་ཆོས་ཀྱི་ཆུ་བུམ་པར་བླུགས། དུང་ཆོས་ནང་དུ་མེ་ལོང་གཟུགས་བརྙན་ལྟར། །ལྷ་ཚོགས་གསལ་བ་བུམ་ལྷ་ལ་ཐིམ་པས། །རྐྱེན་བྱས་བུམ་ལྷ་བྱང་སེམས་ངོ་བོར་ཞུ། །གསེར་འགྱུར་རྩི་ལྟར་བུམ་ཆུས་གང་རེག་པ། །སྨིན་ཅིང་གྲོལ་བའི་ནུས་ལྡན་བདུད་རྩིར་གྱུར། །ལས་བུམ་ཁྲོ་བོས་བར་ཆད་བགེགས་བསྲུང་ཕྱིར། །བྱ་བ་མ་རྫོགས་བར་དུ་བཞུགས་པར་གསོལ། །དེ་ནས་སློབ་མ་བཞུགས་ནས་བགེགས་གཏོར་དུ་འཚམས་གཅོད་བསྲུང་འཁོར་བསྒོམས། །མཎྜལ་དབང་བཤད་སྤྱི་ལྟར་བྱ། བདག་འཇུག་ལ་མཎྜལ་བསྡུས་པ་ཙམ་བྱས་ཏེ། བདག་བསྐྱེད་ཐུགས་ཀ་ནས་རང་ཐ་མལ་པའི་མུས་སུ་ཐོར་ནས་ཤར་སྒོའི་དྲུང་དུ་འཁོད་ནས་བླ་མ་དང་མདུན་བསྐྱེད་དབྱེར་མེད་པ་ལ་ཞུ་བ་དང་། སློབ་མ་བཞུགས་ནས་རང་གཙོ་ཀྱང་དུ་ཐོན་ནས་ཤར་སྒོའི་དྲུང་དུ་འཁོད་ནས་སློབ་དཔོན་གྱི་བྱ་བ་བྱེད་པའོ། །ཨོཾ་ཙཀྵུ་བྷན་དྷ་ཝ་ར་ལ་ཎ་ཡེ་སྭཱ་ཧཱ། མིག་དར་དང་། ཨོཾ་ཨ་ཁཾ་ཝི་ར་ཧཱུྃ། མེ་ཏོག་གཏད། །སྐྱེ་དང་འཆི་དང་རྒས་པ་ཡིས། །ཆུ་སྲིན་ཚོགས་ཀྱི་འཇིགས་པ་ལས། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །ལན་གསུམ་

(༡༥༣)དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་མཆོག་དུ་སེམས་བསྐྱེད་ནས། །རྟག་ཏུ་སློབ་དཔོན་བདག་འགྱུར་བས། །སེམས་ཅན་ཀུན་གྱི་དོན་གྱིས་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང་། །འགྲོ་ཀུན་སངས་རྒྱས་ས་ལ་བགོད། །ཚིག་རྗེས་མ་ལན་གསུམ་རེ་བྱ། །གནས་གསུམ་ཡིག་འབྲུ་གསུམ་གྱི་མཚན། །ཨོཾ་ཨཱ་ཧཱུྃ། །རྡོ་རྗེ་རེག་བླ་མེད་སྔགས་ཀྱི་དམ་ཚིག་རྣམས། །བསྲུང་ཕྱིར་དམ་ཚིག་བདུད་རྩི་འཐུང་། །ཨོཾ་པཎྩ་ཨ་མྲྀ་ཏ་ཨུད་ད་ཀ་ཋ༔ དུང་ཆོས་ཆུ་སྦྱིན་མདུན་བསྐྱེད་སྐུ་ལས་འོད་འཕྲོས་པས། །སློབ་མའི་ལུས་ངག་སྒྲིབ་པ་དག །ལུས་དེ་འོད་ཀྱི་ཕུང་པོར་གྱུར། །དེ་ལས་སྐད་ཅིག་ལྷ་མོའི་སྐུ། །དམར་མོ་ཞལ་གཅིག་ཕྱག་བཞི་མ། །མདའ་གཞུ་ལྕགས་ཀྱུ་ཞགས་པའི་ཕྱག །རྒྱན་ལྡན་གར་གྱི་རྣམ་པར་འགྱིང་། །ས་བོན་འོད་ཟེར་ལྷོ་ཕྱོགས་འཕྲོས། །ཀུ་རུ་ཀུལླེའི་རི་བོ་ནས། །ལྷ་མོ་ཐུགས་རྒྱུད་བསྐུལ་བྱས་ལས། །སྐུ་དང་འོད་ཟེར་དམར་པོ་དང་། །སྔགས་ཕྲེང་ཕྱག་མཚན་དཔག་མེད་པ། །སྤང་བླང་སློབ་མའི་ལུས་ལ་ཐིམ། །ཨོཾ་ཀུ་རུ་ཀུལླེ་ཧྲིཿ ཧྲི༔ཧྲིཿ ཨ་ཝེ་ཤ་ཡ་ཧྲཱིཿཧྲིཿཧྲིཿ། གུར་གུམ་སོགས་སྤོས་དང་རོལ་མོ་བྱ་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། མེ་ཏོག་དོར་ཞིང་། པུཥྤེ་པྲ་ཏི་ཙྪ་ཧོ༔ མིག་ཕྱེ་བ། ཨོཾ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། དཀྱིལ་འཁོར་བལྟ་ཞིང་། ཨོཾ་བཛྲ་པུཥྤེ་ཧོཿ ཕྱག་འཚལ་ནས། ཨོཾ་ན་མོ་ཧཱུྃ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཆེ། །སྲིད་པའི་འཁོར་ལོ་རྣམས་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །་གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལེན་གསུམ། །དབང་རྫས་རིགས་ལྔ་ཡབ་ཡུམ་སྐད་ཅིག་གསལ། །འོད་དུ་ཞུ་བའི་དབང་རྫས་སོ་སོ་ཡིས། །རིགས་ཀྱི་བུ་ལ་རིགས་ལྔས་དབང་བསྐུར་རོ། །བུམ་པ། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥིཉྩ་མམ། བདུད་རྩིས་ལུས་གང་འོད་དཔག་དབུ་རྒྱན་གྱུར། དབང་རྫས་མེད་ན་ཕྱག་རྒྱའམ་ཡིད་ཀྱིས་བསྒོམ་ཞིང་། དབུ་རྒྱན། ཨོཾ་རརྣ་མུ་ཀུ་ཏྲཾ་ཨ་བྷི་ཥིཉྩ་མམ། རྡོ་རྗེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མམ། རིལ་བུ། ཨོཾ་བཛྲ་གནྡེ་ཨ་བྷི་ཥིཉྩ་མམ། རྡོ་རྗེ་དྲིལ་བུ་མཉམ་དུ་

(༡༥༤)ཨོཾ་བཛྲ་ན་མ་ཨ་བྷ་ཝིཉྩ་མམ། ཐོད་པར་གནས་པའི་བྱང་སེམས་དཀར་དམར་རྒྱུན། །མགྲིན་པ་ནས་ཞུག་ལུས་གང་བདེ་སྟོང་འབར། །ཨོཾ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་མམ། སིན་དྷུ་ར་ལས་བཅོམ་ལྡན་འདས་མ་འཕྲོས། །ལྟེ་བར་ཐིམ་པས་གཏུམ་མོའི་མེ་འབར་ནས། །སྤྱི་བོའི་ཧམ་ཡིག་ཞུ་བས་དགའ་བཞི་མྱོང་། །ཨོཾ་ཌཱ་ཀི་ནི་པྲཛྙ་ཨ་བྷི་ཥིཉྩ་མམ། གང་ལ་ཐོག་པ་དབུས་མཐའ་མེད། །སྲིད་མེད་མྱང་འདས་པ་མེད། །འདི་ནི་བདེ་བ་མཆོག་གྱུར་པ། །བདག་མེད་གཞན་ཡང་མེད་པ་ཡིན། །ཡི་གེ་སྔགས་རྣམས་རྣམ་པར་སྤངས། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པ་ཡིན། །ཞེས་པ་ཚིག་དབང་དང་བཞིའོ། ཕྱག་མཚན་བྱིན་ལ། །ཐབས་དང་ཤེས་རབ་མདའ་བཞུ་ཡི། །མི་ཤེས་མ་རིག་འབུག་པར་བྱེད། །མདའ་གཞུ་རྣ་བའི་དྲུང་དུ་བཀང་། །སློབ་མའི་ས་བོན་འོད་དམར་པོ། །མདའ་སྟོང་ནས་ཞུགས་ཨུཏྤལ་གྱིས། །མདེལ་རྩེ་ནས་ཐོན་འཇིག་རྟེན་གང་། །ལྷ་ཀླུ་གནོད་སྦྱིན་མི་ལ་སོགས། །འཇིག་རྟེན་ཐམས་ཅད་འོད་དམར་ཞུ། །མདེའུ་ནས་ཞུགས་སྟེང་ནས་ཐོན། །རྣ་བ་གཡས་ནས་སྙིང་ཀར་ཐིམ། །སྣང་སྲིད་དབང་སྡུད་དབང་ཐོབ་ཤོག །ཨོཾ་ཌཱ་ཀི་ནི་སརྦ་ཨ་བྷི་ཥིཉྩ་མམ། སརྦ་ཏ་ཐ་ག་ཏ་ས་མ་ཡེ་ཧཱུྃ། ཨུཏྤལ་མཛེས་པ་ལྷ་མོའི་ཕྱག་མཚན་ཉིད། །དེ་རིང་བུ་ཁྱོད་ལ་ནི་སྦྱིན་པར་བྱ། །འཁོར་བའི་འདམ་ནས་འདྲེན་བྱེད་བ། །རྒྱལ་བའི་ཕྱག་མཚན་ལྕགས་ཀྱུ་ཟུང་། །ཨོཾ་ཌ་ཀི་ནི་སརྦ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐ་ག་ཏ་ས་མ་ཡེ་ཧཱུྃ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྡོ་རྗེ་རྒྱ་གྲམ་རྣམས། །མཁའ་འགྲོ་རྣམས་ཀྱི་ཕྱག་མཚན་ཏེ། །དེ་རིང་ཁྱོད་ཀྱིས་གཟུང་བར་བྱ། །རྟག་ཏུ་མཁའ་འགྲོ་བྱིན་རླབས་འགྱུར། །ཨོཾ་ཌ་ཀི་ནི་སརྦ་ཨ་བྷི་ཥིཉྩ་མམ། སརྦ་ཏ་ཐ་ག་ཏ་ས་མ་ཡེ་ཧཱུྃ། མེ་ཏོག་དམར་པོའི་ཕྲེང་བ་ཕུལ་བའི་བློས། །བཅོམ་ལྡན་འདས་མ་བདག་ལ་རྩལ་ལགས་ཀྱིས། །བཅོམ་ལྡན་འདས་མས་བདག་ལ་བྱིན་གྱིས་རློབས། །སློབ་དཔོན་ཐུགས་ཀའི་སྔགས་ཕྲེང་སློབ་མ་ཡི། །ཞལ་དུ་ཞུགས་ནས་ཐུགས་ཀར་ཐིམ་པ་ལས། །འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་ཀུན་གྱི་རྫུ་འཕྲུལ་མ་འདྲེས་ཆོས། །ཡེ་ཤེས་ཡོན་ཏན་

(༡༥༥)ཉན་རང་འཇིག་རྟེན་སྐྱོང་། །པཎྜི་ཏ་དང་གྲུབ་ཐོབ་མཐུ་ནུས་ཀུན། །སྔགས་ཕྲེང་རྣམ་པར་སྤྱན་དྲངས་སློབ་མར་ཐིམ། །ཨོཾ་ཀུ་རུ་ཀུལླེ་ཧྲིཿསྭཱ་ཧཱ། ཞེས་ལེན་གསུམ་རྗེས་ཟློས། སིནྡྷུ་ར་གནས་གསུམ་སྲིན་ལག་གཡོན་པས་བྱུགས་ཤིང་། །སིན་དྷུ་ར་ཡི་མཎྜལ་སྟེང་ཉིད་ནས། །ལྷ་མོ་འཁོར་བཅས་སློབ་མར་སིབ་སིབ་ཐིམ། །ཨོཾ་ཨཱཿཧཱུྃ། །ཡེ་ཤེས་ཆེན་པོ་ཁྱོད་སོང་བས། །ད་ནས་རྡོ་རྗེ་སྐྱེ་འཆི་མེད། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །བློ་གྲོས་ལྡན་པས་སྤྱོད་པར་གྱིས། །ཞེས་བརྗོད་ནས། །གཙོ་བོས་ཇི་ལྟར། སོགས། དེ་ནས་བདག་ཉིད་དཀྱིལ་འཁོར་ཤར་སྒོ་ནས་བདག་བསྐྱེད་ཀྱིས་ཐུགས་ཀར་ཞུགས་པས་དབྱེར་མེད་པའི་ང་རྒྱལ་གྱི། ཨོཾ་ཌ་ཀི་ནི་ཀ་ཡ་ཝཀྐ་ཙིཏྟ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༈ དེ་ནས་ཚོགས་འཁོར་བདུད་རྩི་ལྟར་བྱིན་གྱིས་རླབས་ལ། གནས་འོག་མིན་ཆོས་ཀྱི་ཞིང་ཁམས་ནས། ཕ་བླ་མ་གར་དབང་རྡོ་རྗེ་འཆང་། །སྐུ་དམར་གསལ་དར་དང་རིན་ཆེན་རྒྱན། །ཕྱག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམས། །གདན་པད་ཟླ་ཁྱུང་ཆེན་ཁྲི་ལ་བཞུགས། །འཁོར་རྩ་རྒྱུད་བླ་མ་སྤྲིན་ལྟར་གཏིབས། །སྐུ་འཇའ་མཚོན་ཐིག་ལེ་ཤིགས་སེ་ཤིག །གསུང་གསང་སྔགས་ཆོས་སྒྲ་དི་རི་རི། །ཐུགས་བརྩེ་བའི་འཛུམ་མདངས་ཤིག་སེ་ཤིག །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་བྱོན། །བཅུད་འཆི་མེད་བདུད་རྩིའི་ཚོགས་མཆོད་བཞེས། །དོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནོང་། །ཕ་ཁྱེད་དང་དགོང་པ་མཉམ་པ་ཅིག །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ནུབ་བདེ་ཆེན་འབར་བའི་ཞིང་ཁམས་ནས། །དཔལ་རིག་བདག་མགོན་པོ་འོད་དཔག་མེད། །སྐུ་དམར་གསལ་མཚན་དང་དཔེ་བྱེད་འབར། །ཕྱག་ལྷུང་བཟེད་ཚེ་ཡི་བུམ་པ་བསྣམས། །གདན་མཛེས་བྱེད་རྨ་བྱའི་ཁྲི་ལ་བཞུགས། །འཁོར་སེམས་དཔའ་སེམས་མ་སྤྲིན་ལྟར་གཏིབ། །སྐུ་འོད་ཟེར་སངས་རྒྱས་ཞིང་ཀུན་གསལ། །གསུང་ཚང་དབྱངས་དྲུག་བཅུ་སྙན་པའི་སྒྲ། །ཐུགས་འགྲོ་བ་ཀུན་ལ་རྟག་ཏུ་དགོང་། །ངེད་འདིར་ཚོག་ཚོགས་ཀྱི་དཔོན་ལ་བྱོན། །ཚོགས་ཟག་མེད་བདུད་རྩིས་མཆོད་པ་བཞེས། །དོན་འཆི་མེད་ཚེ་ཡི་དངོས་གྲུབ་གནང་། །བདག་འཕོས་ཚེ་ཁྱེད་ཀྱི་ཞིང་ཁམས་སུ། །དེར་

(༡༥༦)སྐྱེ་བར་ད་ལྟ་བྱིན་གྱིས་རློབས། །ལྷོ་ཀུ་རུ་ཀུལླེའི་རི་ཕུག་ནས། །ཡུམ་བཅོམ་ལྡན་ལྷ་མོ་རིག་བྱེད་མ། །སྐུ་པདྨ་ར་གའི་རི་བོ་འདྲ། །ཕྱག་མདའ་བཞུ་ལྕགས་ཀྱུ་ཨུཏྤལ། །གདན་དབང་ཕྱུག་སྒྲ་ཅན་ཞབ་ཀྱི་མནན། །འཁོར་གནས་གསུམ་མཁའ་འགྲོ་སྤྲིན་ལྟར་གཏིབས། །སྐུ་རིན་ཆེན་རུས་རྒྱན་ཁྲ་ལ་ལ། །གསུང་རིག་སྔགས་འབྲུག་སྒྲ་འུ་རུ་རུ། །ཐུགས་སྣང་སྲིད་དབང་སྡུད་ཧྲི་ལི་ལི། །མ་འདིར་གཤེགས་བུ་ཡི་ཚོགས་དཔོན་མཛོད། །ཚོགས་ཤ་ལྔ་བདུད་རྩི་ལྔ་པོ་བཞེས། །དོན་ཁམས་གསུམ་དབང་སྡུད་དངོས་གྲུབ་གནོང་། །མ་ཁྱེད་ལྟར་སྣང་སྲིད་ཟིལ་གནོན་པར། །བུ་ད་ལྟ་ཉིད་དུ་བྱིན་གྱི་རློབས། །ནུབ་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །འཁོར་གོ་རི་ལྷ་མོ་བཅུ་བཞི་པོ། །སྐུ་འཚལ་མདོག་རུས་རྒྱན་དར་སྤྱང་འབུར། །ཕྱག་ཨུཏྤལ་མདའ་བཞུ་ཝང་སེ་ཝང་། །གདན་པད་ཉི་བམ་གྱི་སྟེང་ན་འགྱིང་། །འཁོར་ཌ་ཀི་བྱེ་བ་སྤྲིན་ལྟར་གཏིབ། །སྐུ་བྱིན་རླབས་མེ་དཔུང་འུ་རུ་རུ། །གསུང་ཕེ༚་ཕེ༚་ཨ་ར་ལི་ཡི་སྒྲ། །ཐུག་བསྒྲུབ་པ་པོ་ལ་དུང་སེ་དུང་། །ངེད་འདིར་འཚོགས་ཚོགས་ཀྱི་དཔོན་ལ་བྱོན། །ཚོགས་བདུད་རྩི་བྱིན་རླབས་དགྱེས་པར་རོལ། །དོན་མཆོག་དང་ཐུན་མོང་དངོས་གྲུབ་གནོང་། །སྲིང་ཁྱེད་དང་བསྐལ་བ་མཉམས་པ་ཞིག །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །རྒྱུད་དཀའི་མགོན་པོ་གྲི་ཐོད་ཅན། །སྐུ་མཐིང་ག་ཆར་སྤྲིན་གཏིབ་པ་འདྲ། །ཕྱག་ཟང་གྲི་ཐོད་པ་ཟང་སེ་ཟང་། །གདན་པད་ཉི་བམ་ཆེན་གདན་ལ་བཞུགས། །འཁོར་ཌཱ་ཀི་བྱེ་བ་བསམ་མི་ཁྱབ། །སྐུ་དུར་ཁྲོད་རྒྱན་ཆ་སྤུང་སེ་སྤུངས། །གསུང་དྲག་སྔགས་འབྲུག་སྒྲ་དི་རི་རི། །ཐུག་གསང་སྔགས་བསྟན་ལ་དུང་སེ་དུང་། །འདིར་ཚོགས་ཀྱི་མཆོད་པ་བཞེས་ཕྱིར་བྱོན། །དགྲ་གདོན་བགེགས་ཚོགས་སུ་བསྟིམ་ལ་རོལ། །དོན་ཕྲིན་ལས་རྣམས་བཞིའི་དངོས་གྲུབ་གནོང་། །མི་བདག་གི་ཅི་བསམ་འགྲུབ་པ་ཅིག །དུས་ད་ལྟ་ཉིད་དུ་འཕྲིན་ལས་མཛོད། དེ་ནས་ཚོགས་ཕུད་གཏོར་མར་བྲན་ལ། །ཨོཾ་གུ་རུ་བཛྲ་དྷ་ར་ཨི་དཾ་བཱ་ལིངྟ་ཁ་ཧིཿ །ཨོཾ་ཀུ་རུ་ཀུལླེ་ཧྲིཿ ས་པ་རི་ཝ་ར་ཨི་དཾ་བཱ་ལིངྟ་

(༡༥༧)ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་སརྦ་ཌ་ཀི་ནི་ཨི་དཾ་བཱ་ལིངྟ་ཁཱ་ཧི། ཚོགས་དྲང་ལ། རྫས་ཤ་ཆེན་ལྔ་དང་བདུད་རྩི་ལྔ། །ཡེ་གདོད་ནས་རྣམ་དག་བདུད་རྩི་སྟེ། །དེ་མ་རྟོགས་འཁྲུལ་པས་གཙང་སྨེར་འཛིན། །ད་ཆོས་སྐྱོངས་མཉམ་ཉིད་ཨ་ལ་ལ་ཧོ༔ ཅེས་ཕུལ། ཧོ་སྤང་བྱ་དུག་ལྔའི་ཕ་རོལ་ན། །བླངས་བྱ་ཡེ་ཤེས་ལྔ་པོ་མེད། །དེ་མ་བཅོས་ལྷུག་པའི་བདུད་རྩི་བླངས། །དོན་མཉམ་ཉིད་བདེ་ཆེན་ཨེ་མ་ཧོ། །ཅེས་བརྗོད་ནས་རོལ་ཏེ། ལྷག་མ་བྲེན་ལ། ཨ་ཀཱ་རོས་བྱིན་གྱིས་རླབས། ༈ གནས་ཆེན་པོ་ཉི་ཤུ་རྩ་བཞི་དང་། །ཡུལ་ཆེན་པོ་སུམ་ཅུ་སོ་གཉིས་ན། །དོན་དགོང་པ་སངས་རྒྱས་ཡིན་མོད་ཀྱང་། །སྐུ་ཆ་ལུགས་མཛད་པ་འཁོར་བའི་ཚུལ། །མདོག་དཀར་སེར་དམར་ལྗང་སྔོ་དང་སྨུག །རྒྱན་རུས་པ་མགོ་ཕྲེང་ཁྲག་ཞག་ཐིག །གོས་མི་ལྤགས་སྟག་ལྤགས་གླང་ཆེན་ལྐོ། །ཕྱག་གྲི་ཐོད་ཁཱ་ཊཾ་ཌཱ་མ་རུ། །སྐུ་རླུང་ནགས་འཚུབ་ཅིང་མེ་དཔུང་འབར། །ལམ་བར་སྣང་ཁམས་སུ་སྐར་མདའ་བཞིན། །ཡར་མཐོ་རིས་གནས་གསུམ་ལྟས་མོ་ལྟ། །མར་ངན་སོང་སྐྱིད་སྡུག་ས་ལེར་མཐོང་། །ཚོགས་ཁང་དུར་ཁྲོད་གནས་བརྒྱད་ཉུལ། །ལས་འཇིག་རྟེན་བདེན་རྫུན་ཤན་ཡང་འབྱེད། །ཕོ་སྐྱེས་པ་ཀུན་གྱི་བླ་ཡིད་འཁྱེར། །མོ་མཛེས་མ་ཀུན་གྱི་བཀྲགས་མདངས་ལེན། །བསྒོམ་ཉམས་ལེན་མཁན་གྱིས་དྲོད་ཚད་ཉུལ། །ཆོས་གསང་སྔགས་བསྟན་པ་ཡིད་ལ་འཆང་། །ལྷ་དཀྱིལ་འཁོར་ཀུན་གྱི་མཐའ་ལ་གནས། །ཚོགས་མཆོད་པ་ཀུན་གྱི་ལྷག་མ་སྡུད། །བཀའ་སྣང་སྲིད་ལྷ་འདྲེ་ཕོ་ཉར་འགྱེད། །གདོན་སྟོང་ཕྲག་བརྒྱ་ཅུ་རོལ་དུ་ཁྲིད། །ནད་བཞི་བརྒྱ་རྩ་བཞིས་ས་བོན་འདེབས། །མི་དམ་ཉམས་རྣམས་ལ་ཆད་པ་གཅོད། །ཟས་བསྟན་དགྲའི་ཤ་ཁྲག་དབུགས་ལ་རོལ། །ཁྱོད་དགའ་བའི་ལྷགས་གཏོར་བཤམས་ནས་ཕུལ། །ང་རྣལ་འབྱོར་དགའ་བའི་ཕྲིན་ལས་བསྒྲུབ། །རྐྱེན་བར་ཆད་ནད་རིམ་དལ་ཁ་བཟློག །སྔོན་ཁས་བླངས་བཞིན་དུ་ཕྲིན་ལས་མཛོད། །ཨོཾ་ཨུ་ཙི་ཏྲ་བཱ་ལིངྟ་ཁ་ཧི།

(༡༥༨)སྒྲུབ་པ་ཡིན་ན་གྲོལ་ཁ་བ་རྗེས་ཆོག་མི་བྱ། །གྲོལ་ཁར་བདག་འཇུག་བླང་ལ། བུམ་ཆུ་བཏུང་བ་དང་ཁྲུས་བྱས། སིན་དྷུ་ར་གནས་གསུམ་དུ་བྱུགས། མེ་ལོང་ལ་བལྟས་ནས་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་བསམ། བདུད་རྩི་བཏུང་བ་རྣམས་དངོས་གྲུབ་ལན་ཆོག་ཡིན། དུས་མཆོད་སོགས་ལ་འཕྲལ་དེར་རྗེས་ཆོག་བྱ་སྟེ། ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝ་ར་ཨརྒྷཾ་སོགས་དང་། གཅིག་ཤེས་ཁྲོལ་ལས་གསུང་བའི་བསྟོད་པ། །གང་གིས་དྲན་པ་ཙམ་གྱིས་ནི། །ལྷ་དང་ལྷ་མིན་མིར་བཅས་རྣམས། །ངེས་པར་མན་ངག་བྱེད་གྱུར་པའི། །སྒྲོལ་མ་དེ་ལ་ཕྱག་འཚལ་བསྟོད། །རབ་དཀར་ཆོས་སྤྱོད་བཅུ་དང་དགེ་བ་བཅུ། །མཁས་པའི་བྱ་བ་གསུམ་དང་ཐོས་བསམ་བསྒོམ། །བསླབ་པ་གསུམ་གྱི་དྲི་བསྲུང་རབ་འཕྲོ་བའི། །འདུས་པའི་པདྨོ་འདབ་སྟོང་ལྡན་གྱུར་གཅིག །ཅེས་ཆོས་ཀྱི་དབང་ཕྱུག་གིས་གསུངས་པ་དང་། སྤྲོ་ན་ད་ཆོས་སྤྱོད་ནས། དགེ་འདུན་སྡེ་རྒྱས་འཆད་རྩོད་རྩོམ་པ་དང་། ཤླཽཀ་གཉིས་ཆོས་གྲགས་རྒྱ་མཚོས་གསུངས་པ་དང་། ལྷ་རྣམས་ནོང་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་བདེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དང་། བདག་མདུན་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་བྱུང་། སྣོད་བཅུད་ལ་ཕོག་ཐམས་ཅད་འོད་དམར་ཞུ། །མེ་ལོང་ལ་ནི་ཧས་བཏབ་ཡལ་བ་བཞིན། །ཐམས་ཅད་བདག་ཐིམ་བདག་ཀྱང་ཧྲིཿལ་ཐིམ། །སླར་ཡང་ཟུང་འཇུག་གཙོ་བོ་རྐྱང་པའི་སྐུ། །འཁོར་བ་ཇི་སྲིད་འགྲོ་བའི་དོན་བྱའོ། །དགེ་བས་བདག་གཞན་འབྲེལ་ཐོག་ཐམས་ཅད་ཀུན། །བདེ་ཆེན་ཞིང་གི་དཔལ་ལ་སྤྱོད་པར་ཤོག །ཅེས་དཔལ་ཀྱཻ་རྡོ་རྗེ་རྟོག་པ་གཉིས་དང་སམ་བུ་ཊཱི་རྒྱུ་གཉིས་ལས་གསུངས་པའི་དོན། པཎྜི་ཏ་རྡོ་རྗེ་གདན་པ་ཆེན་པོས་དབང་རྡོ་རྗེ་ཕྲེང་བའི་གྲར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གསུང་པ་དང་། སྒྲུབ་ཐབ་རྒྱ་མཚོ་དང་བརྒྱ་རྩ་སོགས་རྒྱ་གཞུང་

(༡༥༩)གཙོ་ཀྱང་ཤིན་ཏུ་མང་བ་དང་། ཅིག་ཤེས་ཀུན་གྲོལ་ནས་བྱུང་བ་དང་། རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཆོ་ག་རྣམས་ཀྱི་དོན་བསྡུས་ཏེ། འདོན་ཆ་ཚིགས་སུ་བཅད་དེ་འཁྱེར་བ་འདི་ནི། བླ་མ་ཀརྨ་བརྩོན་འགྲུས་རྒྱ་མཚོ་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས། དགེ་སློང་ར་ག་ཨ་སྱས་ཤུགས་འཆང་རྟའི་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་ཡོངས་སུ་གྲུབ་པར་སྦྱར་བ་མངྒ་ལཾ། །ཟ། རི་ཆོས་འཚམས་ཀྱི་ཞལ་གདམས་ཆིག་རྒྱུད་ལས། བཅོམ་ལྡན་འདས་མ་སྒྲོལ་མ་དམར་མོ་རིག་བྱེད་མའི་སྒྲུབ་པ་ཆེན་མོའི་ལོ་རྒྱུས་དང་བཅས་པ་ཡོད། གང་ཟག་གཅིག་ལ་འདི་བྱས་ན་དབང་དུ་འདུས་ཏེ་གལ་ཏེ་དབང་དུ་མ་འདུས་ན་ནི་གང་ཟག་དེ་ཆོས་བྱུང་བར་གྱུར་བར་གསུངས་པའི་ཕྱིར་ཉེས་པ་ཡང་ཤིན་ཏུ་ཆེ་བར་བཤད་པས་ལག་ཏུ་བླང་བ་ཧ་ཅང་མི་ལེགས་སོ། །བསྒྲུབ་པའི་རྩ་བ་དངོས་གཞི་ནི་འདི་ཡིན་ནོ་ཤིན་ཏུ་གསང་བ་དམ་ཚིག་གོ། །ན་མ་ཨརྱ་ཏ་རེ་ཡེ། བླ་མ་བ་རི་ལོ་ཙ་བ་རིན་ཆེན་གྲགས། གསེར་ནི་དཔག་མེད་བསྣམས་ཏེ་རྒྱ་གར་བྱོན། །རྡོ་རྗེ་གདན་པ་ལ་སོགས་མང་པོར་བརྟེན། །ཁྱད་པར་པཎ་ཆེན་དོན་ཡོད་རྡོ་རྗེ་ལ། །འདི་ཡི་ཟབ་གནད་གདམས་པ་མང་པོ་ཞུས། །བོད་དུ་བྱོན་པས་ས་ཆེན་ཀུན་སྙིང་གིས། །ས་སྐྱའི་ཆོས་རྗེར་བསྐོས་ནས་ལོ་བཅུ་གསུམ། །ས་སྐྱའི་གདན་པ་མཛད་ཚེ་ས་སྐྱ་པས། །རྒྱུན་དུ་བསྐུར་སྟི་ཞབས་ཏོག་རྒྱ་ཆེན་མཛད། །སྐུ་དྲིན་ཆེ་ཕྱིར་འདས་ཁ་གདམས་པ་རྣམས། །ལྷག་མ་མེད་པ་ས་ཆེན་ཉིད་ལ་གནང་། །ས་ཆེན་ཉིད་ལ་གྲགས་པ་རྒྱལ་མཚན་ཞུས། །གཙང་གི་རི་བོ་གླང་ཆེན་འདྲ་བའི་སྣར། །ཚོགས་བདག་དམར་པོ་བསྒྲུབ་པས་ཞལ་གཟིགས་ཏེ། །སྣ་ལྗགས་རྩེ་ལ་ཁོང་བཞགས་ནམ་མཁར་ཁྱེར། །ལྟོས་ཤིག་ཟེར་ཡང་ནམ་མཁར་གླེ་ཡུ་འཁོར། །ཧ་ཅང་ལྟ་མ་ཕོད་ནས་ས་ལ་བཞག །ཅི་མཐོང་ཟེར་བས་སྐྲགས་པར་ལྟ་མ་ཕོད། །ཤར་ཕྱོགས་རྒྱ་མཚོའི་འགྲམ་ན་གྲོང་ཁྱེར་ནི། །དཀར་དང་རྩིག་རྩིག་འགའ་མཐོང་དང་སྨྲས་པས། །དེ་ནི་ཤར་ཕྱོགས་རྒྱ་ནག་ཡུལ་ཡིན་ཏེ། །

(༡༦༠)ཁྱོད་ཀྱི་ཚ་བོའི་རིང་ལ་དབང་དུ་འདུ། །ཞེས་པ་ཚོགས་ཀྱི་བདག་པོའི་ལུང་བསྟན་པས། །ཁོང་རང་རིང་ལ་མངའ་ཐང་ཆེར་མ་འཕེལ། །དེ་ཕྱིར་འཇིག་རྟེན་ལྷ་ཡི་དངོས་གྲུབ་ནི། །སྒྲུབ་མཁན་དེ་ལ་མི་ཡོང་མི་རྒྱུད་ལ། །འོང་བ་ཡིན་ཞེས་ཀུན་གྱི་སྨྲ་བ་ནི། །བདེན་པ་འདྲ་སྟེ་དུས་ཕྱིས་སྔགས་པ་ཞིག །དབང་ཕྱུག་ལན་མང་བསྒྲུབ་ཀྱང་དབུལ་ཞིང་འཕོང་། །བུ་ལ་ཕྱུག་པོ་གནས་ཆེན་བརྩོན་གྲགས་ལྡན། །གཅིག་གིས་ཛམ་དཀར་བསྒྲུབ་པའི་མི་རྒྱུད་ལ། །ཤིན་ཏུ་ཕྱུག་པ་བཀའ་འགྱུར་བཞེངས་པ་བྱུང་། །རྗེ་བཙུན་གྲགས་པའི་ཚ་བོ་ས་པཎ་ལ། །ཁྱེད་ཀྱི་ཚེ་བསྟོད་གདུལ་བྱ་ཕྲིན་ལས་ཆུང་། །རྒས་དུས་ཞྭ་ནི་ཁྲ་དང་འདྲ་བ་ལ། །ལྷམ་ནི་ཕག་སྣ་འདྲ་བ་གྱོན་པའི་མིང་། །གདན་འདྲེན་ཡོང་བས་བྱོན་དང་གདུལ་བྱ་འོང་། །གསུངས་པ་བཞིན་དུ་རྒྱ་ནག་གདན་འདྲེན་བྱུང་། །གདུལ་བྱ་ལོངས་སྤྱོད་བསམ་ལས་འདས་ནའང་། །རྒྱལ་པོ་དབང་དུ་མ་འདུས་དབང་མ་ཞུས། །ཚ་བོ་མགྲོན་པོ་ཆོས་རྒྱལ་འཕགས་པ་ཡིས། །རྒྱལ་པོ་དབང་དུ་སྡུ་ཕྱིར་འདི་བསྒྲུབ་པས། །རྒྱལ་པོས་དབང་ཞུས་ནུབ་གཅིག་དབང་ཡོན་ལ། །བོད་ཡུལ་ཁྲི་སྐོར་བཅུ་གཉིས་སྡེ་ཀུན་ཕུལ། །དེ་ནས་བོད་ཡུལ་ཐམས་ཅད་ས་སྐྱས་དབང་། །དགོན་སྡེ་བསམ་ལས་འདས་པ་དེ་དུས་བསྟབ། །ས་སྐྱའི་ལྷ་ཁང་ཆེན་མོ་དེ་དུས་བཞེངས། །དེ་ཕྱིར་ད་ལྟའང་དབུས་གཙང་ཡུལ་དུ་ནི། །ཆོས་ལུགས་ཀུན་ལས་ས་སྐྱའི་དགོན་པ་མང་། །དེ་ལྟར་རྒྱལ་པོ་ལ་སོགས་སྟོབ་ཆེན་གཅིག །དབང་དུ་འདུས་ན་ཐམས་ཅད་དབང་འདུས་ཕྱིར། །འདི་ནི་གང་ཟག་གཅིག་གིས་དབང་སྡུད་ཐབས། །དེ་ཡང་བསོད་ནམས་ཆེ་བའི་ར་ཛ་སོགས། །ཐོག་མ་ཉིད་ནས་དབང་དུ་འདུ་དཀའ་བས། །ཉེར་མཁོའི་བསོད་ནམས་ཆུང་བའི་གང་ཟག་གཅིག །དང་པོ་དབང་བསྡུད་དེ་ཉིད་རྟག་ཐོན་ནས། །དེ་ནས་བསོད་ནམས་ཆེ་བའི་ར་ཛ་སོགས། །དབང་དུ་སྡུད་ཀྱང་སླ་བ་མན་ངག་གོ། །དེ་ནས་དཔའ་བོ་གཅིག་བསྒྲུབ་རྒྱུད་ཆེན་དང་། །རྒྱ་གཞུང་བླ་མའི་མན་ངག་ཀུན་གྱིས་དོན། །བུ་མེད་ཟླ་མཚན་གོས་པའི་གོས་སམ་རས། །ཡང་ན་གྲོ་ག་ལ་ཡང་རུང་བ་སྟེ། །ཙནྡ་དམར་པོ་གུར་གུམ་འགི་ཝང་དང་། །རང་གི་སྲིན་

(༡༦༡)ལགས་ཁྲག་ཀྱང་བསྲེས་པ་ཡི། །འཁོར་ལོའི་ལྟེ་བར་ཧྲིཿདང་དེའི་མཐར། །བདག་ཆེན་གེའི་དབང་དུ་ཆེ་གེ་སོ། །པ་ཤཾ་ཀུ་རུ་ཧོཿ ཞེས་བསྐོར་བ་བྲི། །དེ་རྒྱབ་འཁོར་ལོ་རྩིབ་ནི་བཅུ་དྲུག་པོ། །ཨུཏྤ་ལའི་འདབ་མ་ལྟ་བུ་ཡི། །རིན་ཆེན་ནང་དུ་བསྒྲུབ་བྱའི་མིང་རེ་ལ། །ཀུ་རུ་ཀུལླེའི་ཡིག་འབྲུ་བཞི་རེས་བསྐོར། །དེ་རྒྱབ་མུ་ཁྱུད་དྷིམ་པ་གསུམ་པོ་ལ། །ཨོཾ་ཡིག་ཁོ་ན་དུ་ཤོང་བྲི་བར་བྱ། །མིང་ཡིག་དེ་ལ་བསྒྲུབ་བྱ་བསྐུག་སྟིམ་བྱ། །ཅི་བདེར་སྟེབ་ལ་སྐུད་པ་དམར་པོས་དཀྲིས། །པྲ་ཚིལ་ལིངྒ་སོར་བརྒྱད་སྙིང་ཀར་བཅུག །དེ་ལ་སྒྲུབ་བྱ་དངོས་སུ་དམིགས་པས་བསྐྱེད། །ཡང་ཡང་བཀྲུག་མོང་བྱས་མ་སྟིམ། །བུ་མོ་ཙང་མས་བཀལ་བའི་སྐུད་པ་ནི། །དམར་པོ་ཟང་མའི་ཁབ་ཀྱི་དམིགས་སུ་བརྒྱུས། །འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུའི། །ཕུག་ཞིང་ཞགས་དྲང་བར་བསྒོམས་བྱ་ཞིང་། །ཟང་ཁབ་སྐུད་པས་ལིངྒའི་གསང་གནས་དྲངས། །དེ་ཉིད་ས་ཡི་བྲུབ་ཁུང་ཟླ་གལ་མམ། །ཡང་ན་ཟང་སྡེར་ནང་བཞག་དཀྱིལ་འཁོར་དྲུང་། །ཚེས་གཅིག་ནས་གཟུང་བཅོ་ལྔའི་བར་དག་ཏུ། །གོས་དམར་གྱོན་ཤིང་ཙནྡན་ཕྲེང་བ་བགྲང་། །ཐུན་གསུམ་མ་ནི་ཐུན་བཞིར་སྔགས་ཀྱི་གྲངས། །ཁྲི་རེ་བཟླས་ཤིང་ཐུན་འཚམས་མདུན་བྱེད་ལ། །ཙནྡན་དམར་པོ་བྱུག་པའི་མཎྜལ་དང་། །དར་དམར་མེ་ཏོག་དང་ཚོགས་མཆོད་འབུལ། །རང་ཉིད་ལྷ་མོའི་སྐུ་ལུས་སྟོང་པའི་ནང་། །ཧྲཱི་དམར་ལས་བྱུང་ཨུཏྤལ་སྡོང་པོ་ནི། །རྩ་བ་གསང་བའི་གནས་ནས་སྐྱེས་པ་ལ། །འདབ་མ་བརྒྱད་པ་དམར་པོ་ཐུགས་ཀར་བྱེ། །དེ་དབུས་ཉི་སྟེང་ཧྲིཿལས་སྔགས་གཡོན་འཁོར། །འདབ་མ་བརྒྱད་པོར་དབྱང་ཡིག་རིང་པོ་བརྒྱད། །ཨཱ་ཨཱི་ཨཱུ་རཱི་ལཱི་ཨཱཻ་ཨཱོ་ཨཱ་ཧྲཱི༔། །ལས་འོད་འཕྲོས་བསྒྲུབ་བྱ་གང་ཡིན་ཏེ། །ཡམ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྟེང་། །སྐྲ་གྲོལ་ཅེར་བུར་འདུག་པར་གྱུར་པ་ལས། །འོད་ཟེར་ཨུཏྤལ་ཞགས་པས་མགྲིན་པར་བཏབ། །ལྕགས་ཀྱུས་སྙིང་ཀ་ནས་བཟུང་རླུང་གི་ཁྱེར། །ཤིན་ཏུ་མྱུར་ཞིང་རིང་དྲག་ལྡན་ཚུལ་གྱིས། །བཀུགས་ནས་ལིངྒ་ལ་ཐིམ་རང་ཉིད་ཀྱིས། རྐང་པའི་ཐད་དུ་གཞོག་གཡོན་ས་

(༡༦༢)བསྟན་ནས། །གན་རྐྱལ་ཉིད་དུ་འགྱེལ་ཏེ་གནས་པ་ལ། །ཕྱག་གིས་ལྕགས་ཀྱུ་ཕོ་ཡི་སྙིང་ཁ་དང་། །མོ་ཡི་གསང་བར་བསྟབ་ཏེ་བཟུང་བྱས་གནས། །དེ་ཡི་སྙིང་ཁར་པདྨའམ་ཨུཏྤལ་ནི། །འདབ་བརྒྱད་དམར་པོ་སྡོང་བུ་སྐྱེས་མ་ཐག །རྩ་བ་ལྟེ་བའི་གཡས་སུ་ཟུག་པ་ལ། །འདབ་བརྒྱད་སྙིང་ཀར་ཁ་ནི་བྱེ་བ་ཡི། །དབུས་སུ་ཁོ་ཡི་མིང་གི་ཡི་གེ་ལ། །འདབ་བརྒྱད་དབྱང་ཡིག་ཐུང་ངུ་་བརྒྱད་བཀོད་དེ། །ཨ་ཨི་ཨུ་རི་ལྀ་ཨེ་ཨོ་ཨ༔ །རང་གི་ཐུགས་ཀའི་ཧྲིཿལས་འོད་ཟེར་ནི། །ལྕགས་ཀྱུ་དང་ནི་ཧྲིཿཡིག་རྣམ་པ་ཅན། །འཕྲོས་ཏེ་རང་གི་རྣ་བ་གཡས་ནས་ཐོན། །མདའ་སྟོང་ནང་ཞུགས་མདའ་ཡི་རྒྱུད་ནས་སོང་། །མདེའུ་ཨུཏྤལ་ལྟེ་བའི་དབུས་ནས་ཐོན། །བསྒྲུབ་བྱའི་སྣ་བུག་ནས་ཞུགས་སྙིང་ཀར་སོང་། །ཁོ་ཡི་མིང་ཡིག་རེ་རེ་ནས་བླང་སྟེ། །རང་གི་སྣ་བུག་གཡས་ཞུགས་ཐུགས་ཀར་ཐིམ། །ཡང་ནི་སྔོན་ལྟར་རང་གི་ཐུགས་ཀ་ནས། །བུང་བ་དམར་པོ་རྒྱག་ཅིང་ཁྲོ་བོའི་ཚོགས། །འཕྲོས་ཏེ་མདའ་ཡི་རྒྱུད་ནས་སྣ་གཡས་ཞུགས། །ཁོ་ཡི་སྙིང་ཁའི་པདྨའི་བཅུད་རྣམས་འཇིབས། །མེ་ཏོག་སྡོང་བུ་གཉིད་ཅིང་མདོག་ཉམ་གྱུར། །རང་གི་ཕྱག་མཚན་མདའ་ནས་ཨུཏྤལ་གྱིས། །མདའ་ཡི་ཚོགས་སྤྲོས་ཕོ་ཡི་སྙིང་ཁ་དང་། །མོ་ཡི་གསང་བའི་གནས་སུ་མདེའུ་ཕུགས། །མདའ་སྒྲས་ཁོ་ཡི་སྙིང་ཀའི་བུམ་པ་འདྲོགས། །ཁོ་ཡི་སྙིང་ཀའི་དབྱང་ཡིག་རེ་རེ་ནས། །བུང་བས་ཁྱེར་ཏེ་སྣ་བུག་གཡོན་ནས་བྱུང་། །རང་གི་སྣ་གཡས་ནས་ཞུགས་ཧྲིཿལ་ཐིམ། །རང་གཞན་ངོ་བོ་དབྱེར་མེད་གྱུར། །དེ་ལྟར་འོད་ཟེར་ཨུཏྤལ་དམར་པོ་ཡིས། །མདའ་ཡི་དྭྲ་བ་འགལ་མེའི་འཁོར་ལོ་ལྟར། །དེ་ཡི་ནང་དུ་ཁོ་ཡི་རྣམ་ཤེས་ལུས། །ཚུད་པས་མྱོས་ཤིང་འོག་འཁོར་དྲན་པ་མེད། །ཕོ་ཡི་སྙིང་ཀ་མོ་མི་པདྨ་ལས། །ཨུཏྤལ་མད་ཡི་ཕོགས་པས་ཐིག་ལེ་འཛགས། །བདག་ལ་རང་དབང་མེད་པར་ཆགས་པར་དམིགས། །ཨོཾ་ཀུ་རུ་ཀུལླེ་ཧྲིཿ ཆེ་གེ་པ་ཤཾ་ཀུ་ཏུ་ཧོཿ ཨ་ཀརྴ་ཡ་ཧྲིཿསྭཱ་ཧཱ། །རྨི་ལམ་བུ་མེད་ཚོགས་ཀྱི་བསྙན་བསྐུར་དང་། །མེ་ཏོག་དམར་པོའི་ཕྲེང་བ་རྒྱན་

(༡༦༣)གོས་སྟེར། །སྐྱེ་བོ་མང་པོས་ཕྱག་འཚལ་བཀུར་སྟི་འབྱུང་། །དེ་ནི་འདུ་ཞིང་གལ་ཏེ་འདུ་དཀའ་ན། །ཐུན་འཚམས་སེང་ལྡིང་ཤུག་པ་དམར་པོ་ཡི། །དབང་གི་སྦྱིན་བསྲེག་བྱས་པའི་མེ་ལ་ནི། །པྲ་ཚིལ་ལིངྒ་ཞུ་ལ་ཁད་དུ་བསྲོ། །སྔགས་བཟླས་རྐང་པས་མནན་པས་དེ་མ་ཐག །དབང་དུ་འདུ་བར་ཐེ་ཚོམས་མེད་པར་གསུངས། །ཤིན་ཏུ་སྟོབས་ལྡན་དཔེ་ཀྱང་འདུ་དཀའ་ན། །དཔྱིད་ཟླ་ར་བའི་ཚེས་བརྒྱད་གོས་དམར་གྱོན། །མྱོས་བྱེད་འབྲས་བུ་སྤོ་སོན་འཇའ་ཡང་ནི། །དེ་གཉིས་རྒྱ་གར་སྙིང་ཐོག་རྙེད་པར་དཀའ། །རྒུན་འབྲུམ་ལ་སོགས་ཤིང་ཐོག་དམར་པོའི་རིགས། །ཆང་གི་གླུམ་ནི་ཁ་རུ་མུར་བྱེད་ཅིང་། །དཔྲལ་བར་རྒྱ་སྐག་ཐིག་ལེ་བྱས་ནས་ཀྱང་། །ལིངྒ་འཁོར་ལོ་ཅན་དེ་རྐང་པས་མནན། །གོང་གི་སྔགས་ནི་མིང་སྤེལ་བཅས་པ་བཟླས། །དེ་ནི་སྤོག་ཆོག་ཤིན་ཏུ་ཟབ་པའོ། །གལ་ཏེ་ཆགས་ལ་མ་བསྟན་རྣལ་འབྱོར་པས། །དེ་ལྟར་ཕྱག་རྒྱ་མ་སོགས་དབང་བསྡུས་ནས། །དེ་ནས་ཕྲལ་བར་འདོད་ཀྱང་མ་བྲལ་ན། །ལིངྒ་ཙཀྲ་ཕྱུང་ལ་འོ་མར་བཀྲུ། །འཁོར་ལོ་གསར་པ་བྲིས་པའི་མིང་སྤེལ་སར། །ཆེ་གེ་བཅིང་བ་གྲོལ་བར་གྱུར་ཅིགས༴ །ཅེས་བྲིས་རབ་ནས་བྱས་ལ་རང་གིས་བཟུང་། །ཨོཾ་ཀུ་རུ་ཀུལླེ་ཧྲིཿ ཆེ་གེ་བཅིང་བ་ལས་གྲོལ་བར་གྱུར་ཅིག་སྭཱ་ཧཱ། །ཅེས་བཟླས་ཙཀྲ་དེ་ཉིད་རང་གིས་སྤངས། །ཙཀྲ་སྲེ་མོང་ཚང་གི་ཁུང་དུ་སྦས། །དེ་ཡི་གྲོལ་ནས་གཞན་དུ་དེང་བར་འགྱུར། །འདི་དག་བསྒྲུབ་ཐབ་གཙོ་བོ་ཡིན་ན་ཡང་། །དཀའ་ཚོགས་ཆེ་ལ་སྟབས་ཀྱང་མི་བདེ་ཡང་། །བསྒྲུབ་གཏོར་ཆ་ལགས་ཆང་ཕྱིར་རབ་སྨྲས་པ། །བྲིས་ལ་ཉེས་བཤགས་དགེ་བས་འགྲོ་བ་ཀུན། ཨརྱ་ཏ་རེའི་གོ་འཕང་ཐོབ་པར་ཤོག ༈ འ། རི་ཆོས་འཚམས་ཀྱི་ཞལ་གདམས་ཆིག་བརྒྱུད་ལས། འཕགས་མ་སྒྲོལ་མ་རིག་བྱེད་མའི་མན་ངག་ཤིན་ཏུ་གསང་བ་ཆིག་བརྒྱུད་ལས་ཟབ་གནད་བཀའ་རྒྱ་མ་རྒྱུད་འཛིན་ལ་ཆིག་བརྒྱུད་སྣོད་མིན་མང་པོ་

(༡༦༤)ལ་མི་སྤེལ་བའི་དམ་ཚིག་གོ། ༈ དཔལ་ལྡན་བླ་མ་གར་དབང་རྡོ་རྗེ། །འོད་མཚན་ཅོད་པཎ་ཅན་དེ་ཡིད་མཚོར་གསལ། །རང་འདོད་དཀོར་ལེ་མ་ཡིན་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་འདོད་བློའི། །བྱམས་པའི་ལྕགས་ཀྱུ་སྙིང་རྗེའི་ཞགས་པ་ཡི། །འགྲོ་ཀུན་དབང་བསྡུས་བྱང་ཆུབ་ལམ་འགོད་ན། །སེམས་དཔའ་ཆེན་པོའི་སྤྱོད་པ་བླ་ན་མེད། །དཔེར་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་བཞིན། །འདི་འདྲའི་གདམས་ངག་མཚན་ལྡན་བླ་མ་ལ། །འདི་འདྲའི་གདམས་ངག་མཆོག་དང་མི་ལྡན་ན། །ཡིད་བཞིན་ནོར་བུར་འབུ་སྲིན་མི་འཁོར་ཞིང་། །མི་ཙང་དྲི་མར་ཐམས་ཅད་འདུ་བ་ལྟར། །བྱང་ཆུབ་ལམ་བསྟན་མཚན་ལྡན་བླ་མ་ལ། །སྙིགས་དུས་མི་རྣམས་དད་མི་འདུ་བར། །ལྟར་སྣང་ལེགས་ཤིང་ལོངས་སྤྱོད་གང་ཆེར་འདུ། །བསྒྲུབ་བྱ་བླ་མེད་བྱང་ཆུབ་མི་སེམས་པར། །ཚེ་འདིར་འབྲུ་ནོར་མངའ་ཐང་སྙན་གྲགས་བསྒྲུབ། །དེ་ལ་དགའ་རབ་དབང་ཕྱུག་རྟག་ཏུ་དགའ། །དེ་ཡི་འདོད་དོན་སྒྲུབ་ལ་བརྩོན་བྱེད་ཚུལ། །ཐུབ་པས་མདོ་སྡེ་རྣམས་ནས་ལུང་དུ་བསྟན། །བདུད་ཀྱི་བྱིན་རླབས་མངའ་ཐང་རབ་འཕེལ་ཚེ། །འདོད་པའི་སེམས་ལ་ཁེང་པའི་དུས་མེད་པས། །གཞན་ཕྱོགས་བརླག་པའི་ཞེ་སྡང་མེ་ལྟར་འབར། །རང་ཕྱོགས་སྐྱོང་བའི་འདོད་ཆགས་ཆུ་ལྟར་འཁྲུག །གཏི་མུག་རྨོངས་པས་བསྟན་དང་བསྟན་འཛིན་ལ། །ལོག་ལྟ་ངན་སེམས་མཚམས་མེད་སྡིག་ལ་སྤྱོད། །དེ་ཚེ་བདུད་རྒྱལ་སྡིག་ཏོ་ལྡན་པ་རྣམས། །དགའ་མགུ་ཡིད་རང་དེ་ཡི་བསྟན་པ་བསྲུངས། །འཇིག་རྟེན་ཐམས་ཅད་ལོགས་ལམ་དེ་རུ་བསྒྱུར། །བྱང་ཆུབ་སྐྱོན་མེད་ལམ་རྣམས་རིམ་གྱིས་ནུབ། །འདི་དག་བདུད་ཀྱི་སྨོན་ལམ་སྟོབས་ལས་བྱུང་། །དེ་ཚེ་སྒྲོལ་མ་མྱུར་མ་དཔའ་མོ་ཡི། །ཐུགས་རྗེས་བསྐུལ་ནས་སྐལ་ལྡན་མ་ལ་ཞིག །ལོག་ལམ་མི་ལྟུང་བྱང་ཆུབ་ལམ་དུ་འགྲོ། །དེ་ཕྱིར་གདམས་ངག་འདི་ནི་རྒྱལ་བ་དང་། །མཁས་གྲུབ་དུ་མས་ཐུག་ལ་སྣང་བ་པའོ། །སྐལ་ལྡན་བྱང་ཆུབ་སེམས་ལྡན་མ་ལགས་པ། །ཕལ་ལ་བསྟན་ན་ལོག་ལམ་གྲོགས་སུ་འགྲོ། །དེ་ཕྱིར་གསང་བ་རྒྱ་ཡི་གདམས་པའོ། །ཙནྡན་དམར་པོ་དབང་ཕྱུག་དཀྱིལ་འཁོར་སོགས། །

(༡༦༥)མདུན་བསྐྱེད་རྟེན་རྣམས་གཞུང་གི་ཆོ་ག་ལྟར། །བདག་བསྐྱེད་ལ་བརྟེན་བསྙན་པའི་གྲང་ཐེམ་ནས། །མདུན་བསྐྱེད་ཆོ་ག་བཞིན་དུ་བསྐྱེད་པ་དང་། །མཆོད་བསྟོད་ཚོགས་སོགས་ཐུན་གསུམ་ཐུན་བཞིར་འབད། །དེ་ཚེ་ཟབ་གསང་སྔགས་དང་དམིགས་པ་ནི། །བདག་བསྐྱེད་ཐུགས་ལས་འོད་ཟེར་དམར་པོ་འཕྲོས། །མདུན་བསྐྱེད་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ། །མདུན་བསྐྱེད་འོད་ཟེར་ཉི་མ་ཤར་བ་ལྟར། །འཁོར་ཀུན་ཁྱབ་པས་གཙོ་འཁོར་ཐམས་ཅད་ཀྱི། །སྐུ་ལས་ལྷ་མོ་དམར་མོ་ཞལ་གཅིག་པ། །འཛུམ་མཛེས་ལྕགས་ཀྱུ་ཞག་པ་ཐོག་པ་ཡི། །ཞལ་གཅིག་ཕྱག་གཉིས་དར་དང་རིན་ཆེན་བརྒྱན། །དེ་འདྲ་གྲང་མེད་ནམ་མཁའ་ཁྱབ་པར་འཕྲོས། །རྒྱལ་པོ་བློན་པོ་དགེ་བཤེས་ལ་སོགས་པ། །གང་འདོད་འགྲོ་བ་སྤྱི་འམ་གཅིག་ཀྱང་རུང་། །སྙིང་ཀར་ལྕགས་ཀྱུ་བཏབ་ཅིང་མགྲིན་པ་ནས། །ཨུཏྤལ་དམར་པོའི་ཞགས་པས་བཅིང་བཞིན་དུ། །རླུང་ལྟར་མགྱོག་པའི་ཤུགས་ཀྱིས་བཀུག་ནས་ཀྱང་། །མདུན་གྱི་མཎྜལ་སྟེང་དུ་གན་རྒྱལ་འགྱེལ། །དེ་ལ་ལྷ་མོ་ལྕགས་ཀྱུ་ཅན་གྱིས་བསྐོར། །ཕོ་ཡི་སྙིང་ཁ་མོ་ཡི་གསང་གནས་སུ། །ལྕགས་ཀྱུས་བཏབ་པས་རྐྱེན་བྱས་བདག་ཉིད་ལ། །རང་དབང་མེད་པར་དད་ཅིང་ཆགས་སེམས་བསྐྱེས། །བཀྲག་མདངས་བསོད་ནམས་འོད་ཟེར་དམར་པོ་རུ། །རང་ལ་ཐིམ་པའི་དམིགས་པ་སྐབས་སུ་བྱ། །ཨོཾ་ཀུ་རུ་ཀུ་ལེ་ཧྲི༔ སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། དེ་ལྟར་ཞག་བདུན་ཉེར་བཞི་ཉེར་གཅིག་ཙམ། །སྒྲུབ་ཅིང་ཐུན་འཚམས་ཚོགས་གཏོར་མཆོད་པ་བྱ། །རྨི་ལམ་བུད་མེད་གཞོན་ནུ་མཛེས་མའི་ཚོགས། །བདག་ལ་དགའ་ཞིང་གུས་ཚུལ་བསྐུར་སྟི་བྱེད། །མེ་ཏོག་དམར་པོའི་ཕྲེང་བ་རྒྱན་དང་གོས། །བདུད་རྩི་ལ་སོགས་དངོས་གྲུབ་རྫས་རྣམས་སྟེར། །སྐྱེ་བོ་མང་པོ་ཁྲོམ་དུ་འཚོག་པ་ཡི། །ཕྱག་དང་བཀུར་སྟི་ཡང་ཡང་བྱེད་པ་ནི། །དེ་ནི་འགྲུབ་པའི་རྟགས་སུ་གསུང་པ་སྟེ། །རོལ་མོ་སྐད་བཟང་འཁྲོལ་བ་སྙན་གྲགས་ལྟས། །དེ་ལྟར་བརྟག་ཡིག་གཞན་རྣམས་རིག་པས་

(༡༦༦)དཔྱད། །བསྒྲུབ་པ་ཚར་ནས་བདག་འཇུག་བླང་བ་དང་། །སིན་དྷུ་ར་ནི་གནས་གསུམ་ཐིག་ལེ་བྱ། །བདུད་རྩི་བཏུང་ཞིང་གཏོར་མ་འཁྱར་བྱ། །བསྒྲུབ་རྫས་མི་མངོན་གཞན་ལ་གསང་དམ་བཅད། །དེ་ནས་ཆོས་བཤད་དབང་བསྐུར་ལ་སོགས་པ། །དུས་ཀུན་གཙོ་མོ་རྐྱང་པའི་ང་རྒྱལ་བཟུང་། །རྒྱུན་དུ་དྲན་རྫོགས་བསྐྱེད་རིམ་བསྒོམ་པ་དང་། །བསྙེན་པ་གང་འགྲུབ་གཏོར་སྔོས་ཁཱ་ཧཱི་སྦྱར། །ཡར་མར་ཚེས་བརྒྱད་སོགས་ལ་ཆོ་ག་ཡི། །དུས་མཆོད་བཟུང་ལ་ཚོགས་དང་གཏོར་མ་འབུལ། །འགྲུབ་སྦྱོར་ལེགས་དུས་ཚོད་བཟུང་ལ། །དབང་གི་སྦྱིན་བསྲེག་སྤྱི་ལྟར་ཡང་ཡང་བྱ། །དེས་ནི་འཇིག་པ་ཀུན་ལས་སྒྲོལ་བ་དང་། །མི་ཀུན་གྱིས་བྱམ་ཤིང་མི་ཁ་མེད་པ་དང་། །འགྲོ་དོན་འབྱུང་སོགས་གཞུང་གི་ཕན་ཡོན་འབྱུང་། །ཙནྡྡན་དམར་པོའི་མཎྜལ་ལ་བརྟེན་ནས། །སྒྲུབ་པ་འདི་ནི་སྒྲུབ་པའི་དངོས་གཞི་ཡིན། །སྒྲུབ་པ་ལས་སྦྱོར་གཉིས་ཀ་གཅིག་ཡིན་ནོ། །འདི་བྲིས་སྦ་འོས་གསལ་བཀོད་ཉེས་པ་རྣམས། །ཡི་དམ་འཕགས་མ་འཁོར་དང་བཅས་ལ་བཤགས། །དགེ་བས་བྱང་ཆུབ་སེམས་ལྡན་དགེ་ཤེས་རྣམས། །མཛད་ཕྲིན་ནམ་མཁའི་མཐའ་ཀླས་ཁྱབ་གྱུར་ཅིག །ཅེས་བརྩོན་འགྲུས་རྒྱལ་པོས་ཕྱག་དང་མཎྜལ་བརྒྱ་རྩ་ཕུལ་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་པས། རྟ་ལོ་འབུམ་འགྱུར་ཟླ་བའི་ཡར་ཚེས་བརྒྱད་ཀྱི་དགོང་མོ་དབང་གིས་དུས་སྒྲོལ་མ་ཉིད་ཀྱི་རིག་བདག་དང་དབྱེར་མེད་པའི་སྤྲུལ་སྐུ་ར་ག་ཨ་སྱ་རིན་པོ་ཆེའི་ཞལ་སྔ་ནས་བརྩལ་ཞིང་ཕྱག་བྲིས་མཛད་ནས་གནང་བས་བསྟན་འཛིན་དམ་ཚིག་དང་ལྡན་པས་མང་པོར་ཕན་པར་སྨོན། །སརྦ་མངྒ་ལཾ། ༈ རི་ཆོས་འཚམས་ཀྱི་ཞལ་གདམས་ཅིག་རྒྱུད་ལས། །འཕགས་མ་ཀུ་རུ་ཀུ་ལོའི་ཙཀྲའི་སྒོ་ནས་ལས་བསྒྲུབ་པའི་མན་ངག་ཆིག་བརྒྱུད་མ་ཏོག་སྣོད་མིན་མང་པོ་ལ་མི་སྤེལ་བ་དམ་ཚིག་གོ། །ན་མོ་ཨརྱ་ཏ་རེ་ཡེ། ལྷ་མོའི་བསྙེན་པ་སྔོན་དུ་སོང་བའི་མིས། །འཁོར་ལོ་ལ་བསྟན་བསྒྲུབ་པར་བྱ་བ་ནི། །ཤོག་བུ་རས་སམ་

(༡༦༧)གྲོག་གང་རུང་ལ། །སྐྱེས་པ་དབང་དུ་བསྡུ་ན་གུར་ཀུམ་དང་། །འགི་ཝང་བསྲེས་ལ་བྲི་བར་བྱ་བ། །མ་རྙེད་དེ་གཉིས་བཙགས་ལ་བསྲེ་རུང་ངོ་། །བུ་མེད་དབང་སྡུད་ཙནྡྡན་དམར་པོ་དང་། །རྒྱ་སྐག་བསྲེས་ལ་བྱི་བར་བྱ་བར་གསུང་། །ཐམས་ཅད་སྤྱི་ལ་རྫས་རྣམས་ཐམས་ཅད་དང་། །མཚལ་ལམ་བཙག་བསྲེས་ཡིག་འབྲུ་དམར་པོ་བྲི། །འཁོར་ལོ་རྩིབས་བརྒྱད་ལྟེ་བ་མུ་འཁྱུད་བཅས། །ལྟེ་བར་སོ་སོའི་མིང་ནི་བྲི་གསུང་བ། །སྐྱེས་པ་བུ་མེད་གང་འདོད་མིང་སམ་ནི། །འཇིག་རྟེན་སྤྱི་ལ་ས་ཕྱོགས་ཆེ་གེ་ཡི། །སྐྱེས་པ་བུ་མེད་བཙུན་པ་ཐམས་ཅད་གཅེས། །སྤྱི་ཡི་མིང་བྲི་བ་ནི་མེ་ཏོག་གོ། །ཚིག་འཇུག་པ་ཤཾ་ཀུ་རུ་ཧོཿ །ཅེས་བྲི་དེ་རྒྱབ་རྩིབས་བརྒྱད་རེ་རེ་ལ། །ཡི་གེ་འབྲུ་ནི་རེ་རེ་བྲི་བ་སྟེ། །ཨོཾ་ཀུ་རུ་ཀུ་ལེ་ཧྲིཿསྭཱ་ཧཱ། ཅེས་པ་བྲི་ཞིང་དེ་རྒྱབ་མུ་ཁྱུད་ལ། ཨཱ་ལི་ཀཱ་ལི་བྲི་བར་བྱ་བ་སྟེ། །ཐམས་ཅད་ཡིག་འགོ་ཕྱིར་བསྟན་གཡས་བསྐོར་རོ། །དེ་ནས་གདན་དམར་སྟེང་དུ་འཁོར་ལོ་བཞག །མཆོད་པ་ལྔ་བཤམས་བདག་མདུན་ཆོ་ག་འདོན། །སྟོང་པའི་ངང་ལས་འཁོར་ལོ་བྲིས་ལྟར་བསྐྱེད། །བསྙེན་པ་བྱས་རྗེས་མདུན་བསྐྱེད་འཁོར་ལོ་བསྟིམ། །རྟེན་འབྲེལ་སྙིང་པོ་བརྒྱ་དང་རྩ་བརྒྱད་ཀྱིས། །སྔགས་ནས་མེ་ཏོག་གཏོར་ཏེ་དྲིལ་བྱས་ལ། །དར་དམར་གྱིས་བཏུམ་སྐུད་པ་དམར་པོས་བཀྲི། །རང་ལུས་བཏགས་ལ་བདག་བསྐྱེད་བསྒོམ་བྱ་ཞིང་། །ཨོཾ་ཀུ་རུ་ཀུ་ལེ་ཧྲི་ལོ་ཀ་སརྦ་པ་ཤཾ་ཀུ་རུ་ཧོཿསྭཱ་ཧཱ། །འཚམས་སོགས་མི་དགོས་རྒྱུན་བསྙེན་བྱས་མཆོག །ཟབ་ཅིང་ལགས་བླང་བདེ་བའི་གདམས་ངག་སྟེ། །འཁོར་ལོ་ལ་ནི་བརྟེན་ཏེ་བསྒྲུབ་པ་ཞེས། །བསྒྲུབ་པའི་རྣམས་གྲང་གཙོ་བོ་གཅིག་ཡིན་ནོ། །གསེར་ལས་འཕང་བའི་གདམས་ངག་འདི་ཡིན་ཀྱཻ། །ས་སྐྱ་པ་ཡི་གདམས་ངག་གཙོ་བོ་སྟེ། །རྗེ་བཙུན་གྲག་པ་རྒྱལ་མཚན་གྱིས་གསུངས་པ། །གོ་བར་དཀའ་བ་གསལ་བར་བཀོད་པ་ཡིན། །ཨི་ཐི། ཟབ། །ཡང་ནི་འཁོར་ལོ་ལ་བརྟན་བསྲུང་བ་ནི། །ཤེས་རབ་འཕེལ་བའི་གདམ་པ་བྱ་བ་ནི། །གོང་གི་

(༡༦༨)རྫས་ཀྱི་གྲོ་ཤོག་གཙང་མ་ལ། །འཁོར་ལོའི་ལྟེ་བ་ཙིབ་དང་མུ་ཁྱུད་ཅན། །ལྟེ་བར་ཚེས་གསུམ་ཟླ་བའི་གཟུགས་བྲིས་དབུས། །སྲུང་བྱའི་མིང་ལ་སྲུང་ཤིག་བྱ་བ་འམ། །ཤེས་རབ་རྒྱས་པར་གྱུར་དང་གང་འདོད་བྲི། །དེ་རྒྱབ་ཧྲིཿཡིག་དམར་པོ་བདུན་གྱིས་བསྐོར། །དེ་རྒྱབ་རྩི་བཞི་ཨུཏྤལ་འདབ་བཞིའི་ཚུལ། །ཤར་དུ་མདའ་དང་གཞི་ཡི་གཟུགས། །སྐྱབ་སྦྱིན་ཕྱག་རྒྱའི་གཟུགས་ནི་ནུབ་ཏུ་སྟེ། །བྱང་དུ་ཨུཏྤལ་དམར་པོ་བྲི་བར་བྱ། །ཕྱི་ཡི་མུ་ཁྱུད་ཨུཏྤལ་ཕྲེང་བས་བསྐོར། །མུ་ཁྱུད་དབུས་སུ་ཨུཏྤལ་འབྲུ་རེ་རེ། །དེ་ནི་ཅི་མང་བྲི་སྟེ་གྲངས་ཀ་མེད། །སྔོན་ལྟར་མདུན་བསྐྱེད་བསྟིམ་ཞིང་རབ་གནས་བྱ། །རང་ངམ་གཞན་ལ་སྲུང་བར་གྱུར་པ་ཡིན། །དེ་ནི་ཤེས་རབ་འཕེལ་བར་འགྱུར་བ་དང་། །གཞན་ཡང་བྱིས་པ་རྒད་པོ་དར་བབ་ལ། །འཁྲུལ་འཁོར་གྱི་ནི་རང་བསྲུང་འགྲུབ། །ཤེས་རབ་དམན་ལ་བསྲུང་བ་ནི། །བྲིས་ཏེ་བཅང་བས་ཡིད་གཞུང་འགྱུར། །སྲུང་བའི་དོན་དེ་འཁོར་ལོ་ཕྲག་གཡས་བཏགས། །རྒྱུད་དང་རྟོག་པའི་དོན་དེ་ཕུག་ཆེའོ། །ཨི་ཐི། ༈ །ལོངས་སྤྱོད་འཕེལ་བ་འཁོར་ལོའི་སྦྱོར་བ་ནི། །རབ་ནི་གསེར་ནི་ལྷད་མེད་བརྡུང་བ་ཡི། །བྱང་བུ་ལ་ནི་བཟང་རིས་བྲི་བར་གསུང་། །མ་རྙེད་ཤོག་གུ་དག་ལ་གསེར་བྱུགས་གམ། །ཤིང་ལེབ་ལ་ནི་གསེར་བྱུག་ལེགས་པར་ཨུར། །ཕྱི་ཡི་མུ་ཁྱུད་ཨུཏྤལ་ཕྲེང་བས་བསྐོར། །དེ་ནང་མུ་ཁྱུད་རྩ་སྔགས་དུ་ཤོང་མཐར། །ལོངས་སྤྱོད་དཔལ་འབྱོར་པུཥྚ་ཀུ་རུ་ཧོཿ །དེ་ནང་གཞུ་ནི་གཞུ་རྒྱུད་འཐེན་པའི་གཟུགས། །དེ་ཡི་ནང་དུ་ཨུཏྤལ་བྲི་བ་ནི། །རྩེ་མོ་མདེའུ་ལྟར་ཆང་ཟུང་ཕྱིར་འབུད་པ། །རྩ་བ་མདའ་ལྟར་གཞུ་རྒྱུད་ལ་འབྱར་བྲིས། །ཨུཏྤལ་ལྟེ་བར་ཡི་གེ་འཛུམ་ལ་ནི། །ཨོཾ་ཀུ་རུ་ཀུ་ལེ་ཧྲིཿཧཱུྃ། །ཞེས་པའི་ཡི་གེ་བདུན་གྱི་བསྐོར་བར་བྲིས། །ཚེས་བརྒྱད་འམ་ནི་ཚེས་པ་བཅུ་གཉིས་ལ། །བུམ་པར་རིན་ཆེན་སྣ་ལྔ་བཅུག་བྱས་ལ། །བདག་མདུན་བུམ་གསུམ་བཟླས་པ་ཅི་མང་བྱ། །

(༡༦༩)མཆོད་བསྟོད་ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱ། །བུམ་པར་རང་ཉིད་ཁྲུས་བྱས་བདག་འཇུག་བླང་། །མེ་ལོང་ངོས་ལ་འཁོར་ལོ་ཁྲུས་གསོལ་བའི། །ཁྲུས་ཆུའམ་ནི་རང་གི་ཅུང་ཟད་བཏུང་། །རྒྱ་ཤོག་སེར་པོ་རྒྱ་སྣག་གིས་བྲིས་པའི། །འཁོར་ལོ་གཅིག་ཀྱང་མཉམ་དུ་རབ་གནས་བྱས། །མདུན་བསྐྱེད་ལྷ་རྣམས་འཁོར་ལོ་དེ་ལ་བསྟིམ། །ཤོག་གུའི་འཁོར་ལོ་རང་ལ་བཏགས་བྱ་ཞིང་། །གསེར་གྱི་འཁོར་ལོ་ཁྱིམ་འམ་བང་བ་ཡི། །སྟེང་གི་བླ་རེ་བཞིན་དུ་སྦུགས་ལ་བཞགས། །ཨོཾ་ཀུ་རུ་ཀུ་ལེ་ཧྲིཿབཱ་སུ་སིདྷ་པུཥྚི་ཀུ་རུ་ཧོཿ སྭཱ་ཧཱ། རྒྱུན་བསྙེན་བྱས་པས་ཨོ་ནི་ཅིག་ཙམ་ནས། །ནོར་གྱི་བདག་པོ་རྒྱལ་པོ་དང་མཚུངས་གསུངས། །རྒྱུད་ལས་གསུངས་པ་འདི་ནི་གོ་བདེར་དཀྲོལ། །རྒྱུད་ལ་ཐེ་ཚོམ་མེད་དེ་རྒྱལ་བས་གསུངས། །ཨི་ཐི། ༈ །དཔལ་ལྡན་ས་སྐྱ་པའི་བསྙེན་རྒྱུད་ནི། །གཅིག་བརྒྱུད་མ་རྟོག་མེད་པའི་གསང་བསྒྲུབ་ནི། །ཀུ་རུ་ཀུ་ལེ་རྟ་མགྲིན་ཞལ་སྦྱོར་ལ། །འཁོར་དུ་མཁའ་འགྲོ་སྡེ་བཞིའི་བསྐོར་བ་སྟེ། །འདི་ཡི་དབང་རྒྱུན་མེད་པར་འདོན་མི་རུང་། །དམིགས་པ་གཞུང་ལས་ལྷགས་པའི་ཟབ་ཁྱད་མེད། །སྔགས་ནི་གཞུང་ལས་ཟབ་པར་འདུག་པ་ནི། །འཁོར་ལོ་བྲི་སྟེ་བསྐོར་བ་དོན་འགྲུབ་སྟེ། །གོང་དུ་རྣམས་འཇོམས་ཉེ་སྙིང་ཚར་གཅིག་དང་། །དེ་འོག་ཡིག་དྲུག་འཁོར་ལོ་ལྟར་བྲིས་ཏེ། །ཞི་བ་དབང་གི་ཕྲིན་ལས་ཡིན་པའི་ཕྱིར། །གཡོན་བསྐོར་མི་རུང་གཡས་སུ་འཁོར་བཅུག་གོ། ཨོཾ་ཀུ་རུ་ཀུལླེ་ཧྲིཿ ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨཱཿཧཱུྃ་ཧྲིཿ ཧྲིཿ ཧ་རི་ནི་ས་ཧྲིཿཛཿ ཨ་ཎི་ཧྲིཿཛཿ ཨ་ཀརྴ་ཡ་ཧཱུྃ་ཛཿ བཱ་སུ་པ་ཤཾ་ཀུ་རུ་ཨོཾ་ཀུ་ཤ་ཧྲིཿ པ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛཿཛཿ འཁོར་ལོ་མེ་ཏོག་གླང་སྣང་དམར་པོ་དང་། ཨུག་ཆོས་ཙནྡན་དམར་པོ་རྒྱ་སྐག་དང་། །སིན་སྡུ་ར་རྣམས་འཁོར་ལོ་བྱུག་པར་བྱ། །སྙིང་དང་འདྲ་བའི་གདམས་ངག་ཟབ་མོའི་སྐོར། །སྙིང་གི་བུ་མཆོག་བིརྱ་ས་ག་ར། །ཕན་སེམས་སྙིང་ལ་འཆང་བའི་

(༡༧༠)ཨ་ར་གས། །སྙིང་རྗེན་དམར་པོ་ལག་པའི་མཐིལ་དུ་བཞག །སྐལ་མེད་སྤེལ་ན་ཌཱ་ཀིའི་ཆད་པས་སྡིག །གཞན་ཕན་བྱང་ཆུབ་སྤྱོད་པའི་ལ་ཆི་མཛོད། །འདི་བྲིས་སྦ་འོས་གསལ་བཀོད་ཉེས་པ་རྣམས། །ཡེ་ཤེས་ལས་དང་འཇིག་རྟེན་ཌཱ་ཀིར་བཤགས། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །མངྒ་ལཾ། ༈ རི་ཆོས་འཚམས་ཀྱིས་ཞལ་གདམས་ཆིག་ལས། །ལྷ་མོ་རིག་བྱེད་མའི་ལས་ཚོགས་དཔག་བསམ་ཤིང་གི་བསྒྲུབ་པ་སོགས་མན་ངག་ཤིན་ཏུ་གསང་བ་ཆིག་བརྒྱུད་བཞུགས། ༈ ན་མོ་ཨརྱ་ཏ་རེ་ཡེ། རིན་ཆེན་ཡིད་བཞིན་ནོར་བུ་ལྟ་བུ། །ཕོང་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །དཔག་བསམ་ཤིང་གི་བསྒྲུབ་པ་ནི། །རྒྱུད་ལས་གསུང་པ་དོན་གསལ་བྱ། །རང་ཉིད་ཀུ་རུ་ཀུལླེར་བསྒོམས། །རང་གི་གཡོན་དུ་ཡི་གེ་བྲམ། །དེ་ཉིད་ཞུ་བས་ཨུཏྤལ་དམར། །དེ་ལས་འོད་འཕྲོས་སངས་རྒྱས་མཆོད། །སེམས་ཅན་ཀུན་གྱི་དབུལ་འཕོང་བསལ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །དཔག་བསམ་ལྗོན་ཤིང་སྡོང་པོ་ནི། །ཡལ་ག་ལོ་འདབ་རབ་ཏུ་རྒྱས། །རིན་ཆེན་སྣ་ཚོགས་ཡལ་ག་ལ། །ལྷ་རྫས་གོས་ཀྱི་ལོ་མ་ཅན། །བཀྲ་ཤིས་རྟག་བརྒྱད་རིན་ཆེན་བདུན། །རང་བཞིན་མེ་ཏོག་སྣ་ཚོགས་བཀྲ། །ནོར་བུའི་རིགས་བྱེད་དུ་མ་ཡི། །འབྲས་བུ་སིལ་ཕུང་ལེགས་པ་ལྟར་བརྒྱན། །རང་གིས་ཐུགས་ཀའི་འོད་ཟེར་གྱིས། །གླིང་བཞིའི་སེམས་ཅན་ཐམས་ཅད་བཀུག །ཁྲོམ་ལྟར་ས་ཕྱོགས་གང་བ་ལ། །རང་གི་ཐུགས་ཀའི་འོད་ཟེར་ནི། །རླུང་གི་ཤུགས་ཀྱི་དཔག་བསམ་མགུལ། །དེ་བས་ཟས་གོས་རིན་པོ་ཆེ། །ནོར་སོགས་འདོད་ཡོན་ཆར་ཆེན་བབ། །གླིང་བཞིའི་སེམས་ཅན་ལ་སོགས་པ། །ནམ་མཁའ་མཐར་ཐུག་འགྲོ་ཀུན་ལ། །གསེར་དངུལ་མུ་ཏིག་རིན་ཆེན་ཚོག །ཟས་གོས་ལོངས་སྤྱོད་དཔག་མེད་བྱིན། །ཐམས་ཅད་འདོད་པས་ཚིམ་པར་བསྒོམ། །དཔག་བསམ་ཤིང་ལས་མཆོད་པའི་རྫས། །བསམ་མི་ཁྱབ་པ་སྤྲིན་བཞིན་སྤྲོས། །ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་ཁྱབ། །སངས་རྒྱས་ཐམས་ཅད་མཆོད་པས་མཉེས། །རང་ཉིད་བསོད་ནམས་ཚོགས་

(༡༧༡)རྫོགས་དམིགས། །སླར་ཡང་ཤིང་ལས་གང་འདོད་པའི། །འབྲུ་དང་རིན་ཆེན་ཇ་དར་གོས། །ཆར་ཆེན་བབ་པས་རང་གནས་དང་། །ས་ཕྱོགས་ཐམས་ཅད་གང་བ་ཡིས། །གང་འདོད་དངོས་གྲུབ་ཐོབ་བསྒོམ་ཤིང་། །ཨོཾ་ཀུ་རུ་ཀུལླེ་ཧྲིཿབ་སུ་པུཥྚིང་ཀུ་རུ་ཧོཿསྭཱ་ཧཱ། །བསྒོམས་དང་བཟླས་པ་ལ་བརྩོན་ན། །རང་ཉིད་ལོངས་སྤྱོད་ཕུན་སུམ་ཚོགས། །ནོར་གྱི་བདག་པོ་ཆེན་པོར་འགྱུར། །བསོད་ནམས་མངའ་ཐང་ཇེ་ཆེ་འཕེལ། །རྒྱུད་ལས་གསུང་པའི་མན་ངག་སྡེབས། །སྔགས་དང་དམིགས་པས་ཆོག་པ་ཡི། །གདམས་ངག་ཟབ་མོ་ཡིད་བཞིན་གྱིས། །ནོར་བུ་གསེར་དང་རྗེ་བའང་འཕང་། །དཔག་བསམ་ཤིང་གི་བསྒྲུབ་པ་རྫོགས་སོ། །ཟབ་བོ། །ཨི་ཐི། ས་མ་ཡ། ༈ ཀྱཻ་མ་གལ་ཏེ་མུ་སྟེགས་བྱུང་བའི་དུས། །ལྷུང་ཟེད་ལ་ནི་རབ་ཏུ་བསྔགས་བྱས་ནས། །ལྷུང་ཟེད་དེ་ཉིད་ཐོག་ཏེ་ཕྱིན་པ་ན། །འཚོ་བ་བསོད་སྙོམ་གཞན་ལས་བཟང་བ་རྙེད། །གལ་ལྟེ་ལྷུང་ཟད་མེད་པར་གྱུར་ན་ནི། །ཁ་ཕོར་ལ་ཡང་སྔགས་པས་ཟས་འདུག་གོ། ཨོཾ་ཀུ་རུ་ཀུལླཻ་ཧྲཱིཿ ན་ན་ཁ་དྷེ་པ་ཤཾ་ཀུ་རུ་ཧོཿསྭཱ་ཧཱ། བྱ་བཏང་དགེ་སློང་རྣམས་ལ་ཕན་ཕྱིར་གསུངས། །ཨི་ཐིཿ ཚོང་ཟོང་ཀ་ཆའམ་དུད་འགྲོ་གང་ཡང་རུང་། །བརྒྱའམ་སྟོང་སྔགས་བསྟབ་བཀུར་བ་ནི། །འགྲིམ་ཞིང་ཁེ་ནི་ཆེན་པོ་ཐོན་པར་འགྱུར། །དེ་ཡི་སྔགས་ཀྱི་ཤཾ་བུ་ངག་ཁྲིད་བཅས། །ཨོཾ་ཀུ་རུ་ཀུལླེ་ཧྲིཿ སརྦ་རཏྣ་སིདྷི་པ་ཤང་ཀུ་རུ་ཧོ་སྭཱ་ཧཱ། །དགེ་འདུན་སྤྱི་དོན་ཚོང་ལ་ཕན་ཕྱིར་གསུང་། །རང་རྒལ་མི་བནོགས་བདག་རྒྱལ་གཞན་ཕམ་པའི། །ཕྱིར་དུ་མ་གསུང་དེ་དོན་བག་ཡོད་མཛོད། །ཨི་ཐི། ཙནྡན་དམར་པོ་རྒྱ་སྐག་སིན་དྷུ་ར། །གུར་གུམ་གི་ཝང་ཞིབ་བརྟག་དར་དམར་བསྟུམ། །མེ་ལོང་སྟེང་དུ་བཞག་ནས་ངག་བཅད་ནས། །མངོན་རྟོག་བསྒོམ་ནས་རྫས་དེ་མདུན་བསྐྱེད་རྟེན། །རྩ་སྔགས་ཡི་གེ་བརྒྱད་པའི་མཐར། །ཨོཾ་ཨ་ཀྱི་མོ་དྷ་རི་བྷ་སི་བྷ་ཝ་ཀུ་རུ་སྭཱ་ཧཱ། །རབ་ཀྱི་བཞི་ཁྲི་འབྲིང་གི་

(༡༧༢)སུམ་ཁྲི་དང་། །ཐ་མ་ཁྲི་ཕྲག་བསྔགས་ཤིང་རྫས་ལ་བཏབ། །མདུད་བསྐྱེད་འོད་ཞུ་རྫས་ལ་ཐིམ་པར་བསམ། །རྫས་དེ་འཚགས་ལ་ནམ་དགོས་རང་ཉིད་ཀྱིས། །དཔྲལ་བར་ཐིག་ལེ་ཅུང་ཟད་ཙམ་བྱས་ལ། །རང་ཉིད་ལྷའི་ང་རྒྱལ་བརྟན་པ་ཡི། །ཨོཾ་ཀུ་རུ་ཀུལླེ་ཧྲིཿ སརྦ་ལོ་ཀ་པ་ཤཾ་ཀུ་རུ་ཧོཿ སྭཱ་ཧཱ། ཅེས་པ་ཤུག་བུར་བཟླས་ཤིང་ཕར་བལྟས་པས། །མཐོང་ཚད་ཐམས་ཅད་དབང་དུ་འདུ་བར་གསུངས། །རང་ལ་མི་དགའ་བ་རྣམས་དགའ་བ་དང་། །ཁྲོས་པ་རྣམས་ཀྱང་ཁྲོ་བ་ཞི་བར་འགྱུར། །གཞུང་དང་མན་ངག་བསྡེབ་པ། ཨི་ཐི། རྒྱ། ༈ ཏིང་འཛིན་འདིའི་ནང་གི་ཐེམ་མ་དེ་དཀའ་རྒྱ་ཡིན། །ཁོ་ནས་དབང་དུ་བྱེད་པ་ནི། །རང་ཉིད་བཅོམ་ལྡན་འདས་མ་ནམ་མཁའ་ཁྱབ། །དེ་ཡི་ཐུགས་ཀར་རང་གི་སེམས་ཉིད་ནི། །རང་འདྲའི་བཅོམ་ལྡན་འདས་མ་དེ་བས་ཆུང་། །དེ་ལས་འོད་འཕྲོས་གང་ཡིན་མི་དེ་ནི། །གཅིག་གམ་བཅུ་ཙམ་ཧ་ཅང་མི་མང་བ། །ཡམ་ལས་རླུང་གི་དཀྱིལ་འཁོར་སྟེང་གནས་པ། །སྤྲུལ་པའི་ལྷ་མོ་ལྕགས་ཀྱུ་ཞགས་པ་ཅན། །ཕྱག་གཉིས་མངོས་།།།།རང་དབང་མེད་པར་བཀུག །རང་གི་རྐང་པའི་དྲུང་དུ་འགྱེལ་བ་དེ། །ཐུགས་ཀའི་ལྷ་མོའི་ཧྲི་ཡིག་འོད་ཟེར་ནི། །ཀློག་འདྲའི་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པ་དེས། །ཕྱི་ཡི་ལྷ་མོའི་བྷ་ག་ནས་ཡར་དྲང་། །ལྟེ་བའི་ཐད་དུ་ཐལ་སྦྱར་གནས་པ་ལས། །ཐུག་ཀའི་ལྷ་མོའི་གསང་བའི་བྷ་ག་ནས། །བྱང་སེམས་དམར་པོ་འཚལ་ཁུ་ལྟར་བབ་པས། །ཁོ་ལ་ཁྲུས་བྱས་ལུས་ངག་བདེ་བས་ཁྱབ། །རང་གི་ཐུགས་ཀའི་ལྷ་མོ་དེ་ཉིད་ལ། །དད་གུས་ཆགས་པས་མྱོས་ནས་འདུག་བསྒོམ་ཞིང་། །ཨོཾ་ཀུ་རུ་ཀུལླེ་ཧྲིཿ སརྦ་ལོ་ཀ་པ་ཤང་ཀུ་རུ་ཧོཿསྭཱ་ཧཱ། །གཅིག་ལ་བྱེད་ན་སརྦ་ལོ་ཀའི་མལ། །གང་ཡིན་ཆེ་གེ་ཞེས་བྱའི་མིང་སྦྱར་རོ། །རྐང་པས་འགུགས་དང་གང་བུས་འགུགས་པ་ཟེར། །ཟབ་ཅིང་གོ་དཀའ་སྙན་ངག་ཚུལ་གསུང་པ། །འདི་རུ་བརྩེ་བས་རྗེན་པར་བརྗོད་པ་སྟེ། །སྣོད་མིན་བསྟན་ན་ཌཱ་ཀིའི་ཆད་པ་ཆོད། །དེ་ལྟར་ཉེར་མཁོ་སྤྲོས་མེད་སྟབས་བདེ་བའི། །ཆིག་རྒྱུད་ཟབ་མོའི་

(༡༧༣)ལས་ཚོགས་ལྔ་པོ་འདི། །སྙིང་གི་བུ་མཆོག་བརྩོན་འགྲུས་རྒྱ་མཚོ་ཡི། །སྙིང་ནས་ནན་ཆེར་བསྐུལ་ཕྱིར་གབ་འཁྲུག་བསལ། །ར་ག་ཨ་སྱས་ཙིཏྟ་ལག་དུ་བཞག །སྦོས་ཤིག་གསང་ཤིག་དམ་ཚིག་ས་མ་ཡ། །བརྡ་ཐིམ། ལ། །རི་ཆོས་འཚམས་ཀྱི་ཞལ་གདམས་ཆིག་བརྒྱུད་ལས། །བཀའ་སྡོད་གནོད་སྦྱིན་མོ་ཡི་བསྒྲུབ་ཐབས་བཞུགས། །ཀུ་རུ་ཀུལླེར་ཕྱག་འཚལ་བཀའ་སྡོད་མ། །བསྒྲུབ་པའི་གདམ་པ་ཆ་ལགས་ཆང་ཕྱིར་བརྗོད། །ཐོད་པ་མཚན་བཟང་དུམ་བུ་མཚོན་གང་པར། །ལོག་གཅིག་གཙོ་མོ་ལོག་གཅིག་གནོད་སྦྱིན་མོ། །བྲི་ལ་དར་དམར་བཏུམ་ལ་སྐུད་དམར་བཅིང་། །བུ་མོ་ལོ་ནི་བཅུ་གཉིས་ཡན་ཆད་པ། །མགོ་གཙང་བཅུ་གསུམ་བོས་ལ་དེ་ཐམས་ཅད། །ཀུ་རུ་ཀུལླེར་བསྐྱེད་པའི་གནས་གསུམ་དུ། །ཚོགས་ཆང་ཐིག་ལེ་བྱས་ལ་འབྲུ་གསུམ་བསྒོམས། །བཟའ་བཏུང་ཚོགས་འཁོར་སོགས་ནི་ཚིམ་པར་བྱིན། །འགྲོ་བའི་དོན་དུ་ལྷ་མོ་བསྒྲུབ་པའི་བློས། །རང་ཉིད་ཐ་མལ་སྙིང་ཀར་ཡི་གེ་ཧྲིཿ དེ་སྟེང་རཾ་དང་དེ་སྟེང་ཧེ་ནག་པོ། མགྲིན་པར་རུ་དམར་སྤྱི་བོར་ཀ་ལྗང་ཀུ། །རང་གི་དུག་གསུམ་ངོ་བོར་བསྒོམ་བྱས་ལ། །རཾ་ལས་མེ་བྱུང་ཧེ་རུ་ཀ་གསུམ་བསྲེགས། །ཧྲིཿལ་སེམས་གཏད་ཧྲིཿཡང་སྟོང་པར་ཡལ། །དེ་ནས་ཡང་རང་ཉིད་སྐད་ཅིག་འཕགས་མ་བསྒོམས། །རང་གི་མདུན་དུ་བཀའ་སྡོད་གནོད་སྦྱིན་མོ། །སེར་མོ་དར་དང་རིན་ཆེན་སྣ་ཚོགས་བརྒྱན། །ཕྱག་གཡས་རིན་པོ་ཆེའི་ཅོད་པཎ་དང་། །གཡོན་གྱི་གཏེར་གྱི་བུམ་པ་བཟང་པོ་འཛིན། །ཡིད་ཀྱི་སྤྱན་དྲངས་གཏོར་མ་ཨ་ཀ་རོས། །བྱིན་རླབས་པཀྵི་བ་ལིངྟ་ཁ་ཧིས་བསྔོས། །དབང་དུ་བསྡུ་རུ་རྣམས་ཀྱི་སྙིང་ག་ནས། །ཧྲིཿ བསམ་གནོད་སྦྱིན་མོ་དེས་བཀུག་པར་བསམ། །ཀུ་རུ་ཀུལླེའི་སྔགས་དང་པ་ཤཾ་བཟླས། །བུ་བཅུ་གསུམ་གནོད་སྦྱིན་མོ་དེ་ཡི། །ངོ་བོར་གྱུར་ནས་དེ་དག་འོད་ཟེར་གྱིས། །འགྲོ་བ་མཐའ་དག་དབང་དུ་བསྡུས་པར་བསམ། །དེ་ནི་བཀའ་སྡོད་མོ་ཡི་བསྒྲུབ་པ་པོ། །ར་ག་ཨ་སྱས་ཆ་ལགས་ཚང་ཕྱིར་བྲིས། ༈ ཤ །རི་

(༡༧༤)ཆོས་འཚམས་གྱིས་ཞལ་གདམས་ཆིག་བརྒྱུད་ལས། ལྷོ་རིག་བྱེད་མ་ཡི་སྦྱིན་སྲེག་གི་ཞལ་གདམས་གུད་དུ་སྦས་པའི་གསང་རྒྱ་མ་ཡོད། ཀུ་རུ་ཀུལླེའི་སྦྱིན་སྲེག་ཞལ་གདམས་ནི། །ལས་བཞི་གང་བྱེད་ཐབ་དང་བསྲེགས་རྫས་དང་། །བུད་ཤིང་ཆ་ལུགས་འདུག་སྟང་ལ་སོགས་པ། །སྦྱིན་སྲེགས་རྒྱས་པ་སྤྱི་ལྟ་ཤེས་བྱས་ལ། །མེ་ལྷའི་བསྐྱེད་ལུགས་ཡང་ནི་སྤྱི་ལྟར་ལས། །མེ་ལྷའི་སྔགས་ནི་ཨོཾ་ཨག་ན་ཡེ། །ལྷོ་ཡི་སྔགས་ནི་ཨོཾ་ཀུ་རུ་ཀུལླེ་ཧྲིཿ །དེ་ལ་ལས་བཞི་གང་བྱེད་ཤམ་བུའི་སྔགས། །ཞི་བར་ཨོཾ་ཤིནྟིཾ་ཀུ་རུ་སྭཱ་ཧཱ། །དབང་ལ་ཆེ་གེ་ཝ་ཤཾ་ཀུ་རུ་ཡེ་ཧཱོཿ །དྲག་པོ་ལ་ནི་ཆེ་གེ་མ་དྲ་ཡ་ཕཊ། །ཅེས་སྦྱར་ལས་བཞི་གང་འདོད་སྦྱར་གསུངས་ཀྱང་། །འདི་ཡི་གཙོ་བོ་དབང་གི་སྦྱིན་བསྲེགས་ཏེ། །མེ་ཏོག་དམར་པོའི་རིག་དང་མངར་གསུམ་དང་། །ཆགས་སོགས་ཟས་སྣ་འབྲུ་རིགས་ཤིང་ཐོག་རྣམས། །ཐམས་ཅད་བསྲེས་ལ་ཁ་དོག་དམར་པོ་བསྒྱུར། །མར་ཁུ་ཡམ་ཤིང་གཉིས་པོ་སོང་ནས་ནི། །རྩ་སྔགས་ཤམ་བུ་མིང་སྤེལ་ཅན་དེ་ཉིད། །འབྲུ་སྔགས་མི་དགོས་བརྒྱ་སྟོང་ཕུལ་བས་འཐུས། །འདི་ཡང་ར་ག་ཨ་སྱས་ཟབ་གནད་བྲིས། །ཕན་སེམས་ཡིན་གྱིས་བསྟན་ལ་ཕན་པར་སྨོན། །མངྒ་ལཾ། ༈ ས། རི་ཆོས་འཚམས་ཀྱི་ཞལ་གདམས་ཆིག་རྒྱུད་ལས། ཌ་ཀི་སུ་རྱའི་མདོག་ཅན་གྱིས་ལས་ཚོགས་ཉེར་མཁོའི་སྐོར་ཉུ་ངུ་བསྡུས་པ་བཞུགས་སོ། །ན་མོ་ཨརྱ་ཏ་རེ་ཡེ། བསྙེན་པ་བྱས་དུས་མེ་ལོང་སྟེང་བྱུགས་པའི། །སིན་དྷུ་ར་དང་བྱམས་སེམས་དམར་པོ་དང་། །མ་རྙེད་བྲག་ཞུན་ཀྱིས་ཀྱང་ཚབ་རུང་བས། །རས་སམ་དར་ལ་ལྷ་མོའི་སྐུ་ཅིག་བྲིས། །སྐུད་དམར་དཀྲི་ལ་སྲིན་ལག་གཡོན་པར་བཅིང་། །རང་ཉིད་ལྷོ་མོའི་ང་རྒྱལ་དང་བཅས་ཏེ། །དབང་དུ་བསྡུ་བྱའི་སྙིང་ཀར་ཧྲིཿ དམར་བསམ། ཨོཾ་ཀུརུ་ཀུལླེ་ཧྲིཿ ཧཱུྃ་ཧཱུྃ་བྷེད་ཏྲི་ཨུ་ཙ་ཏ་ཧྲིཿ ཕཊ་ཕཊ། །ཅེས་བཟླས་སྐབས་སུ་རས་བྲིས་སྐུ་དེ་ལ། །མེ་ཏོག་དམར་པོ་དང་ནི་ཚོགས་འཁོར་མཆོད། །འཕྲལ་དུ་དབང་བསྡུད་སྐུ་བཅིང་སྔགས་བཟླས་ཆོག །མི་དགོས་དུས་སུ་སྣོད་དུ་སྦ་བས་ཆོག །ཀུ་རུ་

(༡༧༥)ཀུལླེའི་གཞོན་ནུའི་བསྒྲུབ་པ་ཟེར། །འདི་ནི་ཞོར་ལ་བསྒྲུབ་པས་ཆོག་པར་གསུངས། །ཨི་ཐི། །སྔོན་དུ་བསྙེན་པ་ལེགས་པར་ཐེམ་པའམ་མིས། །དྲི་ཞིམ་སྔགས་ཏེ་རང་གི་ལུས་བྱུག་ན། །སྐྱེ་བོ་ཐམས་ཅད་བྱམས་ཞིང་དགའ་བར་འགྱུར། །འདི་ནི་དཔའ་བོ་གཅིག་བསྒྲུབ་རྒྱུད་ལས་གསུངས། །ཨི་ཐི། ཕར་ལ་གཏད་རྒྱུའི་ཟས་སྐོམ་ལ་སོགས་ལ། །ཆས་ཀ་གང་རུང་སྔགས་བཏབ་བྱིན་པ་ཡི། །བྱིན་པ་དེ་ཉིད་དབང་དུ་འདུ་བར་གསུངས། །དེ་ཡང་རྒྱུད་ལས་གསུང་ཞིང་གང་སྐུང་མེད། །ཨི་ཐི། །དབང་གི་སྦྱིན་བསྲེགས་སྤྱི་ལྟར་བྱས་པའི་ཚེ། །སྲེགས་རྫས་གཙོ་བོ་མེ་ཏོག་དམར་པོ་ལ། །རྩ་སྔགས་ཆེ་གེ་པ་ཤཾ་ཀུ་རུ་ཧོཿ སྦྱར་ནས་བརྒྱ་སྟོང་ཅི་མང་སྲེག་བྱས་པས། །མྱུར་དུ་དབང་དུ་འདུ་བར་རྒྱུད་ནས་གསུངས། །སྟབས་བདེ་སླ་བའི་མན་ངག་ཟབ་མོ་རྒྱ། །ཨི་ཐི། །རང་ངམ་ནད་པའི་སྤྱི་བོར་ཟླ་བའི་སྟེང་། །ཧྲི་ཡིག་དཀར་པོ་སྔགས་ཕྲེང་དཀར་པོས་བསྐོར། །དེ་ལ་བདུད་རྩིའི་རྒྱུན་ནི་དཀར་པོ་བབ། །ཚང་བུག་ནས་ཞུགས་ནད་ཀུན་དག་བསྒོམ་ཞིང་། །ཨོཾ་ཀུ་རུ་ཀུལླེའི་ཧྲིཿབྷི་ཤ་ཤིནྟཾ་ཀུ་རུ་སྭཱ་ཧཱ། །བསྒོམས་དང་བཟླས་པས་དུག་ནད་སེལ་བར་བྱེད། །རྒྱུད་དང་རྒྱ་གཞུང་མན་ངག་གསལ་བྱས་སོ། །ཨི་ཐི། །རང་ཉིད་ལྷ་མོར་གསལ་བའི་ལྕེ་ཡི་རྩེར། །ཧྲི༔ཡིག་དམར་པོ་མར་མེ་ལྟར་གསལ་བ། །དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་བསྡུས། །རང་གི་ཁོག་ཏུ་ཐིམ་པ་བསྒོམ་བཞིན་དུ། །ཨོཾ་ཀུ་རུ་ཀུལླེའི་ཧྲིཿ པྲ་ཛྙཱ་པུཥྚི༚་ཀུ་རུ་སྭཱ་ཧཱ། །ཅེས་བཟླས་ཤེས་རབ་འཕེལ་ཞིང་འཆད་བཟང་ངོ་། །ཨི་ཐི། །དེ་དག་རྣམས་ནི་ལྷ་མོ་འདི་ཡི་བསྐོར། །ཕལ་ཆེར་བྲིས་སྐུ་ཆ་ཚང་ལ་སོགས་དང་། །རྫས་མི་རྙེད་དང་ཉམས་སུ་ལོན་དཀའ་བ། །མང་པོ་བྲི་བ་ཚོགས་ཆེ་དགོས་པ་ལྟར། །སྔོན་ཚེ་དཔལ་ལྡན་འབྲུག་པ་པད་དཀར་གྱིས། །དབང་སྡུད་སྣང་བ་དགུ་འགྱུར་རྫས་བསྒྲུབ་ནས། །འཇའ་མཚོན་རིལ་བུའི་རྒྱུ་རྩི་ལ་བསྲེས་པས། །འབྲུག་པར་

(༡༧༦)མི་ཀུན་དད་པ་ཡིན་ནོ་ཞེས། །འཇའ་མཚོན་རིལ་བུར་ཕལ་ཆེར་སྣ་ཚོགས་བྱེད། །དེ་བཞིན་ལྷ་མོ་འདི་ཡི་ལས་ཚོགས་ལའང་། །རྫས་སྦྱོར་དབང་བསྡུད་བཤད་ཀྱང་རྙེད་དཀའ་ཞིང་། །རྫས་དེ་མི་གཙང་རྫས་སུ་འདུག་པའི་ཕྱིར། །བྱ་བར་མི་རུང་ཡིད་ལ་དྲན་བྱ་མིན། །དེ་མིན་བདེ་ཞིང་ལེགས་དང་རྫས་སླ་བའི། །ལས་སྦྱོར་སྒྲུབ་སྐོར་མ་ཚང་མེད་པ་འདི། །བླ་མ་བཱརྱི་ས་ག་རས་བསྐུལ་ནས། །ར་ག་ཨ་སྱེས་རྒྱུད་དང་རྒྱ་གཞུང་ཚོགས། །མན་ངག་རྒྱ་མཚོའི་བཅུད་བསྡུས་གབ་འཁྲུལ་བསལ། །གབ་སྦས་མེད་པར་ཉམས་སུ་བླང་བདེར་བཀོད། །འདི་བྲིས་སྦ་འོས་གསལ་བཀོད་ཉེས་པ་རྣམས། །ཆོས་བདག་ཌ་ཀི་ཆོས་སྐྱོང་རྣམས་ལ་བཤགས། །ངེས་པར་རྒྱུད་པ་འཛིན་ངེས་རེ་རེ་ལས། །མང་དུ་སྤེལ་ན་ཌཱ་ཀིའི་ཆད་པ་ཆོད། །དགེ་བས་འགྲོ་ཀུན་བྱང་ཆུབ་ལམ་འགོད་ཤོག། །།མངྒ་ལཾ།། །། །།

(༡༧༧)བརྗོད་པས་རང་བཞིན་གྱི། །གནས་དང་ལྕང་ལོ་ཅན་སོགས་དང་། །བདེ་བ་ཅན་སོགས་ཞིང་ཁམས་ནས། །ཛཾ་དམར་བྱོན་ནས་མདུན་བཞུག་པར། །གཞུང་ཚིགས་ལྟར་དུ་དངོས་འབྱོར་དང་། །ཡིད་སྤྲུལ་བཀྲ་ཤིས་རྒྱལ་སྲིད་དང་། །འགྲོ་བའི་དཔལ་འབྱོར་བློས་བླང་འབུལ། །བསྟོད་པ་བརྗོད་ནས་རང་ཉིད་དང་། །སྐུ་གསུང་རྟེན་ལ་ཐིམ་པར་བསམ། །ཆུ་སྦྱིན་བྱེད་ཀྱང་ཟང་གཞོང་དུ། །སྐད་ཅིག་བསྐྱེད་ཏེ་སྔགས་ཀྱི་འབུལ། །བསྟོད་པ་ལས་བྱང་ནང་དེས་བསྟོད། །དྲག་ནི་ནོར་ལྷ་སྤྱི་དང་འདྲ། །བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །ར་ག་ཨ་སྱས་ཟིན་བྲིས་བྱས། །ཐམས་ཅད་ཚིགས་བརྒྱུད་ནང་འདིར་བྲིས། །བསྟན་འཛིན་དབུལ་སེལ་ནོར་བུ་ཡིན། །ཧ། །རི་ཆོས་འཚམས་གྱི་ཞལ་གདམས་ཀྱི་ཆིག་བརྒྱུད་ལས། །གློ་བུར་ཆོ་འཕྲུལ་འགྱེད་པའི་ཐབས་དུག་མདའ་ནག་པོ་ཞེས་བྱ་བ་བཞུགས་སོ། །མགོན་པོ་བེར་ནག་ཅན་གྱི་དབང་ལུང་མ་ཐོབ་པ་དང་བསྙེན་བསྒྲུབ་བཞིན་དུ་མ་ཐོན་ན་ལས་ཚོགས་འདི་དག་བསྒྲུབ་ཀྱང་མི་འགྲུབ་པས་སྣོད་མིན་ལ་གསང་བ་གལ་ཆེའོ། །ན་མོ་མ་ཧཱ་ཀཱ་མ་ཡེ། །རྡོ་རྗེ་བེར་ནག་ཅན་ཞབས་ལ་ཕྱག་འཚལ་ལོ། །གསར་རྙིང་གཉིས་ནས་གསུང་པའི་མགོན་པོ་འདི། །རྣོ་བའི་མདེའུ་གནམ་ཆོས་ནས་གསུང་པ། །ཞལ་ཤེས་ཀྱིས་བརྒྱན་གསལ་བར་འདིར་བཀོད་བྱ། །མ་མགོན་དམ་ཅན་རྒྱ་མཚོས་བཀའ་གནང་རྩོལ། །མ་མགོན་ཡིད་དམ་ཆོས་སྐྱོང་དབྱེར་མེད་དུ། །དྲག་ཏུ་ཆོས་སྐྱོང་བྱད་མའི་རྣལ་འབྱོར་པས། །གློ་བུར་དགྲ་ལ་ཀ་ཆ་ཤོར་བའམ། །དོ་བསྡོས་ཕོད་རྩུགས་སྨ་འབེབ་བྱས་བྱུང་ཚེ། །མྱུར་དུ་མ་རུང་ཆོ་འཕྲུལ་དྲག་པོ་ཡི། །སྐྲགས་ཅིང་སྔགས་ནས་འགྱོད་འཚང་བསྐྱེད་བྱ་སྟེ། །སོར་ཆགས་ཡོངས་ཀྱི་བསྟན་ལ་ཕན་པའི་ཐབས། །ལོང་བྱུང་མགོན་པོ་ཚར་གཅིག་བཏང་ན་རབ། །ལོང་མ་བྱུང་ན་བདག་མདུན་དྲིན་རྗོད་བསྒོམ། །རང་གི་

(༡༧༨)།ཐུགས་ལས་འོད་ཟེར་མཐིང་ནག་ནི། །ཚ་ཞིང་རྩུབ་པ་མདུན་བསྐྱེད་ལ་ཕོགས་པས། །གནད་ལྕམ་ལ་ཕོགས་བཞིན་ཁྲོས་འཁྲུགས་རབ་ཏུ་རྔམ། །འཁོར་ཚོགས་བཅས་པའི་སྐུའི་འོད་ཟེར་གྱིས། །ལྟས་ངན་ཆོ་འཕྲུལ་མི་རུང་སྣ་ཚོགས་པ། །མིང་བོས་སྒོ་བསྡུང་གདུང་ལྕམ་བསྡུགས་ཆགས་པ་དང་། །རྙིད་མི་ཁུགས་དང་སྐྲ་འཐེན་འགྲམ་ལྕགས་རྒྱབ་བོ། །ཀ་ཆ་གང་ཡིན་ཚུར་གཏོད་མི་གཏད་ན། །སྲོག་གཅོད་སྙིང་ཕྱུང་ཟེར་འབོད་པ་དང་། །སྟོང་ནས་ཐིབ་གནོན་གྲིབས་གནོན་དང་། །སྤྲུལ་པའི་ལས་མཁན་ཨ་ཙར་ནག་པོ་འགས། །ཐེ་བོང་སྙིང་ཀར་བཙུགས་ནས་གཟེར་བཙུུགས་ཅིང་། །རྐང་ལག་བཞི་ནས་བཟུང་སྟེ་སྤྲུག་སྡེ་བྱེད། །བདག་མདུན་ཀུན་གྱི་དྲག་སྔགས་འབྲུག་སྒྲོགས་བསམ། །ཨོཾ་མ་ཧ་ཀཱ་ལ་ཡ་རེ་མ་ཏི་དགྲ་བོ་ཚེ་ལ་ཐན་ཕོབ་བོ། རྒྱུག་བྷྱོ་རྒྱུག་ཧྲིང་བྷྱོཿ ཨཙྪ་ཡ། ཨཙྪ་ཡ། ཧཱུྃ་ཡ་བྷྱོཿ རྒྱུགས་ཧྲིང་བྷྱོཿ ཕོབ་ཕོབ་མྱུར་དུ་ཕོབ། རྒྱུག་རྒྱུག་མྱུར་དུ་རྒྱུག །ཕོབ་རྒྱུག་ཧྲིང་བྷྱོཿ ཞེས་པ་དེ་རིང་ཅིག་གོ་བཟླས་བྱས་ལ། །དེ་དགོང་དམར་གཏོར་གཅིག་བཤམ་བཀྲུགས་བྱས། གང་ཞིག་བླ་མ་རྨད་ཅེས་པ་དང་། དམག་གི་རྒྱལ་མོ་བཞི་ཡི་བསྐུལ་བྱང་བྱ། །རྡུལ་དུ་བརླག་པ་ཞེས་བྱ་མི་སྦྱར་བར། །ཆོ་འཕྲུལ་འབེབ་པའི་ཕྲིན་ལས་མཛོད། །མཚན་མོ་གཏོར་མར་ཁོ་ཡི་ཕྱོགས་སུ་འཕང་། །གར་སོང་མ་ཤེས་ཕྱོགས་བཅུར་འཕེན་བསྡིང་བྱ། །དེ་ནས་ཕྱོགས་ནི་གཙང་སར་འཕེན་པར་བྱ། །སྲོག་ལ་མི་གནོད་ཆོ་འཕྲུལ་རྣམ་རྟོག་བསླང་། །དེ་གལ་ཆེ་ན་ལན་འགའ་ཞིག་པར་བྱ། །དེ་ནས་སྲོག་ལས་གཏོར་ནག་པར་བུ་དང་། །ཐན་སྲོགས་འབྲེལ་མ་ཁྲོས་སོ་ཁ་སྲུང་དང་། །ཆོ་འཕྲུལ་རྐྱང་པ་གནམ་ཆོས་ལུགས་དང་གསུམ། །བརྒྱུད་པ་འཛིན་དེས་བསྟན་ལ་ཕན་ངེས་པའི། །སྙིང་གི་བུ་ལ་གཅིག་བརྒྱུད་མ་རྟོག་གཞན་ལ་སྤེལ་ན་མནར་མེད་དམྱལ་བར་ལྟུང་། དམ་ལས་འདས་ན་མ་མགོན་འགུགས་ཞུགས་ཀྱིས།

(༡༧༩)སྡོད་མ་བྱེད་བཀའི་ཆད་པ་ཕོབས། །དེ་སྐད་རྣལ་འབྱོར་རཱ་ག་ཨ་སྱས་ཡིས། །མོ་ར་མོ་ཁྱིའི་གནམ་གང་དགོངས་མོའི་ཐུན། །བཀའ་སྲུང་གསོལ་མཆོད་ཚར་སྐབས་སྨྲས་པ་དེ། །རུ་པ་ཞེ་སྡང་ལྡན་པའི་བཙུན་པས་བྲིས། །རྩོད་བྲལ་བསྟན་བཅོས་ཉེས་པ་ལྷ་ལ་བཤགས། །དགེ་བས་སྒྲུབ་རྒྱུད་བསྟན་པ་མཐའ་རྒྱས་མཉམ་པར་ཤོག །མངྒ་ལཾ། །ཨ། རི་ཆོས་འཚམས་ཞལ་གདམས་ཀྱི་ཆིག་བརྒྱུད་ལས། །མགོན་པོ་བེར་ནག་ཅན་གྱི་ལས་མཐའ་མགོན་པོ་ཉིད་ཀྱི་གྲུབ་ཆེན་པཀྵི་ལ་ཕུལ་བའི་གིང་ནག་པོའི་ཁྲེས་པོ་ཁ་སྲུང་ཞེས་བྱ་བའི་ཟིན་བྲིས་བཞུགས་སོ། ༈ །ན་མོ་ལོ་ཀ་ན་ཐ་ཡེ། །འཇིག་རྟེན་མགོན་པོ་དྲེག་བྱེད་བེར་ནག་ཅན། །བདུད་རྒྱལ་ཐོད་ཕྲེང་ཅན་ལ་ཕྱག་འཚལ་ལོ། །མན་ངག་ཟིན་བྲིས་བྲི་བ་བཀའ་གནང་རྩོལ། །གྲུབ་ཆེན་པཀྵི་དབུས་སུ་མ་འཕེབ་སྔོན། །མཚུར་ཕུ་གདན་ས་དགོག་ཅིང་འཇིག་ལ་ཐུག །དེ་དུས་པཀྵི་སྤུང་རིར་བཞུགས་པའི་སྐབས། །ཆོས་སྐྱོང་བེར་ནགས་ཅན་དེ་དངོས་སུ་བྱོན། །མཚུར་ཕུའི་གདན་ས་མེད་པས་འབྱོན་དགོས་གསུངས། །མི་འགྲོ་གསུང་ཀྱང་ཅིས་ཀྱང་འབྱོན་དགོས་ཟེར། །སོང་ཀྱང་ཡོན་བདག་ཅིག་ཀྱང་རྙེད་པ་མེད། །ང་རྒྱལ་བྱེད་པར་ཆོག་པའི་མཐུ་ནི་མེད། །ཁྲོས་སོ་ཁ་སྲུང་གཅིག་ནི་ངས་མི་ཤེས། །གསུང་པས་ཁྲོས་པོའི་ཁ་སྲུང་ང་ཡི་བཞིན། །ང་ནི་ལྷ་མོ་ཀུན་གྱི་གཙོ་བོ་ཡིན། །ང་ལ་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ཡོད། །ཁྱོད་ཀྱི་ཡོན་བདག་ང་ཡི་བྱེད་པའི་ཕྱིར། །ང་ཡི་སྲོག་རྙིང་ཁྱོད་ལ་འབུལ་ཟེར་རོ། །ཁྱོད་ཀྱི་སྲོག་རྙིང་ང་ལ་དགོས་པ་མེད། །དེ་བས་སྐད་གཅིག་ཉིད་ལ་རྟག་འོང་བའི། །ཁྲོས་པོའི་ཁ་བསྲུང་ཡོད་ན་འདོད་གསུང་པས། །དེ་ཡང་ང་ལ་ཡོད་པས་འབུལ་ལོ་ཟེར། །འོ་ན་ཁྱོད་ཀྱི་རོག་ལ་ང་འགྲོ་གསུངས། །དེ་དུས་གདམས་ངག་འདི་ཉིད་ཕུལ་བར་བཤད། །གདམས་ངག་འདི་ནི་སུ་ལའང་

(༡༨༠)མ་གནང་སྟེ། །ན་བུན་དབང་རྡོར་བ་དང་ཤེས་རབ་འདོད། །འདི་གཉིས་ང་ལ་དྲིན་ཆེ་གསུང་ནས་གནང་། །གཞུང་གི་དཔེ་ནི་བོད་གཞུང་ཀུན་ན་ཡོད། །འོན་ཀྱང་ཕྱག་ལེན་མི་གསལ་སྡུམ་སྡུམ་འདྲ། །དེ་ཕྱིར་ཡོད་པ་ཙམ་ལས་ཕན་མ་ཐོག །འདི་ཉམས་སུ་ལེན་པའི་ཟིན་བྲིས་ནི། །འདི་ཡི་བསྟན་རྫས་སྔར་ནས་བསགས་དགོས་སྟེ། །སྙུག་རྒོད་གཙང་མ་གཅིག་ལ་བརྟན་མདའ་བཟོས། །དེ་ལ་ཕོ་རོག་དང་རྒྱུ་གཡས་པས་སྒྲོན། །དེ་ལ་མེ་ཡི་མི་བཤུར་སྒྲོ་རྒོད་བྱ། །དེ་ལ་སྒྲི་ལྕགས་ལས་བྱས་མདེའུ་སྦྱར། །མདའ་མགུལ་ནག་པོ་མདའ་སྟོང་དམར་པོ་བྱ། །བདུད་མདའ་སྟོང་དམར་བྱ་བའི་དོན་ཡིན་ནོ། །མདའ་བཟོས་ཚར་ནས་མི་བསེར་མི་བསྒྱེལ་ལོ། །དར་ནག་སོ་མ་ཁ་གང་མ་ཉམས་པར། །གསེར་རམ་འཚལ་གྱི་ཧཱུྃ་ཡིག་ནག་པོ་ནི། །ཁང་བསེང་ཡོད་པ་དཀྱིལ་བྲིས་མདའ་ལ་བརྟག །ཁྱི་ནག་སྙིང་དང་ལུག་ནག་སྙིང་གཉིས་ལ། །རྩ་སྦུབ་ཤིང་གིས་བགྱང་ཏེ་ལེགས་པར་བསྐམ། །རྩ་སྦུབ་གསུམ་དུ་དེ་ཝ་རཀྵ་དང་། །ཤ་ས་ན་དང་ཧུ་ར་ཧེར་ནི་དང་། །ཡབ་ཡུམ་ཞལ་སྦྱོར་སྔགས་རིང་ལ་སོགས་པ། །གསེར་རམ་མཚལ་ལམ་རྒྱ་སྣག་གིས་བྲིས་པའི། །ཤོག་དྲིལ་རྩ་སྦུབས་ནང་བཅུགས་ལ་ཆས་བཀར། །ཟམ་སོར་བཏུམ་ལ་མགོ་མཇུག་མ་ལོག་པར། །གཉིས་ཀ་མདའ་ཡི་མགུལ་དུ་བཏག་པར་བྱ། །དར་ནག་འམ་ནི་ཤོག་བུའི་ཙཀླི་ལ། །མགོན་པོའི་སྐུ་དང་ལས་མཁན་ཤན་པ་བཞི། །འོག་གི་མངོན་རྟོགས་བཞིན་བྲིས་དེ་ཡི་རྒྱབ། །བཟླས་བྱའི་སྔགས་རིང་བྲིས་ལ་བཏག་པར་བྱ། །དེ་ནི་རང་གི་ཚགས་བྱ་སྟེ། །བསྐང་གསོལ་ནམ་བྱེད་མི་གཤགས་དེ་ལ་བསྟིམ། །ཁྱད་པར་འཁོར་གྱི་དྲེགས་བྱེད་ཕོ་ཉའི་ཚོགས། །གིང་ཀ་ར་ཡི་ཚོགས་བཅས་ཐིམ་པར་དམིགས། །མུ་ཟི་ནག་པོ་གྲུ་གལ་ནག་པོ་དང་། །ཁྱི་ནག་ཁྲག་བསྲེས་སྣག་བསྡར་གཙང་མ་ཞིག །དྲི་མ་མ་སོང་ཤོག་བུར་བཏུམ་ལ་ཚགས། །མགོན་པོའི་བསྙེན་པ་སྔོན་དུ་སོང་

(༡༨༡)བའི་མིས། །ལིངྒ་སྤྱི་མཐུན་མིང་དང་བཅས་པ་བྲིས། །མཐའ་མར་བཟླས་བྱའི་སྔགས་རིང་མགོ་ནང་བསྟན། །སྔགས་མཇུག་ཕྱིར་བུད་མཐའ་མར་ཛ་ཁྲོམ་བསྐོར། །རྐུན་མ་ལ་སོགས་མན་ངག་ཞལ་ལས་ཤེས། །ཞེ་སྡང་མ་ཡལ་འཕྲལ་དུ་བྱས་ན་ལེགས། །ཕུང་རོ་ཡོད་ན་ཤིན་ཏུ་ལེགས་པ་སྟེ། །མེད་ན་རེ་བ་ནག་པོའི་གདན་གྱིས་སྟེང་། །ནས་ཀྱི་མཎྜལ་ཟུར་གསུམ་བྲི་བར་བྱ། །དེ་སྟེང་ལིངྒ་མགོ་ཕྱིར་བསྟན་ལ་བཏིང་། །མནྗིང་འམ་ནི་ཨོཾ་ཆུང་བྱས་པའི་ཐོགས། །དཀར་རྒྱན་མེད་པའི་དམར་གཏོར་གཅིག་བཅས་བཞགས། །དེ་ཡི་གཉའ་དེར་སྔོན་གྱི་མདའ་དར་གཙུགས། །ཡི་དམ་གཏོར་བསྔོས་ཐུགས་དམ་ཆགས་མེད་རིགས། །དེ་ནང་སྔ་བར་ཐམས་ཅད་ཚར་བར་བྱས། །དེ་ནས་ཕུགས་གཏོར་ལ་སོགས་བྲན་བྱས་ལ། གསོལ་ཀ་རྒྱས་པར་བསྐང་བ་སྡུས་པར་བཅས། །དེ་ཚེ་བདག་མདུན་མ་མགོན་བསྒོམ་པ་སོགས། །སྤྱན་འདྲེན་དམིགས་པ་དང་བཅས་ཕྲེང་སྐོར་བསྙེན། །དཀར་གཏོར་བསྔོ་ཞིང་མགོན་པོའི་གཏོར་འབུལ་གྱིས། །འགུགས་ཞུགས་སྐབས་དེར་ལིངྒ་འགུགས་ཞུགས་ནི། །གསུམ་མམ་བདུན་བྱ་འགུགས་སྔགས་ཉེར་གཅིག་བརྗོད། །ལྷ་དབྱེའི་གཏོར་མར་བྱིན་ལ་ལྷ་དབྱེའི་སྔགས། །གསུམ་མམ་བདུན་བརྗོད་ལྷ་དང་བྲལ་བར་བསམ། །དེ་ནས་གཏོར་འབུལ་བསྐུལ་པ་མི་བྱ་བར། །བདག་བསྐྱེད་མ་མགོན་སྟོང་པ་ཉིད་དུ་བསྡུ། །མདུན་བསྐྱེད་ལྷ་ཚོགས་སྔོན་ལྟར་བཞུགས་པར་བསམ། །འདི་སྐབས་མདུད་བསྐྱེད་འདི་ནི་མདའ་དར་ཡིན། །དེ་ནས་རང་ཉིད་སྐད་ཅིག་དྲན་རྫོགས་སུ། །མགོན་པོའི་བཀའ་སྡོད་ལས་ཀྱི་ཤན་པ་ནི། །མདོག་ནག་སྤྱན་གསུམ་རལ་པ་བར་སྣང་གཟིགས། །གཅེར་བུ་རྒྱན་མེད་ཉ་སུལ་ཧྲི་ངེ་བ། །གཡས་པ་ལྕགས་ཀྱུས་དགྲོ་བོའི་སྙིང་ནས་འདྲེན། །ཁ་གདང་མཆེ་གཙིགས་ཞེ་སྡང་མེ་ལྟར་འབར། །ཁ་ནས་དགྲ་བོའི་སྙིང་ཆེན་རློན་པ་འཆའ། །སྐོམ་དུ་དགྲ་བོའི་སྐེ་ཁྲག་དྲོན་མོ་འཐུང་། །ཁ་ནས་ནད་ཀྱི་ཚ་ཚ་མེ་ལྟར་འཕྲོ། །ལུས་ལ་ནད་ཀྱི་

(༡༨༢)རླང་པ་རླུང་ནག་འཚུབ། །ནད་རིམས་སྨྱོ་འབོགས་ཆོ་འཕྲུལ་གཏོང་བར་བྱེད། །འབྱུང་པོ་ཐམས་ཅད་ལས་ལ་དགྱེད་པར་བསམ། །རང་གི་ངག་ནས་སྔགས་འདི་དྲགས་བརྗོད་པས། །མདུན་གྱི་ལྷ་ཚོགས་ཀུན་གྱི་རབ་འབུ་བཀྱང་། །ལྷ་ཚོགས་ལས་འཕྲོས་པའི་འོད་ཟེར་གྱིས། །ལིངྒ་དགྲ་བོ་དངོས་སུ་དབྱེར་མེད་ཅིང་། །རེ་བ་ནས་མཎྜལ་ཟུར་གསུམ་ནི། །དགྲོ་བོའི་ཡུལ་ཁང་དགྲ་དང་དབྱེར་མེད་པར། །ནད་ཡམ་མྱོས་བརྒྱལ་ལྟས་ངན་བརྒྱད་བཅུའི་ཚོགས། །ཆར་བཞིན་བབ་ནས་སྔངས་སྐྲག་སྨྱོ་རྒྱལ་བསམ། །སྔགས་འདི་ཤུབ་ཤུར་མ་ཡིན་དྲག་ཏུ་བཟླས། །བཟླ་རོག་མང་པོ་ཡོད་ན་འུར་འདོན་བཅུགས། །ཨོཾ་ཤྲྀ་མ་ཧཱ་ཀཱ་ལ་ཡ་ཨ་ཀར་ཤ་ཡ་ཨ་དཀར་ཤ་ཡ་འདིར་ཤོག་གནོད་བྱེད་ཀྱི་སྙིང་ལ་ཨ་ཀར་ཤ་ཡ། །གནོད་པར་བྱེད་པའི་དགྲ་བོ་འདིས་ཚད་དང་མཚན་མ་བོར་ཚོད་དང་ཉི་ཟེར་བཙུགས། དུས་དང་དུས་ཚོད་བརྩུགས། ལས་དང་རྟག་དུས་ལ་བབ། ཨོཾ་གིངྐ་ར་གངྐི་ར་དགྲོའི་སྙིང་ལ་གིངྐ་ར་གངྐི་རང་སྲོགས་ལ་གངྐི་ར་གངྐི་ར། ཨོཾ་ཏིག་ཏིག་སྲོགས་རྩ་ཆོད་ཆོད་རྦད་རྦད། གཏུབ་གཏུབ་རྦད་རྦད། །ཆོད་ཆོད་ལྗིབས་ལྗིབས། ནོན་ནོན། ཞེས་པའི་སྔགས་དེ་སྒྲུབ་མི་གཅིག་ཡིན་ན། །བརྒྱ་རེའི་འཚམས་དང་ཡང་ན་སྟོང་རེའི་འཚམས། །མདའ་དར་དེ་ལ་ཕུ་ཡི་བཏབ་ལ་སྔགས། །མང་ནའང་ལག་འགྲིམ་མི་བྱ་ཕུ་འགྲིམ་བྱ། །མཆོད་གཡོག་པའི་འཛིན་ན་ལག་པ་ལྕིབས། །དེ་རྗེས་མདེལ་དེས་ཤོག་གུའི་ལིངྒའི་སྟེང་། །རྒྱབ་པའི་ཚུལ་གྱི་སྟུག་སྟུག་ལན་དགུར་བྱ། །དམར་གཏོར་དེ་ནི་སྔགས་ཀྱི་མི་བསྔོ་བར། །ཡིད་ཀྱི་ལས་མཁན་གིངྐ་ར་བསྔོ། །དེ་ལྟར་སྔ་དྲོ་ནས་བཟུང་སྲོད་ཀྱི་བར། །ཅི་ལྟར་ནུས་པར་སྔགས་དང་དམིགས་པ་འབད། །སྲོད་ལ་བབ་ཚེ་མགོན་པོའི་དམར་གཏོར་ལ། །གང་ཞིག་བླ་མ་ལ་སྨོད་བསྐུལ་བ་དང་། །བཙན་བདུད་ཀླུ་གསུམ་མགོན་པོའི་བསྐུལ་བ་འདོན། །དེ་ནས་སྔོན་འགྲོ་དཀར་གཏོར་

(༡༨༣)གསེར་སྐྱེམ་འབུལ། །དེ་ནས་ལིངྒ་ཤིང་གི་སྐམ་ཤར་བཅུགས། །རེ་བར་ནས་བསྟུམ་དམར་གཏོར་དང་བཅས་ཁྱེར། །དེ་རྗེས་མགོན་པོའི་དམར་གཏོར་དར་ནག་ཁྱེར། །ནམ་ཕྱེད་མི་ཡི་མི་མཐོང་དགྲ་ཡི་ཕྱོགས། །མཁའ་འགྲོ་གཟའ་སོགས་གདོང་ནི་མ་ཐུག་པར། །གོམ་པ་དྲུག་ཅུ་རེ་བཞིའི་ཕ་རོལ་འགྲོ། །མ་མགོན་ལྷ་ཚོགས་མཚན་ནས་ངག་ནས་འབོད། །ལས་མཁན་གྐིང་ར་ལ་ལན་གསུམ་འབོད། །དགྲ་བོ་ཆེ་གེ་མོ་ཞེས་བྱང་བ་ལ། །བསྙོ་འབོག་ནད་ཡཾ་ལྟས་ངན་བརྒྱ་ཅུ་ཡི། །ཆར་པར་ད་ལྟ་ཉིད་དུ་ཕོབ་གཅིག་བརྗོད། །དེ་རྗེས་ལིངྒ་ས་ལ་དྲག་ཏུ་བསྡབ། །གིངྒ་ར་རྒྱུག་བརྗོད་པ་བཞིན་དུ། །ལིངྒའི་སྟེང་དུ་དམར་གཏོར་ཆུང་བ་བརྒྱབ། །དེ་སྟེང་རེ་བ་ནས་དང་བཅས་པ་བསྡབ། །དེ་སྟེང་མདའ་དར་དེ་ཉིད་ལེན་དགུ་བསྡབ། །དེ་རྗེས་གོང་གི་སྔགས་རིང་འདོན་བཞིན་དུ། །མགོན་པོའི་དམར་གཏོར་བརྒྱབ་ཅིང་དར་ནག་བསྡེབ། །དེ་སྟེང་ཆོས་གོས་འམ་རང་གི་དུག་པོ་ནི། །མགོ་མཇུག་བསྒྱུར་ལ་ལན་གསུམ་བསྡབ་པར་བྱ། །རང་གི་བསྒོམ་པའི་གིང་ནི་ནག་པོ་དང་། །མགོན་པོ་འཁོར་བཅས་དགྲ་ཡུལ་སོང་བར་བསམ། །རང་ཉིད་སྐད་ཅིག་རྣམ་སྣང་བསྐྱེད་རིམ་བྱ། །ལིངྒ་ཆུར་ཁྱེར་ཕྱི་དམིགས་མི་བལྟ་འོང་། །ལིངྒ་དེ་ཉིད་གཏོར་སྒམ་འོག་ཏུ་བཅུགས། །གདམས་ངག་འདི་ཉིད་སྔ་དྲོ་བྱས་པ་ན། །ཕྱི་དྲོ་དགྲ་ལ་རྟག་དང་ཆོ་འཕྲུལ་ནི། །འབྱུང་བར་མགོན་པོ་ཉིད་ཀྱི་དམ་བཅས་སོ། །ཕ་རོལ་བསོད་ནམས་ཆེ་དང་བསྲུངས་བཟློག་མང་། །དེ་ལ་འཕྲལ་དུ་རྟག་མཚན་མ་བྱུང་ན། །ཉི་ནག་མེ་སྡོང་དྲག་སྔགས་ཐེབ་པའི་དུས། །དགྲ་ཕྱོགས་གཏོར་མ་འཕེན་པར་རུང་བའི་དུས། །སྔོན་ནས་བརྩིས་ལ་སྔོན་ལྟར་ཉིན་བསྒྲུབ་རེ། །ལན་གསུམ་བསྐྱལ་ན་ཐེ་ཚོམ་མེད་པར་འབྱུང་། །ལྟས་ངན་འབྱུང་དང་ནད་ཡམ་སྨྱོ་འབོགས་དང་། །གྲི་རུ་འཆིའམ་གཟའ་སོགས་ཧུར་ཐུམ་

(༡༨༤)འཆི། །དེ་དག་གང་འབྱུང་ཕ་རོལ་པ་དེ་ཡི། །ཆགས་སྒོ་བསོད་ནམས་བསྲུང་བཟློག་ཁྱད་པར་ཡིན། །དྲག་གཅིག་མི་འབྱུང་སྲིད་པར་མི་འགྱུར་རོ། །དེ་ནས་ཞུ་བཤགས་ཕུལ་ཞིང་འདུམ་བྱས་ན། །ལིངྒ་རྣམས་གཟུང་ཆུས་བཀྲུ་བར་བྱ། །མ་འདུམ་ད་རུང་བསྒྲལ་བར་མ་ནུས་ན། །ལིངྒ་དེ་ཉིད་དྲག་པོའི་སྦྱིན་བསྲེགས་བྱ། །སྦྱིན་བསྲེགས་སྔགས་དམིགས་བསྒྱུར་ཁ་ཞལ་ལས་ཤེས། །སྲོགས་དང་ཆོ་འཕྲུལ་སྨྱོ་འབོག་ལ་སོགས་པ། །ཅིག་ཆོག་ཉིན་གཅིག་སྒྲུབ་པའི་རླུང་བསྒྲུབ་འདི། །སྔོན་ཆད་ཟིན་བྲིས་གསལ་པོ་མེད་ན་ཡང་། །སྙིང་དུས་མགོན་པོ་བེར་ནག་ཅན་འདི་ལ། །མཐུ་དང་ནུས་པ་མེད་ཅེས་ཀུན་གྱི་སྨོད། །དཀོན་མཆོག་དབུ་འཕང་ཆུ་བས་དམའ་བར་གྱུར། །དེ་ལ་སྙིང་གིས་བཟོད་ཐབས་མ་བྱུང་བས། །ཤུག་འཆང་ལྕགས་ཤོས་རྒྱལ་པོ་མེ་འབར་ལོ། །ཞེ་སྡང་མི་ཁྱི་མེད་པའི་ཟླ་བ་ཡི། །གནམ་གང་མགོན་པོ་ལན་གསུམ་རྒྱུ་བའི་ཉིན། །སྔགས་རྒན་ར་ག་ཨ་སྱས་སྨྲས་པ་དེ་རུ་པའི་སྔགས་ནག་བརྩོན་འགྲུས་ཞེས་བྱས་བྲིས། །བརྩེ་བ་བྲལ་བའི་བསྟན་བཅོས་འདི་ཉིད་ཀྱིས། །སེམས་ཅན་གནོད་པར་བྱུང་ན་མཐོལ་ལོ་བཤགས། །དགེ་བས་མགོན་པོ་བེར་ནག་ཅན་སྐོར་གསུམ་ལས། །གཤེ་བསྐུར་མེད་པར་ཀུན་གྱི་བསྟོད་ཅིང་བསྔགས། །འཛམ་གླིང་འདི་ན་འགྲན་ཟླ་བྲལ་བར་ཤོག མངྒ་ལཾ། ཀཾ། རི་ཆོས་འཚམས་ཀྱི་ཞལ་གདམས་ཅིག་བརྒྱུད་ལས། གྲུབ་ཆེན་པཀྴིའི་ཡབ་ཆོས་མགོན་པོ་སེར་ནག་གི་སྐོར་ལས་གཏོར་ནག་སྲོག་གི་པར་བུའི་ཟིན་བྲིས་ཡོད། ༈ ན་མོ་མ་ཧཱ་ཀ་ལ་ཡེ། མ་མགོན་ཞབས་ལ་ཕྱག་འཚལ་ལོ། །དགོང་པ་གྲོལ་ཞིང་བཀའ་གནང་རྩལ་དུ་གསོལ། །རུ་པ་སྔགས་ནག་བརྩོན་འགྲུས་རྒྱ་མཚོ་ཡི། །ཆོས་འཁོར་གཉེན་པོ་འཇིག་ལ་ཐུག་པའི་ཚེ། །ཁ་ཙམ་མ་ཡིན་སྒོ་གསུམ་རྩེ་གཅིག་ཏུ། །དམ་ཆོས་ཚུལ་བཞིན་བསྒྲུབ་པའི་གང་ཟག་ལ། །དམ་ཉམས་དགྲ་བོའི་བར་ཆད་བྱས་གྱུར་ན། །དེ་འདུལ་ཆོས་ཀྱིས་

(༡༨༥)བཀའ་སྲུང་གནོང་ཞིག་ཅེས། །ཕྱག་དང་མཎྜལ་ཕུལ་ནས་ཞུས་པའི་ལན། །བཀའ་སྲུང་གཙོ་བོ་མ་མགོན་ལྕམ་བྲལ་ལ། །མལ་གྱོ་རས་ཆེན་སོགས་ལས་བརྒྱུད་པ་ཡི། །ཕྱི་བསྒྲུབ་པར་བུ་ནང་བསྒྲུབ་ཛ་བསྡུང་དང་། །གསང་བསྒྲུབ་ཕུར་བུ་གསུམ་ཆ་ལ་སོགས་བཅས། །རྒྱ་ཆེར་བྱུང་བ་ཡབ་ཀྱང་ཁོ་ནའི་ལུགས། །དེས་ཆ་ལུང་བརྒྱུད་ལ་སོགས་མང་མཆིས་ཀྱང་། །དཀའ་ཚེགས་ཆེ་ཕྱིར་ཕྱག་ལེན་བྱེད་མཁན་མེད། །ཡབ་ཡུམ་ཞལ་སྦྱོར་སྤར་ནག་ཞེས་གྲགས་པ། །དྲག་པོའི་ལྷ་རྒྱུད་གསང་བ་ནས་གསུང་པ། །ཨོ་རྒྱན་ཆེན་པོའི་ཐུགས་ལ་མངའ་བ་ལགས། །དྲག་སྔགས་བཀའ་བབ་དྷ་ན་སམ་ཀྲྀ་ཏས། །བཻ་རོ་ཙ་ན་ལ་གནང་བཀའ་གཏེར་བརྒྱུད། །དེང་སང་ཀ་ཐོག་ཕྱོགས་སུ་དར་བ་ལ། །མགོན་པོ་ཚོགས་བདག་ཞེས་བྱ་མཐུ་ཆེ་སྐད། །ཨོ་རྒྱན་ཆེན་པོ་སྲིན་ཡུལ་འབྱོན་ཁ་རུ། །རྒྱལ་པོས་རྫོང་བ་བྱས་ནས་གཟིམ་པའི་ནུབ། །མི་ནག་ཅིག་བྱུང་རྒྱལ་པོར་འདི་སྐད་ཞུས། །བསྒྲུབ་མི་དགོས་པའི་དྲག་སྔགས་བཅས་ཆོག་ཅིག །སློབ་དཔོན་ལ་ཡོད་མི་ཞུ་ཅི་ཡིན་ཟེར། །སློབ་དཔོན་ལ་ནི་གནང་བར་ཞུས་པའི་ཚེ། །མ་མགོན་པར་ནག་གདམས་པ་བག་ཙམ་ཞིང་། །ངེས་ཀྱང་སྲིན་པོ་འདུལ་ཕྱིར་མཁོ་བ་ཡིན། །གསུང་ནས་མ་གནང་སློབ་དཔོན་བཞུད་པའི་རྗེས། །གསེར་དངུལ་རིན་ཆེན་བསྐལ་ནས་རྗེས་བསྙེགས་པས། །ཆུ་བོ་རིར་སློབ་ཕྱག་འཚལ་མཎྜལ་ཕུལ། །སྤྱན་ཆབ་ཕྱུངས་ཤིང་ཞུས་པས་འདི་ཉིད་གནང་། །ཁྱེད་རང་རིང་ལ་མ་སྤེལ་སྐུང་གསུང་གྱིས། །འདས་ཁ་གཏེར་དུ་སྦོས་དང་སྲས་རྒྱུད་ལ། །ཕན་པར་འགྱུར་གསུང་མཆོད་རྟེན་ནག་པོར་སྦས། །རྒྱལ་པོ་འདས་ཤིང་སློབ་དཔོན་གཤེགས་པའི་རྗེས། །སྲས་པོ་གསུམ་ཡོད་ཆེ་བ་དུག་གི་གྲོང་། །འབྲིང་བ་བློན་པོ་ངོ་ལོག་བྱས་ནས་བཀྲོངས། །ཆུང་བ་འགྱིང་ཡོན་སད་ན་ལེགས་དེ་ཡིས། །

(༡༨༦)རྒྱལ་ས་མི་ཟིན་གྲབ་བྱུང་རྙིང་མ་ཁུགས། །མཚན་མོ་མཆོད་རྟེན་ནག་པོའི་རྩ་བ་དོར། །མེ་འབར་འོད་འཁྱུགས་ཆོ་འཕྲུལ་འབྱུང་བར་མཐོང་། །འདི་ན་ཡབ་དང་སློབ་དཔོན་གྱིས་སྦས་པའི། །ཕུགས་འཚིང་ནུས་པའི་གཏེར་གཅིག་ཡོད་པར་ངེས། །རྒྱལ་ས་མི་ཟིན་ད་ནི་གཏེར་འདོན་ཟེར། །ནོར་གཏེར་གདའ་ན་འཁྱེར་ནས་ས་མཐར་འབྲོས། །ཆོས་གཏེར་གདན་ཉམས་སེམས་ཅན་ཆོས་གཅིག་བྱེད། །མཐུ་གཏེར་གདའ་ན་མཆེད་མའི་ཤ་ལེན་བསམ། །བསྐོས་པས་མ་མགོན་པར་ནག་དྲག་སྔགས་དང་། །མགོན་པོ་དབྱུགས་རྡུང་དབྱུགས་པ་བཅས་པ་ཐོན། །ཆོས་བློན་ཐུགས་མཐུན་བསྡུས་ནས་ལྐོག་ཏུ་ནི། །བསྒྲུབ་པས་ཟླ་གཅིག་གོང་དུ་ཁོང་གི་དགྲ་ཞང་ནི་དབུ་རིང་ཕ་ཚན་བཅས་པ་བསྔགས། །དེ་ནས་ཡབ་ཀྱི་ཁྲི་ནོན་རྒྱལ་ས་ཟིན། །འཛམ་གླིང་སུམ་གཉིས་དབང་བའི་རྒྱལ་པོར་གྱུར། །ཁོང་ལ་སྲས་གསུམ་ཡོད་པའི་ཐ་ཆུང་གིས། །རྒྱལ་ས་མ་ཐོབ་མགོན་པོའི་བསྒྲུབ་པ་བྱས། །ན་བཟའ་དྲི་མའི་སྲབ་མདར་འགོལ་བ་དང་། །འཇའ་ལ་འཇུས་ནས་ནམ་མཁར་དངོས་སུ་འབྱོན། །མཚན་ཡང་སྟག་ནམ་མཁའི་ལྷ་ཟུང་ཟེར། །དེ་ཉིད་འབྲི་ཆུའི་འགྲམ་ཕེབས་བཞུགས་པའི་རྒྱུད། །སྔགས་པ་སྐུ་ཚེ་རིང་ཤོས་བཅུ་གསུམ་དང་། །ཐུང་ཤོས་མི་རབ་བཅོ་ལྔ་བྱོན་པའི་འཚམས། །གྲུབ་ཆེན་པཀྴི་འཁྲུངས་བ་ཡན་ཆད་དུ། །མ་མགོན་གྲུབ་པ་ཐོབ་པ་ཤ་སྟག་ལགས། །དེ་ཡི་གདམ་པ་པར་ནག་ཕྱི་ནང་གསུམ། །ཕྱི་ཡི་པར་ནག་མ་ཡི་པར་བུ་དང་། ནང་གི་སར་ནང་ཐོད་པའི་པར་བུ་དང་། །གསང་བའི་པར་ནག་གཏོར་མའི་པར་བུ་གསུམ། །ཕྱི་ནང་པར་བུ་དཀའ་ཚོགས་ཆེ་ཕྱིར་བཞགས། །གསང་བ་གཏོར་མའི་སར་ནག་འདི་ཉིད་ནི། །འགྲོ་མགོན་རས་ཆེན་ལུགས་ཀྱི་ནང་བསྒྲུབ་དང་། །ཕྱོགས་ཙམ་མཐུན་ཀྱང་དོན་ལ་འདྲ་བ་མིན། །སྟེགས་བུའི་ནམ་གཞི་མ་ནག་པོའི་སྟེང་། །ལྕགས་སྣོད་ཡངས་པའི་ནང་དུ་

(༡༨༧)གཏོར་ཆེན་བཅའ། །གཏོར་མའི་སུམ་གཉིས་མན་ཆད་ཕྱིར་བཅད་ལ། །དེ་ལ་གྲུ་གསུམ་ཧོཾ་ཁུུང་གཟུགས་སུ་བྱས། །ཁྲག་བྱུགས་ནང་དུ་དམིགས་པའི་ལིངྒ་ནི། །ཞལ་ཤེས་བཞིན་དུ་བྲིས་པས་ཁ་སྦྱོར་སྡེབས། །བགུགས་ཞུགས་ལྷ་དབྱེ་གཞུང་བཞིན་བྱས་པ་དེ། །ཚོན་སྐུད་འམ་ནི་ཁྱི་སྤྲུ་ར་བལ་བཅིང་། །དེ་སྟེང་གཏོར་མར་བཞག་ལ་ནག་པོ་བྱ། །སྤྲོ་ན་མར་གྱི་གཏོར་ཞལ་འཇིགས་པ་བྱ། །མ་གྲུབ་མེ་རི་བྱ་ཞིང་ཙཀླི་བཙུགས། །མཐའ་སྐོར་གཏོར་ཆུང་བརྒྱད་བསྐོར་ཤ་ཁྲག་བརྒྱན། །དབུ་གཙང་ཕྱག་གཙང་ཚེ་དང་ཡུང་དཀར་བརྒྱན། །དར་གདུགས་འམ་ནི་ཡང་ནམ་མདའ་དར་བཙུགས། །སྨན་རཀ་དྲག་པོ་མཆོད་པ་སྣ་བདུན་བསྐོར། །ཚོགས་དང་ཐུན་གཏོར་ཟན་ལིང་བཅས་པ་འཚགས། །གཏོར་མའི་སྟོད་ནི་མགོན་པོ་ཡབ་ཡུམ་བསྐྱེད། །སྐད་པ་མཆོད་པ་སྨད་ནི་ལྕགས་ཁང་དུ། །དམིགས་བྱ་གང་ཡིན་དངོས་སུ་གསལ་བར་བསྐྱེད། །ཐུན་གྱི་གྲངས་དང་སྤྱིར་གྱི་འདོན་ལུགས་ནི། །དང་པོ་སྒྲུབ་པའི་དུས་དང་འདྲ་བ་ཡིན། །སྔོན་དུ་སྒྲུབ་པ་རྟག་ཐོན་མ་བྱས་པར། །འདི་ཉིད་སྒྲུབ་པས་ནུས་པ་འབྱུང་བ་མིན། །ཐུན་འགོར་ཕྲེང་སྐོར་ཙམ་རེའི་བསྙེན་པ་བྱ། །དེ་ཚེ་སྤྱན་འདྲེན་དམིགས་པ་ཁོ་ནར་འབད། །བསྒྲུབ་ཐབ་ནང་ནས་བཤད་པ་ལྟར། །དེ་ནས་གཏོར་མའི་སར་བུ་ལྕགས་ཁང་ནི། །དམིགས་བྱའི་ལིངྒ་དངོས་སུ་བསྐྱེད་པར་བྱ། །དེ་ནས་གཞུང་ལྟར་འགུགས་ཞུགས་གསུམ་མམ་བདུན། །དེ་རྗེས་རྩ་སྔགས་ཡིག་འབྲུ་བཅུ་གསུམ་ལ། །ལས་འགྲིགས་ནང་གི་དགུག་བཞུག་སྔགས་རིང་དེ། །ཕྲེང་སྐོར་རྩམ་ཞིག་བཟླ་ཞིང་དམིགས་པ་ནི། །རང་ཉིད་སྔགས་བརྗོད་སྐུ་ལས་འོད་ཟེར་ནི། །མཐིང་ནག་ཚ་ཞིང་རྩུབ་པ་མདུན་བསྐྱེད་ཕོག །རབ་དུ་ཁྲོས་ནས་འགུགས་སྔགས་མཉམ་དུ་གསུང་། །ཡབ་ཡུམ་སྐུ་ལས་སྤྲུལ་པའི་མགོན་པོ་དང་། །ལྷ་མོ་གཅེར་བུ་དཔགས་མེད་ཕྱོགས་བཅུར་འཕྲོས། །དམིགས་ཡུལ་ལིངྒར་བྲིས་པ་གང་ཡིན་པ། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་སྐེ་ནས་ཁྲིད། །རང་དབང་མེད་པར་

(༡༨༨)ལིངྒར་བསྟིམ་པར་དམིགས། །ལན་ཅིག་མ་ཡིན་སྔགས་འདི་བཟླ་རིང་བསྒོམ། །དེ་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས། །བདག་དང་འགྲོ་བ་ཀུན་གྱིས་སྡིག་སྒྲིབ་དང་། །ལས་ངན་རྣམ་སྨིན་ཀུན་བསྡུས་ཁོ་ལ་བསྟིམ། །ཁོ་ཉིད་ཉོན་མོངས་དུག་ལྔས་རབ་ཏུ་རྒྱས། །གཙུག་ལག་ཁང་དང་གླེགས་བམ་ཐམས་ཅད་བཤིགས། །སློབ་དཔོན་དགེ་འདུན་དགྲ་བཅོམ་ཐམས་ཅད་བསད། །བསྒྲལ་བའི་ཞིང་བཅུ་ཁོ་ལ་ཚང་བར་བསམ། །དེ་ནས་དཔལ་ལྡན་ཐུབ་པ་ལ་སོགས་པ། །སངས་རྒྱས་ཀུན་ལ་གཟུ་དཔང་ཚིག་དེ་ཞུ། །གང་ཞིག་ལ་སོགས་གནང་བ་བྱིན་པར་བསམ། །ནམ་མཁའ་གང་བའི་སངས་རྒྱས་བྱང་སེམས་ལ། །ཐམས་ཅད་གཟིགས་སོགས་གཟུ་དཔང་ཚིགས་དེ་ཞུ། །གཞུང་ལྟར་ལྷ་དབྱེའི་གཏོར་མ་གཅིག་བཤམས་འབུལ། །ཧཱུྃ་ཤྲཱི་མ་ཧཱ་ཀ་ལ་ཞེས་སོགས་པའི། །ལྷ་དབྱེའི་ སྔགས་རིང་བདུན་ནམ་ཉེར་གཅིག་བརྗོད། །ཐ་མལ་པ་ལ་བདུན་ལས་མི་དགོས་སྟེ། །ཕ་རོལ་ནུས་ལྡན་ཡིན་ན་རིག་པས་དཔང་། །ཁོ་ལ་སྲུང་ཞིང་སྐྱོབས་པའི་ལྷ་ཀུན་ལ། །ཁོ་རང་དུག་ལྔ་རྒྱས་པས་ཕུར་པ་བཏབ། །དམ་ཚིག་ཉམས་པས་ལྷ་ཀུན་བྲོས་པར་བསམ། །དེ་ནས་སྟེང་གི་མ་མགོན་ཐུགས་ཀ་ནས། །ཧཱུྃ་ནང་ཛ་དམར་གཉིས་ནི་ཕྱིར་འཕྲོས་པས། །ཁོ་ཡི་ཚང་བུག་བཤང་ལམ་གཉིས་ནས་ཞུགས། །སྙིང་ཀར་ཕྱིན་པས་ཟང་ལྕགས་འཁོར་ལོ་གྱུར། །རྩིབས་བརྒྱད་གྲི་གུག་དབྱིབས་འདྲ་ཤིན་ཏུ་རྣོ། །སྟེང་ལ་ལྕགས་འཁོར་གཡས་ལ་ཟང་འཁོར་གཡོན། །དྲག་ཏུ་འཁོར་བས་ཤ་ཁྲག་དམར་ཉོག་བཏུབ། །མ་མགོན་འཁོར་ཚོགས་ལས་བྱེད་ཐམས་ཅད་ཀྱིས། །ལ་ལས་མཚོན་ཆ་སྣ་ཚོགས་ཆར་འབེབ་ཤིང་། །ལ་ལས་ཤ་ཁྲག་རུས་པ་ཧབ་ཐོབ་ཟོས། །བྱ་རྒོད་ཐད་ལ་རུབ་པ་ལྟར་བསྒོམ་ཤིང་། །གཞུང་གི་མ་མགོན་སྤྱི་དྲིལ་སྔགས་རིང་དེ། །ཤུབ་བུར་མ་ཡིན་སིལ་བུལ་དྲག་ཏུ་བཟླས། །དེ་ཡི་སྔགས་ཐེམ་མན་ངག་ཞལ་ལས་ཤེས། །སྐབས་སུ་ཡུང་དཀར་ལ་སོགས་ཐུན་རྫས་ལ། །ཁ་རླང་མ་

(༡༨༩)བཏང་ཕུ་ཡི་བཏབ་བྱས་ལ། །གཏོར་མའི་སྟོད་ཆར་མི་བསྟབ་སྨད་ལ་བྲབ། །ཐུན་འཚམས་ལིང་ཆུང་འགུགས་ཞུགས་ཉུང་བ་བྱས། །གྲི་གུག་འམ་ནི་མི་བསད་མཚོན་གྱིས་བཏུབ། །རོལ་མོ་དང་བཅས་གསོན་གཅིག་མ་བཏོན་ལ། །དབང་ཆེན་་ཡབ་ཡུམ་དྲེག་པ་དོན་གཉིས་བསྐུལ། །སར་ནག་འདི་ཡི་བསྐུལ་པ་དངོས་ཡིན་པས། །དེ་ཉིད་རེས་མོས་བྱས་ལ་བཏབ་པར་བྱ། །དམིགས་པའི་ཕྱོགས་སུ་ཟོར་དུ་འཕེན་པའམ། །རྒྱུ་ལྡོག་མ་འགྲིགས་ནའང་དེ་ཕྱོགས་ཕུལ། །གཏོར་མ་འབུལ་མི་མི་ནག་ཅེར་བུར་བསྒོམ། །གཏོར་མ་གྲི་གུག་མེ་འབར་དམར་ལིང་ལིང་། །འཁོར་ཞིང་འགྲོ་སྟེ་ཕུལ་ལམ་འཕང་པ་ཡི། །བར་སྣང་གཟའ་རྒོད་རྒྱུག་པ་ལྟ་བུར་སོང་། །ཁོ་རང་གར་ཡོད་དེ་ཡི་སྙིང་ཀར་ཕོག །ཐོག་བརྒྱབ་ལྟ་བུར་རྗེས་མེད་སོང་བར་བསམ། །དེ་ནས་སླར་ཡང་ཐུན་བཟུང་ལ་སོགས་པ། །སྔ་མ་བཞིན་དུ་ཐུན་བཞིར་འབད་པར་བྱ། །ཅིག་མིན་མང་པོས་སྒྲུབ་ན་མྱུར་བ་སྟེ། །གཞུང་བསྲང་དེ་དག་དྲག་རིམ་གསུམ་ཙམ་བྱས། །མང་མས་སྔགས་རྒྱུན་མ་ཆད་བྱུང་ན་མཆོག །ཉུང་ན་སྔགས་རྒྱུན་མི་དགོས་ཅི་ནུས་བཟླས། །སྔགས་ལ་གྲངས་མེད་དུས་དང་རྟག་ཀྱི་ཚད། །དུས་ནི་རབ་ཀྱི་ཞག་བདུན་འབྲིང་བཅུ་བཞི། །ཐ་མས་ཀྱང་ནི་ཉེར་གཅིག་ངེས་པར་འགྲུབ། །ཐུན་པ་མང་ཉུང་དམིགས་པ་གསལ་མི་གསལ། །ཕ་རོལ་སྟོབས་དང་བསོད་ནམས་ཆེ་ཆུང་བསྐྱེད། །ལྷ་མེད་བསོད་ནམས་ཆུང་ལ་བདུན་རེས་ཆོག །ཐུན་པ་མང་ན་ཞག་གསུམ་ཙམ་གྱི་འོང་། །བྱ་དང་རིང་དྭགས་ཅན་ཟན་དགྲ་དངོས་སོགས། །བཟུང་དང་བཅིང་དང་བཅིང་སོགས་ཁྱུག་པའི་རྟག །དམག་ཇག་མ་འགྲོ་དང་རི་དྭགས་འདོད། །དེ་ནི་རྦད་རན་དགྲ་ལ་ཆས་པའི་རྟགས། །བཤའ་བསད་མགོ་སྙིང་ནང་རོལ་སྟེར་བ་དང་། །ཤ་ཁྲག་ལོངས་སྤྱོད་བྱེད་པ་ཡོད་པའི་རྟགས། །ལན་རེར་མ་ངེས་

(༡༩༠)ལན་གསུམ་བྱུང་ན་ངེས། །ཤ་བརྩོས་རུས་པ་བརྡུང་དང་པག་པ་བརྙེས། །དེ་བྱུང་སྲུང་བཟློག་རིམ་འགྲོ་ཀྱང་མི་སླུས། །ནང་དྲག་མ་བྱུང་ཕྱི་དྲག་འབྱུང་མི་སྲིད། །དུས་དང་གྲང་ཚད་མ་ངེས་རྟག་རང་གཅོད། །དེ་ནས་གཟའ་དཀར་ཐེབ་པའི་དུས་དང་བསྟུན། །གཏོར་མའི་སྟོད་ཆ་སྣོད་གཙང་ནང་དུ་བཞག །སྨད་ཆ་ཚུར་ལ་མི་ལེན་ཕར་འགྲོ་ནས། །ལས་འགྲིགས་ནང་གི་ཕུར་འདོབ་རྒྱས་པར་བྱ། །ལས་འགྲིགས་ནང་གི་སྔགས་རིང་བརྗོད་བཞིན་དུ། །ཐུན་རྫས་གང་ཡོད་རྣམས་ཀྱི་ལིངྒ་བྲབ། །ལིངྒ་གཉིས་ལས་མེད་དམ་མང་ཡང་རུང་། །གཞན་རྣམས་བཞག་ལ་གཅིག་ནི་བཏུབ་བྱ་སྟེ། །རྐང་པ་གཡོན་པའི་ཐེའུ་ཆུང་ནས་བཟུང་སྟེ། །གྲི་གུག་འམ་ནི་མི་བསད་མཚོན་གྱི་བཏུབ། །ཤོག་དུམ་ཐོད་པའམ་ནི་ལྕག་སྣོད་བླུག །དེ་འཕྲོའི་ལིངྒ་ཧོཾ་ཁུང་ཡོད་པའི་ནང་། །སྔར་ལྟར་ལྷ་བསྐྱེད་གཏོར་མས་མནན་ལ་བཞག །ཤོག་ལིང་ཕྱེད་དང་ཟན་ལིང་མང་པོ་དང་། །ཤ་ཁྲག་ཡམ་ཤིང་མར་ཁུ་ལ་སོགས་པས། །དྲག་པོའི་སྦྱིན་སྲེག་བྱ་ཚུལ་སྤྱི་དང་མཚུངས། །སྦྱིན་སྲེག་སྔགས་ཀྱི་བསྒྱུར་ཁ་ཞལ་ལས་ཤེས། །ཐབ་ཏུ་མ་མགོན་བསྐྱེད་པ་སྤྱི་དང་མཚུང་། །དེ་ནས་ཐལ་བ་ཁྲག་ཆུས་གཞིལ་བར་བྱ། །ཐལ་བ་དེ་ལ་མང་ཉུང་ཆ་གསུམ་བགོས། །མང་བ་གཉན་པར་དྲག་པོའི་རླུང་ལ་ཕྱར། །དེ་མ་འཛོམ་ན་རྒྱ་གྲམ་ལམ་དཀྱིལ་བླུགས། །ཉུང་བ་ཆ་གཅིག་གཏོར་མདོས་ནང་དུ་བླུག །ཐོབ་ལྡོག་ཕྱོགས་དང་དགྲ་ཕྱོགས་འགྲིགས་པའི་དུས། །གསེར་སྐྱེམ་དཀར་གཏོར་བཏང་བ་སྔོན་སོང་ནས། །གཏོར་མའི་ལྷ་དེ་ནམ་མཁར་བསྟེགས་བྱས་ལ། །གཏོར་མ་མེད་འབར་མཚོན་ཆའི་ཕུང་པོར་བསམ། །གསོན་གཅིག་མ་དང་བཞེས་འབོད་བཏོན་ལ་འཕང་། །དུག་པོ་དར་ནག་བསྡབ་ཅིང་ར་བྲོ་བརྡུང་། །ནང་དུ་ཕྱིན་ནས་གཞུང་ལྟར་གཡུལ་རྒྱལ་གྱེར། །ཐལ་

(༡༩༡)བ་ཚ་རེ་ལིངྒ་དང་བཅས་པ། །ལྷ་འདྲེ་མ་རུང་སྡུག་པ་གནས་པའི་སར། །བྲག་སྣ་ཆུ་དམིགས་ཤིང་གཅིག་དྲུང་ལ་སོགས། །ལྟོ་ཕྱེའི་རྒྱུ་ཕྱོགས་ཤེས་པས་ས་བརྐོས་སྟེ། །ཧ་ཅང་རིང་ན་རང་ལ་ལྡོག་ཉན་དང་། །གྲུ་གང་ལས་ཐུང་ཕན་གནོད་མེད་པར་བཤད། །གྲུ་གང་སོར་བཞིའི་ཚད་དེར་མནན་བྱ་སྟེ། །སྦྱིན་སྲེགས་ཐལ་བ་ལིངྒ་མཉམ་དུ་མནན། །འགུགས་ཞུགས་ལན་གསུམ་བྱས་རྗེས་ཐུན་གྱི་བྲབ། །ཡུལ་དེའི་ལྷ་འདྲེ་བསོ་ལ་དཀར་གཏོར་བྱིན། །ང་ཉིད་མ་ལེན་ཁོ་ཉིད་ལེན་པའི་ཚུལ། །མི་ལ་བཤད་བཞིན་ལྷ་འདྲེར་ཡུས་བརྡོ་བྱེད། །ངུ་འབོད་མཆི་མ་བཏང་ཚུལ་བྲང་ཡང་བསྡུང་། །ལྷ་འདྲེ་ཁྱོད་ལ་མཐུ་རྩལ་སྟོབས་ཡོད་ན། །ཞག་བདུན་ཟླ་གཅིག་ལ་སོགས་དུས་ཚོད་འདིར། །འདི་ལ་རྟག་ཐོན་གལ་ཏེ་རྟག་མེད་ན། །ཁྱོད་ལ་མཐུ་རྩལ་མེད་ཅེས་འཇིག་རྟེན་འཕྱ། །ལྷ་འདྲེ་གཞན་གྱི་སྔོན་ལ་ངོ་ཡང་ཚ། །མཐུ་རྩལ་ཅི་འདུག་ད་ལྟ་རེ་ཅིག་བརྗོད། །འདི་རུ་དམར་གཏོར་གཅིག་གམ་གསུམ་བཤམ་ལ། །གཞུང་གི་བཙན་བདུད་ཀླུ་གསུམ་བསྐུལ་པ་བྱ། །དགྲ་ཕྱོགས་གཏོར་མ་ཕུལ་བའི་ཁྲགས་རྗེས་བཏོད། །དེ་ནས་སས་གཡོགས་རོ་གཡམ་རྒྱ་གྲམ་བཀབ། །དམ་དུ་བསྡུང་ཞིང་མི་ཡི་མི་མངོན་བྱ། །ཕྱི་མིག་མི་ལྟ་ཚུར་ལ་འོང་བའི་ལམ། །ཐོ་བརྩེགས་བྱ་ཁྱུང་བསྒོམ་ལ་བོན་སྐོར་བྱས། །སྒབ་མར་ཚོར་མ་འདུད་ཅིང་ཁྱུང་སྔགས་བཟླས། །ཁྱིམ་དུ་ཕྱིན་ནས་རྣམ་སྣང་གཟུང་ཆུས་བཀྲུ། །ཤིན་ཏུ་མྱུར་དགོས་ལིངྒ་མང་བྱས་ལ། །གཉན་པ་མངོན་པར་བྱས་ན་ཤིན་ཏུ་མྱུར། །ས་རུ་སྦས་པ་མཐོང་དོག་མི་ཕོད་ན། །རུ་ཅོར་བཅུག་ལ་ཤིང་དང་ལ་ཆས་བཀར། །རེ་ཞིག་ནང་དེར་ཆུ་ཡང་མི་བྱས། །གཏིང་རྡོ་བཏགས་ནས་མཚོ་གཉན་ནང་དུ་འཕང་། །དེ་བྱེད་ཆོག་པའི་གདམས་ངག་ཞལ་ལས་ཤེས། །དེ་ལྟར་མ་མགོན་གཏོར་ནག་པར་བུ་ཡི། །སྲོག་སྒྲུབ་མནན་སྲེགས་འཕང་གསུམ་མཐའ་སྡུད་བཅས། །སྔོན་ཆད་ཡི་གེར་མི་གྲགས་སྙན་

(༡༩༢)དུ་བརྒྱུད། །སངས་རྒྱས་བསྟན་པ་བསྲུང་བའི་མཚོན་ཆ་འདི། །སྙིང་གི་བུ་སློབ་བརྩོན་འགྲུས་ཁྱོད་ལ་གདམས། །རང་ལ་རྩ་བའི་བླ་མར་འཛིན་པ་དང་། །ཆོས་ལུགས་འདི་ཡི་བསྟན་ལ་ཕན་ངེས་པ། །མ་རྟོག་གཞན་ལ་སྤེལ་བར་བྱེད་པ་དང་། །བསྟན་དོན་བསྟན་ལ་ཕན་པ་མ་ཡིན་པའི། །རང་འདོད་རང་དོན་ཁོ་ནར་འདི་བསྒྲུབ་ན། །ལས་ཀྱི་མཐའ་ལྡོག་མནར་མེད་མཉལ་བར་འགྲོ། །མ་མགོན་སྲུང་མ་རྣམས་ཀྱི་།ཐུགས་ཀྱི་ཁྲེལ། །འཁོར་གྱི་བཀའ་སྡོད་རྣམས་ཀྱི་བཀའ་ཆད་ཕེབ། །དེ་སྐད་ཤུག་ཆང་མེ་ཕོ་རྟ་ཡི་ལོ། །ཞེ་སྡང་མེ་འབར་ཁྱི་ཡི་ཟླ་བ་ཡི། །ཉེར་དགུའི་དགོངས་མོ་ལྷ་འདྲེ་གློགས་འགྱུའི་དུས། །སྔགས་རྒན་རཱ་ག་ཨ་སྱས་སྨྲས་པ་དེ། །རུ་པ་སྔགས་ནག་བརྩོན་འགྲུས་རྒྱ་མཚོས་བྲིས། །བརྩེ་བ་བྲལ་བའི་བསྟན་བཅོས་བརྩམས་པ་ཡི། །ཉེས་ལྟུང་ཡེ་ཤེས་སྲུང་མ་རྣམས་ལ་བཤགས། །དགེ་བས་དཀོན་མཆོག་དབུ་འཕང་མཐོ་བར་ཤོག །མངྒ་ལཾ། གནད་འགགས་གང་ཆེ་ཐམས་ཅད་ཞལ་ཤེས་ལ་གདའ་བས་དེས་འདི་ཁོ་ནས་མི་ཆོགས། སྤེལ་རུང་ངམ་མི་རུང་བའང་གོང་དུ་གསལ་བས་ཤེས་པར་བྱོས་ཤིགས་ཅེས་མཆན་བུ་འདི་སློབ་མས་བྱས་སོ། །ཁཾ། རི་ཆོས་འཚམས་གྱི་ཞལ་གདམས་ཆིགས་བརྒྱུད་ལས། །ངན་སྔགས་ཀྱི་སྒོ་ནས་བསྲུང་བཟློགས་བྱ་ཐབས། །སོར་ཁ་ལ་ཕན་པའི་ཁྱི་ཚིལ་ཞེས་བྱ་བ་བཞུགས། །ན་མོ་ཤཱཀྱ་མུ་ན་ཡེ། །དིང་སང་དུས་ངན་རྙིང་མའི་མཐའ་ལ་ཐུག །དབང་ལུང་ཐོབ་ཅིང་གདམས་ངག་མང་ཤེས་ཀྱང་། །ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་བའི་ཕྱིར། །ཡུན་རིང་མ་བསྒྲུབ་བྱིན་རླབས་ནུས་མི་འབྱུང་། །ཡུན་རིང་སྒྲུབ་པའི་ལོང་མེད་བར་ཆད་མང་། །དེ་བས་འཇིག་རྟེན་མྱུར་མགྱོགས་དྲེགས་པའི་ལྷ། །དེ་ཡི་སྲུང་བཟློག་བྱས་ན་འཕྲལ་དུ་རྣོ། །ཕྱི་རོལ་ལྷར་གྱུར་བདུད་དང་དབང་ཕྱུག་དང་། །དེ་ཡང་སྤྲུལ་

(༡༩༣)པ་ཡིན་པར་མ་ཤེས་ན། །དེ་ལ་སྐྱབས་ཞུས་སྐྱབས་སྡོམ་ཞུས་པ་ཉམས། །སྤྲུལ་པར་ཤེས་ན་དེ་ཡང་དགེ་འདུན་གྲ། །ཡིན་པས་སྐྱབས་སྡོམ་ཞུས་ལ་མི་འགལ་བ། །བཀའ་དམ་ལམ་རིམ་ནང་ནས་རྒྱན་པར་གསུངས། །དེ་ནས་འདོད་པའི་དབང་ཕྱུག་ཅེས་བྱ་བ། །བདུད་ནི་སྡིག་ཏོ་ཅན་ཞེས་བྱ་བ་སྟེ། །ཁོ་ཡི་མིང་ནི་དགའ་རབ་དབང་ཕྱུག་ཡིན། །གཞན་འཕྲུལ་དབང་བྱེད་ལྷ་ཡི་ཡུལ་ན་ཡོད། །དེ་མན་མནར་མེད་མན་ཆད་ཁོ་ཡི་འཁོར། །ནག་ཕྱོགས་བདུད་རིག་ཐམས་ཅད་ཁོ་ཡི་གཡོགས། །ཁོ་ལས་སྟོབ་ཆེ་འཇིག་རྟེན་གསུམ་ན་མེད། །སྡིག་སྟོབས་ཆེན་པོ་རྣམས་ལ་ཁོ་དགའ་ནས། །དེ་ཡི་བསམ་པ་ཐམས་ཅད་འགྲུབ་པར་བྱེད། །ཁྲོ་བོ་འདོད་པའི་རྒྱལ་པོའི་སྤྲུལ་པ་ཡིན། །དེ་ཕྱིར་སྙན་གྲགས་དབང་ནི་བསྡུ་བའི་མཆོག །ཁྲོ་བོ་འདོད་རྒྱལ་དམར་པོའི་སྒྲུབ་ཐབ་ཞེས། །ས་སྐྱ་པ་ཡི་གསེར་ཆོས་གྲ་གཅིག་ཡིན། །མདོ་སྡེ་ཆེན་པོ་མྱ་ངན་འདས་ཆེན་ལས། །ཐུབ་པ་དོ་དགོང་མྱ་ངན་འདའ་རུ་ཡི། །དེ་རིང་གུང་ཚིག་སུ་ཡི་གྲང་བ་དེ། །བསོད་ནམས་དཔག་དུ་མེད་པ་ཐོབ་གསུང་པས། །ལྷ་ཀླུ་སྡེ་བརྒྱད་དཔལ་མགོན་བདུན་ཅུ་དང་། །སེམས་དཔའ་མཐུ་ཆེན་ཀུན་གྱི་རྫུ་འཕྲུལ་གྱིས། །སྟོང་གསུམ་འཇིག་རྟེན་གང་བའི་མཆོད་པ་བཤམས། །དེ་ཚེ་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས། །དེ་བས་ལྷག་པའི་མཆོད་པ་ཁོས་བཤམས་ནས། །ང་ཡི་གུང་ཚིག་བཞེས་པར་ཞུ་ཞུས་པས། །སྡིག་ཅན་ཁྱོད་ཀྱི་གུང་ཚིག་ངེས་མི་བཞེས། །མ་འོང་ང་ཡི་རྗེས་འཇུག་བཙུན་པ་རྣམས། །བསྲུང་ཞིང་སྐྱོབ་པའི་རིག་སྔགས་ཟབ་མོ་ཞིག །ཁྱོད་ལ་ཡོད་པས་འབུལ་ན་དེ་བཞེས་གསུངས། །སྔགས་ཀྱང་འབུལ་གྱི་གུང་ཚིག་བཞེས་དགོས་ཞུས། །དེ་དུས་ཁོ་ཡི་རིག་སྔགས་འདི་ཉིད་ཕུལ། །དེ་ནས་སྟོང་གསུམ་གང་བའི་མཆོད་པ་ཀུན། །དུས་གཅིག་སྐད་གཅིག་ཉིད་ལ་ཐམས་ཅད་གསོལ། །འདི་ལ་ཁོ་ཡི་སྐུ་སོགས་བསྒོམ་མི་དགོས། །

(༡༩༤)ཁོ་ཡི་སྟོབས་དང་དམ་བཅའ་དྲན་བྱས་ལ། །ཙོག་ཀྱེ་ཏ་ཏ་ལ་ཙོག་ཀྱེ། །ལོ་ཧ་ལེ། མ་ཧ་ལེ། ཧ་ལེ། ཨ་ཙ་ལེ། ཏ་ལ་སྭཱ་ཧཱ། འདོད་པའི་དབང་ཕྱུག་བདུད་སྡིག་ཏོ་ཅན་གྱིས་བདག་གམ། ཆེ་གེ་མོ། །འཇིག་པ་ཆེན་པོ་ལས་སྐྱོབ་ཅིག །སྟོབ་ཐོང་ཞིག །མེ་ཆུ་གཅན་གཟན་དགྲ་ཡི་འཇིག་པ་དང་། །ནད་གདོན་དགྲ་ཡི་འཇིག་པ་ལ་སོགས་པ། །བདུད་ཀྱི་བསྲུང་ཞིང་བདུད་ཀྱི་སྟོབས་སྦྱིན་པས། །བར་ཆད་གང་གི་མི་ཚུགས་མདོ་ལ་གསུངས། །དེ་ནི་བདུད་ཀྱི་སྒོ་ནས་སྲུང་བ་ཡིན། །ཨི་ཐི། །ལྷ་ཆེན་དབང་ཕྱུག་ཆེན་པོ་ཞེས་བྱ་བ། །དོན་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཏེ། །མུ་སྟེགས་པ་ཡི་ལྷ་ཡི་གཙོ་བོ་ཡིན། །ལྷ་འདྲེ་འབྱུང་པོ་ཀུན་གྱི་གཙོ་བོ་ལགས། །དེ་ཕྱིར་འབྱུང་པོའི་དབང་ཕྱུག་ཅེས་ཀྱང་བྱ། །དེ་ཡི་སྒོས་ནས་རང་གཞན་སྲུང་བའི་ཐབས། །རང་ཉིད་མུ་ཏིག་དབང་ཕྱུག་ནག་པོ་ནི། །གཅེར་བུ་རྒྱན་མེད་ལིངྒ་གྱེན་དུ་སྒྲེངས། །ཕྱག་གཉིས་རྭ་ཡི་མདའ་བཞུ་འགོངས་པར་བསྒོམ། །སྲུང་སྐུད་ནག་པོར་མདུད་པ་དགུ་བརྒྱབ་སྔགས། །མདུད་པ་རེ་རེ་གནམ་ལྕགས་སྡིག་པ་རེ། །མགོ་དགུ་ཁ་གདང་མེ་ཡི་ཚ་ཚ་འཕྲོ། །དྲི་མི་ཞིམ་པས་དཔགས་ཚད་ཁྱབ་པར་བསྒོམ། །ཨོཾ་མ་ཧ་དེ་ཝ་ཧཱུྃ། །ཨོཾ་ཧ་ཝ་དེ་ཝ་ཧཱུྃ། །ཨོཾ་ད་ཝ་དེ་ཝ་ཧཱུྃ། །ཞེས་པ་བརྒྱ་སོགས་མང་ཉུང་ཅི་ནུས་བསྔགས། །ནོར་འཕགས་འོ་མ་མི་སྟེར་སྐམ་འགོང་ཞུགས། །ཞོ་ལད་ཆང་ལད་འོ་མ་རྒྱུན་དུ་རུལ། །ནད་པ་འགྲུལ་སྣ་བྱིས་པ་མཚན་ངུས་བྱེད། །ལམ་འདྲེས་བསྟབ་དང་ཆང་སྙོན་སྲོག་རླུང་བྱེད། །རྟ་ནོར་གདོན་བསྟབ་རྒྱུ་ཕྲ་མི་ཟིན་པ། །དེ་དག་ཀུན་ལ་ཤིན་ཏུ་ཕན་པ་ནི། །ལན་གྲང་སྟོང་ཙམ་མྱོང་བས་གྲུབ་པ་ཡིན། །མུ་སྟེགས་སྒོ་ནས་བསྲུང་བ་ཨི་ཐི། །གདོན་ཚབ་ཆུང་བའི་སྙེན་པ་འགའ་ཞིག་ནི། །འདི་ཉིད་ཁོ་ནས་ཕན་པ་ལན་མང་གྲུབ། ༈ །ཡང་ན་གནམ་ཆོས་ལུགས་ཀྱི་བསྲུང་བ་ནི། །རང་ཉིད་དབང་ཕྱུག་

(༡༩༥)སྔོན་པོ་ཞལ་གཅིག་པ། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་སྡིགས་འཛུབ་ཞགས། །རྒྱན་མེད་རལ་པ་ཁམ་ནག་རབ་ཏུ་འབར། །རླུང་གི་དཀྱིལ་འཁོར་སྟེགས་བཞུག་མེ་དཔུང་འབར། །དེ་ལྟར་བསྒོམ་པས་སྔགས་འདི་ཅི་ནུས་བཟླས། །ཨོཾ་ཆུ་ཏི་ནན་སེ་སྭ་ཧཱ། །རིང་བཟླས་པས་འགོས་ནད་སྲུང་བའི་མཆོག །སྔགས་ཆུ་སྔགས་མར་ཕྱེད་དམ་ཕུས་བཏབ་ན། །འདི་ཡི་མི་ཕན་ནད་རིགས་འགའ་ཡང་མེད། །མུ་སྟེགས་སྒོས་བསྲུང་བ་ཨི་ཐི་རྒྱ། །རང་ཉིད་མུ་སྟེགས་དབང་ཕྱུག་ཆེན་པོ་ནི། །མདོག་ནག་ལིངྒ་དམར་པོ་གྱེན་དུ་བསྒྲེངས། །ཁྲག་གི་རལ་པར་བར་ཆད་ཁྱབ་པར་བསྒོམས། །སྲིན་ལག་རལ་དྲི་འཐེ་བོང་སྤུ་གྲི་ཡི། །གནོད་བྱེད་བྱད་མའི་མགོ་ནས་ཧྲུག་ཧྲུག་བཅད། །འོག་ཞི་ལྕགས་སྲེག་ས་ འདི་སྣོད་མིན་སོགས་མང་པོ་ལ་མི་སྤེལ་དམ་ཚིག གཞིའི་སྟེང་དུ་སོང་། །གཞོབ་ཐུལ་བསྲེགས་ནས་རྡུལ་བུན་སོང་བསམ་ཞིང་། །ཐེབ་སྲིན་བར་དུ་ཕྲེང་བ་ཕྱིར་ལ་འདྲེན་སྔགས་འབྲུ་གཉིས་པོ་བརྒྱ་ལས་མི་མང་བཟླས། ཀི་ཡ་ཀི་ས། །རྗེས་ནས་ཐལ་མོ་ལན་གསུམ་བསྡབ་པར་བྱ། །བྱད་མ་རང་མཐུ་རང་ལ་ལོག་ནས་འཆི། །ཉེར་དགུ་ལ་སོགས་དུས་གཉན་དུས་བཟླས་ཆོག །རྒྱུན་དུ་བཟླས་ན་སྟོང་གསུམ་སྔགས་པའང་བརླག །དེ་ཕྱིར་རྒྱུན་དུ་བཟླ་བར་མི་རུང་གསུང་། །ངན་སྔགས་སྒོ་ནས་བཟློག་པ་ཨི་ཐི་རྒྱ། །སྡིག་ཏོ་ཅན་ཞེས་བདུད་ཀྱི་རྒྱལ་པོ་དང་། །མུ་སྟེགས་དབང་ཕྱུག་ནག་པོའི་བསྲུང་བཟློག་བསྐོར་འདི་དག་ངན་སྔགས་ཡིན་ཕྱིར་མང་མི་སྤེལ། བློ་གཏད་ཐུབ་པའི་མི་ལ་སྤེལ་ཀྱང་རུང་། །དུས་ངན་མི་རྣམས་ཕན་ལན་གནོད་པས་འཇལ། །འདི་ཡི་ཕན་ཐོགས་ནུས་པ་བྱིན་རླབས་ཀུན། །ངན་སྔགས་ཡིན་ཞེས་རང་ལ་འབར་ཉེན་ཡོད། །དེ་ཕྱིར་སྤེལ་དང་མི་སྤེལ་སྣོད་ལ་བརྟག །བདུད་དང་མུ་ཏིག་སྐྱབས་སུ་མི་འཛིན་ཡང་། །བཙན་ལྷད་ཕན་ན་ལྷམ་ཚང་བདུག་པའི་དཔེའང་

(༡༩༦)དེ་ཕྱིར་ལོ་རྒན་དྲུག་ཅུའི་ནང་ནས་ཀྱང་། །གདུག་པ་ཆེ་བ་མེ་ཕོ་རྟ་ཡི་ལོ། །མུ་སྟེགས་དབང་ཕྱུག་དར་བ་ཁྱི་ཟླ་ཡི། །ཟླ་འཚམས་མུན་ཆུ་རུབ་པའི་དུས་ཚོད་དང་། །སྔགས་ནག་རཱ་ག་ཨ་སྱས་སྨྲས་པ་དེ། །རུ་པ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །རྫོགས་སོ། །གཾ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་ཆིགས་བརྒྱུད་ལས། །ཀུ་པ་ལ་ཡི་ཚོགས་སོགས་དང་འབྲེལ་བ་ལ་བཙས་གཟའ་འགྱེད་དང་སྨྱོ་གཅོད་དམ་པའི་ལྕགས་དྲ་བཞུགས། །ན་མོ་གུ་རུ་ཀ་མ་ལ་ཤྲཱྀ་ཌ་ཀི་ཡེ། །འདི་རུ་གཅོད་ཀྱི་ཟབ་གནད་ཡིག་ཕྲན་བྲི། །ཕ་གཅིག་དམ་པ་མ་གཅིག་ལབ་སྒྲོན་གྱིས། །བུ་གཅིག་བདག་དང་བརྒྱུད་འཛིན་བྱིན་གྱིས་རློབས། །དུས་ངན་སྙིགས་མར་རྒྱལ་འགོང་དམ་སྲི་དར། །མི་ཕྱེད་བསྙེན་པར་འགྲོ་བའི་པས་ལ་ཕྱིན། །ཕལ་ཆེར་རང་སྲོག་རང་གི་གཅོད་ནས་འཆི། །ནད་པ་གདོན་བཅས་ལུས་ངན་སྙིང་རྗེའི་གནས། །དེ་ལ་ནང་དུ་སྙིང་རྗེ་སེམས་སྐྱེད་ཅིང་། །ཕྱི་རུ་དྲག་ཅིང་རྩུབ་པའི་དམིགས་པས་འདུལ། །རང་ཉིད་དྲན་རྫོགས་དམ་པ་རྒྱ་གར་སྐུ། །ཨ་ཙ་ར་ཡི་གཟུགས་ཅན་འཇིགས་རུང་བསྒོམ། །སྐུ་ལས་མེ་འབར་ནད་པ་གདོན་བཅས་རྣམས། །ལན་བདུན་བར་དུ་བསགས་པའི་ཐལ་བ་དེ། །རླུང་ནག་འཕྲོས་ནས་གཏོར་ཏེ་མི་དམིགས་བསམ། །དེ་རྗེས་གདོན་ལ་སྙིང་རྗེ་ཐུན་གཅིག་བསྒོམ། །དེ་ནས་ནད་པ་ལྕགས་ཀྱི་དྭྲ་བ་ནི། །སྨན་སྒྲོའི་དབྱིབ་ཅན་གཅིག་གི་ནང་དུ་ཚུད། །རིང་ཕྱག་གཡོན་དེ་ཡི་ཁ་བཟུང་བསམ། །དམིགས་པ་གསལ་ན་བྱ་གླག་མི་མང་ཞིང་། །ཆུ་དང་གཡང་ས་སོགས་ལ་མཆོང་མི་འགྱུར། །དེ་ཉིད་ཕྱག་གཡོན་ལྕགས་སྲེགས་ཏི་ཚར་བཞག །ཕྱག་གཡས་ལྕག་སྲེགས་ཐོ་བ་མེ་འབར་བས། །ཡུང་སེད་བཏུང་ལྟར་དྲག་ཏུ་བརྡུངས་པ་ཡིས། །གདོན་དང་ནད་པའི་ལུས་པོ་དབྱེར་མེད་པ། །ཤ་སྐྱོད་ཁྲག་སྐྱོ་རུས་ཁྱེར་གྱུར་པར་བསམ། །དེ་འདྲའི་དམིགས་པ་ཚར་གྲང་བདུན་རེའི་

(༡༩༧)སོར། །གདོན་ལ་སྙིང་རྗེ་དྲག་པོ་ཐུན་གཅིག་བསྒོམ། །དེ་རྗེས་སྙིང་རྗེའི་ངང་ལ་ཐུན་གཅིག་བཞག །དེ་ཉིད་རྩེ་གཅིག་བར་མེད་བསྒོམ་བྱས་པས། །རབ་ཏུ་ཞག་གཅིག་འབྲིང་ནི་ཞག་པོ་གཉིས། །ཐ་མ་ཞག་གསུམ་མི་འགོར་སྨྱོ་རྒོད་ཐུལ། །ནུབ་མོ་སྲོད་ལ་ཐུན་རེ་བསྒོམ་པས་ཀྱང་། །སྲོག་རླུང་ཅན་འགར་ཕན་པ་མྱོང་བས་གྲུབ། ༈ རང་ཉིད་གཅིག་པུར་དྲི་ལ་འདུག་པའི་ཚེ། །བསྒོམ་ཁང་བཞག་ནས་དོན་གཉེར་འགྲོ་བའི་དུས། །རང་ཉིད་སྒོར་འབུད་སྐང་དུང་ལན་གསུམ་འབུད། །རང་ཉིད་ཁྲོས་མའམ་ཕག་མོའི་ཏིང་ངེ་འཛིན་གྱིས། །ཡུལ་དེའི་ལྷ་འདྲེ་དྲག་རྩལ་གང་ཆེ་འབོད། །དེ་ཉིད་དོན་གཉེར་ཚུར་ལ་མ་འཁོར་བར། །ང་ཡི་བསྒོམ་ཁང་ཀ་ཆར་བཅས་པ་ལ། །མི་ངན་ཇག་རྐུན་འཚོ་བ་མ་བཏང་སྲུང་། །ང་ཡི་ཀ་ཆ་ཐམས་ཅད་ཁྱོད་ལ་བཅོལ། །གལ་ལྟེ་མ་ཐུབ་ཀ་ཆ་ཁྱེར་འདུག་ན། །ལེ་ལོན་ཁྱོད་དང་གནས་བདག་གཉིས་ལ་འདོད། །ང་ཉིད་ཇི་སྲིད་འཁོར་བ་མ་སྟོང་བར། །ཁྱོད་ཉིད་གནས་པའི་ཕོ་བྲང་རྩེ་དེར་འདུག །རི་བྲག་ཀུན་བཤིགས་མཚོ་དང་ཆུ་མིགས་བསྐམ། །ཤིང་གཉན་ཀུན་གཅོད་མཛེ་རོ་དམེ་རི་སྲེགས། །དཀར་ཐབ་དམར་ཐབ་སྔོ་ཐབ་དུག་ཐབ་རྫོགས། །མཛེ་ཁྲགས་མཚོ་བསྐྱིལ་མཛེ་ཤའི་ཐང་མ་བདལ། །ཁྱོད་ཉིད་རྩད་ནས་བརླག་ཅིང་དྲུང་ནས་ཕྱུང་། །རྡུལ་དུ་མི་བརླག་རེ་ནི་ན་ར་ཀན། །ཁྱོད་ལ་མཐུ་རྩལ་ཅི་འདུག་ད་རེས་བལྟའ། །དེ་སྐད་བརྗོད་ནས་བདག་ལྷ་འདྲེ་དེས། །གནས་དེ་བསྲུང་ཞིང་སྐད་དེ་སྐྱོབ་པར་བསམ། །སྒོ་རྩ་དེ་རུ་ཐལ་རྒྱ་བྲིས་ནས་འགྲོ། ༈ བྱས་སུ་འགྲོ་ཚེ་ཇག་ཀུན་བཅིང་བ་ནི། །རང་གི་ཐབ་འོག་ལྕགས་སྲེག་ཁང་བསྒོམ་ནས། །རྒྱ་ཆེ་གཏིང་ཟབ་མུན་ནག་འཁྲིགས་པའི་ནང་། །ཇག་ཀུན་ཐམས་ཅད་དེ་ནང་ཚུད་པ་ལ། །ཁ་ལེབ་ལྕགས་སྲེགས་དྭྲ་བས་བཀབ་པ་ཡི། །

(༡༩༨)དྲ་བའི་ནང་དུ་ཁོང་རྣམས་རྐང་པ་འཐོགས། །ཐམས་ཅད་མགོ་མཐུར་ལྡོག་ཏེ་འཕྱོང་བ་ཡི། །དེ་སྟེང་མི་སྤགས་གཡང་བཞི་བསྣོལ་མར་བསྐབ། །དེ་སྟེང་རང་ཉིད་ཁྲོས་མའི་ཞབས་གཡོན་མནན། །དམིགས་པ་གསལ་ན་དེ་ཀས་ཆོགས་པར་བཤད། ༈ །ཆོ་འཕྲུལ་འབེབས་པ་བཀའ་ཆ་ཤོར་མ་ཐགས། །རང་ཉིད་ཕག་མོའི་ཁྲོས་མོའི་ང་རྒྱལ་གྱིས། །ལྷ་འདྲེ་དབང་དུ་བསྡུས་ལ་དམར་འགྱེད་བྱ། །དེ་ཟོས་ཆང་སྐྱོན་ཅན་གྱི་ཆང་འཐུང་ལྟར། །ཐམས་ཅད་ཁྲོས་འཁྲུགས་ཞེ་སྡང་མེ་ལྟར་འབར། །ཡུན་མི་འགོར་བར་ཉེས་བྱེད་དགྲ་འདི་ལ། །ཆོ་འཕྲུལ་དྲག་པོ་མངོན་སུམ་མ་བཏང་ཞིང་། །ཀ་ཆ་འདི་དག་མྱུར་དུ་མ་ལོན་ན། །ལྷ་འདྲེ་ཁྱོད་ཉིད་རྩད་ནས་མི་སྐེམ་རེ། །དེ་སྐད་མཁའ་འགྲོས་གསུངས་བསམ་འོ་དོད་འབོད། །ཤིང་གཉེན་འཐེན་སྤུགས་ལྷ་འདྲེའི་སྐྲ་འཐེན་བསམ། །རྡོ་རྗེའི་ཐོག་ཕོབས་གནས་ཁང་བཤིགས་བསྒོམ་ལ། །བྲག་དང་མཚོ་གཉན་རྣམས་ལ་རྡོ་ཐག་བྱ། །ལྷ་འདྲེའི་དམག་ཚོགས་མི་ཡི་དམག་གཤར་ལྟར། །གོ་གྱོན་མཚོན་ཐོག་རིང་པར་རྒྱུག་པར་བསམ། །ཀུ་སྒྲ་བོས་སྒྲ་དར་འཕྲུ་རླུང་ལྟར་འཚུབ། །ཀླུ་བདུད་རྣམས་ནི་ཁྲོས་གཟུགས་གདིང་ཀ་ཅན། །སྤྲིན་ནག་འབྲུག་སྒྲ་ཐོག་སེར་དྲག་པོར་བཅས། །དགྲ་ཡི་ཡུལ་སོང་ཐོག་སེར་ལྟས་ངན་ཚོགས། །མི་རུང་སྣ་དགུ་ཆར་མུན་འཁྲིགས་ལྟར་བསྒོམ། །ལ་གཙས་གཉེན་པོ་དགྲ་བོ་དངོས་སུ་བསྒོམ། །གཅེར་བུར་བུད་ནས་ཕཊ་སྒྲ་རྐང་དུང་འབུད། །དེ་ལ་ཁོ་ཉིད་འགུགས་ཞུགས་ལན་གསུམ་བྱ། །དེ་ཉིད་ཁྲོས་མའི་གྲི་གུག་གིས་བཏུབ་བསམ། །དགྲ་བོའི་མགོ་བཅད་འཕང་བསམ་རྩེ་ཡི་རྡོ། །དགྲ་ཕྱོགས་འཕང་རྗེས་ལ་བཙས་ཕྱོགས་འཚམས་གཏོར། །ལ་ཁར་དགྲ་བོ་བཤས་ནས་བཞག་པ་དེ། །ལྷ་འདྲེ་ཀུན་གྱི་ཟ་སྐལ་བྱེད་པར་བསམ། །དེ་ནི་ལ་བཙས་གཟའ་འགྱེད་ཅེས་བྱ་སྟེ། །

(༡༩༩)དྲིན་ཅན་སློབ་དཔོན་གྱིས་གསུངས་སྙན་བརྒྱུད་ཡིན། །རྟགས་འབྱུང་ནས་ནི་ལ་བཙས་སྔར་ལྟར་བརྩེགས། །རིན་ཆེན་སྣ་བཞི་ལས་གྲུབ་སྐུ་འཁར་ནས། །འདོད་ཡོན་རྣམ་པ་སྣ་ཚོགས་ཀྱིས་བཀང་བསམ། །ལྷ་འདྲེ་ཐམས་ཅད་དགའ་ཞིང་མགུ་བར་བསམ། །ནང་དུ་འབྲུ་སྣ་རིན་ཆེན་ཅུང་ཟད་བླུགས། །བཀྲ་ཤིས་ཚིགས་བཅད་བརྗོད་ནས་བཞགས་པ་ཡིན། །དམར་འགྱེད་བྱེད་སྐབས་སྤང་པ་དེ་ཉིད་ནི། །ས་ཕྱོགས་གང་འདོད་ཁྱབ་པ་དེ་ཡི་སྟེ། །ཡུལ་དེའི་སྐྱེས་པ་བུ་མེད་ཁྲོཾ་ལྟར་ཚོགས། །རང་ཉིད་ཕག་མོའི་འོད་ཟེར་དམར་པོ་ཡི། །དེ་དག་རྣམས་ཀྱི་བླ་ཡིད་ལོངས་སྤྱོད་ནོར། །འོད་ཟེར་རྣམ་ལྔར་བསྡུས་ཏེ་རང་ལ་བསྟིམ། །རང་ཉིད་བཀྲགས་དང་གཟི་བརྗིད་ཇེ་ཆེར་འཕེལ། །ཁོང་རྣམས་དད་གུས་ཕྱག་སྐོར་བྱེད་པར་བསྒོམ། །རྗེས་སུ་དམིགས་མེད་ངང་ལ་བཞག་པར་བྱ། །རྒྱུན་ཁྱེར་བསྒོམ་པས་དང་པོ་རྨི་ལམ་དང་། །ཕྱིས་ནས་མངོན་སུམ་དབང་དུ་བསྒོམ་ལྟར་འདུ། །ཀུ་པ་ལ་ཡི་ཚོགས་སོགས་ལས་ཚོགས་སྐོར། །གཞན་ལ་སྤེལ་ན་མི་དགེ་གནོད་སེམས་རྒྱུ། །དེ་ཕྱིར་འདི་ཡང་ཐེ་མེད་གུད་དུ་བཀོད། །ཚར་ཚད་ལྷོང་ཚད་འགའ་ཞིག་ཉམས་མྱོང་བའི། །གཅོད་མཁན་རཱ་ག་ཨཱ་སྱ་ཞེས་བྱ་བས། །མ་གཅིག་བྱིན་གྱིས་བརླབས་པའི་རྟགས་མཚན་ཡང་། །ལན་འགའ་བྱུང་བས་ཉེས་འགལ་མེད་སྙམ་ནས། །རུ་ཡི་གཅོད་རྒྱུད་བརྩོན་འགྲུས་རྒྱ་མཚོར་གདམས། །ཉེས་འགལ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ། །མངྒ་ལཾ། ངཾ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་ཆིག་བརྒྱུད་ལས། །གོ་བ་རྟོགས་པ་དབྱེ་བ་མཛུབས་ཚུགས་སུ་ངོ་སྤྲོད་པའི་ཞལ་གདམས་ཤིན་ཏུ་གསང་བའི་ཡང་ཞུན་སྙིང་གི་མུན་སེལ་བཞུགས། །ན་མོ་མ་ཧ་མུ་དྲ་ཡེ། །རང་སེམས་ཉམས་དང་རྟོགས་པ་གཉིས། འདི་འཚམས་དབྱེ་གསལ་དཀའ་ན་ཡང་། །བདག་གི་བསམ་པ་འདི་ལྟར་ལགས། །

(༢༠༠)ལྟ་བྱ་ལྟ་བྱེད་ཅི་ཡང་མེད། །འདི་ཡིན་དེ་ཡིན་ཅི་ཡང་མེད། །འདི་བསམ་དེ་བསམ་ཅི་ཡང་མེད། །བདེ་གསལ་མི་རྟོག་ངེས་ཤེས་མེད། །ཐ་མལ་སེམས་ངོ་མི་ཤེས་དང་། །འདྲ་ལ་ཁད་ཀྱང་ཅུང་མི་འདྲ། །ཤོར་ས་གོལ་སར་ཤོར་རམ་སྙམས། །སྔར་གྱི་ངེས་ཤེས་ཡོད་པ་ཡལ། །ཉམས་ལན་ཞན་དུ་སོང་ངམ་སྙམས། །སྐབས་སུ་ཐེ་ཚོམ་ཁུ་འཕྲིགས་ལྡང་། །སྔར་ལྟར་བདེ་གསལ་མི་རྟོག་པའི། །ཉམས་ལེན་བཟང་པོ་ཨེ་སྐྱེ་ལ། །འཚམ་བཅད་ལུས་གནད་གཟབ་ན་ཡང་། །སྔར་ལྟར་མི་སྐྱེ་ཡི་མུག་ལྡང་། །སྔར་དང་ད་གཉིས་མ་འདྲ་བས། །གང་རུང་གཅིག་དེ་ཡིན་པར་འདུག །སྙམ་དུ་ཁུ་འཕྲིགས་འགའ་རེ་འབྱུང་། །མི་འདྲའི་ལུགས་དེ་ཅི་ལྟར་ན། །སྔགས་དུས་ལྟ་བྱ་ལྟ་བྱེད་ཡོད། །ས་ལེ་སེང་ངེ་ཡེར་རེ་བ། །ད་ནི་བལྟ་མི་བལྟ་རྒྱུ་མེད། །རང་གར་བཞགས་པ་འདྲ་བ་དང་། །ཁ་རོག་བསྡད་པ་འདྲ་བ་ལས། །ཅི་ཡང་བྱ་རྒྱུ་མ་རྙེད་པས། །ངོ་བོ་དང་པོ་མཐོང་བ་དེ། །ཐ་མལ་ཤེས་པ་མིང་དུ་བཏགས། །དེ་ཡི་ངང་དུ་གནས་ཙམ་ན། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །ཚོགས་དྲུག་སྣང་བ་གང་ཤར་ལ། །མ་འགགས་སོ་སོར་གསལ་མོད་ཀྱང་། །དེ་དང་དེ་རུ་འཛིན་པ་མེད། །གཟུགས་རྣམས་སྣ་ཚོགས་གང་མཐོང་ཡང་། །བྱིས་སྦས་ལྷ་ཁང་མཇལ་བ་བཞིན། །སྣ་ཚོགས་མཐོང་ཡང་དེར་འཛིན་མེད། །སྙན་དང་མི་སྙན་སྒྲ་རྣམས་ཀྱང་། །སོ་སོར་ཐོས་ཀྱང་ཆགས་སྡང་མེད། །བྲག་རིའི་ཁྲོད་ཀྱི་སྒྲ་སྐད་བཞིན། །འཛིན་མེད་འཛིན་པ་མ་ཞུགས་པ། །འོན་ཀྱང་ཡེང་བའི་དུས་རྣམས་སུ། །དེ་ལྟར་མི་འབྱུང་ཐ་མལ་འཆོར། །ཆགས་སྡང་དུག་ལྔ་རང་རྒྱུད་པ། །འདི་སྐབས་དྲན་ལ་གསལ་འདེབས་ཅེས། །བསྒོམ་དང་མ་བསྒོམ་ཁྱད་པར་ནི། །ཡེང་དང་མ་ཡེངས་ཁྱད་པར་ཙམ། །མ་ཡེང་གང་ཟག་བདག་མེད་དེ། །སྟོང་ཉིད་ཕྱེད་སོ་ཡིན་པ་སྟེ། །འཛིན་པའི་སེམས་ཉིད་སྟོང་པར་རྟོག །

(༢༠༡)བཟུང་བའི་ཡུལ་ལ་འཕྲིགས་མ་ཚུད། །དེ་ནས་བློ་བཟོ་མ་ཡིན་པར། །གང་ཤར་གཟུགས་སྒྲ་དྲི་རོ་རེག །སྣ་ཚོགས་སྣང་བའི་དངོས་པོ་ཀུན། །ཆུ་ནང་ཟླ་བའི་ཟླ་གཟུགས་ལྟར། །རྣམ་པ་སོ་སོར་གསལ་ན་ཡང་། །ངོ་བོ་སྟོང་པ་ཉིད་དུ་སྣང་། །རྣམ་རྟོག་ལ་ཡང་དེ་དང་འདྲ། །གནས་འགུ་ངོ་བོ་ཁྱད་མེད་པས། །རང་གྲོལ་ཆུ་དང་ཆུ་རླབས་བཞིན། །ཆོས་ཀྱི་བདག་ཉིད་དེ་ལ་ཟེར། །སྟོང་ཉིད་ཡོང་རྫོགས་རྟོགས་མོད་ཀྱང་། །ད་དུང་ཡེངས་སྐབས་བརྗེད་སྐབས་མང་། །ཡེང་ཚེ་ཐ་མལ་འཁྲུལ་པ་སྟེ། །ཉོན་མོངས་གང་སྐྱེས་ཐ་མལ་པ། །རྗེས་ནས་དྲན་པས་སླེབས་ཙ་ན། །ཡེང་བས་མ་ལེགས་བསམ་འགྱོད་དོ། །དེ་ཚེ་ཉོན་མོངས་རྣམ་རྟོག་ལ། །ཕྱི་ལྟས་བྱས་འདྲ་བལྟས་པས་ན། །སྔར་ལྟར་སྟོང་ཉིད་རྗེན་པར་མཐོང་། །འདི་སྐབས་དྲན་པས་ཡང་དང་ཡང་། །གསལ་འདེབས་བྱེད་གལ་ཆེ་བར་སྣང་། །ཡེང་དང་མ་ཡེང་ཁྱད་པར་མེད། །འཁྲུལ་དང་མ་འཁྲུལ་ཁྱད་པར་མེད། །ཐམས་ཅད་སྟོང་པར་འདུག་སྙམ་པའི། །གོ་བའི་སྐྱ་རིས་རེས་འགའ་སྐྱེ། །དེ་ལ་གདིང་བཅས་ལྷོད་དྲག་ན། །ཐ་མལ་ཉིད་དུ་འཆོར་ཉེན་ཡོད། །གོ་བ་རྟོགས་པ་འབྱེད་པར་གཅེས། །དཔེ་རྒྱུད་གོ་བ་རྒྱབ་དུ་སྐྱུར། །གདེང་ནས་ཡེང་དང་མ་ཡེང་གཉིས། །ཁྱད་པར་མེད་པའི་རྟག་གོ་སྐྱེ། །དོན་ལ་དེ་ཉིད་ཡིན་ན་ཡང་། །ད་རུང་དྲན་པའི་གསལ་འདེབས་ནི། །མ་བརྗེད་ཡང་དང་ཡང་དུ་དགོས། །ཅི་ཕྱིར་ཞེ་ན་དུག་ལྔ་ཡི། །རྟོག་པ་མ་ནོན་ཚིགས་ངན་སོགས། །ཐོས་ཚེ་དེ་ལན་སྨྲ་ཤོར་སོགས། །བྱུང་བ་ཡེང་བའི་སྐྱོན་དུ་ངེས། །དེས་ན་དྲན་རྗི་ཡང་ཡང་དགོས། །ད་དུང་གསལ་དང་མི་གསལ་མེད། །མི་གསལ་དུས་སུ་ལྟ་སྟང་བྱ། །འདི་བསྒོམ་པའི་ངོ་བོ་ལ། །སྟོང་དང་ཕྱམ་མེ་འདི་ཡིན་མེད། །དེ་ཡི་ཚིམ་

(༢༠༢)པར་མ་གྱུར་ན། །རྟོག་པ་ཉམས་སུ་ཤོར་བ་ཡིན། །ཉམས་ལ་བཟང་ངན་འདམ་ག་མེད། །གང་ཤར་དེས་ཆོགས་སྙིང་ལ་འཆང་། །ཡེང་དང་མ་ཡེང་ཁྱད་མེད་ཀྱང་། །མ་ཡེང་དྲན་པའི་གསལ་འདེབས་བྱ། །དེ་ཙམ་འཕྲལ་དུ་གང་དྲན་ཙམ། །བརྩོན་འགྲུས་རྒྱ་མཚོས་གསལ་འདེབས་མཛོད། །འདི་ཡན་ཕྱག་བྲིས། ཅེས་སམ་འདི་མན་སློབ་བུའི་ཚིགས། །ཅེས་པ་ཆུ་མོ་ཡོས་ཀྱི་ལོར། །ཆུ་སྟོད་ཟླ་བའི་ཡར་ཚེས་ལ། །རིན་ཆེན་གནས་དང་ཉེ་བའི་སར། །འདྲ་ཐང་རྒར་བརྒྱབ་ཞག་གཅིག་བཞུགས། །དེ་ཚེ་བདག་གི་མཇལ་བའི་ཚེ། །དངོས་འབྱོར་བཀྲ་ཤིས་ཁ་དར་དང་། །མཚལ་སྲང་བཅུ་ཡི་མཎྜལ་ཕུལ། །དགེ་འདུན་རྣམས་ལ་མང་ཇ་དྲངས། །ཁ་ཙམ་མིན་པའི་མོས་གུས་དང་། །སྒོ་གསུམ་དད་པས་ཕྱག་འཚལ་ནས། །རང་སེམས་ཉམས་རྟག་པ་ནི། །འདི་ལྟ་ཡོད་ཅེས་ལོ་བཏབ་ཚེ། །སྤྱན་རས་གཟིགས་དངོས་སྤྲུལ་པའི་སྐུ། །དྲིན་ཅན་རཱ་གཱ་ཨ་སྱས་ཡི། །ཞལ་གདམས་སྙིང་གི་མུན་སེལ་འདི། །ཕྱག་བྲིས་མཛད་ནས་གནང་བ་ཡིན། །གསང་སྔགས་སྙན་རྒྱུད་ཡིད་བཞིན་གྱི། །ནོར་བུའི་རིན་ཆེན་འདི་འདྲ་བ། །འཇིག་རྟེན་གསུམ་དུ་བཙལ་ན་ཡང་། །ཤིན་ཏུ་རྙེད་པར་དཀའ་བོ་སྙམས། །བརྩོན་འགྲུས་རྒྱ་མཚོའི་སྙིང་དང་འདྲ། །མ་འོང་སྐལ་ལྡན་དུང་ཕྱུར་ཕྲག །མང་པོ་འགྲོ་དོན་འོང་བསམ་ནས། །ཐེམ་ཡིག་མེད་པའི་དགུད་དུ་བཀོད། །སྣོད་ལྡན་མ་རྟེན་སྣོད་མིན་ལ། །འདི་ནི་གསང་བའི་དམ་ཚིག་གོ། །མངྒ་ལཾ། །ཅཾ། །རི་ཆོས་འཚམས་ཀྱི་ཞལ་གདམས་ཆིགས་བརྒྱུད་ལས། །སྡོམ་གསུམ་བསྐྱེད་རྫོགས་བསྒོམ་བཟླས། །རྩེ་གཅིག་ཉམས་སུ་ལེན་ཚུལ་གྱི་ཞལ་གདམས་མདོར་བསྡུས་བཞུགས་སོ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་བས། །སྔ་ཕྱི་དྲི་བ་དོན་ཚན་མང་ན་ཡང་། །རྒྱས་པར་བྲི་བར་མ་ནུས་ལགས་ནད་ལྡང་།

(༢༠༣)མདོ་རྒྱུད་བསྟན་བཅོས་རྣམས་སུ་གཟིགས་དང་གསལ། །སྡོམ་གསུམ་ཞུ་དུས་ངེས་འབྱུང་བསམ་པ་དང་། །བྱང་ཆུབ་སེམས་བསྐྱེད་སྙིང་རྗེ་ཀུན་བསླང་སོགས། །མེད་ན་ཇི་བཞིན་ས་དེ་མི་སྐྱེ་ཡང་། །དད་པ་དག་སྣང་ཙམ་གྱི་ཞུས་པ་དེ། །ཕྱིས་ནས་ཁྲིད་རིམ་ཞུས་སམ་ཐོས་བསམ་གྱི། །ངེས་འབྱུང་གཞན་ཕན་བློ་སོགས་སྐྱེས་ཙམ་ན། །སྡོམ་པ་དེ་ནི་རྣམ་པར་དག་གྱུར་ཏེ། །སླར་ཡང་ཞུ་ཞིག་ལ་སོགས་མི་དགོས་ཞེས། །མི་སྐྱོད་ཞབས་སོགས་མཁས་པ་མང་པོ་དང་། །མཆོག་གི་སྤྲུལ་སྐུའི་ཞལ་ནས་དངོས་སུ་ཐོས། །དེང་སང་དེ་ཙམ་ཞིག་ལ་ཆགས་འཇོག་སྲོལ། །དངོས་གཞི་རྩ་བ་བཞི་ལ་སྐྱོན་མེད་ཅིང་། །དགེ་བའི་བློ་ནི་མི་སྤོང་དང་ལན་པ། །དེང་སང་སྡོམ་ལྡན་ཡིན་པར་དེ་བཞིན་གསུངས། །དེང་སང་དེ་ཙམ་ཅིག་ལ་ཀུན་ཆགས་འཇོག །འགྲོ་བའི་དོན་དུ་རྫོགས་པའི་སངས་རྒྱས་ནི། །ཐོབ་པར་འདོད་པའི་བློ་འདི་མི་སྤོང་ཞིང་། །དགེ་བ་གང་འགྲུབ་དེ་ཡི་རྒྱུར་བསྔོ་བ། །བྱང་སྡོམ་བསྡུས་པའི་སླབ་བྱར་ཐུབ་པས་གསུངས། །བླ་མ་སངས་རྒྱས་ཡིན་ངེས་དཀོན་ན་ཡང་། །ཡི་དམ་ལྷ་དང་དབྱེར་མེད་མོས་པས་བསྒོམ། །ལུས་ལྷ་ངག་སྔགས་སེམས་བསྐྱེད་རྫོགས་འབད། །རྒྱུན་དུ་གཏོར་སྔོན་དུས་བཟང་ཅི་འབྱོར་མཆོད། །རྩ་གསུམ་དམ་ཚིག་དེ་ལ་འདུས་པར་མངོན། །དགེ་སྦྱོར་ཐོག་མར་བྱང་ཆུབ་སེམས་སྐྱེད་ཀྱི། །ཀུན་བསླང་བཟང་ཞིང་དངོས་གཞི་ཉམས་ལེན་ལ། །ཐུན་དང་ཕྲིགས་སུ་བཅད་པ་ཅང་མེད་པ། །ནམ་དྲན་ལྷ་བསྒོམ་ནམ་དྲན་ཉམས་ལེན་སྐྱོང་། །རེས་འགའ་ཟླ་གཟུགས་རེས་འགའ་རེས་མོས་བྱས། །ཉམས་ལ་ནམ་བབ་སྙིང་རྗེའི་བཏང་ལེན་དང་། །ཟེར་གཉིས་ནམ་སྐབས་ཐོད་རྒོལ་ཡུད་ཙམ་སྒོམ། །ངག་ནི་རྒྱུན་དུ་བསྙན་པ་ཆུ་རྒྱུན་ལྟར། །རེས་འགའ་ཉམས་ལ་ནམ་བབ་ཆོས་སྤྱོད་དང་། །ཆོ་ག་བསྐང་གསོལ་གྱེར་དབྱངས་ལ་སོགས་བྱ། །དུས་བཟང་མིན་ཀྱང་མཆོད་རྫས་ཤུགས་ཀྱི་འབྱུང་། །དེ་དུས་ཉིད་ན་ཚོང་དང་མཆོད་གཏོར་བྱ། །

(༢༠༤)ཁོམ་ཞིང་རང་གི་སྤྲོ་བ་འཕེལ་བའི་དུས། །གསུམ་ལྔ་བདུན་སོང་ཡུན་ཐུང་ངག་འཚམ་གཾ་སྒྲུབ་པ་ཕྲན་བུ་རེ་ལ་རྟག་ཐོན་བྱ། །རྟོག་འཚམས་ཡུང་རིང་བྱས་ལ་དེ་རྟག་གསལ། །དགོན་དང་གྲོང་ཁྱེར་རུ་བ་རི་ཁྲོད་སོགས། །གར་བསྡད་འདྲ་ཏེ་ཟ་རྒྱུ་སྐོར་ལས་མེད། །བྱ་རྒྱུ་དགེ་སྦྱོར་ཉིད་ལས་མེད་ཤེས་པས། །གྲོང་ཚོགས་ཆེ་ཡང་ཧ་ཅང་ཚོང་སྤང་། །གདུལ་བྱ་ཆེ་ན་འདོད་པ་ཁེང་བས་ལེགས། །འབྲིང་ན་ལོ་རང་རྐྱེན་འགྱུར་རང་ཡང་ཕན། །ཆུང་ན་སྐོར་སྒྲིབ་ཆུང་བས་དེ་ཡང་ལེགས། །གང་བྱུང་ལེགས་པས་མི་དགའི་རྣམས་འགྱུར་སྤང་། །འཚོ་བ་སྐྲན་སོགས་ཡི་མུག་མི་སྐྱེ་སྟེ། །མི་སྐྱོད་རྒྱལ་བ་སྐུ་ན་ཕྲ་མོ་དུས། །ལྷོ་རེང་རྫོང་ནས་རྟ་ར་ནང་དུ་བཞགས། ། འཚོ་བ་མེད་པས་རྣམས་པར་ཞལ་གཟིགས་ནས། །མ་འོང་འདུལབྱ་ཆོ་བའི ་ལུང་བསྟན་མཛད། །འཕྲལ་དོར་དངོས་གྲུབ་རྒན་མོ་འགའ་རེ་ཡི། །ཆོ་ལེ་བཙོ་རྒྱུའི་ཡུང་མ་ཕུལ་ལོ་སྐད། །དེ་འདྲའི་དོན་ལ་བསམ་གཞིག་བཏང་བར་བྱ། །ཆོས་བྱས་ནད་དང་སྡུག་བསྔལ་མང་བ་སྟེ། །སྡིགས་པ་མཐའ་རྫོག་ཕྱི་མ་དག་པའི་ཞིང་། །འགྲོ་རྟག་བཟང་བར་ཁྲིད་རིམ་ཀུན་ནས་གསལ། །འབྲོམ་དང་སྐྱོབ་པ་ཁྲི་སྟོང་མཛེ་ཡི་ཟིན། །རྒྱ་རས་རྒོད་ཚང་ལོ་རས་ཤིགས་ནད་མང་། །དེ་ཚེ་བསམ་ཞིང་ལྷ་ལ་ཡིད་ཆད་སྤང་། །སླར་ཡང་བཏང་ལེན་ངོ་བོ་སྐྱོང་གཉིས་འབད། །གཏམ་གྱི་བཟང་ངན་བྲག་ཆ་སྒྲ་ལྟ་བུ། །སྙིགས་དུས་བསྟོད་འོས་སྨད་ཅིང་སྨད་འོས།བསྟོད། །མཐོང་ན་མི་མཐུན་མི་མངའ་ཤཱཀ་ཐུབ་ལའང་། །འགྲན་ཟླ་ངན་བྱེད་བཀུར་འདེབས་བྱུང་བའི་ཚུལ། །མདོ་མང་རྣམས་སུ་རྒྱ་ཆེར་འབྱུང་བ་དང་། །པད་འབྱུང་ལ་ཡང་སྦ་ཚོ་ཀླུ་གང་དང་། །ཀླུ་དཔལ་སོགས་ཀྱི་སྐུར་འདོབ་མི་སྙན་སྨྲས། །ཤྭ་རིས་བུ་དང་སྣེ་ཟུར་བ་གཉིས་སོ། །ཚུལ་ཁྲིམས་མཆོག་གྱུར་ལ་ཡང་མོ་ཁ་བརྒྱབ། །སྡིག་ཅན་དམ་ཉམས་ལ་སོགས་

(༢༠༥)འགའ་མང་ཡང་། །བསྟོད་བསྐུར་བསྔགས་པ་དད་གུས་སྐྱེ་བོ་མང་། །དེ་ལ་བསྟོད་སྨད་ཚིགས་ལ་སྙིང་པོ་མེད། །རང་ཉིད་ཤི་ནས་ཚིག་དེ་རྗེས་མི་འབྲང་། །ནམ་འཆི་ཆ་མེད་ཕལ་ཆེར་མྱུར་དུ་འཆི། །མི་འཆི་ཐབས་ནི་ཅི་ཡང་མེད་མོད་ཀྱང་། །འཕྲལ་དུ་དུས་མིན་འཆི་བ་བཟློག་པའི་ཐབས། །རང་ཉིད་རྒྱལ་བ་རྒྱ་མཚོ་གསལ་བ་ཡི། །ཐུགས་ཀར་ཧྲཱིཿལས་སྔགས་ཀྱིས་གཡས་སུ་བསྐོར། །དེ་ལ་འོད་ཟེར་དཔགས་མེད་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་ཐམས་ཅད་འོད་དེས་མཆོད། །ཐུགས་རྒྱུད་མཉེས་པས་ཡབ་རྣམས་ཚེ་དཔགས་མེད། །ཡུམ་རྣམས་སྒྲོལ་མ་དཀར་མོ་ཤ་སྟག་གྱུར། །ཐམས་ཅད་ཆར་དང་བུ་ཡུག་འཚུབ་བཞིན་བྱོན། །རང་ལ་སིབ་སིབ་ཐིམ་པར་དམིགས་དང་། །ཡིག་དྲུག་ཡིག་བཅུ་བཟླས་པས་ཚེ་སྒྲུབ་ཟབ། །སྔོན་གྱི་བསྡུང་བརྩོག་འབྲས་བུ་ནད་མང་བ། །ལས་འབྲས་བཅོས་པར་དཀའ་བ་ཡིན་ཡང་། །ལས་ཀྱང་སྲབ་ནུས་བར་ཆད་རྩད་བཅོད་ཐབས། །རང་ཉིད་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས། །གོང་ལྟར་འོད་ཟེར་འཕྲོས་པས་འཕགས་པའི་ཚོགས། །ཐམས་ཅད་མཆོད་པས་ཡབ་རིག་སྨན་གྱི་ལྷ། །ཡུམ་རིག་ཐམས་ཅད་ལོ་མ་གྱོན་མི་སྐུ། །གྱུར་ནས་ཆར་བཞིན་བབ་ནས་རང་ལ་ཐིམ། །དེ་ཉིད་བསྒོམ་ཞིང་ཡིག་དྲུག་ཡིག་བཅུ་བཟླས། །ལས་ནད་མ་རྟོག་ནད་ཀུན་སེལ་བའི་སྨན། །རེ་ཞིག་དམིགས་པ་དེ་གཉིས་ཐུགས་དམ་མཛོད། །གསལ་ཞིང་བརྩོན་ན་དང་པོ་རྨི་ལམ་བརྟག །དངོས་སུ་ཁམས་བདེ་ཉམས་རྟོག་འཕེལ་བར་ནུས། །སེམས་ངོ་འདི་བསྒོམ་གཏད་སྤང་པའི་ངང་། །གང་ཤར་སྟེང་དུ་ལྷོད་དེ་བཞག་པ་ཉིད། །བསྒོམ་དང་མ་བསྒོམ་དོན་ལ་ངོ་བོ་གཅིག །འོན་ཀྱང་དྲན་པའི་བསལ་འོད་ཡང་ཅེས། །བཟང་ངན་ཉམས་ལ་དགའ་སྡུག་མེད་པ་རུ། །གང་ཤར་ངོ་བོའི་སྟེང་ན་བཞགས་པ་ཅེས། །ཞེ་སྡང་ཁྲོ་ཚིག་བློ་སེམས་མི་བདེ་ན། །ཁམ་འདུས་ཡིན་ཏེ་ལུས་སེམས་བགས་

(༢༠༦)ལྷོད་ནས། །ཅི་འོང་ཤོག་སྙམ་ཞན་མེད་བློས་གཏོང་གཅེས། །ཐོད་རྒལ་ཉམས་སྣང་གང་འཕེལ་སྐབས་སུ་ཡང་། །མ་སྐྱུར་བརྐྱང་ན་རིག་པ་ཚད་ཕེབ་འོང་། །ཆོས་ཉིད་མངོན་སུམ་སྣང་བ་བྱུང་ཚར་ཟིན། །འདི་ནི་ལམ་མྱུར་སྡིག་པ་འདགས་སྟོབས་ཆེ། །དེ་སོགས་སློང་བའི་ནད་སོགས་མང་བ་འདྲ། །ཉམས་མྱོང་ཡིན་ནོ་གཞུང་ནས་གསུང་པ་མིན། །སོ་ཐར་ཉེས་ལྟུ་ཕྲ་ཞིབ་སྐྱོང་བའི་ཐབ། །ཉ་སྟོང་ལ་སོགས་དུས་ནི་བཟང་པོ་ལ། །ཐུབ་དབང་སྐུ་ལ་སྤྱན་དྲངས་མཎྜལ་ཕུལ། །ལྟུང་བཤགས་ལ་སོགས་ཕྱག་ནི་འགའ་ཞིག་བཙལ། །འདུ་བྱས་མི་རྟག་ཟག་བཅས་སྡུག་བསྔལ་བ། །ཆོས་ཀུན་བདག་མེད་མྱ་ངན་འདས་བདེ་བ་སོགས། །ཡིད་ལ་དྲན་བྱས་ཉེས་ལྟུང་སྦྱང་དམིགས་ནས། །ཉམས་ལེན་ཐུན་གཉིས་ལུས་གནད་བསྲང་ལ་བྱས། །དེ་ནས་ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཞེས་སོགས་སྔོ་སྨོན་རྒྱ་ཡི་བཏབ་པ་ནི། །གྲོགས་མེད་དགེ་སློང་ཞི་གནས་གསོ་སྦྱོང་ངོ་། །ཐུབ་དབང་ལ་སོགས་རྣམ་པར་སྤྱན་དྲངས་ནས། །ཆོས་སྐྱོང་ནང་ལྟར་བྱང་སྡོམ་ཉུང་བ་དེ། །རང་གི་བླང་པས་བྱང་སེམས་བསླབ་པ་པོས། །སྔགས་ཀྱི་ཉམས་ཆགས་རྡོར་སེམས་བསྒོམ་བཟླས་བྱ། །དེ་དག་ཕྲ་ཞིབ་ཉམས་པ་ཕྱིར་བཅོས་ཐབས། །སྤྲོས་མེད་ཉམས་ལེན་བདེ་བའི་སྐོར་རྣམས་ཡིན། །སྤྱིར་གྱི་འཇིག་རྟེན་བྱ་བ་སྙིང་པོ་མེད། །བཤད་དང་གོ་བ་བཟང་ཡང་མི་དགོས་པར། །དབུས་གཙང་ཁམས་གསུམ་སྡེ་ཕ་དཔལ་འབྱོར་ཅན། །མང་པོ་རྨི་ལམ་རྨིས་འདྲ་འདི་ལ་ལྟོས། །དཔལ་འབྱོར་ལོངས་སྤྱོད་ཧ་ཅང་སྒྲུབ་འདོད་སྤང་། །ཆུང་ནས་གསེར་ཁྲིར་འདུགས་དང་བེར་བདག་འགའ་ལའང་། །སྤྲོས་མེད་སྤྲང་དབྱུག་ཐོགས་པའི་ཚུལ་ལྟོས་ལ། །གྲ་སློབ་འཁོར་ལོ་སྙིང་པོ་མེད་པར་བསམ། །མཆེད་གྲོགས་བཙུན་ཆུང་མི་གཞོན་བུ་མོ་འགའ། །ཀེང་རུས་ཝ་ཁྱིའི་འདྲེད་པ་འདི་སོམ་ལ། །མ་རྙེད་ནམ་འཆི་ཆ་མེད་སྙིང་ལ་ཟུང་། །དོན་མེད་སྨྲ་མང་ངག་འཁྱལ་དུད་འགྲོའི་རྒྱུད། །དོན་ཡོད་སྨྲ་མང་ཆགས་སྡང་ཉོན་མོངས་རྒྱུ། །

(༢༠༧)སྨྲ་ལ་དགའ་བའི་སྐྱོན་མ་ཐུབ་པས་གསུངས། །མི་སྨྲ་བརྟུལ་བཞུགས་བཟུང་བ་མདོ་ཡི་ལུགས། །སྒྲུབ་པ་བྱེད་ན་གདན་ཅིག་གནོན་དགོས་ཀྱིས། །བསྙེན་པ་བདག་བསྐྱེད་ཁོ་ན་ཡིན་པའི་ཕྱིར། །ལུས་ནི་གཅིག་ཏུ་སྡོད་དགོས་ངེས་པ་མེད། །རྒྱ་གར་སློབ་དཔོན་ལས་ཀྱི་རྡོ་རྗེ་ཡིས། །སྒྲུབ་རྟེན་ཤིང་གི་རྡོ་རྗེ་གཅིག་བསྣམས་ནས། །ཕྱོགས་ཀུན་འཁྱམ་ཞིང་བཛྲ་པ་ནི་ཡིས། །སྔགས་བཟླས་ཕྱག་རྡོར་ཞལ་གཟིགས་གྲུབ་རྟགས་ཐོན། །མི་ཚིགས་བར་མ་ཆོད་ན་བསྙེན་པར་རྩི། །དེ་ཕྱིར་ཕྱོགས་སུ་འགྲོ་མཁན་རྟོགས་ལྡན་འགའ། །གསུང་ངག་བཅད་དེ་འབྱོན་པ་མཐོང་ཐོས་ཡོད། །ངག་བཅད་ཐུག་ན་ཕན་ཡོན་འཚམ་དང་འདྲ། །གསང་བ་སྤྱི་རྒྱུད་སྔགས་གཡོགས་གསུང་པའི་སྐབས། །འཚམ་གཡོགས་པ་ལ་ངག་གཏམ་ཆོག་པ་དང་། །སྒྲུབས་རྫས་རྣམས་ཀྱང་སྦ་འོས་མི་དགོས་གསལ། །དེ་ཕྱིར་འཚམ་གཡོགས་རང་ལ་ངག་བཏང་ཀྱང་། །ཧ་ཅང་སྐྱོན་དུ་མི་འགྱུར་གནད་གཅིག་སྣང་། །ངག་བཅད་ཐུབ་ན་ངག་གཏམ་ཕྱག་ལན་ཡིན། །དེ་མ་གོ་ན་ཕྱེད་ངག་ཅོས་བྱ་བ། །སོ་སྒྲིག་ཁ་རླུང་མ་ཤོར་སྨྲ་སྲོལ་གདའ། །ཆོས་སྒོ་བ་ཡི་དེ་ཚེ་མི་རུང་གསུང་། །འོན་ཀྱང་སྔགས་འཆང་ཀུན་གྱི་ཕྱག་ལན་ལགས། །དབང་དུས་ཡེ་ཤེས་སེམས་དཔའི་ལུས་ལ་བསྟིམ། །ཕུང་ཁམས་སྐྱེ་མཆེད་ལྷ་རུ་ངོས་སྤྲོད་ནས། །གཏུབ་ཅིང་ལུས་སྦྱིན་བྱ་བར་མི་རུང་སྟེ། །ཕུང་པོ་སངས་རྒྱས་མཉེས་བྱེད་རྩ་ལྟུང་ངོ་། །འོན་ཀྱང་གཅོད་འདི་ཐིགས་པ་ཀུན་དང་མཐུན། །དྲག་གཉིས་སྤྱོན་པའི་སྐབས་ནས་ལུས་སྦྱིན་བཤད། །བཀའ་བརྒྱད་ཁྲོ་རོལ་བཟློགས་པར་ལུས་སྦྱིན་བཤད། །མ་ནི་གནད་འབེབ་སྐབ་ནས་ལུས་སྦྱིན་བཤད། །དེ་ཕྱིར་སྔགས་དང་འགལ་བ་མ་ཡིན་ཏེ། །མི་འགལ་བ་ཡི་གདམ་པ་ཤེས་པར་བྱ། །རྙིང་མའི་སྒྲུབ་པ་གཅིག་ནི་དབུ་གཙུགས་ནས། །མ་ཚར་བར་དུ་བདག་མདུན་མི་བསྡུ་བར། །ལྷ་ཡི་ང་རྒྱལ་བསྐྱེད་ཅིང་གསལ་འདེབ་པའི། །ནུབ་མོ་

(༢༠༨)ཐུན་འཚམ་ལུས་སྦྱིན་བྱ་ཚུལ་ནི། །བདག་བསྐྱེད་ལྷ་རུ་གསལ་བ་དེ་བཞུགས་ནས། །དེ་ཡི་ཐུགས་ནས་རང་ལུས་རང་སེམས་བཅས། །ཐ་མལ་པ་གཅིག་ཕྱི་རུ་ཐོན་བྱས་ལས། །ལུས་སྦྱིན་ནང་ལྟར་རྣམ་པར་ཤེས་པ་དང་། །ཚེ་བསོད་ནམས་བྱིན་རླབས་དབང་ལྷ་ཡེ་ཤེས་པ། །ཕུང་ཁམས་སྐྱེ་མཆེད་ལྷ་བཞུགས་ལྷ་ཡི་ཚོགས། །གཅིག་བསྡུས་ཐིག་ལེ་ཚང་བུག་ནས་འཕོས་སྟེ། །བདག་བསྐྱེད་ཐུགས་ཀར་ཐིམ་ཏེ་ཐུགས་ཀ་ནས། །ལས་བྱེད་མཁའ་འགྲོ་སྤྲོས་ལ་རང་ལུས་དེ། །ལུས་ཚོགས་ལྟར་དུ་བདག་མདུན་ལྷ་ཚོགས་དང་། །མགྲོན་རིགས་ཀུན་ལ་ཚོགས་འཁོར་བྱ་བ་དང་། །དེ་ཡི་ལྷག་མས་དཀར་འགྱེད་དམར་འགྱེད་བྱ། །ཡང་ན་བདག་ཉིད་ཡེ་ཤེས་ལྷ་དང་ནི། །ཕུང་ཁམས་ལྷ་ཚོགས་དབྱེར་མེད་དེར་བཞུགས་ལ། །མ་དག་ཕུང་པོ་ཕྱི་རུ་སྤྲོས་ཀྱང་རུང་། །དེ་ལ་སྤར་ཆོག་མི་དགོས་སྟབ་བདེའོ། །གསར་མའི་སྒྲུབ་པ་ནུབ་མོ་ཐུན་བསྡུས་ནས། །ཟུང་ངག་སྐུ་རུ་མ་བསྡུས་བར་དེ་རུ། །ལུས་སྦྱིན་སྤྱི་ལྟར་བྱེད་དུ་རུང་བ་ཡིན། །ནམ་ཡང་རྣམ་སྣང་ཐིག་ལེ་དེ་ཉིད་དང་། །ལུས་ལྷ་བྱིན་རླབས་ཡེ་ཤེས་སེམས་དཔའི་ཚོགས། །དབྱེར་མེད་ནས་སྤར་བ་ཤིན་ཏུ་བཅོས། །ཚེ་བསྒྲུབ་ལ་སོགས་ཡི་དམ་བསྒོམ་བཞིན་དུ། །འགྲོ་བའི་ནད་གདོན་སྡིག་སྒྲིབ་ཚུར་བསྟིམ་པའི། །མེ་ལ་ཤིང་བསྣན་བཞིན་དུ་གཟི་བརྗིད་རྒྱས། །དེ་ལྟར་བསྒོམ་ཞིང་ཚ་བསོད་ཕར་བསྟིམ་པས། །སྦྱིན་པའི་རྒྱུ་སྟེ་ཚེ་བསོད་འཕེལ་བའི་རྒྱུ། །ཡིན་ཕྱིར་དམིགས་པའི་བསྒྱུར་པོ་དེ་མི་རུང་། །རེ་ཞིག་སྨུག་འཛིན་གཏེར་གཉིང་སྒབ་འདྲེ་ཡོད། །ལས་བྱང་ཡོད་ན་མཆོད་བསྟོད་ཆུ་སྦྱིན་ཙམ། །བྱ་ཞིང་ཐུགས་དམ་བསྙེན་པ་མི་བྱ་བ། །དཀར་པོ་ལྷ་ལྔ་འཇམ་ཞིང་ཟིན་བྲིས་གསལ། །གནམ་ཆོས་དམར་པོ་རྣོ་མྱུར་ཆེ་བ་དང་། །བཀའ་གཏེར་འདི་གཉིས་ཐུགས་དམ་སྙིང་པོ་དང་། །ཚེ་སྒྲུབ་སྔགས་ཐོན་རྣམས་ལ་ཕྲེང་སྐོར་ཙམ། །ལས་བྱང་གསང་འདུས་མཆོད་བསྟོད་ཚུལ་དུ་འདོན། །དེ་མིན་གོང་ལྟར་རྒྱལ་བ་རྒྱ་མཚོ་མཛོད། །བསྐྱེད་དང་རྫོགས་དང་འདི་ཕྱིའི་རེ་པའི་ཕུག །རྒྱལ་བ་རྒྱ་མཚོ་ལས་ཀྱང་ངས་མ་རྙེད། །ཚེ་བསོད་

(༢༠༩)བཀྲ་ཤིས་བདེ་ལེགས་འདི་ལས་འབྱུང་། །ཕྱི་མ་སྐྱེ་རྒ་ན་འཆི་མེད་པའི་ས། །བདེ་བ་ཅན་དུ་འདི་ཡི་ཕྱིན་པར་བྱེད། །གཞན་རྣམས་ཉམས་མཚར་འབྲེལ་པ་འཇོག་ཙམ་རོ། །རྩ་བ་འདི་མན་གཞན་ལ་བློ་མ་འཕྲོང་། །ངོ་བོ་སྐྱོང་དང་ཐོད་རྒལ་བསྲུང་བ་ལས། །ཟབ་པའི་ཆོས་ཤིག་ཡོད་སྙམ་ཚོལ་མ་དྲན། །ནོར་བུ་བསྐྱུར་ནས་འཆིང་བུ་ཚོལ་དང་འདྲ། །དགེ་བློ་འདོད་ན་སྙིང་རྗེའི་སྟོང་ལེན་བསྒོམ། །དེ་ལས་ལྷག་པའི་དགེ་བློ་གསུངས་པ་མེད། །ཕྱི་མ་བདེ་ཆེན་སྐྱེ་བའི་སྔོ་སྨོན་དང་། །དགེ་ཚོགས་ཐམས་ཅད་དེ་ཡི་རྒྱུ་རུ་བསྔོས། །དེ་བས་ཉེ་དང་ཟབ་པ་ལེགས་པ་མེད། །དེ་སྐད་རཱ་ག་ཨ་སྱས་འཕྲལ་དུའོ། །ཞེས་པ་འདིའང་ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ་ས་ག་ཟླ་བའི་དམར་པོའི་ཚེས་བརྒྱད་ལ་ཕྱག་བྲིས་མཛད་ནས་གནང་བའོ། ༈ །རི་ཆོས་འཚམས་ཀྱི་ཞལ་གདམས་ཆིགས་བརྒྱུད་ཐེམ་མེད་དགོན་སྡེར་རང་དོན་གྱི་བཅའ་ཡིག་བཞུགས་སོ། །བླ་མ་རིན་པོ་ཆེ་ལགས་དགོན་སྡེར་བླ་མ་བྱེད་དགོས་བླུགས་ན་བཅའ་ཡིག་གལ་ཆེ་བས། །རང་གཞན་ལ་ཕན་པའི་ཕྱིར་གནང་བར་ཞུ་ལགས། །ཞེས་ཞུས་པས། རིན་པོ་ཆེའི་ཞལ་ནས། གཟིམ་ཁང་དུ་བུ་མེད་འོང་ས་མེད་པར་སྒོ་རྩར་ཐོ་དང་བཀའ་བསྒོ་དམ་བཞག་བྱེད་པ་དང་། ཆང་མི་འཐུང་བར་ཚོགས་ཆང་ཡང་ཉིན་ཅ་ནེ་གང་བས་མི་བཏུང་བའི་དམ་བཅའ་ཆོས་སྐྱོང་དཔང་དུ་བཙུགས། རང་རེ་རྩ་རླུང་བསྒོམ་པས་གཞན་གྲོགས་བརྟན་པ་སོགས་ཐིག་ལེ་མི་སྤང་བའི་དམ་བཅའ། ནད་ན་དུས་མ་རྟོག་རྒོང་བཅད་དེ་ཚོགས་རྫས་མ་ཏོག་མི་བཟའ། ངག་བཅད་དུས་མ་རྟོག་ཆབ་ལན་ལྷམ་ཕུད་བྱ། གཞན་དག་གནོད་འཚེ་བཀུར་པ་སོགས་མི་འཚམ་བ་བྱུང་ངམ། དགོན་པའི་ཁྲིམ་ལ་གནོད་པ་སོགས་ཅི་བྱུང་ཡང་། རེ་ཞིག་བཟང་ངན་ཅི་ཡང་མི་སྨྲ། ངོ་བོ་སྐྱོང་རྗེས་ལེགས་པར་བསྐྱེད་སྤགས་ལ་གཏམ་སྨྲ། ཡུད་ཙམ་མི་བྱ་བར་གསུངས་པ་ལྟར་དགའ་རྩ་སྡུག་མགྱོགས་མི་བྱ་བར་དགའ་སྡུག་ཅི་བྱུང་ཡང་རེ་ཞིག་ངོ་བོ་སྐྱོང་

(༢༡༠)ལ། རྗེས་ནས་དལ་བུས་སྨྲ། གལ་ཆེན་ནན་ཐུག་ན་མ་རྟོག་མནའ་མི་སྐྱེལ་བའི་དམ་བཅའ། ལར་ཀ་ཆ་ཟས་ནོར་ཐམས་ཅད་ལ་ཆེན་ཆོས་ཕྱོགས་ཅི་འགྲུབ་རྒྱང་བསྲུང་མ་གཏོག་ཕྲན་བུ་ལ་དམིགས་དགོས་པར་མི་བྱ། སྤྱི་དོན་ལ་བཏང་གང་དགོས་ལགས་ཀྱང་། མི་བྱེད་དཀའ་མེད་ཁོ་རང་ཆུད་ཟོས་དོག་ན་མ་གཏོགས། གྲ་འཁོར་ལ་ཚིགས་རྩུབ་མི་བྱ། ངག་འཇམ་པར་བྱ། རང་ལ་རེ་ལྟོས་བཅས་པ་ཐམས་ཅད་འདི་ཕྱིར་གང་ཕན་གྱི་མགོ་འདོན། རང་ལ་ཁ་ཐབ་གང་ཡོད་ནས་ཅི་ལྕོག་གྲ་འཁོར་ལ་ཉེ་རིང་རྩིས་ཆེ་ཆུང་མེད་པར་མཉམ་པར་བཞག །དེ་དག་སླབ་བྱ་གལ་ཆེ་རིམ་བརྗོད་ཐོ་ཡིན། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་ཟིལ་གནོན་གྱི་ལོ་ཐ་སྐར་ཟླ་བའི་ཡར་ཚེས་བརྒྱད་ལ་རིན་པོ་ཆེ་ར་ག་ཨ་སྱའི་ཞལ་སྔ་ནས་ཀྱི་རྩལ་བའི་ཕྱག་བྲིས་ཀརྨ་བིཏྱལ་ག་ར་ལ་གནང་བ་མངྒ་ལཾ། རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི་ཆིགས་བརྒྱུད་ཀྱི་ཐམས་ཅད་སྨོན་ལམ་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་སར་ཡ་རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་། །བླ་མ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་མཆོག །རིག་འཛིན་བརྒྱད་དང་རྗེས་འབངས་ཉི་ཤུ་ལྔ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཐུགས་རྗེ་དང་། །དྲིན་ཅན་བླ་མ་རྒྱལ་བ་ཀུན་འདུས་པ། །མཁའ་སྤྱོད་དགའ་བའི་རྡོ་རྗེའི་ཐུགས་རྗེ་དང་། །རྒྱུད་སྡེ་བཞི་ལ་བཀའ་དགོང་ཕུར་པའི་ལྷ། །ཐེགས་པ་རིམ་དགུའི་ལྷ་ཚོགས་ཐུགས་རྗེ་དང་། །མ་ཧ་ཀ་ལ་ལྕམ་དྲལ་འཁོར་དང་སྡེ། །བཀའ་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེན་ལྡན་ཅི་སྙེད་བདེན་པའི་བདེན་སྟོབས་ཀྱི། །བླ་མ་ཀརྨ་བརྩོན་འགྲུས་རྒྱ་མཚོ་བའི། །ནད་གདོན་བར་ཆད་ཐམས་ཅད་ཞི་གྱུར་ཅིག །འཇིག་པ་བརྒྱད་དང་བཅུ་དྲུག་རྣམས་ལས་ཐར། །དུས་མིན་འཆི་བ་བཅོ་བརྒྱད་མི་འབྱུང་ཤོག །ཚེ་དང་བསོད་ནམས་

(༢༡༡)དཔལ་འབྱོར་མངའ་ཐང་རྒྱས། །ཉམས་དང་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལ། །འགྲོ་དོན་ཕྱོགས་བཅུ་ཀུན་དུ་དར་རྒྱས་ཤོག །རླུང་སེམས་སྣང་སྲིད་ཐམས་ཅད་དབང་དུ་འདུས། །མཐོང་གྲོལ་ཐོས་གྲོལ་རིག་གྲོལ་ཆེན་པོར་ཤོག །བསྐྱེད་རྫོགས་རྟན་ཐོབ་ཕྲིན་ལས་རྣམས་བཞི་འགྲུབ། །བར་ཆད་བདུད་བཞིའི་གཡུལ་ལས་རྣམས་རྒྱལ་ཤོག །བསྐྱེད་རྫོགས་ཟུར་འཇུག་སྣང་སྲིད་ཆོས་སྐུར་རྟོག །ཚེ་གཅིག་རྡོ་རྗེ་འཆང་གི་ས་ནོན་ཤོག །ནམ་ཞིག་འཕོས་ཚེ་གནས་གསུམ་ཌ་ཀི་ཡི། །སྣ་ཚོགས་མཆོད་པའི་ཚོགས་ཀྱི་མདུན་བསུས་ཏེ། །བདེ་ཆེན་དག་པའི་ཞིང་ཁམས་བསྒྲོད་པར་ཤོག །ཞིང་དེར་པདྨོ་མཆོག་ལ་བརྫུས་སྐྱེས་ནས། །འབྲེལ་ཐོག་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །ཞིང་དེར་འདྲེན་པའི་རྫུ་འཕྲུལ་ཐོགས་མེད་ཤོག །ཞིང་དེར་ས་ལམ་ཡོན་ཏན་རབ་རྫོགས་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་མངོན་བྱེད་ཤོག །ཅེས་པ་རི་ཆོས་འཚམས་ཀྱི་ཞལ་གདམས་ཀྱི། །དངོས་གཞི་དཔེ་ཚན་ལྔ་བཅུ་ང་གསུམ་དང་། །རྒྱབ་ཆོས་ཆིག་བརྒྱུད་དཔེ་ཚན་སུམ་ཅུ་ལྔ། །ས་ར་བྷ་ཞེས་ཟིལ་གནོན་མེ་རྟའི་ལོ། །ཐ་སྐར་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན། །གནས་མཆོག་དཔལ་རི་རྩེ་ཡི་སྒྲུབ་ལ་སྒོར། །རི་ཆོས་ཡོངས་རྫོགས་གྲུབ་པའི་དུས་ཀྱི་ཚེ། །དགའ་སྟོན་དུས་མཆོད་ཚོགས་ཀྱི་འཁོར་ལོའི་སྐབས། །དད་ལྡན་ཀརྨ་བཱིཏྱ་ས་ག་རཱས། །ཕྱག་དང་མཎྜལ་མང་དུ་ཕུལ་ནས་ནི། །དངོས་སུ་སྐུ་ཡི་དཀྱིལ་འཁོར་དེ་ཉིད་ལས། །ཏིང་ངེ་འཛིན་གྱི་དབང་བཞི་བརྒྱ་རྩ་བླངས། །ཐུགས་ཡིད་ཅིག་ཏུ་འདྲེས་པའི་གསོལ་འདེབས་དང་། །ཚེ་རབ་ཀུན་ཏུ་མི་འབྲལ་སྨོན་ལམ་བཏབས། །སླར་ཡང་སྨོན་ལམ་ཕྱག་བྲིས་གནང་ཅིག་ཅེས། །རྩེ་གཅིག་གསོལ་བ་བཏབ་པས་སྨོན་ལམ་འདི། །དཀོན་མཆོག་ཀུན་འདུས་དྲིན་ཅན་སྤྲུལ་པའི་སྐུ། །ཀརྨ་ར་ག་ཨཱ་སྱ་རིན་པོ་ཆེས། །ཕྱག་བྲིས་མཛད་ནས་གནང་བ་བཀྲ་ཤིས། །


no previousno next