Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
སངས་རྒྱས་བླ་མ་ལ་ཡང་བསྔོ་བ་བྱེད་དགོས་པར་གདམས་པ།།
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསངས་རྒྱས་བླ་མ་ལ་ཡང་བསྔོ་བ་བྱེད་དགོས་པར་གདམས་པ།། next

སངས་རྒྱས་བླ་མ་ལ་ཡང་བསྔོ་བ་བྱེད་དགོས་པར་གདམས་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཡང་བསྔོ་བའི་དུས་སུ་གདམས་པ། ཞིང་སློབ་དཔོན་དབྱིག་གཉེན་གྱིས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཞེས་པས་ཕ་མ་ཞིང་དག་སྟེ་ཕ་མའི་ཆེད་དུ་བྱས་ན་ཕྱུག་པར་འགྱུར་ཏེ་མཐོང་ཆོས་ཉེ། ནད་པ་ཞིང་དག་སྟེ་སངས་རྒྱས་ཀྱང་ནད་གཡོག་མཛད། ལམ་སྒོམ་པ་ལ་བླ་མ་ཞིང་དག་སྟེ། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་པས་འདི་ན་བྱང་ཆུབ་སེམས་དཔའི་དགེ་འདུན་འབའ་ཞིག་ཡོད་དེ། ནངས་པར་ལངས་དུས་སུ་མ་ནམ་མཁའ་དང་མཉམ་པའི་དོན་དུ་ཅི་བྱས་པ་ཕ་མ། ནད་པ་ཉོན་མོངས་པའི་ནད། ཆོས་སྨྲ་བ་ལུང་གི་ཆོས། སྡིག་པ་ཅི་ཡང་མི་བྱ་སྟེ། ཞེས་པ་ལ་སོགས་ཐུགས་ལ་ཡོད་པ་སྐྱེ། མཐའ་ཕྱག་རྒྱ་ཆེན་པོའི་མངོན་པར་རྟོགས་པ་ཡོད་པས་སྲིད་པ་མི་ལེན་པ། ཡང་ལྟ་བ་ཐེག་པ་ཆེན་པོ་དེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་བྲལ་ཡིན་ཞེས་པས། རིགས་ཐེག་པ་ཆེན་པོ་ཅི་བྱེད་མ་རྒན་ནམ་མཁའ་དང་མཉམ་པའི་དོན་དུ་བྱེད་པའོ། །ཡང་དཔེ་ཞིག་བྱ་ན་སེམས་བཟང་པོའི་ཕ། དེ་རང་གིས་ཅི་མྱོང་བ། དེ་བུ་སྨད་ལ་སྟེར་བ་བཞིན་དུ་རང་གི་མྱོང་བ་བག་ཙམ་ཡོད་དེ་ཁྱེད་ལ་སྟོན་པ་ཡིན་ཏེ། ངོ་བོ་དང༌། ལས། ཡོན་ཏན་གསུམ་དུ་མཛད་དེ། ངོ་བོ་མྱོང་བ་དེ་ཡིན་ཏེ་དེའི་བག་ཆགས་ཀྱི་རྣམ་རྟོག་བཟང་ངན་ཐམས་ཅད་གཅོད་པར་བྱེད་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། གདོད་ནས་ཞི་ཞིང་མ་སྐྱེས་པ་བསྟན་ཞེས་པའི་བར་གྱིས། གདོད་མ་ནས་མ་སྐྱེས་ཤིང་མི་འགག་པ་དེས། དཔེ་འཁོར་ལོ་འཁོར་ན་དུག་དང་སྨན་གྱི་ཕུང་པོ་མ་ལུས་པར་གཅོད་པ་ལྟར། འདིར་ཡང་ནད་ལྷོག་པ་ལྟ་བུ་བྱུང་ཡང་དེ་འུར་འདེད་དུ་འགྲོ། མྱོང་བ་མེད་ཀྱང་ཐོས་བསམ་པའི་རྗེས་སུ་དབུ་མ་པའི་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟ་བ་ལ་སྐྱེ་བ་མེད་པ་ཞེས་པས་ཀྱང་ཕན་པར་སྣང༌། ལས་དེས་དཀར་པོའི་ཕྱོགས་ཀྱིས་ལམ་ལྔར་འཛིན་པ་དང༌། ནག་པོ་དུག་གསུམ་བདུད་བཞི་མ་ལུས་པར་བཅོམ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ལ། ཡོན་ཏན་ལ་བྲལ་བའི་སྤོང་སེམས་དེ་སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་རྣམ་སྨིན་སུམ་ཅུ་རྩ་གཉིས་དང་བརྒྱད་ཅུ་ལ་སོགས་འབྱུང་སྟེ། དཔལ་ལྷ་མོའི་བསྟོད་པ་བཞིན་གང་ནས་བོས་ཀྱང་ཁྱོད་ཀྱི་མིང་དང་འདྲ། ཡང་རྩ་རླུང་བསྒོམ་པ་རྣམས་ལ་མན་ངག་མྱོང་བ་འདི་ལྟར་བྱས་ན་འདི་འབྱུང་ཞེས་པ་ཞིག་བསྟན། འདི་ཡང་གསང་སྔགས་དང་འདུལ་བ་ན་གནད་ཟབ་པར་འདུག ཕ་རོལ་ཏུ་ཕྱིན་པ་ན་ཝལ་བ་ཞིག་འདུག་སྟེ། ད་རེས་ཀྱི་འདི་སའི་སྙིང་པོ་འཁོར་ལོ་བཅུ་པ་ནས་རྙེད་པས་ཁྱེད་ལ་བཤད་པ་ཡིན་ཏེ་མིན་ན་བཤད་མི་ནུས། ཁྱེད་ལ་སྔགས་སུ་བཤད་མི་མང་པོ་བྱུང་བས། ཚད་མེད་པའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་ཐུགས་དམ་མན་ངག་བཞིན་དུ་བསྒོམས་ལ། སྲོག་རྩོལ་བསྒོམས་ཏེ་རླུང་ཕྱིར་རྒྱུ་ནང་རྒྱུ་གཉིས་ལ་ཤེས་པ་གཏད་ལ་ཡིད་ཀྱིས་བགྲང་ཕྱི་ནང་དུ་རིང་དུ་རྒྱུས་པ་དང༌། ཐུང་དུ་རྒྱུས་པ་ལ་དམིགས་པས་ཅི་ཞིག་ལྟར་ནང་དུ་ལོག་ནས་ཡེ་མི་རྒྱུ་བ་ཞིག་འབྱུང་སྟེ། དེ་གནས་པ་ཡིན་དེ་ནས་ཡང་ཡེངས་པ་དང་སྣ་བུག་གང་རུང་ནས་འབྱུང་སྟེ། ཕྲིན་ལས་བཞི་ཡང་འདིས་འགྲུབ། མངོན་ཤེས་ཀྱང་འདིས་འགྲུབ། ཚེ་རིང་བ་དང་འཆི་དུས་ཤེས་པ་ལ་སོགས་པ་ཐམས་ཅད་འབྱུང་བ་ཡིན་གྱིས་ང་ལ་མྱོང་བ་ཡོད་པ་ཡིན། སྲོག་རྩོལ་འདི་ལ་ང་མཁས་པ་ཡིན། སྦྱོར་བ་དྲུག་གི་དྲུག་པོ་ངས་མི་ཤེས་བཤད་པ་ངས་ཀྱང་ཤེས། མ་ཐ་ན་ཡང་ནུབ་ཏུ་བརྒྱ་བརྒྱ་ཙམ་རེ་བསྒོམས། ཡང་གཤིན་བསྔོ་ལྟ་བུ་ལ་ཚད་མེད་པའི་སྙིང་རྗེས་ཀུན་ནས་བླངས་ནས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་དྲན་པས་དུས་གསུམ་གྱི་སངས་རྒྱས་རང་ལ་གཞུག ངན་སོང་སྦྱོང་བས་སྔགས་བརྗོད་བསྔོ་བ་བྱས་ལ། གཉིས་སུ་མེད་པའི་དཀྱིལ་འཁོར་གཅིག་ཏུ་བསྲེ་བ་ཡིན་པས། དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་དང༌། གསང་སྔགས་དང་རིག་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་བཞིས་བསྔོ་བ་བྱེད་པ་ཡིན་ཏེ། ལས་ཐུན་མོང་དུ་འགྲོ་བ་ཡིན་པས་གལ་ཆེ། དེའི་དུས་ན་མར་ཚུད་བཟང་ངན་ལ་སོགས་པ་ཆགས་སྡང་གི་རྟོག་པ་བྱས་དེ་དང་ལས་ཐུན་མོང་དུ་སོང་ནས་གཤིན་པོ་ལ་གྲིབ་གྱིས་གོས་པ་ཡིན་ནོ། །དེ་ནས་ཐུན་མོང་བ་འདི་ཁོ་ན་ཁེ་ཉེན་ཆེ་བས་བླ་མའི་ལས་མ་ལེགས་པ་ལ་ཡི་རང་མི་བཏུབ་སྟེ། དེ་ནི་མ་ལེགས་ཞེས་ཡི་དམ་དངོས་སུ་བྱ་བ་ལས་འགྲུབ་པ་ཡིན། ཡང་ལས་བཟང་པོ་ཤན་པ་གྲི་ཐོགས་ཤིག་ལྷ་ཕྱག་ཅིག་བྱེད་པ་དེ་ལ་ཡང་ཡི་རང་ན་ལས་ཐུན་མོང་སྟེ་བསོད་ནམས་ཐོབ་པས་གཞན་ལ་ཅི་སྨོས་ཏེ། ཉལ་མོ་བཙུན་གྱི་དགེ་བ་བྱ་བ་ཡང་དེ་ལ་ཟེར་ལགས། དེས་ན་ཆོས་སེམས་ལ་བྱེད་པ་ཡིན་པས་གང་ལྟར་བསམ་པ་ལྟར་འབྱུང་བས། ཤེས་པ་དེ་རྡུལ་ཕྲ་རབ་ཅིག་བསམ་ན་ཡང་དེར་འགྱུར་ཏེ། སྟོང་གསུམ་རྡུལ་ཕྲན་དུ་ཚུད་གསུངས་ཏེ། སྟོང་གསུམ་ཡུང་འབྲུར་ཚུད་པས་སྟོང་གསུམ་ཆུང་དུ་མ་སོང༌། ཡུངས་འབྲུ་ཆེར་མ་སོང་བ་ཡང་ངས་འདིར་གོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས་ཞེས་པའི་དོན་ཡིན་གསུངས།།


previousསངས་རྒྱས་བླ་མ་ལ་ཡང་བསྔོ་བ་བྱེད་དགོས་པར་གདམས་པ།། next