Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཚོགས་གསོག་པར་སོ་སོའི་ངེས་ལུགས་རེ་ཡོད་པར་བསྟན་པ།།
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཚོགས་གསོག་པར་སོ་སོའི་ངེས་ལུགས་རེ་ཡོད་པར་བསྟན་པ།། next

ཚོགས་གསོག་པར་སོ་སོའི་ངེས་ལུགས་རེ་ཡོད་པར་བསྟན་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། དགེ་བཤེས་རྣམས་ལ་ཡང་ཚོགས་གསོག་པ་ལ་སོགས་པ་ལ་སོ་སོའི་ངེས་ལུགས་རེ་ཡོད་པར་འདུག་སྟེ། སྤྱན་སྔ་བ་དང༌། ཕུ་ཆུང་བ་དང༌། སྤོ་ཏོ་བ་དང་གསུམ་བསྟེན། མཆོད་པ་རབ་ཏུ་བྱུང་བ་ཁོ་ནའི་ཚོགས་ཆེ་གསུངས་ནས། གསེར་འབུམ་བརྒྱ་པས་ལུག་རྫི་བསིལ། ཞེས་པ་དང༌། དགེ་འདུན་ལ་ཟན་འབྲུ་མ་ཐོར་བ་ཞིག་ཞེས་ཅི་བྱུང་དགེ་འདུན་ལ་གཏོང༌། རྗེ་མི་ལས་གཅིག་པུར་གཉིས་སུ་མེད་པར་གཏུམ་མོ་བསྒོམ་པ་ཆེ་གསུངས། རྟེན་ལ་མཆོད་པ་བྱེད་པ་ཡང་བཟང་སྟེ། སངས་རྒྱས་ཀྱིས་བཏགས་པ་ཡིན། སངས་རྒྱས་ཀྱི་བསྟན་པའི་བྱ་བ་སངས་རྒྱས་ཀྱིས་མཛད་ཅིང༌། གདུང་རྒྱུད་འཛིན་པ་ཡིན་ཏེ། ཤན་པ་ཞིག་རབ་ཏུ་བྱུང་ནས་སེམས་བསྐྱེད། བསྐྱེད་རྫོགས་གཉིས་བསྒོམ་དུ་བཅུག་ན། ཕྱི་ཉན་ཐོས། བར་བྱང་ཆུབ་སེམས་དཔའ། ནང་རིག་པ་འཛིན་པའི་དམ་ཚིག་གསུམ་ལྡན་དུ་བཏུབ་པས་བརྗོད་པ་ལས་འདས། ཡང་རབ་ཏུ་བྱུང་ནས་ཕྱིར་ཁྱིམ་པ་བུ་དང་ཆུང་མ་ཅན་དུ་གྱུར་ཡང༌། སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐ་ཆུང་གཅུང་མོས་པའི་བསྟན་པ་ལ་མྱ་ངན་ལས་འདའ་བར་གསུངས་ཏེ། དང་པོ་སྐྱབས་སུ་འགྲོ་བའི་སྟོབས་མ་ཉམས་པ་ལས་རིམ་གྱིས་སྐྱེ་སྟེ། ཇོ་བོའི་བཞེད་པའམ་གསུང་རབ་ཀྱི་དོན་དེ་ཡིན། དེས་ན་སྡོམ་པ་མེད་པའི་ཐེག་ཆེན་དེ་ཅི་ཡིན་ཅི་མིན་ཆ་མེད། དེ་ལ་བསླབ་བྱ་མ་ཉམས་པ་དགོས་ཏེ། དུས་དང་དུས་སུ་མཆོད་པ་རྒྱ་ཆེན་པོ་བྱ་བ་ནི། དུས་ཉ་སྟོང་བརྒྱད་གསུམ་དང་དུས་ཚིགས་ཆེན་པོ་བཞི་ལ་མཆོད་པ་བྱེད་པ་ཡིན་ཏེ། འདི་ཡང་དུས་གནད་ཀྱིས་གཉན་པ་ཡིན་ཏེ། འདི་ངེད་ཀྱིས་གསུང་རབ་དུ་མ་མཐོང་སྟེ་བྱེ་བ་ཕྲག་སུམ་ཅུ་རྩ་ལྔས། འགྱུར་ལྷག་པར་གསུངས་ནས་གདའ་བས་ཆོ་འཕྲུལ་ཆེན་པོ་ནི། སྔོན་མཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ་གྱིས་གསོལ་བ་བཏབ་པས། མུ་སྟེགས་ཀྱི་སྟོན་པ་དྲུག་ཤིན་ཏུ་དགའ་ནས་དཀའ་ཐུབ་སྤྱད་སྤྱད་པ་དང༌། སངས་རྒྱས་ཤིན་ཏུ་གཞོན་ནུ་རབ་ཏུ་གཤེགས་པ་གཉིས་ཆོ་འཕྲུལ་འགྲན་པས། སངས་རྒྱས་ཀྱིས་བཏུལ་ནས་ངས་མ་ཡིན་ཏེ། དེ་གང་ན་སུ་ཆེ་སུ་ཆེ་ཡིན་ཏེ་འདིའི་དུས་སུ་གནོད་སྦྱིན་མང་པོ་འདུ་བས་ཉན་ཏེ། སྔོན་དགེ་བཤེས་སྐུ་མཆེད་རིན་པོ་ཆེ་གསུམ་གྱིས་རྭ་སྒྲེང་དུ་མཆོད་པ་བྱས་པས། མི་མང་པོ་ཤི་བས་ཕྱིས་གཏོར་མ་མང་པོ་ཁོ་ན་ཕན་པར་བྱུང་སྐད་དེ། ཆོས་སྐྱོང་བྱ་བ་ཡང་དམ་ཚིག་ཉམས་པའི་ཁོང་ནས་སྙིང་འབྱིན། ཁ་ནས་དབུགས་འཕྲོག་སྟེ། དམ་ཚིག་ཉམས་པའི་སྙིང་འབྱིན་པས། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པའི་དོན་ཡིན་པས། དགེ་སྦྱོར་དང་བསྲུང་བ་བྱས་ལ་ཤིན་ཏུ་གྲིམས་པར་བྱ། མངོན་པར་བྱང་ཆུབ་པའི་དུས་ན་སྔོན་སྲོད་ལ་བདུད་དམག་བཏུལ་ནས་ཐོ་རེངས་སངས་རྒྱས་པ་ཡིན་པས་གཉན། ཝ་ར་ཎཱ་སཱིར་ཆོས་ཀྱི་འཁོར་ལོའི་དུས་སུ་ཀླུ་ཐམས་ཅད་འདུ་བར་བཤད་འདུག དཔལ་ལྷ་ལས་བབས་པའི་དུས་སུ་ལྷ་ཐམས་ཅད་འཚོག་པར་འདུག་སྟེ། ཐད་ཀ་ཐད་ཀའི་ཆོས་སྐྱོང་དང་བསྟན་པ་ཡང་དེ་ཡིན་སྙམ་པ་ཡིན། ཆོ་འཕྲུལ་གྱི་ཟླ་བ་ལ་མཆོད་པ་བཙུགས་ཏེ་འོ་སྐོལ་ཐམས་ཅད་མཚམས་དང་སྨྲ་བཅད་དང་ཉོན་མོངས་པ་དང་རྟོག་པ་ལ་བྱའོ། །གཏོར་མ་བརྒྱ་རྩ་བརྒྱད། བཅུ་ཚར་དང་པོ་བླ་མ་དང་ཡི་དམ་དབྱེར་མེད་ལ་བྱིན་རླབས་གནང་བ་ལྟར། གཉིས་པ་དཀོན་མཆོག་གསུམ་ལ། གསུམ་པ་ཆོས་སྐྱོང་ཡེ་ཤེས་པ་དང་འཁོར་བཅུ་བདུན་ལ། གསུམ་པ་འཇིག་རྟེན་པའི་ཆོས་སྐྱོང་དང་ལྷ་འདྲེ་གདུག་པ་ཅན་ལ་འབྱུང་གཏོར་གྱིས་བསྔོ། དེ་ནས་རིགས་དྲུག་ལ་སོགས་ལ་ཁ་འབར་མས། མཐར་ཡུལ་དེའི་ལྷ་འདྲེ་ལ། དེ་བདག་ཅག་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་གནོད་པར་བྱེད་པའི་བགེགས་འདི་རྣམས་དག་གི་མ་ཡིན་ཨང་ལན་གསུམ་གྱི་རྗེས་ལ། དེས་གཙོ་བོ་བྱས་པའི་ནམ་མཁའ་དང་མཉམ་པའི་དོན་དུ་སེམས་བསྐྱེད་ལ། འཛམ་བུ་གླིང་ཙམ་གྱི་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཡི་དམ་དགེ་སྦྱོར་གྱི་ངང་ལས་སྔགས་བཟླས་བཱ་ལིང་དང་པོ་གསུམ་བཏེགས་ཁང་པའི་སྟེང༌། དེ་མན་ཆད་ཕྱིར་སྐྱེལ་ཁར་ཤུལ་མི་འགོང་བར་ཕྱགས་ནས་འདོན་པ་དང༌། རྒྱུད་གསུམ་པ་བླ་མ་དང་སངས་རྒྱས་ཀྱི་བསྟོད་པ་སྤེལ། སྨོན་ལམ་ནམ་མཁའ་མཐར་གྱུར་པ་དང༌། རིགས་ལྔ་ཁའི་བཀྲ་ཤིས་མཛད་པར་གདའོ།།


previousཚོགས་གསོག་པར་སོ་སོའི་ངེས་ལུགས་རེ་ཡོད་པར་བསྟན་པ།། next