Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ན་ཚ་སྡུག་བསྔལ་གང་བྱུང་ཡང་དཀོན་མཆོག་གསུམ་ལས་ཐབས་གཞན་མི་བཙལ་བར་གདམས་པ།།
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousན་ཚ་སྡུག་བསྔལ་གང་བྱུང་ཡང་དཀོན་མཆོག་གསུམ་ལས་ཐབས་གཞན་མི་བཙལ་བར་གདམས་པ།། next

ན་ཚ་སྡུག་བསྔལ་གང་བྱུང་ཡང་དཀོན་མཆོག་གསུམ་ལས་ཐབས་གཞན་མི་བཙལ་བར་གདམས་པ།།

ནད་དང་སྡུག་བསྔལ་བྱུང་ན་ཐབས་གཞན་མི་བཙལ་ཏེ། སངས་རྒྱས་མཆོད། དམ་ཆོས་སྤྱད། དགེ་འདུན་བསྙེན་བཀུར་ཏེ། མཚན་ཉིད་པའི་དགེ་འདུན་བཀའ་བས་རིགས་གསུམ་ལྕང་ལོ་ཅན་ཡོད་པ་དེ་ཡིན་ནམ། སྒོམ་ཆེན་པས་ཡི་དམ་སངས་རྒྱས་མངོན་པར་རྟོགས་པ་ཆོས་དྲན་པས་འདུན་པར་བྱེད་པ་དེ་དགེ་འདུན་ཡིན་ཏེ་བསྐྱང༌། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཡང་ལེགས་ཏེ། དུས་ཐམས་ཅད་དུ་དཀོན་མཆོག་གསུམ་མཆོད་པ་ལ་ལྷ་བཤོས་གཅིག་ཡི་དམ་ལ། གཅིག་དཀོན་མཆོག་གསུམ་ལ། གཅིག་ཆོས་སྐྱོང་ལ་དབུལ་བར་བྱ། ཨཱ་ལི་ཀཱ་ལིས་ཀྱང་ནོར་མི་སྟེར་བྱིན་ཡང་ཡ་ཆ་བར་འགྲོ། གཙིགས་དང་བྱ་དགའི་ཆེད་དུ་མི་སྤང་སྟེ་གཏའ་མར་མི་གཞག ཡི་གེ་ན་གཅིག་གི་རིན་ནས་འབྲུ་ཕྱེད་གཏོར་སོང་ན་བསྐལ་པ་དཔག་ཏུ་མེད་པར་དམྱལ་བར་ལྟུང་སྟེ། དེ་ཐོན་དུས་གར་ཡོད་སྐྱབས་དང་བྲལ་བ་ཡིན། ན་མོ་རཏྣ་ཏྲ་ཡཱ་ཡ། སྐྱོབ་པ་དམ་ཆོས་ཀྱིས་སྐྱོབ་པ་ཡིན་པས། ལུང་ཆོས་ཀྱི་ཡི་གེ་སྤྱིལ་པོའི་གསེབ་ན་ཤོག་རུལ་ལ་མཚན་མཆོག་ལྡན་པ་འདུག་པ་ལ། བླ་མ་རིན་པོ་ཆེས་ཆོས་གོས་གསོལ་ནས་དབུ་ལ་ཁུར་ཏེ་མཆོད་གྲལ་ལ་བཞག སྡིངས་པོ་པ་དམ་པར་བྱེད་པ་ཡང་ངེད་མིག་རས་ལ་འཚོ་སྟེ་ཏིང་ངེ་འཛིན་རྒྱལ་པོ་མད་པར་འདུག ང་ལ་ཟས་མེད་པས་ཀློག་བྱེད་པ་ལ་སློབ་དཔོན་སྐྱེས་བུ་བ་དེས་མཎྜལ་རེ་གྱིས་ཁྲུས་གྱིས་ཟེར། དེ་མངོན་མཚན་ཆེ་མིས་འཐབ་ཏུ་འོང་བྱས་པས་ཁྱོད་ནས་བྲེ་གང་གི་ཕྱིར་མི་དང་འཐབ་སྟེ་གསུངས་པས། ཕྱིས་དེ་བསྐྱངས་པས་ང་ལ་ཁམས་ན་ཡང་བཙུན་པར་བྱེད་པ་ཡིན། ཕྱོགས་གར་འགྲོ་བའི་རིགས་ལྔ་ལ་གསོལ་བ་གདབ་བླ་མ་དང་རྒན་པོ་ལ་འདྲི། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤོང་བ་སྙིང་རྗེས་ཕྱེ་བ་ཡིན་པས། བླ་མ་རིན་པོ་ཆེའི་ཞལ་ནས་ཞིང་ཁར་རྐང་པ་གྱལ་གྱལ་མི་བྱ། མུ་སྟེགས་པ་རལ་པ་ཅན་གཅེར་བུ་ཡིན་པའི་ཡིད་གཏད་མེད་དེ་ཆོས་དང་མི་མཐུན། བླ་མ་དང་གྲོགས་པོ་ཡང་ཟེར་བ་ཡིན་ཡོན་བདག་པ་ཀུན་ཀྱང་གྲོགས་འཇིག་རྟེན་གྱི་བྱ་བ་ལ་དགའ་འདོད་སྲེད་ཞེན་སྤང༌། གཞན་གོ་སླའོ། །ང་དང་ལུས་ཐུན་མོང་བ་གལ་ཆེ་བས་སྦྱིན་པ་མ་ལུས་པ་བྱིན། ཚུལ་ཁྲིམས་བསྲུང༌། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་བཞག ཤེས་རབ་སྤྱད་སྙམ་དུ་ཐུགས་བསྐྱེད་ལ། རྒྱུ་དང་ལམ་ལ་མ་རེ་གསུངས།།


previousན་ཚ་སྡུག་བསྔལ་གང་བྱུང་ཡང་དཀོན་མཆོག་གསུམ་ལས་ཐབས་གཞན་མི་བཙལ་བར་གདམས་པ།། next