Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བླ་མ་དང་ཕྱག་རྒྱ་ཆེན་པོ་གཉིས་རེས་འཇོག་གིས་བསྒོམ་པ་གནད་ཟབ་པར་བསྟན་པ།།
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousབླ་མ་དང་ཕྱག་རྒྱ་ཆེན་པོ་གཉིས་རེས་འཇོག་གིས་བསྒོམ་པ་གནད་ཟབ་པར་བསྟན་པ།། next

བླ་མ་དང་ཕྱག་རྒྱ་ཆེན་པོ་གཉིས་རེས་འཇོག་གིས་བསྒོམ་པ་གནད་ཟབ་པར་བསྟན་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རྗེ་རིན་པོ་ཆེའི་ཞལ་ནས། སློབ་དཔོན་རྒྱལ་པོ་ན་རེ། ཁྱོད་ལ་དཔག་ཏུ་ཆོས་ཟབ་པ་ཞུས་ཀྱང་མི་འོང་བར་ཆོག སུ་ཆོས་ཟབ་མོ་འོང་ཅིག་ཡིན་ཞེས་པ་དང༌། ང་འབུ་ལ་ཉེ་རིང་མེད་པས་མཉམ་དུ་འཆད་པ་ཡིན། དཔག་ཏུ་བསོད་ནམས་ཅན་ལ་བཤད་ན་ངའི་དེའི་ངར་ཆག་ནས་མི་འོང་བྱས། ཕག་མོ་གྲུ་ནས་ལོག་ནས་ལོ་གཉིས་སྒོམ་ཆེན་བཅུ་མ་ཐོན་པ་དེ་ཅིས་ལན་སྙམ་ནས་ཡི་མུག་པ་ལ། དེ་ང་རང་གི་སྐྱོན་དུ་འདུག་པས་ངས་སྔ་དྲོ་ནས་ཁྱེད་ཀྱི་གཡོག་བྱས་མ་བསྒོམས། སློབ་མ་ལ་མོས་གུས་ཡོད་ན་བྱིན་རླབས་འོང་སྙམ་ཏེ་དེ་ལྟར་མི་འདུག །མདང་གསུམ་སྔ་དྲོ་བག་རེ་བསྒོམས་པས་བཅུ་གསུམ་ཙམ་གྱི་སྒོམ་ཤེས་པས། བྱིན་རླབས་ལ་བསྒོམ་དགོས་པ་འདུག་པས། ང་ཡང་བསྒོམ་སྟེ་སྔ་དྲོ་ཅི་བྱུང་ཡང་ང་ལ་མ་འདོན་ཅིག དུས་དེང་སང་ང་འཁོར་བཟང་བ་ཡིན་ཏེ། ཉམས་རྟོགས་ཅི་ཁྱོད་ལས་བྱུང་ཟེར། སྔོན་ང་བསོད་ནམས་ཆུང་ཙམ་ན་ཉམས་རྟོགས་གཞན་ན་ཡོད་པ་སྐད། མཛེ་འུར་དེད་ལ་སོགས་ཀྱི་གདམས་པ་ཞུ་བ་སྐད་ཟེར། ཁྱེད་རྣམས་ཀྱང་སྔ་དྲོ་མཎྜལ་མང་པོ་དབུལ་ཞིང་བླ་མ་ལ་ཞུ་དོན་གསོལ་འདེབས་བྱ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང༌། ཆོས་ཀྱི་འདུ་ཤེས། དགེ་འདུན་གྱི་འདུ་ཤེས་བྱས་ལ་གཞན་དུ་གསུམ་པོ་མི་བཙལ། བླ་མ་སངས་རྒྱས་བླ་མ་ཆོས། ཞེས་པ། འོ་ན་སངས་རྒྱས་རང་མི་ཤེས་པ་ཇི་ལྟར་བྱ་སྙམ་ན། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང༌། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མི་ཤེས་ཏེ། དམུས་ལོང་གིས་གླང་པོ་རྟོགས་པ་དང་འདྲ་སྟེ་སྣ་ཐག་ནས་བཟུང་ནས་ཐག་པ་འདྲ། སྔ་མ་ནས་བཟུང་ནས་ཕྱགས་མ་འདྲ། བྱ་བ་དང་འདྲ་སྟེ། ཕྱོགས་ཙམ་འོལ་ཙམ་ལ་མོས་གུས་བྱེད་པ་ཡིན། དེ་ཡང་རིན་པོ་ཆེའི་ཞལ་ནས་དེ་ནས་བླ་མ་སྒོམ་པ་དང༌། ཕྱག་རྒྱ་ཆེན་པོ་བསྒོམ་པ་རེས་འཇོག་སྟེ་དུས་གནད་ཡིན། ཡང་ཤེས་རབ་སྒོམ་བྱུང་དང་ཐོས་བྱུང་གཉིས་ཀར་ཆེར་འགྲོ་བ་ཅིག་བསྟན་གྱིས། འདི་ཡང་ཤེས་རབ་ཆེ་ཆུང་མིན་དད་པ་ཆེ་ཆུང་ཡིན་ཏེ། དད་པ་ཆེ་བ་དེ་ཤེས་རབ་ཆེན་པོར་འོང་བར་འདུག ཡང་ཆོས་གཅིག་པུ་ལ་སྦྱར་ན་བགྲོ་གླེང་བྱེད་པ་ལ་སྤྲོ་སིང་ངེ་བ་དེ་དང་བའི་དད་པ། ཅིས་ཀྱང་ངས་འདི་བསླབ་དགོས་སྙམ་པ་དེ་འདོད་པའི་དད་པ། དེས་སློབ་གཉེར་གྱི་དུས་སུ་ཐ་མལ་བའི་ལུས་ངག་ཡིད་གསུམ་འཕྲོག་ནས་ཟ་འཐུང་མི་དྲན། ཕྱག་ཀུན་ཀྱང་ཇི་ལྟར་བྱས་ཆ་མེད་ཆོས་འབའ་ཞིག་བསམས་ཏེ་མཁས་པར་སོང་བ་དེ་ཡིད་ཆེས་པའི་དད་པ་ཡིན་ཏེ། དང་པོའི་རྩབ་ཙུབ་ཀྱི་དད་པ་དེ་མེད་པས་མ་དད་པ་ཡིན། དེ་བཞིན་དུ་དགེ་འདུན་ཡང་བཙུན་པ་མཐོང་བ་ཙམ་གྱིས་དད་པ་དང༌། དེ་འདོད་པ་དང་སང་ནས་གྲུབ་པ་ཡིད་ཆེས་པ་དང༌། སྒོམ་ལ་ཡང་དང་པོར་བླ་མ་མཐོང་བ་ཙམ་གྱིས་བ་སྤུ་ལྡང་བ་དང་མཆི་མ་འཁྲུག་པ་དེ་དང་བའི་དད་པ། དེ་འདོད་པས་བླ་མས་བསྟན་པའི་མན་ངག་བསྒོམ་པ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པར་རྟོགས་ཙ་ན། བླ་མ་དང་ཁྲུག་གིས་འདྲེས་པ་དེ་ཡིད་ཆེས་པའི་དད་པ་ཡིན་ཏེ། དད་པ་མེད་པ་མ་ཡིན་ཞམ་ཞམ་ཞུམ་ཞུམ་མེད་པས་ཆུང་བར་མ་སོང་སྟེ་བླ་མ་བསྒོམ་པ་ཡང་རྣམ་གཞག་ཙམ། དེས་ན་དད་པ་གྱིས་དང་ཐ་མལ་པའི་ལུས་ངག་ཡིད་གསུམ་དང་བྲལ་ནས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་སོང་ཙ་ན་ཡོན་ཏན་མི་འདོད་ཀྱང་འབྱུང་གསུངས་ཏེ། སྒོམ་འབྱུང་གི་ཤེས་རབ་གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསུངས། ཡང་མངོན་ཤེས་ཀྱི་གདམས་ངག་ཅིག་ཀྱང་བསྟན་ཏེ། བློ་འཇིག་རྟེན་གྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་གྱིས་ལ། མི་རྟོག་པ་དེ་ཉིད་ལ་ཞོག་དང་ལྔ་པོ་རིམ་གྱིས་འཆར་ཞི་གནས་ཀྱིས་མངོན་ཤེས་འགྲུབ་པར་ཐམས་ཅད་ནས་བཤད། ཡང་ཐུགས་རྗེ་ཆེན་པོ་འབའ་ཞིག་བསྒོམས་པས་ཀྱང་འཆར་ཏེ། ཐ་མལ་པའི་ལུས་ངག་ཡིད་གསུམ་དང་བྲལ་ནས་ངག་ཡིག་འབྲུ་འབའ་ཞིག་ལ་དམིགས་ཀྱང་འཆར་ཏེ་ངས་མདའ་བྱའམ། ཡང་རྫུ་འཕྲུལ་གྱི་མན་ངག་ཅིག་བྱ་ན་ཡང་ཐ་མལ་གསུམ་དང་བྲལ་ཐུགས་རྗེ་ཆེན་པོ་འབའ་ཞིག་ཏུ་སོང་བའི་དུས་སུ། དེའི་འཁོར་ན་གནས་པའི་གསང་བདག་ལ་སོགས་དང་ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་ལ་སོགས་ཀྱིས། མིག་སྨན་དང་རྐང་མགྱོགས་དང་བཅུད་ལེན་ལ་སོགས་ཀྱི་གདམ་པ་སྟེར་ཏེ་དངོས་གྲུབ་མ་ལུས་པ་གྲུབ། ཡང་གཞན་དབང་དུ་བསྡུས་པ་ཡང་རྗེ་དེར་སོང་ཙ་ན་འཁོར་ཚོགས་བདག་ལ་སོགས་པ་ཐམས་ཅད་ཀྱིས་ནོར་ཟས་སྟེར་ཏེ་སྔར་དང་འདྲ། ཧེ་རུ་ཀར་སོང་ཙ་ན་མཁའ་འགྲོ་ཐམས་ཅད་ཀྱིས་རང་གི་གདུལ་བྱར་རྒྱ་དཀར་ནག་ན་ཡོད་ན་ཡང་འདིར་འགུགས་པའམ་རང་དེར་སྤྱན་འདྲེན་ཏེ། མདོར་ན་ཐུགས་རྗེ་ཆེན་པོར་གསལ་ལྷག་གེ་འདུག་ན་དེ་རང་ཡང་དུབ་ན་ཕྱག་རྒྱ་ཆེན་པོའི་མན་ངག་ཅིག་སྦྱིན། ཡང་ལྷ་གསལ་ལྷག་རྩེར་འོང་དེའི་ངང་ལ་གཞག །སྐྱེས་པ་སྐྱེ་མེད་ནམ་མཁའ་བཞིན་ཡང་སྟོང་པར་འགྲོ་ལ། སྐྱེས་པ་མེད་ནམ་མཁའ་བཞིན་དེ་ལྟར་གང་ཡང་རུང་བ་ཞིག་ལ་སེམས་ཟིན་མ་ཡེངས་པར་བསྒྲིམས་ན། མིག་ཟི་ལོང་གིས་སོང་ནས་སྐྱོན་ཡོན་ཐམས་ཅད་བླ་མ་ལ་དྲིར་ཡོང་དེ་མན་ངག་འགའ་ཐོབ་པ་ཡིན། འུར་དེད་ཀྱང་དེ་ཡིན་ཏེ་དེ་ལྟར་ཐ་མལ་པའི་ལུས་ངག་ཡིད་གསུམ་དག་ཙ་ན་ཞག་གསུམ་བཞི་ན་ཆུས་བཀྲུས་པ་བཞིན་དུ་འོང་བར་འདུག་གསུངས།།


previousབླ་མ་དང་ཕྱག་རྒྱ་ཆེན་པོ་གཉིས་རེས་འཇོག་གིས་བསྒོམ་པ་གནད་ཟབ་པར་བསྟན་པ།། next