Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀུ་སཱ་ལི་པའི་ཚིག་ལ་གད་དར་བྱར་མི་བཏུབ་གསུངས་པ།།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཀུ་སཱ་ལི་པའི་ཚིག་ལ་གད་དར་བྱར་མི་བཏུབ་གསུངས་པ།། next

ཀུ་སཱ་ལི་པའི་ཚིག་ལ་གད་དར་བྱར་མི་བཏུབ་གསུངས་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རྗེ་རིན་པོ་ཆེའི་ཞལ་ནས་ང་ལ་ངོ་བོ་ཉིད་ཀྱི་སྐུ་བྱ་བ་ཆོས་སྐུ་དྲི་མ་གཉིས་དང་བྲལ་བ། དེ་ལས་ཀྱང་ལྷག་པ་ཞིག་ཡོད་བྱས་པས་སློབ་དཔོན་རྒྱལ་བ་ལ་ཞུ་ཞེས་བཤད་པས། དཔལ་ཆེན་དང་མར་པ་ཁྱེད་རང་རྣམས་ཀྱི་གྲུབ་པའི་མཐའ་སོ་སོའི་སྐུ་བཞི་འདོད་ལུགས་དེ་གང་ལྟར་བྱས་ཀྱང་མཐའ་ཞིག་ཡིན། ངའི་འདི་རྣལ་འབྱོར་པ་ཀུ་སཱ་ལི་པའི་ཚིག་ཡིན་པས་ཤིན་ཏུ་གླེན་པ་ཡིན་ཏེ་གད་དར་བྱར་མི་བཏུབ། འཁོར་འདས་ཐམས་ཅད་ཀྱི་གཤིས་མ་བཅོས་པ་སྤང་བླང་དང་དགག་སྒྲུབ་ཐམས་ཅད་དང་བྲལ་བ། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་གླེན་པས་མ་བཅོས་པ་འདི་རང་ཡིན། དེ་ལ་གཞན་ཐོས་བསམ་པའི་ཆོས་སྐུ་དང་རྗེ་རིན་པོ་ཆེ་ལ་ཁྱད་ཡོད་དེ། རྗེ་རིན་པོ་ཆེ་བའི་ཆོས་སྐུ་དང་ཁྱད་ཅི་ཡོད་བྱས་པས། དེའི་སྒྲིབ་པ་མཐའ་དག་དང་བྲལ་བ་ཟེར་དགོས་ཏེ། འདི་བྲལ་མ་བྲལ་གཉིས་ཀྱི་མཐའ་ལ་ཡང་མི་གནས་གསུངས་ཏེ། མཐུན་པ་ཀུན་དང་མཐུན་ཏེ་འཁོར་བ་དང་ཡང་མཐུན། འདི་ལ་ཡི་གེ་ཞིག་བྱས་ནས་ཡོད། དུས་གསུམ་བདག་ཉིད་བདེ་ཆེན་བླ་མ་ནི། །ཞེས་པ་དེ་ཡིན། འདིའི་ལུང་ཡོད་དམ་སྙམ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ། ཡང་མི་ལྡན་མ་བྲལ་བྱའོ། །འདི་ལྟ་བུའི་མཐར་ཐུག་ཏོག་ཙེ་བའི་བཞེད་པ་ཡིན་ཏེ། མི་ལྡན་མ་བྲལ་བ་ལ་རྗེ་ས་སྐྱ་པས་བཤད་པ་བྱས་པས་ཆོས་ཉིད་དོན་དམ་པའི་ངོས་ནས་མ་བཅིངས། ཆོས་ཅན་ཀུན་རྫོབ་ཀྱི་ངོས་ནས་མ་གྲོལ་བ་ཡིན་གསུང་སྐད་པ་ལ། མཁན་པོ་ཞང་ལ་འདི་སྤང་བླང་མེད་པ་ལ་ཟེར་བར་འདུག་བྱས་པས། སྔར་གྱི་དེ་ཐོས་བསམ་པའི་ལགས། དེ་ལྟར་ཡིན་གསུངས་པས་དགའ་བ་སྐྱེས་ཙ་ན། དཔག་ན་སྒོམ་ཆེན་པ་ཞིག་འདི་སྐད་ཟེར་ཟེར་ནས་བརྡུང་སྐད། དར་ལོས་རྟོགས་པ་མེད་པ་འདྲ་ཟེར་བ་ལ་ངས་བཟླས་པས་ཆོས་ཡེར་དང་བསེ་སྒོམ་ཐུབ། ཆོས་ཟབ་བམ་ཆ་མེད་དེ་དེས་ཟད་པ་ཡིན་གསུངས།།


previousཀུ་སཱ་ལི་པའི་ཚིག་ལ་གད་དར་བྱར་མི་བཏུབ་གསུངས་པ།། next