Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
ཤྲཱི་ཕུག་པར་བུམ་པའི་སྤྲིངས་ཡིག་གཉིས་མེད་མ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཤྲཱི་ཕུག་པར་བུམ་པའི་སྤྲིངས་ཡིག་གཉིས་མེད་མ།། next

ཤྲཱི་ཕུག་པར་བུམ་པའི་སྤྲིངས་ཡིག་གཉིས་མེད་མ།།

མཁའ་གཉིས་སུ་མེད་པའི་ནམ་མཁའ་ལ། །འཇའ་གཉིས་སུ་མེད་པའི་གཟུགས་སྐུ་ཤར། །ཡོངས་སུ་དག་པའི་རྒྱུ་འབྲས་དེ། །རང་བཞིན་མེད་ཀྱང་མི་འཁྲུལ་བར། །ཆོས་རྗེ་ཐུབ་པ་རྣམས་ཀྱིས་གསུངས། །སྐུ་གཉིས་སུ་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱིས་འབུལ་བ་ཞབས་འབྲིང་དང༌། །ཞབས་ཏོག་རྒྱ་ཆེན་བགྱིས་པ་རྣམས། །དབུས་གཙང་པྲེ་ཏའི་གྲོང་ཁྱེར་དུ། །བདུད་རྩིའི་ཆར་པ་ཆེན་པོ་ཕབ། །གདུལ་བྱའི་ལོ་ཏོག་ཚིམ་པ་འདིས། །ཨེ་མ་ངོ་མཚར་མི་ཆེ་འམ། །ཁྱེད་ཕྱིར་བདག་གིས་བྲིས་པ་ཡི། །བསྟན་བཅོས་རྒྱུ་མཚན་མང་པོ་དེ། །རྒྱུ་མཚན་གནད་དང་བཅས་པར་ཡང༌། །ཐུགས་སུ་ཆུད་པ་ངོ་མཚར་ཆེ། །འབུལ་བ་མཛོད་དང་ཞབས་ཏོག་ཅན། །ལྟེམ་རྐྱང་མ་མཛད་ཉམས་རྟོགས་ཅན། །རྒྱུན་མ་གཅོད་ཅིག་དད་པ་ཅན། །བདག་གི་ཟ་འདོད་ཨ་ཅང་སྟེ། །སོ་ནམ་བྱ་རྒྱུ་འདི་ལས་མེད།། ཕྱག་བྱད་བཟང་པོ་ཐུགས་ལ་བཏགས། །ཡིག་རྟེན་དབུ་ཁ་གསོལ་འཕྲོ་གཅིག །བསྐུར་ནས་མཆིས་པ་བཞེས་པར་ཞུ།།


previousཤྲཱི་ཕུག་པར་བུམ་པའི་སྤྲིངས་ཡིག་གཉིས་མེད་མ།། next