Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
བསྟན་བཅོས་རང་གྲོལ་ཡེ་ཤེས་སྤོ་སྤོ་བཀྲ་ཤིས་རྒྱལ་མཚན་ལ་གདམས་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousབསྟན་བཅོས་རང་གྲོལ་ཡེ་ཤེས་སྤོ་སྤོ་བཀྲ་ཤིས་རྒྱལ་མཚན་ལ་གདམས་པ།། next

བསྟན་བཅོས་རང་གྲོལ་ཡེ་ཤེས་སྤོ་སྤོ་བཀྲ་ཤིས་རྒྱལ་མཚན་ལ་གདམས་པ།།

དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས། །དབང་བསྐུར་བསྟན་པ་དར་ཞིང་རྒྱས་པར་མཛད། །སེམས་ཅན་ཀུན་ལ་མཐུན་པའི་ཡིད་དང་ནི། །ཕན་སེམས་བློ་གྲོས་ཆོས་ཀྱི་གཏམ་རྣམས་གསུངས། །ལྷུན་གྲུབ་བྱང་ཆུབ་སེམས་གཉིས་དབྱེར་མེད་ཀྱིས། །གསོལ་བ་གང་བཏབ་འབྲས་བུ་འབྱིན་པ་ཡི། །དྲིན་ཆེན་བླ་མར་ཕྱག་འཚལ་སྐྱབས་སུ་མཆི། །ལར་གྱིས་བསྒོམ་ཀྱང་རུང་ལ་མ་བསྒོམ་ཀྱང༌། །རང་སེམས་སྐྱེ་མེད་ཆོས་སྐུར་རྟོགས། །ཅི་བདེའི་སྤྱོད་པ་བབས་ལ་རྒྱུར། །བླ་མའི་དྲིན་ལས་བྱུང་བར་གོ། །གཟུང་འཛིན་དག་པའི་ལྟ་བ་དེ། །བློ་ལས་འདས་པའི་བསྒོམ་པ་ཡིན། །བློ་ལས་འདས་པའི་བསྒོམ་པ་དེ། །བྱེད་པ་མེད་པའི་སྤྱོད་པ་ཡིན། །བྱེད་པ་མེད་པའི་སྤྱོད་པ་དེ། །སྒོམ་དུ་མེད་པའི་རྣལ་འབྱོར་ཡིན། །བསྒོམ་དུ་མེད་པའི་རྣལ་འབྱོར་དེ། །སྣང་བ་མེད་པའི་ཤེས་རབ་ཡིན། །བསྒོམ་མང་པོའི་ནང་ན་མི་འཚོལ་བ། །གཅིག་པུར་འདུག་ན་མི་སྐྱོ་བ། །འཁོར་འདས་ཐམས་ཅད་མི་རྟོག་པ།། ཆོས་རྣམས་གདོད་ནས་མ་སྐྱེས་པ། །སོ་རྒན་ངེད་ཀྱི་གསང་ཚིག་ཡིན། །ངས་རྙེད་དང་བཀུར་སྟི་ཆགས་པ་ལ། །རང་དོན་དང་གཞན་དོན་དུ་མ་བྱས་པར། །སེམས་སྐྱེ་མེད་ཀྱི་ངོ་བོ་གོམས་པར་བྱས། །ནད་དང་གནོད་པ་སྡུག་བསྔལ་ཚོགས། །དག་པའི་ལུས་ལ་མི་གནས་པས། །ལུས་ཡི་དམ་ལྷ་ལ་གོམས་པར་བྱས། །རྫུན་དང་ཕྲ་མ་ངག་འཁྱལ་ལ། །ཕོ་བཟོ་པོའི་ཡང་ཟོང་མ་བྱས་པས། །ངག་བདེན་པའི་ཚིག་ལ་གོམས་པར་བྱས། །ཕྱིན་ཅི་ལོག་གི་བསམ་པ་ཡིས། །ཆོས་བརྒྱད་ཀྱི་ཀུན་སློང་མ་བྱས་པར། །བློ་བསོད་ནམས་ཀྱི་ཚོགས་ལ་གོམས་པར་བྱས། །འཁོར་བའི་སྙིང་པོ་ཆགས་སྡང་ལ། །ཡང་དག་གི་དོན་དུ་མ་བྱས་པར། །བློ་བྱང་ཆུབ་སེམས་ལ་གོམས་པར་བྱས། །མི་འོང་དང་མི་རིགས་མི་འཐད་ཀྱི། །ལོག་ལྟའི་རང་ཤེས་མ་བྱས་པར། །སེམས་མོས་གུས་ཀྱི་ཡིད་ལ་གོམས་པར་བྱས། །ང་དང་བདག་ཏུ་འཛིན་པ་ལ། །རྟག་པའི་འདུ་འཛི་མ་སྐྱེས་པར།། སེམས་མི་རྟོག་པ་ལ་གོམས་པར་བྱས། །གང་བསགས་ཀྱི་འབྲས་བུ་འབྱིན་པ་ལ། །རྒྱུ་འབྲས་ལ་ཁྱད་གསོད་མ་བྱས་པར། །བློ་དཀར་པོའི་ཕྱོགས་ལ་གོམས་པར་བྱས། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་གྱི་གཡུལ་ངོ་འཕྲལ་དུ་ བཟློག །སེམས་བརྟུལ་ཞུགས་ཀྱི་དཔའ་བོ་གོམས་པར་བྱས། །ཐོས་དང་བསམ་པའི་ང་རྒྱལ་གྱིས། །གཟུང་འཛིན་གྱི་རང་སྒྲོག་མ་བཅུག་པར། །བློ་ཟུང་འཇུག་གི་གཤིས་ལ་གོམས་པར་བྱས། །ཟས་ཕུད་དང་གོས་ཕུད་ཁོང་འཛུམ་གྱིས། །མཛེས་སྡུག་གི་ཤག་པོ་མ་བཙལ་བར། །བློ་མཉམ་པ་ཉིད་ལ་གོམས་པར་བྱས། །སྤང་བྱ་དང་གཉེན་པོ་མེད་པའི་ཆོས། །གདོད་ནས་མ་སྐྱེས་བློ་ལས་འདས། །སྤྲོས་དང་བྲལ་བར་རྟོགས་ཕྱིར་དང༌། །ལྟ་བ་སྤྱོད་པ་སྒོམ་པ་གསུམ། །སེམས་སྐྱེ་མེད་ཆོས་སྐུར་རོ་གཅིག་པས། །གཉིས་འཛིན་གྱི་རྟོག་པ་མེད་ཕྱིར་དང༌། །རྒྱུ་འབྲས་རྟེན་འབྲེལ་སྣ་ཚོགས་རྣམས། །ཞིང་དང་བསམ་པ་དངོས་པོ་ཡི། །བསམ་པའི་འགྲོ་ལྡོག་ཡིན་ཕྱིར་དང༌། །ཐམས་ཅད་བཟང་པོར་གོ་བས་ཀུན་ཏུ་བཟང༌། །སྐྱོན་རྣམས་དག་པའི་རང་སེམས་ཀྱིས། །བསམ་པའི་རང་གཟུགས་ཡིན་ཕྱིར་དང༌། །གདོད་ནས་དག་པའི་རང་སེམས་ལ། །སྐྱོན་རྣམས་མཐོང་ན་གཏི་མུག་ཡིན། །སྣང་བ་རང་སེམས་ཡིན་ཕྱིར་དང༌། །གཡའ་བྲལ་མེ་ལོང་དག་པ་ལ། །ལེགས་དང་མ་ལེགས་བྱད་རྣམས་བལྟ། །གཞན་རྣམས་མི་བདེན་ང་ཡི་བདེན། །ཕྱིན་ཅི་ལོག་གི་རང་བདེན་ཅན། །སྐྱོན་རྣམས་རང་ལ་ཡོད་ཕྱིར་དང༌།། ཆོས་འདི་ལ་ལྟོས་ལ་སྐྱོན་འདུག་ན། །ངན་རྣམས་ཐམས་ཅད་བཟོད་ཀྱི་སྒྲོགས། །བསྟན་བཅོས་ཡེ་ཤེས་རང་གྲོལ་འདི། །བྲིས་པའི་བསོད་ནམས་བསམ་མི་ཁྱབ། །བསམ་གྱིས་མི་ཁྱབ་བསོད་ནམས་ཀྱིས། །འགྲོ་རྣམས་སངས་རྒྱས་སྐུ་གསུམ་ཤོག །


previousབསྟན་བཅོས་རང་གྲོལ་ཡེ་ཤེས་སྤོ་སྤོ་བཀྲ་ཤིས་རྒྱལ་མཚན་ལ་གདམས་པ།། next