Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
དབང་པོ་ཐ་མལ་པའི་བསྐྱེད་རྫོགས་སྐྱོང་ཐབས།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousདབང་པོ་ཐ་མལ་པའི་བསྐྱེད་རྫོགས་སྐྱོང་ཐབས།། next

དབང་པོ་ཐ་མལ་པའི་བསྐྱེད་རྫོགས་སྐྱོང་ཐབས།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཚེའི་དུས་བྱེད་པའི་སྐྱེས་བུ་འགའ་ཞིག་གིས། སློབ་དཔོན་བདག་ངན་སོང་དུ་མི་འགྲོ་འམ། འགྲོ་སྟེ་འོང་བས་བདག་ངན་སོང་དུ་མི་འགྲོ་བའི་ཐབས་ཡོད་དམ། ཡོད་ན་ཞུ་ཟེར་ནས་བྲེད་ཤ་དང་བཅས་པས་ཞུར་བྱུང་ན། སྐྱེས་བུ་འཇིགས་མི་དགོས་ཀྱིས་ཁྱོད་ངན་སོང་དུ་མི་འགྲོ་བའི་ཐབས་བདག་ལ་ཡོད་ཀྱིས་བྱས་ལ།

དང་པོར་སྐྱབས་འགྲོ་བྱ། ལད་མོ་བཟློ་མི་ནུས་ན་ཡིད་ཀྱིས་ལད་མོ་བཟློ་བར་སོམས་བྱས་ལ་སྐྱབས་འགྲོ་བྱ། སྐྱབས་འགྲོ་རྒྱས་པའི་ལད་མོ་བཟློ་མ་ནུས་ན། སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བྱེད་པ་ནི། སངས་རྒྱས་ཆོས་ཚོགས་ལན་གསུམ་བརྗོད། དེ་ཡང་མ་ནུས་ན་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་པར་བྱའོ། །བླ་མ་ས་སྐྱ་པའི་ཞལ་ནས། དབྱེ་བ་ལ་མཁས་ན་བསྡུས་པ་ལ་མཁས་པ་ཡིན་པས། སྐྱབས་འགྲོ་བསྡུས་པ་འདི་གཞན་ལ་མེད། བླ་མའི་ལུགས་ལ་ཡོད་པ་ཡིན་གསུངས། ནད་པའི་མདུན་དུ་སྡིག་པ་བཤགས་དགོས་ཞེས་ཀྱང་མི་བྱ། སྡིག་པའི་ལོ་རྒྱུས་མི་བྱ་ལ་ཚོགས་གསོག་ཏུ་ཆུག དགེ་སློང་བཞི་སྡེ་སྤྱན་དྲངས་ལ་ཡི་དམ་ལྷར་མོས་པ་བྱེད་དུ་ཆུག་ལ། ཆུ་གཙང་ཟངས་གཞོང་གང་ལ་དམིགས་ལ་རྟེན་འབྲེལ་སྙིང་པོ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་འདོན་དུ་ཆུག གལ་ཏེ་བཞི་སྡེ་མ་ཚང་ན་དགེ་ཚུལ་ཆང་མི་འཐུང་བས་ཁ་བསྐང་ལ་བྱའོ། །དེ་མེད་ཀྱང་ཐབས་ཆག་པ་ནི་མ་ཡིན་ནོ། །དེ་ནས་ཆུ་དེ་ཉེ་དུ་འབྲེལ་པ་ཞིག་གམ། གཞན་གཡོག་ཅིག་ལ་འཇམ་པར་སྲོར་བཅུག་ལ་ནད་པའི་གདོང་དང་ལག་པ་ཙམ་བཀྲུ། དེ་ནས་ནད་པའི་མདུན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་གང་ཡང་རུང་བ་ཞིག་དགྲམ། ཡི་གེ་བརྒྱ་པ་ལ་སོགས་པ་སྡིག་པ་དག་པའི་ཆོ་ག་གཞན་འགའ་ཞིག་ལ་བཅོལ་ལོ།

དེ་ནས་རྫོགས་པའི་རིམ་པའི་དམིགས་པའི་འཕོ་བ་བསྟན་པ་ནི། སྐྱེས་བུ་ལ་དབང་བསྐུར་བྱས་ཀྱང་རུང༌། མ་བྱས་ཀྱང་རུང༌། ཆོས་སྒོར་ཞུགས་ཀྱང་རུང༌། མ་ཞུགས་ཀྱང་རུང་སྟེ། མདུན་དུ་བཞུགས་པ་འདི་ཁྱོད་ཀྱི་ཡི་དམ་ཡིན་བྱས་ལ་ནད་པ་བལྟར་གཞུག །དེ་ནས་སྙིང་གི་དབུས་སུ་ཡི་གེ་ཧཱུྂ་མཐིང་ནག་བསམ་དུ་ཆུག །ཧཱུྂ་ཡར་མགྲིན་པ་ན་ཡར་སོང་བར་བསམ་དུ་གཞུག དེ་ནས་ཧཱུྂ་མགྲིན་པ་ནས་ཚངས་པའི་བུ་ག་ནས་ཧཱུྂ་འཕུར་བ་བཞིན་དུ་སོང་ནས། ལྷའི་ཐུགས་ཀའི་ཧཱུྂ་ལ་ལྟེམ་གྱིས་ཐིམ་པར་བསམ་དུ་ཆུག །དེ་ནས་མི་ཞེ་སྡང་ཆུང་བས་ཚངས་པའི་བུ་གར་སོར་མོས་ཏུག་ཏུག་བྱས་ལ། ཤེས་པ་ལྷའི་ཐུགས་ཀའི་ཧཱུྂ་ལ་གཏོད་ཅིག་ཅེས་ཡང་དང་ཡང་དུ་བྱའོ། །དེ་བསམ་པར་མི་ནུས་པར་འདུག་ཟེར་ན། འོ་ན་སྤྱི་བོའི་ལྷ་དེ་ཡོད་པར་སོམས་བྱ། དེ་ཡང་མི་ནུས་ཟེར་ན། ཁྱོད་ཀྱི་བླ་མ་ཡིན་པས་སྤྱི་བོར་སོམས་ལ་ཤེས་པ་མ་ཡེངས་པར་དེ་ལ་གཏོད་དུ་ཆུག་པར་བྱའོ། །ཡི་གེ་ངོ་མི་ཤེས་པ་མི་ནག་ཡིན་ན་ཤིང་བྱང་ལ་ཧཱུྂ་བྲིས་ལ་བསྟན། འདི་འདྲ་བ་ཞིག་སྙིང་གི་ནང་དུ་བསྒོམ་པར་བྱའོ། །དེ་ནི་ཚངས་པའི་བུ་ག་ན་ཡར་དྲོད་དམ་རླངས་ཐོན་ནས། བདེ་བ་ཅན་གྱི་ཞིང་ཁམས་རྣམ་པར་དག་པ་འམ། མཁའ་སྤྱོད་ཀྱི་གནས་སུ་མི་སྐྱེ་བ་མེད་གསུངས། འོན་དུ་རྒྱས་པ་ཕུལ་བའི་ཡོན་བདག་དེ་ལ་ཡང་དགེ་བཤེས་ཞུང་དང་འདན་མ་གཉིས་ལ་བསྟན་ནས་བྱེད་དུ་བཅུག་པས། རླངས་པ་སྤྱི་བོར་ཐོན། འདོད་པ་བཞིན་དུ་བྱུང་བ་ཡིན། རིལ་བ་ཡོན་བདག་སྟོང་དཔོན་ལ་སློབ་དཔོན་ཉིད་ཀྱིས་མཛད་པས་ཀྱང་འདོད་པ་བཞིན་དུ་བྱུང་གསུངས། སྤྱིར་བཅུ་ཙམ་ལ་བྱས་གསུངས། འཕོ་བའི་གདམས་ངག་རྫོགས་སོ།།


previousདབང་པོ་ཐ་མལ་པའི་བསྐྱེད་རྫོགས་སྐྱོང་ཐབས།། next