Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
འཕོ་བ་བཞི་གསུམ་བཅུ་གཉིས་ཀྱི་གདམས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousའཕོ་བ་བཞི་གསུམ་བཅུ་གཉིས་ཀྱི་གདམས་པ། next

འཕོ་བ་བཞི་གསུམ་བཅུ་གཉིས་ཀྱི་གདམས་པ།

ན་མོ་རཏྣ་གུ་རུ། འཕོ་བས་ལམ་གཅོད་པ་ལ་ཆོས་བཅུ་གཉིས། འཕོ་བའི་གང་ཟག་བཞི་སྟེ། ཐ་མལ་པ་དང༌། གྲུབ་མཐས་བློ་བསྒྱུར་བ་དང༌། བསྐྱེད་རིམ་བསྒོམ་པ་དང༌། རྫོགས་རིམ་བསྒོམ་པའོ། །དེ་དག་ལའང་ཡན་ལག་བཞི་དགོས་ཏེ། ལྷ་དང་བླ་མ་ལ་གུས་པས་བར་ཆད་དུ་མི་འགྱུར་བའི་ཡན་ལག་དང༌། དངོས་པོ་ཅི་ལའང་མ་ཆགས་པས། འཁོར་བར་མི་སྐྱེ་བའི་ཡན་ལག་དང༌། སྨོན་ལམ་རྣམ་པར་དག་པས་ཉན་ཐོས་དང༌། རང་སངས་རྒྱས་སུ་མི་སྐྱེ་བའི་ཡན་ལག་དང༌། གང་ལ་ཡང་ཐེ་ཚོམ་མི་ཟ་བས། ཤེས་པ་གར་འདོད་དུ་སྐྱེ་བའི་ཡན་ལག་གོ། །དེ་ལ་ཡང་སྟོབས་བཞི་ཚང་དགོས་ཏེ། འཕེན་པའི་སྟོབས། སྦྱོར་བའི་སྟོབས། རྣལ་འབྱོར་གྱི་སྟོབས། གྲོགས་ཀྱི་སྟོབས་སོ། །བཞི་གསུམ་བཅུ་གཉིས་ཀྱི་གདམས་ངག་འདི། གཞུའི་སྲང་དང་འདྲ་བས་ན། འཕོ་བ་ཀུན་ལས་མཆོག་ཏུ་བསྔགས།།


previousའཕོ་བ་བཞི་གསུམ་བཅུ་གཉིས་ཀྱི་གདམས་པ། next