Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐབས་ལམ་གསལ་བའི་སྒྲོན་མེ།།
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཐབས་ལམ་གསལ་བའི་སྒྲོན་མེ།། next

ཐབས་ལམ་གསལ་བའི་སྒྲོན་མེ།།

ན་མོ་རཏྣ་གུ་རུ། ཆོས་སྐུ་བདེ་ཆེན་ངང་ལས་མ་གཡོས་ཀྱང༌། །མོས་པའི་སྣང་ངོར་གཟུགས་སྐུ་ཀུན་ལ་གསལ། །གང་འདོད་ཡིད་བཞིན་དེ་དོན་རྫོགས་པར་མཛད། །བླ་མ་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །མདོ་རྒྱུད་ཀུན་གྱི་སྙིང་པོ་བསྡུས་པའི་དོན། །བླ་མ་རིན་ཆེན་ཐུགས་ཀྱི་བདུད་རྩིའི་བཅུད། །ཞལ་ནས་ལེགས་གསུངས་ཆོས་དྲུག་གདམས་པ་འདི། །དྲན་པ་གསོ་ཕྱིར་ཅུང་ཟད་ཡི་གེར་བཀོད། །བླ་མ་རིན་པོ་ཆེའི་ཞལ་ནས། ཆོས་དྲུག་རྙིང་མ་ལེགས་པར་ཚར་ནས་གཟོད། ཆོས་དྲུག་གསར་མ་འདི་མཛད། དེའི་རྒྱུ་མཚན་ཡང༌། ཆོས་རྗེའི་ཞལ་ནས། ཆོས་དྲུག་རྙིང་མའི་བཀའ་ཁྲིད་འདི་ཕྱི་ལུས་ལྟ་བུ། གསར་མ་འདི་ཁོང་པའི་སྙིང་ལྟ་བུ་ཡིན་གསུངས། དེ་ཡང་རྙིང་མ་ལ་ཆོས་རྗེ་སྐུ་ཚེའི་སྟོད་ལ་རྒྱས་པར་གསུངས་པ་གཅིག་དང༌། སྐུ་ཚེའི་སྨད་ལ་སྐུ་ནས་སུ་བྱོན་པ་དང་ཚོགས་པ་ཆེ་བའི་སྟོབས་ཀྱིས་དམིགས་པ་དང་ཚར་ཆོས་སོགས་པ་ཐམས་ཅད་བསྡུས་ནས་གསུངས་པས་གཅིག་དང་གཉིས་དང་པོ་ལས། དེ་གཉིས་གང་ཚར་ཀྱང་གསར་མའི་ཁྲིད་བྱ་རུ་བཏུབ་གསུངས། དེ་ཡང་དུས་ཀྱི་མི་དྲན་དགུ་དྲན་འདིས་འཁོར་བར་བྱེད་པའི་ས་བོན་རྒྱུན་ཡིན་པས་ན་མི་དགེ་བའོ།། དེ་ལྟར་ཡང༌། སློབ་དཔོན་འཕགས་པའི་ཞལ་ནས་ཀྱང༌། འཁོར་བའི་རྩ་བ་འདུ་བྱེད་ཡིན། །གསུངས་སོ། །འོ་ན་ལུང་མ་བསྟན་དེ་གང་ཡིན་སྙམ་ན། ད་རེས་ལྕགས་སྲང་སྟོང་པོ་དེ་ལ་རྐྱེན་གསེར་སྲང་གང་གིས་བསྒྱུར་ན་འགྱུར་ལ། མ་བསྒྱུར་ན་ནི་ཀུན་གཞི་ལུང་མ་བསྟན་བྱ་བར་གསུངས་སོ། །དེ་ལ་ཡིད་ཀྱི་ལས་ནི་ལུང་མ་བསྟན་ཅེས་སོ། །ལར་ལུང་མ་བསྟན་བྱ་བ་འགུར་ཏུང་གཅིག་ལ་བྱེད་པ་ཡིན། དེ་ལ་ཀུན་གཞི་དང༌། ཁམས་གཉིས་དོན་གཅིག་པས་ན། བདེ་གཤེགས་སྙིང་པོ་ཁམས་དགེ་བ། །སྙིང་པོ་དེ་ལ་ཀུན་གཞི་སྒྲས། །དེ་བཞིན་གཤེགས་པས་བསྟན་པར་མཛད། །ཅེས་སོ། །ལར་འདི་མི་ལ་མ་འདྲི་རང་གིས་ཉམས་སུ་ལོངས་གསུངས། ཕྱི་ནི་གངས་དཀར་གྱི་རྒྱལ་པོ་ཏི་སེར་གསུངས་པ་དེ་མངོན་དུ་གྱུར་གསུངས། མཉམ་མེད་བླ་མ་རིན་ཆེན་གྱིས། །ཐུགས་ཀྱི་སྙིང་པོ་གྱུར་པ་ཀུན་གཞི་ཚོགས་འཁོར་བཀའ་རྒྱ་མའི་ངོ་སྤྲོད། བཀའ་རྒྱ་སུམ་རིམ་མོ། ལྷོ་བྲག་ཁར་ཆུ་བ་ལེའུ་ཕྱུག་ཏུའོ། །


previousཐབས་ལམ་གསལ་བའི་སྒྲོན་མེ།། next