Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཔལ་ཡེ་ཤེས་མགོན་པོའི་བསྟོད་པ།
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousདཔལ་ཡེ་ཤེས་མགོན་པོའི་བསྟོད་པ། next

དཔལ་ཡེ་ཤེས་མགོན་པོའི་བསྟོད་པ།

ཧཱུྃཿ གང་གི་བདེ་གཤེགས་སྤྱན་སྔར་ཞལ་གྱིས་བཞེས། །འཇིག་རྟེན་ལས་འདས་འཇིགས་བྱེད་ཆེན་པོའི་ཚུལ། །བྱ་རོག་མིང་ཅན་བདུད་འདུལ་བསྟན་པ་སྲུང༌། །དམ་ཅན་དགེ་འདུན་སྐྱོང་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ནཱ་ལེནྡྲ་ཡི་གནས་དང་སྡེ། །སྟོང་ཉིད་སྒོམ་དང་བདེ་མཆོག་རྣལ་འབྱོར་བ། །ཉེ་བར་སྲུང་མཛད་མགོན་པོ་བྱ་རོག་གདོང༌། །བསིལ་བའི་ཚལ་བཞུགས་མགོན་ལ་ཕྱག་འཚལ་བསྟོད། །སློབ་དཔོན་སྨོད་ཅིང་སངས་རྒྱས་བསྟན་ལ་སྡང༌། །རྡོ་རྗེ་སྤུན་ཁྲོ་སེམས་ཅན་ཡོངས་ལ་འཚེ། །མ་ཉེས་ལོག་ལྟ་གང་དུ་འགྲོགས་པ་རྣམས། །གཏུམ་པོ་ཁྱོད་ཀྱིས་ཚར་ཆོད་བརླག་པར་མཛོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་འཇིག་རྟེན་མགོན་པོས་མཛད་པའོ།།


previousདཔལ་ཡེ་ཤེས་མགོན་པོའི་བསྟོད་པ། next