Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ག་ཤ་དྲིལ་བུ་རིའི་གནས་བཤད་རི་པ་རྣམས་ལ་ལུང་བསྟན་གནང་བ།།
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousག་ཤ་དྲིལ་བུ་རིའི་གནས་བཤད་རི་པ་རྣམས་ལ་ལུང་བསྟན་གནང་བ།། next

ག་ཤ་དྲིལ་བུ་རིའི་གནས་བཤད་རི་པ་རྣམས་ལ་ལུང་བསྟན་གནང་བ།།

འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པས། །རི་པ་སྔ་ཕྱི་རྣམས་ལ་འདི་སྐད་གསུངས། །འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །སྤྱི་གཙུག་ཛལནྡྲ་ཡི་བྱང་ངོས་སུ། །གར་ཞ་མཁའ་འགྲོའི་གནས་ཞེས་བྱ་བ་ཡོད། །ཁྱད་དུ་འཕགས་པ་གནས་མཆོག་འགྲན་ཟླ་བྲལ། །ལུང་པའི་ཕུ་ནི་ཤར་དུ་བསྟན་པ་ཡོད། །མདོ་ནི་ནུབ་ཏུ་བསྟན་ཞིང་ལུང་པའི་དབྱིབས། །ཕུ་རལ་གཉིས་བཅས་མདོ་དང་གསུམ་དུ་ཡོད། །དབུས་སུ་ཟུང་འཇུག་དབུ་མ་ཆེན་པོའི་རི། །དེ་ལ་གཉིས་སུ་མེད་པའི་ལྷ་ཚོགས་བཞུགས། །དེ་རྒྱབ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ བཞུགས། །དེ་རྒྱབ་མཁའ་འགྲོ་གསང་བའི་སྐོར་ལམ་ཡོད། །སྐོར་ལམ་དེ་ནས་རིམ་བཞིན་ཕྱིན་པ་ན། །ལྷ་དང་ལྷ་མོའི་སྐུ་དང་ཕྱག་མཚན་ཡོད། །ཐབས་ཤེས་ཆུ་དང་དངོས་གྲུབ་ཆུ་མིག་ཡོད། །འཆི་མེད་ཆུ་དང་ཡན་ལག་བརྒྱད་ལྡན་ཡོད། །ཨཱ་ལི་ཀཱ་ལི་ལ་སོགས་ཡིག་འབྲུའི་རིགས། །རང་བྱོན་ལྷུན་གྲུབ་ཚུལ་དུ་བཞུགས་ནས་ཡོད། །སྐལ་ལྡན་བུ་རྣམས་གནས་མཆོག་དེ་རུ་བྱོན། །ཅེས་པ་འདི་གདན་ས་ཆེན་པོ་དྲིལ་བུ་རིའི་གནས་བཤད་འབྲི་གུང་པ་འཇིག་རྟེན་མགོན་པོས་ལུང་བསྟན་པའོ།།


previousག་ཤ་དྲིལ་བུ་རིའི་གནས་བཤད་རི་པ་རྣམས་ལ་ལུང་བསྟན་གནང་བ།། next