Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྐུ་གཤེགས་ཁར་ཉེ་གནས་རྣམས་ཀྱི་དབུས་གཙང་དུ་སྒྲུབ་པ་བྱེད་པའི་དམ་བཅའ་ཕུལ་བ་ལ་གསུངས་པ།
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསྐུ་གཤེགས་ཁར་ཉེ་གནས་རྣམས་ཀྱི་དབུས་གཙང་དུ་སྒྲུབ་པ་བྱེད་པའི་དམ་བཅའ་ཕུལ་བ་ལ་གསུངས་པ། next

སྐུ་གཤེགས་ཁར་ཉེ་གནས་རྣམས་ཀྱི་དབུས་གཙང་དུ་སྒྲུབ་པ་བྱེད་པའི་དམ་བཅའ་ཕུལ་བ་ལ་གསུངས་པ།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། ངས་མི་ཚེ་ཕན་ཐལ་ཁྱེད་ཀྱི་ཁེ་གྲགས་དང་མི་ཆོས་ཀྱི་མདུན་མ་དུས་ཐམས་ཅད་དུ་བྱེད་མ་མྱོང༌། འོ་ན་ལྷ་ཆོས་ལས་ལོག མི་ཆོས་ལ་ཞུགས་པ་མིན། ཁྱེད་རྣམས་ལ་ཞག་གཅིག་གི་ཞུ་བ་འདི་མ་ཕུལ་ན། རྗེས་ན་མར་བསྙེན་གནས་ཀྱི་སྡོམ་པ་རེ་རེ་ཡང་མི་བསྲུང༌། མཐོ་དམན་གྱི་ཆོས་ཀྱི་བྱ་བ་སྣ་རེ་རེ་ཡང་མི་འགྲུབ་པར་འདུག་པས་སློབ་དཔོན་གདན་ས་དང༌། མཁན་སློབ་རྣམ་པ་གཉིས་དང༌། དཔོན་སྒོམ་པ་སྐྲ་འཁོར་ཕྱོགས་རིགས་དང་བཅས་པ་རྣམས་ཀྱིས་ཆོས་དང་མཐུན་པའི་བྱ་བ་མཐའ་དག་སྒྲུབ་པར་ཞུ། མི་ཆོས་ཀྱི་བྱ་བ་གཏན་མི་སྒྲུབ་པར་ཞུ། ཐུབ་པའི་བསྟན་པ་རིན་པོ་ཆེ་ནི་དར་ཞིང་རྒྱས། ཆོས་སྐྱོང་བའི་སྲུང་མ་རྣམས་ནི་མཐུ་དང་ནུས་པ་རྒྱ་ཆེ་ཞིང་འབར། རྣལ་འབྱོར་པ་རྣམས་ཐུབ་པའི་བསྟན་པ་རྣམས་ཀྱི་ཆོས་མིན་པ་བྱ་རྒྱུ་མེད་པ་ཙམ་ན་བསྟན་པ་རིན་པོ་ཆེ་འདིའི་ཞབས་ཏོག་ཏུ་མི་འགྲོ་དབང་མེད་པ་ཡིན་པས། ཐམས་ཅད་ཀྱིས་འབད་པ་ཆེན་པོ་མཛད་པར་ཞུ། དེ་ཡང་འབྲི་གུང་པའི་ཆེན་པོ་དང་བཟང་པོ་མཁན་སློབ་དང་ཉེ་གནས་ཆེན་པོ་དང་གཅེས་པ་རྣམས་ཀྱི་གཏན་གྱི་སོ་ནམ་ཞིག་ངས་བསྒྲུབས་པ་ཡིན། ཏུག་གིས་ཐུག་པའི་དུས་སུ་སུས་ཀྱང་བསྙེན་གནས་ཀྱི་སྡོམ་པ་བསྲུང་བ་གཅིག་ཀྱང་མེད། འབྲི་གུང་པ་ལ་ཕུང་ཆེན་པོ་འདི་དུས་གཅིག་འབྱུང་བ་ཡིན་པས། བླ་མ་དང་དཀོན་མཆོག་ལ་བསམ་པར་ཞུ། དགེ་འདུན་གྱི་ཚོགས་ལ་བཀའ་སྩལ་གསུངས་པ། ཞལ་སྟོན་པ་བྱ་བ་དེ་སྐྱེས་བུ་དམ་པ། དེ་སྔོན་ཞལ་མ་མཐོང་བ་ལ་ཞལ་སྟོན་ཟེར་བ་ཡིན། ངས་དུས་རྒྱུན་ཆད་མེད་པར་ཚོགས་སུ་ཕྱིན། ཐམས་ཅད་ཀྱིས་མ་མཐོང་བ་མེད་པས་ཞལ་བསྟན་མི་དགོས། ཞུམ་པས་ཕོངས་པ་ལས་གཏན་མི་ཐར་བ་ཡིན་ཏེ། དེ་ལྟར་ཡང༌། ཞུམ་པས་འཕོངས་ལས་ཐར་ལ་མི་ཕན་གྱི། །དེ་བས་མྱ་ངན་གདུང་བ་མ་བྱེད་པར། །དགོས་པའི་དོན་སྒྲུབ་མཁས་ལ་བསྟེན་བྱས་ན། །རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར། །ཞེས་གསུངས་པས་མྱ་ངན་མ་བྱེད། ཁྱེད་རྣམས་ཀྱི་ཆོས་མ་ཚར་བ་ཡང་མེད། ཕྱག་རྒྱ་ཆེན་པོའི་དགེ་སྦྱོར་སྐྱོང་མི་ཤེས་པ་ཙམ་ཡང་མེད་པས། ཐམས་ཅད་རི་ཁྲོད་དུ་སོང་ལ་སྒྲུབ་པ་གྱིས་གསུངས་སོ།།


previousསྐུ་གཤེགས་ཁར་ཉེ་གནས་རྣམས་ཀྱི་དབུས་གཙང་དུ་སྒྲུབ་པ་བྱེད་པའི་དམ་བཅའ་ཕུལ་བ་ལ་གསུངས་པ། next