Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཆི་བ་བླུ་བ།།
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousའཆི་བ་བླུ་བ།། next

འཆི་བ་བླུ་བ།།

འཁྲུལ་འཁོར་ཙོག་པུར་འདུག་སྟེ། གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་པའི་སོར་མོ་ལྟག་པར་བསྣོལ་ལ་མཐེ་བོང་གཉིས་ཀྱིས་ལོངས་སྤྱོད་ཀྱི་རླབས་མནན། ལྔོ་ཙོན་བཏེགས་པ་དང་སྲོག་དང་རྩོལ་བ་ནས་དྲག་ཏུ་ཤད་ཤད་བུད་པ་རེ་བྱ། ཉི་ཟླ་བསྐྱོད་ནས་ལྷག་མ་སྤོང་ངོ༌། །དེ་ནས་ནམ་ཐོ་རངས་ཀྱི་ནམ་མཁའ་མཐོང་སར་འདུག་སྟེ། ལུས་ཕྱི་ཡི་དམ། ནང་སྟོང་པར་བསྒོམ། བླ་མ་རིིགས་ཀྱི་བདག་པོས་དབུ་རྒྱན། དེ་ནས་རླུང་ཁ་ནས་སྒྲ་མེད་འཇམ་ལ་རིང་བ་རྔུབས་ཏེ། ཁམས་གསུམ་གྱི་ནམ་མཁའ་ཁ་རུ་སིབ་སིབ་སོང་བས་ལུས་སེམས་ཐམས་ཅད་འཆི་བ་མེད་པའི་ནམ་མཁའི་རང་བཞིན་དུ་སོང་བར་བསམ། མཐེ་བོང་ལོངས་སྤྱོད་ཀྱི་རླབས་བསྡམ། རླུང་ཁ་སྦྱར་ཐུབ་ཚད་ཅིག་བསྒོམ། མི་ཐུབ་ཙ་ན་སྣ་རས་རང་གནས་སུ་ཉལ་ཞི་རུ་བཞག སྟོང་སྒྲེགས་བྱུང་ནས་འཆི་བ་བླུས་སོ། །སྟོང་པ་རྔུབས་པས་འགྲོ་བ་འཚོ་བའོ། །


previousའཆི་བ་བླུ་བ།། next